CLOSE WINDOW

F325: 'phags pa rgyal bu don grub ces bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

འཕགས་པ་རྒྱལ་བུ་དོར་གྲུབ་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།། །། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ ་ལོ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་གཉེན་དུ་ཡོད་པ་ན། རྒྱལ་བུ་འཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ ་ན་དགེ་སློང་དང་། དགེ་སློང་མ་དང་། དགེ་སྙེན་དང་། དགེ་སྙེན་མ་གྲངས་མེད་པ་དང་། ཐབས་གཅིག་ཏུ་བཞུགས་སོ།། དེའི་ཚེ་ན་བཅོམ་ལྡན་འདས་འཛུམ ་མུལ་མཛད་ནས། ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་བཀྱེ་བ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། གོས་ཚགས་བཅོས་ནས་ཐལ་མོ་སྦྱར ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བདག་གིས་སངས་རྒྱས་ཀྱི་ཞམ་འབྲིང་ལོ་ཉི་ཤུ་བགྱིས་ཀྱིས་བར་དུ་དེང་འདྲ་བར་བཞད་པར་མ་མཐོང་ན། བཅོམ་ལྡན ་འདས་ཀྱིས་སྔོན་འདས་པ་འམ། མ་བྱོན་པ་འམ། ད་ལྟར་བྱུང་བའི་སངས་རྒྱས་ལ་དགོངས་སམ། དེ་མ་ལགས་པ་ཅི་ལ་དགོངས་པའི་དོན་བསྟན་དུ་གསོལ།། བཅོམ ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་འདས་པ་འམ། མ་འོངས་པ་འམ། ད་ལྟར་བཞུགས་པ་ལ་དགོངས་པ་མ་ཡིན་གྱི། མངོན་པར་དྲན་པ ་ང་སྔོན་བསྐལ་པ་གྲངས་མེད་པ་འདས་པའི་ཕ་རོལ་ན། སྦྱིན་པ་བྱིན་དངོས་པོ་ལ་དགོངས་ཏེ། དེའི་ཚེ་དེའི་དུས་ན་ཡུལ་ཡ་བ་ཞེས་བྱ་བར་རྒྱལ ་པོ་དགེ་བ་ཞེས་བྱ་བ་དང་པོའི་ཆོས་ཀྱིས་ཡུལ་གྱི་སྲིད་འཛིན་ཏེ། འགྲོ་བ་མང་པོ་ལ་སྐྱོང་བ་ཞིག་བྱུང་ངོ་།། རྒྱལ་པོ་དེ་ལ་བློན་ནཱི་བཞི་སྟོང་ཡོད་དེ་རྒྱལ་ཕྲན་དྲུག་བཅུ་ལ་དབང ་སྦྱར་རོ།། གྲོང་ཁྱེར་ཆེན་པོ་བརྒྱད་བརྒྱ། བ་གླང་གི་གླང་པོ་ཆེ་ལྔ་བརྒྱ་ཡོད་དེ།། རྒྱལ་པོ་ལ་བཙུན་མོ་ཉི་ཁྲི་ཡོད་ཀྱང་སྲས་མི་མངའ་བས། རི་དང་ཀླུང་གི་ལྷ་བརྙན་ལ་མཆོད ་བྲན་བྱས་ནས། བཙུ་ན་མོ་དམ་པ་ལ་སྲས་མངའ་བར་གྱུར་ཏེ། བཙུན་མོའི་མལ་ཆ་དང་། ཟས་དང་སྒོམ་ལ་སོགས་པ་ཡོ་བྱད་ཞིམ་ཞིང་བཟང་པོར་སྦྱར་ནས། རྒྱལ་པོ ་ཉིད་ཀྱིས་རིམ་གྲོ་བྱས་ཏེ། ཟླ་བ་བཅུར་ཚང་ནས། རྒྱལ་བུ་ཞིག་བཙས་སོ།། ཕྲོ་བྲང་གི་བཙུན་མོ་ཉི་ཁྲི་སྙེད་ཀྱང་རྒྱལ་བུ་ཞིག་བཙས་ཤེས་ཐོས་ནས་ཐམས་ཅད་དགའ ་རངས་ཏེ། ནུ་ནཽ་ཡང་རང་བྱུང་ནས་རྒྱལ་བུའི་མཚན་ཡང་དོན་གྲུབ་ཅེས་བཏགས་སོ།། རྒྱལ་བུ་ནུ་ཞོ་སྣུན་ཅིང་རིམ་གྲོ་བྱེད་པ་བཞི་ཞིག་བཀོས་ཏེ། གཅིག་ནི་རུ་མ ་སྣུན་པའི་ལས་བྱེད། ཅིག་ནི་རྒྱལ་བུ་པང་དུ་ཁྱེར་བར་བསྐོས།། གཅིག་ནི་རྒྱལ་བུ་བཙེར་ཁྱེར་བའི་ལས་སུ་བསྐོས། དེ་ལྟར་བསྐོས་ནུས་རྒྱལ་བུ་ལོ་བཅུ་དྲུག་ལོན་པ་དང ་ཡིག་རྩིས་པ་དང་། འཕོང་རྩལ་དང་། བཟོ་སྤྱང་དང་། རོལ་མོ་ལ་སོགས་པ་གང་ཡང་མི་ཤེས་པ་མེད་དེ།། ཐམས་ཅད་ཀྱང་ལོ་བས། རྒྱལ་པོ་ཡབ་དང་ཡུམ ་ལ་ལྷ་བཙུན་འདྲ་བར་རིམ་གྲོ་བྱེད། རྒྱལ་པོས་ཀྱང་རྒྱལ་བུའི་ཕོ་བྲང་ལོགས་ཤིག་ཏུ་བཅིགས་སོ།། རྒྱལ་བུ་དེ་ཆུང་ནས་སྦྱིན་པ་ལ་དགའ་བས་མ་ལ་སོགས་ཏེ། རི་དག ་དང་འདབ་ཆགས་བྱའི་བར་དུ་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་པར་དགའ་སྟེ། གཅིག་ཏུ་ཡང་གང་མི་ཤེས་པ་གཏི་མུག་ཅན་ནི་སྦྱིན་པ་ལ་མི་དགའ་བས་བདག་སྨྲས་ཏེ་ཕན ་པའི་དོན་མེད་ཀྱི། མཁས་པ་ཤེས་རབ་ཅན་ནི་འཇིག་རྟེན་ན་གནས་ཀྱང་། སྦྱིན་པ་ལ་ཡོན་ཏན་ཆེར་མཐོང་སྟེ། སྦྱིན་པ་བྱིན་པས་སྔ་མ་འདས་པ་དང་། མ་བྱོན་པ་དང་། ད ་ལྟར་བཞུགས་པའི་སངས་རྒྱས་དང་། དགྲ་བཅོམ་པ་ཐམས་ཅད་ཀྱིས་བསྔགས་པར་འགྱུར་རོ།། ཞེས་སྨྲའོ།། རྒྱལ་བུ་བགས་ཀྱིས་ཆེར་སྐྱེས་ནས། རྒྱལ་པོ་ཞིག ་གི་བུ་མོ་མན་དེ་ཞེས་བྱ་བ་མངའ་བྱང་བཟང་བ། སྡུག་པ་དཔེ་ཟླ་མེད་པ། གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་གཅིག་བཙུན ་མོར་བླངས་ནས་བུ་མིང་སྲིང་གཉིས་ཤིག་ཡོད་པར་གྱུར་ཏོ།། དེ་ནས་རྒྱལ་བུ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དོན་སེམས་དཔའ་ལ་ཞུགས་ནས། ཡབ་རྒྱལ་པོ་ལ་བདག ་ནི་རྩེ་ཞིང་ལྟད་མོ་ལྟར་མཆིའི་ཞེས་གསོལ་པ་དང་། རྒྱལ་པོས་ཀྱང་དེ་བཞིན་དུ་གནང་ངོ་།། དེ་ནས་རྒྱལ་པོ་ཕོ་བྲང་ནས་བྱུང་བ་དང་། བརྒྱ་བྱིན་ལྷའི་དབང་པོས་གྲོང་ཁྱེར་གྱི ་སྒོ་ལམ་སྲང་དག་ན། དབུལ་ཕོངས་ལོངས་པ་འོན་པ། ལྐུགས་པའི་སློངས་མོ་བ་ཅིག་ཏུ་སྤྲུལ་ནས་སྡོད་དུ་བཅུག་གོ། རྒྱལ་བུས་དེ་དག་མཐོང་བ་དང་། དེ་མ་ཐག་ཏུ ་ཕྱིར་ལོག་ནས་ཕོ་བྲང་དུ་ཞུགས་ཏེ། མྱ་ངན་ཆེན་པོས་ནོན་ནས་མི་དགའ་ཞིང་འདུག་པ་དང་། ཡབ་རྒྱལ་པོས་སྲས་རྒྱལ་བུ་ལ་འདི་སྐད ་ཅེས་བགོའོ།། རྩེ་ཞིང་ལྟད་མོ་བལྟར་བཏང་ན། ཅིའི་ཕྱིར་མི་དགའ་ཞིང་མྱ་ངན་བྱེད་པར་གྱུར་ཅེས་དྲིས་པ་དང་། རྒྱལ་བུས་ཡབ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ ་ཏོ།། བདག་བརྩེ་ཞིང་ལྟད་མོ་ལྟར་མཆིས་པ་ལས་སློངས་མོ་པ་འོན་པ་ལོང་བ་ལྐུགས་པ་མང་པོ་དང་མཇལ་བས། མྱ་ངན་གྱིས་ནོན་པར་གྱུར་ཏེ། ད་ཡབ་རྒྱལ་པོ་ལ ་གསོལ་པ་རྣམ་པ་ཅིག་ཅིག་གསོལ་ན། རྒྱལ་པོས་གནང་ངམ་ཡབ་རྒྱལ་པོས་ཁྱོད་ཅི་དང་ཅི་འདོད་པ་སྨྲོས་ཤིག་དང་། གནང་བར་བྱ་ཞེས་བསྒོ་བ་དང་། རྒྱལ་བུས་ཡབ ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བདག་ནི་ཡབ་རྒྱལ་པོ་མངའ་བའི་བང་མཛོད་རིན་པོ་ཆེ་མཆིས་པ་རྣམས་གྲོང་ཁྱེར་གྱི་སྒོ་བཞི་དང་། ཚོང་འདུས་སུ་སྦྱངས་ཏེ། སློང ་བ་ཐམས་ཅད་ལ་ཡིད་དང་། མི་འགལ་བར་སྦྱིན་པ་བགྱིད་པར་འཚལ་ལོ་ཞེས་གསོལ་པ་དང་། ཡབ་རྒྱལ་པོས་སྲས་རྒྱལ་བུ་ལ་ཅི་དང་ཅི་དགའ་བ་ཡིད་དང་མི་འགལ ་བར་གནང་ངོ་ཞེས་བསྒོའོ།། དེ་ནས་རྒྱལ་བུས་བློན་པོ་ལ་བསྒོ་ནས། ནོར་དབྱིག་རིན་པོ་ཆེ་རྣམས་ཤིང་རྟས་བསྐྱས་ཏེ། གྲོང་ཁྱེར་གྱི་སྒོ་བཞི་དང་། ཚོང་འདུས་སུ ་སྤུངས་ནས། ཕ་རོལ་པོ་འདོད་པ་བཞིན་དུ་སྦྱིན་པ་བྱིན་པ་དང་། ཡུལ་ཁམས་ཕྱོགས་ཀུན་ཏུ་རྒྱལ་བུའི་ཡོན་ཏན་གྲགས་པར་གྱུར་པས། ཁ་ཅིག་ནི་དཔག་ཚད ་བརྒྱ། ཁ་ཅིག་ནི་དཔག་ཚད་སྟོང་། ཁ་ཅིག་ནི་དཔག་ཚད་ཁྲིའི་ཕ་རོལ་ནས་ལྷགས་ནས། ཁ་ཟས་དང་སྐོམ་འདོད་པ་ལ་ནི་ཁ་ཟས་དང་སྐོམས་བྱིན་གང་གོས ་དང་། བགོ་བ་འདོད་པ་ལ་ནི་གོས་དང་བགོ་བ་བྱིན། གང་གསེར་དང་དངུལ་དང་། རིན་པོ་ཆེ་འདོད་པ་ལ་ཡང་ཇི་ལྟར་འདོད་པ་བཞིན་ཡིད་དང་མི་འགལ་བར་གྲང ་ཡང་མ་བཏང་བ་མེད་དོ།། །། དེའི་ཚེ་དེའི་དུས་ན་དགྲ་ལྔར་གྱུར་པའི་རྒྱལ་ཁམས་ཅིག་ཡོད་པ་དེས། རྒྱལ་བུ་སྦྱིན་པ་བྱིན་པ་ལ་དགའ་བས། ཕ་རོལ་པོའི་ཡིད ་བཞིན་ཡིད་དང་མི་འགལ་བར་ཡོངས་སུ་གཏོང་ངོ་ཞེས་ཐོས་ནས། བློན་པོ་རྣམས་དང་མཁས་པ་བློ་དང་ལྡན་པ་ཀུན་ལ་སོགས་པ་བསྡུས་ཏེ། འདི་སྐད་ཅེས ་བགྲོས་སོ་ཡུལ་ཡ་བའི་རྒྱལ་པོ་ལ་བལ་གྱི་གླང་པོ་ཆེ་པད་མོའི་སྟེང་ནས་འགྲོ་བ་སུ་ད་ཡ་ན་ཞེས་བྱ་བ་སྟོབས་དང་རྩལ་དུ་ལྡན་པ་ཞིག་དེ་དག་ནམ་དགྲ་ཟླའི་རྒྱལ ་ཁམས་གཞན་དང་འཐབ་པའི་ཚེ། བལ་གྱི་གླང་པོ་ཆེ་དེས་རྟག་ཏུ་རྒྱལ་བར་གྱུར་པས་ན། ཁྱེད་ལས་སུ་ཞིག་དེར་སོང་སྟེ། སློང་བར་ནུས་ཤེས་བགྲོས་ནས། ་བློན་པོ་ལས་གང་ཡང་འགྲོ་ནུས་པ་མ་བྱུང་ངོ་།། དེའི་ནང་ན་བྲམ་ཟེ་མི་རྒན་གཅིག་གིས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བདག་ཅག་གིས་བླང་ཞིང་མཆི་བར ་འཚལ་ན། བདག་ཅག་གིས་འཚོ་བ་དང་རྒྱགས་སྦྱོར་ཅིག་ཅེས་གསོལ་པ་དང་། རྒྱལ་པོས་དེའི་ཚོགས་དང་རྒྱགས་སྦྱར་ནས་བྲམ་ཟེ་ལ་འདི་སྐད་ཅེས་བསྒོའོ།། ་གལ་ཏེ་ཁྱོད་ཀྱིས་བན་གླང་དེ་ཁྲུགས་དེ་འོངས་ན། བྱ་དགའ་ཆེར་སྦྱིན་ནོ་ཞེས་གཙིགས་བྱས་སོ།། །། དེ་ནས་བྲམ་ཟེ་རྒད་པོ་འཁར ་བ་ཐོགས་ཏེ། ལ་ལུང་བགྲོད་ནས། ཡུལ་ཡ་བ་གང་ན་བ་དེར་སོང་ངོ་།། དེར་ཕྱིན་ནས་རྒྱལ་པོའི་སྒོར་མཁར་བ་ལ་སྐོམ་ཚུགས་སུ་བཅས་ཏེ། རྐང་པ་གཅིག་གི་འགྲེང་ཞིང ་སྡོད་དོ།། དེ་ནས་རྒྱལ་པོའི་སྒོ་བསྲུངས་པ་ཕོ་བྲང་གི་ནང་དུ་སོང་ནས། ཕྱི་རོལ་ན་བྲམ་ཟེ་དག་ཅིག་ལྷགས་ཏེ། འཁར་བ་ལ་སྐོམ་ཚུགས་བཅས་ནས། རྐང་པ་ཡ་ཅིག ་གི་འགྲེང་ཞིང་སྡོད་དོ།། བདག་ཅག་གི་ལམ་རིང་པོ་ནས་ཆེད་དུ་འདིར་སློང་དུ་འོངས་སོ་ཞེས་མཆིའོ།། རྒྱལ་བུས་དེ་སྐད་ཅེས་སྨྲས་པ་ཐོས་ནས། རབ་ཏུ་དགའ་སྟེ། མོད ་ལ་ཕྱི་རོལ་ཏུ་བྱུང་ནས་བསུས་ཏེ་ཕྱག་བྱས་སོ།། བྲམ་ཟེ་རྒད་པོས་སྨྲས་པ། དཔེར་ན་ཕ་དང་བུ་ཕྲད་པ་ཙམ་ཏུ་ཕན་ཚུན་གཅིག་ལ་ཅིག་གིས་སྤྲོས་པའི་ཚིག་གིས་ཁྱེད ་གང་ཕྱོགས་ནས་འོངས་ལམ་དུ་ཉོན་མོངས་སམ། ཅི་འདོད་ཅི་སློང་ན་རྐང་པ་ཡ་ཅིག་གིས་འགྲོ་ཞེས་དྲིས་སོ།། བདག་ཅག་ནི་རྒྱལ་བུ་སྦྱིན་པ་བྱིན་པ་ལ་རབ་ཏུ་བདག་པས ་ཕ་རོལ་པོ་ཅི་སློང་ཡང་ཡིད་དང་མི་འགལ་བར་མཛད་དོ་ཞེས་རྒྱལ་བུའི་ཡོན་ཏན་ཕྱོགས་འཚམས་བརྒྱད་དང་། ཡར་ནི་སྟེང་གི་གནམ་ལ་ཐུག། མར་ནི་སའི་མཐིལ་ལ ་ཐུག་པ་ཡན་ཆད་གྲགས་པས་ན། ཁྱོད་ཀྱི་སྦྱིན་པའི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་ཏེ། ཉེ་རིང་ཐམས་ཅད་ཀྱི་བསྟོད་ཅིང་བསྔགས་པས། གང་ཡང་མ་ཐོས་པའམ་ཤེས ་པ་མེད་དེ་ཀུན་གྱི་བརྗོད་པ་ཡང་བརྫུན་མ་ཡིན་ལ། ད་ལྟར་སྲས་སུ་གྱུར་པས་ན། ལྷ་ནི་ཅི་སྒྲ་ཡང་བརྫུན་པ་མ་ཡིན་ཏེ། ང་རྒྱལ་བུས་སྦྱིན་པ་མ་མཛད་ན། བདག་ཅག་གི་ཡིད ་དང་འགལ་བར་མཛད་དམ། བདག་ཅག་ནི་རྒྱལ་བུ་ལ་མེ་ཏོག་པདྨའི་སྟེང་དུ་འགྲོ་བ་བལ་གྱི་གླང་པོ་ཆེ་སློང་དུ་འོངས་སོ།། ཞེས་སྨྲས་པ་དང་། རྒྱལ་བུས་དེ་དག་བལ་གླང ་གི་ལྷས་སུ་ཁྲིད་དེ།། བལ་གླང་གཞན་ཞིག་བྱིན་ནོ།། བྲམ་ཟེ་རྒད་པོས་སྨྲས་པ། བདག་ཅག་ནི་པདྨའི་སྟེང་ན་འགྲོ་བའི་བལ་གྱི་གླང་པོ་ཆེ་སུ་ད་ཡན་འདོད་དོ།། རྒྱལ ་བུས་སྨྲས་པ། བལ་གླང་གི་གླང་པོ་ཆེ་འདི་ནི་བདྲག་གི་ཡབ་རྒྱལ་པོ་ལ་གཅེས་ཤིང་སྣང་བ་ཡིན་ན། བལ་གླང་འདི་དང་བདག་ཏུ་ཐ་མི་དད་པར་དགོས་པས་ཁྱོད ་ལ་སྦྱིན་དུ་མི་རུང་ངོ་།། གལ་ཏེ་བདག་གིས་ཁྱེད་ལ་བྱིན་ན། རྒྱལ་པོའི་དགོངས་དང་འགལ་བས་གལ་ཏེ། བལ་གླང་འདིའི་རྐྱེན་གྱིས་བདག་ཡུལ་འདི་ན་སྐྲོད་པར་འགྱུར། ་རོ། ཞེས་སྨྲས་ནས། རྒྱལ་བུས་ཡང་འདི་སྙམ་དུ། བསམས་སོ།། བདག་སྔོན་དམ་བཅས་ཕ་རོལ་ཏུ་ཅི་སློང་ཡང་ཡིད་དང་མི་འགལ་བར་བྱའོ།། ཞེས་དམ ་བཅས་ནས། ད་བདག་གིས་སྔར་བསམས་པ་ལས་ཟློག་སྟེ་སྦྱིན་པ་འདི་བྱིན་ན། ཇི་ལྟར་ཡང་བླ་ན་མེད་པ་མཉམ་སྙོམ་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར ་འགྱུར། གལ་ཏེ་སྦྱིན་པ་འདི་མ་བྱིན་ན་བླ་ན་མེད་མཱཉམ་སྙོམས་པའི་སེམས་སུ་མི་འགྱུར་རོ།། སྙམས་བསམས་ནས། རྒྱལ་བུས་འདི་སྐད་ཅེས་སྨྲས་སོ།། ཤི ་དུ་དགའ་སྟེ་དེ་བཞིན་དུ་སྦྱིན་པར་བྱའོ།། ཞེས་སྨྲས་ནས། དྲུང་ན་འདུག་པའི་གཡོག་ལ་བལ་གྱི་གླང་པོ་ཆེ་ལ་གསེར་དངུལ་གྱི་རྒ་བཏད ་དེ། མྱུར་དུ་ཁྲིད་དེ་ཤོག་ཅེས་བསྒོ་བ་དང་། བལ་གླང་ཁྱོད་དེ་འོངས་ནས། རྒྱལ་བུས་ལག་པ་གཡོན་པས་ནི་ཆུ་སྣོད་ཐོགས་ཏེ། བྲམ་ཟེའི་ལག་པ་བཀྲུས་ལག་པ་གཡས་པས ་བལ་གླང་གི་སྣ་ཐག་ནས་བཟུང་ནས། བྲམ་ཟེ་རྒད་པོ་ལ་བྱིན་པ་དང་། བྲམ་ཟེ་རྒད་པོས་རྒྱལ་བུ་ལ་སྨོན་ལམ་བཏབ་པོ།། སྨོན་ལམ་བཏབ་མ་ཐག་ཏུ་བལ་གྱི་གླང་པོ་ཆེ ་ལ་སྦུགས་ཏེ་དགའ་ཞིང་དོང་། དེ་ནས་རྒྱལ་བུས་བྲམ་ཟེ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཁྱེད་མྱུར་དུ་འགྲོགས་པར་སོང་ཤིག། གལ་ཏེ་ཡབ་བློས་གསན་ན། ་སྟེགས་མ་གཏོང་སྟེ་འཕྲོག་དུ་འོང་ངོ་།། ཞེས་སྒོ་བ་དང་། དེའི་ཚེ་བྲམ་ཟེ་དེ་དག་གིས་དེ་མ་ཐག་ཏུ་མགྱོགས་སུ་དོང་ངོ་།། བློན་པོ་རྣམས་ཀྱིས་རྒྱལ་བུས་བལ་གྱི ་གླང་པོ་ཆེ་དགྲ་ལ་བྱིན་ནོ།། ཞེས་ཐོས་ནས་ཐམས་ཅད་སྐྲག་ཏེ། ཁྲི་ལས་རྦབ་ཏུ་ལྷུང་ནས་མྱ་ངན་གྱི་ནོན་ཏེ། རྒྱལ་བུས་འདི་སྙམ་དུ་ཡང་འདི་ན་བལ་གླང་འདི་ལ ་ལྟོས་ན་དགྲ་ཟླ་གཞན་ལ་བྱིན་པར་གྱུར་ཏོ།། སྙམ་དུ་བསམ་ནས་རྒྱལ་པོ་ག་ལ་བ་དེར་སོང་སྟེ།། འདི་སྐད་ཅེས་གསོལ་ཏོ།། རྒྱལ་བུས་ནི་ཕྱིའི་དགྲ་ཐུབ་པའི་བལ ་གླང་རིན་པོ་ཆེ་ཕ་རོལ་གྱི་དགྲ་ཟླ་ལ་བྱིན་ནོ་ཞེས་གསོལ་པ་དང་། ཡབ་རྒྱལ་པོ་ཡང་ཡིད་ཡིད་པོར་གྱུར་པ་ལས། བློན་པོས་ཡང་འདི་སྐད་ཅེས་གས་ཏོ།། ་ད་ལྟར་ཡབ་རྒྱལ་པོ་བལ་གྱི་གླང་པོ་ཆེ་འདི་འདྲ་བས་ཆབ་སྲིད་ཆེ་བ་ལགས་ཏེ། བལ་གྱི་གླང་པོ་ཆེ་དེ་ནི་བལ་གླང་དྲུག་བཅུ་ཇི་སྙེད་ཀྱི་མཐུ་སྟོབས་དང་ལྡན་པར ་ལགས་ན། རྒྱལ་བུས་དགྲ་ལ་སྩལ་ཏེ། དགྲ་ཟླ་ལ་སྩལ་པས་ཆབ་སྲིད་ཀྱང་སྟོར་ཏེ། མཆིས་ན། ཇི་ལྟར་མཛད་པ་རིགས། འདི་ལྟར་རྒྱལ་བུ་རང་ཉམས་དུ་སྦྱིན ་པ་བྱིན་པས་བང་མཛོད་ཀྱང་སྟོངས་ཤིང་ཡུལ་གྱི་སྲིད་དང་། བཙུན་མོ་དང་། སྲས་ཀྱི་བར་དུ་གཞན་སྦྱིན་པ་བགྱིད་པར་དགོས་སོ་ཞེས་གསོལ་པ་དང་། རྒྱལ་པོས་དེ་སྐད ་སྨྲ་བ་ཐོས་ནས་ལྷག་པར་མི་དགའ་བར་གྱུར་ནས། བློན་པོ་གཞན་ཞིག་བོས་ཏེ། བློན་པོ་དེ་ལ་རྒྱལ་བུས་བལ་གྱི་གླང་པོ་ཆེ་དགྲ་ཟླ་ལ་བྱིན་པ་བདེན་ནམ་ཞེས་དྲིས ་པ་དང་། བློན་པོས་ཀྱང་བྱིན་པ་ཡིན་ནོ་ཞེས་གསོལ་ཏོ།། རྒྱལ་པོས་དེ་སྐད་སྨྲས་པ་དང་། ཐོས་མ་ཐག་ཏུ་ཆེར་སྔངས་ནས་གདན་ཁྲི་ལས་ལྷུང་ནས། མི་དྲན་ཞིང་རྒྱལ ་བར་གྱུར་པ་ལས། ཆུས་གཏོར་ནས་རིང་ཞིག་ལོན་པ་དང་ཕྱིར་སངས་པར་གྱུར། བཙུན་མོ་ཉི་ཁྲི་སྙེད་ཀྱང་ཐམས་ཅད་མྱ་ངན་གྱི་ནོན་པར་གྱུར་ཏོ།། དེ་ནས་རྒྱལ་པོ ་དང་བློན་པ་རྣམས་འདུས་ནས། ང་རྒྱལ་བུ་འདི་ལ་ཇི་ལྟར་བྱ་ཞེས་བགྲོས་པ་དང་། དེའི་ནང་ན་བློན་པོ་ཅིག་གིས་ནི་བལ་གྱི་ལྷས་སུ་སོང་བས་ནི། རྐང་པ་བཅག ་པའི་རིགས། བལ་གླང་བཟུང་བ་ནི་ལག་པ་བཅག་པའི་རིགས། མིག་གིས་བལ་གླང་ལ་བལྟས་པས་ནི་མིག་དབྱུང་བའི་རིགས། ཞེས་གསོལ་པ་དང་། ་ཁ་ཅིག་གིས་ནི་མགོ་བཅག་པའི་རིགས་སོ།། ཞེས་བློན་པོ་རྣམས་སོ་སོ་ནས་བགྲོས་ཏེ། གསོལ་པའི་ཚིག་རྒྱལ་པོས་ཐོས་ནས། ་རབ་ཏུ་མི་དགའ་ཞིང་མྱ་ངན་གྱིས་ནོན་ཏེ། བློན་པོ་རྣམས་ལ་འདི་སྐད་ཅེས་བསྒོའོ།། ངའི་བུ་འདི་ལེགས་པའི་དོན་ལ་མོས་ཏེ། སྦྱིན་པ་ལ་དགའ་བ་ཡིན་ནོ།། ཇི་ལྟར ་མཐོང་བ་ཙམ་ཞིང་བཟུང་བར་བྱ།། དེའི་ནང་ན་བློན་པོ་ཆེན་པོ་ཅིག་གིས། བློན་པོ་སྔ་མ་རྣམས་ཀྱིས་བགྲོས་པ་མི་རུང་ངོ་ཞེས་བགོས་ནས། འདི་སྐད་ཅེས་གསོལ་ཏོ།། ་རྒྱལ་པོ་ལ་སྲས་གཅིག་པུ་ཞིག་མངའ་བ་ལ་རབ་ཏུ་སྡུག་ཅིང་གཅེས་པས། རྒྱལ་བུ་རྒྱལ་ཚབ་ལགས་ན། དེ་ལ་ཐོ་བ་ཙམ་ཞིག་བཟུང་གདགས་བྱ་བའི་སེམས་བསྐྱེད ་པ་མི་རིགས་ཏེ། བདག་ནི་རྒྱལ་པོའི་སྲས་ལ་བཟུངས་གདགས་བྱ་བར་མི་གསོལ་གྱི། རྒྱལ་བུ་ཡུལ་འདི་ནས་ཕྱུང་སྟེ། ལོ་བཅུ་གཉིས་ཀྱི་བར་དུ་དགོན་པར་སྤངས་ན། ་སྤ་འབབ་ཅིང་ངོ་ཚ་བར་འགྱུར་རོ།། ཞེས་གསོལ་པ་དང་། རྒྱལ་པོས་ཀྱང་བློན་པོ་ཆེན་པོ་དེའི་ཚིག་མཉན་ཏོ།། དེ་ནས་རྒྱལ་པོས་རྒྱལ་བུ་ཚལ་ཏུ་བཀུག་ནས། འདི ་སྐད་ཅེས་སྨྲས་སོ།། ཁྱེད་ངའི་བལ་གྱི་གླང་པོ་ཆེ་དགྲ་ཟླ་ལ་བྱིན་པ་བདེན་ནམ་ཞེས་དྲིས་ན། རྒྱལ་བུས་གསོལ་པ། བདག་གིས་སྩལ་བ་མེད་དོ་ཞེས་གསོལ་ཏོ།། ་རྒྱལ་པོས་སྨྲས་པ། རྒྱལ་བུ་ཁྱོད་ཅིའི་ཕྱིར་ང་ལ་མ་ཞུས་པར་ངའི་བལ་གྱི་གླང་པོ་ཆེ་དགྲ་ཟླ་ལ་བྱིན་ཞེས་དྲིས་པ་དང་། རྒྱལ་བུས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ། ་སྔར་ཡབ་རྒྱལ་པོ་དང་དམ་བཅས་པ་ན། སྦྱིན་པ་ཅི་བྱིན་ཡང་ཡིད་དང་མི་འགལ་བར་མཛད་དོ་ཞེས་གསུངས་པས་རྒྱལ་པོ་ལ་མ་ཞུས་པ་ལགས་སོ།། རྒྱལ་པོས ་སྨྲས་པ། སྔར་དམ་བཅས་པ་ནི་ནོར་དབྱིག་དང་། རིན་པོ་ཆེ་ལ་དབང་བར་བྱས་ན། བལ་གྱི་གླང་པོ་ཆེ་ཅིག་གཏོགས།། རྒྱལ་བུས་གསོལ་པ།། དེ་དག་ཐམ ་ཅད་རྒྱལ་པོ་མངའ་བའི་དཀོར་ལགས་ན་ཇིའི་སླད་དུ་འདི་བཀོལ་ཏེ་མ་གཏོགས་ཞེས་གསུང་། རྒྱལ་པོ་རྒྱལ་བུ་རྒྱལ་ཚ་བ་ལ་སྨྲས་པ། ཁྱོད་རི་དན་ཏིག་ཏུ་ལོ ་བཅུ་གཉིས་སྤངས་ཀྱིས། ཡུལ་འདི་ནས་མྱུར་དུ་ཕྱུང་སྟེ་སོང་ཤིག། རྒྱལ་བུས་རྒྱལ་པོ་ལ་གསོལ་པ། བདག་རྒྱལ་པོ་ཆེན་པོས་བཀའ་སྩལ་པའི་བཀའ་ནི་མི་བཅོག་ན། ་ད་རུ་ང་ཡང་ཞག་བདུན་གྱི་བར་དུ་སྦྱིན་པ་བགྱིས་ཏེ། བདག་གི་བསམས་པ་རྫོགས་ནས་ཡུལ་ནས་ཕྱུང་སྟེ་མཆི་བར་གསོལ་ལོ།། རྒྱལ་པོས་སྨྲས་པ། ཁྱོད་ཀྱི་སྦྱིན ་མ་འོས་པར་བྱས་པས། ངའི་ཡུལ་གྱི་བང་མཛོད་ཀུན་སྟོངས་ཏེ། ངའི་བལ་གླང་རིན་པོ་ཆེ་མེད་པར་བྱས་པས་ཁྱོད་སྤང་བ་ཡིན་ཏེ། དེའི་ཕྱིར་འདུག་ཅིང་ཞག ་བདུན་སྦྱིན་པར་བྱར་མི་གནང་གིས་མྱུར་དུ་སོང་ཤིག་ཅེས་བསྒོའོ།། རྒྱལ་བུས་གསོལ་པ། རྒྱལ་པོ་ཆེན་པོས་བཀའ་ནི་བདག་མི་བཅོག་ཏེ། རྒྱལ་པོའི་བང་མཛེ ་དང་ནོར་དབྱིག་ལ་མི་གསོལ་གྱི། བདག་ཉིད་ཀྱི་ནོར་རྫས་ཀུད་པ་ཙམ་མ་ལུས་པར་བྱིན་ནས་མཆི་བར་གསོལ་པ་དང་། བཙུན་མོ་ཉི་ཁྲི་སྙེད་ཀྱང་རྒྱལ་པོ་གང་ན་བ ་དེར་ལྷགས་ནས། རྒྱལ་བུ་རྒྱལ་ཚབ་ཞག་བདུན་ཞིག་སྦྱིན་པ་བྱིན་ཏེ། ཡུལ་ནས་མཆི་བར་གསོལ་བ་ལས། རྒྱལ་པོས་ཀྱང་དེ་བཞིན་དུ་གནང་ངོ་།། ་དེ་ནས་རྒྱལ་བུ་རྒྱལ་ཚབ་ཀྱི་སོ་སོར་བྲན་གཡོག་བསྔགས་ཏེ། ཕྱོགས་བཞི་ནས་ནོར་རྫས་འདོད་པ་རྣམས་ཕོ་བྲང་སྒོར་འདུས་ཤིག། ནོར་རྫས་ཐམས་ཅད་ནི་རྟག་པ ་དང་། རྟེན་དུ་རུང་བ་མ་ཡིན་ཏེ། མཐར་འཇིག་ཅིང་མེད་པའི་ཆོས་ཅན་ནོ།། ཞེས་སྒོ་ནས་ཕྱོགས་བཞི་ནས་སྐྱོང་བ་མང་པོ་ལྤགས་པ་ལ། རྒྱལ་བུ་རྒྱལ་ཚབ་ཀྱིས་ཟས་དང་། ་སྐོམ་དང་། ནོར་དང་། རིན་པོ་ཆེ་རྣམས་ཞག་བདུན་གྱི་བར་དུ་ཡིད་བཞིན་དུ་སྦྱིན་པ་བྱིན་ནས། དབུལ་འཕོངས་པ་རྣམས་ལོངས་སྤྱོད་དང་ལྡན་ཞིང་ཐམས་ཅད་བདེ་སྐྱིད་པར ་བྱས་སོ།། དེ་ནས་རྒྱལ་བུ་རྒྱལ་འཚབ་ཀྱིས་ཆུང་མ་ལ་སྨྲས་པ། བཞིན་བཟངས་ལོངས་ལ་བདག་ཅི་ཟེར་བ་ཉོན་ཅིག་རྒྱལ་པོ་ཆེན་པོས་ནི། བདག་ལོ་བཅུ་གཉིས་ཀྱི་བར ་དུ་ནི་ངན་ཏིག་ཅེས་བྱ་བར་སྤངས་སོ།། ཆུང་མ་རྒྱལ་བུས་སྨྲས་པའི་ཚིག་ཐོས་ནས་ཡིད་ཅེས་སྔངས་ཏེ། ལངས་ནས་འདི་སྐད་ཅེས་སྨྲས་སོ།། རྒྱལ་བུ་ལ་ཉེས་པ་ཅི ་ཞིག་ཡོད་ནས་རྒྱལ་པོས་ནི་དེ་ལྟར་མཛད་པར་གྱུར། རྒྱལ་བུས་སྨྲས་པ། བདག་གིས་སྦྱིན་པ་ལམ་འོས་པ་ཞིག་བྱས་ཏེ། རྒྱལ་པོས་བང་མཛོད་ཀྱང་སྟོངས། བལ་གླང ་རིན་པོ་ཆེ་ཡང་དགྲ་ཟླ་ལ་བྱིན་པས་རྒྱལ་པོ་དང་། བློན་པོ་རྣམས་ཁྲོས་ནས་སྤངས་པ་ཡིན་ནོ།། བཙུན་མོ་མན་དེས་སྨྲས་པ། རྒྱལ་པོ་ཆེན་པོ་དང་། བློན་པོ་དང་འབངས ་རྒྱལ་པོའི་ཡུལ་དུ་ལོ་ལེགས་པ་དང་། ་ཀྱི་བར་དུ་བདེ་སྐྱིད་པ་དང་། ལོངས་སྤྱོད་ཆེ་བར་སྨོན་ལམ་ལེགས་པར་བཏབ་ལ་བདག་ཅག་རི་ལ་ལམ་བསྒོམ་དུ་འདོང་ངོ་།། རྒྱལ་བུས་སྨྲས་པ། བཞིན་བཟངས་མ་རི་ནི ་འཇིགས་པའི་གནས་ཡིན་ཏེ། ཤིན་དུ་བྱ་བཀའ་བ་བསམ་དགོས་ལ་ལ། སེང་གེ་དང་སྟག་ལ་སོགས་གཅན་ཟན་མ་རུང་བ་ཡོད་པས་རབ་ཏུ་འཇིགས་ན་ཁྱོད་ལོངས ་སྤྱོད་ཉུང་བ་ཡིན་པས། ཁྱོད་དེ་ལྟ་བུ་མི་དགའ་བ་ལ་བཟོད་དམ། ཁྱོད་ཕོ་བྲང་གི་ནང་ན་གོས་སུ་ཕྲ་བ་དང་འཇམ་པ་གྱོན། གནས་སུ་ནི་གུར་ཡོལ་བས་བསྐོར་བ་ན ་འདུག། ཟས་སུ་ནི་ཇི་ལ་དགའ་བ་བཞིན་ཞིམ་པ་དང་དངར་བ་ཟ་ན། རི་ལ་ནི་ཏན་ཏུ་ཙ་འདིངས་ཟས་སུ་ནི་འབྲས་བུ་ཟ་ན་ཁྱོད་དེར་མོས་ཤིང་དག་རེ་ཞིག་ཡོད།། དེ་མ ་ཡིན་པ་གཞན་ཡང་རླུང་དང་ཆར་པ་དང་། འབྲུག་དང་། སེར་བ་ཆེ་ཞིང་བ་མོ་དང་། ཟིལ་པས་མིའི་བ་སྤུ་ཡང་ལངས་པ་ཙམ་དུ་གྲངས་པའི་ཚེ་ན་རབ་གྲང་ལ། ཚ་བཱི ་ཚེ་ན་རབ་ཚ་སྟེ། ཤིང་གི་གསེབ་ན་འདུག་པའི་གནས་སུ་ཡང་མི་རུང་ན། ས་ལ་གཟེ་མ་དང་། གཟེག་མ་དང་། རྡོ་བ་ཡང་མང་ཞིང་སྦྲུལ་གདུག་པ་ཡང་ཡོད་ན། ཁྱོད ་དེ་ལྟ་བུ་དག་བཟོད་དམ། མན་དེས་སྨྲས་པ། བདག་ལ་གཉེན་ཞིང་འཇམ་པ་དང་། གུར་ཡོལ་བ་དང་། དངར་བ་དང་ཞིམ་པ་ཇི་ཞིག་བགྱི། རྒྱལ་བུ་དང་བྲལ་ཞིང་སོ་སོ ་མཆི་བ་དག་མི་བཟོད་དེ། ནམ་དུ་ཡང་རྒྱལ་བུ་དང་། མི་འབྲལ་ཞིང་ལྷན་ཅིག་འགྲོགས་པར་དགའོ།། རྒྱལ་པོའི་ཐོག་མར་འགྲོ་བ་ནི་རྒྱལ་མཚན། རླུང་མིའི་ཐོག་མར ་འགྲོ་བ་ནི་ཁྱིམ་ཐབ་ཡིན་པས། བདག་ནི་རྒྱལ་བུ་ལ་ཡིད་བརྟེན་དེ་སྐྱབས་སུ་མཆིའོ།། རྒྱལ་བུ་ནི་བདག་གི་ལྷ་ལགས་ཏེ། རྒྱལ་བུས་ཕྱོ ་བཞི་ནས་འདུས་པ་ལ་སྦྱིན་པ་བྱིན་པ་འདུས་པའི་ཚེ། བདག་ཀྱང་རྒྱལ་བུའི་གྲོགས་བགྱིད་པས་དེ་རྒྱལ་བུ་ལམ་རིང་དུ་འགྲོ་བ་ལས། གལ་ཏེ་ཕ་རོལ་པོ་སློང་དུ་འོངས་ན ་བདག་གིས་དེ་བཞིན་དུ་གྲོགས་བགྱིའོ།། རྒྱལ་བུས་སྦྱིན་པ་མཛད་ན་བདག་གི་སྲོག་ལ་བབ་ཀྱང་ཕྱིར་མི་ནུར་བར་ཐེ་ཙོམ་མི་མཛད་དུ་གསོལ།། རྒྱལ་བུས་སྨྲས་པ། བདག ་ནི་སྦྱིན་པ་ལ་དད་དགའ་བས་ཕ་རོལ་གྱི་སེམས་མི་ཟློགས་ཏེ། ཕ་རོལ་པོས་བདག་ལ་གལ་ཏེ་བུ་འམ་ཁྱོད་ཉིད་བློངས་པ་འོངས་ན་ཡང་བདག་གིས་མི་ཏོ་མི་ནུས་སོ།། ་ཅི་དེ་བདག་གི་བསམས་པ། ཁྱོད་ཀྱིས་དེ་བཞིན་མ་བྱས་ན་ནི་བདག་གི་དགེ་བའི་སེམས་འཁྲུག་པར་འགྱུར་བས་འགྲོ་བ་མི་རིགས་སོ།། མན་དེ་སྨྲས་པ། རྒྱལ་བུས ་སྦྱིན་པ་མཛད་པ་འདི། འཇིག་རྟེན་གང་ན་ཡང་འདི་འདྲ་བ་མེད་པས། ཡིད་བཞིན་དུ་སྦྱིན་པ་མཛད་དུ་གསོལ།། རྒྱལ་བུས་སྨྲས་པ། ཁྱོད་དེ་ལྟར་ནུས་ན་ཤིན་ཏུ ་ལེགས་སོ་ཞེས་རྒྱལ་བུ་དང་། བཙུན་མོ་གཉིས་དང་སྲས་སུ་འགྲོགས་ཏེ། ཡུམ་གང་ན་བོ་དེར་སོང་སྟེ། བདག་ཅག་མཆིའོ་ཞེས་མཆི་ཕྱག་བྱས་ནས་ཡུམ་ལ་འདི ་སྐད་ཅེས་གསོལ་ཏོ།། ཡུམ་གྱིས་སྐབས་སྐབས་སུ་རྒྱལ་པོ་ཆེན་པོ་ཅི་ནས་ཀྱང་དྲང་པོའི་ཆོས་ཀྱི་ཡུལ་སྲིད་བདེ་ཞིང་འབངས་པོ་སྙམས་ལས་མི་བཅད་པར་གྲོས་གདབ ་པར་གསོལ་ལོ།། ཡུམ་གྱིས་རྒྱལ་བུ་འགྲོའོ་ཞེས་སྨྲས་ནས་མཆི་ཕྱག་བྱས་པ་མཐོང་ནས་ལྷག་པར་མྱ་ངན་གྱིས་གདུངས་ཏེ། དྲུང་ན་འདུག་པ་ལ་འདི་སྐད་ཅེས་སྨྲས ་པཁོ་མོའི་ལུས་འདི་ནི་རྡོ་བ་ཡིན་པ་ལྟར་སྙིང་ནི་རྡོ་རྗེ་ཡིན་པ་ལྟ་སྟེ། བདག་གིས་རྒྱལ་པོ་ཆེན་པོའི་རིམ་གྲོ་བྱ་བ་ལ་སྐྱོན་མ་བྱུང་ན། ཁོ་མོའི་བུ་གཅིག་པ་འདི་དང ་བྱེ་བྲལ་ཏེ་འགྲོ་ན་ཅིའི་ཕྱིར་ཁོ་མོའི་སྙིང་འདི་གས་ཏེ། ཤི་བར་མ་གྱུར་བུ་འདི་ཁོ་མོའི་ཁོང་པ་ན་འདུག་པ་འདི། སྐྱེ་ཤིང་གི་འདབ་མ་ལྟར་ཉིན་མཚན་ཆེར་སྐྱེས་ཏེ། ་ད་སྐྱེད་རྫོགས་ནས་ཁོ་མོ་བོར་ཏེ། འགྲོ་བ་ན་བཙུན་མོ་ཐམས་ཅད་ཀྱང་བདག་ལ་སྙིང་ཚིམ་མོ་ཞེས་བརྗོད་ལ། རྒྱལ་པོས་ཀྱང་བཀུར་བར་འགྱུར་ན། གལ་ཏོ་ལྷ་རྣམ ་བདོག་གིས་སྨོན་ལམ་བཞིན་འགལ་བར་མི་མཛད་ན། ཕྱིས་ཡུལ་དུ་བདག་གིས་བུ་མྱུར་དུ་འཁོར་བར་ཤོག་ཅེས་སྨོན་ལམ་བཏབ་པོ།། དེ་ནས་རྒྱལ་བུ་བཙུར ་མོ་དང་སྲས་གཉིས་དང་བཅས་ཏེ་ཡབ་དང་ཡུམ་ལ་ཕྱི་ཕྱག་བྱས་ཏེ་དོང་ངོ་།། དེའི་ཚེ་བཙུན་མོ་ཉི་ཁྲིས་ནི་སོ་སོ་ནས་མུ་ཏིག་གི་ཆུན་པོ་རེ་རེས་རྫང་ངོ་།། བློན་པོ་བཞི ་སྤོང་གིས་ནི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མེ་ཏོག་པད་མོ་རེ་རེས་རྒྱལ་བུ་ལ་རྫངས་སོ།། དེ་ནས་རྒྱལ་བུ་ཕོ་བྲང་ནས་ཕྱུང་སྟེ། གྲོང་ཁྱེར་གྱི་བྱང་སྐོར་ཕྱིན་ནས ་རིན་པོ་ཆེ་སྣ་བདུན་གྱི་མེ་རྟོག་དང་། དོ་ཤལ་ཡང་རིལ་གྱིས་ཕྱོགས་བཞི་ནས་འདུས་པ་ལ་མ་ལུས་པར་བྱིན་ནོ།། ཡུལ་དེ་ནི་གནས་པའི་མི་མང་པོ་ཁྲི་ཕྲག་དུ་མས ་རྒྱལ་བུ་བསྐུལ་ཏེ། དེ་ནས་འདི་སྐད་ཅེས་གཏམ་དུ་བརྗོད་དོ།། རྒྱལ་བུ་འདི་ནི་ཤིན་དུ་དགེ་བ་ཡུལ་གྱི་ལྷ་གཉེན་ལྟ་བུ་ཡིན་ན། ཅིའི་ཕྱིར ་ཡབ་ཡུམ་གྱིས་སྲས་རིན་པོ་ཆེ་འདི་ལོམ་རིང་དུ་སྤངས་ཤིང་མཐོང་བ་ཐམས་ཅད་ཀྱིས་འཕངས་སོ་ཞེས་སྨྲས་སོ།། དེའི་ཚེ་རྒྱལ་བུ་གྲོང་གི་ཕྱི་རོལ་ཏུ་སྐྱེ་ཤིང་གི་དྲུང་ན ་བདུག་སྟེ་སྐྱེལ་བའི་མི་རྣམས་ལ་འདི་ནས་ཕྱིར་དེང་ཤིག་ཅེས་བསྒོ་བའི་ཚིག་སྨྲས་པ་དང་། སྐྱེལ་བ་ཆེ་ཆུང་ཐམས་ཅད་མཆི་མ་བླགས་ཏེ་ངུས་ནས་ཕྱིར་དོང་ངོ་།། དེ་ནས་རྒྱལ ་བུས་བཙུན་མོ་དང་སྲས་གཉིས་ཤིང་རྟའི་ནང་དུ་བཞག་ནས། རྒྱལ་བུ་ཉིད་ཀྱིས་ཤིང་རྟའི་ཁ་ལོ་བསྒྱུར་ཏེ། སོང་བ་ལས་རྒྱངས་ཆད་པར་ཕྱིན་ཏེ། སྐྱེད་ཤིང་གི་དྲུང་ན་ངལ་སོ ་ཞིང་འདུག་པ་ལས་བྲམ་ཟེ་དག་ཅིག་ལྷགས་ནས། རྒྱལ་བུ་ལ་ཤིང་རྟ་ཁྲིད་པའི་རྟ་བླངས་སོ།། རྒྱལ་བུས་སློང་བ་ལ་རྟ་བྱིན་ནས་སྲས་བུ་གཉིས་ཤིང་རྟའི་ནང་དུ་བཞག་སྟེ། ་བཙུན་མོས་ནི་ཕྱི་ནས་ཕུལ། རྒྱལ་བུས་ནི་མདུན་ནས་དྲངས་ཏེ། རྐང་པས་ཤིང་རྟ་འདྲེན་ཅིང་སོང་བ་ལས། རིང་པོ་མ་ལོན་པ་ཞིག་ན་ཡང་བྲམ་ཟེ་དག་ཅིག་དང་ཕྲད་ནས་ཤིང ་རྟ་བླངས་པ་དང་། རྒྱལ་བུས་ཤིང་རྟ་ཡང་བྲམ་ཟེ་ལ་བྱིན་ནོ།། དེ་ནས་ཡང་སོང་བ་ལས་རིང་པོ་མ་ལོན་པར་ཡང་། བྲམ་ཟེ་སློང་བ་དང་ཕྲད་ནས། རྒྱལ་བུས་དེ་དག་ལ་འདི ་སྐད་ཅེས་སྨྲས་སོ།། གལ་ཏེ་བདག་གིས་ཁྱོད་ལ་བྱིན་ན་ནི་ཆགས་ཤིང་སེར་སྣ་བྱེད་པར་འགྱུར་ན། ད་ནི་བདག་ལ་ནོར་རྫས་ཟད། ཅི་ཡང་མེད་དོ་ཞེས་སྨྲས་པ་དང་། བྲམ་ཟེ ་ན་རེ་ནོར་རྫས་མེད་ན་ལུས་ལ་གོན་པའི་གོས་ངེད་ལ་བྱིན་ཅིག་ཅེས་བྱས་པ་དང་། རྒྱལ་བུས་ལུས་ལ་གྱོན་པའི་གོས་རིན་པོ་ཆེ་ཡང་སྤོང་བ་ལ་བྱིན་ཏེ། གོས་སྙིང་པ་ཅིག་གོན ་ནས་དོང་བ་ལ་རིང་པོ་མ་ལོན་པར་ཡང་བྲམ་ཟེ་སློང་བ་ཞིག་དང་ཕྲད་ནས། རྒྱལ་བུས་བཙུན་མོའི་གོས་བྱིན་ནོ།། དེ་ནས་ཡང་དོང་བ་ལས་རིང་པོ་མ་ལོན་པར་བྲམ་ཟེ་སློང་བ་དང ་ཕྲད་ནས། རྒྱལ་བུས་སྲས་གཉིས་ཀྱིས་གོས་ཀྱང་བྱིན་ནོ།། དེ་ལྟར་རྒྱལ་བུས་དང་ནོར་རྫས་དང་། བགོ་བའི་གོས་ཀྱི་བར་དུ་མ་ལུས་པར་ཟད་པར་བྱིན་ཡང་ཐོག་མ་ནས ་འགྱོད་པའི་སེམས་སྐྲའི་རྩེ་ཉག་མ་འམ་བསྤུ་ཙམ་ཡང་མེད་དོ།། རྒྱལ་བུས་ནི་སྲས་ཁུར་ཧཱུ~ཾ་ཐོགས། བཙུན་མོས་ནི་སྲས་མོ་ཕྲེང་པར་ཁྱེར་ནས། རྐང་པས་སོང་ཡང་རྒྱལ་བུ ་དང་བཙུན་མོ་དང་སྲས་གཉིས་ཀྱི་བར་དུ་དགའ་བའི་མདངས་དང་བཅས་ཏེ་རི་ག་ལ་བ་དེར་སོང་ངོ་།། རི་དན་ཏིག་ཅེས་བྱ་བར་ཡུལ་ཡ་བ་ནས་ལམ་སོ་རབ་ཏུ་རིང་སྟེ། དཔག་ཚ ་དྲུག་སྟོང་ཡོད་དོ།། དེ་ལྟར་སོང་སོང་བ་ལས་འབྲོག་དགོན་པར་ཕྱིན་ནས་བཀྲེས་པ་དང་། སྐོམ་པའི་སྡུག་བསྔལ་གྱིས་ཉན་པས་སུམ་བཅུ་རྩ་གསུམ་གནམ་གྱི་ལྷའི་དབང ་པོས་འབྲོག་དགོན་པ་དེར་གྲོང་ཁྱེར་བཟང་པོ་ཚོང་དུས་དང་ལམ་སྲང་ཡོད་པ་རོལ་མོ་དང་གོས་དང་། བཟའ་བ་དང་། གཏུང་བ་དང་། ལྡན་པ་གྲོང་ཁྱེར་དེ་ནས། མི་དང ་གིས་རྒྱལ་བུ་བསུ་བ་དག་ཏུ་སྤྲུལ་ལོ།། མི་མང་པོས་རྒྱལ་བུ་གྲོང་ཁྱེར་དུ་བསུས་ཏེ་ཟས་སྐོམ་དང་། བདེ་བའི་ཡོ་བྱད་ཀྱི་བསྟབས་པ་དང་། བཙུན་མོས་རྒྱལ་བུ་ལ་སྨྲས་པ། ་ལམ་རིང་པོར་བགྲོད་པས་རབ་ཏུ་ངལ་ན་ཐལ་བྱུང་འདུག་ཏུ་མི་རུང་ངམ། རྒྱལ་བུས་སྨྲས་པ། ཡབ་རྒྱལ་པོས་བདག་ཅག་ལ་རི་དན་ཏིག་ཏུ་སོང་ཤིག ་ཅེས་བཀའ་སྩལ་ཏེ།། འདིར་འདུག་པར་གྱུར་ན། ཡབ་རྒྱལ་པོས་བཀའ་དང་འགལ་ཏེ།། བུ་སྲི་ཞུ་ཅན་མ་ཡིན་ནོ་ཞེས་གྲོང་ཁྱེར་དེ་ནས་བྱུང་སྟེ་མོད་ལ་སོང་སོ།། དེ་ལྟར་སོང་བ་ལས ་རིང་པོ་མ་ལོན་པར་རི་དན་ཏིག་གི་དྲུང་དུ་ཕྱིན་པ་དང་། རི་དེའི་དྲུང་ཆུ་ཆེན་པོ་ཤིན་ཏུ་ཟབ་པ་རྒལ་ཏུ་མི་ཐར་པ་ཞིག་ཕྲད་དོ།། དེ་ནས་བཙུན་མོས་རྒྱལ་བུ་ལ་རེ་ཤིག་འདིར་སྡུད་དེ།། ཆུ ་ཆེན་པོ་བྲི་ནས་རྒལ་ཏེ་འདོང་ངོ་ཞེས་སྨྲས་པ་དང་། རྒྱལ་བུས་སྨྲས་པ། ཡབ་རྒྱལ་པོས་བདག་ཅག་ལ་རི་དན་ཏིག་ཏུ་སོང་ཤིག་བཀའ་སྩལ་པ། ད་འདིར་འདུག་པར་གྱུར་ན། རྒྱལ ་པོའི་བཀའ་དང་འགལ་ཏེ། བུ་སྲི་ཞུ་ཅན་མ་ཡིན་ནོ་ཞེས་སྨྲས་ནས། རྒྱལ་བུ་དེ་མ་ཐག་ཏུ་བསམ་པའི་སེམས་ཀྱིས་ཏིང་ངེ་འཛིན་དུ་ཞུགས་པ་དང་། མོད་ལ་ཆུའི་ནང་དུ་རི་ཆེན་པོ ་ཞིག་ལྷུང་ནས། ཆུའི་རྒྱུན་ཆད་དོ།། དེ་ནས་རྒྱལ་བུ་དང་བཙུན་མོས་གོས་བརྫེས་ཏེ་ནུ་རྒལ་ནས། ཕ་རོལ་ཏུ་རྒལ་མ་ཐག་ཏུ་རྒྱལ་བུས་ཡང་འདི་སྙམ་དུ་བསམས་སོ།། ཐལ་བྱུང་ས ་བར་གྱུར་ན་ཆུ་འཁྱིལ་བ་འདིས་སེམས་ཅན་མང་དུ་ཤི་སྟེ་གྲོག་སྦུར་མང་པོ་ཆུས་ཁྱེར་བར་འགྱུར་རོ།། སྙམ་བསམས་ནས། རྒྱལ་བུས་ཆུ་ལ་ལྟས་ཏེ་འདི་སྐད་ཅེས་སྨྲས་སོ།། ཆུ་ཁྱོ ་སྔ་མ་ཁོ་ན་བཞིན་དུ་རྒྱུན་དུ་འབབ་པར་གྱུར་ཅིག། གལ་ཏེ་བདག་འདོད་པ་བཞིན་འོངས་ན་ཡང་ཐར་བར་བྱོས་ཤིག་ཅེས་སྨྲས་མ་ཐག་ཏུ་ཆུ་ཡང་སྔ་མ་ཁོ་ན་བཞིན་འབབ་པ ་གྱུར་ཏོ།། དེ་ནས་སོང་བ་ལས་རི་དན་ཏིག་ཏུ་ཕྱིན་ནས།། རྒྱལ་བུས་རི་དེ་ལ་ལྟས་ན་རི་དེ་རང་རོང་ཟད་ཟེད་དུ་འདུག་ལ་ཤིང་མང་པོ་རབ་ཏུ་རྒྱས་ཤིང་བྱ་སྣ་ཚོགས་ཀྱང་སྙན་པའི། ་སྒྲ་འབྱིན་པ། འབབ་ནུ་དང་། ཆུ་མིག་དང་། འཚེའུ་དང་། ལྟེང་ཀ་དང་ལྡན་ཏེ། ཆུ་ནི་དངང། འབྲས་བུ་ནི་ཞིམ། ཆུ་བྱ་དང་། ངང་ངུར་དང་། འཇོལ་མོ་དང་། རི་སྐེགས་ལ་སོ།། ་པ་བྱ་རྣམ་པ་སྣ་ཚོགས་ཀྱང་གནས་པ་མཐོང་ནས། རྒྱལ་བུས་བཙུན་མོ་ལ་ཡང་འདི་སྐད་ཅེས་སྨྲས་སོ།། རི་འདི་ལྟས་ན་ཤིང་དང་། ནགས་ཚལ་གནམ་ལ་རེག་པ་ཙམ་སྐྱེས ་ན་ཡང་རྔས་པ་འམ། བཅད་པ་མེད་པས་ཆུ་མིག་ཞིམ་པོ་ལ་མཐུང་ཞིང་འབྲས་བུ་དངར་བ་ཟ་སྟེ། རཾ་འདི་ལ་ལཾ་སྒོམ་བདག་ཡོད་པས་འདིར་གནས་པར་བྱའོ།། རྒྱལ་བུ་རི་དེ་ལ་ཕྱིན་པ ་ནཿརི་དེ་ལ་གནས་པའི་འདབ་ཆགས་བྱ་དང་། གཅན་ཟན་དང་། རི་དགས་ཐམས་ཅད་རབ་ཏུ་དགའ་ནས་རྒྱལ་བུ་བསུས་སོ།། དེའི་ཚེ་རི་དེ་ལ་སྒོམ་པའི་དགེ་སློང་ཨ་ཤུ་ཏ ་ཞེས་བྱ་བ་ལོ་ལྔ་བརྒྱ་ལོན་པ་ཡོན་ཏན་མཆོག་དང་ལྡན་པ་ཞིག་གནས་ཏེ། རྒྱལ་བུས་དེའི་དྲུང་དུ་སོང་ནས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་ནས་འདི་སྐད་ཅེས་སྨྲས་སོ།། ་རི་འདི་ལ་གང་ཕྱོགས་ན་འབྲས་བུ་དང་། ནུ་མིག་བཟང་པོར་ལྡན་པར་གནས་སུ་རུང་བ་ག་ནི་ཡོད་ཅེས་དྲིས་པ་དང་། ཨ་ཤུ་ཏས་སྨྲས་པ། རི་འདི་ནི་གནས་ཐམས་ཅད་དུ ་བསོད་ནམས་དང་ལྡན་པའི་ས་བཞི་ཡིན་པས། གང་དུ་གནས་ཀྱང་རུང་སྟེ། རི་འདི་ནི་ཤིན་དུ་དབེན་པའི་གནས་གཙང་མ་ཡིན་པས་ནི། ཅི་རྒྱལ་བུ་ཁྱོད་ཆུང་མ་དང་། བུ་སླད་དུ། ་བཅས་ཏེ་ཆོས་སློབ་ཏུ་འོངས་སམ། དེ་ལ་རྒྱལ་བུས་སྨྲ་བ་མ་ཁོམ་པར། བཙུན་མོ་མན་དེས་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་རི་ལ ་ལ་ལམ་སྒོམས་ནས། ཇི་སྲིད་ཅིག་ལོན་དགེ་སློང་གིས་སྨྲས་པ། རི་འདིར་ཕྱིན་ནས་ལོ་བཞི་བརྒྱ་ཙམ་ལོན་ནོ།། བཙུན་མོ་མན་དེས་སྨྲས་པ། ད་དུང་བདག་དང་བདག་གིས ་འཛིན་ན། ནམ་ཞིག་ལམ་ཐོབ་པར་འགྱུར། དེ་སྲིད་དུ་རི་ལ་གནས་ཀྱང་རྡོ་ཤིང་དང་ཐ་མི་དད་དོ།། བདག་དང་བདག་གིར་འཛིན་ན་ལམ་ཐོབ་པར་མི་འགྱུར་རོ།། ཞེས་དགེ ་སློང་གིས་སྨྲས་པ། བདག་གི་ཡང་དག་པར་དོན་དེ་ལྟ་བུ་མི་ཤེས་སོ།། དེ་ནས་རྒྱལ་བུས་དགེ་སློང་ལ་སྨྲས་པ། བཙུན་པ་ཡུལ་ཡ་བ་ན་རྒྱལ་པོའི་བུ་རྒྱལ་ཚབ་དོན་གྲུབ ་ཅེས་བྱ་བ་ཐོས་སམ། དགེ་སློང་གིས་སྨྲས་པ། བདག་གི་རྒྱུན་ཏུ་ཐོས་ཀྱིས་མཐོང་བ་ནི་མ་ཡིན་ནོ།། རྒྱལ་བུས་སྨྲས་པ། བདག་ནི་རྒྱལ་བུ་རྒྱལ་ཚབ་དོན་གྲུབ་ཅེས ་བྱ་བ་ཡིན་ནོ།། དགེ་སློང་གིས་རྒྱལ་བུ་ཁྱོད་གར་འགྲོ་ཅི་འདོད་ཅེས་དྲིས་པ་དང་། རྒྱལ་བུས་སྨྲས་པ། བདག་ནི་ཐེག་པ་ཆེན་པོའི་ལམ་འདོད་དོ་ཞེས་སྨྲས་པ་དང་། ་དགེ་སློང་གིས་སྨྲས་པ་དང་། རྒྱལ་བུའི་ཡོན་ཏན་དང་སྦྱར་ན་རིང་པོ་མི་ཐོགས་པར་ཐེག་པ་ཆེན་པོའི་ལམ་ཐོབ་པར་འགྱུར་ཏེ། རྒྱལ་བུ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན ་པར་རྫོགས་པར་སངས་རྒྱས་པ་ན། བདག་ནི་ཉེ་ནས་རྫུ་འཕྲུལ་གྱི་མཆོག་ཏུ་གྱུར་ཅིག་ཅེས་སྨྲས་ནས། རྒྱལ་བུ་ཁྲིད་དེ་འདུག་པའི་གནས་བསྟན་ཏོ།། དེ་ནས་དགེ ་སློང་གི་ནོས་བཞིན་དུ་རྒྱལ་བུའི་སྐ་སྨྲས་ནས་མདུད་པ་བོར་ཏེ། ཟས་སུ་ནི་ཤིང་གི་འབྲས་བུ་ཤིང་ཐོག་ཟ། སྐོམ་དུ་ནི་ཆུ་མིག་འཐུང་ངོ་།། དེ་ནས་རྒྱལ་བུས་ཤིང་རྩ ་བསྡུས་ཏེ། བདག་འདུག་པའི་རྩའི་སྤྱིལ་པོ་ཆུང་ངུ་མ་ཞིག་བྱས། བཙུན་མོ་མན་དེ་དང་མིང་སྲིང་གཉིས་འདུག་པའི་སྐྱིལ་པོ་རེ་རེ་ཡང་བྱས་སོ།། དེའི་ཚེ་ཁྱེའུའི་མིང་ནི་ཡ ་རི་ཞེས་བྱ་བ་སྟེ། ལོ་བདུན་ནས་གོས་ཀྱང་གོན་ནུས་ཏེ་ཕའི་ཕྱི་བཞིན་འགྲོའོ།། བུ་མོའི་མིང་ནི་གེ་མོ་ཡ་ན་ཞེས་བྱ་བ་སྟེ། ལོ་དྲུག་ལོན་ནས་རི་དགས་ཀྱི་ལྤགས་པ་གོན་ཏེ་མའི ་ཕྱི་བཞིན་འགྲོའོ།། རི་དེ་ལ་གནས་པའི་གཅན་ཟན་དང་རི་དགས་དང་འདབ་ཆགས་བྱ་ལ་སོགས་པ་ཐམས་ཅད་ཀྱང་རབ་ཏུ་དགའ་ནས་རྒྱལ་བུ་ལ་བརྟེན་ཅིང་གནས་སོ།། ་རྒྱལ་བུ་རི་དེ་ལ་ཕྱིན་ནས་ཞག་གཅིག་ལོན་པ་དང་། སྔོན་སྐམས་པའི་ཆུ་མིག་དང་རྫིང་ཡང་ཆུས་གང་བར་གྱུར།། སྐྱེ་ཤིང་སྐམས་པ་རྣམས་ཀྱང་ཐམས་ཅད་མེ་ཏོག ་དང་མདབ་མ་སྐྱེས་པར་གྱུར་ཏེ། སྲིན་བུ་བདུག་པ་རྣམས་ཀྱང་མེད་པར་གྱུར་ནས། གཅན་ཟན་ཤ་ཟ་བ་ཡང་སོ་སོ་ནས་རྩ་ཟ་བར་གྱུར། འབྲས་བུའི་ཤིང ་རྣམས་ཀྱང་རྒྱས་ཤིང་བཟང་པོར་གྱུར། སྣ་ཚོགས་ཀྱང་སྙིང་རྗེ་རྗེ་སྐད་ཀྱི་སྒྲ་སྐད་སྙན་པར་འབྱིན་པར་གྱུར་ཏེ། བཙུན་མོ་མན་དེས་ནི་ཤིང་གི་འབྲས་བུ་དང་། ཤིང ་ཏོག་རྔ་ཞིང་རྒྱལ་བུ་ལ་ཕུལ་ཏེ་སྲས་མིང་སྲིང་གཉིས་ཀྱང་བསྙེད་དོ།། ། སྲས་བུ་མིང་སྲིང་གཉིས་ནི་སྐབས་སྐབས་སུ་ཕ་མ་དང་བྲལ་ཏེ། ཧ་ཅང་ཡང་མི་རིང་བའི་ཆུ ་འབྲམ་དག་ཏུ་གཅན་ཟན་ན་མ་དགས་དང་ལྷན་ཅིག་རྩེ་སྟེ། བར་འགའ་ཞག་ལོན་པར་རྩེའོ།། ཕྱིས་དུས་གཞན་ཞིག་ན་སྲས་ཁྱེའུ་པ་རི། རི་དགས ་སེང་གེ་པ་ཞོན་པ་ལ་སེང་གེ་རྒལ་ནས་རྡེག་ཅིང་བསྣུན་པས་སྲས་བུའི་གདོང་པ་ཡང་ཅུང་ཟད་སྡུད་དེ་ཁྲག་བྱུང་བས་སྤྲེའུ་ཞིག། གིས་ཤིང་གིས་ལོ་མ་བླངས་ཏེ་གདོང ་ཁྲག་ཕྱིས་ནས། ཆུ་འགྲམ་དུ་ཁྲིད་དེ་ཁྲག་བཀྲུས་པ་ཡང་རྒྱལ་བུས་རྒྱང་མ་ནས་ཐོང་ངོ་། དེའི་ཚེ་ཡུལ་ཀཽའུ་ལི་ཞེས་བྱ་བ་ན་བྲམ་ཟེ་དབུལ་པོ་ལོ་བཞི་བཅུ་ལོན་ནས་ཆུང་མ ་བླངས་སོ།། རླུང་མ་ནི་རབ་ཏུ་བཟངས་ཤིང་སྡུག་ལ། བྲམ་ཟེ་ཉིད་ནི་རབ་ཏུ་མི་སྡུག་པའི་མཚན་རྫོགས་པ་ཡོད་དོ།། དེའི་ལུས་མདོག་སོལ་བ་ལྟར་གནས་པ། གདོང ་ལ་འབུར་འབུར་པོ་གསུམ་ཡོད་པ། སྣ་འཁྱོར་ཞིང་ཕོ་བ། མིག་གཉིས་ཤེལ་ལྟར་སྔོ་བ། གདོང་གཉེར་མ་ཅན། མཆུ་ཆང་བ། སྨྲ་བའི་སྐད་མི་གཉེན་པ། གསུས ་པ་ཆེ་བ། རྐུ་བ་འབུར་བ། རྐང་པ་གཉིས་གྲོལ་བ། མགོ་ཤུ་བ་ཅན་ལ་སླ་མེད་པ། འདྲེ་ལྟར་མི་སྡུག་པ་ཞིག་སྟེ། རླུང་མས་ཀྱང་མཐོང་མི་འདོད་པ་ཙམ ་དུ་ཤི་ཡང་བླ་ཞེས་རྒྱུན་ཏུ་དམོད་མོ་བྱེད་པ་ཞིག་ཡོད་དོ།། དུས་གཞན་ཞིག་ན་ཆུང་མ་ཆུ་ཆུར་སོང་སོང་བ་ལས། ལམ་དུ་ཁྱོག་གནོ་ནུ་མ་དག་ཅིག་དང་ཕྲད་ནས། ཁྱོ་ག ་རྣམས་ཀྱིས་ཁྱིམ་ཐོབ་ཀྱིས་གཟུགས་འདི་འདྲ་ཞེས་ཆོ་འདྲི་ཞིང་བགད་ནས་ཁྱོད་ནི་དཔེ་མེད་པར་བཟང་ཞིང་སྡུག་ན་ཇི་ལྟར་དེ་འདྲ་བའི་ཆུང་མ་བྱེད་ནུས་ཞེས་སྨྲས་པ་དང་། ་ཆུང་མས་ཁྱོ་ག་དེ་དག་ལ་འདི་སྐད་སྨྲས་སོ།། རྒང་པོའི་མགོ་བོ་ནི་ཤིང་ལ་བ་མོ་ཆགས་པ་ལྟར་སྐྱ་བ་དེ་ནང་ནུབ་ཤི་བར་དགའ་ན། ཤིར་མི་བཏུབ་ན་ཇི་ལྟར་བྱ་ཞེས་ཆུ་སྣོད ་ཐོགས་ནས་ཕྱིར་ཁྱིམས་དུ་འོངས་ཏེ། ཁྱིམ་ཐབ་ལ་འདི་སྐད་ཅེས་སྨྲས་སོ།། བདག་ཆུ་ཆུར་སོང་བ་ལས། ལམ་དུ་ཁྱོ་ག་གཞོན་ནུ་མ་དག་ཅིག་དང་ཕྲད་དེ། དེ་དག་བདག ་ལ་ཆོ་འདྲི་ཞིང་བགད་པས་ཁྱོད་ཀྱི་བཀོལ་བའི་བྲན་ཁོལ་ཚོལ་ཅིག། བདག་བྲན་ཁོལ་ཡོད་ན། ཆུ་ཆུ་མི་དགོས་ཏེ། གཞན་གྱིས་དཔྱས་པར་ཡང་མི་འགྱུར་རོ།། ཁྱིམ ་ཐབ་ཀྱིས་སྨྲས་པ། བདག་ནི་ཤིན་དུ་དབུལ་འཕོངས་པ་ཡིན་ན། བྲན་ཁོལ་ག་ལ་བརྙད་པར་འགྱུར། ཆུང་མས་སྨྲས་པ། གལ་ཏེ་བདག་གི་ཕྱིར་བྲན་ཁོལ་མ་བཙལ་ན། ་བདག་འགྲོ་སྟེ་ཁྱོད་ལྷན་ཅིག་མི་གནས་སོ།། ཆུང་མས་ཡང་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་ཐོས་ན་རྒྱལ་བུ་དོན་གྲུབ་སྦྱིན་པ་མ་འོས་པ་བྱིན་པས། ཡབ་རྒྱལ་པོས ་རི་དན་ཏིག་ཅེས་བྱ་བར་སྤངས་ཏེ། རྒྱལ་བུ་དེ་ལ་བུ་ཁྱེའུ་གཅིག་དང་། བུ་མོ་གཅིག་ཡོད་ཅེས་གྲག་གིས་ཁྱོད་དེ་སློང་དུ་སོང་ཤིག། ཁྱིམ་བདག་གིས་སྨྲས་པ། རི་དན ་ཏིག་ཅེས་བྱ་བར་འདི་ནས་དཔག་ཚད་དྲུག་སྟོང་ལྷག་གིས་ལམ་སོ་ཡོད་ལ། སྔོན་མ་ལུང་བགྲོད་ཀྱང་མ་མྱོང་ན། ཇི་ལྟར་བགྲོད་པར་བྱ། ཆུང་མས་སྨྲས་པ། བདག་གི ་ཕྱིར་བྲན་ཁོལ་མ་བཙལ་ན། བདག་བགེགས་ཏེ་ཤིའོ།། ཞེས་སྨྲས་པ་དང་། ཁྱིམ་ཐབས་ཀྱིས་སྨྲས་པ། གཉིས་ན་ཁོ་བོ་ནི་གཅིག་གིས་བསད་ཀྱང་བླའོ།། ཁྱོད་ཤི་བར ་མི་འདོད་དོ།། ཞེས་སྨྲས་པ་དང་། ཁྱོད་ཀྱིས་བདགེ་སློང་དུ་འགྲོ་བར་དད་ན། ཁོ་བོའི་རྒྱགས་དང་གོས་སྦྱོར་ཅིག། ཅེས་བསྒོའོ།། རྡུང ་མས་སྨྲས་པ། ད་སོང་ཤིག་རྒྱགས་ཀྱང་ང་ལ་དགོས་པ་ཡང་མེད་དོ།། ཞེས་སྨྲས་ནས། བྲམ་ཟེ་རྒྱགས་སྦྱར་ཏེ། རྐང་པས་ལམ་དུ་ཞུགས་ཏེ། སོང་ངོ་།། དེ་ནས་བྲམ་ཟེ་དེ ་ཡུལ་ཡ་བ་ཞེས་བྱ་བ་ག་ན་བ་དེར་སོང་སྟེ། དེར་ཕྱིན་པ་དང་རྒྱལ་པོའི་ཕོ་བྲང་སྒོ་བསྲུངས་པ་ལ། རྒྱལ་བུ་དོན་གྲུབ་ད་ལྟར་ག་ན་འདུག་ཅེས་དྲིས་པ་དང་། སྒོ་བསྲུང་བ་དེ་ཕོ་བྲང ་གི་ནང་དུ་སོང་ནས། རྒྱལ་པོ་ལ་ད་ལྟ་ཕྱི་རོལ་ན་བྲམ་ཟེ་ཞིག་རྒྱལ་བུ་དོན་གྲུབ་ག་རེ་ཞེས་འདྲིའོ།། རྒྱལ་པོས་རྒྱལ་བུ་ག་རེ་ཞེས་སྨྲས་པའི་ཚིག་ཐོས་པ་ཙམ་གྱིས་སེམས་འཁྲུག ་ཅིང་ཁྲོས་ནས་འདི་སྙམ་དུ་འདི་འདྲི་བ་ཤི་དག་གི་ཕྱིར་ངའི་སྲས་སྤངས་པར་གྱུར་ན། ད་ཡང་སློང་དུ་འོངས་སམ་སྙམ་བསམས་ནས། དཔེ་འདི་སྐད་ཅེས་བརྗོད་པར་གྱུར་ཏོ།། ་དཔེར་ན་མེ་ནི་རང་བཞིན་གྱིས་ཚ་ཞིང་འབར་བ་ཡིན་ན། དེའི་སྟེང་དུ་ཤིང་བསྣན་པ་དང་འདྲ་སྟེ་བདག་ཀྱང་དེ་ལྟར་མྱ་ངན་གྱིས་གདུངས་ཏེ་མེ་དང་འདྲ་བ་ལས། ང་རྒྱལ་བུ་ག་རེ ་ཞེས་དྲིས་པ་ནི་མེ་ལ་ཤིང་སྣུན་པ་དང་འདྲའོ།། བྲམ་ཟེས་གསོལ་པ། བདག་ནི་ལམ་རིང་པོ་ནས་འོངས་པ་ཡང་རྒྱལ་བུ་རྒྱལ་འཚབ་མིའི་ཡིད་དང་མི་འགལ་བར་སྦྱིན་པ་བགྱིད ་དོ་ཞེས་མིང་སྙན་པ་སྟེ། ཡར་ནི་གནམ་ལ་ཐུག། འོག་ཏུ་ནི་ཆུ་མིག་གི་གཏིང་ལ་ཐུག་གི་བར་དུ་གྲགས་པས། བདག་ལམ་རིང་པོ་ནས་རེ་བ་ཡོད་པས་འོངས་སོ། ་རྒྱལ་པོས་སྨྲས་པ། རྒྱལ་བུ་དོན་གྲུབ་ནི་ད་ལྟར་གཅིག་པུ་རི་ཤིན་དུ་དབེན་པ་ན་གནས་ཏེ།། རབ་ཏུ་དབུལ་ཞིང་ཅི་ཡང་མེད་ན། ཁྱོད་ལ་ཅི་ཞིག་སྦྱིན་དུ་ཡོད། བྲམ་ཟེས། ་སྨྲས་པ། རྒྱལ་བུ་ལ་ཅི་ཡང་མེད་ཀྱང་བདག་ཕྲད་པར་དགའོ་ཞེས་སྨྲས་པ་དང་། རྒྱལ་པོས་ཀྱང་གཞན་ཞིག་ལ་ལམ་སྟོན་ཅིག་ཅེས་བསྒོའོ།། དེ་ནས་བྲམ་ཟེ་དེ་སོང ་སོང་བ་ལས། རི་དན་ཏིག་གི་དྲུང་ན་ཆུ་ཆེན་པོ་ཞིག་ཡོད་པར་ཕྱིན་ནས། རྒྱལ་བུ་འབའ་ཞིག་བསམས་ཤིང་ཡིད་ལ་བྱེད་པས། ཆུའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ།། དེ་ནས ་བྲམ་ཟེ་དེ་རི་དེར་ཕྱིན་ནས། ཐོག་མ་སྔོན་པ་དེ་ལ་ཁྱོད་རི་འདི་ལ་རྒྱལ་བུ་དོན་གྲུབ་ཅེས་བྱ་བ་མཐོང་ངམ། རྔོན་པ་དེས་ཀྱང་རྒྱལ་བུ་སྦྱིན་པ་ལ་དགའ་བས་བྲམ་ཟེ་འདི་དག་གི་ཕྱིར། ་རི་ལ་སྤངས་པར་ཤེས་པས་རྔོན་པ་དེས་ཀྱང་བྲམ་ཟེ་བཟུང་ན་ཤིང་ལ་བཅིངས་བརྡེགས་པས་ལུས་ལ་རྨ་ཡང་བྱུང་ངོ་།། སྔོན་པས་སྨྲས་པ། ཁྱོད་རྒྱལ་བུ་དྲིས་ཏེ་ཅི་ཞེས་བྱ། མདས ་འཕངས་ཞེས་བྱ་བ་དང་། བྲམ་ཟེ་དེ་འདི་སྙམ་དུ་ད་ནི་འདིས་བདག་བསད་པ་ཡང་དག་ན་རྫུན་ཞིག་བྱ་སྙམ་དུ་བསམས་ནས། རྔོན་པ་ལ་ཁྱོད་ལ་བདག་དྲི་ནི་ཇི་ཉེས་ཞེས་སྨྲས་སོ།། ་དེ་ནས་རྔོན་པས་འོ་ན་ཞིག་སྨྲ་བར་སེམས་ཞེས་དྲིས་པ་དང་། བྲམ་ཟེས་རྫུན་ཚིག་འདི་སྐད་སྨྲས་སོ།། ཡབ་རྒྱལ་པོ་རྒྱལ་བུ་མཐོང་བར་དགའ་བས། བདག་འདིར་རྒྱལ་བུ་ཕྱིར་འགུགས ་སུ་འོངས་སོ།། ཞེས་སྨྲས་མ་ཐག་ཏུ། རྔོན་པས་ཀྱང་བཀྲོལ་ཏེ་བཏང་ནས་སྔར་མ་གཏོགས་ཏེ་རྒྱུས་མ་ཤེས་སོ་ཞེས་བཟོད་པ་གསོལ་ནས། རྒྱལ་བུ་གང་ན་འདུག་པའི་གནས་བསྟན ་ཏོ།། དེ་ན་བྲམ་ཟེ་རྒྱལ་བུའི་ཐད་དུ་ཕྱིན་པ་དང་། རྒྱལ་བུས་ཀྱང་རྒྱང་མ་ནས་བྲམ་ཟེ་འོངས་པ་མཐོང་ནས། རབ་ཏུ་དགའ་བའི་སེམས་སྐྱེས་ཏེ་བསུས་ནས་གུས ་པར་ཕྱག་བྱས་ཏེ། ཁྱོད་གང་ནས་འོངས་ལམ་དུ་ཉོན་མོངས་ཤིང་ངལ་བར་མ་གྱུར་ཏམ། ཅི་འདོད་ཅེས་སྤྲོ་བའི་གཏམ་བྱས་སོ།། བྲམ་ཟེས་སྨྲས་པ། བདག་ལམ་རིང་པོ་ནས ་འོངས་ཏེ། ལུས་ཐམས་ཅད་རྩེ་ཤིང་ན་ལ་བཀྲེས་སྐོམ་ཞེས་སྨྲས་པ་དང་། རྒྱལ་བུས་ནང་དུ་ཁྲིད་ནས་སྟན་ལ་འདུག་ཏུ་བཅུག་སྟེ། ཤིང་ཐོག་དང་། ཤིང་གི་འབྲས་བུ་དང་། བཏུང ་བའི་སྐོམ་མདུན་དུ་ཕབ་ཏེ། བྲམ་ཟེས་ཀྱང་སྐོམ་འཐུངས། ཤིང་ཐོག་ཟོས་ཏེ། ཐལ་བྱུང་རྒྱལ་པོ་ལ་འདི་སྨྲས་སོ།། བདག་ནི་ཡུལ་ཀེའུ་ལི་ཞེས་བྱ་བའི་ཡུལ་མི་ཡིན་ཏེ། སྔ་ཞིག ་ནས་རྒྱལ་བུ་སྦྱིན་པ་ལ་དགའ་ཞེས་ཕྱོགས་བཅུར་གྲགས་ཤིང་ཐོས་པས་བདག་ནི་དབུལ་འཕོངས་ཏེ། རྒྱལ་བུ་ལ་སློང་དུ་འོང་སོ།། རྒྱལ་བུས་སྨྲས་པ། བདག་ལ་ཡོད་པ་ལས ་ཁྱོད་ལ་མ་བྱིན་ན་ནི་ཆགས་ཤིང་སེར་སྣ་བྱེད་པར་གྱུར། བདག་ལ་ཅི་བདོག་པ་སྔར་ཀུན་བཏང་བས་ན་ད་ནི་ཡང་སྦྱིན་དུ་མེད་དོ།། བྲས་ཟེས་སྨྲས་པ། ད་ལྟར་ནོར་རྫས་སྦྱིན་དུ་མེད་ན། ་ཁྱོད་ཀྱི་བུ་གཉིས་བདག་རྒད་པོ་འཁོལ་བས་བྲན་དུ་བྱིན་ཅིག་ཅེས། དེ་ཉིད་དུ་ལན་གཉིས་ལན་གསུམ་གྱི་བར་དུ་སྨྲས་པ་དང་། རྒྱལ་བུས་ཀྱང་ཁྱོད་ལམ་རིང་པོ་ནས་འོངས་ལ། བདག ་གི་བུ་གཉིས་འདོད་པ་རབ་ཏུ་ལེགས་ཀྱིས་སྦྱིན་ནོ་ཞེས་སྨྲས་པོ།། དེའི་ཚེ་བུ་མིང་སྲིང་གཉིས་རྩེར་སོང་བ་ལས་རྒྱལ་བུས་བོས་ནས། བུ་ལ་འདི་སྐད་ཅེས་བསྒོའོ།། བྲམ་ཟེ་འདི་ལས ་རིང་པོ་ནས་འོངས་ཏེ། ཁྱོད་གཉིས་སློང་ངོ་ཞེས་ཟེར་ནས། ཁོ་བོས་ཀྱང་སྦྱིན་པར་བྱས་ཀྱིས། ཁྱོད་གཉིས་འདིའི་ཕྱི་བཞིན་སོང་ཞིག་ཅེས་སྒོ་བ་དང་། བུ་གཉིས་རྒྱལ་བུའི་མཚན ་དུ་བྲོས་ནས་ངུས་ཏེ་འདི་སྐད་ཅེས་སྨྲས་སོ།། བདག་ཅག་གིས་བྲམ་ཟེ་དུ་མ་མཐོང་ན། འདི་འདྲ་བ་བདག་ཅག་གིས་མ་མཐོང་སྟེ། འདི་ནི་བྲམ་ཟེ་མ་ལགས་ཀྱིས་ཡང་དག་པར་ཡི ་དགས་ལགས་པས། བདག་ཅག་གིས་མ་ཤིང་ཐོག་ཚོལ་དུ་མཆིས་པ་ལས་སླར་མ་འཁོར་བར་བདག་ཅག་གཉིས་ཡི་དགས་འདིའི་ཟས་སུ་སྩལ་ན། གདོན་མི་འཚལ་བར་འགུམ ་མོ།། བདག་ཅག་གི་མ་སླར་མ་མཆིས་ཏེ། བུ་དག་མ་མཇལ་ན་ཇི་ལྟ་བ་དང་། བ་དང་བེའུ་བྲལ་བ་ལྟར་དུ་ཞིང་ཆོ་ངེས་འདེབས་ཏེ་མི་དགའ་བའི་མྱ་ངན་གྱི་གདུངས་པར་འགྱུར་རོ།། ་རྒྱལ་བུ་ལ་བསྒོ་བ། ཁོ་བོས་སྦྱིན་པར་གནང་བས། བསྡད་དུ་མི་རུང་སྟེ་འདི་བྲམ་ཟེ་ཡིན་གྱིས། ཡི་དགས་མ་ཡིན་པས་མི་ཟོད་ཀྱིས་ཁྱོད་གཉིས་འདིའི་ཕྱི་བཞིན་སོང་ཤིག། ་བྲམ་ཟེས་སྨྲས་པ། བདག་ནི་ཆོས་ཏེ་འགྲོའོ།། གལ་ཏེ་བུའི་མཾ་འོངས་ན་འགྲོར་མེད་དེ་མ་བཏང་ན། རྒྱལ་བུས་བདག་ལ་སྦྱིན་པའི་དགེ་བའི་སེམས་ཀྱང་བུའི་མས་བཟློག་ཅིང ་ཉམས་པར་འགྱུར་དུ་དོགས་སོ།། རྒྱལ་བུས་སྨྲས་པ། བདག་གིས་སྦྱིན་པ་ཅི་བྱས་ཀྱང་མཐོང་མ་ནས་ཅི་ལ་ཡང་ཕྱི་འགྱོད་པའི་སེམས་མ་བྱུང་ངོ་།། དེ་ནས་རྒྱལ་བུས་ཆུ་སྣོད་ཐོག ་བྲམ་ཟེའི་ལག་པར་ཆུ་བླུགས་ནས་བུ་གཉིས་ཀྱི་ལག་ནས་བཟུང་ནས། བྲམ་ཟེ་ལ་ཕུལ་ནས་ས་ཡང་རབ་ཏུ་གཡོས་སོ།། བུ་གཉིས་བྲམ་ཟེའི་ཕྱི་བཞིན་མཆི་བར་མ་བཏུབ་ནས་ཕྱིར ་ཕ་རྒྱལ་བུའི་དྲུང་དུ་འོངས་ཏེ། པུས་མོ་ས་ལ་བཅུགས་ནས་པ་རྒྱལ་བུ་ལ་འདི་སྐད་ཅེས་གསོལ་ཏོ།། བདག་ཅག་གཉིས་ཀྱིས་ཚེ་རབས་སྔ ་མ་ལ་ཅི་བགྱིས་ན་འདི་ལྟ་བུའི་སྡུག་བསྔལ་མྱོང་བར་འགྱུར། བདག་ཅག་ནི་རྒྱལ་པོའི་རིགས་སུ་སྐྱེས་ན། ཅིའི་སླད་དུ་ཕ་རོལ་པོའི་བྲན་ཁོལ་དུ་གྱུར་ཅེས་རྒྱལ་བུ་ལ་སྡིག་བཤགས ་ནསཿའདིའི་རྒྱུ་འདིའི་རྐྱེན་གྱིས་སྡིག་པ་བྱང་ཞིང་བསོད་ནམས་སྐྱེས་སོ།། གང་ནས་གང་དུ་སྐྱེས་ཀྱང་འདི་ལྟ་བུའི་སྡུག་བསྔལ་དང་ཕྲད་པར་མ་གྱུར་ཅིག་ཅེས་སྨྲས་སོ།། རྒྱལ་བུས ་བུ་ལ་སྨྲས་པ་འཇིག་རྟེན་ན་མཛའ་ཞིང་སྡུག་གོ་ཆོ་ག་མཐར་འབྱེ་འབྲལ་བར་འགྱུར་ཏེ། ཐམས་ཅད་མི་རྟག་པས་ཡིད་ལ་བརྟེན་དུ་རུང་སྟེ། ཁོ་བོ་ནམ་བླ་ན་མེད་པ་མཉམ་སྙོམས་པ ་བྱང་ཆུབ་ཐོབ་ན་ཁྱེད་ཐར་པའི་དོན་བྱའོ་ཞེས་བགོ་བོ།། བུ་གཉིས་ཀྱིས་ཀྱང་ཡབ་རྒྱལ་པོ་ལ་སྨྲས་པ། བུས་ནི་མ་ལ་ཕྱི་ཕྱག་བགྱི་བ་ལགས་ན། ད་ནི་གཞན་ཡང་མི་ཕྲད་དེ། མའི ་ངོ་མ་མཐོང་བ་ཡང་བདག་ཅག་གི་སྔོན་གྱི་སྡིག་པའི་ལས་ཀྱི་སྡུག་བསྔལ་གྱིས་གདུངས་པར་ཟད་ནས། བདག་ཅག་གི་མ་ཅིའི་ཕྱིར་མྱ་ངན་གྱིས་གདུངས་ཤིང་སྡུག་བསྔལ་བར ་འགྱུར་ཞེས་སྨྲེ་སྔགས་འདོན་ཏོ།། བྲམ་ཟེས་སྨྲས་པ། བདག་རྒས་ཉམས་ཆུང་བས་བྱིས་པ་འདི་གཉིས་ཀྱིས་བདག་བོར་ཏེ། མའི་ཟད་དུ་འབྲོས་པར་འགྱུར་ན། བདག་གིས་བྱར ་མེད་པར་འགྱུར་གྱིས་ཁྱོད་ཀྱིས་ཆིངས་ལ་སྦྲིང་ཤིག་ཅེས་སྨྲས་པ་དང་། རྒྱལ་བུས་ཀྱང་བུ་གཉིས་ཀྱི་ལག་པ་ཕྱིན་ཀ་ལག་ཏུ་བཟུང་སྟེ། བྲམ་ཟེ་ཉིད་འཆིང་དུ་བཅུག་ནས། ཕྱིན་ཀ ་ལག་ཏུ་བཅིངས་པའི་ཐག་པ་བྲམ་ཟེའི་ལག་ཏུ་བྱིན་ཏེ། སྦྲེལ་ཏེ་ཁྲིད་དོ། བུ་གཉིས་ནི་དེ་ལྟར་ཁྲིད་ཀྱང་བགྲོར་མི་བཏུབ་སྟེ། འཐེན་པ་ལས་བྲམ་ཟེས་ལྕགས་ཐོགས་ཏེ་དེད་ནས ་ཞུགས་པའི་ལམ་ཏུ་ཁྲག་བྱུང་བ་ཡང་ས་ལ་ཆལ་པར་གང་ངོ་།། རྒྱལ་བུས་དེ་ལྟར་མཐོང་ནས་མཆི་མ་ས་ལ་བོ་བས་ས་ཡང་ཁོལ་བར་གྱུར་ཏོ།། རྒྱལ་བུ་དང་རི་དགས་དང་གཅན ་ཟན་མང་པོ་ཐམས་ཅད་ཀྱིས་བུ་གཉིས་སྐྱལ་ཏེ། མི་སྣང་བར་གྱུར་པ་དང་། གདོད་ཀུན་གྱིས་ཕྱིར་ལོག་གོ། རི་དགས་དང་གཅན་གཟན་ལ་སོགས་པས་རྒྱལ་བུ་དང་རྩེད་མོ་རྩེ་བའི ་གནས་སུ་ཕྱིན་ནས་སྙིང་རྗེ་བའི་རྐད་བྱུང་སྟེ། ལུས་ས་ལ་བརྡེབས་ཤིང་འགྲོའོ།། བྲམ་ཟེ་དེ་ལམ་དུ་ཞུགས་ཏེ། སོང་བ་ལས། ལམ་ཀར་སྐྱེ་ཤིང་ཅིག་ཡོད་པ་ལ་བུ་གཉིས ་བཏགས་ནས་འདུག་གོ། དེ་ནས་ཆེས་པ་ལས་བུ་མོ་གཉིས་མ་དང་ཕྲད་དུ་རེ་བས་ཤིང་གི་ཕག་ཁྲིས་ཏེ་འགྲོར་མ་བཏུབ་ནས། བྲམ་ཟེས་ཡང་ཞུས་པ་ལས་བུ་གཉིས་ཀྱིས ་འདི་སྐད་ཅེས་སྨྲས་སོ།། བདག་བཅག་ལ་མ་རྡེག་ཤིག་བདག་ཅག་རང་འགྲོའོ།། ཞེས་གནམ་ལ་ཡང་ལྟས་ཏེ་ཡང་འདི་སྐད་ཅེས་སྨྲས་སོ།། རི་སྤྱན་གྱི་ལྷ་དང་། ནག་ཚལ ་ཤིང་གི་ལྷ་རྣམས་བདག་ཅག་ལ་ཅུང་ཟད་ཐུགས་རྩེ་བ་འམ། དགོད་པ་མི་མངའ་འམ། བདག་ཅག་ནི་ལམ་རིང་པོརགཞན་གྱིས་བྲན་ཁོལ་བྱེད་དུ་འགྲོ་སྟེ། མ་དང་། ་བྲལ་གྱུར་ན་བདག་ཅག་གིས་མ་རི་ལ་ཤིང་ཐོག་ཚོལ་ཤིང་སྔར་བཏང་སྟེ། མྱུར་དུ་བདག་ཅག་དང་ངོ་ཕྲད་དུ་ཤོག་ཤེག་ཅེས་མི་དྲན་ནམ་ཞེས་དེ་སྐད་སྨྲས་པ་དང་། བུའི་མ། ་རི་ལ་འདུག་པ་ལས་རྐང་འཐིལ་གཡའ་ཞིང་མིག་གཡོན་པ་ཡང་འགུལ། ནུ་མ་གཉིས་ནས་ནུ་ཞོ་ཡང་རང་ཟག་པར་གྱུར་ནས།། འདི་སྙམ་དུ་འདི ་འདྲ་བའི་ལྟོས་ངན་པ་ལྔ་ནས་མ་བྱུང་ན། བདག་གི་བུ་གཉིས་ལ་ཡེ་འབྲོག་མ་བྱུང་སྙམ་བསམས་ནས། ཤིང་ཐོག་གི་ཅི་ཞིག་བྱ་སྟེ། མྱུར་བར་ཕྱིན་གནས་སུ་འགྲོ་བར་ཆས་སོ།། ་དེའི་ཚེ་སུམ་བཅུ་རྩ་སུམ་ལྷའི་གནས་ཀྱི་ལྷའི་དབང་པོས་རྒྱལ་བུའི་གཞན་ལ་བུ་བྱིན་པར་ཤེས་པས། བཙུན་མོ་དགེ་བའི་བསམ་པའི་སེམས་ཀྱི་བར་ཆད་དུ་དོགས་པས ་སེང་གེ་ཞིག་ཏུ་སྤྲུལ་ཏེ་ལམ་གྱི་སྲང་ན་སྡོད་དོ།། བཙུན་མོས་སེང་གེ་ལ་སྨྲས་པ། ཁྱོད་ནི་གཅན་ཟན་གྱི་རྒྱལ་པོ།། ཁོ་མོ་ནི་མིའི་རྒྱལ་མོ་ཡིན་ཏེ། བདག་ཅག་རི་ལ་འཁོད ་པ་འདྲ་ན། ཅུང་ཟད་ལམ་ལས་བྱོལ་ཏེ་བདག་ཐོང་ཤིག། བདག་ལ་བུ་ཆུང་ངུ་ཤེད་མ་ཕྱེད་པ་གཉིས་ཤིག་ཡོད་དེ། ད་ཙམ་བར་དུ་ཅི་ཡང་མ་ཟོས་བདག་འོང་དུ་རེ་སྟེ་སྡོད་དོ།། ་སེང་གེས་ཀྱང་བྲམ་ཟེ་རྒྱང་རིང་པོ་དུ་ཐལ་བར་ཤེས་ནས་ལམ་ལས་བྱོལ་ཏེ་བཙུན་མོ་བཏང་ངོ་།། བཙུན་མོ་ཕྱིར་གནས་སུ་འོངས་ནས་རྒྱལ་བུ་འབའ་ཤིག་སྣང་གི། བུ་གཉིས ་མ་མཐོང་བས་བདག་ཉིད་འདུག་པའི་སྤྱིལ་པོར་བལྟས་ན་ཡང་བུ་མ་མཐོང་། བུ་ཉིད་འདུག་པའི་སྤྱིལ་པོར་བལྟས་ན་ཡང་མ་མཐོང་སྟེ། དེ་ནས་བུ་རྩེ་བའི་གནས་ཆུ་འགྲམ་དུ ་བཙལ་ན་ཡང་མ་མཐོང་ངོ་།། སྔོན་བུ་དང་རྩེ་བའི་རི་དགས་ཤ་བ་དང་། ཁ་ཤ་དང་གཅན་ཟན་སོང་གེ་དང་སྤྲེའུ་ལ་སོགས་པ་མདུན་ནས་ལུས་ས་ལ་རྡེབས་ཤིང་སྒྲ་འབྱིན་ལ། ་སྔོན་རྩེ་བའི་རྫིང་བུ་དང་། ཆུ་ཡང་སྐམས་པར་མཐོང་ནས། ཕྱིར་རྒྱལ་བུ་གང་ན་བ་དེར་སོང་སྟེ། ཕྱིན་པ་དང་རྒྱལ་བུ་ལ་བདག་གི་བུ་གཉིས་ག་རེ་ཞེས་དྲི་ན་རྒྱལ་བུ་ཅང་མི ་སྨྲའོ།། བཙུན་མོས་ཡང་སྨྲས་པ། བདག་ནམ་ཤིང་ཐོག་ཐོགས་ཏེ། ཕྱིར་གནས་སུ་འཁོར་བ་ན་བདག་གི་བུ་གཉིས་རྒྱང་མ་ནས་རྒྱུག་ཅིང་བསུས་ཏེ། བརྡེག་ཅིང་འཆོས་ན ་ཡང་ཕྱིར་ལང་ས་ནས་དཀྱུ་ཞིང་མཆོང་ཞིང་ཨ་མ་འོངས་སོ་ཞེས་འབོད་དོ།། བདག་འདུག་པ་ན་གཉིས་ཀ་གཡས་གཡོན་ན་འདུག་ཅིང་ཕྲག་པ་འམ་ལུས་རྡུལ་གོས ་ན་ཡང་ཕྱི་ཞིང་སྐྲག་ན། ད་བདག་གི་བུ་ག་རེ་མ་མཐོང་ན་གཞན་མ་ཡིན་ནམ། འདི་ལྟ་བུ་མ་མཐོང་བས་སྙིང་གས་པར་གྱུར་གྱིས། བདག་གི་བུ་ག་ལ་འདུག་པ་མྱུར་དུ་སྤྲོས ་ཤིག། བདག་མྱོས་པར་འགྱུར་རོ།། ཞེས་དེ་ལྟར་ལན་གཉིས་ལན་གསུམ་གྱིས་བར་དུ་དྲིས་ཀྱང་མ་སྨྲས་སོ།། བཙུན་མོས་ཡང་སྨྲས་པ། ལྷག་པར་ཡང་སྡུག ་བསྔལ་གྱི་གདུངས་ཏེ། བུ་གཉིས་མ་མཐོང་བ་ཆོད་ཡོད་ན་རྒྱལ་བུས་ལན་མ་སྟེར་བས་ལྷག་མྱོས་ཤིང་འཁྲུགས་པར་གྱུར་ཏོ།། རྒྱལ་བུས་སྤྲས་པ། ཡུལ་ཀེའུ་ལི། ་ཞེས་བྱ་བ་ནས་བྲམ་ཟེ་ཞིག་འོངས་ཏེ། བདག་ལ་བུ་གཉིས་བླངས་པ་ལས་བདག་གིས་བྱིན་ནོ།། བཙུན་མོས་རྒྱལ་བུས་སྤྲས་པ་ཐོས་མ་ཐག་ཏུ་རི་རྡིབས་པ་ལྟར་ས ་ལ་འགྱེལ་ཏེ་འགྲོ་ཞིང་ཆོ་ངེས་བཏབ་བོ།། རྒྱལ་བུས་སྤྲས་པ། རེ་ཞིག་སྡོད་ཅིག། ཁྱོད་སྔོན་འདས་པའི་དུས་ན། སངས་རྒྱས་མར་མེ་མཛད་ཀྱི་ཚེ། དམ་ཇི་ལྟར ་བཅས་པ་མ་དྲན་ནམ། དེའི་ཚེ་དེའི་དུས་ན་བདག་ནི་བྲམ་ཟེའི་བུ་གཞོན་ནུ་ཞེས་བྱ། ཁྱོད་ནི་དེའི་ཚེ་མེ་ཏོག་པདྨ་བདུན་ཞིག་ཐོགས་ནས། ་བདག་ལ་ནི་དངུལ་གྱི་དོང་རྩེ་ལྔ་ཞིག་ཡོད་དེ། ཁྱོད་ལས་པད་མོ་ལྔ་ཞིག་ཉོས་ནས་སངས་རྒྱས་ལ་དབུལ་བར་བྱས་པ་ལས། ཁྱོད་ཀྱིས་པད་མོ་ལྷག་མ་གཉིས་ཀྱང་བདག ་ལ་བྱིན་ནས། སངས་རྒྱས་ལ་དབུལ་གྱིས་སྨོན་ལམ་དུ་ཡང་བདག་སྐྱེ་བ་ཕ་རོལ་ཏུ་རྟག་པར་ཁྱོད་ཀྱི་ཆུང་མར་ཤོག་ཤིག། ཅེས་སྨོན་ལམ་བཏབ་པས། བདག་དེའི་ཚེ་ཁྱོད ་དང་དམ་འདི་སྐད་དུ་མ་བཅས་སམ། ཁྱོད་བདག་གི་ཆུང་མར་དགའ་ན་བདག་གིས་ཡིད་དང་འགལ་བར་མ་བྱེད་ཅིག། བདག་སྦྱིན་པ་ཞིག་བྱེད་ན་ཕ་མ་གཉིས་མ་གཏོགས་པར ་གཞན་སྦྱིན་པ་ཅི་བྱིན་ཡང་བདག་ཡིད་བཞིན་དུ་སྦྱིན་པ་ལས་འགལ་བར་མ་བྱེད་ཅིག་ཅེས་དམ་བཅས་པ་ལས་དེའི་ཚེ། ཁྱོད་ན་རེ་དེ་བཞིན་དུ་བྱའོ་ཞེས་མི་ཟེར་རམ། ད་ཁྱོད་ཀྱི ་བུ་གཉིས་གཞན་བྱིན་པ་ལ་བདག་གི་དགེ་བའི་སེམས་དཀྲུག་ཏུ་ཡང་ཅི་ཡོད་ཅེས་རྒྱལ་བུས་སྨྲས་མ་ཐག་ཏུ། བཙུན་མོས་ཐོས་པ་ཙམ་གྱིས་སེམས་དང་ཡིད་ཀྱིས་སྔོན་གྱི ་གནས་དྲན་པའི་མངོན་པར་ཤེས་པས་ཐོབ་པར་གྱུར་ཏེ། རྒྱལ་བུའི་བསམ་པ་མྱུར་དུ་རྫོགས་པར་འདོད་པས་ཡིད་བཞིན་དུ་སྦྱིན་པ་ལ་རྗེས་སུ་ཡིད་རང་བར་གྱུར་ཏོ།། དེ་ནས ་ལྷའི་དབང་པོ་རྒྱ་བྱིན་རྒྱལ་བུས་སྦྱིན་པ་ཅི་སེམས་པ་བགམ་པའི་ཕྱིར་བྲམ་ཟེ་ཞིག་ཏུ་སྤྲུལ་ཏོ།། བྲམ་ཟེ་དེ་ཡང་མི་སྡུག་པའི་རྣམ་པ་བཅུ་གཉིས་དང་ལྡན་ཏེ། རྒྱལ་བུ་གང་ན ་བ་དེར་འོངས་ནས་འདི་སྐད་ཅེས་སྨྲས་སོ།། རྒྱལ་བུ་ཁྱོད་སྦྱིན་པ་ལ་དགའ་བས་ཕ་རོལ་པོའི་ཡིད་དང་མི་འགལ་བར་བྱེད་ཅེས་གྲག་ཏེ་བདག་ཆེད་དུ་འདིར་སློང་དུ་འོང ་ཀྱིས་ཁྱོད་ལ་བཙུན་མོ་ཡོད་པ་དེ་བདག་ལ་བྱིན་ཅིག། རྒྱལ་བུས་སྨྲས་པ། ཤིན་དུ་ལེགས་ཏེ། དེ་བཞིན་དུ་སྦྱིན་ནོ་ཞེས་སྨྲས་སོ།། བདག་ཀྱང་ཕ་རོལ་པོ་ལ ་བྱིན་ན་རྒྱལ་བུའི་གཡོག་སུས་བྱ། རྒྱལ་བུས་སྨྲས་པ། ཁྱོད་ཀྱང་སྦྱིན་པར་མ་བྱིན་ན་ཇི་ལྟར་ཡང་བླ་ན་མེད་པ་མཉམ་སྙོམས་པའི་བྱང་ཆུ་ཐོབ་པར་འགྱུར། དེ ་ནས་རྒྱལ་བུས་ཆུ་སྣོད་ཐོགས་ཏེ། བྲམ་ཟེའི་ལག་པ་བཀྲུ་བའི་ཕྱིར་ལག་པར་ཆུ་བླུགས་ནས། བཙུན་མོ་ཡང་བྲམ་ཟེ་ལ་ཕུལ་ལོ།། དེ་ལྟར་རྒྱལ་བུ་ལ་འགྱོད། ་པའི་སེམས་ཅུང་ཟད་ཀྱང་མེད་པར་རྒྱ་བྱིན་གྱིས་རྟོགས་ནས། ལྷ་རྣམས་ཀྱིས་བསྟོད་ཅིང་བསྔགས་ཏེ་གནམས་ཡང་ཆེར་གཡོས་སོ།། དེ་ནས་བྲམ་ཟེས་བཙུན་མོ་ཁྲིད ་དེ་གོམ་པ་བདུན་ཙམ་དུ་ཕྱིན་པ་དང་། ཕྱིར་ལོག་ནས་བཙུན་མོ་འདི་རྒྱལ་བུ་ལ་སྦྱིན་གདམས་ཀྱིས་སུ་ལ་ཡང་མ་བྱིན་ཅིག་ཅེས་སྨྲས་སོ།། རྒྱལ་བུས་སྨྲས་པ། ཅིའི་ཕྱིར་མི་ཁྲིད ་མི་འདོད་དམ། ཅི་མིར་སྐྱེས་པའི་ཆུང་མའི་ནང་ན་ཆུང་མ་འདི་ནི་ཤིན་དུ་ཡང་བཟང་ཞིང་མཛེས་ཏེ། རྒྱལ་པོའི་བུ་མོ་ཡིན་ལ། རྒྱལ་པོ་དེ་ལ་བུ་མོ་འདི་ཅིག་ལས་མེད་དེ། ཆུང་མ་འདི ་ནི་བདག་ལ་ཡང་དུ་གང་ཆེ་བས་ཁ་ཟས་བཙོ་བ་དང་། བསྲེག་པ་ཡང་ལག་དར་ཏེ་བྱེད་བཟའ་བ་དང་བཏུང་བ་ངན་ཅེས་མི་འཁོངས་སྟེ། སྟག་འགྲུས་ཆེ་ལ་བྱད་བཞིན་ཡང་བཟང་ཞིང ་། མཛེས་པས་ཁྱོད་ཁྱེར་ན་བདག་དགའ་བོ་ཞེས་སྨྲས་སོ།། བྲམ་ཟེས་རྒྱལ་བུ་ལ་སྨྲས་པ། བདག་ནི་བྲམ་ཟེ་མ་ཡིན་ཏེ། བརྒྱ་བྱིན་ལྷའི་དབང་པོ། ་ཡིན་ནོ།། ཆེད་དུ་ཁྱོད་བགམ་པའི་ཕྱིར་འོངས་པ་ཡིན་ནོ།། ཞེས་ཕྱིར་བརྒྱ་བྱིན་གྱི་ལུས་བཟང་པོར་བསྒྱུར་ནས། ཁྱོད་ཅི་དང་ཅིར་སྨོན་ཅེས་སྨྲས་སོ།། དེ་ནས་བཙུན་མོས་གུས ་པར་ཕྱག་འཚལ་ཏེ། སྨོན་ལམ་རྣམ་པ་གསུམ་ཞིག་གསོལ་ཏོ།། གང་ཞེས་ན་གཅིག་ཏུ་ན་བདག་གི་བུ་ཁྲིད་པའི་བྲམ་ཟེ་ཕྱིར་ཡང་བདག་གི་ཡུལ་དུ་སོང་བར་གྱུར་ཅིག། གཉིས ་སུ་ན་བདག་གི་བུ་གཉིས་བཀྲེས་པ་དང་། སྐོམ་པས་སྡུག་བསྔལ་བར་མ་གྱུར་ཅིག། གསུམ་དུ་ན་རྒྱལ་བུ་དང་བདག་ཅག་གཉིས་དང་ཕྱིར་བདག་ཅག་གི་ཡུལ་དུ་མྱུར་དུ་འཁོར་བར ་གྱུར་ཅིག་ཅེས་སྨྲས་པ་དང་། བརྒྱ་བྱིན་ལྷའི་དབང་པོས་ཀྱང་དེ་བཞིན་དུ་སྨོན་ལམ་གྲུབ་པར་གྱུར་ཅེས་སྨྲས་སོ།། རྒྱལ་བུས་སྨྲས་པ། བདག་ནི་སེམས་ཅན་ཐམས་ཅད་སྐྱེ་བ་དང ་རྒ་བ་དང་། ན་བ་དང་། འཆི་བའི་སྡུག་བསྔལ་ལས་བགྲོལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང་། བརྒྱ་བྱིར་ལྷའི་དབང་པོས་སྨྲས་པ། སྨོན་ལམ་འདི་ནི་ཤིན་དུ་རྒྱ་ཆེ་སྟེ། ་བླན་མེད་པ་ཡིན་ཏེ། གལ་ཏེ་བོ་རིས་སུ་སྐྱེ་ཞིང་ཉི་ཟླ་ལ་དབང་བའི་བདག་པོར་འདོད་དམ། འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་པོར་འདོད་དམ། ཚེ་རིང་ཞིང་ཡུན་རིང་དུ་གནས་པར་འདོད་ན་པང། ་གིས་སྦྱིན་ནུས་ཀྱིས། ཁྱོད་ཀྱིས་སྨྲས་པའི་སྨོན་ལམ་ཁམས་གསུམ་ལས་མཆོག་ཏུ་འདས་པ་ཡིན་པས། བདག་གིས་ནུས་པ་མ་ཡིན་ནོ།། རྒྱལ་བུས་སྨྲས་པ། རེ་ཤིག་ཤིན་ཏུ ་ཕྱུག་པོར་གྱུར་ཏེ། སྔོན་པས་ཀྱང་ལྷག་པར་རྟག་ཏུ་སྦྱིན་པ་སྦྱིན་ཞིང་ཡབ་རྒྱལ་པོ་དང་། བློན་པོ་རྣམས་དང་བདག་ཅག་ཕྲད་པར་སེམས་པར་ཤོག་ཤིག་ཅེས་སྨྲས་པ་དང་། བརྒྱ་བྱིན་གྱིས ་སྨོན་ལམ་དེ་བཞིན་ངེས་པར་གྲུབ་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་མི་གནང་བར་གྱུར་ཏོ།། ཡུལ་ཀེའུ་ལིའི་བྲམ་ཟེ་དེ་བྱིས་པ་གཉིས་ཁྲིད་དེ་ཁྱིམ་དུ་འོངས་ནས། ཆུང་མས་འདི ་སྐད་དུ་ཁྱོད་ངོ་སོ་འདི་ལྟ་བུས་འཁོར་དེ་འོངས་ཏེ་ངོ་མ་ཆེ་འམ། བྱིས་པ་གཉིས་ནི་རྒྱལ་པོའི་གདུང་ལ་གཏོགས་པ་ཡིན་ན། སྙིང་རྗེས་པའི་སེམས་ཀྱང་མེད་དེ། འདི་ལྟར་བརྩོག་རྡེག ་ཤིང་ལུས་ལ་རྨ་དང་རྣག་ཁྲག་གིས་བཙོག་བཙོག་ལྟར་བྱས་པ་བཟོད་དམ་ཞེས་སྤྱོས་བརྒྱབ་ནས། བྱིས་པ་འདི་གཉིས་ཚོང་ལ་བཀོལ་ཏུ་རུང་བ་ཁྲིད་དེ་ཤོག་ཤིག་ཅེས་བགོ་བ ་དང་། ཁྱིམ་ཐབ་ཀྱང་ཆུང་མས་བསྒོ་བ་བཞིན་ཚོང་འདུས་སུ་སོང་བ་ལས་བརྒྱ་བྱིན་ལྷའི་དབང་པོས་སྤྲུལ་ཏེ་ཚོང་འདུས་སུ་འོངས་ནས་བྲམ་ཟེ་དེ་ལ་བྱིས་པ་འདི་གཉིས་ནི་ཤིན་དུ་རིང་ཆེ ་བས་སུས་ཀྱང་ཉོ་མི་ནུས་སོ།། ཞེས་སྨྲས་སོ།། བྱིས་པ་གཉིས་བཀྲེས་སྐོམ་པ་ལས་བརྒྱ་བྱིན་གྱིས་ལྷའི་རྫུ་འཕྲུལ་གྱིས་དྲི་བསུང་སྤྲུལ་ཏེ།། བྱིས་པ་གཉིས་པོ་སྤུའི་ཁུ་བུ་ནས་ལྟོ། ་འདྲངས་པ་བྱས་ཏེ། རྒྱ་བྱིན་གྱིས་བྲམ་ཟེ་དེའི་སེམས་བསྒྱུར་ནས་ཡུལ་མ་བར་ཕྱིན་པར་བྱས་སོ།། ཡུལ་དེའི་བློན་པོ་དང་མི་ཐམས་ཅད་ཀྱིས་རྒྱལ་བུའི་སྲས་རྒྱལ་པོ་ཆེན་པོའི་ཆ་བོ ་ཡིན་པར་མི་ཤེས་པ་མེད་པས། ཡུལ་མི་ཐམས་ཅད་མྱ་ངན་གྱིས་གདུངས་ཏེ། བློན་པོ་ལ་སོགས་པས་བྱིས་པ་འདི་གཉིས་ག་ལས་འོངས་བྲིས་པ་དང་། བྲམ་ཟེ་ན་རེ་བདག་གིས ་བསླངས་དེ་འོངས་པ་ཁྱོད་ཀྱིས་དྲིར་ཅི་ཡོད་ཅེས་སྨྲས་པ་དང་། བློན་པོ་རྣམས་ཀྱིས་སྨྲས་པ། ཁྱོད་བདག་ཅག་གིས་ཡུལ་དུ་འོང་བས་ན། བདག ་ཅག་གིས་དྲི་བའི་རིགས་པས་དྲིས་པ་ཡིན་ནོ།། ཞེས་བློན་པོ་དང་ཡུལ་མི་རྣམས་ཀྱིས་འགྲོས་ཏེ། བྲམ་ཟེ་ལ་བུ་གཉིས་འཕྲོག་པར་བྱས་པ་ལས། དེའི་ནང་ནས་ཁྱིམ་བདག ་ཅིག་གིས་འདི་སྐད་ཅེས་གྲོས་བཏབ་པོ།། འདི་ནི་རྒྱལ་བུས་སྦྱིན་པར་བསམས་ནས་བྱིན་པ་ཡིན་ལ་རྒྱལ་བུས་བསམས་པའི་ཡིད་དང་འགལ་ཞིང་འཕྲོག་པ་མི་རིགས་ཀྱིས། གཉིས་ན ་རྒྱལ་པོ་ཆེན་པོ་ལ་གསོལ་ན་རྒྱལ་པོ་ཉིད་ཀྱིས་རིན་གྱིས་བསླུ་བོར་འགྱུར་རོ་ཞེས་བྱས་པ་དང་། གྲོས་སྔ་མ་བཏང་ནས་བློན་པོ་རྣམས་ཀྱི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། རྒྱལ་པོ ་ཆེན་པོའི་དཔོན་པོ་གཉིས་ད་ལྟར་བྲམ་ཟེ་ཞིག་གིས་འཚོང་ཞིང་མཆིས་སོ།། ཞེས་གསོལ་པ་དང་། རྒྱལ་པོས་ཚིག་དེ་ཐོས་མ་ཐག་ཏུ་ཆེར་སྔངས་ཏེ། བྲམ་ཟེ་དང་བུ་གཉིས་ཕོ་བྲང ་གི་ནང་དུ་ཁྲིད་དེ་ཤོག་ཤིག་ཅེས་བསྒོས་ནས་བུ་གཉིས་ཕོ་བྲང་གི་ནང་དུ་འོངས་པའི་ཚེ། རྒྱལ་པོ་དང་བཙུན་མོ་དང་ཕོ་བྲང་གི་སླས་དང་བློན་པོ་རྣམས་ཀྱིས་བུ་གཉིས་མཐོང་ནས ་ཐམས་ཅད་དབུགས་ཀྱིས་བསྣངས་པ་ཙམ་དུ་འདུས་པ་མེད་དོ།། དེ་ནས་རྒྱལ་པོས་བྲམ་ཟེ་ལ་ཁྱོད་ཀྱིས་བུ་འདི་གཉིས་ཇི་ལྟར་ཐོབ་ཅེས་དྲིས་ན། བྲམ་ཟེ་ན་རེ་བདག་གིས་རྒྱལ ་བུ་ལ་བསླངས་ཏེ་ཐོབ་པོ་ཞེས་ཟེར་རོ།། རྒྱལ་པོས་བུ་གཉིས་བོས་ཏེ་འཕངས་དུ་བླང་བར་བསམས་པ་ལས་བུ་གཉིས་འོངས་དུ་མ་བཏུབ་པོ།། དེ་ནས་རྒྱལ་པོས་བུ་འདི་གཉིས ་ཀྱི་རིན་ཇི་ཙམ་འདོད་ཅེས་དྲིས་ན། བྲམ་ཟེའི་སྒྲ་མ་ཁོམ་པར་བུ་གཉིས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བདག་བུ་ཕོ་ནི་དངུལ་གྱི་དོང་རྗེ་སྟོང་དང་བ་ལང་བརྒྱ་ཞིག་རི། བུ་མོ ་ནི་གསེར་གྱི་དོང་རྩེ་སྟོང་དང་བཞོན་མ་བརྒྱ་རིའོ་ཞེས་གསོལ་པ་དང་། རྒྱལ་པོས་ཁྱེའུ་ལ་འདི་སྐད་ཅེས་སྨྲས་སོ།། འཇིག་རྟེན་ན་ཆོས་ཀྱིས་མིའི་ནང་ན་ཕོ་རིན་པོ་ཆེའི་དབྱིག ་ལྟར་རིན་ཆེ་བ་ཡིན་ན། ཅིའི་ཕྱིར་བུ་ཕོ་ནི་རིན་ཆུང་ལ་བུ་མོ་ནི་རིན་ཆེ་བར་འདེབས། ཁྱེའུ་གསོལ་པ། ཕོ་བྲང་གི་སླས་ལྟ་བུ་རྒྱལ་པོ་དང་ཉེ་བ་ལགས་ལ། མ་རབས་བྲན་མོ ་ལས་སླས་སུ་བཞེངས་ཏེ་དེ་ལ་ནི་ཐུགས་དགེས་པར་བཀུར་བར་མཛད་དེ། རིན་པོ་ཆེའི་གོས་བསྐོན་ཞིང་བཟའ་བ་དང་བཏུང་བ་རོ་བརྒྱ་དང་ལྡན་པ་སྟོབས་ན། སྲས་གཅིག་པུ་ཞིག ་མངའ་བ་རི་ལ་སྤངས་ཏེ་ཉིན་མཚན་ཕོ་བྲང་གི་སླས་དང་རོལ་ཞིང་རོལ་མོ་ལ་ལོངས་སྤྱོད་མཛད་ཀྱང་སྲས་ལ་ཅུང་ཟད་ཙམ་ཡང་དགོངས་པའི་ཐུགས་ཀྱང་མི་མངའ་བས། དེ་བས ་ཕོ་ནི་རིན་ཐང་ཆུང་། མོ་ནི་རིན་ཐང་ཆེ་བར་མངོན་ནོ།། རྒྱལ་པོས་དེ་སྐད་ཅེས་སྨྲས་པའི་ཚིག་ཐོས་ནས་ལྷག་པའི་དགའ་བའི་མྱ་ངན་སྐྱེས་ཏེ། མཆི་མ་བླགས་ནས་འདི་སྐད་ཅེས ་བདག་ནི་རབ་ཏུ་མནོངས་ན། ཁྱོད་ཅིའི་ཕྱིར་ཁོ་བོའི་འཕང་དུ་མི་འོང་ཁྱོད་ང་ལ་མི་དགའ་འམ། འོན་ཏེ་བྲམ་ཟེས་འཇིགས་ཤེས་དྲིས་ན། བྱིས་པ་ན་རེ་བདག་ཅག་ནི་རྒྱལ་པོ་ཆེན་པོ་ལ ་མི་དགའ་བ་འམ། བྲམ་ཟེས་སྐྲག་པ་ཡང་མ་ལགས་ན་ཐོག་མར་རྒྱལ་པོ་ཆེན་པོའི་ཚ་བོ་ལམ་ད་ལྟར་མིའི་བྲན་ཁོལ་དུ་གྱུར་པས། གང་ན་ཡང་མི་བྲན་ཁོལ་རྒྱལ་པོའི་ཕང་དུ་འདུག ་པའི་ཆོས་མ་ལགས་པས་མི་སྤོབས་སོ།། རྒྱལ་པོས་དེ་སྐད་སྨྲས་པ་ཐོས་ནས། ལྷག་པར་མྱ་ངན་གྱི་གདུངས་ཏེ་མི་དགའ་བར་གྱུར་ནས། བུས་གསོལ ་པ་བཞིན་བྲམ་ཟེ་ལ་རིན་བྱིན་ཅིག་ཅེས་བསྒོས་ནས། བུ་གཉིས་གདོད་རྒྱལ་པོའི་པང་དུ་བླངས་སོ།། བུ་གཉིས་ཕང་པར་བླངས་ནས་ཕྱག་གི་བུ་གཉིས་ཀྱིས་མགོ་ལ་བྱུགས་ཏེ། ་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱི་ཕ་རི་ལ་གནས་པ་ན་ཟས་སུ་ཅི་ཟ། གོས་སུ་ཅི་གོན་ཞེས་དྲིས་ན། བུ་གཉིས་ན་རེ་ཟས་སུ་ནི་ཤིང་ཐོག་ཟོས་ཤིང་། གོས་སུ་ནི་ལྤགས་པ་དང་གནམ ་བུ་གོན་ཏེ། བྱེ་མང་པོ་དང་རྩེ་དགའ་བྱེད་མྱ་ངན་གྱི་སེམས་ཀྱང་མེད་དེ་ཞེས་གསོལ་ཏོ།། དེ་ནས་རྒྱལ་པོས་བྲམ་ཟེ་དེ་ལ་ཕྱིར་སོང་ཤིག་ཅེས་བསྒོ་བ་དང་། བུ་གཉིས་ཀྱི་རྒྱལ་པོ་ལ ་འདི་སྐད་ཅེས་གསོལ་ཏོ།། བྲམ་ཟེ་འདི་རབ་ཏུ་བཀྲེས་ཏེ། བཀྲེས་སྐོམ་གྱིས་ཉེན་ན། དེ་ལ་ཁ་ཟས་ཀྱིས་ཚིམ་པར་མཛད་དུ་གསོལ། རྒྱལ་པོས་སྨྲས་པ། ཁྱོད་འདི་ལ་མི ་དགའ་བ་འམ། མཁོན་དུ་འཛིན་པ་མེད་པར་ཕྱིར་ཁ་ཟས་སྦྱིན་པར་སེམས་སམ། བུས་སྨྲས་པ། བདག་གི་ཕ་བྱང་ཆུབ་ཀྱི་ལམ་ལ་དགའ་བས་ནོར་རྫས་ཀྱི་སྦྱིན་རྒྱུ་མེད་དེ། བདག ་ཅག་གིས་ལུས་ཀྱིས་སློང་བ་ལ་སྦྱིན་པ་ལ་ཡང་བདག་ཅག་ལ་དབང་བའི་བདག་པོ་ལགས་ཏེ། འདི་བདག་ཅག་ལ་བཀོལ་བའི་ལས་ཙམ་བྱེད་དུ་བཅུག་པ་ཡང་། ཐོག་མ་ཕས་བསམ ་པ་ལྟར་མ་གྱུར། ད་སྙིང་རྗེའི་སེམས་ཙམ་ཡང་མཆིས་ཏེ། ལྟོགས་ཤིང་སྐོམས་བཞིན་དུ་འདུག་པ་འདི་མིག་གིས་ཀྱང་སུ་ཞིག་བཟོད། བདག་ཅག་གི་ཕ་ནི་བུ་ཡང་མི་འཕངས ་བར་ཕ་རོལ་པ་ལ་སྦྱིན་པར་བྱེད་ན། རྒྱལ་པོ་ཆེན་པོ་མི་གཅིག་གིས་ཁ་ཟས་ཙམ་ལ་སེར་སྣ་མཛད་དམ་ཞེས་གསོལ་པ་དང་། རྒྱལ་པོས་ཀྱང་བྲམ་ཟེ་དེ་ལ་ཁ་ཟས་ཀྱིས་ཚིམ་པར་བྱས ་ནས། བྲམ་ཟེ་དེ་ཡང་རབ་ཏུ་དགའ་སྟེ། ཕྱིར་བདག་གི་ཡུལ་དུ་སོང་ངོ་།། དེ་ནས་རྒྱལ་པོས་རྒྱལ་བུ་མགུགས་པའི་ཕོ་ཉ་བཏང་ནས། ཕོ་ཉ་ཡང་དེ་མ་ཐག་ཏུ་ཆས་ཏེ་རྒྱལ་བུ་གང ་ན་བ་དེར་སོང་ངོ་།། དེར་ཕྱིན་པ་དང་། ཆུ་ཞིག་ལ་མ་ཐར་ནས། ཕོ་ཉ་དེས་རྒྱལ་བུ་ཡིད་ལ་བྱས་ཏེ་བསམ་མ་ཐག་ཏུ་ཆུ་དེ་ལས་ཀྱང་ཐར་ནས་རྒྱལ་བུ་གང་ན་བ་དེར་ཕྱིན་ཏེ། རྒྱལ་པོས ་བཀས་རྒྱལ་བུ་སླར་ཡུལ་དུ་གཤེགས་སུ་གསོལ་ཞེས་བསྒོའོ།། རྒྱལ་བུས་ཕོ་ཉ་ལ་སྨྲས་པ། ཐོག་མར་རྒྱལ་པོས་ལོ་བཅུ་གཉིས་ཀྱི་བར་དུ་རི་ལ་འདུག་ཅིག་ཅེས་བསྒོ་སྟེ།། ད་དུང ་ལོ་གཅིག་མ་ཚངས་པས་ལོ་ཚང་ནས་བདག་འགྲོའོ་ཞེས་བསྒོའོ།། དེ་ནས་ཕོ་ཉ་ཡང་ཕྱིར་ལོག་ནས། རྒྱལ་པོ་ལ་དེ་བཞིན་དུ་གསོལ་པ་དང་། རྒྱལ་པོ་ཉིད་ཕྱག་དར་ཏེ་ཡི་གེ་བྲིས་ནས ་ཕྱིར་ཡང་ཕོ་ཉ་ལ་བསྐུར་ཏེ། འདི་སྐད་ཅེས་བསྒོའོ།། ཁྱོད་ནི་མིའི་ནང་ན་མཁས་པ་ཤེས་རབ་ཅན་ཡིན་པས། འགྲོ་བ་ལ་ཡང་བཟོད་ཅིང་འོང་བ་ལ་ཡང་བཟོད་པ་ཡང་ཡིན་ནོ།། ། ་ཅིའི་ཕྱིར་ཁྲོས་ཏེ་འོང་དུ་མ་བཏུབ། ཁྱོད་དང་ལྷན་ཅིག་བཟའ་བ་དང་བཏུང་བ་བགོས་ཀྱིས་མྱུར་དུ་ཤོག་ཤིག་ཅེས་ཕོ་ཉས་འགུགས་སུ་བཏང་ངོ་།། དེ་ནས་ཕོ་ཉ་ཡི་གེ་ཐོགས་ཏེ། རྒྱལ ་བུ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། རྒྱལ་བུ་ལ་ཡི་གེ་ཕུལ་ལོ།། རྒྱལ་བུས་ཡི་གེ་བླངས་ནས། མགོ་བོ་ལ་བཏུགས་ཏེ་ཡི་གེ་ལ་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ཏེ། ་མོད་ལ་ཕྱིར་ཡུལ་དུ་འགྲོ་བར་ཆས་སོ།། དེའི་ཚེ་ན་ཆས་པ་ན། རི་དེ་ལ་གནས་པའི་རི་དགས་དང་གཅན་ཟན་ལ་སོགས་པ་རྒྱལ་བུ་འགྲོའོ་ཞེས་ཐོས་ནས། ་ཐམས་ཅད་ལུས་ས་ལ་རྡེབས་ཏེ། ས་ལ་འགྲེ་ཞིང་དུ་བའི་སྐད་བྱུང་ངོ་།། ཆུ་མིག་རྣམས་ཀྱང་སྐམས་ཏེ། གཅན་བླན་དང་རི་དགས་ཀྱི་ཕྲུག་གུ་ཡང་འདབ་ཆགས་བྱ་མང་པོ་ཡང་སྙིང་རྗེ་རྗེ ་སྐད་ཀྱི་སྒྲ་ཕྱུང་ངོ་།། དེ་ནས་རྒྱལ་བུ་གོས་གྱོན་ནས་བཙུན་མོ་དང་འགྲོགས་ཏེ། ཕྱིར་ཡུལ་དུ་སོང་བ་ལས། དགྲ་ཟླའི་ཡུལ་གྱི་རྒྱལ་པོས་རྒྱལ་བུས་ཕྱིར་འོངས་ཤེས་ཐོས་ནས། བལ་གྱི་གླང ་པོ་ཆེ་དཀར་པོ་ལ་གསེར་གྱི་སྒྲ་བཏད་དོ།། གསེར་གྱི་སྣོད་དུ་ནི་དངུལ་གྱི་ཉེ་འུས་བཀང་། དངུལ་གྱི་སྣོད་ནི་གསེར་གྱིས་བཀང་བ་བཤམས། རྒྱལ་བུ་བསུ་བའི་ཕྱིར་ལམ་ཀ་ན་སྡོད་དོ།། ་རྒྱལ་བུ་བསུས་ནས་རྒྱལ་པོའི་ཕྲིན་འདི་སྐད་ཅེས་གསོལ་ཏོ།། བདག་ཅག་ནི་མི་ཤེས་པའི་དབང་དུ་གྱུར་ཏེ། རྒྱལ་བུ་ལས་བལ་གྱི་གླང་པོ་བསླངས་པའི་དེའི་རྐྱེན་གྱིས་རྒྱལ་བུ་སྤངས་པར་རྒྱུར་པ ་འགྱོད་པས་འཐོལ་ཚངས་དུ་གསོལ་ཏོ།། ང་རྒྱལ་བུ་སླར་གཤེགས་ཞེས་ཐོས་ནས། རབ་ཏུ་དགའ་སྟེ་བལ་གྱི་གླང་པོ་ཆེ་ཉིད་ཀྱང་སླར་འབུལ་ཞིང་། གསེར་དངུལ་གྱི་ནེའུ་རྣམས་ཀྱང་འབུལ ་ན། འདི་རྣམས་ཀྱང་བཞེས་ཤིག་ནོངས་པའི་སྐྱོན་རྣམས་སྦྱང་བར་གསོལ་ལོ།། རྒྱལ་བུས་སྨྲས་པ། དཔེར་ན་མི་ཞིག་གིས་ཁ་ཟས་རོ་བརྒྱ་དང་ལྡན་པ་སྦྱར་ཏེ། ཕ་རོལ་པོ་གཅིག་ལ ་བྱིན་པ་ལས། མི་དེས་ཁ་ཟས་ཟོས་ནས་ཕྱིར་ས་ལ་སྐྱུགས་ན། ཕྱིར་སྐྱུགས་པའི་ཁ་ཟས་ཏེ་དྲི་སུང་དང་ལྡན་པ་འམ། བཟར་རུང་བར་འགྱུར་རམ། བདག་གིས་སྦྱིན་པ་བྱས་པའང་སྐྱུག ་པ་དང་འདྲ་བས་ཕྱིར་མི་འདོད་དོ།། ཕོ་ཉ་ཁྱོད་བལ་གྱི་གླང་པོ་ཆེ་འདི་ཞོན་ལ་ཕྱིར་དང་བདག་གིས་ཡུལ་དུ་སོང་ཤིག། ཁྱོད་ཀྱི་རྒྱལ་པོ་འདི་ལྟར་བསུ་ཞིང་སྤྲོ་བའི་ཚིག་སྟེན་པར་སྨྲ་བ ་རབ་ཏུ་དགའ་ཞེས་གསོལ་ཅིག་ཅེས་བགོ་བ་དང་། ཕོ་ཉ་དེ་ཡང་བལ་གྱི་གླང་པོ་ཆེ་ལ་ཞོན་ནས་ཕྱིར་བདག་གི་ཡུལ་དུ་སོང་སྟེ། རྒྱལ་པོ་དེ་བཞིན་དུ་གསོལ་པ་ལས། བལ་གྱི་གླང་པོ ་ཆེའི་རྐྱེན་གྱིས་འཐབ་པའི་དགྲ་ཟླ་དེ་ཊཱིག་ལ་གཅིག་བྱམས་ཤིང་སྡུག་པའི་སེམས་སུ་གྱུར་ཏེ། རྒྱལ་པོ་དང་ཡུལ་མི་ཐམས་ཅད་བླ་ན་མེད་པའི་མཉམ་སྙོམས་པའི་སེམས་བསྐྱེད་པ ་གྱུར་ཏོ།། དེའི་ཚེ་རྒྱལ་པོ་ཡབ་ཀྱང་བལ་གྱི་གླང་པོ་ཆེ་ལ་བཅིབས་ཏེ་རྒྱལ་བུ་བསུས་སོ།། རྒྱལ་བུ་མགོ་དང་གདོང་གིས་ཕྱག་འཚལ་ནས་རྒྱལ་པོའི་ཕྱི་བཞིན་ཕྱིར་ཡུལ་དུ་སོང་སྟེ། ་ཡུལ་མི་ཐམས་ཅད་ཀྱང་དགའ་མགུ་རངས་ནས། མེ་ཏོག་དང་། བདུག་པ་དང་སྤོས་དང་། བ་དན་དང་། རྒྱལ་མཚན་དང་། བླ་རེ་ལ་སོགས་པ་མཆོད་པ་བྱས་པའི་ཕྱིར་བཤམ ་ཏེ། ས་བཞི་ཡང་སྤོས་ཆུས་ཆག་ཆག་བཏབ་ནས་བསྡད་དོ།། རྒྱལ་བུ་ཕོ་བྲང་གི་ནང་དུ་འོངས་ནས་ཡུལ་གྱི་དྲུང་དུ་ཕྱིན་པ་དང་། མགོ་བོས་ཕྱག་བཙལ་ནས་སྤྲོ་བའི་ཚིག་གིས ་སྨན་གསོལ་ཏོ།། དེ་ནས་རྒྱལ་པོས་རིན་པོ་ཆེའི་བང་མཛོད་ཐམས་ཅད་རྒྱལ་བུ་ལ་གཏད་དེ། ཡིད་བཞིན་དུ་སྦྱིན་པ་བྱེད་དུ་བཅུག་ནས་སྔོན་པས་ཀྱང་ལྷག་པར་རྒྱན་མ་ཆད་པར་སྦྱིན ་པ་བྱེད་དུ་བཅུག་ནས་མངོན་པར་སངས་རྒྱས་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ།། བཅོམ་ལྡན་འད་ཀྱིས་ཀུན་དགའ་ལ་བཀའ་སྩལ་པ། ངས་སྔོན་སྨིན་པ་བྱས་པའི་མངོན་དུ་དྲན་པ ་དེ་ལྟ་བུ་ཡིན་ནོ།། དེའི་ཚེ་དེའི་དུས་ན་རྒྱལ་བུ་དོན་གྲུབ་ཅེས་བྱ་བ་ནི་ད་ལྟར་ང་ཉིད་ཡིན་ནོ།། དེའི་ཚེ་ཡབ་རྒྱལ་པོར་གྱུར་པ་ནི་ད་ལྟར་ངའི་ཡབ་ཟས་གཙང་མ་ཡིན ་ནོ། དེའི་ཚེ་ཡུམ་དུ་གྱུར་པ་ནི། ད་ལྟར་ཡུམ་ལྷ་མཛེས་ཉིད་ཡིན་ནོ།། དེའི་ཚེ་བཙུན་མོར་གྱུར་པ་དེའི་ཚེ་གྲགས་འཛིན་ཉིད་ཡིན་ནོ།། དེའི་ཚེ་དགེ་སློང་ཨ་ཙུ་ཏ་ཞེས་བྱ་བ་ནི་ད་ལྟར་མོའུ ་འགལ་གྱི་བུ་ཆེན་པོ་ཡིན་ནོ།། དེའི་ཚེ་ཆུ་བྱིན་ལྷའི་དབང་པོར་གྱུར་པ་ནི་ད་ལྟར་གྱི་ཤ་རིའི་བུ་ཡིན་ནོ།། དེའི་ཚེ་རྔོན་པ་དེ་ནི་ད་ལྟར་ཀུན་དགའ་བོ་ཁྱོད་ཉིད་ཡིན་ནོ།། དེའི་ཚེ་ཁྱེའུ་ཡ་རི་ཞེས་བྱ་བ ་ནི་ངའི་སྲས་སྒྲ་གཅན་འཛིན་ཡིན་ནོ།། དེའི་ཚེ་བུ་མོར་གྱུར་པ་དེ་ནི་ད་ལྟར་ཡུམ་སྲ་མགོ་ཏ་མ་ཞེས་བྱ་བ་ཡིན་ནོ།། དེའི་ཚེ་བྲམ་ཟེ་སློང་མོ་བ་དེ་ནི་ད་ལྟར་ལྷ་སྤྲིན་ཉིད་ཡིན་ནོ།། དེའི་ཚེ་བྲམ་ཟེའི་ཆུང་མར ་གྱུར་པ་དེ་ནི། ད་ལྟར་བྲམ་ཟེ་མོ་ཙན་ཙམ་ཡིན་ནོ།། དེ་ལྟར་ན་ངས་ཤིན་ཏུ་བྱ་དཀའ་བ་གྲངས་མེད་དཔག་ཏུ་མེད་པ་དགེ་བའི་ལས་བྱས་པ་གྲངས་མེད་དཔག་ཏུ་མེད་དོ།། དེ་བས་ན་མདོ་སྡེ་འདི ་དགེ་སྦྱོང་རྣམས་ལ་རྒྱ་ཆེར་སྟོན་ཅིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་བྱས་པའི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་བུ་དག་ཡིན་ནོ།། ། འཕགས་པ་རྒྱལ་བུ་དོན ་གྲུབ་ཀྱི་མདོ།། བམ་པོ་གཅིག་པ་རྫོགས་སོ།། ། རྒྱ་གར་སྐད་དུ། གན་དེ་ས་མ་ཡ་མུ་ཏྲ། བོད་སྐད་དུ། འགན་དེའི་དུས་ཀྱི་མདོ།། བཅོམ་ལྡན་འདས་འཇམ་དཔལ ་