CLOSE WINDOW

F331: 'phags pa bdag med pa dris pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨརྱ་ནེའི་རང་མྱ་པ་ར་བྲིད་ཚ་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བདག་མེད་པ་དྲིས་པ་ཞེས ་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་ནས་དམིགས་པའི་ལྟ་བ་ཅན་རྣམ་པར་རྟོག་པ་དང་བཅས ་པའི་མུ་སྟེགས་པ་དེ་རྣམས་ཐེག་པ་ཆེན་པོ་པའི་གན་དུ་སོང་སྟེ། ཞེས་དང་བཅས་ཤིང་ཐལ་མོ་སྦྱར་ནས། བདག་མེད་པའི་དྲི་བ་དག་ཡོངས་སུ་དྲིས་པ། ་རིགས་ཀྱི་བུ་ཐམས་ཅད་མཁྱེན་པས་ནི་ལུ་ལ་བདག་མེད་དོ་ཞེས་གསུངས་ལ། གལ་ཏེ་ལུས་ལ་ཡང་དག་པར་བདག་མེད་ན། ཇི་ལྟར་ན་དེ་ལས་བརྩེ་བ་དང་། ་རྒོད་པ་དང་། དུ་བ་དང་། རོལ་པ་དང་། ཁྲོ་བ་དང་། ང་རྒྱལ་དང་། ཕྲ་དོག་དང་། ཕྲ་མ་ལ་སོགས་པ་ཀུན་ཏུ་འབྱུང་བར་འགྱུར། ཅི་ལུས་ལ་ཡང་དག་པར་ན་བདག ་ཡོད་དམ་མེད་པ་ཡིན། བདག་ཅག་གི་ཐེ་ཙོམ་དེ་དག་ཁྱེད་ཀྱིས་བསལ་བ་རིགས་སོ།། ཐེ་མ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། གྲོགས་པ་དག་ལུས་ལ་ནི་བདག་ཡད་པར ་ཡོད་དོ་ཞེས་འམ་མེད་དོ་ཞེས་གཉི་གར་ཡང་འདིར་བརྗོད་པ་མི་བྱ་སྟེ། ཡང་དག་པར་ཡོད་དོ་ཞེས་བརྗོད་པ་ནི་ལོག་པར་སྨྲ་བའོ།། གལ་ཏེ་ཡོད་ན་ནི་ཇི་ལྟར ་ན་དེ་སྐྲ་དང་། སེན་མོ་དང་། ལྤགས་པ་དང་། མགོ་བོ་དང་། ཤ་དང་། རུས་པ་དང་། རྐང་དང་། ཚིལ་དང་། རྒྱུས་པ་དང་། མཆིན ་པ་དང་། རྒྱུམ་དང་། མེད་པ་དང་། ལག་པ་དང་། རྐང་པ་དང་། ཡན་ལག་དང་། ཉིང་ལག་ལ་སོགས་པ་ལུས་ཐམས་ཅད་ཕྱི་དང་ནང་དུ་བཅས་པ་ལ་ནམ། ་པར་བརྟགས་ན་བདག་ཡང་དག་པར་མི་སྣང་ངོ་།། མུ་སྟེགས་པ་རྣམས་ཀྱིས་སྨྲས་པ། ལྷའི་མིག་དང་ལྡན་པ་འགའ་ཞིག་གིས་མཐོང་གི་བདག་གི་རྣམས་ནི་ཤའི་མིག་ཅན་ཡིན ་པས་བདག་ཡང་དག་པར་ཇི་ལྟར་མཐོང་། ཐེག་པ་ཆེན་པོ་པ་རྣམས་སྨྲས་པ། ལྷའི་མིག་དང་ལྡན་པ་རྣམས་ཀྱིས་ཀྱང་མི་མཐོང་སྟེ། གང་ལ་ཁ་དོག་མེད་པ་དང་། གཟུགས ་མེད་པ་དང་། དབྱིབས་མེད་པ་ཇི་ལྟར་མཐོང་བར་འགྱུར། མུ་སྟེགས་པ་རྣམས་ཀྱིས་སྨྲས་པ། ཅི་མེད་པ་ཡིན་ནམ། ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། མེད་དོ ་ཞེས་བརྗོད་པ་ན། ཡོད་དོ་ཞེས་བརྗོད་པ་ནི་ལོག་པར་སྨྲ་བའོ།། གལ་ཏེ་ལྷ་མེད་ན་ཇི་ལྟར་འདི་མངོན་སུམ་དུ་ཡོད་པ་རྩེ་བ་དང་། རྒོད་པ་དང་། དུ་བ་དང་། རོལ་པ་དང་། ཁྲོ་བ ་དང་ང་རྒྱལ་དང་། ཕྲག་དོག་དང་། ཕྲ་མ་ལ་སོགས་པ་ཀུན་ཏུ་འབྱུང་བར་འགྱུར། དེ་བས་ན་མེད་དོ་ཞེས་བརྗོད་པར་ཡང་མི་ནུས་ཏེ། ཡོད་དམ་མེད་ཅེས་གང་འདི་ལྟར་བརྗོད ་པར་མི་བྱ་སྟེ། ཉེས་པ་འདི་ཡོད་པ་ན། ཡོད་པའོ།། ཞེ་འམ། མེད་པའོ་ཞེས་བརྗོད་པར་མི་བྱའོ།། མུ་སྟེགས་པ་རྣམས་ཀྱིས་སྨྲས་པ། འོ་ན་འདིར་གང་ཞིག་དམིག་པར་འགྱུར། ་ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། དམིགས་པར་འགྱུར་བ་ནི་ཅི་ཡང་མེད་དོ།། མུ་སྟེགས་པ་རྣམས་ཀྱིས་སྨྲས་པ། ཅིནམ་མཁའ་ལྟར་སྟོང་པ་ཉིད་ཡིན་ནམ། ཐོག ་མཆེན་པོ་པ་རྣམས་ཀྱིས་སྤྲས་པ། གྲོགས་པོ་དག་དེ་བཞིན་ཏེ། ནམ་མཁའ་ལྟར་སྟོང་པ་ཉིད་ཡིན་ནོ།། མུ་སྟེགས་པ་རྣམས་ཀྱིས་སྨྲས་པ། གལ ་ཏེ་དེ་ལྟར་ཡིན་ནམ། རྩེ་བ་དང་། རྒོད་པ་དང་། དུ་བ་དང་། རོལ་པ་དང་། ཁྲོ་བ་དང་། ང་ལ་རྒྱལ་དང་། ཕྲག་དོག་དང་། ཕྲ་མ་ལ་སོགས་པ་ཇི་ལྟར་བརྞྞ། ་བར་བགྱི། ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། སྒྱུ་མ་དང་། རྨི་ལམ་དང་། མིག་འཕྲུལ་དང་འདྲ་བ་ཉིད་ཡིན་ནོ།། མུ་སྟེགས་པ་རྣམས་ཀྱིས་སྨྲས་པ། སྒྱུ ་མ་ནི་ཇི་ལྟ་བུ་ལགས། རྨི་ལམ་དང་། མིག་འཕྲུལ་ནི་ཇི་ལྟ་བུ་ལགས། ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། སྒྱུ་མ་ནི་ཚོན་པ་ཙམ་མོ།། རྨི་ལམ་ནི་སོ་སོར་སྣང ་བ་ཙམ་སྟེ། གཟུངས་པར་བྱ་བ་མ་ཡིན་ཞིང་རང་བཞིན་གྱིས་སྟོང་པ་ཡོད་པ་མ་ཡིན་པའི་ངོ་བོ་ཉིད་དོ།། མིག་འཕྲུལ་ནི་བཅོས་པ་ཙམ་དུ་དགོས་པའོ།། གྲོགས་པོ ་དག་དེ་བཞིན་ཏེ། དངོས་པོ་ཇི་སྙེད་པ་ཐམས་ཅད་ནི། སྒྱུ་མ་དང་། རྨི་ལམ་དང་། མིག་འཕྲུལ་དང་འདྲ་བར་ཤེས་པར་བྱའོ།། གཞན་ཡང་ཀུན་རྫོབ་དང་། ་དོན་དམ་པ་དག་ལ་བསྟེན་པར་བྱ་སྟེ། དེ་ལ་ཀུན་རྫོབ་ཅེས་བྱ་བ་ནི། འདི་ནི་གཞན་ནོ་ཞེས་བྱ་བ་དང་། སྲོག་དང་། སྐྱེས་བུ་དང་། གང་ཟག་དང་། ་བྱེད་པ་པོ་དང་། ཚོར་བ་པོ་དང་། ནོར་དང་། བུ་དང་། ནུང་མ་དང་། མཛའ་བཤེས་དང་། ཉེ་དུ་ལ་སོགས་པར་རྟོག་པ་དེ་ནི། ཀུན་རྫོབ་ཅེས་བྱ་བའོ།། གང་ལ ་སྐྱེས་བུ་མེད་པ་དང་། ་བདག་མེད་པ་དང་། གཞན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། བྱེད་པ་པོ་མེད་པ་དང་། ཚོར་བ་པོ་མེད་པ་དང་། ནོར་མེད་པ་དང་། བུ་མེད་པ་དང་། རླུང ་མ་མེད་པ་དང་། མཛའ་བཤེས་མེད་པ་དང་། ཉེ་དུ་ལ་སོགས་པ་མེད་པ་དེ་ནི་དོན་དམ་ཞེས་བྱའོ།། གང་ལ་རང་བཞིན་གྱིས་དངོས་པོ་ཐམས་ཅད་དུ་ཡོངས་སུ་བརྟགས ་ཤིང་དགེ་བ་དང་། མི་དགེ་བའི་འབྲས་བུ་དང་། སྐྱེ་བ་དང་། འགག་པའི་ནི་ཀུན་རྫོབ་པོ།། དགེ་བ་མེད་པ་དང་། མི་དགེ་བའི་འབྲས་བུ་མེད་པ་དང་། སྐྱེ ་བ་མེད་པ་དང་། འགག་པ་མེད་པ་དེ་བཞིན་ཉིད་ཀྱིས་ངོ་བོ་ཉིད་དེ་ལ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་དེ། དེ་ནི་དབུ་མའི་ཆོས་རྣམས་ཀྱི་སྒྲུབ ་པ་ལྷུར་ལེན་པའོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། ཀུན་རྫོབ་དང་ནི་དོན་དམ་ཏེ།། དབྱེ་བ་ཉིད་དུ་ཡང་དག་བཤད། ཀུན་རྫོབ་འཇིག་རྟེན་པ་ཡི་ཆོས།། དོན་དམ ་འཇིག་རྟེན་འདས་པའོ།། ཀུན་རྫོབ་ཆོས་ལ་ཞུགས་པའོ།། སེམས་ཅན་ཉོན་མོངས་དབང་དུ་འགྲོ།། དོན་དམ་ཡོངས་སུ་མ་ཤེས་པས།། འཁོར་བར་ཡུན་རིང་འཁོ ་བར་འགྱུར།། ཀུན་རྫོབ་འཇིག་རྟེན་ཆོས་རྣམས་ལ།། མི་མཁས་པ་དག་རྟོག་པར་བྱེད།། ཀུན་ཏུ་རྟོག་པ་དེ་ཡིས་ནི།། སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར།། ཇི ་ལྟར་སོ་སོ་སྐྱེ་བོ་ཡི།། བྱིས་པས་གྲོལ་བར་མི་ཤེས་པས།། མི་བཟད་པ་ཡི་སྡུག་བསྔལ་དག། མང་པོ་རྗེས་སུ་མྱོང་བར་འགྱུར།། གང་དུ་སྲིད་པ་འགྱུར་བ་ཡི། ་དོན་དམ་དག་ནི་མི་ཤེས་པས།། སྐྱེ་བ་དག་ནི་འགག་འགྱུར་ཞིང་།། སྐྱེ་མེད་འགྲོ་དང་འོང་བར་འགྱུར།། འཇིག་རྟེན་ཆོས་ལ་གནས་པ་ཡི། ་བློན་པོ་འཁོར་ལོ་བཞིན་དུ་འཁོར།། སྡུག་བསྔལ་གནས་ཅན་འཁོར་བ་འདིར།། ཡང་དང་ཡང་དུ་འཁོར་བར་འགྱུར།། ཇི་ལྟར་ཉི་མ་ཟླ་བ་དག། སླར་ཡང་འོང་ཞིང་འགྲོ་བར་བྱེད།། ་དེ་བཞིན་སྲིད་པར་འཕོ་བ་ན།། སླར་ཡང་འོང་ཞིང་འགྲོ་བར་འགྱུར།། འཁོར་བ་ཐམས་ཅད་མི་རྟོག་ཅིང་།། མི་བརྟེན་སྐད་ཅིག་འཇིག་རྟེན་ཉིད།། དེ་བས་དོན་དམ་ཤེས་པ་ཡིས། ་ཀུན་རྫོབ་བདེན་པའི་གནས་སྤངས་།། མཐོ་རིས་གནས་ནས་ལྷ་རྣམས་དང་།། དྲི་ཟ་ལྷ་མིན་རྣམས་ཀྱང་ནི།། ཀུན་ལ་འཕོ་བ་ཡོད་པར་གྱུར།། ཀུན་ཀྱང་ཀུན་རྫོབ་འབྲས་བུ་ཡིན།། གྲུབ ་དང་རིགས་འཛིན་གནོད་སྦྱིན་དང་།། དྲི་ཟ་དང་ནི་ལྟོ་ཕྱེ་རྣམས།། སླར་ཡང་དམྱལ་བར་འགྲོ་འགྱུར་བ།། ཀུན་ཀྱང་ཀུན་རྫོབ་འབྲས་བུ་ཡིན།། གང་ཞིག་བརྩོན་དྲག་ལྷ་རྣམས་དང་། ་ཡོན་ཏན་འབྱུང་གནས་ལ་གནས་གང་།། མཐོ་རིས་ལས་འཕོ་ལྟུང་གྱུར་པ།། ཐམས་ཅད་ཀུན་རྫོབ་འབྲས་བུ་ཡིན།། བརྒྱ་བྱིན་འཁོར་ལོས་བསྒྱུར་ཉིད་དེ།། གང་གིས་དམ ་པའི་གནས་ཐོབ་ནས།། སླར་ཡང་བྱོལ་སོང་སྐྱེ་གནས་འཇུག། ཐམས་ཅད་ཀུན་རྫོར་འབྲས་བུ་ཡིན།། དེ་བས་མཐོ་རིས་ལྷ་རྣམས་ཀྱི།། བདེ་བ་བཟང་པོ་ཀུན་སྤོངས་ལ ་བྱང་ཆུབ་སེམས་ནི་འོད་གསལ་བ།། རྣལ་འབྱོར་པས་ནི་རྟག་ཏུ་སྒོམ།། དངོས་པོ་མེད་ཅིང་དམིགས་སུ་མེད།། ཐམས་ཅད་སྟོང་པ་གནས་མེད་པ།། སྤྲོས་པ་རྣམས་ལས་ཡང ་དག་འདས།། བྱང་ཆུབ་སེམས་ནི་མཚན་ཉིད་ཡིན།། སྲ་བ་མ་ཡིན་འཇམ་པ་མིན།། དྲོ་བ་མ་ཡིན་གྲང་བ་མིན།། དེ་ནི་རེག་མིན་གཟུང་བྱ་མིན།། བྱང་ཆུབ་སེམས་ཀྱི་མཚན ་ཉིད་ཡིན།། རིང་པོ་མ་ཡིན་འཐུང་བ་མིན།། ཟླུམ་པོ་མ་ཡི་གྲུ་གསུམ་མིན།། ཕྲ་བ་མ་ཡིན་སྦོམ་པ་འང་མིན།། བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན།། བསྒོམ་པ་རྣམས་ལས་རྣམ་འདས ་ཤིང་རྟཿམུ་རྟོགས་རྣམས་ཀྱི་སྤྱོད་ཡུལ་མིན།། ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ།། བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན།། དཔེ་མེད་བསྒོམ་དུ་མེད་པ་དང་།། མཐོང་མིན་གནས་ཀྱི་མཆོག ་གྱུར་ལ།། རང་བཞིན་གྱིས་ནི་རྣམ་དག་པ།། བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན།། ཐམས་ཅད་དབུ་བ་ལྟ་བུ་སྟེ།། ཆུ་བུར་ལྟ་བུར་སྙིང་པོ་མེད།། རྟག་པ་མ་ཡིན་བདག་མེད་པ། ་སྒྱུ་མ་མིག་རྒྱུ་དག་དང་མཚུངས།། གོང་བུ་བཞིན་དུ་བསྡུས་གྱུར་པ།། སྤྲོས་པ་རྣམས་ཀྱི་ཡོངས་སུ་གང་།། འདོད་ཆགས་ཞེ་སྡང་ལ་སོགས་ལྡན།། དེ་ནི་རྒྱུ་མཚུངས་འབའ ་ཡིན།། ཇི་ལྟར་ནང་ན་ཐིག་ལེ་ནི།། སྐད་ཅིག་དེ་ལ་མི་མངོན་ཏེ།། ཤེས་རབ་ཕ་རོལ་ཕྱིན་མཐོང་ན།། དེ་བཞིན་བློ་ནི་འདུས་མ་བྱས།། རྟག་ཏུ་རྒོད་ཅིང་རྩེ་བ་དང་།། སྨྲ་ཞིང་གླུ་དང ་རོལ་མོ་དང་།། གཞི་ལ་སོགས་པའི་བདེན་པ་རྣམས།། དེ་དག་ཐམས་ཅད་རྨི་ལམ་མཚུངས།། ལུས་ཅན་ཀུན་གྱིས་འདུས་བྱས་པ།། འདི་ཀུན་རྨི་ལམ་དང་མཚུངས་པ།། རྨི་ལམ ་སེམས་ཀྱི་ཀུན་རྟོག་སྟེ།། སེམས་ཀྱང་ན་མཁའ་ལྟ་བུ་ཡིན།། གང་ཞིག་ཚུལ་འདི་རྟག་སྒོམ་པ།། ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ།། གང་ཞིག་འདི་ནི་རྟག་སྒོམ་པ།། ་དངོས་པོ་ཀུན་ལས་རྣམ་གྲོལ་ནས།། གོ་འཕངས་མཆོག་ནི ་ཐོབ་པར་འགྱུར།། བླ་ན་མེད་པའི་བྱང་ཆུབ་གང་།། སངས་རྒྱས་ཀུན་གྱིས་རྣམ་སྒོམ་པ།། ་སྒོམ་དང་བཅས་པས་འཛིན་ན་ནི།། ཐེག་ཆེན་འབྲས་བུ་ཐོབ་པར་འགྱུར།། ་འཕགས་པ་བདག་མེད་པ་དྲིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། །། རྫོགས་སྷོ།། ། ་རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་པ་ཏ་དང་། ཞུ་ཆེན་གྱི་ལོནྡྲ་དགེ་སློང་རིན་ཆེན་བཟང་པོའི ་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པ།། ཡེ་དྷརྨ་ཧེ་ཏུ་པྲ་བྷཝ་ཧེ་ཀུ་ནྡེ་ཥན་ཏ་ཐཱ་ག་ཏོ་ཧྱ་བ་ད ་ན་ཙ་ཡོ་ནི་རོ་དྷ། ཨེ་ཝ་བ་ཏི་མ་ཧཱ་ཤྲ་མ་ཎ་ཡ་སྭཱ་ཧཱ།། ། སརྦ་མངྒ་ལམ། བཀྲ་ཤིས་