| Wylie | e-texts produced with BDRC’s OCR application |
འཁར་སིལ་བཅང་བའི་ཀུན་ཏུ་སྤྱོད་པའི་ཆོ་ག། འཁར་སིལ་ཡང་དག་པར་ལེན་པར་འདོད་པས། བཙུན་པ ་གཅིག་གི་མདུན་དུ་བུས་མོ་ས་ལ་བཙུགས་ཏེ། འདི་སྐད་དུ་བཙུན་པ་དགོངས་སུ་གསོལ།། བདག་མིང་འདི་ཞེས་བགྱི་བ་དེང་བཙུན་པ་ལས་འཁར་སིལ་བཅང་བའི ་སློབ་དཔོན་དུ་གསོལ་ལོ།། ཞེས་ལན་གསུམ་དུ་བརླས་པར་བྱའོ།། །། དགོངས་ཤིག་ཚེ་དང་ལྡན་པ་ཁྱོད་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས ་བསྐྱེད་ནས། འཁར་སིལ་ཡང་དག་པར་བླངས་ཏེ། ཆོས་བཞིན་དུ་སྤོད་པར་བྱེད་དམ། ལག་པ་ཡོངས་སུ་མི་བཙངས་པས། དེ་ཡོངས་སུ་བཟུང ་བར་མི་བྱ། དགེ་འདུན་གྱི་གནས་སུ་འཇུག་པའི་ཚེ་མགོ་དང་མ་རྩེ་དབྱུང་པོར་བྱའོ།། ས་ལ་བཞག་པར་མི་བྱའོ།། གལ་ཏེ་ཁྱིམ་པའི་ཁྱིམ་དུ་འཇུག་ན། ་མ་རྩ་རྨྱབ་ལོགས་སུ་བསྟན་པར་བྱ། གལ་ཏེ་སྔ་གྲོ་ཁྱིམ་དུ་བསོད་ན་སྙོམས་ལ་འགྲོ་དགོས་པའི་རྐྱེན་ཚོགས་བྱུང་བ་ན། འཁར་སིལ་ལེན་གསུམ་གྱི་བར ་། དུ་དཀྲོལ་བར་བྱའོ།། ལན་གསུམ་དཀྲོལ་ཏེ་མ་འོངས་ན། ལན་ལྔའི་བར་དུ་དཀྲོལ་བར་བྱའོ།། ལན་ལྔ་དཀྲོལ ་ཏེ་མ་འོངས་ན། ལན་བདུན་གྱི་བར་དུ་དཀྲོལ་བར་བྱའོ།། ལན་བདུན་དུ་དཀྲོལ་ཏེ་མ་འོངས་ན། ཁྱིམ་གཞན་བདུན་གྱི་བར་དུ་འགྲོ་བར་བྱའོ།། ཁྱིམ ་བདུན་གྱི་བར་དུ་ཕྱིན་ཏེ་མ་མཆོག་པར་གྱུར་ན་ཡང་དེར་ཟས་ཀྱིས་བྱ་བ་བྱའོ།། ཞེས་ལན་གཉིས་ལན་གསུམ་གྱི་བར་དུ་ཟླ་བར་བྱའོ།། འཁར་སིལ་བཅང་བའི ་ཆོ་ག་ནི་ཉི་ཤུ་རྩ་ལྔ་ཡོད་དེ། ས་ལ་སྦྲུལ་ཡོད་པའི་ཕྱིར་བརྩང་བར་བྱ་བ་དང་། རྒས་པའི་ཕྱིར་བཅང་བར་བྱ་བ་དང་། བསོད་སྙོམས་སྤྱོད་པའི་ཕྱིར་བཅང ་བར་བྱ་བ་དང་། འབྱུང་ཞིང་འཇུག་པ་སྐུ་གཟུགས་མཐོང་བ་ཚེ། སྒྲ་དབྱུངས་པར་མི་བྱ་བ་དང་། འཁར་སིལ་ཐོས་ནས་དགེ་འདུན་གྱི་ནང་དུ་འཇུག་པར་མི ་བྱ་བ་དང་། དྲོ་ཡོལ་ཕན་ཆད་ཁར་སིལ་ཐོགས་ནས་འགྲོ་བར་མི་བྱ་བ་དང་། ཕྲག་པ་གཉིས་ལ་བསྐལ་ཏེ་མགོ་གཉིས་འཕྱང་བར་མི་བྱ་བ་དང་། ཕྲག ་བས་བཀུར་བར་མི་བྱ་བ་དང་། ལག་པ་བཀྱོག་བོར་མི་བྱ་བ་དང་། འཁར་སིལ་ཐོགས་ནས་བཤང་ལྕི་སར་འགྲོ་བར་མི་བྱ་བ་དང་། མཁན་པོ་དང་སློབ ་དཔོན་དང་། འཁར་སིལ་ཐོགས་ཏེ་འགྲོ་བའི་ཕྱི་བཞིན་དུ་འགྲོ་བར་མི་བྱ་བ་དང་། གང་ཟག་བཞི་ཡན་ཆད་འཁར་སིལ་ཐོགས་ཏེ་འགྲོ་བར་མི་བྱ་བ་དང་། ཡོན ་ཏན་བདག་གི་ཁྱིམ་དུ་ཕྱིན་ན་འཁར་སིལ་ལུས་དང་། བྲལ་བར་མི་བྱ་བ་དང་། ཡོན་བདག་གི་སྒོར་ཕྱིན་ན་ལན་གསུམ་གྱི་བར་དུ་དཀྲོལ་བར་བྱའོ།། ་གལ་ཏེ་མ་འོངས་ན་ལན་ལྔའི་བར་དུ་དཀྲོལ་བར་བྱའོ།། ལན་ལྔ་དཀྲོལ་ཏེ་མ་འོངས་ན། ལན་བདུན་གྱི་བར་དུ་དཀྲོལ་བར་བྱའོ།། ལན་བདུན་དཀྲོལ་ཏེ ་མ་འོངས་ན། ཁྱིམ་གཞན་དུ་འགྲོ་བར་བྱ་བ་བདག་ཕྱིར་བྱུང་ན། འཁར་སིལ་ལག་པ་གཡས་པ་ལ་བསྙེས་ཏེ་གཞག་པར་བྱ་བ་དང་། གནས་ཁང་ནི་གཞག་པའི ་ཆེས་ལ་རེག་པར་མི་དང་། རྟག་པར་ཉལ་ཁྲིའི་དྲུང་དུ་ཉེ་བར་གཞག་པར་བྱ་བ་དང་། སྐབས་སྐབས་སུ་ཕྱི་བདར་བྱ་བ་དང་། འཁར་སིལ་གྱི་མགོ་གཡའ་མེད ་པར་བྱ་བ་དང་། བསོད་སྙོམས་ལ་འགྲོ་བའི་ཚེ་དགེ་ཚུལ་ཁྱིམ་པ་ལ་བྲལ་བར་མི་བྱ་བ་དང་། ནད་པའི་སར་མཚན་མོ་གནས་ན། འཁར་སིལ་བཀུར་བར་བྱ ་བ་དང་། ལམ་རིང་པོར་འགྲོ་བ་སྒྱེལ་དུ་འགྲོ་ན། འཁར་སིལ་བཀུར་བར་བྱ་བ་དང་། ལམ་རིང་པོ་ནས་འགྲོན་དུ་གཉེར་བ་ཡོད་དེ། དེར་འགྲོ་ཞིང་འདུག ་དགོས་པར་གྱུར་ན། འཁར་སིལ་བཀུར་བར་བྱ་བ་དང་། ག་ཤད་དུ་དགོས་པར་གྱུར་ན། འཁར་སིལ་བཀུར་བར་བྱ་བ་དང་། བདག་གི་དྲུང་དུ་བསྐྱེ ་པར་བྱ་བ་ཡིན། གཞལ་ལ་རེག་ཅིངས་ལ་རི་མོ་བྲི་བར་མི་བྱའོ།། འཁར་སོལ་གྱི་མདོ་དང་། ཆོ་ག་འདི་ཞུ་ཆེན་གྱི་ལོ་ཚ་བ་བན་དེ་ཆོས་གྲུབ་ཀྱིས ་རྒྱའི་དཔེའ་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། རྒྱ ་