CLOSE WINDOW

F353: 'phags pa chos kyi phung po zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

བྱ་བྱ་བྱ། ་ཨར་དུམ་ས ་མ་མ་ཧ་ཡན་སུ་ཏེ། ་བོད་སྐད་དུ། ་འཕགས་པ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མེདོ།། ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕག ་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དས་གཅིག་ནི། བཅོམ ་ལྡན་འདས་སེར་ཀྱེའི་གནས་ན། ཤིང་རཱ་གྲོ་ཏའི་ཀན ་དགའ་རབ་ན། དགེ་སློང་ལྔ་བརྒྱ་ཐམ་པའི་དགེ་སློང་གི་དགེ་འདྲེན་ཅན ་པོ་དང་། ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཤི་རིའི ་བུ་དང་། ཚེ་དང་ལྡན་པ་མེའུ་དགལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ་ཚེ་དང་ལྡན་པ་ཀན་དགའ་བོ་དང་། ཚེ་དང་ལྡན་པ་སྒྲ་ཅན་འཛིན་བཅོམ་ལྡན་འདས་ག་ལ་བ་དེར་སོང ་ན་ཕྱིན་ནས། བཅོམ་ལྡན་འདས་ག་ལ་བ་དེར་སྟོང་ན་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།། ཕྱོགས ་ཅིག་ཏུ་འདུག་གོ། ཕྱོགས་ཅིག་འདུག་ནས་ཚེ་དང་ལྡན་པ་ཤ་རིའི་དུས། བཅོམ་ལྡན ་རྒྱ། འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས ་ཀྱི་ཕུང་པོ་ཞེས་བགྱི་ན། དེ་བཞིན་གཤེགས་པས་ཆོས་ཀྱི་ཕུང་པོའི་ཚད་ཇི་ཙམ་གྱི་ཆོས ་ཀྱི་ཕུང་པོ་ཞེས་བཀའ་སྩལ་ཆོས་ཀྱི་ཕུང་པོ་ཅི་ཙམ་ཞིག། ཆོས་ཀྱི་ཕུང་པོ་ན་གང་ལགས ་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད ་ཅེས་བཀའ་སྩལ་ཏོ།། ཤ་རིའི་བུ་དེ་བཞིན་གཤེགས་པས་ཆོས་ཀྱི་ཕུང་པོ་ནི་བརྒྱད་ཁྲི་བཞི་སྟོང་དུ་གསུངས།། ་ཏེ། ཤཱ་རིའི་བུ་དེ་ལ་ཆོས་ཐམས་ཅད་སྐྱེ་བ་མེད་པ་འདི་ནི་ཆོས་ཀྱི་ཕུང་པོའི་རྗེས་སུ་འཇུག་པ་དང་པོ་ཡིན ་ནོཤི་རིའི་བུ་ཆོས་འགའ་ཞིག་ལ་ཆོས་ཤེ་འམ། ཆོས་གང་ཡང་སྐྱེ་བ་འམ་འགག་པ་ཞེས་ང་མི་སྨྲའོ།། ་དེ་ཅིའི་ཕྱིར་ཞེ་ན། ཤི་རིའི་བུ་ཆོས་ཐམས་ཅད་ནི་སྐྱེ་བ་མེད་པའི་ཆོས་ཅན་དང་། འགག་པ་མེད་པའི་ཆོས་ཅན ་ཡིན་པའི་ཕྱིར་རོ།། ཤ་རིའི་བུ་འདི་ལྟ་སྟེ་དཔེར་ནི། མི་ནིང་ནི་སྐྱེས་པ་འམ་བུད་མེད་ཅེས་བྱ་བའི་མིང་མི་ཐོད ་ཅིང་སྐྱེས་པ་འམ་བུད་མེད་ཅེས་བརྗོད་པར་བྱ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར ་ཞེན་ཤཱ་རིའི་བུ་དེ་ནི་སྐྱེས་པ་འམ་བུད་མེད་དུ་གདུགས་སུ་མེད་པའི་ཕྱིར་རོ།། ཤ་རིའི་བུ་དེ་བཞིན་དུ་ཆོས་ཐམ ་ཅད་དེ་བཞིན་གཤེགས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས ་ཏེ། དེའི་ཕྱིར་ཆོས་ཀྱི་ཆོས་རབ་ཏུ་ཤེས་སོ།། ཞེས་བརྗོད་པར་མི་བྱའོ།། ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། ་མའམ་མི་ནོང་ནི་འདོད་པའི་འདོད་ཆགས་སྤངས་པ་ཡང་མ་ཡིན་ལ། འདོད་པ་ལ་རྟེན་པ་ཡང་མ་ཡིན་ནོ།། ཤི་། ་བུ་དེ་དག་གིས་བུད་སྡིག་གི་མཐོང་ནས་འདོད་ཆགས་ཀྱི་སེམས་སྐྱེས་པས། ཟ་མ་མ་མ་ནིང་རྣམས་ལས་ཕལ་ཆེར་བྱིན་པ་ནད་ཀྱི་བཏ ་པར་འགྱུར་བྱིན་པ་འཛེག་པོར་འགྱུར། བྱིན་པ་ཁར་བལྟ་བུར་འགྱུར། བཞིན་དམར་བར་འགྱུར་རོ།། ཤ་རིའི་བུ་འདི་ཇི་སྙམ་དུ ་སེམས། ཟ་མ་འམ་མ་ནིང་གང་ཡིན་པ་དེས་ལམ་འགྱེལ་དེའི་ལུས་ལ་མཚོན་གྱི་མཏབ་པར་ཅིའི་ཕྱིར་དེ་དག་བྱིན་པ་ན་བར་འགྱུར་སྙམ། ་དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་ཟ་མ་འམ་མ་ནིང་ནི་ཙུན་མོ་འཁོར་སྲུང་བ་ལགས་ཏེ། དེ་དག་བུད་མེད་སྔག་ག་མཐོང་ནས་འདོད་ཆགས་ཀྱི་སེམས་སྐྱེ་ལགས་སོ།། དེ་དག ་འདོད་ཆགས་ཀྱི་སེམས་ཀྱིས་ཉོན་མོངས་པ་ཁོལ་བར་འགྱུར་ཏེ། ཉོན་མོངས་པ་ཁོལ་བ་དེ་དག་གི་ལུས་ཁུ་ཆུས་རྒྱས་པར་གྱུར ་ནས་དེ་དག་འདོད་ཆགས་ཀྱི་གདུང་བུས་ཡོངས་སུ་གདུང་པན། བྱིན་པ་ཤིན་ཏུགས་པར་འགྱུར་ལགས། ་དེ་ལྟར་དེ་དག་གི་ལུས་མ་རུང་བར་འགྱུར་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་རིའི་བུ་ལ་འདི ་སྐད་ཅེས་བཀའ་སྩལ་ཏོ།། ཤ་རིའི་བུ་ཟ་མ་འམ་མ་ནིང་ལས་གང་དག་གི་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བ་ནི་ཉུང་། ཕལ་ཆེར་སེམས ་ཅན་དམྱལ་བར་འགྲོ་བར་འགྱུར་རོ།། ཤ་རིའི་བུ་དགེ་སློང་ཤཀྱའི་བུ་རྣམས་ལས་གང་དག་འདོད་ཆགས་ཀྱི་འཕྲོགས་པར་མི་འགྱུར་བའི་ཁྱད་པར ་ལྟོས། དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་ནི་དངོས་པོ་མེད་པར་ཤེས། འདོད་པ་རྣམས་ནི་མི་གཙང་བར་ཤེས་ནས། དེ་དག་འདོད་པ་རྣམས་ཀྱིས ་སྐྱེ་ཞིང་ཡིད་འབྱུང་བ་ལ་མངོན་པར་མི་དགའ་ནས། ཚངས་པར་སྤྱོད་པ་སྤྲད་དེ། དེ་བཞིན་དང་བྲལ་བའི་མདངས་གསལ་བ་མ་ཡིན་ནོ།། ཤ་རིའི་བུ ་སྐྱེས་བུ་དཔ་ས་ས་ཀྱིས་ནོ་ས་འད་བྱུང་ནས། དེཅི་བྱེ་།། ཙླྀ་དེ། སྐྱེ་ཐ་པ་དུག་དུ་གས ་རྣམས་དང་ལྡན་པའི་ཕྱིར་རོ།། ཤ་རིའི་བུ་སྐྱེས་བུ་ངན་པ་རྣམས་ཀྱི་ཀུན་ཏུ་རྟོག་པ་རྣམས་གང་ཞེ་ན་གང་དག་མེད་པར་ལ་རྟོག་པར་བྱང་བ་སྟེ། མི་ཅང་བ་ལ་ཅང་བར་རྟོག་པ ་བྱེད་འདུ་ཤེས་སུ་རྟོག་པར་བྱེད། བུད་མེད་ལ་བུད་མེད་དེ་རྟོག་པར་བྱེད། འདོད་ཆགས་དང་བཅས་པ་ལ་འདོད་ཆགས་དང་བཅས་པར་རྟོག་པར་བྱེད་པ་སྟེ། ཤ ་རིའི་བུ་དེ་ལྟ་བུ་དེ་དག་ནི་སྐྱེས་བུ་ངན་པོ་མ་ནིང་གང་ལ་ལ་ཞིག་སྐྱེས་བུ་ངན་པ་རྣམས་ཀྱི་ཀུན་ཏུ་རྟོག་པ་དེ་ལྟ་བུ་དག་ལ་ཀུན་ཏུ་རྟོག་པར་བྱེད་པར་ནི་བདག་གི་རེག་གོ་ཞེས་ཉམས ་སུ་མྱོང་བར། བུག་དགའི་སྒོ་དང་ལྡན་པ་འདི་མི་གཙང་བར་འཛག་པའང་ཤེས་སྐྱེད་པར་བྱེད་དོ།། འདི་བདག་ཐམས་ཅད་ནི་བྱ་བ་མ་ཡིན་པ་སྟེ། དེ་དག་ནི་སྐྱེས་བུ ་དམ་པའི་ལས་རྣམས་མ་ཡིན་ནོ།། ཤ་རིའི་བུ་དགེ་སློང་ངམ། བྲམ་ཟེ་གང་ལ་ལ་དག་འདོད་པའི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་དེ་དག་ནི། ་བུད་མེད་ལ་ཀུན་ཏུ་རྟོག་ཅིང་། མིག་ལ་མཚན་མར་འཛིན་པར་བྱེད་དེ། བཻ་དཱུར་ལྟ་བུའི་འདུ་ཤེས་སུ་བྱེད་ལ། ཆུའི་དབུའ་བ་ལྟ་དུའི། ་འདུ་ཤེས་སུ་ནི་མི་བྱེད་དོ།། ཤ་རིའི་བུ་འདི་ལྟ་སྟེ་དཔེར་ན། བོང་མོ་འབྲངས་པ་དང་། ཕག་མོ་འབྲངས་པ་ནི་འབྲངས་པས་ལུས་སྟོངས་པར་འགྱུར་ཞིང་། ལུས་ལ་ཤམ ་རྩང་ག་བརྩོག་པ་བལྟ་བར་བྱ་བ་མ་ཡིན་པ་འབྱུང་ངོ་།། ཤ་རིའི་བུ་མིག་ཀྱང་དེ་དང་འདྲ་བར་བརྗོད་དོ།། འདི་ལྟ་སྟེ་དཔེར་ན། བོང་མེའི་ཤ་མ་འམ། ཕག་མོ་འམ། ་མི་མོ་ཤ་མ་དང་འདྲ་བར་མིག་ཀྱང་དེ་བཞིན་འདག་སྟེ། མིག་གི་འབྲས་བུའི་ནང་དེ་ན་ཆུའི་ཆུ་བུར་ལྟ་བུར་འདུག་གོ། དེ་ལྟར་མི་རྩ་དང་ར་བ་འབྱུང་ཞིང་དེ་ལྟར་མི་མཐུན་པ་སྟེ། ་རྣག་དང་ཁྲག་རབ་ཏུ་འཛག་ཅིང་མི་གཙང་བ་རབ་ཏུ་འཛག་གོ།། ཤ་རིའི་བུ་མི་རྩང་བརྣག་དང་ཁྲག་རབ་ཏུ་འཛག་ཅིང་། ཆུའི་སྙིང་པོ་འཛག་པའི་ལུས་ལ་ཆགས་པ་གང་ཡིན་པ་དེ་ལྟ་བུ ་ནི་མིག་ཅེས་བརྗོད་དོ།། ཤ་རིའི་བུ་འདི་ལ་རྒྱུ་གང་གིས་མིག་ཅེས་བྱ་བ་དེའི་རྒྱུ་ནི་གང་། རྐྱེན་ནི་གང་ཞེ་ན། དེ་ནི་ལུས་ཀྱི་གཙོ་བོ་ཡིན་ཏེ། གཟུགས་ལ་ལྟ་བས་ཐོག་མ་དང་། ་། དངུས་དང་མཐར་ངོམས་པ་མེད་ལ། ལུས་ཀྱི་མི་དགེ་བརྒྱམཚོ་སྙེད་དེ། རྒྱུ་དེས་ན་མིག་ཅེས་བྱའོ།། ཤ་རིའི་བུ་འདི་ལ་གང་གིས་ན་དེ་མིག་ཅེས་བྱ་བའི་རྒྱུནི་གང་། རྐྱེན་ནི་གང་ཞེ་ན། ་མི་མཐུན་པའི་ཕྱིར་རོ།། ཤཱ་རིའི་བུ་མིག་གི་མི་མཐུན་པ་དེ་གང་ཞེ་ན། གང་གཟུགས་མེད་པ་ལ། གཟུགས་སུ་འདུ་ཤེས་པ་དང་། ཚོར་བ་མེད་པ་ལ་ཚོར་བར་འདུ་ཤེས་པ་དང་། ་འདུ་ཤེས་མེད་པ་དང་། འདུ་བྱེད་རྣམས་མེད་པ་དང་། རྣམ་པར་ཤེས་པ་མེད་པ་ལ་རྣམ་པར་ཤེས་པར་འདུ་ཤེས་པའོ།། ཡང་འདི་ལ་རྒྱ་གང་གིས་དེ་མིག་ཅེས་བྱ་བའི་རྒྱུ་ནི་གང་། ་རྐྱེན་ནི་གང་ཞེ་ན། འདིས་དགེ་བ་སྤྱོད་པ་ཉམས་པར་བྱེད་དེ། རྒྱུ་དེས་ན་མིག་ཅེས་བྱའོ།། འདིས་དགེ་སློང་གི་དངོས་པོ་ལས་ཉམས་པར་བྱེད་པས་ན་མིག་ཅེས་བྱའོ།། ཤ་རིའི་བུ ་མིག་ནི་མི་རྟག་པ་མི་བརྟན་པ། ཐེར་ཟུག་པ་མ་ཡིན་པ་སྟེ། རྒྱུ་དེས་ན་མིག་ཅེས་བྱ་བར་ཤེས་པར་བྱའོ།། ཤ་རིའི་བུ་དགེ་སློང་མཁས་པ་མང་དུ་ཐོས་པ་མྱེད་པ་རྣམས་ཀྱིས་ནི། མིག ་བུད་མེད་མ་ཡིན། སྐྱེས་པ་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། བསོ་བ་མ་ཡིན། གང་ཟག་མ་ཡིན་པ་དང་། ཤ་རིའི་བུ་དེ་བཞིན་དུ་སྦྱར་ཏེ། རྣ་བ་དང་། སྣ་དང་། ་ལྕེ་དང་། ལུས་དང་། ཡིད་ནི་བུད་མེད་མ་ཡིན། སྐྱེས་པ་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། བསོ་བ་མ་ཡིན། གང་ཟག་མ་ཡིན་ཏེ། དེ་དག་ནི་ཕུང་པོ་ལྔ་ལ་བྱིན ་ཅི་ལོག་པ་ལས་བྱུང་བའོ།། ཤ་རིའི་བུ་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་འདོད་པ་རྣམས་ཀྱི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་དུ ་རབ་ཏུ་མི་ཤེས་པ་དེ་དག་ནི། འདོད་ཆགས་ཀྱིས་གདངས་པས་ཡོངས་སུ་གདུངས་པར་འགྱུར་ལ། ཁ་དོག་ངན་ཅིང་སྒྲ་སྐྱ་བོར་འགྱུར་རོ།། ཤ་རིའི་བུ་འདི་ལྟ་སྟེ་དཔེར་ན། ཤིང་ལྗོན ་པ་ཆེན་པོའི་ལོ་མ་འམ། ལྗོན་པའི་འབྲས་བུ་སྨིན་པ་འབྲལ་པའི་ཚེ་སྐྱེ་བོར་འགྱུར་རོ།། ཤ་རིའི་བུ་དེ་བཞིན་དུ་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ ་བསྙེན་མ་གང་དག་ཁ་ཅིག་འདོད་པ་རྣམས་ཀྱི་ཉེས་དམིགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པ་དེ་དག་ནི་འདོད་ཆགས་ཀྱིས་ཡོངས་སུ་གདད་པས་གདངས་པར་འགྱུར། ཁ ་དེག་ངན་པར་འགྱུར། བསམ་པ་མི་གསལ་བར་འགྱུར། ཁ་དོག་ངན་ཅིང་བལྟ་ན་མི་སྡུག་པར་འགྱུར་རོ།། ཤ་རིའི་བུ་དགེ་སློང་གང་དག་གསར་བུ་དེར་ལ་བབ་པ། གཞོན་ནུར་རབ་ཏུ ་བྱུང་ནས་རིང་པོར་མ་ལོན་པ་དེ་དག་ནི། འདོད་པ་རྣམས་དངོས་པོ་མེད་དོ་ཞེས་འདོད་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། འདོད་པའི་རྟོག་པ་སྐྱེས་ན་ཡང་མྱུར་བ་ཉིད་དུ ་རབ་ཏུ་ཞི་བར་བྱེད་དེ། དེ་དག་མི་དགེ་བ་ཡིན་པར་ཤེས་པར་ཡང་བྱེད་དོ།། ཤཱ་རིའི་བུ་དེ་ལྟར་ན་དགེ་སློང་དག་གིས་འདོད་པ་རྣམས་ཀྱི་ཉེས་དམིགས་མཐོང་ནས། འདོད་པ་དེ་དག་ལས་ཡིན ་འབྱུང་བར་བྱེད། འདོད་ཆགས་དང་བྲལ་བར་བྱེད་དེ། མངོན་པར་དགའ་ནས་ཚངས་པར་སྤྱད་པ་སྤྱོད་དེ། གཞིན་དང་འཕྲལ་བའི་མདངས་གསལ་བར་འགྱུར་རོ།། ཤ་རིའི་བུ་འདི་ལྟ་སྟེ ་དཔེར་ན། མི་ཞིག་གི་ལུས་ལ་ནད་ཀྱིས་ཐེབས་ལ་རྣག་སྨིན་ནས། དེའི་ཡན་ལག་དང་། ཉིན་ལག་ཐམས་ལྔ་རྨའི་ཁ་བརྒྱད་ཁྲི་བཞི་སྟོང་ཡོད་ལ་རྨའི་ཁ་རེ་རེ་ལ་ཡང་། སྲིན ་བུའི་ཚོགས་བརྒྱད་ཁྲི་བཞི་སྟོང་ཡོད་དེ། དེ་དག་མནུ་རྣོ་ཞིང་མཆུ་ཁ་གཉིས་ན་ཡོད་ལ། ཁ་ཟས་ཡོངས་སུ་ཟོས་པ་རྣམས་ཀྱིས་ཚིམ་པར་མི་འགྱུར་ཞིང་། འདེ་མ་དག་མ་སྤུངས་པའི ་དྲང་དུ་འདུག་ན། ཅི་ཙམ་ན་སྲོག་ཆགས་དེ་དག་མེས་གདུངས་པར་གྱུར་པ་དང་། དེ་ལ་ཕྱིར་ཞིང་ཟ་བར་བྱེད། ཡོངས་སུ་ཟ་བར་བྱེད་ན། ཤ་རིའི་བུ་དེ་ཇི་སྙམ་དུ་སེམས། ་མི་དེ་སྲོག་ཆགས་དེ་དག་གིས་ཟོས་པ་ཡིན་ནམ། འོན་ཏེ་མ་ཟོས། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤ་རིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་འདི་ཐོས་པ་ཉིད་ཀྱིས། ལུས་ཀྱི་སྤུ་ཟིང་ཞེས་བགྱིད་པར་འགྱུར་ན། མི་དེའི་མི་མཐུན་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བཅོམ་ལྡན་འདས ་མི་དེ་སྲོག་ཆགས་ཀྱི་རིགས་དེ་དག་གིས་འཚལ་ལགས་ཀྱིས། མ་འཇལ་བ་ནི་མ་ལགས་སོ།། དེ་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་གིས་ལུས་གཡའ་བར་བགྱིད་ཅིང་། འདི་ལྟར ་ཞི་བར་མི་བགྱིད་ལ། བདེ་བ་འཐོབ་པར་ཡང་མི་བགྱིད་པ་ལགས་སོ།། ཤ་རིའི་བུ་འདི་ཇི་སྙམ་དུ་སེམས། མི་དེའི་ལུས་རྣག་དང་ཁྲག ་འཛག་ཅིང་། དེ་ལྟ་བུར་གྱུར་པ་དེ་སྨད་པར་བྱ་བ་ཡིན་ནམ། གསོལ་པ། སྨད་པར་བགྱི་བ་ལགས། མི་མཐུན་པ་ལགས། བལྟ་བར་མི་འོངས་པ་ལགས་སོ།། བཀའ ་སྩལ་པ། ཤ་རིའི་བུ་དེ་བཞིན་དུ་དགེ་སློང་མཁས་པ་དག་ནི་འདི་ལ་སོ་སོ་ཡང་དག་པར་སློབ་སྟེ། བུད་མེད་ནི་འདི་ལྟར་བརྩོག་པ། འདི་ལྟར་དྲེ་ང་བ་འདི་ལྟར་མི་མཐུན་པ། འདི་ལྟར ་ལྟ་བར་མི་འོས་པའོ།། ཉོན་མོངས་པ་ཁོལ་བའི་བུད་མེད་དེ་དག་དང་བསྟེན་པར་བྱ་བ་མ་ཡིན་ཏེ། འདོད་པ་རྣམས་ནི་དྲི་ང་བའོ།། འདོད་པ་རྣམས་ནི་མི་མཐུན་པའོ།། འདོད་པ་རྣམས་ནི ་མི་རྩང་བའོ།། འདོད་པ་རྣམས་ནི་བལྟ་བར་མི་འོས་གའོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ་སྙམ་མོ།། ཤ་རིའི་བུ་སྐྱེས་པའི་ལུས་ལ་ཡོད་པ་ལྟ་བུ་མ་ཡིན་པ། བུད་མེད་ལ་ཆེས ་ལྷག་པའི་སྲིན་བུའི་ཚོགས་ལྔ་ཡོད་དེ། ཤ་རིའི་བུ་སྲིན་བུའི་ཚོགས་ལྔ་པོ་དེ་དག་ནི་བུད་མེད་ཀྱིས་གཅེ་བའི་ལམ་ལ་གནས་ཏེ། སྲིན་བུའི་ཚེགས་རེ་རེ་ལ་སྲིན་དུ་བཅུ་ཅུ་ཡོད་ལ། མཐུན ་ཞིང་མཆུ་ཁ་གཉིས་ན་ཡོད་དེ། དེ་དག་རྟག་ཏུ་རྒྱུན་མི་འཆད་པར་བུད་མེད་ཀྱི་ལུས་ལ་ཟའོ།། དེས་ན་ཉོན་མོངས་པ་དག་གིས་བུད་མེད་ལྷག་པར་གཡེམ་སྤྱོད་སྟེ། འདོད་པ་ཡོངས་སུ ་སྤྱད་པ་དག་གིས་ངོམས་མི་མྱོང་ངོ་།། ཤ་རིའི་བུ་དེ་ལྟར་ནས་འདོད་པ་རྣམས་ནི་ཉེས་དམིགས་ཡིན་པར་མཐོང་ན། དེ་དག་འདོད་པ་རྣམས་ལས་ཡིད་འབྱུང་བར་འགྱུར། འདོད་ཆགས་དང་བྲལ་བར། ་འགྱུར་ཏེ། མངོན་པར་དགའ་ནས། ཚངས་པར་སྤྱད་པ་སྤྱོད་ཅིང་། བཞིན་དང་བྲལ་བའི་མདངས་གསལ་བ་ཡིན་ནོ།། ཤ་རིའི་བུ་དེ་ནི་འདོད་པའི་ཕུང་པོ་ལས་བརྩམས་ནས་ཆོས་བསྟན་པ ་ཡིན་ཏེ། ཤ་རིའི་བུ་འདོད་པ་ཡོངས་སུ་སྤྲོད་པ་དག་ལ་ཡིད་འབྱུང་བར་བྱའོ།། ཤ་རིའི་བུ་ཀུན་ནས་ཉོན་མོངས་པ་ནི་རང་གིས་བྱས་པའོ།། ཤ་རིའི་བུ་རྣམ་པར་བྱང་བ་དང་། རྣམ་པར་ཞི ་བ་གང་ཞེ་ན། ཤ་རིའི་བུ་རྣམ་པར་བྱང་བ་དང་། རྣམ་པར་ཞི་བ་ནི་རང་གིས་བྱས་པའོ།། ཤ་རིའི་བུ་ཀུན་ནས་ཉོན་མོངས་པ་ནི་གང་། རང་གིས་བྱས་པ་ནི་གང་ཞེ་ན། ཆོས་སུ་འདུ་ཤེས ་པ་ལ་མངོན་པར་ཞེན་པ་གང་ཞེ་ན། འདི་ལྟ་སྟེ་སྐྱེ་བར་འདུ་ཤེས་པ་དང་། འགག་པར་འདུ་ཤེས་པ་དང་། བདག་ཡོད་པ་དང་མེད་པར་འདུ་ཤེས་པ་ལ་མངོན་པར་ཞེན་པ་ཡོད་དེ། དེ་ནི་དེ ་བཞིན་གཤེགས་པས་ཆོས་ཀྱི་ཕུང་པོ་ཞེས་བཀའ་སྩལ་ཏོ།། ཤ་རིའི་བུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་ལོང་བ་ཡིན་ཏེ། གཟུགས་ཀྱི་ཕུང་པོའོ་ཞེས་རློམ་སེམས་སུ་བྱེད། ཚེར་བ་དང་། ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཕུང་པོའི་ཞེས་རློམ་སེམས་སུ་བྱེད་དོ།། རློམས་སེམས་སུ་བྱེད་ན་འཆིང་ངོ་།། རློམས་སེམས་སུ་མི་བྱེད་ན་གྲོལ་ལོ། ་ཀྱིས་ཚེ་དང་ལྡན་པ་ཤ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་པཏོ།། ཤ་རིའི་བུ་ཁྱེ་རོ་དེ་འཁྱུད་པར་བྱེད་པ་འམ། སྐྱོད་པར་བྱེད་པ་འམ། མངོན་པར་དགའ ་བའི་མི་དེ་ལ་ནི། དེ་བཞིན་གཤེགས་པས་སྔགས་པར་མཛད་ཀྱི། གང་ཞིག་བུད་མེད་ཡུལ་གྱི་བཟང་མོན་ཆོད་ལོ་བཅུ་དྲག་དུ་མ་ལོན་པ་འམ། ལྷག་པ་ལྟ་བུ་གཟུགས་བཟང་བ། མཛེས་པ། ལྷན ་སྡུག་པ། ནུམ་རྒྱས་པས་མཛེས་པ། རྒྱན་གྱིས་བརྒྱན་པ། ཤིན་ཏུ་གཞོན་པ། རེག་པ་བདེ་བ། ནད་དང་བྲལ་བ་དེ་ལ་ཐ་ན་རྐང་པའི་མཐེ་བོས་རེག་པར་བྱེད་པའི་མི་དེ་ལ་ནི་དེ་བཞིན་གཤེགས ་པསྔགས་པ་མི་མཛད་དེ། ཤ་རིའི་བུ་ཡུལ་གྱི་བཟང་མོ་དེ་ལ། ཐ་ན་རྐང་པའི་འཐེ་བོས་རེག་པར་བྱེད་པའི་མི་གང་ཟག་དེ་ལྟ་བུ་དེ་ནི་ཤིན་ཏུ་སྨད་པར་བྱེ་བ་ཡིན་ཏོ། ཁྱི་རོ་དེ་དེ་ལ་མཁྱད་པར་བྱེད་པའོ། ་སྐྱོད་པར་བྱེད་པ་འམ། མངོན་པར་དགའ་བར་བྱེད་པ་དེ་ནི་དེ་ལྟ་བུ་མ་ཡིན་ནོ།། ཤ་རིའི་བུ་འདི་ཇི་སྙམ་དུ་སེམས། ཁྱི་རོ་ལ་མཁྱད་པ་འམ། རེག་པས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་མ། ་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཀའ་སྩལ་པ། ཤ་རིའི་བུ་དེ་ལྟར་དགེ་སློང་གི་འདོད་པ་རྣམས་ལ་ཉེས་དམིགས་ཀྱི་འདྲ་ཤེས་བསྐྱེད་པར་བྱའོ།། ཤ་རིའི་བུ་ཇི་ལྟར ་ནདགེ་སློང་གིས་ལུས་ལ་དམིགས་ཀྱི་འདུ་ཤེས་བསྐྱེད་པར་བྱ་ཞེ་ན། ཤ་རིའི་བུ་ལུས་འདི་ནི་གནོད་པ་མང་བའོ།། འཁྲུག་པ་མང་བའོ།། ཤ་རིའི་བུ་བུད་མེད་ཀྱི་ལུས་ལ་ནི་སྐྱེས་པ ་ལུས་ལ་ཡོད་པ་ལྟ་བུ་མ་ཡིན་པ་ཆེས་ལྷག་པའི་སྲིན་བུའི་ཚོགས་ཉི་ཤུ་རྩ་ལྔ་ཡོད་དེ། ཤ་རིའི་བུ་བུད་མེད་ཀྱི་མགོ་བོའི་ཀླད་པའི་ནང་ན། སྲིན་བུའི་ཚོགས་འཕྲོགས་བྱེད་ཅེས་བྱ་བ་དག་ཡོད ་དེ་དེ་དག་བུད་མེད་ཀྱི་ཀླད་པ་ལ་ཟ་བར་བྱེད་དོ།། ཤ་རིའི་བུ་བུད་མེད་ཀྱི་སྣའི་ནང་ན་སྲིན་བུའི་ཚོགས་ཁ་རྫོགས་ཞེས་བྱ་བ་དག་ཡོད་དེ། དེ་དག་བུད་མེད་ཀྱི་ཁ་སྤ་ལ་ཟ་སྟེ། དེ་ནས་བུད་མེད་ལ ་ཁ་སྤ་མི་སྐྱེའོ།། ཤ་རིའི་བུ་བུད་མེད་ཀྱི་རྣ་ཁུང་ན་སྲིན་བུའི་ཚོགས་ཟ་བར་བྱེད་པ་ཞེས་བྱ་བ་དག་ཡོད་དེ། དེ་དག་བུད་མེད་ཀྱི་རྣོ་བ་ལ་ཟ་ཞིང་བུད་མེད་ཀྱི་རྣ་བ་ལ་འབིགས་པར་བྱེད་དོ།། ཤ་རིའི་བུ་བུད་མེད ་ཀྱེ་འགྲོན་པའི་འཚམས་དང་། མགོ་བོའི་མཚམས་ན། སྲིན་བུའི་ཚོགས་ཞེན་བྱེད་ཅེས་བྱ་བ་ཡོད་དེ། དེ་དག་བུད་མེད་ཀྱི་རྣ་བ་ཟ་ཞིང་། བུད་མེད་ཀྱི་རྣ་བ་འབིགས་པར་བྱེད་ལ། མིག་ཀྱང་རློམས་པར ་བྱེད་དོ།། ཤ་རིའི་བུ་སྐྱེས་པའི་རྣ་བ་ལ་ན་མི་འབིགས་ཀྱི། བུད་མེད་ཀྱི་རྣ་བ་ལ་འབིགས་སོ།། ཤ་རིའི་བུ་བུད་མེད་ལ་སྲིན་བུའི་ཚོགས་ཨ་བ་རེ་བེན་ཞེས་བྱ་བ་དག་ཡོད་དོ།། དེ་དག་རྟག་ཏུ་རྒྱུན་མི ་ཆད་པར་བུད་མེད་ཀྱི་ཁ་ལ་ཟ་སྟེ། དེས་ན་བུད་མེད་མགུལ་མངའ་ཡིན་ཏེ། སྐྱེས་པ་ལ་ནི་དེ་ལྟ་བུ་མེད་དོ།། བཟའ་བ་དང་། བཅའ་བ་ཁར་བཅུག་མ་ཐག་ཏུ། ཐོག་མར་དེ་དག་ཟ་བར་བྱེད་དོ།། དེ་དག ་ཉལ་ཉི་ལ་བུད་མེད་ཀྱི་ན་མའི་དྲུང་དུ་འཇོག་སྟེ། དེས་ན་བུད་མེད་ཀྱི་ནུ་མ་འབྱུང་བ་ཡིན་ནོ།། གང་གི་ཚེ་བུད་མེད་སྦྲམ་མར་གྱུར་པའི་ཚེ། སྲིན་བུ་དེ་དག་ཀྱང་སྦྲུམ་པར་གྱུར་ཏེ། དེ་ན་བུད་མེད་ཀྱི་ནུ་ཞོ་མང་བ་ཡིན ་ནོ་ཤ་རིའི་བུ་བུད་མེད་ཀྱི་ལུས་ཀྱི་ནང་མངལ་གྱི་གནས་ཡོད་པའི་ཕྱོགས་དེ་ན། སྲིན་བུ་ཟ་བར་བྱེད་པ་དཔར་དཔའ་བ་ཞེས་བྱ་བ་དག་ཡོད་དེ། དེ་དག་སྲིན ་བུ་རབ་ཏུ་ལྡག་བྱེད་ཅེས་བྱ་བ་དེ་བསད་ནས་ཟའོ།། དེ་དག་སྲིན་བུ་རབ་ཏུ་ལྡག་བྱེད་དག་མ་སྙེད་ན་དེ་དག་ཀྱང་འཆིའོ།། སྲིན་བུའི་ཚོགས་དེ་དག་གཉེ་ག་ཤི་ནས་མེད་པ་དང་། ཕ་མ་འདས་པ་ལས ་མངལ་ཆགས་པར་འགྱུར་རོ།། ཤ་རིའི་བུ་བུད་མེད་ཀྱི་ལུས་ལ་ལུས་ཀྱི་ནང་། སྐྱེ་གནས་ཀྱི་སྒོ་ན། སྲིན་བུ་ཚོགས་བཞི་ཡོད་དེ། འདི་ལྟ་སྟེ། མཆུ་མཆོག་ཅེས་བྱ་བ་དང་། གང་བུ་སྦེད་ཅེས་བྱ་བ ་རླུང་འབྱིན་ཅེས་བྱ་བ་དང་། འདོད་ལེན་ཅེས་བྱ་བ་སྟེ། དེ་དག་རྟག་ཏུ་རྒྱུན་མི་ཆད་པར་བུད་ཀྱི་ལུས་ལ་ཟ་སྟེ། དེས་ན་བུད་མེད་ཉོན་མོངས་པ་རྣམས་ཀྱིས་ཤིན་ཏུ་འབར་བར་བྱ་སྟེ། འདོད་པ་ཡོངས་སུ ་སྤྱད་པས་མི་ངོམས་པ་ཡིན་ནོ།། དེ་ལྟ་བས་ན་དེ་བཞིན་གཤེགས་པས། བུད་མེད་ཀྱི་སྐྱོན་ཆེས་ལྷག་པ་དེ་དག་མཁྱེན་ནས། བསླབ་པའི་བཞི་ལྷག་པ་དག་བཅའ་བར་མཛད་དོ།། ཤཱ་རིའི་བུ་ཆོས་ཀྱི ་ཕུང་པོའི་ཆོས་ཀྱི་རྣམ་གྲངས་འདི་ཡང་དང་ཡང་དུ་འཁོར་བཞི་པོ་དག་ལ་སྟོན་ཅིག། དེ་ཅིའི་ཕྱིར་ཞེ་ན། འདོད་པ་རྣམས་ནི་སྨད་པར་བྱ་བ་ཡིན་པར་ཤེས་པར་འགྱུར། ལུས་ནི་སྨད་པར་བྱ་བ་ཡིན་པར ་ཤེས་པར་འགྱུར་བའི་ཕྱིར་རོ།། ཤ་རིའི་བུ་དེ་ལྟར་ལུས་འདི་བཅོས་མ་ཡིན་པར་ཤེས་ནས། བྱིས་པ་སེ་སོའི་སྐྱེ་བོ་ཐོས་པ་དང་ལྡན་པ་མ་རྟོགས་པར། སུ་ཞིག་འདོད་པ་རྣམས་ལ་རྟེན་པར་བྱེད་དེ། ་དེ་ནི་གནས་མེད་དོ།། ཤ་རིའི་བུ་དེ་ལྟ་བས་ན། ལུས་འདི་ལ་མངོན་པར་དགའ་བར་མི་བྱ། ལྷག་པར་ཆགས་པར་མི་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར ་གཤེགས་པས་དེ་སྐད་གསུངས་ནས། དེ་བཞིན་དུ་སྟོན་པས། གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། ལུས་ནི་མི་གཙང་ལས་བྱུང་སྟེ། རྟག་ཏུ་སྲོག་ཆགས་རྣམས་ཀྱང་གནས། གཅིན་དང་སྡུག ་པས་རབ་གང་ན། དེ་ལ་བྱིས་པ་རབ་ཏུ་ཆགས། དགེ་སློང་ཕ་དང་དགེ་སློང་མ།། དགེ་བསྙེན་པ་དང་དགེ་བསྙེན་མ།། འདི་ཐོས་ནས་ནི་འདོད་ཆགས་ལ།། འདོད་ཆགས་བྲལ་ནས་རྣམ་པར་གྲོལ།། ཆོས ་དང་ལྡན་པ་རྣམས་ལ་ནི།། ཉེས་པ་འདི་དག་ངས་མ་བསྟན།། གང་དག་འདོད་པ་ཡོངས་སྤྱོད་པ།། དེ་དག་ལ་ནི་སྐྱོན་རྣམས་བཤད།། སངས་རྒྱས་ཀྱིས་ནི་བསྟན་པ་བཞིན།། བུད་མེད་མཐོང་ན་སུ ་རྟོག་སྟེ།། ཡང་དག་བསྐལ་པ་ཤེས་ནས་སུ།། མཁས་པ་དེ་དག་རྟོག་མ་བྱེད།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ནས། ཚེ་དང་ལྡན་པ་ཤ་རིའི་བུ་དང་། ལྷ་དང་། མི་དང ་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ་རྒྱ་གར་གྱི་མཁན་པོ་བདྷ་བར་མ་དང་། གུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ནུས་ཏེ་གཏན་ལ་བབ་བོ།། དགེའོ།། ་