CLOSE WINDOW

F375: mdo chen po sgyu ma'i dra ba zhes bya ba
Wyliee-texts produced with BDRC’s OCR application

ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེ་ལས་སྩོགས་པས་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། མཱ་ཡཱ་ཛྭ་ལན་ན་མཱ་མ་ཧ་ཡན་སུ་ཏྲམ། བོད་སྐད་དུ། མདོ་ཆེན ་བ~ཾ་སྒྱུ་མའི་དྲ་བ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་འགོན ་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོད་ལ། ལྷག ་པའི་སེམས་མེད་ཅིང་། ལྷག་པའི་ཤེས་རབ་མེད་པ་དང་། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་ཀྱིས་སློབ་པ་ཡོད་ལ། ལྷག་པའི་ཤེས་རབ་མེད་པ་ཡང་ཡོད་དོ།། འཕགས ་བ་ཉན་ཐོས་ལྷག་པའི་ཤེས་རབ་ལ་བརྩོན་པའི་རྗེས་སུ་སྦྱོར་བ་རྗེས་སུ་ཞུགས་པ་ལ་གནས་ན། ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་ཀྱིས་བསླབ་པའི་བསྒོམ་པ་ཡོངས་སུ ་རྫོགས་པར་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན། འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་བཞུགས་པ་ལ་གནས་པ་ནི། ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི ་ནང་ན་བླ་ན་མེད་པས་འཚོ་བ་བ་ཡིན་ནོ།། དགེ་སློང་དག་དེ་ལྟར་ན་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ། ཤེས་རབ་ཀྱིས་འཚོ་བ་རྣམས ་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ཞེ་ན། དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི་བདག་སྔོན་མིག་གིས་རྣམ་པར ་ཤེས་པར་བྱ་བའི་གཟུགས་ཡིད་བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་འགྱུར་ལ། མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་ཡིད་མི་བདེ་བའི་གནས ་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་། ལྡན་ཞིང་གནས་པར་འགྱུར། མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན། སོ་སོར ་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་པར་གྱུར་ཏེ།། དེ་ལྟར་བདག་ཡུན་རིང་པོ་ནས་འདི་ལ་རྗེས་སུ་སློབ་ཅིང་རྗེས་སུ་བྱེད་པ་ན། རྒ་བ་དང་འཆི་བ་ཉམ་སུ་མྱོང་ཞིང་སྔོན་གྱི་མཐའ ་མི་མངོན་པར་གྱུར་པས་བདག་གིས་དེ་ནི་མིག་གི་རྣམ་པར་ཤེས་པའི་གཟུགས་དག་ལ་སྔོན་ཇི་ལྟ་བ་དེ་ལྟར་བསླབ་པར་མི་བྱ་ཞིང་བདག་གིས་མིག་གིས་རྣམ་པར་ཤེས་པར་བྱ་བར་འདས ་བ་དང་། མ་འོངས་པ་དང་། ད་ལྟར་འབྱུང་བའི་གཟུགས་དག་ལ་ལོག་པར་མོས་པ་དང་འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་གནོད་སེམས་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་འདི་བདེན་ནོ་སྙམ་དུ ་མངོན་པར་ཞེན་ཅིང་། མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་དེ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར ་། པར་བྱེད་པའི་ཕྱིར་རོ།། དགེ་སློང་དག་འོན་ཀྱང་འདི་ནི་ཁ་ཅིག་ལ་ནི་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་དེ་དག་ཉིད་ཡིད་དུ་འོང་བར་གྱུར་ལ་གཞན་དག་ལ་ནི་། ་དག་ཉིད་ཡིད་དུ་མི་འོང་བར་གྱུར་པ་ཡང་ཡོད་ལ། དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར་ཞིང་། དུས་ལ་ལར་ནི་ཡིད་མི་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར། དུས ་ལ་ལར་ནི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཏུ་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན། འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་སེམས་ཀྱིས་བྲིད་སེམས་ཀྱིས ་བསླུས་ནས་ཉེས་དམིགས་སུ་མི་མཐོང་ཞིང་། ངེས་པར་འབྱུང་བར་རབ་ཏུ་མི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་གོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ ་གང་དག་ཁ་ཅིག་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང ་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི། མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་ཡིད ་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ། དགེ་སྦྱོང་དང་བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། རྗེས་སུ་ཆགས་པའི་ཀུན་ཏུ་སྤྲོ ་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་མིག་གིས་རྣམ་པར་ཤེས་པ ་ཁྱ་བའི་གཟུགས་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ན། འདི་ཉིད་བདེ ་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི། མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་ཡིད་ལ་མི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན ་བར་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་གཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས ་པར་བྱེད་པ་དེ་དག་ནི་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་སོ་སོ་སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། ་དགེ་སྦྱོང་ངམ་བྲམ་ཟེ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་བྱུང་བ། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག ་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་འདི་ལྟ་སྟེ། དཔེར་ནི་མི་སྨོན་པ་སེམས་གཡེངས་པ་ནི་གཅེར་བུ་རོ་དེ་དང་དེ་དག་ཏུ་འཁྱམ ་@པར་བྱེད་ཅིང་། དེ་དེས་མངོན་པར་དགའ་བར་བྱེད་ལ་དེ་ལ་ཉེས་དམིག་སུམ་མཐོང་བ་ལས། གང་གི་ཚེ་ངེས་གང་གི་སེམས་ཕྱིར་ཐོབ་པ་དེའི་ཚེ། དེ་སྔོན་གྱི། ་སྨོན་པའི་སྤྱོད་པ་དང་། སེམས་གཡེངས་པའི་སྤྱོད་པ་དང་། གཅེར་བུའི་སྦྱོར་བ་ངེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་། རྣམ་པར་སྨོད་པར་བྱེད་དོ།། དགེ་སློང ་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས་སྔོན་གྱི་བྱིས་པར་སྤྱོད་པ་དང་། རྨོངས་པའི ་སྤྱོད་པ་དང་། ཤེས་རབ་འཆལ་བའི་སྤྱོད་པའི་ངེས་གཙང་བྱེད། ངོ་ཚ་བར་བྱེད། གནོད་བ་བྱེད་ཅིང་། རྣམ་པར་སྨོད་པར་བྱེད་ལ། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་སྔོན་མི་རྟག་པ ་ཁོ་ན་ལ་རྟག་པར་བསམས་ཤིང་། བདག་གིས་སྡུག་བསྔལ་བ་ཁོ་ན་ལ་ནི་བདེ་བར་བསམས། བདག་གིས་མི་གཙང་བ་ཁོ་ན་ལ་ནི་གཙང་བར་བསམས། བདག་གིས་བདག་མེད་པ ་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ། དེ་ལྟར་ན་བདག་ནི་སྔོན་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། མི་གཙང་བ་ལ་གཙང་བར་འདུ ་ཤེས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ།། སྙམ་དུ་སེམས་སོ།། དགེ་སྦྱོང་དག་འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག ་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྒྱུ་མ་རྣམ་པ་བཞི་པོ་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དག་བྱས་ཏེ། ་རྣམ་པར་བསྟན་པར་གྱུར་ན། དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ཤེས་རབ་འཚལ་བའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་འདི་སྙམ་དུ་སེམས་ཏེ། ་གླང་པོ་ཆེའི་ཚོགས་དང་། རྟ་བའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དང་གང་སྣང་བ་འདི་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་སེམས་སོ།། ་སེམས་ཅན་བྱིས་པའི་རང་བཞིན་དུ་མ་ཡིན་པ་དང་། རྨོང་བའི་རང་བཞིན་ཅན་མ་ཡིན་པ་དང་། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས ་ཏེ། གླང་པོ་ཆེའི་ཚོགས་དང་། རྟ་བའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གང་སྣང་བ་འདི་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། ་སྒྱུ་མར་བྱས་པ་བའི་ཤིག་ཡོད་དོ།། མིག་སླུ་བར་བྱེད་པ་འབའ་ཤིག་ཡོད་དོ།། སྙམ་དུ་སེམས་སོ།། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་བདག་གིས ་མིག་གིས་རྣམ་པར་ཤེས་པ་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་གང་དག་ཡིན་པ་འདི་དག་ལ། རྟག་པ་ཉིད་དམ། བརྟན་པ་ཉིད་པདམ། ཐེར་ཟུག་ཉིད་དམ། ་དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། བཞན་མ་ཡིན་པ་དེ་བཞིན་ཉིད་དམ། བཞིན་མ་ཡིན་པ་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་ན་ཉིད ་དག་ཇི་ལྟ་བཞིན་ཉིད་དམ། མཆོང་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མེད་དེ། གསོག་ཀྱང་དེ་ཉིད་ཡིན། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན། བརྫུན་པ ་ཡང་དེ་ཉིད་ཡིན། སླུ་བའི་ཆོས་ཅན་ཀྱང་དེ་ཉིད་ཡིན། བདད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས། ་དེ་ལ་ནི་མངོན་པར་དགའ་བར་བྱ་བ་འམ། མངོན་པར་བརྗོད་པར་བྱ་བ་འམ། ལྷག་པར་ཆགས་པར་བྱ་བ་འམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས ་གསུངས་པ། འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ།། དེས་དེ་ལྟར་ཤེས་ནས་མིག་གིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས ་པ་དང་། ད་ལྟར་བྱུང་བའི་གཟུགས་ནད་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད ་བར་ཡང་དག་པར་རྗེས་སུ་མཐོང་ངོ་།། དེས་མིག་གིས་རྣམ་པར་ཤེས་བྱ་བ་འདས་པ་དང་། མ་འོངས་པ་དང་། དེ་ལྟར་བྱུང་བའི་གཟུགས་རྣམས་ནང་དུ་ཡང་དག་པ་རྗེས་སུ་མཐོང་ཞིང་། ་འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་རྗེས་སུ་མཐོང་བ་ན། དེ་ནི་མིག་གིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། ་མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་དག་ལ་ལོག་པར་མོས་པ་འམ། འདུ་ཤེས་ཕྱིན་ཅིང་ལོག་གམ་སེམས་ནི་ལོག་གམ་ལྟ་བ་ཕྱིན་ཅིང་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས ་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར ་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤང་བར་བྱེད་དོ།། དེ་དག་སྤང་བའི་ཕྱིར་བདུད་ལྡོངས་དང་ཡི་ཆད་པ་དང་། ཕྱོགས་མེད་པར་བྱས་ཏེ། གནས།། ་ཤིང་བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས། བདུད་དང་བདུད་ཀྱི་འཁོར་བཅོམ་ཞིང་གཡུལ་ཆེན་པོའི་གཡུལ་ལས་སྤད་དེ། གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་ངོ་དེ་ཉིད་མངོན ་པར་ཕམ་པར་བྱས་ཤིང་གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད ་པས་འཚོ་བ་ཡིན་ནོ།། དགེ་སློང་དག་ཡང་ཇི་ལྟར་ན་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་སྤོར་བར་རྗེས་སུ་ཞུགས་པ་ལ་གནས་པ། ཤེས་རབ་ཀྱིས་མཚོ་བ་རྣམས་ཀྱིས་ནང་ན། ་བླ་ན་མེད་པས་འཚོ་བ་ཡིན་ཞེ་ན། དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ར་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ལ། བདག་སྔོན་རྣ་བས་རྣམ་པར་ཤེས ་བར་བྱ་བའི་སྒྲ་ཡིན། བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་འགྱུར་ལ། རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ནི་ཁོང ་ཁྲོ་བ་དང་ལྡན་ཞིང་གནས་པར་གྱུར། རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི ་བཏང་སྙོམས་སུ་གནས་པར་གྱུར་ཏེ། དེ་ལྟར་བདག་ཡུན་རིང་པོ་ནས་འདིལ་རྗེས་སུ་བྱེད་པ་ན་རྒ་བ་དང་འཆི་བ་ཉམས་སུ་མྱོང་ཞིང་། སྔོན་གྱི་མཐའ་མི་མངོན་པར་གྱུར་པས། ་བདག་གིས་ད་ནི་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་དག་ལ་སྔོན་ཇི་ལྟར་བ་དེ་ལྟར་བསླབ་པར་མི་བྱ་ཞིང་བདག་གིས་རྣ་བས་རྣམ་པར་ཤེས་པར་བྱ་བ། ་འདས་པ་དང་། མ་འོངས་པ་དང་། ད་ལྟར་འབྱུང་བའི་སྒྲ་དག་ལ་ལོག་པར་མོས་པ་འམ། འདུ་ཤེས་བྱིན་ཅིང་ལོག་གམ། སེམས་བྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི ་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ ་དུ་མངོན་པར་ཞེན་ཅིང་། མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་། དེ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར ་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ།། དགེ་སློང་དག་འོན་ཀྱང་འདི་ནི་ཁ་ཅིག་ལ་ནི་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་དེ་དག་ཉིད་ཡིད་དུ་འོང་བར་གྱུར་ལ། གཞན་དག་ལ ་ནི་དེ་དག་ཉིད་ཡིད་དུ་མི་འོང་བར་འགྱུར་བ་ཡང་ཡོད་ལ། དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར་ཞིང་། དུས་ལ་ལར་ནི་ཡིད་མི་བདེ་བའི་གནས ་ལྟ་བུ་དག་ཏུ་འགྱུར། དུས་ལ་ལར་ནི་ཡིད་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཏུ་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན་འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས ་བསྒྲིབས་ཤིང་། སེམས་ཀྱིས་བྲིད། སེམས་ཀྱིས་བསླུས་ནས་ཉེས་དམིགས་སུ་མི་མཐོང་ཞིང་། ངེས་པར་འབྱུང་བར་རབ་ཏུ་མི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ ་བཞིན་དུ་བྱེད་དུ་འཇུག་གིས། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མཐོང ་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས ་པར་བྱེད་པ་དེ་དག་ནི། རྣ་བས་རྣམ་པར་བྱའི་སྒྲ་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད ་པས་ཀན་ནས་སུན་ཕྱུང་བ། རྗེས་སུ་ཆགས་པའི་ཀན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱིས་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས ་བདག་ལ་ནན་གྱིས་གཟུང་སྟེ་མངོན་པར་ཞེན་པར་བྱས་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་རྣ་བས་རྣམ་པར་ཤེས་པར་བྱ་བའི ་སྒྲ་མི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ་དགེ་སྦྱོང་དང་། བྲམ་ཟེ་གནོད་སེམས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ཁོང་ཁྲོད་བའི་ཀུན་ཏུ་སྦྱོར་བ ་དང་ལྡན་པ་དེ་དག་ཀྱང་། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ན་བས་རྣམ། ་པར་ཤེས་པར་བྱ་བ་འདི་དག་ཉིད་བདེན་པ། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར ་བྱས་ནས་འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི། རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་སོ་སོར ་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། དགེ་སྦྱོང་ངམ་བྲམ་ཟེ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི ་མདུད་པས་ཀུན་ནས་སུན་ཕྱུང་བ། ང་རྒྱལ་ཀྱི་ཀུན་ནས་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་འདི་ལྟ་སྟེ། ་དཔེར་ན། མི་སྨོན་པ་འམ་ཆང་གིས་ར་རོ་བར་གྱུར་པ་ནི་མ་དང་ལྷན་ཅིག་ཉམ་པོ་བྱེད་ཅིང་། དེ་དེས་མངོན་པར་དགའ་བར་བྱེད་ལ། དེ་ལ་ཉེས་དམིགས་སུ་མ་མཐོང་བ་ལས་གང་གི ་ཆེ། སྨོས་པའམ་ར་རོ་བ་སངས་པར་འགྱུར་བ་དེའི་ཚེ། མ་དང་ལྷན་ཅིག་ཉལ་པོ་བྱས་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོད་པར་བྱེད། རྣམ་པར་སྨོད་པར་བྱེད་དོ།། དགེ་སློང ་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་། འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོས་ནས། སྔོན་གྱི་བྱིས་པའི་སྤྱོད་པ་དང་། རྨོངས ་བའི་སྤྱོད་པ་དང་། ཤེས་རབ་འཆལ་བའི་སྤྱོད་པ་བྱེད། ངོ་ཚ་བར་བྱེད། གནོད་པར་བྱེད། རྣམ་པར་སྨོད་པར་བྱེད་ལ། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་སྔོན་མི་རྟག ་པ་ཁོ་ན་ལ་རྟག་པར་བསམས་ཤིང་། བདག་གིས་སྡུག་བསྔལ་བ་ཁོ་ན་ལ་ནི་བདེ་བར་བསམས། བདག་གིས་མི་གཙང་བར་ཁོ་ན་ལ་ནི་གཙང་བར་བསམས། བདག་གིས་བདག་མེད ་པ་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ། དེ་ལྟར་ན་བདག་ནི་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། མི་གཙང་བ་ལ་གཙང་བར་འདུ་ཤེས ་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ།། སྙམ་དུ་སེམས་སོ།། དགེ་སློང་དག་འདི་ལྟ་སྟེ། དཔེར་ན། ཆུ་ཀླུང་གྱི་འགྲམ་འམ། ཡུར་པོ་ཆེའི་འགྲམ་ན། སྒྲ་སྙན་གྱི་སྒྲ ་གྲག་པར་གྱུར་ན། དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་དང་། ཤེས་རབ་འཆལ་བའི་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་ད ་སེམས་ཏེ། གང་ལས་སྒྲ་གྲག་པའི་སེམས་ཅན་དེ་ནི་བདེན་པ་དང་། གནས་པའི་སྒོ་ནིས་ཡོད་དོ་སྙམ་དུ་སེམས་སོ་སེམས་ཅན་བྱིས་པའི་རང་བཞིན་ཅན་མ་ཡིན་པ་དང་། རྨོངས ་པའི་རང་བཞིན་ཅན་མ་ཡིན་པ་དང་། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་ལས་སྒྲ་འདི་གྲག་པའི་སེམས་ཅན་དེ་ནི་བདེན ་བ་དང་། གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། སྒྲ་བསྟན་འདི་འབའ་ཤིག་ཡོད་དེ། རྣ་བ་བསླུ་བར་བྱེད་པ་འདི་འབའ་ཤིག་ཡོད་དོ་སྙམ་དུ་སེམས་སོ།། དགེ་སློང་དག་དེ་བཞིན ་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་བདག་གིས་རྣ་བས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྒྲ་གང་དག་ཡིན་པ་འདི་དག ་ལ་རྟག་པ་ཉིད་དམ། བརྟན་པ་ཉིད་དང། ཐེར་ཟུག་པ་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་དམ།། ་ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་ན་ཉིད་དམ། ཅི་ལྟ་བ་དེ་བཞིན་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མེད་དེ། གསོག་ཀྱང་དེ་ཉིད་ཡིན། གསོད ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། བསླུ་བའི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོ་བྱད་ཀྱང་འདི་ཉིད་ཡིན།། ་རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས།། དེ་ལ་ནི་མངོན་པར་དགའ་བར་བྱ་བ་འམ། མངོན་པར་བརྗོད་པར་བྱ་བ་འམ། ལྷག་པར་ཆགས་པར་བྱ་བ་འམ། ་ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ་འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ།། ་དེས་དེ་ལྟར་ཤེས་ནས་རྣ་བས་རྣམ་པར་ཤེས་པར་བྱས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྒྲ་རྣམས་ནང་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག ་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དགེ་བར་རྗེས་སུ་མཐོང་བ་ན། དེའི་རྣ་བས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། ་མ་འོངས་པ་དང་། ད་ལྟར་བྱུང་བའི་སྒྲ་དག་ལ་ལོག་པར་མོས་པ་དང་། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟུང་བ་ཕྱིན་ཅི་ལོག་ཏུ་གྱུར་པའི་ལྷ་སྟེ། བརྣག ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན ་བར་ཞེན་ཅིང་། མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤོང་བར་བྱེད་དོ།། དེ་དག་སྤངས་པའི་ཕྱིར་ལྡོངས་པ་དང་། ཡི་ཆད་པ་དང་། ཕྱོགས་མེད་པར་བྱས་ཏེ། ་གནས་ཏེ་བདུད་སྡིག་ཅན་གྱིས་མཐོང་བར་སོང་ནས། བདུད་དང་བདུད་ཀྱི་འཁོར་བཅོམ་ཞིང་། གཡུལ་ཆེན་པོ་གཡུལ་སྤྲད་དེ། གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་ངོ་དེ ་ཉིད་འཕམ་པར་བྱས་ཤིང་། གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི།། ཤེས་རབ་ཀྱིས་འཚེ་བ་རྣམས ་ཀྱི་ནང་ན། བླ་ན་མེད་པས་འཚོ་བ་ཡིན་ནོ།། དགེ་སློང་དག་ཡང་ཇི་ལྟར་ན། འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ། ཤེས་རབ་ཀྱིས ་འཚོ་བ་རྣམས་ཀྱི་ནང་ན། བླ་ན་མེད་པས་འཚོ་བ་ཡིན་ནོ།། དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞགས་པ་ལ་གནས་པ་ནི། བདག་སྔོན་སྣས ་རྣམ་པར་ཤེས་པར་བྱ་བའི་དྲི་ཡིད་བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་གྱུར་ལ་སྣས་རྣམ་པར་ཤེས་པར་བྱ་བའི་དྲི་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ ་ནི་ཁོང་ཁྲོ་བ་དང་ལྡན་ཞིང་གནས་པར་གྱུར། སྣས་རྣམ་པར་ཤེས་པར་བྱ་བའི་དྲི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན ་བའི་བཏང་སྙོམས་སུ་གནས་པར་གྱུར་ཏེ། དེ་ལྟར་བདག་ཡུན་རིང་པོ་ནས་འདི་ལ་རྗེས་སུ་སློབ་ཅིང་རྗེས་སུ་བྱེད་པ་ན། རྒ་བ་དང་འཆི་བ་ཉམས་སུ་མྱོང་ཞིང་། སྔོན་གྱི ་མཐའ་མི་མངོན་པར་གྱུར་པར་བདག་གིས་ང་ནི་སྣས་རྣམ་པར་ཤེས་པར་བྱ་བའི་དྲི་དག་ལ། སྔོན་ཇི་ལྟ་བར་དེ་ལྟར་བསླབ་པར་མི་བྱ་ཞིང་། བདག་གིས་སྣས་རྣམ་པར་ཤེས་པར་བྱ ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དྲི་དག་ལ་ལོག་པར་མོས་པའམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི ་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤངས་པའི་ཕྱིར་བསླབ་པར་བྱ་ཞིང་། དེ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར ་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ།། དགེ་སློང་དག་འོན་ཀྱང་འདི་ན་ཁ་ཅིག་ལ་ནི་སྣས་རྣམ་པར་ཤེས་པར་བྱ་བའི་དེ་དེ་དག་ཉིད་ཡིན་དུ་འོང་བར་འགྱུར་ལ། གཞན་དག་ལ་ནི་དེ་དག ་ཡིད་དུ་འོང་བར་གྱུར་པ་ཡང་ཡོད་ལ། དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར་ཞིང་དུས་ལ་ལར་ནི་ཡིད་མི་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར ་དུས་ལེ་ལར་ནི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཏུ་གྱུར་ཏེ། དགེ་སློང་དག་དེ་ལྟར་འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་སེམས་ཀྱིས ་བྲིད། སེམས་ཀྱིས་བསླུས་ནས་ཉེས་དམིགས་སུ་མི་མཐོང་ཞིང་། ངེས་པར་འབྱུང་བར་རབ་ཏུ་མི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་བཞིན་བྱེད་དུ་འཇུག་གོ། དགེ་སློང་དག་དགེ་སློ ་ངམ། བྲམ་ཟེ་གང་དག་ཁ་ཅིག་སྣས་རྣམ་པར་ཤེས་པར་བྱ་བའི་དྲི་འདི་དག་ཉི་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས ་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི། སྣས་རྣམ་པར་ཤེས་པར་བྱ་བའི་དྲི་ཡིད ་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ། དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་བརྣ་བ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་བྱང་བ། རྗེས་སུ ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ ་ཅིག་སྣས་རྣམ་པར་ཤེས་པར་བྱ་བའི་དྲི་འདི་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་ར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར ་ཞེན་པར་བྱས་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པར་དེ་དག་ནི། སྣས་རྣམ་པར་ཤེས་པར་བྱ་བའི་དྲི་ཡིད་མི་བདེ་བ་དེ་གནས ་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ། དགེ་སྦྱོང་དང་བྲམ་ཟེ་གནད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་ལྡན ་པ་དེ་དག་ཀྱང་། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་སྣས་རྣམ་པར ་ཤེས་པར་བྱ་བའི་དྲི་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད ་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི། སྣས་རྣམ་པར་ཤེས་པར་བྱ་བའི་དྲི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་སོ་སོར་བརྟགས་པ་མ་ཡིན། ་སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདད་པས་ཀུན་ནས་སུན་བྱང ་བ། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་དུ་བྱེད་དུ་འཇུག་གོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། མི་ཤིག་གི་ཕྱིར་ཐོག་ཐག ་ཏུ་གཤེད་མ་ཕྱིར་རྒོལ་བ་དགྲ་པོ་ཞིག་རྗེས་སུ་འབྲང་བར་གྱུར་ཅིང་། དེ་དེ་ལ་མངོན་པར་དགའ་བར་བྱེད་པ། དེ་ལ་ཉེས་དམིགས་སུ་མ་མཐོང་བ་ལས་གང་དག་གི་ཆེ་དེ་སོ་སོར་རྟོགས། ་པར་བྱེད་པ་ན། འདི་ནི་བདག་གི་གཤེད་མ་ཕྱིར་རྒོལ་བ་དགྲ་བོ་ཡིན་ནོ་ཞེས་ཤེས་པར་གྱུར་པ་དེའི་ཚེ། དེ་དེས་བདུང་བར་བྱེད། ངོ་ཚ་བར་བྱེད། གནོང་པར་བྱེད་ཅིང་། རྣམ་པར་སྨོད་པར ་བྱེད་དོ།། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོས་ནས་སྔོན་གྱི་བྱིས་པའི་སྤྱོད་པ་དང ་རྨོངས་པའི་སྤྱོད་པ་དང་། ཤེས་རབ་འཆལ་བའི་སྤྱོད་པ་དེས་གདུང་བར་བྱེད། གནོང་པར་བྱེད་ཅིང་། རྣམ་པར་སྨོད་པར་བྱེད་ལ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་སྔོན་མི་རྟག་པ་ཁོ་ན ་ལ་རྟག་པར་བསམས་ཤིང་། བདག་གིས་སྡུག་བསྔལ་བ་ཁོ་ན་ལ་བདེ་བར་བསམས། བདག་གིས་མི་གཙང་བ་ཁོ་ན་ལ་ནི་གཙང་བ་སམས། བདག་གིས་བདག་མེད་པ་ཁོ་ན་ལ ་བདག་དུ་བསམས་ཏེ། དེ་ལྟར་བདག་ནི་སྔོན་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། ་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ།། སྙམ་དུ་སེམས་སོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་མིག་དང་ལྡན་པ་ཞིག་གིས་མེ་ལོང་གི་དཀྱིལ་འཁོར་ཤིན ་ཏུ་ཡོངས་སུ་དག་པ་བླངས་ཏེ། རང་གི་བཞིན་གྱི་མཚན་མ་སོ་སོར་རྟོག་པར་བྱེད་པ་ན། དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ་ཤེས་རབ་འཆལ་བའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་འདི་ལྟར་སྣང་བའི་སེམས་ཅན་འདི་ནི་བདེན་པ་དང་། གནས་པའི་སྒོ་ནས ་ཡོད་དོ།། སྙམ་དུ་སེམས་སོ།། སེམས་ཅན་བྱིས་པའི་རང་བཞིན་ཅན་མ་ཡིན་པ་དང་། རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་། ཤེས་རབ་འཆལ་བའི་རང་བཞིན་ཅན་མ་ཡིན ་བ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་འདི་ལྟར་སྣང་བའི་སེམས་ཅན་འདི་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། གཟུགས་བརྙན་འདི་འབའ་ཤིག་ཡོད་དོ།། ་མིག་སླུ་བར་བྱེད་པ་འབའ་ཤིག་ཡོད་དོ།། སྙམ་དུ་སེམས་སོ།། དེ་བཞིན་དུ་དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང ་བདག་གི་སྣས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དྲི་གང་དག་ཡིན་པ་འདི་དག་ལ་རྟག་པ་ཉིད་དམ་བརྟན་པ་ཉིད་དམ། ཐེག་ཟུག་ཉིད་དམ། ་དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ་གཞན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ་བདེན་པ་ཉིད་དམ། དེ་ཁོ་ན་ཉིད་དམ། ཇི་ལྟ་བ་བཞིན ་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མེད་དེ། གསོག་ཀྱང་དེ་ཉིད་ཡིན་ལ་གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད ་ཡིན་པ་དང་། སླུ་བའི་ཆོས་ཉིད་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡེ་བྱད་ཀྱང་དེ་ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རེའི་གཟུགས་ཀྱང་དེ་ཉིད་ཡིན་པས་དེ་ལ་ནི ་མངོན་པར་དགའ་བར་བྱ་བ་འམ། མངོན་པར་བརྗོད་པར་བྱ་བ་འམ། ལྷག་པར་ཆགས་པར་བྱ་བ་འམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི། བཅོམ་ལྡན ་འདས་ཀྱི་གསུངས་པ་འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ།། ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ།། དེས་དེ་ལྟར་ཤེས་ནས་སྣས་རྣམ་པར་ཤེས་པར་བྱ་བ་འདས ་པ་དང་། མ་འོངས་པ་དང་། ད་ལྟར་བྱང་བའི་དྲི་རྣམས་ནང་དུ་ཡང་དག་པར་རྗེས་སུ་མཐོང་ཞིག་འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། བསྡུག་བསྔལ་བ་དང་། ་སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་།། དེས་སྣས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དྲི་རྣམས་ནང་དུ་ཡང་དག་པར། ་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན། དེ་ནི་སྣས ་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དྲི་དག་ལ་ལོག་པར་མོས་པ་འམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་སྦྱིན་ཅིང་ལོག་གམ། ལྟ་བ ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་འདི ་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤོང་བར་བྱེད་དོ།། དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་། ཡི ་ཆད་པ་དང་། ཕྱོགས་མེད་པར་བྱས་ཏེ་གནས་ཤིང་། བདུད་སྡིག་ཅན་གྱི་མི་མཐོང་བར་སོང་ནས། བདུད་དང་བདུད་ཀྱི་འཁོར་བཅོམ་ཞིང་། གཡུལ་ཆེན་པོའི་ཡུལ་སྤྲད་དེ། ་གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་ངོ་དེ་ཉིད་མངོན་པར་ཕམ་པར་བྱས་ཤིང་གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར ་རྗེས་སུ་ཞུགས་པ་ལ་གནས་ཤིང་། ཤེས་རབ་ཀྱིས་འཚེ་བ་རྣམས་ཀྱི་ནངོན་ནི་བླ་ན་མེད་པས་འཚོ་བ་ཡིན་ནོ།། དགེ་སློང་དག་ཡང་ཇི་ལྟར་ན། འཕགས་པ་ཞིན་ཐོས ་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ཞེ་ན། དགེ་སློང ་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བ་རྗེས་སུ་ཞུགས་པ་ལ་གནས་པ་ནི། བདག་སྔོན་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་ཉིད་བདེ་བའི་གནས་ལྟ་བུ་དག ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་གྱུར་ལ། ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་ཞེས་གནས་པར་གྱུར། ལྕེས ་རྣམ་པར་ཤེས་པར་བྱ་བའི་གནས་རོ་བཏང་སྙོམས་ལྟ་བུ་དག་ནི། སོ་སོ་སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་པར་གྱུར་ཏེ། དེ་ལྟར་བདག་ཡུན་རིང་པོ ་ནས་འདི་ལ་རྗེས་སུ་སླབ་ཅིང་རྗེས་སུ་བྱེད་པ་ན། རྒ་བ་དང་འཆི་བ་ཉམས་སུ་མྱོང་ཞིང་། སྔོན་གྱི་མཐའ་མི་མངོན་པར་གྱུར་པས་བདག་གིས་ང་ནི་ལྕེས་རྣམ་པར་ཤེས་པར ་བྱ་བའི་རོ་དག་ལ་སྔོན་ཇི་ལྟར་བ་ལྷུར་བསླབ་པར་མི་བྱ་ཞིང་། བདག་གིས་ལྕེས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རོ་དག་ལ་ལོག ་བར་མོས་པ་འམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས ་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་འདི་བདེན་ནོ་སྙམ་དུ་སེམས་དེ་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས ་ཀྱི་མདུང་བ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་། དེ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱ་བའི་ཕྱིར་རོ།། དགེ་སློང་དག་འོན་ཀྱང་འདི་ན། ་ཁ་ཅིག་ལ་ནི་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་དེ་དག་ཉིད་ཡིད་དུ་འོང་བར་གྱུར་ལ། གཞན་དག་ལ་ནི་དེ་དག་ཉིད་ཡིད་དུ་མི་འོང་བར་འགྱུར་བ་ཡང་ཡོད་ལ། དེ་དག་ལ་ཡང་དུས ་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་ཏུ་གྱུར་ཞིང་། དུས་ལ་ལར་ནི་ཡིད་མི་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར། དུས་ལ་ལར་ནི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཏུ ་གྱུར་ཏེ། དགེ་སློང་དག་དེ་ལྟར་ན་འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་། སེམས་ཀྱིས་བྲིང་། སེམས་ཀྱིས་བསླུས་ནས། ཉིས་དམིགས ་སུ་མི་མཐོང་ཞིང་ངེས་པར་འབྱུང་བ་རབ་ཏུ་མི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་གི། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག ་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་ཏན་གྱིས་བཟུང་སྟེ། མངོན ་པར་ཞེན་པར་བྱས་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་གིས་ནི་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་ཡིད་བདེ ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ། དགེ་སློང་དག་བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། རྗེས་སུ་ཆགས་པའི་ཀུན། ་བྱ། ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ ་ཟེ་གང་དག་ཁ་ཅིག་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་འདི་དག་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། ་མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱིས། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི། ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་ཡིད་མི ་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ། དགེ་སློང་དག། བྲམ་ཟེ་གནོད་སེམས་ཀྱི་མདུད་པ་ཀུན་ནས་སུན་ཕྱུང་བ། ཁོང་ཁྲོ་བའི་ཀུན་དུ་སྦྱོར་བ་དང ་ལྡན་པ་དེ་དག་ཀྱང་། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་དག་ཁ་ཅིག་ལྕེས་རྣམ་པར་ཤེས་པར་བྱ ་བའི་རོ་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས། འདི ་ཉིད་བདེན་གྱི། གཞན་ནི་དོན་མེད་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་སྐྱེས་རྣམ་པར་བྱ་བའི་རོ་བཏང་སྒོམ་གྱི་གནས་ལྟ་བུ་དག་ལ་སོ་སོར་བརྟགས་པ་ཡིན། ་སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་གནས་ཏེ། དགེ་སྦྱོང་དང་བྲམ་ཟེ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་། མ་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན ་ནས་སུན་ཕྱུང་བ། རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་གི་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། སློབ་མ་ཞིག་གིས་སློབ། ་དབེན་ཟས་སྦྱིན་པར་བྱའོ་ཞེས་པ་བླང་གི་ལྕི་བབ་བར་བཅུག་ཅིང་། སྐོམ་བླུད་པར་བྱའོ་ཞེས་དྨ་བཅུག་ལ་དེ་ངེས་མདོང་བར་དགའ་བར་བར་བྱེད་ཅིང་དེ་ལ་ཉེས་དམིགས་སུ་མ ་མཐོང་བ་ལས། གང་གི་ཚེ་དེས་སོར་རྟོག་པར་བྱེད་པ་ན་བདག་གི་ས་དཔོན་ཟས་སྦྱིན་པར་བྱའོ་ཞེས་པ་ལང་གི་ལྕི་བ་ཟས་བཅུག་ཅིང་། སྐོམ་བྱུང་བར་བྱའི་ཞེས་གཅིན ་འཐུན་དུ་བཅུག་པར་འགྱུར་བ་དེའི་ཚེ་དེ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོད་པར་བྱེད་ཅིང་རྣམ་པར་སྤོད་པར་བྱེད་དོ།། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཅན་ཐོས ་ཐོས་པ་དང་ལྡན་པ་ཡང་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས། སྔོན་གྱི་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་འཆལ ་བའི་སྤྱོད་པ་དེས་གདུང་བར་བྱེད་དོ།། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་། རྣམ་པར་སྨོད་པར་བྱེད་ལ། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་སྔོན་མི་རྟག་པ་ལ་རྟག་པར་བསམ ་ཤིང་། བདག་གིས་སྡུག་བསྔལ་བ་ཁོ་ན་ལ་ནི་བདེ་བར་བསམས། བདག་གིས་མི་གཙང་བ་ཁོ་ན་ལ་ནི་བཙང་བར་བསམས། བདག་གིས་བདག་མེད་པ་ཁོ་ན་པ་ན་བདག་ཏུ་བསམས ་ཏེ། དེ་ལྟར་ན་བདག་ནི་སྔོན་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མེད ་@#པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ།། སྙམ་དུ་སེམས་སོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། སོས་ཀའི་ཟླ་བ་ཐ་མ་ལ་སྤྲིན་མེད་ཅིང་། སྤྲིན་དང་བྲལ་བའི ་ཉི་མའི་གང་ཚིགས་ལ་བབ་པའི་ཚེ། ཚ་བས་སྨིག་རྒྱུ་དག་གཡོ་བར་གྱུར་པ་ན། དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་དང་། ཤེས་རབ ་འཆལ་བའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་འདི་ལྟར་སྣང་བའི་ཆུ་འདི་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་སེམས་ཏེ། སེམས་ཅན ་བྱིས་པའི་རང་བཞིན་ཅན་མ་ཡིན་པ་དང་། རྨོངས་པའི་རང་བཞིང་ཅན་མ་ཡིན་པ་དང་། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས ་ཏེ། གང་འདི་ལྟར་སྣང་བའི་ཆུ་འདི་ནི་བདེན་པ་གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། སྨིག་རྒྱུ་འདི་འབའ་ཤིག་ཡོད་དོ།། སྨིག་སླུ་བར་བྱེད་པ་འདི་འབའ་ཤིག་ཡོད་དོ་སྙམ་དུ་སེམས་སོ།། དགེ ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་བདག་གིས་ལྕེས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ལྟར་བྱུང་བའི་རོ་གང་དག་ཡིན་པ་འ ་དག་ལ་རྟག་པ་ཉིད་དམ། བརྟན་པ་ཉིད་དམ། ཐེར་ཟུག་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ ་བདེན་པ་ཉིད་དམ། དེ་ཁོ་ན་ཉིད་དམ། ཇི་ལྟར་བ་བཞིན་དུ་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མེད་དེ། གསོག་ཉིད་ཀྱང་དེ་ཉིད་ཡིན། གསོབ་ཀྱང་དེ་ཉིད ་ཡིན། སྙིང་པོ་མེད་དེ་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། བསླུ་བའི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོད་བྱེད་ཀྱང་དེ་ཉིད་ཡིན། རོ་ཡང ་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས། དེ་ལ་ནི་མངོན་པར་དགའ་བར་བྱ་བ་འམ། མངོན་པར་བརྗོད་པར་བྱ་བ་འམ། ལྷག་པར་ཆགས་པར་བྱ་བ་འམ། ལྷག་པ ་ཆགས་ཤིང་གནས་པར་བྱ་བ་མི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ། འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ།། ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད། ་དེས་དེ་ལྟར་ཤེས་ནས། ལྕེས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རོ་རྣམས་ནད་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ་ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་།། དེས་ལྕེས་རྣམ་པར་ཤེས་པར་བྱ་བ ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱང་བའི་རོ་རྣམས་ནད་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་བུ་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པར་དང་། ་སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་དང་། དེའི་ལྕེས་པར་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད ་ལྟར་བྱུང་བའི་རོ་དག་ལ་ལོག་པར་མས་པ་འམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས ་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ན།། ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤོང་བར་བྱེད་དོ།། དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་། ཡིད་ཆད་པ་དང་། ཕྱོགས ་མེད་པར་བྱས་ཏེ། གནས་ཤིང་བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས། བདུད་དང་བདུད་ཀྱི་འཁོར་བཅོམ་ཞིང་། གཡུལ་ཆེན་པོའི་གཡུལ་ལས་རྣམ་པར་རྒྱལ་བ་དང་། ག ་ངོ་དེ་ཉིད་མངོན་པར་འཇམ་པར་བྱས་ཤིང་གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི་ཤེས་རབ་ཀྱིས་འཚོ་བ་རྣམས ་ཀྱི་ནང་ན། བླ་ན་མེད་པས་འཚོ་བ་ཡིན་ནོ།། དགེ་སློང་དག་ཡང་ཇི་ལྟར་ན་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ། ཤེས་རབ་ཀྱིས་འཚོ་བ་རྣམས ་ཀྱི་ནང་ན། བླ་ན་མེད་པས་འཚོ་བ་ཡིན་ཞེ་ན། དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི། བདག་སྔོན་ལུས་ཀྱི་རྣམ ་པར་ཤེས་པར་བྱ་བའི་རེག་བྱ་བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་འགྱུར་ལ། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་ཡིད་མི་བདེ་བའི་གནས ་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་ཞིང་གནས་པར་གྱུར། ལུས་ཀྱི་རྣམ་པར་ཤེས་པར་བྱ་བའི་རེག་བྱ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས ་པ་མ་ཡིན་པའི་བཏང་སྙོམས་སུ་གནས་པར་འགྱུར་ཏེ། དེ་ལྟར་གནས་ཡུན་རིང་པོ་ནས་འདི་ལ་རྗེས་སུ་སླབ་ཅིང་། རྗེས་སུ་བྱེད་པ་ན་རྒ་བ་དང་འཆི་བ་ཉམས་སུ་མྱོང་ཞིང་སྔོན་གྱི་མཐའ་མི་མངོན། ་པར་གྱུར་པས། བདག་གིས་ད་ནི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་དག་ལ་སྔོན་ཇི་ལྟ་བ་དེ་ལྟར་བསླབ་པར་མི་བྱ་ཞིང་བདག་གིས་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རེག་བྱ་དག་ལ་ལོག་པར་མོས་པ་འམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་བ་འདི་ལྟ ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི ་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུང་བ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་། དེ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར ་སོ་སོར་རྟོག་པར་འགྱུར་བར་བྱ་བའི་ཕྱིར་རོ།། དགེ་སློང་དག་འོན་ཀྱང་འདི་ན་ཁ་ཅིག་ལ་ནི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་དེ་ཉིད་ཡིད་དུ་འོང་བར་འགྱུར་ལ། གཞན ་དག་ལ་ནི་དེ་དག་ཉིད་དུ་ཡིད་དུ་མི་འོང་བར་འགྱུར་བ་ཡང་ཡོད་ལ། དེ་དག་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར་ཞིང་། དུས་ལ་ལར་ནི་ཡི་མི་བདེ་བའི་གནས་ལྟ་བུ་དག ་འགྱུར། དུས་ལ་ལ་ནི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཏུ་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན། འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིས། སེམས ་ཀྱིས་བྲིད། སེམས་ཀྱིས་བསླུས་ནས་ཉེས་དམིགས་སུ་མིང་མཐོང་ཞིང་། ངེས་པར་འབྱུང་བར་རབ་ཏུ་མི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ། ་བཞིན་བྱེད་དུ་འཇུག་གོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས། འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད ་འདོགས་པར་བྱེད་པ་དེ་དག་ནི། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་བརྣ ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག། ་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས། འདི་ཉིད་བདེན་གྱི་གཞན་ནི་དོན་མེད་དོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི། ལུས་ཀྱིས ་རྣམ་པར་ཤེས་པར་བྱ་བའི་རེག་བྱའི་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ། དགེ་སྦྱོང་དང་བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན ་ནས་སུན་བྱུང་བ། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག ་ཁ་ཅིག་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། ་མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་བ་ཏང ་སྙོམས་ཀྱི་གནས་ལྟ་བུ་དག་ལ་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། དགེ་སློང་དང་བྲམ་ཟེ་འདི་བདེན་ནོ་སྙམ་དུ་མངོན ་པར་ཞེན་ཅིང་། མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག ་བ་ཡིན་ནོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། མི་ཞིག་རྐུན་པོ་དག་གིས་གཙེས་པ་ན། རང་གི་བུ་ཡིན་ནོ་སྙམ་དུ་སེམས་ཤིང་གཞན་གྱི་བུ་བླངས་ཏེ་གྲོང་ནས་འབྲོས་པར་བྱེད་ཅིང་དེ་དེས ་མངོན་པར་དགའ་བར་བྱེད་ལ། དེ་ལ་ཉེས་དམིགས་སུ་མ་མཐོང་བ་ལས། གང་གི་ཚེ་དེ་སོ་སོར་རྟོག་པར་བྱེད་པ་ན། འདི་ནི་བདག་གི་བུ་མ་ཡིན་ནོ།། ཞེས་ཤེས་པར་འགྱུར་བ་དེའི་ཚེ།། ་དེ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད་གནོང་བར་བྱེད་ཅིང་། རྣམ་པར་སྨོད་པར་བྱེད་དོ།། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པ ་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས། སྔོན་གྱི་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་འཆལ་པའི་སྤྱོད་པ་དེས ་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད། རྣམ་པར་སྨོད་པར་བྱེད། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་སྔོན་མི་རྟག་པ་ཁོ་ན་བརྟག་པར་བསམས་ཤིང་། བདག་གིས ་སྡུག་བསྔལ་ཁོ་ན་ལ་བདེ་བར་བསམས། བདག་གིས་མི་གཙང་བ་ཁོ་ན་གཙང་བར་བསམས། བདག་གིས་བདག་མེད་པ་ན་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ། དེ་ལྟར་བདག་ནི་སྔོན་མི ་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ།། ་སྙམ་དུ་སེམས་སོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་གཉིད་ཀྱིས་ལོག་པའི་རྨི་ལམ་ན། འདོད་པའི་ཡོན་ཏན་ལྔས་རྩེ་ཞིང་དགའ་ལ། དགའ་མགུར་སྤྱོད་པར་བྱེད་པ ་ལས་ཕྱིས་སད་པ་ན། ཆུང་ཟད་མི་སྣང་བར་གྱུར་པའི་ཚེ། དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ཤེས་རབ་འཆལ་བའི་རང་བཞིན ་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་དག་བདག་གི་རྨི་ལམ་ན་དགའ་མགུར་སྤྱོད་པའི་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་ནི་བདེ་བ་དང་གནས་པའི་སྒོ་ནས་ཡོད ་དོ་སྙམ་དུ་སེམས་སོ།། སེམས་ཅན་བྱིས་པའི་རང་བཞིན་ཅན་ལ་ཡིན་པ་དང་། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང ་དག་གིས་རྨི་ལམ་ན། དགའ་མགུར་སྤྱོད་པའི་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། རྨི་ལམ་འབའ་ཤིག་ཡོད་དོ།། སེམས་སྐུ ་བར་བྱེད་པ་དེ་འབའ་ཤིག་ཡོད་དེ་སྙམ་དུ་སེམས་སོ་དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་། བདག་གིས་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། ་མ་འོངས་པ་དང་། ད་ལྟར་བྱུང་བའི་རེག་བྱ་གང་དག་ཡིན་པ་འདི་དག་རྟག་པ་ཉིད་དམ། ཐེར་ཟུག་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན ་ཉིད་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་ན་ཁ་ཉིད་དམ། ཇི་ལྟ་བ་བཞིན་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མེད་དེ། གསོག་ཉིད་དང་དེ་ཉིད ་ཡིན་ལ། གསོབ་ཉིད་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། སླུ་བ་ཡི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོ ་བྱད་ཀྱང་དེ་ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས། དེ་ལ་ནི་མངོན་པར་དགའ་བར་བྱ་བ་འམ། མངོན་པར་བརྗོད་པར་བྱ་བ་འམ། ལྷག་པར་ཆགས ་བར་བྱ་བ་འམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ། འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ ་ལྟར་སོ་སོར་རྟོག་པར་བྱེད་དོ།། དེས་དེ་ལྟར་ཤེས་ནས། ལུས་དེ་ཀྱི་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རེག་བྱ་རྣམས་ནང་དུ་ཡང་དག ་པར་རྗེས་སུ་མ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས ་སུ་མཐོང་བ་ན། དེ་ལུས་ཀྱི་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རེག་བྱ་རྣམས་ནད་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག ་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན། དེའི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར ་བྱང་བའི་རེག་བྱ་དག་ལ་ལོག་པར་མོས་པ་འམ། འདུ་ཤེས་ཕྱིན་ཅི་ལོག་པ་འམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད ་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་དུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་། མཆོག ་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤོང་བར་བྱེད་དོ།། དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་། ཡི་ཆད་པ་དང་། ཕྱོགས་མེད་པར་བྱས་ཏེ། གནས་ཤིང ་བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ངོ།། བདུད་དང་བདུད་ཀྱི་འཁོར་བཅོམ་ཞིང་། གཡུལ་ཆེན་པོའི་གཡུལ་སྤྲད་དེ། གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་ངོ་དེ་ཉིད ་འཕམ་པར་བྱས་ཤིང་གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་བརྩོན་པའི་རྗེས་སུ་སྦྱོར་བ་ལ་གནས་པ་ནི། ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན། ་། བླ་ན་མེད་པས་འཚོ་བ་ཡིན་ནོ།། དགེ་སློང་དག་དང་ཇི་ལྟར་ན་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ། ཤེས་རབ་ཀྱིས་ཚོའི་བ་རྣམས། ་ཀྱི་ནང་ན། བླ་ན་མེད་པས་འཚོ་བ་ཡིན་ཞེ་ན། དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི། བདག་གིས་ཡིད་ཀྱིས་རྣམ ་པར་ཤེས་པར་བྱ་བའི་ཆོས་བདེན་པའི་གནས་ལྟ་བུ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་གྱུར་ལ། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཡིད་མི་བདེ་བའི་གནས་ལྟ་བུ་དག ་པ་ནི་ཁོང་འཁྲོ་བ་དང་ལྡན་ཞིང་གནས་པར་གྱུར། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས ་སུ་གནས་པར་གྱུར་ཏེ། དེ་ལྟར་བདག་ཡུན་རིང་པོ་ནས་འདི་ལ་རྗེས་སུ་སློབ་ཅིང་། རྗེས་སུ་བྱེད་པ་ན། རྒ་བ་དང་འཆི་བ་ཉམས་སུ་མྱོང་ཞིང་། སྔོན་གྱི་མཐའ་མི་མངོན་པར་གྱུར་པས། ་བདག་གིས་ད་ནི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་དག་ལ་སྔོན་ཇི་ལྟ་བ་དེ་ལྟར་བསླབ་པར་མི་བྱ་ཞིང་། བདག་གིས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། ་མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་དག་ལ་ལོག་པར་མོས་པ་འམ། འདུ་ཤེས་ཕྱིན་ཅི་ལོག་པ་འམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་མདུད་པ་དང་། འདི་འདྲེན ་། ནོ་སྙམ་དུ་མངོན་པར་ཞེན་ཅིང་། མཆོག་ཏུ་འཛིན་པའི་ཚོགས་ཀྱང་མདུད་པ་གང་དག་ཡིན་པ་སྤང་བའི་ཕྱིར། བསླབ་པར་བྱ་ཞིང་། དེ་དག་སྤངས་པར་གྱུར། ་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ།། དགེ་སློང་དག་འོན་ཀྱང་འདི་ན་ཁ་ཅིག་ལ་ནི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ། གཞན ་དག་ལ་ནི་དེ་དག་ཉིད་ཡིད་དུ་མི་འོང་བར་འགྱུར་བ་ཡང་ཡོད་ལ། དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་དུ་འགྱུར་ཞིང་། དུས་ལ་ལར་ནི་ཡིད་མི་བདེན་པའི་གནས་ལྟ་བུ ་དག་དུ་གྱུར་ཏེ། དགེ་སློང་དག་དེ་ལྟར་ན། འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་། སེམས་ཀྱིས་སྐུས་ནས་ཉེས་དམིགས་སུ་མི་མཐོང་ཞིང་། ངེས ་བར་འབྱུང་བ་རབ་ཏུ་མི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་གོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ཡིད་ཀྱིས་རྣམ་པར་ཤེས ་བར་བྱ་བའི་ཆོས་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས ་འདི་ཉིད་བདེན་གྱི་གཞན་ནི་འརྫུན་པའོ་ཞེས་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས ་ཤིང་གནས་ཏེ་དགེ་སྦྱོང་ངམ། བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག ་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སློང་ངམ། བྲམ་ཟེ་གང་དག་ཁ་ཅིག་ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཆོས་འདི་དག་ཉིད་བདེན་པ་དང་། གནས། ་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ ་སྙད་འདོགས་པར་བྱེད་པ་དེ་དག་ནི་ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཆོས་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ། དགེ་སློང་དང་བྲམ་ཟེ་གནོད ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་དུ་བྱེད་དུ་འཇུག་པ་ཡིན་ནོ།། ་དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་འདི་དག་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང ་ལོག་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི། ཡིད་ཀྱི ་རྣམ་པར་ཤེས་པར་བྱ་བའི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་སོ་སོར་བརྟགས་པམ་ཡིན། སོ་སོར་བརྟགས་པམ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། དགེ་སྦྱོང་དང ་བྲམ་ཟེ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་། མཆོག་དུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང ་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ཞིག་གིས་རིན་པོ་ཆེའི་ཟ་མ་རྟོག་ཡིན་པར་སེམས ་ཤིང་། སྦྲུལ་གྱི་ཟ་མ་ཏོག་བླངས་ཏེ་གྲོང་ཁྱེར་ཀུན་ཏུ་འབར་བ་ནས། འབྲོས་པར་བྱེད་ཅིང་། དེ་དེས་མངོན་པར་དགའ་བྱེད་ལ། དེ་ལ་ཉེས་དམིགས་སུ་མ་མཐོང་བ་ལས་གང ་གི་ཚེ། དེ་སོ་སོར་རྟོག་པར་བྱེད་པ་ན། འདི་ནི་རིན་པོ་ཆེའི་ཟ་མ་ཏོག་མ་ཡིན་ནོ་ཞེས་ཤེས་པར་གྱུར་པ་དེའི་ཚེ། དེ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་། ་རྣམ་པར་སྤོང་བར་བྱེད་དོ།། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས། ་སྔོན་གྱི་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་འཆལ་པའི་སྤྱོད་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་རྣམ་པར་སྤྱོད་པར་བྱེད་ལ ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་སྔོན་མི་རྟག་པ་ཁོ་ན་ལ་རྟག་པར་བསམས་ཤིང་བདག་གིས་སྡུག་བསྔལ་ཁོ་ན་ལ་ནི་བདེ་བར་བསམས། བདག་གིས་མི་གཙང་པོ་ཁོ་ན ་ལ་ནི་གཙང་བར་བསམས། བདག་གིས་བདག་མེད་པ་ཁོ་ན་ལ་ནི་བདག་དུ་བསམས་ཏེ། དེ་ལྟར་ན་བདག་སྔོན་གྱི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ ་བདེ་བར་འདུ་ཤེས་པ་དང་། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་དུ་འདུ་ཤེས་པར་གྱུར་ཏོ།། སྙམ་དུ་སེམས་སོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། ་སྒྱུ་མ་མཁན་ནམ་སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྒྱུ་མ་སྣ་ཚོགས་འདི་ལྟ་སྟེ། ནོར་བུ་དག་གམ། རྣ་ཆ་གདུབ་འཁོར་དག་གམ། མགུར་རྒྱན ་དག་གམ། གདུ་བུ་རྒྱན་ཅན་དག་གམ། དཔུང་རྒྱན་དག་གམ། ལག་རྒྱན་དག་གམ། རྐང་རྒྱན་དག་གམ། སོར་གདུབ་རྒྱན་ཅན་དག་གམ། གསེར་དང་། རྡུལ་གྱི་འཕྲེང་བ་དག་བྱས ་ཏེ། རྣམ་པར་བསྟན་པར་གྱུར་ན། དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ཤེས་རབ་འཆལ་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག ་ནི་འདི་སྙམ་དུ་སེམས་ཏེ། གང་འདི་ལྟར་སྣང་བའི་ནོར་བུ་དག་གམ། རྣ་ཆ་གདུབ་ཀོར་དག་གམ། མགུལ་རྒྱན་དག་གམ། གདུ་བུ་རྒྱན་ཅན་དག་གམ། དཔུང་རྒྱན་དག་གམ། ལག་རྒྱན་དག ་གམ། རྐང་རྒྱན་དག་གམ། སོར་གདུབ་རྒྱན་ཅན་དག་གམ། གསེར་དང་། དངུལ་གྱི་འཕྲེང་བ་འདི་དག་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་སེམས་སོ།། སེམས་ཅན་བྱིས ་པའི་རང་བཞིན་ཅན་མ་ཡིན་པ་དང་། རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་འདི ་ལྟར་སྣང་བའི་ནོར་བུ་དག་གམ། ཚན་ཆ་གདུབ་འཁོར་དག་གམ། མགུལ་རྒྱན་དག་གམ། གདུ་བུ་རྒྱན་ཅན་དག་གམ། དཔུང་རྒྱན་དག་གམ། ལག་རྒྱན་དག་གམ། རྐང་རྒྱན་དག་གམ། ་སར་གདུང་རྒྱན་ཅན་དག་གམ། གསེར་དང་། དངུལ་གྱི་འཕྲེང་བ་འདི་དག་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། གྱི་ན་སྒྱུ་མར་བྱས་པ་འདི་འབའ་ཤིག་ཡོད་དོ།། ་མིག་སླུ་བར་བྱེད་པ་འདི་འབའ་ཤིག་ཡོད་དོ་སྙམ་དུ་སེམས་སོ།། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་། བདག་གིས་ཡིད་ཀྱིས། ་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་གང་ཡིན་པ་འདི་དག་ལ་རྟག་པ་ཉིད་དམ། བརྟན་པ་ཉིད་དམ། ཐེར་ཟུག་པ་ཉིད་དམ། དེ་བཞིན་ཉིད་དམ། མ ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་ན་ཉིད་དམ། ཇི་ལྟ་བ་བཞིན་ཉིད་དམ། མ་ནོར་བ་བཞིན་ཉིད་དམ། ཕྱིན ་ཅི་མ་ལོག་པ་ཉིད་མེད་དེ། གསོག་ཀྱང་དེ་ཉིད་ཡིན་ལ། གསོབ་དང་དེ་ཉིད་ཡིན་ལ། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། སླུ་བའི་ཆོས་ཀྱང་དེ་ཉིད་ཡིན། བདུད ་ཀྱི་ཡོ་བྱད་དང་དེ་ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས། དེ་ལ་ནི་མངོན་པར་དགའ་བར་བྱ་བ་འམ། མངོན་པར་བརྗོད་པར་བྱའམ། ལྷག་པར་ཆགས ་པར་བྱ་བ་འམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ། འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར ་སོ་སོར་རྟོག་པར་བྱེད་དོ།། དེས་དེ་ལྟར་ཤེས་ནས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ནད་དུ་ཡང་དག་པར་རྗེས་སུ ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་།། དེས་ཡིད་ཀྱིས ་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག ་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་ཞིང་། དེའི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས ་དག་ལ་ལོག་པར་མོས་པ་འམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་། མཆོག ་ཏུ་འཛིན་པའི་ཚོགས་ཀྱི་མདུང་བ་གང་ཡིན་པ་དེ་དག་སྤོང་བར་བྱེད་དོ།། དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་། ཡི་ཆད་པ་དང་། ཕྱོགས་མེད་པར་བྱས་ཏེ་གནས་ཤིང་། ་བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས། བདུད་དང་བདུད་ཀྱི་འཁོར་བཅོམ་ཞིང་། གཡུལ་ཆེན་པོའི་གཡུལ་སྤྲད་དེ། གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་ངོད ་ཉིད་མངོན་པར་དམ་པར་བྱས་ཤིང་གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི། ཤེས་རབ ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན། བླ་ན་མེད་པས་འཚོ་བ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས ་གསུངས་པ་ལ་མངོན་པར་བསྟོད་དོ།། བར་སྡོམ་ནི། སྨིན་མ་དང་ནི་སྒྱུ་མ་དང་། ར་རོ་བ་དང་སྒྲ་བརྙན་དང་། གཤེད་མ་དང་ནི་མེ་ལོང་དང་། ཟས་སྦྱིན་པ ་དང་སྨིག་རྒྱུ་དང་།། རྐུན་པོས་གཙེས་པ་གྲོང་གནས་དང་། རྨི་ལམ་རྒ་སྤྱོད་ཟ་མ་ཏོག། ནོར་བུ་དཔུང་རྒྱན་རྣམས་དང་ནི། རྒྱུ་མའི་དྲ་བ་ཀུན་བསྡུས་པའོ།། མདོ་སྡེ་ཆེན་པོ་རྒྱུ་མའི་དྲ་བ ་ཞེས་བྱ་བ།། རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་འཛིན་ན་མི་ཏྲ་དང་། བྲང་ཉ་བར་མ་དང་། རྐུ་ཆེན་གྱི་ལོ་ཆེ་བ་བན་དེ་ཡེ་ཤེས་སྡེ་ལ་སྩོགས་པས་བསྒྱུར་ཅིང་ཞུས་ཏེ། ་གཏན་ལ་བབ་པ།། རྒྱ་གར་སྐད་དུ།། དྷ་ཛ་ག་གྲན་ན་མ་མ་ཧཱ་སུ་ཏྲེ་མ།། བོད་སྐད་དུ།། མདོ་ཆེན་པོ་མཚན་མཆོག་ཅེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ་