CLOSE WINDOW

F400: sangs rgyas bcom ldan 'das la bstod pa kas spong skyes pa zhes bya ba
Wyliee-texts produced with BDRC’s OCR application

དེ་དག་གིས་ལུས་ལ་བ་གླང་གི་སྤོས་ཀྱི་ཙན་དན་སྣུམ་པར་འགྱུར་རོ།། ཁ་ནས་མེ་ཏོག་ཨུད་པ་སྔོན་པོའི་དྲི་འབྱུང་བར་འགྱུར་རོ།། ལུས་ཡོངས་སུ་རྫོགས་པར་འགྱུར་རོ།། ། ་སྟོབས་པོ་ཆེའི་སྟོབས་ཀྱིས་ཤུགས་དང་ལྡན་པར་འགྱུར་རོ།། ཞེས་དེ་ལྟར་དེ་དག་ལ་མཐུན་པའི་ཆོས་བསྟན་པ་དང་། གནོད་སྦྱིན་དང་སྲིན་པོ་དེ་དག་ལས་ཁ་ཅིག་ནི་ལན་ཅིག། ་ཕྱིར་འོངས་པའི་འབྲས་བུ་ལ། ཁ་ཅིག་ནི་ཕྱིར་མི་འོངས་པའི་འབྲས་བུ་ལ་བཀོད་ནས། དེ་དག་གིས་སྨྲས་པ། གཙུག་ལག་ཁང་འདི་ཉིད་དུ་བཞུགས་ཤིག་གནས ་གཞན་དུ་ཡང་མ་བཞུད་ཅིག། མུན་པ་མུན་གནགས་གིས་འདི་ཉིད་དུ་བདག་ཅག་གིས་ལྷའི་གསེར་གྱིས་མཆོད་རྟེན་བགྱིའོ།། གསེར་གྱིས་ཆགས་བགྱིསའོ།། དེ་ནས ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ངས་སེམས་ཅན་དུ་མ་དག་བྱང་ཆུབ་ཀྱིས། ་ལམ་ལ་དགོངས་དགོས་སོ།། དེ་ནས་གནོད་སྦྱིན་དང་། སྲིན་པོ་དེ་དག་ལ་ལག་པ་འགྲམ་པ་ལ་བརྟེན་ཏེ་སེམས་ཤིང་འཁོད་ནས་གཅིག་འདི་སྐད་སྨྲའོ།། ། ་བཅག་ཅག་གི་སྤུན་རས་གཟིགས་ཀྱིས་དབང་པོ་གཤེགས་པར་འགྱུར་བས། ཆོས་ཀྱིས་གཏམ་སྤོང་བར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ ་