| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ།། ཨཱརྱ་ཨ་པ་ལོ་ཀ་ན་ན་མ་མ་ཧཱ་ཡ ་ན་སུ་ཧཱ། བོད་སྐད་དུ། འཕགས་པ་སྤུན་རས་གཟིགས་ཤེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་། ་བྱང་ཆུབ་སེམས་དཔའ་ཐམས་ཅལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གིས་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང ་པོ་དང་། ཐབས་གཅིག་ཏུ་བཞུགས་ཏེ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྣམས་པར་དག་པ་ལ་བཀའ ་བསྐུལ་བ། བློ་གྲོས་རྣམ་པར་དག་པ། ང་ཚུལ་ཁྲིམས་ཡོངས་སུ་དག་པས། དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ ་པར་དག་པ། ཏིང་ངེ་འཛིན་ཡོངས་སུ་དག་པ་དང་། བཟོད་པ་ཡོངས་སུ་དག་པ་དང་། ཕན་པའི་དངོས་པོ་ཡོངས་སུ་དག་པས། དེ་བཞིན ་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ་པར་དག་པ། བྱམས་པ་ཡོངས་སུ་དག་པས། དེ་བཞིན་གཤེགས་པ་ཡོངས ་སུ་དག་གོ།། བློ་གྲོ་རྣམ་པར་དག་པ། སྙིང་རྗེ་ཡོངས་སུ་དག་པས། ་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ་པར་དག་པ། དགའ་བ་ཡོངས་སུ་དག་པ་དང་། བཏང་སྙོམས་ཡོངས་སུ་དག ་པས། དེ་བཞིན་གཤེགས་པ་ཡོངས་སུ་དག་གོས།། བློ་གྲོས་རྣམ་པར་དག་པ། རྣམ་པར་གྲོལ་བ་ཡོངས་སུ་དག་པ་དང་། རྣམ ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡོངས་སུ་དག་པས། དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ་པར་དྲུག་པ། མི་འཇིག ་སུ་དགེ། འགྲོས་རྣམ་པར་དག་པ། ་པ་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་དག་པས། ་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ་པར་དག་པ་དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་དག་པ་ལ་སུ་ཞིག་མེ་ཏོག་དང་། ་འཕྲེང་བ་དང་། སྤོས་དང་།། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རོལ་མོའི་སྒྲ་དང་། བྱུག་པ ་རྣམས་ཀྱིས་སྟི་སྟང་བྱེད་པ་དེའི་བསོད་ནམས་ཀྱིས་ཕུང་པོའི་མཐའ་རྟོགས་པར་མི་ནུས་ཏེ། དེའི་མཐའ་ནི་ཐེག་པ་གསུམ་པོ་ལས། ་ཐེག་པ་གང་ཡང་རུང་བས་མྱ་ངན་ལས་འདའ་བའི་མཐའ་ཐུག་པ་མ་རྟོགས་པར། བསོད་ནམས་ཀྱི་ཕུང་པོ་དེ་བྱི་བའི་མཐར་ཡང་ཟད ་བར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པར་དག་པ་ཇི་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་ཀྱིས་ཆོས་ཐམས་ཅད་ཀྱིས ་ཆད་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཚད་མེད་དོ།། མཐའ་ཡས་སོ།། བསམ་གྱི་མི་ཁྱབ་བོ།། མཚུངས་པ ་མེད་དོ།། དཔག་ཏུ་མེད་དོ།། གྲངས་མེད་དོ།། དཔག་གིས་མི་ལང་ངོ་།། བརྗོད་དུ་མེད་དོ།། བློ་གྲོས་རྣམ་པར ་དག་པ་སུ་ཞིག་དེ་བཞིན་གཤེགས་པ་དེ་ལྟར་བཞུགས་ཏེ། འཚོ་ཞིང་བཞེས་པ་ལ་སྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར ་བྱེད་པ་དང་། མཆོད་པ་དང་། བརྗེད་པ་དང་། ཕྱི་མའི་ཚེ་ཕྱི་མིའི་དུས་ལྔ་བརྒྱ་ཐ་མ་ལ་སུ་ཞིག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས ་འདས་པའི་རིང་སྲེལ་ཡུང་འབྲུ་ཙམ་ལ་སྟི་སྣང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། བརྗེད་པ་དང་། ཡང་དག ་པར་སེམས་ཉེ་བར་བཞགས་སྟེ། བྱང་ཆུབ་བཞོལ་བའི་སེམས་བསྐྱེད་པས་འཚལ་བ་དང་། ཕྱག ་བྱེད་པ་དང་། སྟི་སྡང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། བརྗེད་པ་དང་། གསོལ་པ་དང་། སྔགས་པ ་དང་། བསྐོར་བ་བྱེད་པ་དེས་པ་ཡོན་ལྔ་ཡོངས་སུ་བཟུང་བར་འགྱུར་ཏེ། ལྔ་གང་ཞེ་ན། དྲན་པ་དང་ལྡན་པར་འགྱུར་བ་དང་། རྟོགས་པ་དང ་ལྡན་པར་འགྱུར་བ་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་ལྡན་པར་འགྱུར་བ་དང་། མྱུར་དུ་སངས་རྒྱས་བཅོམ་ལྡན་འདས་མཐོང་བར་འགྱུར་བ་དང་། ་མཐོང་ནས་ཀྱང་དད་པ་བསྐྱེད་པར་འགྱུར་བ་སྟེ།། ཕན་ཡོན་ལྔ་པོ་དེ་དག་ཡོངས་སུ་བཟུང་བར་འགྱུར་རོ།། ། དེ་ཆོས་བཞི་དང་ལྡན་པར་འགྱུར ་ཏེ། བཞི་གང་ཞེ་ན། དེ་བཞིན་གཤེགས་པའི་བསྟན་པ་འཛིན་པ་དང་། དེ་ཡང་ཇི་སྐད་བསྟན་པ་བཞིན་དུ་སྒྲུབ་པ་དང་། བསྒྲུབས ་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་འགྱུར་བ་དང་། མྱུར་དུ་སངས་རྒྱས་ཀྱིས་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་བ་ཏེ། ཆོས ་བཞི་པོ་དེ་དག་གོ།། བློ་གྲོས་རྣམ་པར་དག་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། བདུད་དང་། བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་མི ་རྫི་བར་འགྱུར་ཏེ། བཞི་གང་ཞེ་ན། རིགས་མཐོའ་ཞིང་རིགས་ཆེ་བ་དང་། བཅས་མ་ཐག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཡིད་ལ་བྱེད་པ་དང་། ་ཕྱི་མའི་དེས་ན་དམ་པའི་ཆོས་འཛིན་པ་དང་། རྟག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས ་བརླབས་པར་འགྱུར་བ་སྟེ། བློ་གྲོས་རྣམ་པར་དག་པ། བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དངལྡན་ན་བདུད་དམ་བདུད་གྱི ་རིས་གྱིས་ལྷའི་བུ་རྣམས་ཀྱིས་མི་རྫི་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་བསྩལ་ཏོ། སྲོག་ཆག ་ཀུན་ལ་ཕན་པའི་ཕྱིར། བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། འཇིག་རྟེན་མགོན་གྱིས་མཆོད་ལྱཱ། སུ་ཞིག་བསྐོར་བ་བྱེད་པ་ནི། ཆེ་རབས ་དག་ནི་ཐམས་ཅད་དུ། བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། དྲན་དང་ལྡན་ཞིང་བློ་གྲོས་ལྡན། བསོད་ནམས་ལྡན་ཞིང་འཇིགས་མེད་འགྱུར། ་མཆོད་རྟེན་བསྐོར་བ་བྱས་ན་ནི། ཚེ་རབས་དག་ནི་ཐམས་ཅད་དུ། ལྷ་དང་ཀླུ་དང་གནོད་སྦྱིན་དང་། སྲིན་པོ་རྣམས་ཀྱིས་མཆོད་པར་འགྱུར། ་ངས་ནི་གང་དག་བསྟན་པའི། མི་ཁོམས་བརྒྱད་པོ་དེ་དག་སྤོངས། སངས་རྒྱས་འབྱུང་བ་རབ་མཛེས་པ། མཉེས་པར་བྱེད་འདི་དལ་བ་གཅིག། ་མདོག་ལྡན་གཟུགས་ནི་ཕུན་སུམ་ཚོགས།། མཚན་གྱིས་ལེགས་པར ་བརྒྱན་པ་དང་།། མཐུ་དང་སྟོབས་དང་ལྡན་པར་འགྱུར།། ལོ་ལོ་ཅན་དུ་དེ་མི་འགྱུར།། དེ་ནི་ཕྱག་ཅིང་ནོར་ཆེར་འགྱུར།། བསོད་ནམས་ལྡན་ཞིང ་རྫི་བ་མེད།། འཇིག་རྟེན་སྒྲོན་མ་མཉེན་བྱས་ནས།། ཡང་དང་ཡང་དུ་སྡི་སྟེ་བྱེད།། བདག་མེད་སྟོང་པའི་ཆོས་ཐོས་ནས།། དེ་ནི་ཆོས་ལ་རྨོངས ་མི་འགྱུར།། མྱུར་དུ་དད་པ་ཐོབ་འགྱུར་ཞིང་།། ཆོས་དོན་ཇི་བཞིན་མཁས་པར་འགྱུར།། ཚོང་དཔོན་ཁྱིམ་དང་རྒྱས་པ་དང་།། ཕྱག་པོ ་རྣམས་སུ་སྐྱེ་བར་འགྱུར།། དཔའ་ཞིང་སྦྱིན་པའི་བདག་པོར་འགྱུར།། བཏོང་བ་བཏང་ཞིང་སེར་སྣ་མེད།། འཛམ་བུ་གླིང་ན་གང་ཡང ་རུང་། ཁྱེད་པར་ཅན་གྱི་རིགས་མཛེས་པ།། དེང་ནི་རྟེན་པ་དེ་བསྐྱེ་སྟེ།། དམའ་བ་དག་ནི་རྣམ་པར་སྤངས།། མཆོད་རྟེན་བསྐོར་བ་བྱེད་ན་ནི།། ་སྐྱེ་བ་ཐམས་ཅད་ཀུན་དུ་ཡང་།། དབང་ཆེར་གྲགས་པའི་ཁྱིམ་བདག་དང་།། དཔལ་དང་གཟི་རྗིད་གཟི་ལྡན་འགྱུར།། བྲམ་ཟེ་ས་ལ་ཆེ་འདྲ་དང་། ་ཚུལ་ཁྲིམས་ལྡན་ཞིང་མིང་མཐོས་དང་།། རྒྱལ་རིགས་ས་ལ་ཆེ་འདྲ་དང་།། ཕྱུག་ཅིང་ནོར་ཆེན་ལྡན་པར་འགྱུར།། རིས་སྐོར་རྒྱ་མཚོ་ཚུན་ཆད་ཀྱི།། ་ས་ཀུན་ལ་ནི་གང་སྨོན་པ།། གླིང་བཞི་དག་གི་དབང་ཕྱུག་བླ།། རྒྱལ་པོ་ཆོས་དང་ལྡན་པར་འགྱུར།། འཁོར་ལོས་སྒྱུར་བ་རྫུ་འཕྲུལ་ཆེ།། རིན་ཆེན ་བདུན་དང་ལྡན་པར་འགྱུར།། རྒྱལ་སྲིད་གནས་ནས་སངས་རྒྱས་ལ།། ཡང་དང་ཡང་དུ་སྟི་སྡང་བྱེད།། འདི་ནས་ཤི་འཕོས་བློ་རིས་སུ།། སོང ་ནས་སངས་རྒྱས་བསྟན་ལ་དང་།། ལྷུན་པོའི་ཟོམ་ཀྱི་དབང་ཕྱུག་གོ།། ལྷའི་དབང་པོ་རྒྱ་བྱིན་འགྱུར།། ལྷ་དབང་ཤིང་ཏུ་འཐབ་བྲལ་དང་།། དེ ་བཞིན་དུ་ནི་དགའ་ལྡན་དང་།། ལྷ་དབང་ཤིན་ཏུ་འཕྲུལ་དགའ་དང་།། དབང་བསྒྱུར་འཇིགས་པ་མེད་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས ་ན་ནི།། དེ་ནི་ཚངས་པའི་འཇིགས་རྟེན་དུ།། ཚངས་པའི་དབང་ཕྱུག་མཁས་འགྱུར་ཞིང་།། ལྷ་རྣམས་བྱེ་བས་མཆོད་པར་འགྱུར།། འཇིག་རྟེན ་མགོན་གྱི་མཆོད་རྟེན་ལ།། མི་གང་བསྐོར་བ་བྱེད་པ་ཡི།། སྔགས་པ་བསྐལ་པ་བྱེ་བར་ཡང་།། བརྗོད་པས་ཟ་བར་བྱེད་མི་ནུས།། སུ་ཞིག་བྱང་ཆུབ ་སེམས་བསྐྱེད་ནས།། སྟོན་པའི་མཆོད་རྟེན་ཕྱག་འཚལ་བ།། དེ་ནི་བསྐལ་བྱེ་བར་ཡང་།། ནམ་ཡང་ལོང་ཞིང་ཐོང་མི་འགྱུར།། འཇིག་རྟེན ་མགོན་གྱི་མཆོད་རྟེན་ལ།། མངོན་ཏུ་བསྐོར་བ་བྱེད་པ་ནི།། བུང་བ་སྔོན་པོ་མཛེས་འདྲ་ཡི།། རྣམ་པར་དག་པའི་མིག་ཐོབ་འགྱུར།། མཆོད་རྟེན ་བསྐོར་བ་བྱས་ན་ནི།། དེ་ནི་ངེས་པར་རྟག་ཏུ་ཡང་།། འཐུན་པའི་དོན་ཀུན་ཐོབ་འགྱུར་ཞིང་།། དོན་མིན་རྣམས ་ནི་སྤང་བར་འགྱུར།། མཆོད་རྟེན་བསྐོར་བ་བྱས་ན་ནི།། མཐུ་དང་སྟོབས་དང་ལྡན་པར་འགྱུར།། དེ་ནི་ལེ་ལོ་མེད་འགྱུར་ཞིང་།། རྟག་ཏུ ་བག་ཡོད་ལྡན་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་ན་ནི།། བརྩོན་འགྲུས་བསྟན་ཞིང་འཐུ་བསྟན་ལ།། བརྟན་ཞིང་རྣམ་པར་གནོན་བསྟན་དང་།། ་དེ་ནི་མྱུར་དུ་མཁས་པར་འགྱུར།། མེ་དང་དུག་དང་མཚོན་གྱིས་ནི།། ནམ་ཡང་འཆི་དུས་བྱེད་མི་འགྱུར།། མཁས་པ་ཚེ་ནི་རྫོགས་རྫོགས་སུ། ཁྲད ་པར་བྱས་ནས་འཆི་དུས་བྱེད།། མཆོད་རྟེན་བསྐོར་བ་བྱས་ན་ནི།། ཕོ་བྲང་འཁོར་དང་ཡུལ་འཁོར་དང་།། གྲོང་རྡལ་རྣམས་སུ་ལོངས་སྤྱོད་དང་།། གཟུགས ་ཀྱིས་ཁྱད་པར་འཕགས་འགྱུར་ལ།། བྱང་ཆུབ་སྤྱད་པ་སྤྱོད་པའི་ཆེ།། དེ་ནི་འདོད་པ་མི་རྟེན་ཅིང་།། ལུས་ཀྱང་གཙང་ལ་གོས་གཙང ་ཞིང་།། གཙང་མའི་ཆོས་ལ་གནས་པར་འགྱུར།། བློ་གྲོས་རྣམ་པར་དག་པ།། བྱང་ཆུབ་སེམས་དཔའི་ཐེགས་པ་ལ་ཡང་དག་པར་ཞུགས་པ ་གང་གིས་དེ་བཞིན་གཤེགས་པའི་མཆོད་རྟེན་མཐོང་ནས། དད་པ་བསྐྱེད་དེ། པུས་མོ་གཉིས་ཀའི་ལྷ་ངས་ལ་གཅུགས་ནས་ཕྱག་འཚལ་ཞིང་། དེ་བཞིན ་གཤེགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་པ་དེ། ཅི་འདྲ་བར་བདག་གི་ལུས་ཀྱང་དེ་དང་འདྲ་བར་འགྱུར་བ་ཅིག་ཅེས ་དེ་ལ་མོས་པ་སྐྱེས་ན། བློ་གྲོས་རྣམ་པར་དག་པ་བསོད་ནམས་ཀྱི་ཕུང་པོ་དེའི་མཐའ་བརྗོད་པར་མི་ནུས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ལ་གནས་པའི་ཕྱིར་རོ།། བསོད་ནམས་ཀྱི་ཕུང་པོ་དེ་ནི་རྒྱལ་པོ་ཞིང་དམ། རྒྱ་བྱིན་ཉིད་དམ། ཚངས་པ་ཉིད་དམ། རང་སངས་རྒྱས་ཉིད་དམ།། ཡང ་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཐེག་པ་བླ་ན་མེད་པས་ཀྱང་ཟད་པར་བྱ་བར་མི་ནུས་སོ།། ། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པར་དག་པ་རིགས་ཀྱི་བུ་དེའི ་བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བཟུང་བའི་ཕྱིར་ཏེ། བློ་གྲོས་རྣམ་པར་དག་པ་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་བླ ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་གྲོང་ཁྱེར་རམ། ཙུག་ལག་ཁང་ངམ། གྲོང་དུ་འཇུག་ཀྱང་རུང་། འགྲེང ་ཡང་རུང་། འདུག་ཀྱང་རུང་། ཆོས་སྟོན་ཀྱང་རུང་། སྟོང་གསུམ་ཀྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན།། སེམས་ཅན་ལྷ་འམ། ཀླུ་འམ། ་གནོད་སྦྱིན་ནམ། དྲི་ཟ་འམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། མི་འམ་ཅིའམ། ལྷོ་ཕྱེ་ཆེན་པོ་འམ། མིའམ་མི་མ་ཡིན་པ་འམ། ་སེམས་ཅན་གྱི་གྲངས་སུ་མ་རྟོགས་པ་ཤིང་ངམ་རི་འམ། ཁུང་བུའམ། བུ་ག་འམ། བྱ་སྐྱིབས་ཀྱང ་རུང་སྟེ། དེ་བཞིན་གཤེགས་པ་ག་ལ་བ་དེ་ལོགས་སུ་འདུད་པ་དང་། རབ་ཏུ་འདུད་པ་དང་། ཀུན་དུ་འདུད་པ་མི་བྱེད་པ། དེ་གང་ཡང་མེད་དེ། ཇི་ལྟར་དེ ་བཞིན་གཤེགས་པ་དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པ་ལ་བྱེད་པ་དེ་བཞིན་དུ། རིགས་ཀྱི་བུ་དེ་དག་གྲོང་ངམ། གྲོང་ཁྱེར་རམ། གྲོལ་རྡལ་ལམ། ་ཡུལ་འཁོར་རམ། ཕོ་བྲང་འཁོར་ན་རྒྱུ་བ་ལ། སེམས་ཅན་རྣམས་འདུད་རབ་ཏུ་འདུད་ཀུན་དུ་རབ་ཏུ་འདུད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི ་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཧོ།། འཇིག་རྟེན་སངས་རྒྱས་ཇི་ལྟར་འགྱུར་ཞེས་མསོ་བསྐྱེད་དེ། སངས་རྒྱས་མཆོད་ལ་ནི་པུས་མོ་གཉིས་འཛུགས ་དང་། སུ་ཞིག་བྱང་ཆུབ་བཞོལ་ནས་ཕྱོགས་རྣམས་ཀུན་འགྲོ་བ། དེ་འགྲོ་ཆེ་ན་འཇིག་རྟེན་གསུམ་པོ་འདུད་པ་བྱེད།། མི་རྣམས་གཙོ་བོ་རང་གང་དུ ་འགྲོ་བྱེད་པ། དེ་ལོགས་སུ་ནི་རྩ་དང་ཤིང་དང་། སྡོང་ལྕུག་དང་། སྨན་དང་། ཤིང་ལོ་རྣམས་དང་འབྲས་བུ་འདབ་མ་དང་། ཡིད་འོངས ་དྲི་ལྡན་མེ་ཏོག་རྣམས་ནི་འདུད་པར་འགྱུར། བཅོམ་ལྡན་མཆོད་རྟེན་རྣམས་ལ་པུས་མོ་བཙུགས་པ་ནི།། དེ་ལ་མིའི་དབང་པོ་རྣམས་ཀྱང་འདུད་པར ་འགྱུར། གནོད་སྦྱིན་དབང་དང་ཀུ་དང་ལྷའི་རྒྱལ་པོ་དང་། ཚངས་པའི་དབང་པོ་ཐམས་ཅད་རྐང་པར་འདད་པར་བྱེད། བཅོམ་ལྡན་མཆོད་རྟེན ་རྣམས་ལ་པུས་ཅུགས་ཕྱག་བྱས་ན། དཔའ་ཞིང་སྟོབས་དང་ལྡན་པའི་འཁོར་ལོས་བསྒྱུར་བར་འགྱུར། གསེར་གྱི་མདོག་ལྡན་མཚན་རྣམས་ཀྱིས ་ནི་གོ་ཆར་འགྱུར།། མཐུ་ཆེན་བླ་མར་བྱ་ཞིང་ཡིད་དུ་འོང་བར་འགྱུར།། དེའི་ཡུལ་ན་སེམས་ཅན་གང་གནས་གྱུར་པ།། དེ་དག་ཐམས་ཅད་བྱམས་པའི་སེམས ་དང་དཀའ་བར་འགྱུར།། དེ་ལ་སེམས་ཅན་གང་ཡང་སྡིག་པ་མི་སྐྱེད་སྟེ། སྐྱེ་བོ་ཚོགས་ཆེན་འགའ་ཞིང་ཡིད་དུ་འོང་བར་འགྱུར།། བཅོམ་ལྡན་མཆོད་རྟེན་དག ་ལ་བུས་གཙུགས་ཕྱག་འཚལ་བ།། དེ་ལ་འཇིག་རྟེན་ཀུན་གྱི་རྒྱལ་པོ་རབ་ཏུ་འདུད།། ལྷ་དང་ཀླུ་དང་མི་དང་ལྷོ་འཕྱེ་ཆེན་པོ་རབ་ཏུ་འདུད། བསྐལ་བ་མཐའ ་ཡས་རྣམས་སུ་དབུགས་ཕྱིན་ཐོབ་པར་འགྱུར།། བཅོམ་ལྡན་མཆོད་རྟེན་དག་ལ་པུས་གཅུགས་ཕྱག་འཚལ་བ། གང་ཆེ་རྒྱལ་བ་དམ་པ་བྱུང་བར་གྱུར ་བའི་ཚེ།། དེ་བཞིན་གཤེགས་པ་རྣམས་དང་ཉེ་བར་གྱུར་པ་ཐོབ།། འདྲེན་པ་གཞལ་ཡས་རྣམས་ལ་མཆོད་པ་བྱེད་པར་འགྱུར།། འཇིག་རྟེན་སངས་རྒྱས ་གྱུར་ཅེས་མོས་པ་བསྐྱེད་ནས་ནི།། བཅོམ་ལྡན་མཆོད་རྟེན་རྣམས་ལ་པུས་གཅུགས་ཐལ་སྦྱར་བ།། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་གྲངས་ཟད ་འགྱུར་ན།། དེ་ནི་རིང་པོར་མི་ཐོགས་བྱང་ཆུབ་མཚུངས་མེད་ཐོབ།། གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག ་བརྒྱ་སྟོང་ལ།། བསྐལ་པ་བྱེ་བ་གཞལ་ཡས་སྟི་སྟང་བྱེད་པ་བས།། གང་ཞིག་འཆི་དུས་མི་བཟད་བསྐལ་པ་འདི་ལ་ནི།། མཆོད་རྟེན་ཕྱག་འཚལ་དེའི ་བསོད་ནམས་ཆེ་མང་པོ།། ། སངས་རྒྱས་དམ་པ་སྦྱིན་གནས་མཚུངས་པ་མེད་གྱུར་པ།། སྤྱོད་པ་དམ་པ་སྤྱད་ནས་ཁྱད་པར་བསྙེས་གྱུར་པ།། ་མིའི་ཁྱུ་མཆོག་དེ་ལ་མང་རི་ནི་མཆོད་བྱས་ན།། རྣམ་པར་སྨིན་པ་དམ་པ་མཚུངས་མེད་རང་བཞིན་འགྱུར།། བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོས་ཏེ།། མེ ་ཏོག་ཕྲེང་བ་བྱས་ནས་སུ།། མཆོད་རྟེན་དག་ལ་སུ་འབུལ་བ།། དེ་ནི་ནམ་ཀྱང་འཕོང་མི་འགྱུར།། མིའི་ནང་ནས་ཤི་འཕོས་ནས།། སུམ་བཅུ་རྩ་གསུ ་འགྲོ་བར་འགྱུར།། དེར་ནི་རིན་ཆེན་སྣ་ཚོགས་ཀྱི།། གཞལ་མེད་ཁང་པ་ཐོབ་པར་འགྱུར།། མཆོད་རྟེན་ཕྲེང་བ་འདིར་འབུལ་ན།། ཁང་བཟངས ་དག་དང་ཁང་རྩེགས་པ།། ལྷའི་བུ་མོས་བསྟེན་པ་རྣམས།། སུམ་བཅུ་རྩ་གསུམ་དུ་སྤྱོད་པར་འགྱུར།། ཡན་ལག་བརྒྱད་ལ་ཆུས་གང་ཞིང་། ་གསེར་གྱི་བྱེ་མ་བརྡལ་གྱུར་པ།། བཻ་དཱུརྱ་དང་ཤེལ་དག་གི།། ལྷའི་རྫིང་བུ་ཐོབ་པར་འགྱུར།། དེ་ནི་ལྷའི་དགའ་སྤྱད་ནས།། མཁས ་བ་ཆེ་ཆད་རྫོགས་པར་འགྱུར། ལྷའི་ཇིག་རྟེན་ཤི་འཕོས་ནས།། མི་ནང་ལོང་སྤྱོད་ལྡན་པར་འགྱུར།། དགེ་བའི་རྩེ་བ་དེ་ཉིད་ཀྱིས།། མཁས ་བ་བག་ཡོད་གྱུར་ནས་ནི།། དེ་བཞིན་གཤེགས་པ་མཉེས་བྱས་ཏེ།། རྐང་གཉིས་མཆོག་ལ་མཆོད་པ་བྱེད།། མཆོད་རྟེན་ཕྲེང་བ་འབུལ་བྱེད་པ།། ། ་དེ་ནི་འདོད་ཆགས་མི་འཕྲོགས་ཞིང་།། ཞེ་སྡང་གིས་ཀྱང་འཕྲོགས་མི་འགྱུར།། དེ་ནི་ནམ་ཀྱང་རྨོངས་མི་འགྱུར།། རྐང་གཉིས་མཆོག་ལ་མཆོད ་བྱས་ན།། དེ་ནི་ཚེ་རབས་ཐམས་ཅད་དུ།། ཆགས་པ་མེད་ཅིང་ཞེ་སྡང་མེད།། སྐམ་པ་མེད་ཅིང་དབང་པོ་སྔ་མས།། མཆོད་རྟེན་ཕྲེང་བ་འབུལ་བྱེད ་པ།། ཚེ་རབས་བྱེ་བ་སྟོང་རྣམས་དང་། ཁྲག་ཁྲིག་དག་ནི་བརྒྱ་བགྲངས་པ།། ཀུན་ཏུ་བཀུར་སྟི་བྱས་པར་འགྱུར།། མཆོད་རྟེན་ཕྲེང་བ་འབུལ་བྱེད་པ། ་དེ་ནི་འཁོར་ལོས་སྒྱུར་བར་འགྱུར།། རྒྱ་བྱིན་ལྷའི་དབང་ཕྱུག་འགྱུར།། ཚངས་པའི་འཇིག་རྟེན་ཚངས་པར་འགྱུར།། འཇིག་རྟེན་མགོན་པོ་སྐྱོབས་པ་ལ། ་དར་གྱི་འབུལ་བ་ཕུལ་བྱས་ནས།། ལྷའི་ངག་དང་མི་རྣམས་ཀྱི།། དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར།། དམའ་བའི་རིགས་ནི་རྣམས་སྤང་སྟེ།། ་དེར་ནི་དེ་སྐྱེ་འགྱུར་མ་ཡིན།། ཕྱུག་ཅིང་ནོར་ཆེན་ལྡན་པ་དང་།། འཇིག་རྟེན་དབང་ཕྱུག་དེར་འགྱུར་རོ།། དེ་བཞིན་གཤེགས་ལ་མཆོད་བྱས་ནས། ་གཟུགས་དང་དོན་དང་ལོངས་སྤྱོད་དང་། ཁ་དོག་དང་ནི་འབྱོར་པ་དང་།། ཀུན་ཏུ་དྲགས་ལྡན་པར་འགྱུར། ་དེ་ནི་ཚེ་རབས་དྲན་འགྱུར་ཞིང་།། འདོད་ཆགས་ཀྱིས་ཀྱང་འབྲོགས་མི་འགྱུར།། འདོད་པ་རྣམས་ཀྱི་སྐྱོན་ཤེས་ཤིང་།། ཚངས་པར་སྤྱད་པ ་སྤོད་པར་འགྱུར།། དེ་བཞིན་གཤེགས་པ་མཆོད་བྱས་ན།། གཟུགས་རྣམས་དང་ནི་སྒྲ་དག་དང་།། རོ་རྣམས་གྱིས་ཀྱང་མི་ཚུགས་ཤིང་།། སྡིག ་བའི་ལས་ནི་བྱེད་མི་འགྱུར།། རྣམ་པར་འདྲེན་པ་མཆོད་བྱེད་ན།། དེ་ནི་སྤོས་དང་མེ་ཏོག་གིས།། ནམས་ཀྱང་ཕོངས་པར་མི་འགྱུར་ཞིང་།། དྲན ་ལྡན་ཤེས་རབ་ལྡན་པར་འགྱུར།། དེ་བཞིན་གཤེགས་ལ་སུ་མཆོད་པ།། དེའི་ནོར་ཀྱིས་ཕུང་པོ་ལ།། རྒྱལ་པོ་དང་ནི་ཆོམ་རྐུན་དང་།། མེ་དང་ཆུས ་ཀྱང་རིགས་མི་འགྱུར།། འཇིག་རྟེན་མགོན་པོའི་མཆོད་རྟེན་ལ།། དར་གྱི་དབུལ་སུ་འབུལ་བ།། དེ་ནི་སྐོམ་དང་མྱ་ངན་དང་།། ནད་བུ་ཅན་དུ ་གཞར་མི་འགྱུར།། འཇིག་རྟེན་སྒྲོན་མ་མཆོག་བྱེད་པ།། ཚེ་རབས་དག་ནི་ཐམས་ཅད་དུ།། མྱ་ངན་མེད་ཅིང་གནོད་མེད་དང་།། འཁོར་ལོས་བསྒྱུར ་བ་འབྱོར་ཆེན་འགྱུར།། འདྲེན་པ་མཆོད་པ་བྱས་ན་ནི།། རྐང་པ་ལག་པ་མཉེན་འགྱུར་ཞིང་།། ཡན་ལག་རྣམ་པར་དག་འགྱུར་ལ།། གཟུགས ་དང་ཁ་དོག་ལྡན་པར་འགྱུར།། སྡིག་པའི་ལས་ནི་རྣམ་སྤངས་ཏེ།། བྱང་ཆུབ་སྤྱད་པ་སྤྱོད་པར་བྱེད།། གང་དག་འཇིག་རྟེན་རབ་བསྐོར་བ། ་རྐང་གཉིས་མཆོག་རྣམས་མཐོང་བར་འགྱུར།། བསྐལ་པ་བྱེ་བ་སྟོང་རྣམས་དང་།། ཁྲག་ཁྲིག་དག་ནི་བརྒྱ་བགྲངས་པར།། མཆོད་ཅིང་བདེ་ལ་ཤེས ་རབ་ལྡན།། བྱང་ཆུབ་དམ་པ་འཚང་ཡང་རྒྱ།། འཇིག་རྟེན་མགོན་པོ་སྐྱོབ་པ་ལ།། འཕྲིང་པའི་ཁང་པ་བྱས་ན་ནི།། དེ་ནི་གཡོག་འཁོར་མི་ཕྱེད་ཅིང་།། ་རྒྱལ་པོ་འབྱོར་པ་ཆེན་པོར་འགྱུར།། འཕགས་པ་རྣམས་ཀྱིས་གང་སྤངས་པ།། སྡིག་པའི་ལས་ནི་སྤོང་བར་བྱེད།། རྫོགས་སངས་རྒྱས་ཀྱིས་བཤད ་པ་ཡི།། དགེ་བའི་ལས་ལ་རྟེན་པར་བྱེད།། ལྷ་འམ་འོན་ཏེ་ཀླུ་རྣམས་སམ།། འཇིག་རྟེན་དག་ན་གང་མཁས་པ།། དེ་དག་དགའ་ཞིང་མགུ་བ་དང་།། ་སྟི་སྟང་བྱས་ཤིང་མངགས་པར་འགྱུར།། བསྟེན་པ་དེ་ནི་གར་སྐྱེས་པ།། བསོད་ནམས་གཟི་བརྗིད་ཤིན་ཏུ་བརྗིད།། ཡུལ་འཁོར་དག་དང་གྲོང་ཁྱེར་དང་། ་རིགས་དེར་སྟི་སྟང་བྱེད་པར་འགྱུར།། སངས་རྒྱས་གཞན་གྱིས་མི་ཐུབ་པ།། རྐང་གཉིས་མཆོག་ལ་སུ་མཆོད་པ།། དེ་དག་མཐུ་སྟོབས་ཆེ་བ་དང་།། གཡོག ་འཁོར་ཆེན་པོས་མཛེས་པར་འགྱུར།། བྱང་ཆུབ་ཏུ་ནི་སེམས་བསྔོས་ཏེ།། ཕྲེང་བའི་གཙུག་ལགས་ཁང་བྱས་ནས།། སངས་རྒྱས་རྣམས་ཀྱིས་གང ་བསྔགས་པའི།། འབྱོར་པ་དག་ནི་དེས་ཐོབ་པོ།། དེ་ནི་འཐེང་དང་ཞར་བ་དང་།། སྨད་དང་མ་རུངས་མི་འགྱུར་ནས། ་གང་དང་གང་དུ་སྐྱེས་པར་ཡང་།། མཚན་རྣམས་ཀྱིས་ནི་བརྒྱན་པར་འགྱུར།། སེམས་ཅན་དབུལ་པོ་རྣམས་མཐོང་ན།། དེ་ནི་ནོར་གྱི་བསྡད་པར་བྱེད། ་དེ་ནི་ནོར་དང་ལྡན་འགྱུར་ཞིང་།། དེ་ནི་བྱང་ཆུབ་སྤྱད་པ་སྤྱོད།། བློ་གྲོས་ཆེན་པོས་ས་འདི་ཀུན།། ཡོངས་སུ་བཏང་བ་བྱས་ནས་ཀྱང་།། དམན་པའི་སེམས ་སུ་མི་འགྱུར་ཞིང་།། དེ་ནི་ནམ་ཀྱང་ཕོངས་མི་འགྱུར།། གང་དག་བྱང་ཆུབ་མངོན་ཞུགས་པ།། དེ་དག་བུ་དང་བུ་མོ་དག། ཆུང་མ་དགེས་ཞིང་བཟང་མོ ་དག། བཏང་ནས་མྱ་ངན་བྱེད་མི་འགྱུར།། དེ་ནི་སྔོན་དུ་འགྲོ་འགྱུར་ཞིང་།། བཀྲི་བ་མེད་ལ་མཐོང་ན་དགའ།། ཕྲག་དོག་དང་ནི་ང་རྒྱལ་གྱིས་ནམས་ཀྱང་དེ ་ལ་གནོད་མི་འགྱུར།། གང་དག་བྱང་ཆུབ་མངོན་བཞུགས་པ།། དེ་དག་ཕྲག་དོག་མེད་ཅིང་དེས།། བསོད་པའི་ཕ་རོལ་ཕྱིན་པར་འགྱུར།། ཕན་པ་འདོད་ཅིང ་ཡོན་ཏན་ལྡན།། གང་དག་བྱང་ཆུབ་མངོན་བཞུགས་པ།། འཇིག་རྟེན་གསུམ་ན་དེ་རིན་ཆེ།། དེ་དག་འབྱུང་བ་ཤིན་དུ་དཀོན།། སྨད་པ་མེད་པའི་སྦྱིན ་གནས་འགྱུར།། ས་འདི་དག་ནི་རིམས་ཀྱིས་སུ།། བགྲངས་པར་བྱ་ཞིང་དཔག་པར་ནུས།། དེ་དག་རྣམས་ཀྱི་ཡོན་ཏན་མཐའ།། ཚིག་གིས་བསྟན་པར ་མི་ནུས་སོ།། སེམས་ཅན་དག་ནི་ཐམས་ཅད་ཀྱིས།། དུས་གསུམ་སེམས་ནི་ཤེས་པར་ནུས།། དེ་དག་རྣམས་ཀྱི་ཡོན་ཏན་མཐའ།། ཚིག་གིས་བསྟན་པར ་མི་ནུསོ།། རྒྱ་མཚོ་ཆེན་པོ་བཞི་པོ་དག། སྐྲ་ནི་བྱེ་བ་སྟོང་གཤེགས་པའི།། སྐྲ་ཡིས་ཟད་པར་བྱ་བར་ནུས།། དེ་དག་ཡོན་ཏན་ཟད་མི་ནུས།། ས་རྣམས་ཐམས ་ཅད་ཕྱེད་བརླགས་པ།། རབ་ཏུ་ཕྲ་རྡུལ་ཤེས་པར་ནུས།། སངས་རྒྱས་སྲས་པོ་དེ་དག་གིས།། ཡོན་ཏན་མཐའ་བརྗོད་དེ་ལྟ་མིན། ཆུ་ཀླུང་ཐམས་ཅད་རབ ་འབབ་པ།། རྒྱུན་ལས་བཟློག་སྟེ་འགྲོ་ཡང་སྲིད།། སངས་རྒྱས་སྲས་པོ་དེ་དག་གི།། ཡོན་ཏན་མཐའ་བརྗོད་དེ་ལྷ་མིན།། སེམས་ཅན་དག་ནི་ཐམས ་ཅད་ཀྱི།། སྔོན་གྱི་ལུས་རྣམས་ཇི་སྙེད་པ།། བགྲང་བར་བྱ་ཞིང་དཔག་པར་ནུས།། དེ་དག་ཡོན་ཏན་ཟད་མི་འགྱུར།། སྔོན་གྱི་ལུས་རྣམས་ཐམས་ཅད་ལ།། ་སྤུ་ཕྲེང་ཇི་སྙེད་ཡོད་པ་རྣམས།། བགྲང་བར་བྱ་ཞིང་དཔག་པར་ནུས།། དེ་དག་ཡོན་ཏན་ཟད་མི་འགྱུར།། འགྲེ་བ་ལྔ་པོར་འཁོར་བ་ཡི།། སེམས་ཅན ་ཀུན་གྱི་སྤུ་རྣམས་ནི།། བགྲང་བར་བྱ་ཞིང་དཔག་པར་ནུས།། དེ་དག་ཡོན་ཏན་ཟད་མི་འགྱུར།། ས་འདི་ཇི་སྙེད་ཐམས་ཅད་པ།། ཆུའི་ཕུང་པོར་གནས་གྱུར ་ཀྱང་།། དེ་ནི་འགྲང་ཞིང་དཔག་པར་ནུས།། དེ་དག་ཡོན་ཏན་བརྗོད་མི་ནུས།། པར་མེ་མཛད་ནས་ཟུང་ནས་ནི།། མ་འོངས་བསྐལ་པ་ཇི་སྙེད་པར། ་དེའི་བར་དུ་ཤིང་ལྗོན་རྣམས།། ཇི་སྙེད་མ་འོངས་འབྱུང་འགྱུར་བ།། དེ་དག་འབྲས་བུ་མེ་ཏོག་རྣམས།། དེ་དག ་ཟད་བ་ཤེས་པར་ནུས།། བསྐལ་པ་བྱེ་བ་སྟོང་རྣམས་དང་། ཁྲག་ཁྲིག་དག་ནི་བརྒྱ་བགྲང་བར།། བརྩོན་པ་ཞིག་གིས་དེ་དག་གིས།། སྔགས ་འབྲེང་ཡིད་དུ་འོངས་བརྗོད་ཀྱང་།། སངས་རྒྱས་སྲས་པོ་དེ་དག་གིས།། ཡོན་ཏན་མཐའ་ནི་བརྗོད་མི་ནུས།། སངས་རྒྱས་སྲས་པོ་དེ་དག་ལ། ་མི་གང་མི་དགའ་བྱེད་པ་དེ།། ལྷ་དང་མི་ནི་སྤངས་ནས་སུ།། དེ་དག་དམྱལ་བ་སྤྱོད་ཡུལ་འགྱུར།། བྱང་ཆུབ་སེམས་དཔའ་རྣམས་ལ་ནི།། ་མི་གང་ལ་ལ་གནོད་བྱེད་པ།། མིག་མེད་པའམ་ལོང་བ་དང་། སྡུག་བསྔལ་དཔུང་གཉེན་མེད་པར་འགྱུར།། ཤི་འཕོས་ནས་ནི་དམྱལ་བར་འགྱུར།། ་དེ་ནི་འབར་ཞིང་འཇིགས་སྐྲག་འགྱུར།། ལུས་ནི་ཆེན་པོར་གྱུར་ནས་ཀྱང་།། སྡུག་བསྔལ་ཚོར་བ་མྱོང་བར་འགྱུར།། ཚེ་རབས་དེ་དང་དེ་དག་ཏུ།། དེ ་ལུས་དཔག་ཚད་ཙམ་གྱུར་ཏེ།། དེ་དག་ཟུམ་ལྟར་ཟླུམ་གྱུར་ལ།། ཀུན་ནས་ཡོངས་སུ་བཟའ་བར་འགྱུར།། དེ་ཚེ་ལུས་ལ་མགོ་བ་ནི།། ལྔ་སྟོད་བླར ་འབྱུང་འགྱུར་ཞིང་།། མགོ་བོ་དེ་དག་རེ་རེ་ལའང་།། ལྕེ་ནི་ལྔ་བརྒྱ་ཐམས་པ་ཡོད། གཅིག་ལའང་ཐོང་ཤོལ་བརྒྱ་དག་གིས།། ལྕེ་ནི་རབ་ཏུ་རྨོ་བར་འགྱུར། ་ཚེདང ་སྡིག་པའི་ལས་ཀྱི་རྣམ་སྨིན་གྱི།། མི་བཟད་ཆེན་པོར་གཤེགས་པར་འགྱུར།། མནར་མེད་དེ་ནས་ཤི་འཕོས་ནས།། དེ་ཡི་ཚེ་རབས་དང་། བློ ་གྲོས་བླ་ཚོར་བ་མྱོང་།། དེ་སྔོན་ཞེས་བྱས་འབྲས་བུ་ཡིན།། བྱང་ཆུབ་སེམས་དཔའ་རྣམས་ལ་ནི།། མ་བསྡམས་གང་ཞིག་གནོད་བྱེད་པ། དེ་ལ་དུད ་འགྲོའི་སྐྱེ་གནས་དང་།། དམྱལ་བའི་ས་ནི་དཀོན་མ་ཡིན།། ཚེ་རབས་བྱེ་བ་སྟོང་རྣམས་དང་། ཁྲག་ཁྲིག་དག་ནི་བརྒྱ་བགྲང་བར།། སྡུག་བསྔལ་ཚོར་བ ་མྱོང་འགྱུར་ཞིང་།། དེ་ནི་བཟང་པོ་རྣམས་མི་མཐོང་།། སངས་རྒྱས་སྲས་པོ་སྐྱོབས་རྣམས་ལ།། གནོད་པ་དག་ནི་བྱས་གྱུར་ན།། ཨ་ལ་གར་རྟ་འཇིག ་བ་ཡིས།། ཤིན་ཏུ་གདུག་པའི་སྦྲུལ་དུ་སྐྱེ།། དེ་ནི་བཀྲེས་དང་སྐོམ་པས་ཞེ་ན།། སྡིག་པའི་ལས་རྣམས་བྱེད་པར་འགྱུར།། དེ་ནི་ཟས་ཀྱང་མི་རྙེད་དེ། ་ནམཱ་ཀྱང་བགྲང་བར་མི་མྱོང་།། ཤི་འཕོས་གཤིན་རྗེའི་འཇིག་རྟེན་དུ།། དེ་ནི་རྟག་པར་རྟུན་དུ་བརྡུང་།། དགེ་སློང་དག་ལ་གནོད་བྱས་པས།། ནམ་ཀྱང ་སྐབས་ནི་རྙེད་མི་འགྱུར།། དེ་ནས་ཤི་འཕོས་དུས་བྱས་ཏེ།། མིའི་ལུས་ནི་ཐོབ་གྱུར་ན།། བློ་ངན་དེ་ནི་དམུ་ལོང་འགྱུར།། གནོད་སེམས་ལྡན་ཞིང་སྡོམ་པ། ་མེད།། དེ་ནི་ཞེས་པར་སྨྲས་བྱས་ཏེ།། འཕགས་པ་རྣམས་ལ་བསྐུར་བཏབས་པས།། མི་ནང་ནས་ཤི་འཕོས་ནས།། ངན་སོང་དག་ཏུ་མྱུར་དུ་འགྲོ།། བྱང་ཆུབ ་སེམས་དཔའ་རྣམས་ལ་ནི།། མ་བསྡམས་གང་ཞིག་གནོད་བྱེད་པ།། བསྐལ་པ་བྱེ་བ་སྟོང་དག་ཏུ།། ནམས་ཀྱང་སངས་རྒྱས་མཐོང་མི།། ་འགྱུར།། རྫོགས་སངས་རྒྱས་ཀྱི་སྲས་རྣམས་ལ།། གང་ཞིག་ཆོས་བཞིན་བསྲུང་བྱེད་པ།། དེ་ནི་ངན་འགྲོ་ཀུན་སྤངས་ཏེ།། མྱུར་དུ་བཟང་འགྲོ་འགྲོ་བར ་འགྱུར།། ཕྱུག་ཅིང་ནོར་ཆེན་ལྡན་པ་དང་།། སྟོབས་དང་ལྡན་ཞིང་འཇིགས་པ་མེད།། དྲན་དང་ལྡན་ཞིང་ཤེས་རབ་ལྡན།། བདེ་ཞིང་ངོ་ཚ་ཁྲེལ་ལས་ལྡན།། གང ་དུ་འཇིག་རྟེན་རྣམས་ཀྱི་སྒྲོན།། ཡོངསུ་མྱ་ངན་འདས་གྱུར་པ།། སངས་རྒྱས་མཆོད་རྟེན་མཐོང་ནས་ནི།། ཡང་དང་ཡང་དུ་སྟི་སྟང་བྱེད།། རྫོགསངས ་རྒྱས་ཀྱིས་གསུངས་པ་ཡི།། འདི་འདྲིའ་ཆོས་འདི་ཐོས་གྱུར་ནས།། སངས་རྒྱས་སྲས་པོ་རྣམས་ལ་ནི།། སུ་ཞིག་ཕྱི་ཕྱིར་དད་མི་བྱེད།། གང་གི་སངས ་རྒྱས་སྟོང་རྣམ་དང་།། བརྒྱ་དང་བྱེ་བ་བགྲང་དག་ལ།། བསྐལ་པ་གང་གི་བྱེ་མ་སྙེད།། དེ་སྙེད་བསྐལ་པར་བསྐུར་བ་བས།། འཇིག་རྟེན་མགོན་གྱིས་གསུངས ་པ་ཡི།། དམ་ཆོས་འཇིག་ཆེ་གང་ཞིག་གིས།། ཉིན་དང་མཚན་དུ་འཛིན་བྱེད་པ།། དེ་ནི་བསོད་ནམས་ཁྱད་པར་འཕགས།། ཆོས་འཇིག་དུས་ནས་ཆོས་འཛིན ་བ།། སྔོན་གྱི་སངས་རྒྱས་ཐམས་ཅད་དང་།། སངས་རྒྱས་ཡེ་ཤེས་རབ་གནས་པ།། ང་ལ་དེ་ནི་མཆོད་པ་བྱས།། དམ་པའི་ཆོས་ནི་འཇིག་པའི་ཆེ། སྟོན་པའི ་བསྟན་པ་བསྲུང་བྱེད་པ།། བསྐལ་པ་བྱེ་བ་སྟོང་རྣམས་སུ།། དེ་ནི་ནམས་ཀྱང་རྒུད་མི་འགྱུར།། ལུས་ཀྱིས་བདེ་མྱོང་འགྱུར་ཞིང་།། དེ་ནི་ནད་ཀྱིས་བཏབ ་མི་འགྱུར།། དེ་ནི་མྱི་འོངས་པས།། ནམས་ཀྱང་འཕྲོག་པར་མི་འགྱུར་རོ།། སྟོན་པའི་བསྟན་པ་བསྲུངས་བྱས་ནས།། བཟོད་པ་ཕུན་སུམ་ཚོགས་པ ་དང་།། ངས་དང་གསོལ་དང་གཉེན་པ་དང་།། སེམས་ཅན་རྣམས་ལ་བྱམས་སེམས་ལྡན།། འཇིག་ཆེ་རྒྱལ་བ་མཆོག་གི་ཆོས་གཟུང་བས།། ་བདེ་དང་དགའ་ཐོབ་མཛོད་ནི་མང་པོར་འགྱུར།། སྔོན་གྱི་རིམ་གྲོ་བྱ་བ་ཐོབ་འགྱུར་ཞིང་།། མི་ཁོམས་བརྒྱད་པོ་མ་ལུས་ཟད་པར་སྤོང་།། འཇིག་ཆེ ་རྒྱལ་བ་མཆོག་གི་ཆོས་བཟུང་བས།། དཔེར་ན་ན་མཁའ་སྐར་མས་ཡོངས་གང་ལྟར།། རྟག་ཏུ་མཚོན་གྱིས་གོ་ཆར་བས་པ་དང་།། རབ་ཏུ་ཚིག་སྙན ་ཡིད་འོངས་དབྱངས་ལྡན་འགྱུར།། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས།། གང་ན་ཡིད་བདེ་མེད་ཅིང་རབ་བསྡད་པ།། རིགས་དམན་དེ་ནི ་དེ་ཡིད་སྤངས་པར་འགྱུར།། ཕྱུག་ཅིང་ཤིན་ཏུ་བདེ་ལ་ལོངས་སྤྱོད་ལྡན།། འཇིག་ཆེ་རྒྱལ་བ་མཆོག་གི་ཆོས་བཟུང་བས།། མཐུ་དང་སྟོབས་དང་ལྡན ་ཞིང་བརྩོན་འགྲུས་ལྡན།། མདམནས་རྣམས་ཀུན་ཏུ་རྣམ་པར་རྒྱུ།། སངས་རྒྱསུ་སྟོང་དག་ལ་བསྙེན་བཀུར་བྱེད།། འཇིག་ཆེ་རྒྱལ་བ་མཆོག་གི་ཚེས ་བཟུངས་པས།། མཆོག་ཏུ་རབ་མཛེས་གཟུགས་ཤེས་རབ་ལྡན།། མིའི་འཇིག་མཆོག་ཏུ་བསྙེན་བཀུར་འགྱུར།། ་རྒྱལ་པོ་མཁས་པ་འཛངས་པ་རྣམས་ཀྱིས་སྔགས།། འཇིག་ཆེ་རྒྱལ་བ་མཆོག་གི་ཆོས་བཟུངས་པས།། མཆོག་ཏུ་གཟུགས་མཛེས་ལྷ་ན ་སྡུག་པ་དང་།། སྐྱེས་བུ་བུད་མེད་ལྷ་རྣམས་དགའ་བ་དང་།། བདེ་ཞིང་མཁས་ལ་བསྔགས་ཤེས་རབ་ལྡན།། སྟོན་པ་སྟོབས་བཅུ་མངའ་བ ་ལྷའི་ལྷས།། གང་གི་མདུན་དུ་མདོ་འདི་རབ་བཤད་པ།། མི་དེའི་ལག་ཏུ་མདོ་སྡེ་འདི་འདྲ་འདི།། ཕྱི་མིའི་དུས་ཀྱི་ཚེ་ན་ཐོབ་པར་འགྱུར།། ་གང་ཞིག་སྟོན་པ་མི་མཆོག་གཟུགས་བྱེད་པ།། རས་འདྲི་རྩིག་ངོས་འདྲི་འམ་གསེར་ལས་བྱས།། དེའི་ཆོས་ཀྱི་ཁྱད་པར་གང་ཡིན་པ།། དེ་དག ་མ་ལུས་རབ་ཏུ་བསྟན་གྱིས་ཉོན།། དེ་ནི་ལྷ་མི་ལོངས་པར་ཞར་མི་འགྱུར།། རྒར་པོར་མི་འགྱུར་ཡན་ལག་མི་སྡུག་མིན།། དེ་ནི་གཟུགས་དང་ལྡན་ཞིང ་ཁ་དོག་ལྡན།། སུམ་རྩ་གཉིས་མཚན་གྱིས་གོ་ཆར་འགྱུར།། ལུས་ནི་རྣམ་པར་དག་ཅིང་ཁྱད་པར་ཐོབ།། སྤོབས་པ་ཐོབ་ཅིང་སྒྲ་སྨན་ཡིད་དུ་འོང་། ཤེས ་བཞིན་ལྡན་ཞིང་འཇིག་རྟེན་ཀུན་གྱི་གཙོ།། དེ་མཐོང་སེམས་ཅན་བདེ་ཞིང་དགའ་བར་འགྱུར།། སྡིག་བྱེད་མི་འགྱུར་ཞེ་སྡང་མེད་སེམ་ལྡན།། གཡོ་མེད་མི ་རྐུན་རྒྱལ་པོ་འཁྲུག་མི་བྱེད།། མཐུ་དང་ལྡན་ཞིང་དབང་ཆེར་དྲགས་པར་འགྱུར།། བྱམས་ལ་གནས་ཤིང་མི་དམན་སེམས་དང་ལྡན།། འདྲེན་པ་སྐྲ ་གཟུགས་རབ་ཏུ་མཛེས་བྱས་ན།། དེ་ནི་མཆོག་འགྱུར་སྐྱེ་བོ་མང་མཆོད་འོས།། བློ་ལྡན་ཕྱག་ཅིང་ཆེ་ཉིད་རྒྱ་ཆེར་ལྡན།། དབང་ལྡན་འཁོར་ལོས་བསྒྱུར་བའི་རྒྱལ ་བོར་འགྱུར།། འདྲེན་པི་སྐྲ་གཟུག་རབུ་མཛེས་བྱས་ན།། ལྷོའི་དབང་པོ་དབང་ཕྱུག་གདབང་ཐོབ་པ།། ལྷུན་པོའི་ཟོམ་ན་དབང་ཐོབ་བརྒྱ་བྱིན་འགྱུར།། བདག་པོ ་ལྷན་པོ་ཟོམས་ན་རྒྱལ་སྲིད་སྟོན།། དེ་ནི་དྲན་དང་བློ་གྲོས་མི་ལྡན་མིན།། དེ་ནི་རྟོགས་མོས་ཤེས་རབ་ཚང་བར་འགྱུར།། འཇིག་རྟེན་ཀུན་ན་དབུག་ཕྱིན་ཐོབ་འགྱུར ་ཏེ།། འདི་ནི་ཡེ་ཤེས་ལྡན་ཞིང་དམྱལ་བ་སྤངས།། སེམས་ཅན་སྙིང་པོ་མཚུངས་མེད་ཆོས་བྱས་ནས།། དད་འགྲོའི་སྐྱེ་གནས་གཤིན་རྗེའི་ཡུལ་མི་འགྲོ།། ངན་འགྲོ། ་གསུཔ་དག་ནི་སྤངས་ཏེ།། བདག་དེར་ཕྱིས་མི་སྐྱེ་བར་ཤེས་པར་འགྱུར།། འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན།། དབང་ལྡན་དབང་ཕྱུག་ཉིད་ཀྱི ་ལྷར་འགྱུར་ཏེ།། མི་དམན་འབྲུའི་སེམས་ཀྱིས་སངས་རྒྱས་མཆོད།། རྒྱལ་པོའི་མཆོག་གིས་བསྟན་ལ་དད་པར་འགྱུར།། ཚངས་པའི་འཇིག་རྟེན ་དབང་ཐོང་ཚངས་པར་འགྱུར།། ཡིད་ཡོངས་ཤིན་ཏུ་མཛེས་པའི་སྤོད་དང་ཅན།། འཛམ་བུའི་གླིང་གསེར་འོད་བྱེད་དགར་འགྱུར་བའི།། གཞལ་མེད ་ཁང་མཆོག་ལྷ་སྡུག་ཐོབ་པར་འགྱུར།། དེ་ནི་དེད་དཔོན་སྟོབས་བཅུ་ལྡན་པའོ།། སེམས་ཅན་སྙིང་པོ་མཚུངས ་འདྲ་མེད་པ་ཐོབ།། ཁ་དོག་མཐའ་ཡས་འཇིག་རྟེན་ཀུན་ན་གསལ།། གསེར་སྦྱངས་རིན་ཆེན་བཻ་དཱུརྱ་དང་མཚུངས།། སུ་ཞིག་དགའ་བའི་ཡིད ་ཀྱིས་མེ་ཏོག་བླངས།། དད་སྐྱེས་འཇིག་རྟེན་མགོན་ལ་ཆར་དུ་གཏོར།། དེ་ནི་མིའི་འཇིག་རྟེན་བསོད་ནམས་ལྡན།། རྒྱལ་སྲིད་གནས་ནས་རྒྱལ་བ ་མཆོག་བཀུར་འགྱུར།། མྱ་ངན་སྐྱེ་མས་ཤིང་ཐ་བ་དྲིར་ལྡན་ལུས།། ཡན་ལག་ལེག་གནས་མཚུང་མེད་ཐོབ་པར་འགྱུར།། སྐྱེ་བོ་མང་པོས་ལྟ་བའི་འོས ་ཡིན་ཏེ།། དམྱལ་བ་དགྲ་རྩ་འདོད་པ་སྤོང་བར་འགྱུར།། སྤྱད་པ་རྣམ་པར་སྤྱོད་ཆེ་འདོད་པ་ལ།། ངན་སྐྱུགས་ཁུང་ལྷར་སྨད་པར་ཤེས་པར་འགྱུར།། ཚངས ་སྤྱོད་དགེ་བ་ཁྱད་པར་འཕགས་ལ་སྤྱོད།། དགའ་བའི་སེམས་ཀྱིས་རྟག་ཏུ་སྤྱོད་པར་འགྱུར།། བསྐལ་པ་མཐའ་ཡས་མང་དུ་དེ་ཁོ་ནས།། རབ་མཛེས་ཨུད་པ ་ལ་གསུང་འབྱུང་བར་འགྱུར།། དེའི་ལུས་ནི་གསེར་གྱི་མདོག་འདྲ་ཞིང་།། ཅན་དན་ལྟ་བུར་དྲི་ཞིང་དད་ཀྱང་འབྱུང་།། སྤྱད་པ་རྣམ་པར་སྤྱོད་ཆེ་ཁྲོ་བ་དང་།། ཐ་བ ་དྲི་སྐྱོ་གཏི་མུག་གནོད་མི་བྱེད།། དམན་པ་མེད་པའི་སེམས་ཀྱིས་དབུགས་ཕྱིན་རྙེད།། བག་ཡོད་ལྷའི་ནང་ན་རྒྱལ་པོ་ཐོབ།། 5། གང་ཚེ་རྒྱལ་བ་མྱ ་ངན་འདས་པ་ལ།། དེ་ནི་གུས་པས་དེ་དག་ཆོས་ཀྱང་འཛིན།། མི་དམན་དགའ་བའི་སེམས་ཀྱིས་སྦྱིན་པ་སྦྱིན།། བཅོམ་ལྡམྱ་ངན་འདས་པའི་རིང་སྲེལ ་མཆོད།། རྒྱལ་བ་མཆོག་གི་བསྟན་པ་འཇིག་དུས་ཆེ།། རབ་ཏུ་དགའ་བས་སྟོན་པའི་ཆོས་ཚུལ་འཛིན།། དེས་ནི་ཆོས་མཆོག་མཛེས་པ་དེ་སྤང་པས། ་གནོད་པས་མཆི་བའི་དུས་བྱད་གཞར་མི་འགྱུར་རོ།། གལ་ཏེ་སེམས་ཅན་ཐམས་ཅད་སངས་རྒྱས་ཤིང་།། ཉོན་མོངས་མེད་པ་གསེར་མདོག་སྟོབས ་བཅུར་གྱུར།། དེ་དག་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ།། རྒྱལ་བ་མཆོག་ལ་མཆོད་པའི་བསྔགས་བརྗོད་ནུས།། འཇིག་རྟེན་ཀུན་ཏུ་སྡིག་པའི་ལས་སྤང ་ཏེ། དགའ་བའི་སེམས་ཀྱིས་མཆོག་གི་ལས་བྱས་ཤིང་།། རླབས་ཆེན་སྤོང་ཆེ་དོན་ནི་ལེགས་བྱས་ནས།། འཇིག་རྟེན་མཐུ་ཆེན་རྫོགས་པའི་སངས་རྒྱས ་འགྱུར།། གང་གིས་སྤོས་ཆུ་ཡུང་འབྲུ་ཙམ་བླང་སྟེ།། བཅོམ་ལྡན་མཆོད་རྟེན་རྣམས་ལ་བདུག་བྱེད་པ།། དེའི་ཕན་ཡོན་བརྗོད་ཀྱིས་སེམས་དང་ཞིང་།། ་རྡུལ་དང་དྲི་མ་སྤོས་ལ་མཉན་པར་གྱིས།། དེ་ནི་བསོད་ནམས་ལྡན་ཞིང་ཕྱོགས་ཀུན་རྒྱུ།། ནད་མེད་གྱུར་ཅིང་བློ་བསྟན་བག་ཡོད་ལ།། སྤྱད་པ་རྣམ ་བར་སྤྱོད་ཆེ་མྱ་ངན་འདུལ།། སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་།། རྒྱལ་པོ་ཐོབ་ནས་རྒྱལ་བ་མཆོག་བཀུར་འགྱུར།། མཐུ་ཆེན་རབ་མཁས་འཁོར་ལོས ་སྦྱར་འགྱུར་ཏེ།། གསེར་གྱི་མཆོག་ལྡན་མཚན་གྱི་གོ་ཆ་ཅན།། འཇིག་རྟེན་ཀུན་ན་ཡིད་འོངས་དྲི་ལྡན་ཐོབ། ་དེ་ལ་ཡོད་མི་བདེ་དང་སྡུག་བསྔལ་མེད། སྤྱད་པ་སྤྱོད་ཚེ་ལོངས་སྤྱོད་ཉམས་མི་འགྱུར།། ཕྱུག་ཅིང་ནོར་ལྡན་མཛོད་ནི་རབ་ཏུ་མང་།། མྱ་ངན་མེད ་གྱུར་འཇིག་རྟེན་ཀུན་དུ་རྒྱུ།། སྐྱེ་བོ་མང་པོ་ལྷགས་ཏེ་དེ་ལ་དྲི།། རྒྱལ་བ་མཆོག་གི་བསྟན་པ་ཁྱད་འཕགས་ཆོས།། ཚིག་རབ་བརྗོད་ཅིང་ཐེ་ཚོམ ་སེལ་བར་བྱེད།། ཆོས་ཐོས་ཡིད་བདེ་སླར་ཡང་སྨྲ་བར་བྱེད།། སྡིག་པའི་ལས་མེད་བློ་རྒྱ་ཆེ་དང་ལྡན།། རྒྱལ་བས་གསུངས་པའི་ཆོས་མཆོག་ཁྱད ་འཕགས་པ།། དགའ་བར་འགྱུར་ལ་རྟག་ཏུ་མཁས་བྱས་ཏེ།། མིག་ཀྱང་སྦྱོང་ལ་ཞིང་མན་སེལ་བར་བྱེད།། འདོད་ཆགས་མི་ཆེ་ཞེ་སྡང་ཆེ་མ་ཡིན།། ་མིའི་འཇིག་རྟེན་གཏི་མུག་ཆེ་མ་ཡིན།། དེ་ནི་ཚངས་སྤྱོད་དགའ་བ་མཆོག་འདི་སྤྱོད།། མིའི་དོན་ནི་དཔག་ཏུ་མེད་པ་བྱེད།། བཅོམ་ལྡན་མཆོད་རྟེན་རྣམས ་ལ་སྤོས་འདུགས་ན།། དེ་ལ་གནོད་པར་སེམས་པ་སུ་ཡང་མེད།། དེ་ནི་ནམས་ཀྱང་ལོངས་ཉམས་མི་འགྱུར།། ལྟ་བར་འོས་ཤིང་ནོར་ཆེན་ལྡན་པར ་འགྱུར།། བསྐལ་པ་བྱེ་བ་ཁྲིག་ཁྲིག་བརྒྱ་རྣམས་སུ།། སེམས་ནི་རྣམ་དག་སྡིག་པ་རྣམ་དག་ཅིང་།། ཞི་ཞིང་རང་ཞི་འི་དུལ་ལྡན་གྱུར་ནས། ་དམན་སེམས་ཀྱིས་བྱང་ཆུབ་མཚུངས་མེད་ཐོབ།། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་མཐའ་ཡས།། མྱ་ངན་མེད་བདེ་ཞིབ་མཆོག་བཀོད་ཅིང་།། འཁོར ་ལོ་མཚུངས་མེད་འཇིག་རྟེན་ཀུན་བསྐོར་ནས།། ཕྱི་ནས་ཉོན་མོངས་རྡུལ་མེད་མྱ་ངན་འདས།། སུ་ཞིག་དགའ་མགུ་སེམས་ཀྱི་གོས་ཀྱིས་ནི།། བཅོམ ་ལྡན་མཆོ་དེ་རྣམས་ལ་མཆོད་བྱས་པ།། དེ་ནི་གོས་མཛེས་བྱེ་བ་སྟོང་རྣམས་དང་། ཁྲག་ཁྲིག་བརྒྱ་གྲངས་མཐའ་ཡས་རྟག་ཏུ་རྙེད།། བཅོམ་ལྡན་མཆོད ་རྟེན་གོས་ཀྱིས་བཀྲིས་བྱས་ནས།། དེ་ནི་བཙས་མ་ཐག་ཏུ་གོས་མཆོག་ཐོབ།། ལྷའི་ཁྱད་འཕགས་དར་གོས་རབ་བཟང་རྙེད།། བཙས་མ་ཐག་ཏུ་དེ་ལུས ་ཤིན་ཏུ་བདེ།། གང་ཞིག་གོས་ཀྱིས་བཅོམ་ལྡན་མཆོད་རྟེན་དང་།། འདྲེན་པ་མཚུངས་མེད་རྣམས་ལ་མཆོད་བྱེད་པ།། དེ་འདིར་མཚུངས་པ་མེད་པའི་ལུས། ་ཐོབ་སྟེ།། སུམ་ཅུ་རྩ་གཉིས་མཚན་གྱིས་མེ་ཏོག་རྒྱས།། བཅོམ་ལྡན་མཆོད་རྟེན་གོས་ཀྱི་བཀྲིས་བྱས་ན།། ལག་འཐིལ་ནས་ནི་མུ་ཏིག་ཕྲེང་མཛེས་པ།། ་སྣ་ཚོགས་དག་དང་གྲེའི་ཕྲེང་བ་དང་།། གསེར་སྐུད་རབ་མཛེས་བསྐལ་པ་མཐའ་ཡས་འབྱུང་།། བཅོམ་ལྡན་མཆོད་རྟེན་གོས་ཀྱིས་བཀྲིས་བྱས་ནས། ་ལྔའམ་ཀུ་འམ་མི་འམ་ལྟོ་འཕྱེ་ཆེ།། སུ་ཡང་དེ་ལ་མ་དང་བསྐྱེད་མི་བྱེད།། རྟག་ཏུ་ཚངས་པར་སྤྱོད་པ་མཆོག་འདི་སྤྱོད།། བཅོམ་ལྡན་མཆོད་རྟེན་གོས ་ཆོས་བཀྲིས་བྱས་པས་གྲོང་གིས་འཇིག་རྟེན་ཁམས་ཀུན་ཟིལ་གནན་ཏེ། འཇམ་གླེང་གསེར་གྱིས་གསེར་ན ་ཟིལ་གནན་བཞིན།། སྐྱེ་དགུའི་དོན་ནི་དཔག་ཏུ་མེད་པ་བྱེད།། གལ་ཏེ་རིན་ཆེན་རབ་མཆོག་སྣ་བདུན་གྱིས།། སྟོང་གི་འཇིག་རྟེན་ཞིང་ཀུན་རབ ་བསྐང་བའི།། དེ་འདྲིའི་དཔེལ་འདི་ཟད་པར་བྱ་ནུས་ཀྱི།། རྒྱལ་བའི་མཆོད་རྟེན་གོས་ཅིག་ཕུལ་བའི་མིན།། ནོར་བུ་རིན་ཆེན་ཟླ་བའི་འོད་རྣམ་ཀྱིས། ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཞིང་བཀང་བ། དེ་འདྲའི་དཔལ་འདི་ཟད་པར་བྱ་ནུས་ཀྱི།། རྒྱལ་བའི་མཆོད་རྟེན་གོས་ཅིག་ཕུལ་བའི་མིན།། འཇིག་རྟེན ་སངས་རྒྱས་འགྱུར་ཞེས་མོས་སྐྱེད་དེ།། བཅོམ་ལྡན་མཆོད་རྟེན་པ་དན་ཕུལ་བྱས་ན།། དེ་ནི་སྐྱེ་བོ་མང་པོའི་མཆོད་འོས་འགྱུར།། བྱང་ཆུབ་མཆོག་སྤྱོད ་དམ་པ་ཞི་བ་སྤྱོད།། བཅོམ་ལྡན་མཆོད་རྟེན་པ་དན་ཕུལ་བྱས་ན།། དག་ཅིང་མཆོག་གི་ལུས་ནི་ཐོབ་འགྱུར་དེ།། དཔེར་ན་གསེར་ལྷར་ཤིན་ཏུ་དགའ ་འགྱུར་ཞིང་།། ལྷའི་སྔགས་ལ་མཆོད་ཅིང་བླ་མར་བྱེད།། དེའི་ལུས་ནི་གསེར་གྱི་མདོག་འདྲར་འགྱུར།། རྣས་ཀྱི་གོས་དང་ལ་བ་བཟང ་རབ་དང་།། དྲ་གུ་ལ་དང་ཀཽ་ཤི་བ་རྣམས་དང་།། ཤིན་ཏུ་མཛེས་པའི་གོས་ཀྱང་རྙེད་པར་འགྱུར།། འཇམ་བུ་གླིང་ན་རིགས་མཆོག་དམ་པ་གང་། ་བྱུག་ཅིང་ཆེ་གཉིས་བདག་དབང་ནོར་མང་བ།། དེ་དག་ཏུ་ནི་རྟག་ཏུ་དེ་སྐྱེ་སྟེ།། དམན་ཞིང་མཆོག་ཏུ་དབུལ་བ་རྣམ་པར་སྤངས།། དེ་ལ་སེམས་ཅན་སུ ་ཡང་ཕྲག་དོག་མེད།། སེམས་ཅན་གནོད་པར་སེམས་དཔའ་གཞན་མིན་འབྱུང་།། གཞན་གྱི་སྡིག་པའི་ལས་ལ་དེ་དམོད་དེ།། རྟག་ཏུ་བག་ཡོད ་ཚུལ་ཁྲིམས་རྣམ་དག་འགྱུར།། འཛིན་པ་མེད་ཅིང་སེར་སྣ་མེད་པར་འོང་།། གཏོང་བ་རབ་བདང་མྱ་ངན་མེད་པ་ཐོབ།། དེ་ནི་སྲོག་ཕྱིར་གཞན་ལ ་སྦྱིན་མི་བྱེད།། ཕོངས་པ་མེད་བྱེད་རྟག་ཏུ་བག་ཡོད་འགྱུར།། སངས་རྒྱས་སྟོབས་བཅུར་དེད་དཔོན་མཐོང་ནས་ནས་ནི།། དགའ་བའི་སེམས་ཀྱིས་གདུགས ་དང་བ་དན་དང་།། མར་མེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད།། བྱང་ཆུབ་སྤྱོད་མཆོག་འདི་ནི་རྟག་པར་སྤྱོད།། མིའི་འཇིག་རྟེན་བླ་མར ་བསྙེན་བསྐུར་བྱེད། 5།། ལྷ་ནང་ལྷའི་བདག་དང་མིའི་གཙེ།། ཡིད་འོངས་སྤོས་མཛེས་ལྷ་ན་སྡུག་པ་དང་།། ནོར་བུ་ཤེལ་འདྲ་སྣ་ཚོགས་ལྡན་པ་ཐོབ།། ་རི་རང་རྩེ་མོར་ལྔ་ནང་རབ་ཏུ་གསལ།། ལྷ་ཀུན་སློབ་མར་གྱུར་ནས་རབ་ཏུ་འདུད།། ཆོས་ཀྱིས་དེ་དག་ཡིད་བདེ་བསྐྱེད་པར་བྱེད།། དེ་ལ་དང་མཆོག་གཞལ ་གསང་ཐོབ་པར་འགྱུར།། དེ་ནས་ཤི་འཕོས་མིའི་འཇིག་རྟེན་དུ།། རྒྱལ་པོ་དམ་པ་སྟོབས་ལྡན་འཁོར་ལོས་བསྒྱུར།། དེ་ལ་སེམས་ཅན་སུ་ཡང་སྡིག་མི་བསྐྱེད། ་དུསྐྱེ་བོ་མང་པོ་དགའ་ཞིང་ཡིད་འོངས་འགྱུར།། རྡུལ་གསལ་སེམས་ཅན་མཆོག་ལ་རྒྱལ་མཚན་ཕུལ།། རིང་པོར་མི ་ཐོགས་ནོར་མང་རྙེད་པར་འགྱུར།། ཤེས་རབ་མཐའ་ཡས་མཛོད་ནི་མང་ལྡན་འོང་།། སེམས་ཆུང་མི་འགྱུར་དམན་པའི་སེམས་མི་འགྱུར།། ལོངས ་སྤྱོད་རྙེད་ནས་འགེད་ཅིང་བདག་ཀྱང་སྤྱོད།། དེ་ནི་འཇིགས་མེད་ཡིད་བླ་དེ་བ་མེད།། རྒྱལ་པོ་དགའ་ནས་གྲོང་དང་ཡུལ་འཁོར་བགེད།། དེ་ལ་སེམས་ཅན་སུ ་ཡང་སྡིག་མི་བསྐྱེད།། མིའི་གཙོ་བོ་འཕགས་པ་མཛོད་མང་ཞིང་། ཁྱིམ་བདག་རིན་ཆེན་སྣ་ཚོགས་ལུས་རྒྱན་འགྱུར།། རྒྱལ་པོ་བུ་འམ་དེ་བཞིན་བློན ་པོར་འོང་།། རྒྱལ་པོར་གྱུར་ན་སྟོབས་ལྡན་རྫི་བ་མེད།། བསླས་པའི་རིགས་དམན་ཐམས་ཅད་ཡོངས་སུ་སྤོངས།། ལོངས་སྤྱོད་ཁྱད་འཕགས་རིགས་མཆོག ་རྙེད་ནས་ནི།། རྟག་རྟ་བག་ཡོད་སེམས་ནི་ཞུམ་མི་འགྱུར།། འདོད་པ་རྣམས་ནི་ངན་སྐྱུགས་ཁུངས་ལྟར་སྤོང་། ཁྱད་འཕགས་གཟུགས་དང་མཚན་རྣམས་རབ ་རྐུ་ཐོབ། ཁྱད་འཕགས་རིགས་དང་དེ་བཞིན་དབང་ཕྱུག་ཉིད།། དེའི་གཡོག་འཁོར་རྟག་ཏུ་མི་བྱེད་འགྱུར།། སྐྱེ་བོ་མང་པོས་མདུན་དུ་བདར་བར་འོངས།། ་དེ་ནི་གཞན་ལ་གནོད་པའི་སེམས་མི་བསྐྱེད།། སེམས་ནི་རབ་དང་རྟག་ཏུ་བག་ཡོད་ལྡན།། དེ་ལ་མེ་དང་དུག་དང་མཚོན་མི་ཚུགས།། སྐྱེ་ཐོ་ཚོགས་ཆེན ་གྱི་ནི་ལྟ་བར་འགྱུར།། རབ་ཏུ་དགའ་ཞིང་ཐུབ་པའི་ཆོས་ལ་སྤྱོད།། ཤེས་བཞིན་ལྡན་ནས་ཡིད་བདེ་བསྐྱེད་པར་བྱེད།། འཛིན་པ་མེད་ཅིང་ཆགས་མེད།། ་སེམས་དང་ལྡན།། ཆགས་མེད་རྒྱུན་ནས་དེ་ལ་མི་འཐུན་མེད།། དེའི་ལུས་གཙང་ཀུན་ནས་ཉོན་མོངས་མེད།། རྣམ་དག་སེམས་ལྡན་དེ་ནི ་བདེ་བར་སྨྲ།། འཇིགས་པས་ཉེན་པ་རྣམས་ཡིད་བདེ་བསྐྱེད།། སེམས་ཅན་རྣམས་ཀྱི་སྐྱབས་དང་དཔུང་གཉེན་འགྱུར།། དེ་ནི་བདག་དོན་རྒྱ་ཆེན ་བྱས་ནས་སུ།། གཞན་ཡང་སངས་རྒྱས་ཡེ་ཤེས་རྫོགས་ལ་བཀོད།། ཤིང་དབང་ཤིང་མཆོག་དམ་པ་དྲུང་སོང་ནས།། མཚུངས་མེད་མཆོག ་ཞི་བྱང་ཆུབ་འཆང་ཡང་རྒྱ།། སངས་རྒྱས་མཆོད་རྟེན་མར་མེ་ཅིག་ཕུལ་ནས།། འདི་ནས་བཟུངས་ཏེ་སྲིད་པའི་རྩེ་མོའི་བར།། སངས་རྒྱས་ཞིང་ནི ་འཛམ་གླིང་གསེར་གྱིས་གང་།། དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས།། བཅོམ་ལྡན་མཆོད་རྟེན་མར་མེ་ཕུལ་བྱས་ནས།། དེའི་ལས་ནི་མདོག ་ངན་ཡོད་མི་འགྱུར།། གཟུགས་མཆོག་སྲ་ཞིང་ལག་པ་གཟུ་བ་དང་།། སྣང་བ་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ།། གལ་ཏེ་རྒྱལ་བ་དམ་པ་བྱུང་གྱུར་ན།། ་དེ་བཞིན་གཤེགས་པ་རྣམས་དང་ཉེ་བར་འགྱུར།། ཉེ་དུར་འགྱུར་རབ་ཡང་ན་བུ་ཡང་འགྱུར།། དེ་ནི་ཡེ་ཤེས་བྲིང་པོ་མྱུར་དུ་ཐོག། གལ་ཏེ་ཁྲག་ཁྲིག་བརྒྱ ་སྟོང་སངས་རྒྱས་ཞིང་། ཡུངས་འབྲུ་དག་གིས་བྱུར་བུར་གང་གྱུར་པ།། བགྲངས་པ་དང་ནི་གཞལ་ཞིང་བརྗོད་པར ་ནུས།། བདེ་གཤེགས་མར་མེ་ཅིག་ཕུལ་དེ་ལྷ་མིན།། སངས་རྒྱས་དམ་པ་མཚུངས་མེད་སྦྱིན་པའི་གནས།། སྤད་པ་མཆོག་སྤད་ཁྱད་པར་བརྙེས་གྱུར ་པ།། མི་མཆོག་དེ་ལ་མཆོད་པ་འདིར་བྱས་ལ།། རྣམ་པར་སྨིན་པ་དམ་པ་གཞལ་ཡས་འགྱུར།། གལ་ཧོ་མི་མཇེད་འཇིག་རྟེན་ཁམས་འདི་ཀུན། ་ནོར་བུ་རིན་ཆེན་བཻ་ཌཱུརྱས་གང་བ།། ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།། མར་མེ་ཅིག་ཕུལ་དཔལ་དེ་ཟད་མི་འགྱུར།། ཀར་ཤ་བ་ནི་མི ་མཇེད་འཇིག་རྟེན་ཁམས།། འོག་ནས་སྲིད་པ་རྩེ་མོ་བར་གང་བ།། ཟད་པར་བྱ་ནས་སངས་རྒྱས་མཆོད་རྟེན་ལ།། མར་མེ་ཅིག་ཕུལ་དཔལ་དེ་ཟད ་མི་འགྱུར།། སངས་རྒྱས་ཞིང་སྟོང་དེ་དག་ཙན་དན་གྱིས།། འོག་ནས་སྲིད་པའི་རྩེ་མོ་བར་གང་བ།། ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ། ་མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར།། ཚངས་པའི་འཇིག་རྟེན་ཡོད་པའི་ལྷ་རིས་ཀྱིས།། གོས་ཀྱིས་སངས་ཞིང་སྟོང་གང་གྱུར་པ། ་ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།། མར་མེ་ཅིག་ཕུལ་དཔལ་དེ་ཟད་མི་འགྱུར།། ཀླུ་དང་ལྷ་མིན་མི་དང་ལྟོ་འཕྱེ་ཆེ།། ལྷའི་རྫས་ནོར ་བུ་རིན་ཆེན་མང་།། ཟད་པར་བྱ་ནུས་མཆོད་རྟེན་ལ།། པར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར།། ལྔའི་འཇིག་རྟེན་ཡོད་པའི ་ལྔའི་སྤོས།། དེ་དག་མའི་ཇེང་འདི་ཀུན་གང་གྱུར་པ།། ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།། མར་མེ་གཅིག་བུལ་དཔལ་དེ་ཟད ་མི་འགྱུར།། ཕྱོགས་དང་ཕྱོགས་མཚམས་ཆད་ནི་ཤེས་པར་ནུས།། ན་མཁའི་ཁམས་འདིའི་ཚད་ཀྱང་ཤེས་པར་ནུས།། སངས་རྒྱས་མཆོད་རྟེན ་མར་མེ་གཅིག་ཕུལ་བའི།། དེ་འདྲིའི་དཔལ་དེ་ཟད་པར་བྱ་མི་ནུས།། སངས་རྒྱས་དམ་པ་མི་མཆོག་བཞུད་པའི་ཚེ།། འདྲེན་པ་མཚུངས་པ་མེད་ལ ་དང་བྱས་ཏེ།། སྟོན་པའི་སྐུ་ལ་ཉི་ཟེར་མི་འབབ་པར།། མེ་ཏོག་མ་ལའི་ཀ་གདུགས་བཅོམ་ལྡན་ཕུལ།། དེ་ནི་ལས་མཛེས་དམ་པ་གུས་པས།། ལྷ ་དབང་ངརྒྱ་བྱིན་དེ་ནི་ལན་འབུམ་འགྱུར།། འཇིག་རྟེན་ཀུན་དུ་ཚངས་པའི་བདག་པོར་གྱུར།། རྒྱལ་བའི་མཆོད་རྟེན་ལ་ནི་གདུགས་བུ་ལ་ན།། འཁོར་ལོས ་བསྒྱུར་བའི་རྒྱལ་པོ་སྟོབས་ལྡན་གྱུར།། སྟོང་ཕྲག་བཅུ་ལ་དབང་བར་ང་གྱུར་ཏེ།། ནོར་ཆེན་རབ་ཏུ་མཛོད་མང་ཚོད་གྱུར། ཁྱིམ་བདག་བློ་ལྡན་བསོད་ནམས ་ལྡན་པར་གྱུར།། བདེ་གཤེགས་མི་མཆོག་བྱེ་བ་ཉི་ཤུ་དག། ངས་ནི་མཉེས་བྱས་གཟིམ་ཆན་བཟའ་ཡིས།། མི་མཆོག་དག་ལ་བླ་མར་སྟི་སྟེ་བྱས། ་དེ་དག་གཙུག་ལག་ཁང་ལ་སྤོས་ཀྱིས་བསྐུས།། དེའི་ཁ་དོག་ངན་པ་ཀུན་མེད་གྱུར།། དེས་ནི་ཆ་དང ་གྲང་དང་བླ་སྤངས།། སངས་རྒྱས་སྤྱན་སྔར་དམན་མེད་སེམས་གྱུར་ཏེ།། དེ་དག་མཆོད་པ་དམ་པ་མཆོག་གིས་མཆོད།། རྒྱན་གྱིས་བརྒྱན་པའི ་གདུགས་མཛེས་ལྷ་སྡུག་པ།། སུ་ཞིག་བཅོམ་ལྡན་མཆོད་རྟེན་འདུལ་བྱེད་པ།། དེ་འདིར་ལུས་ནི་མཚུངས་པ་མེད་འགྱུར་ཏེ། སུམ་ཅུ་རྩ་གཉིས ་མཚན་གྱི་གོ་ཆར་འགྱུར།། གང་གིས་རྒྱལ་བའི་སྐུ་ནི་རབ་འབར་ཞིང་།། ཁྱད་པར་འཕགས་པའི་གཟུགས་དང་སེམས་འདྲ་དང་། འཛམ་གླིང ་གསེར་ལྷར་རབ་མཛེས་ལྷ་ན་སྡུག། མཚན་གྱི་མེ་ཏོག་རྒྱས་པས་མངོན་དུ་གང་།། མངོན་པར་ཤེས་པ་ཐོབ་ཅིང་དབང་ཆེར་གྲགས།། བྱང་ཆུབ་སྤྲོད ་མཆོག་དམ་པ་ཞི་བ་སྤྱོད། དེ་ནི་ནམས་ཀྱང་ལོངས་སྤྱོད་འགྲིབ་མི་འགྱུར།། ལྷས་སྡེ་སྡང་བྱ་ཞིང་མཆོད་པར་འོང་།། བསྟན་འདོད་པའི་ལོངས ་སྤྱོད་གཞར་མི་དཀའ།། ཚུལ་ཁྲིམས་རྣམ་དག་རབ་མཁས་ཚངས་པར་སྤྱོད།། ཡིད་དམ་བཅས་ནས་ནགས་དང་ནགས་འདབ་སོང་།། མངོན་ཤེས་ཐོབ ་ཅིང་ཁྱད་པར་ཐོབ་པར་འགྱུར།། བཅོམ་ལྡན་མཆོད་རྟེན་དག་ལ་གདུགས་ཕུལ་བ།། ཇི་ལྟ་བུ་ཡང་བྱང་ཆུབ་སེམས་མི་འདོར།། བྱམས་ལ་གནས་ཤིང ་མི་དམན་སེམས་སུ་འགྱུར།། དེའི་ཤེས་པ་རྣམས་ཀྱང་ཉམས་པ་མེད།། རོལ་མོའི་སྒྲ་ཡིས་མི་མཆོག་མཆོད་བྱས་ན།། མྱ་ངན་མེད་ཅིང་དབང་ལྡན ་རྒྱལ་པོར་འོང་།། མི་ཡིས་འཇིག་རྟེན་ཡིད་འོངས་སྒྲ་ལྡན་འགྱུར།། དེའི་སྒྲ་ཡན་ལག་ཚང་ཅིང་དག་པར་འོང་།། བཅོམ་ལྡན་མཆོད་རྟེན་རོལ ་མོའི་སྒྲ་བྱས་ནས།། ཤེས་བཞི་ལྡན་ཞིང་མིག་ནི་རྣམ་དག་འགྱུར།། རྣ་བ་རྣམ་པར་དག་ཅིང་སེམས་ཀྱང་དགའ།། སྣའི་དབང་པོ་མཆོག་དང་ལྡན་པར ་འགྱུར།། དེའི་ལྕེ་ནི་རབ་མཛེས་ལྷ་ན་སྡུག། ཐོབ་མར་རབ་མཉེས་མཛེས་ཤིང་སྒྲ་ཡི་འོངས།། དཔེར་ན་ལྷའི་རིན་ཆེན་བྱུ་རུ་འདྲ།། སྒྲ་སྐད་ཡན་ལག ་ལག་བྱེ་བ་དཔག་མེད་འབྱིན།། བཅོམ་ལྡན་མཆོད་རྟེན་རོལླ་སྒྲ་བྱས་ན།། ནམ་ཀྱང་སྦྲུལ་དུ་མི་འགྱུར་ལྕེ་མིད་མིན།། ཞར་བ་རྒར་པོ་ཡ་ཡོ་ཅན་མི ་འགྱུར།། ལུས་ནི་ཁྱད་པར་འཕགས་ཤིང་ཤིན་ཏུ་མཛེས།། བཅོམ་ལྡན་མཆོད་རྟེན་རོལ་མོ་སྒྲ་བྱས་ན།། ལྷ་འམ་མཱི་ལཱམ་ལྟོ་འབྱི་ཆེ།། སུ་ཡང་དེ ་ལ་མ་དད་སྐྱེ་མི་འགྱུར།། དབུགས་ཕྱིན་ཐོབ་ནས་འཇིག་རྟེན་ཀུན་དུ་རྒྱུ།། བཅོམ་ལྡན་མཆོད་རྟེན་རོལ་མོ་སྒྲ་བྱས་ན།། དེ་ནི་མ་ནིང་ཟ་མར་གཞར་མ ་འགྱུར།། ནམ་ཀྱང་འཇེ་དང་ཤ་ཀྲ་མི་འབྱུང་ཞིང་།། བསྔགས་པར་འོས་པའི་ལུས་ནི་ཐོབ་པར་འགྱུར།། བཅོམ་ལྡན་མཆོད་རྟེན་རོལ་མོ་སྒྲ་བྱས་ན། ་གསེར་གྱི་གགས་ལྔ་པ་ན། ལྕེ་རིང་འགྱུར་ཞིང་ལུས་ཀྱང་ཆེ་བར་འགྱུར།། གསེར་གྱི་གཟུགས་ལྷར་ཁ་དོག་འབར་བར་འོང་།། ་ཏིང་འཛིན་བསྟན་ཞིང་ཤིན་ཏུ་རྟགས་པར་འགྱུར།། བཅོམ་ལྡན་མཆོད་རྟེན་རོལ་མོ་སྒྲ་བྱས་ན།། ལྷ་ནང་བདག་པོར་འགྱུར་ཞི་དབང་ཕྱུག་འགྱུར།། མིའི་འཇིག ་རྟེན་སྐྱེས་གནས་དགའ་བར་འོང་།། བརྩོན་འགྲུས་ལྡན་ཞིང་བག་ཡོད་འབར་བར་འགྱུར།། བཅོམ་ལྡན་མཆོད་རྟེན་རོལ་མོ་སྒྲ་བྱས་ན།། དེ་ལ་སུ་ཡང་ཡིད་མི ་བདེ་མི་བསྐྱེད།། དེ་ལ་སུ་ཡང་ཚིག་རྩུ་བ་སྨྲ་བ་མེད།། ཕྲ་མ་ཐམས་ཅད་སྤང་ཞིང་ཡང་དག་སྨྲ།། བསོད་ནམས་འདོད་པ་སུ་ཞིག་ཆགས་ཐོགས་ཏེ།། བཅོམ ་ལྡན་མཆོད་རྟེན་གུས་པས་ཕྱག་བྱེད་པ།། དེ་ནི་སྨད་ཅིང་མི་གཙང་ལུས་མི་འགྱུར།། བ་སྤུ་ཁུང་ནས་ཙན་དན་དྲི་དད་འབྱུང་།། བཅོམ་ལྡན་མྱ་ངན་འདས་པའི ་མཆོད་རྟེན་ཕྱག། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ།། ཡན་ལག་མ་དམད་ཁྱད་འཕགས་ལུས་ཐོབ་ཅིང་།། མཛེས་ལ་མཚན་གྱི་གོ་ཆར་བྱས་པར་འགྱུར།། ་བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱག། ལྷའི་ཙན་དན་ཁྱད་འཕགས་མཛེས་པ་ཡི།། གཞལ་མེད་ཁང་མཆོག་ཡིད་འོང་དྲི་ལྡན་ཐོབ། ་ད་ནི་དེ་ལ་གཞར་ཡང་སྲེད་མི་སྐྱེད།། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱགས།། ཡིད་འོངས་དྲི་ལྡན་མཆོག་ཏུ་ལྷ་སྡུག་པའི་ལྷའི་བུ་མོ་བྱེ་བ་སྤོང ་ཐོབ་ཅིང་།། དེ་ནི་དེ་ལ་ནམས་ཀྱང་ཆགས་མི་བསྐྱེད།། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱག། སྐྱེད་མོས་ཚལ་ཆོ་ག་ཡོད་པའི་རྫིང ་བུ་ནི།། ཡན་ལག་བརྒྱད་ལྡན་ཆུགཙང་མཛེས་གྱུར་པ།། མེ་རྟོག་ཨུད་པ་ལས་ནི་རྒྱས་པ་ཐོབ།། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱག། ་དེའི་གཡོག་འཁོར་རྟག་ཏུ་འཐུན་འགྱུར་ཞིང་།། མི་དམན་སེམས་ཅན་ལྷའི་སྒྲ་ཡང་ཐོས།། ལྷ་མོ་རྣམས་ཀྱི་གླུ་དབྱངས་སྙན་སྒྲ་ཐོབ།། བཅོམ་ལྡན་མྱ ་ངན་འདས་པའི་མཆོད་རྟེན་ཕྱག། འཇིག་རྟེན་ཀུན་ཏུ་སྐྱེས་ཆེ་བདག་ཉིད་ཀྱིས།། འདི་ནས་ཤི་འཕོས་ངན་འགྲོར་མི་འགྲོ་སྟེ།། མིའི་འཇིག་རྟེན་སངས་རྒྱས ་མཐོང་བར་ཤེས།། བཅོམ་ལྡན་མྱ་ངན་འདས་པའི་མཆོད་ཕྱག། དེ་ནི་ལྷ་ལ་སྙན་པའི་གཏམ་བྱས་ཏེ།། སངས་རྒྱས་ཡེ་ཤེས་རྫོགས་ལ་ལྷ་བཀོད་ནས།། ་ཤི་བའི་དུས་བྱས་འཛམ་བུའི་གླིང་དུ་སྐྱེ།། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱག། བཙས་མ་ཐག་ཏུ་བསྐལ་པ་མཐའ་ཡས་དྲན།། སྔོན་གྱི ་སངས་རྒྱས་གཙོ་རྣམས་བཀུར་བ་དང་།། དེ་དག་མཚན་དང་ཡོན་ཏན་ཆོས་ཀྱང་དྨཱན།། འཇིག་རྟེན་སངས་རྒྱས་ཇི་ལྟར་འགྱུར་ཞེས་ཏེ།། མོས་པ ་བསྐྱེད་ནས་མཆོད་རྟེན་རྩ་སྐྱེས་སེལ།། 5དེའི་ཕན་ཡོན་དེ་དག་ངས་བཤད་ཀྱིས།། ཐབ་དྲི་སོལ་དང་བའི་སེམས་ཀྱིས་ཉོན། ་མཐུ་ཆེན་སྐྱེ་བུ་དམ་པ་ཁྱད་འཕགས་པ།། རྒྱལ་བ་དམ་པ་མ་འོངས་དུས་ན་མཐོང་།། དེ་དག་མཆོད་པ་དམ ་པ་མཆོག་གིས་མཆོད།། དེ་ནི་གཞི་གསང་དད་པ་དམ་པ་ཐོབ།། སངས་རྒྱས་སྟོབས་བཅུ་དེད་དཔོན་དེས་མཐོང་ནས།། འདྲེན་པ་མཚུངས་པ་མེད་པ ་མཉེས་པར་བྱེད།། མཚན་གྱི་གོ་ཆར་བྱས་པའི་སངས་རྒྱས་སུ།། འགྱུར་ཞེས་ཐུགས་དགེས་དེ་དག་ལུང་ཡང་སྟོན།། གྲོང་ཁྱེར་ཡངས་པ་ཉམས ་དགའ་མཆོག་གནས་ཤིང་།། ད་ནི་ཆོས་སྟོན་གང་གིས་མཐོང་གྱུར་པ།། དེ་དག་འཆི་དུས་རབ་ཏུ་འཇིགས་པའི་ཚེ།། རྒྱལ་མཆོག་མྱ་ངན་འདས་པའི་ཆོས ་འཛིན་འགྱུར།། མཆོད་རྟེན་རྩ་སྐྱེས་སེལ་བར་བྱེད་པ་ནི།། རྒྱལ་བ་དམ་པ་མི་ཐུལ་མཐོང་འདོད་པའི།། རྒྱུ་དང་ས་བོན་འགྱུར་བ་འདི་ཡིན་ནོ།། འདོད་དང ་དམྱལ་དང་དུད་འགྲོའི་སྐྱེ་གནས་སྦེང་།། བྱང་ཆུབ་སེམས་དཔའ་གང་གིས་མདོ་མཆོག་འདི།། ཕྱི་མ་རབ་འཇིགས་དུས་ན་འཛིན་བྱེད་པ།། དེ་ནི་འཇིག་རྟེན ་སངས་རྒྱས་ལྷའི་ལྷ།། བསོད་ནམས་ཁྱད་འཕགས་ཚད་མེད་ཞིང་དུ་འགྱུར།། འདི་བཤད་ཆེན་གང་དག་འདིར་མཆོད་དང་།། ཚུལ་འདི་བཤད་པ་གང་དག ་ཐོས་པ་དང་།། གང་དག་མདོ་མཆོག་འདི་ནི་འདིར་བཟུངས་པ།། དེ་དག་ཕྱི་མའི་དུས་ན་འདིར་འདི་འཛིན།། དེ་དག་དུ་གང་དག་ཕྱིན་ཅད་མདོ་མཆོག་འདི་འཛིན་པ ་དེ་དག་རྟག་ཏུང་དང་འཐུན་པའི་སྲས།། སངས་རྒྱས་བྱེ་བས་དེ་དག་བསྔགས་བརྗོད་ཀྱང་།། དེ་དག་བསྔགས་པ་མཐར་ནི་ཕྱིན་མི་འགྱུར།། གང་དག་འཆི་དུས ་རྒྱལ་བའི་ཆོས་འཛིན་པ།། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་མཐའ་ཡས།། བསྐལ་པ་བྱེ་བར་བཞུགས་ཏེ་དེ་དག་གིས།། བསྔགས་པ་བརྗོད་ཀྱང་མཐའ་མར་བྱིན་མི ་ནུས་པ་དྲི་ཞིམ་ཡིད་འོང་སྤོས་ཀྱི་ཆོ་ག་བཞིན།། སངས་རྒྱས་མཆོད་རྟེན་ལ་ནི་སུ་སྐུད་པ།། དེ་ནི་ཐོབ་རྙེད་འཇིག་རྟེན་ཀུན་ཏུ་རྒྱུ།། ། དེ་ནི་ས་འདིར་སྙིང་པོ་བྲང ་བར་འགྱུར།། རྒྱལ་བའི་མཆོད་རྟེན་སྤོས་བྱུགས་ཕུལ་བས་ན།། བཅོམ་ལྡན་འདས་ཀྱིས་བསྟན་པ་འཇིག་འགྱུར་ཆེ།། འཛམ་བུ་གླིང་དུ་སྐྱེས་པར་མི་འགྱུར་ཞིང་།། ་དེ་ནི་དེ་ཆེ་མཐོ་རིས་བདག་པོར་འགྱུར།། རྒྱལ་བའི་མཆོད་རྟེན་སྤོས་བྱུགས་ཕུལ་བྱས་ན།། དྲི་མི་ཞིམ་དང་མི་གཙང་སྨད་པ་རྣམས།། རྟག་ཏུ་སྤོས་ཞིང་། ་ཚུལ་ཁྲིམས་ཕུང་པོར་གནས།། དེ་ནི་རྟག་ཏུ་ཚངས་སྤྱོད་མཆོག་འདིར་སྤྱོད།། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ནས། འདི་ནས་ཤི་འཕོས ་མཐོ་རིས་ལྷ་དབང་འགྱུར།། རིང་པོར་མི་ཐོགས་དོན་སྟོང་རྣམས་ལ་རྟོག། ལྷ་རྣམས་ལ་ནི་རྒྱ་ཆེན་དོན་ཀྱང་བྱེད།། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ ་བྱེད་ན།། གང་གི་ཆེན་མི་ཡི་འཇིག་རྟེན་ན།། ཞེ་སྡང་མེད་སེམས་འཇམ་ཞིང་མཉེན་གྱུར་པ།། དེ་ཆེ་དེ་ན་འཇམ་བུ་གླིང་དུ་གནས།། རྒྱལ་བའི་མཆོད་རྟེན ་སྤོས་བྱུག་བུ་ལ་བྱས་ན།། །། ཁྱད་འཕགས་ཚོགས་ལྡན་སྒྲ་དཔྱང་ཡིད་འོང་འགྱུར།། སྐྱེ་བོ་མང་པོ་ཡིད་འོངས་དགའ་ཞིང་བཀུར།། དེའི་ཁ ་རྟག་ཏུ་གསལ་བར་འགྱུར།། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན།། དེ་ནི་ངན་སོང་ས་རྣམས་མ་ལུས་སྤོངས།། དེ་བཞིན་གཤེགས་དང་ཉེ་བར་ཐོབ ་བར་འགྱུར།། དད་པ་ཐོབ་ཅིང་རྟག་ཏུ་བདེ་ལ་དགའ།། རྒྱལ་བའི་མཆོད་རྟེན་སྤོས་བྱུག་བུལ་བྱས་ན།། རྒྱལ་པོ་སྟོབས་ལྡན་འཁོར་ལོས་སྒྱུར་བར ་འགྱུར།། བློན་པོ་རྒོང་དཔོན་ཁྱིབ་བདག་བསོད་ནམས་ལྡན།། ཆོས་རྗེ་འོད་མཛོད་སངས་རྒྱས་སུ་ཡང་འགྱུར།། དགའ་བའི་སེམས་ཀྱིས་མགུ ་བའི་ཤུགས་བསྐྱེད་དེ།། བཅོམ་ལྡན་མཆོད་རྟེན་ནོར་བུའི་དྲ་བ་འབུལ།། དེ་ནི་རྒྱལ་པོ་མཚོན་གྱི་གོ་ཆ་ཅན།། མཐུ་ཆེན་བླ་མ་འཁོར་ལོ་སྒྱུར ་པར་གྱུར།། ལྟ་བས་མཚོན་གྱིས་གོ་ཆ་ལྡན་གྱུར་ནས།། གཞལ་མེད་ཁང་ཆེན་རབ་མཛེས་ལྷ་སྡུག་པ། ཁ་དོག་སྣ་ཚོགས་དཔེ་མེད་ལྡན་པ་དང་། ་རིན་ཆེན་ཁང་བཟང་ཆེ་འོས་དག་པ་ཐོབ།། རྒྱལ་པོའི་ཕོ་བྲང་ཁྱད་པར་འཕགས་གྱུར་པ།། སྐྱེས་པ་བུད་མེད་དག་གིས་གང་བ་དང་།། མཉམ་ཞིང ་ལེགས་བྱས་རབ་མཛེས་ལྷ་སྡུག་པ།། དྲ་བ་སྣ་ཚོགས་བདེ་བྱེད་བདེ་འཇུག་ཐོབ།། རྒྱལ་མཚན་པ་དན་གསལ་བས་མཛེས་བྱས་ཤིང་།། གདུགས། ་བྲེས་ཤིན་ཏུ་མཛེས་ལ་བལྟ་སྡུག་དང་།། མུ་ཏིག་དྲ་བ་ཕྲེང་བ་དེ་འདྲ་བའི།། རྒྱལ་སྲིད་ཡོན་ཏན་ཁྱད་འཕགས་གཞན་ཡང་ཐོབ།། དེའི་ཡུལ་ན་གཞན ་ནོར་འཇིག་བྱེད་པ།། ཆོམ་རྐུན་གཡོ་ལྡན་གཡོན་ཅན་གནས་མི་འགྱུར།། སེམས་ཅན་རྒྱ་ཆེན་བློ་མཆོག་ལྡན་པ་དང་།། ཕན་བྱེད་བྱམས་པ་ལྡན་པ་དེ ་ན་གནས།། ཤི་འཕོས་བག་ཡོད་དེ་ནི་ལྷར་འགྲོ་སྟེ།། དཀར་ནག་གང་ཡིན་བདག་ཅག་ཇི་ལྟར་གནས།། འདི་ནས་ཤི་འཕོས་ཇི་ལྟར་མིར་སྐྱེ་ཞེས།། བློ ་ལྡན་དེ་ནི་མཐོ་རིས་འདིར་གནས་འགྱུར།། སངས་རྒྱས་སྤྲིན་གནས་མྱུར་ད་མཐོང་འགྱུར་ཏེ།། མཐོང་ནས་མེཆོད་ཅིང་མཚུངས་མེད་སྟི་སྣང་བྱེད།། ་སངས་རྒྱས་མཐོང་ནས་བྱང་ཆུབ་མོས་བསྐྱེད་ཅིང་།། རྡུལ་བྲལ་རྣམས་ལ་ཕྱིར་ཞིང་སྟི་སྟང་བྱེད།། ཡེང་ཤེས་མཐའ་ཡས་ལྡན་དང་མཐུ་ཆེན་འགྱུར།། ་ཁྱད་པར་ས་གནས་འཕགས་པའི་སེམས་ནན་འགྱུར།། བཅོམ་ལྡན་འདས་ལ་དད་པའི་སེམས་བསྐྱེད་ནས།། འདི་འདྲ་དཔལ་འདི་ཕྱིར་ཞིང་མྱོང་བར་འགྱུར། ་བྱ་བ་འདི་ནི་བརྗོད་པར་བྱ།། ངས་བརྗོད་འདི་ལ་ཐེ་ཙོམ་མ་བསྐྱེད་ཅིག། སངས་རྒྱས་བཀའ་སྤངས་མནར་མེད་འགྲོ་འགྱུར་ཞིང་།། ཕྱིན་ཆད་སྡུག་བསྔལ་ཉོན་མོངས ་གྱུར་ཏ་རེ།། འཇིག་རྟེན་སྒྲོན་མ་མཆུང་མེད་བསོད་ནམས་ཞིང་།། དེའི་མཆོད་རྟེན་བརྒྱ་སུ་སེལ་བ།། བག་ཡོད་གྱུར་ནས་དེའི་བདུད་རྒྱ་འདྲལ།། དུས་རྣམས ་ཀུན་དུ་ངན་སོང་ས་ཡང་སྤོང་།། རྟག་ཏུ་སངས་རྒྱས་རྡུལ་བྲལ་སྟི་སྤང་བྱེད།། རྟག་ཏུ་སྤོབས་ལྡན་འཁོར་ལོ་སྒྱུར་བར ་འགྱུར།། མའི་འཇིག་རྟེན་སྐྱེས་ན་བསོད་ནམས་ལྡན།། རྒྱལ་པོ་ཀུན་གྱིས་མཆོད་པའི་གནས་སུ་འགྱུར།། ལྷ་ནང་ལྷའི་དབང་པོ་མཆོད་གནས ་འགྱུར།། དེར་ནི་མྱུར་དུ་ལྷའི་ཚེ་ཡང་ཐོབ།། དཔལ་ལྡན་གསེར་གྱི་གཞལ་མེད་ཁང་པ་བསྐྱེད།། ལྷའི་བདེ་བ་མཚུངས་མེད་དབང་ཕྱུག་ཉིད།། ་གཟུགས་དང་སྒྲ་དང་དྲི་རབ་མཆོག་དང་།། རེག་བྱ་དཔལ་ལྡན་ལྷའི་འཇིག་རྟེན་ཐོབ།། མཐུ་ཆེན་ལྡན་ཞིང་ལྷ་ངའི་འོས་སུ་འགྱུར།། ལྷ་མོ་རྣམས་ལ ་འདོད་པའི་སྲིད་མི་བསྐྱེད།། བཅོམ་ལྡན་མཆོད་བརྒྱ་བ་སྩལ་བྱས་ན།། འདི་ནས་ཤི་འཕོས་མིའི་འཇིག་རྟེན་འགྲོ།། ཡན་ལག་ལེགས་གནས་ཁྱད་པར་འགྲོ ་བར་འགྱུར།། ནམ་ཡང་བསྟན་བཅོས་མི་ཉུང་མདོ་པོ་ཐོབ།། བཅོམ་ལྡན་མཆོད་རྟེན་བརྒྱ་བརྒྱ་བསྩལ་བྱས་ན།། དེ་ནི་མི་ཁོམ་བརྒྱད་པོ་ཀུན་སྤོང་ཞིང་།། དེ ་ནི་ངས་འགྱུར་དེ་བཞིན་ཁྱད་པར་འཕགས།། དེ་ནི་སངས་རྒྱས་མཆུང་མེད་མཆོད་པ་བྱེད།། བཅོམ་ལྡན་མཆོད་རྟེན་བརྒྱ་བསྩལ་བྱས་ན།། ངག་ཡོད ་བློ་གྲོས་བསྟན་ལ་དཔའ་བོར་འགྱུར།། འདོད་པའི་ཡོན་ཏན་དག་ལ་དགའ་མི་བསྐྱེད།། མི་དམན་སེམས་ཀྱིས་མངོན་པར་འབྱུང་བར་འགྱུར།། བཅོམ ་ལྡན་མཆོད་རྟེན་བ་རྒྱ་བསྩལ་བྱས་ན།། དེ་ནི་ནམས་ཀྱང་བྱང་ཆུབ་སེམས་མི་འདོར།། ཚུལ་ཁྲིམས་སྐྱོ་མེད་ཤིན་ཏུ་བསྡམས་པར་འགྱུར། ་རྣམ་དག་འདོད་ཆགས་བྲལ་བའི་ཆོས་ཀྱང་ཐོབ།། བཅོམ་ལྡན་མཆོད་རྟེན་བརྒྱ་བསུལ་བྱས་ན།། དེའི་མདོག་ངན་དུས་རྣམས་ཀུན་ཏུ་སྤོང་། འཆལ ་པའི་ཤེས་རབ་མ་ལུས་རྣམ་པར་སྤོང་།། ཤེས་རབ་རྒྱ་ཆེན་གྱུར་ནས་སྤྱོད་ལ་གནས།། བཅོམ་ལྡན་མཆོད་རྟེན་པ་རྒྱ་བསྩལ་བྱས་ན། ཁ་ཟས་གཙུང ་མ་དག་ཀྱང་རྙེད་འགྱུར་ལ། ཁྱད་འཕགས་ཁ་དོག་ལྡན་ཞིང་ལྟ་སྡུག་ལ།། རེག་དང་ལྡན་ཞིང་རབ་མཛེས་གོས་རྣམས་ཐོབ།། དད་པའི་ཤགས ་བསྐྱེད་བཅོམ་ལྡན་མཆོད་རྟེན་ལ།། མེ་ཏོག་སྐམ་པོ་ཉལ་ཉི་ལ་ཕྱག་བྱས།། འདོད་པ་སྨད་པ་སྡུག་བསྔལ་བྱེད་པ་སྤོང་།། སྟོབས་བཅུ་མངའ་བོའི་དེད ་དཔོན་མཉེས་པར་བྱེད།། མཆོད་རྟེན་མེ་ཏོག་སྙིས་པ་སུ་འཕྱག་པ།། དེ་ནི་མཛེས་ཤིང་རྣམ་དག་ལུས་སུ་འགྱུར།། སྐྱེ་བོ་མང་པོས་མཆོད་འོས ་ལྷ་འོས་འགྱུར།། དེ་ལ་རྒྱལ་པོ་གནོད་པར་སེམས་མི་འགྱུར།། བཅོམ་ལྡན་མཆོད་རྟེན་དག་ལ་སྔ་རབས་མིས།། མེ་ཏོག་ཕུལ་བ་སྐམ་པོ་ཕྱགས་བྱས ་ན།། ངན་སོང་སའི་ལས་ངན་ཐམས་ཅད་གཅོད།། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཕུང་པོར་གནས།། མཆོད་རྟེན་མེ་ཏོག་རྙིས་པ་སུ་འཕྱག་པ།། བག ་ཡོད་མྱ་ངན་རྣམས་དང་སྐྱོན་རྣམས་སྤོང་།། ནད་རྣམས་དུ་མ་མ་ལུས་རྣམ་པར་སྤོང་།། བསྐལླ་མཐའ་ཡས་རྣམས་སུ་དབུགས་ཕྱིན ་ཐོབ།། མཆོད་རྟེན་མེ་ཏོག་རྙིས་པ་སུ་འཕྱག་པ།། སྦྱིན་གནས་མཚུངས་མེད་སངས་རྒྱས་ཐོབ་པར་འོང་།། མཚུངས་མེད་ཐོབ་ཅིང་ལྷ་མིས་མཆོད ་འོས་འགྱུར།། རྣམ་དག་ལུས་ལྡན་རྒྱན་གྱིས་བརྒྱན་པར་འགྱུར།། ལྷའི་མེ་ཏོག་རབ་མཛེས་མན་ད་ར།། མཚུངས་མེད་པ་ཧ་ལ་ཡང་སུ་འབུལ་དང་། ་མཆོད་རྟེན་མེ་ཏོག་ཉལ་ཉིལ་སུ་འཕྱག་པ།། དེ་དག་རྣམ་སྨིན་འདྲ་སྟེ་མཆོག་ཏུ་འགྱུར།། མཆོད་རྟེན་མེ་ཏོག་རྙིས་པ་སུ་འཕྱག་པ།། དེ་ལུས་དག་གིས ་མི་ཆུགས་མཚོན་མི་ཚུགས།། མེ་འབར་འོད་འཕྲོ་ཕུང་པོ་ཆུའི་མི་ཚུགས།། ནོར་གྱི་ཕུང་པོ་རྐུན་པོས་རྒ་མི་འགྱུར།། མགུ་ཞིང་རབ་ཏུ་དགའ་བའི ་ཤུག་བསྐྱེད་དེ།། བཅོམ་ལྡན་མཆོད་རྟེན་མེ་ཏོག་སྐམ་ཆགས་ན།། དེ་ཡིས་བསོད་ནམས་བཟུང་བར་གང་གྱུར་པ།། གྲངས་སམ་ཆ་ཡང་བརྗོད་པར ་བླ་མ་ཡིན།། མཆོད་རྟེན་མེ་ཏོག་རྙིས་པ་སུ་འཕྱག་པ།། སུམ་བཅུ་རྩ་གཉིས་མཚན་གྱི་གོ་ཆར་འགྱུར།། མི་ཡིས་འཇིག་རྟེན་ན་ནི་རྟག་ཏུ་དགའ།། ་མཐུ་དང་ལྡན་ཞིང་ཡིད་འོང་སྒྲ་སྐད་འབྱུང་།། མཆོད་རྟེན་མེ་ཏོག་རྙིས་བསུ་འཕྱག་པ།། ཆོས་མཆོག་རབ་མཛེས་ཡང་དག་སྤྱོད་བྱེད་ཅིང་།། དེ་ལུས ་པར་དག་ལ་ཆེན་པོར་འོང་རིང་པོར་མི་ཐོགས་འཇིག་རྟེན་སངས་རྒྱས་འགྱུར།། འཇིག་རྟེན་སངས་རྒྱས་འགྱུར་བྱར་མོས་བསྐྱེད།། སྟོན་པའི་མཆོད་རྟེན་ཐལ ་སྦྱར་ཕྱག་འཚལ་བ།། འཇིག་རྟེན་དག་ན་བླ་མར་བསྐུར་སྟི་བྱ།། དེ་ནི་མཛེས་ཤིང་ལྷ་ན་སྡུག་པར་འགྱུར།། དེ་འདིར་རྒྱལ་སྲིད་ཐོབ་ནས་ལྷ་ཀླུ་མི།། ལྟོ་འཕྱེ་ཆེ་དང ་འཇིག་རྟེན་ཐམས་ཅད་འདུད།། སྟོང་གི་འཇིག་རྟེན་ཁམས་ཀུན་རྒྱས་པར་འགྱུར།། དབང་ཕྱུག་ཉིད་དུ་དབང་ཐོབ་རྒྱལ་སྲིད་སྟོན།། དེའི་ཡུལ་ན་སེམས་ཅན་གང་གནས ་པ།། དེ་ཀུན་ས་དྱས་ཡེ་ཤེས་རྫོགས་ལ་བགོད།། དེ་ནི་ངན་སོང་ས་ཡང་རྣམ་པར་སྤོང་།། དེ་དག་རྣམས་ནི་དོན་མཆོག་དམ་པ་བྱེད།། བསོད་ནམས་བློ་གྲོས་དྲན་ལྡན ་མཆོད་འོས་འགྱུར།། དབུགས་འབྱིན་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ།། དེའི་གཡོག་འཁོར་ཡིད་འོངས་སྐད་ལྡན།། བསམ་པ་ཇི་བཞིན་དེ་དག་དགའ་བ ་སྐྱེད།། སེམས་ཅན་རྣམས་ལ་མི་ལྷོང་ཞི་ཚིག་སྟོན།། དེ་ལ་སུ་ཡང་དབང་ཕྱུག་མེད་མི་བྱེད།། སྐྱེ་བོའི་ཚོགས་ཆེན་དག་གིས་ལྷ་འོས་འགྱུར།། དེའི་གཡོག ་ཀྱང་སྒྲ་དབྱངས་ཡན་ལག་དག། སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ།། སྤྲིན་དང་སྙན་པར་སྨྲ་དང་དོན་སྤྱོད་དང་།། དོན་མཐུན་བདག་པོ་སྐྱེ་བོ ་མངལ་བྱེད།། སྤྱོས་ཤིང་བརྒྱད་ཀྱང་ཁྲོ་བའི་དངོས་མི་སྐྱེད།། སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ།། མཐོ་རིས་འཇིག་རྟེན་གནས ་ཤིང་ལྷ་དབང་འགྱུར།། མིར་འགྱུར་ན་ཡང་མིའི་རྒྱལ་པོར་འོང་།། དེ་ནི་གཞར་ཡང་ཡོངས་སུ་ཉམས ་མི་འགྱུར།། སངས་རྒྱས་མཆོད་རྟེན་ཐའ་སྦྱར་ཕྱག་འཚལ་བ།། དེ་ནི་གཞར་ཡང་ངན་སོང་བྱིས་མི་ལྷུང་།། འཇིག་རྟེན་འདིར་དེ་རྟག་ཏུ་འདོད་པ ་སྤོང་ནོར་ཅན་ནང་ན་ཕྱུག་ཅིང་མཛོད་མང་འགྱུར།། ཡོན་ཏན་ལྡན་ལ་ཚིག་གཅིག་སུ་སྨྲ་བ།། དེ་ནི་མི་རིགས་སྔགས་ལ་གཞར་མི་སྤྱོད།། མི་ཡི་འཇིག ་རྟེན་གནས་མིན་སྦྱོང་མི་འགྱུར།། དེ་ལ་སེམས་ཅན་མི་ངོམ་དགའ་བར་འགྱུར།། ཡིད་འོང་དབྱངས་ལྡན་པོ་བྲང་འཁོར་གཤེགས་ཤིང་།། འཇིག་རྟེན་མགོན ་པོ་སྒོ་གཏན་བཞུགས་པའི་ཚེ།། སུ་ཞིག་ཤུགས་སྐྱེད་མེ་ཏོག་བླངས་ཏེ་གཏོར།། དེ་ནི་རྒྱན་ནས་རྒྱལ་བ་དམ་པ་མཐོང་།། རང་གི་ཁྱིམ་དུ་སྟོབས་བཅུ་བསྙེན ་བཀུར་བྱེད།། དེའི་བཤོས་གསོལ་ཆོས་བཟང་སྟོན་པ་མཛད།། དད་པ་སྐྱེས་ནས་མི་མཆོག་བསྙེན་བཀུར་བྱེད།། གོས་ཀྱང་ཐོགས་མེད་རྣམ་པར་འདྲེན་ལ་ཕུལ། ་སངས་རྒྱས་བྱང་ཆུབ་མཚུངས་མེད་མཆོག་ཐོབ་ནས།། སྟོབ་བཅུ་ལྡན་ཞིང་གཡོ་བ་མེད་གྱུར་ལ།། སངས་རྒྱས་སྡུག་བསྔལ་སྐྱེ་བོ་འགྲོ་ལ།། འཇིག་རྟེན ་ཀུན་ཏུ་མཚུངས་མེད་སངས་མེད་སངས་རྒྱས་ཤོག། དེ་ཡི་སྨོན་ལམ་འདི་འདྲ་འདི་དང་ནི།། སངས་རྒྱས་ཡེ་ཤེས་དེ་སེམས་དཔའ་མཁྱེན་ནས།། སྟོངས ་བཅུ་འཛུམ་མཛད་འཇིག་རྟེན་ཐམས་ཅད་དུ།། མཆུང་མེད་སངས་རྒྱས་འགྱུར་ཞེས་ལུང་སྟོན་ཏོ།། སྐྱེ་བུ་དམ་པ་མཆོག་གི་གསུང་ཐོས་ནས།། བདེ་གཤེགས ་གསུང་གཞན་མི་འགྱུར་དགོས་མེད་ཅེས།། དགའ་ཞིང་མགུ་ནས་བར་སྣང་ཀུན་དུ་རྒྱུ།། འཇིག་རྟེན་ལྷའི་ལྷར་གྱུར་སངས་རྒྱས་སུ།། ཁྱད་འཕག་མ་ཆུང་མེད་སྦྱིན ་གནས་འགྱུར་བ་དང་།། དེ་སེམས་སྤྱོད་དང་དགའ་བར་གནས་མཁྱེན་ནས།། དེ་ལ་སྟོབས་བཅུ་མངའ་བས་བཞེས་པར་འགྱུར།། བདེ་གཤེགས་མཆོག་གི་གོས ་ནི་བ་ཞེས་རིག་ནས།། དེ་ནི་ཤུགས་སྐྱེས་རང་དགའ་སེམས་མགུ་སྟེ།། མཚུངས་མེད་འཇིག་རྟེན་མགོན་ལ་ལྷས་ནས་ནི།། འཇིག་རྟེན་སངས་རྒྱས་བདག ་འགྱུར་མོས་པ་སྐྱེད།། སྐྱེ་ཤི་ཕ་རོལ་སེམས་ཅན་བསྒྲལ་བར་བྱ།། གྲོལ་ནས་སྐྱེ་བོ་མང་པོ་འདུས་བྱས་དགྲོལ།། འཇིག་རྟེན་ཀུན་ན་ལོང་བའི་མིག་བདག ་གྱུར།། སྣང་བ་ཐོབ་ནས་མུན་པ་རང་རིང་བསལ།། དེ་ལྷའི་ཕན་ཡོན་དམ་པ་འདི་ཐོས་ནས།། མེ་དོག་ཕྲེང་བ་རྒྱལ་མཚན་གོས་མཆོག་དང་། རོལ་མོ་སྒྲ་དང ་གདུགས་དང་བྱུག་གདུག་གིས།། མགོན་པོ་མཆོག་ལ་སངས་རྒྱས་འགྱུར་བར་གྱིས།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།། དགེ་སློང ་དེ་དག་དང་།། ཐོ་གྲོས་རྣམ་པར་དག་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་དང་།། ལྦ་དང་མི་དང་།། ལཱ་མ་ཡིན་དང་།། དྲི་བར་བཅས་པའི ་འཇིག་རྟེན་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སྤྱན་རས་གཟིགས ་ཤེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་འཛི་ན་མི་ཏྲ་དང་། ད་ན་ཤི་ལ་དང་། ཞུ་ཆེན་གྱི་ལོ ་ཚ་བ་བན་དྷེ་ཡེ་ཤེས་སྡེས་སྒྱུར་ཅིང་ཞུས་ཏེ། སྐད་བསར་བཅད་ཀྱིས་བཅོས་ནས་གཏན་པ་ཕབ་པ།། ་