CLOSE WINDOW

F316: 'phags pa dpal dbyig gis zhus pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས། སྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། ་ཨརྱ་ཤྲཱི་བ་སུ་པ་རི་བྲིད་ཆ་ན་མ་མ་ཧཱ་ཡ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་དཔལ་དབྱིག་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་པ་ར་ན་སེ་ན། དྲང་སྲོང་སྨྲ་བ་རི་དགྲ ་ཀྱི་ནགས་ན། བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་པོ་དང་། ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་ཚོང་དཔོན་གྱི་བུ་དཔལ་དབྱིག་ཅེས་བྱ་བ། ་བ་ར་ན་སེའི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ ་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འདུག་ནས། ཚོང་དཔོན་གྱི་བུ་དཔལ་དབྱིགས་གིས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏད་དེ། བཅོམ ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་འདས་ཤིང་གཤེགས ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོང་དཔོན་གྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེད་གྲང ་མེད་པ་འདས་ཤིང་གཤེགས་ཏེ། དཔེར་ན་གང་གའི་ཀླུང་གི་བྱེ་མ་སྙེད་དོ།། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་ཇི་སྙེད་ཅིག་སྐྱེ་ཞིང་འབྱུང་བར་འགྱུར་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག། ་ད་ལྟར་བཞགས་ཏེ། འཚོ་ཞིང་བཞེས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོང་དཔོན་གྱི་བུ་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེད་གྲངས་མེད་པ་སྐྱེ་ཞིང་འབྱུང་བར་འགྱུར་ཏེ། དཔེར་ན་གང་གའི་ཀླུང་གི་བྱེ་མ་སྙེད་དོ།། ཚོང ་དཔོན་གྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེད་གྲངས་མེད་པ་ད་ལྟར་བཞུགས་ལ་འཚོ་ཞིང་བཞེས་ཏེ། དཔེར་ན་གང ་གའི་ཀླུང་གི་བྱེ་མ་སྙེད་དོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ཚོང་དཔོན་གྱི་བུ་དཔལ་དབྱིག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་དེ་ལྟར་མི་བརྒྱ་འམ་སྟོང་ངམ་འབུམ་གྱིས་སྔོན་འབད་དེ་སྩལ་པས། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་ན། བཅོམ་ལྡན་འདས་བདག་གིས ་འབད་ཀྱི་སྩལ་ན། ཅིའི་སླད་དུ་དེ་མི་ཐོབ། མི་རྟོགས་ཀྱིས། དེའི་སླད་དུ་ཐུགས་རྩེ་བར་དགོངས་ཏེ། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ཇི་ལྟར་བགྱི་བ ་དང་། ཇི་ལྟར་གནས་པར་བགྱི་བ་དང་། ཇི་ལྟར་བསྒྲུབ་པར་བགྱི་བ་བཅོམ་ལྡན་འདས་ཀྱིས་བདག་ལ་དེ་ལྟར་ལེགས་པར་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ ་དང་། བཅོམ་ལྡན་འདས་ཀྱིས་ཚོང་དཔོན་གྱི་བུ་དཔལ་དབྱིག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚོང་དཔོན་གྱི་བུ་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་རྟོགས་པ ་མཛེས་སོ།། སྤོབས་པ་དགེའོ།། ཚོང་དཔོན་གྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ཇི་ལྟར་བྱ་བ ་དང་། ཇི་ལྟར་གནས་པར་བྱ་བ་དང་། ཇི་ལྟར་སྒྲུབ་པར་བྱ་བ་ངས་ཁྱོད་ལ་བཤད་དོ།། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏོ། ཚོང་དཔོན་གྱི་བུ་དཔལ་དབྱིག ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚོང་དཔོན་གྱི་བུ་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི། ་ཉིན་ཅིག་བཞིན་དུ་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱིས་བསམ་ནས་དུས་གསུམ་དུ་དཀོན་མཆོག་གསུམ་ལ་མཆོད་པ་དང་། རིམ ་གྲོའི་བྱ་བ་མི་བཏང་བར་བྱའོ།། ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས། སྙིང་ཐག་པས་རུས་པའི་ཁོང་ནས་ཡིད་ལ་བྱས་ཏེ། སེམས་ཅན ་ཐམས་ཅད་ཀྱིས་བསམས་ནས། དུས་གསུམ་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཡིད་དམ་མི་བཏང་བར་བྱའོ།། སེམས་ཅན་ཐམས་ཅད་ཀྱིས་བསམ ་ནས། ཚོང་དཔོན་གྱི་བུ་ལས་གཞན་ཡང་ལས་དང་པོ་པའི། བྱང་ཆུབ་སེམས་དཔས་ནི་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱིས ་བསམ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱིས་བསམ་ནས། དཀོན་མཆོག་གསུམ་གྱིས་མི་སྟོངས་པར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ།། ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། དཀོན་མཆོག་གསུམ་བསྐལ་པ་དུ་མར་གནས་པར་དུས་གསུམ་དུ་གསོལ་བ་གདབ ་པ་མི་གཏང་བར་བྱའོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། སེམས་ཅན་ཐམས་ཅད་ལ་བསྐལ་པ་དུ་མར་ཆོས་བསྟན་པར་དུས་གསུམ་དུ་གསོལ་བ་གདབ་པ་མི ་གཏང་བར་བྱའོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཅི་ནུས་པ་དང་། ཅི་སྩོགས་པ་དང་། ཇི་ལྟར་གསོལ་བ་འདེབས་པ་བཞིན་དུ། ་ཐེག་པ་གསུམ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པ ་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་དགེ་བའི་རྩ་བ་ཐམས་ཅད་མྱུར་ཞིང་རིངས་པར་ཡོངས་སུ་རྫོགས་པར་འགྱུར་བར་དུས་གསུམ་དུ་གསོལ་པ་གདབ་པ་མི་གཏང་བར་བྱའོ།། ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱིས། བྱང་ཆུབ་གསུམ་ཐོབ་པར་འགྱུར་བར་དུས་གསུམ་དུ་གསོལ་བ་གདབ་པ ་མི་གཏང་བར་བྱའོ།། འཇིག་རྟེན་གྱི་ཁམས་ཀྱི་ཁོངས་སུ་གཏོགས་པའི་སེམས་ཅན་ཐམས་ཅོད་ངན་འགྲོར་སྐྱེས་པ་ཐམས་ཅད་ངན་འགྲོ་ཐམས་ཅད་ནས་གདོན་ནུས་པར་དུས ་གསུམ་དུ་གསོལ་བ་བཏབ་པ་མི་བཏང་བར་བྱའོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁོངས་སུ་རྟོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་སྤོང་བར་འགྱུར། ་བར་དུས་གསུམ་དུ་གསོལ་བ་བཏབ་པ་མི་བཏང་བར་བྱའོ།། འཇིག་པ་ཐམས་ཅད་སྤོང་བར་འགྱུར་བར་གསོལ་བ་གདབ་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། ་འཁྲུགས་པ་སྤོང་བར་འགྱུར་བར་དུས་གསུམ་དུ་གསོལ་བ་གདབ་པ་མི་བཏང་བར་བྱའོ།། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་། བྱང་ཆུབ ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ལ་སོགས་པ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་དུས་གསུམ་དུ་རྗེས ་སུ་ཡིད་རང་བ་མི་བཏང་བར་བྱའོ།། ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི། སྙིང་ཟག་པ་རུས་པའི་ཁོང་ནས་ཡིད་ལ་བྱས་ཏེ། སེམས་ཅན ་ཐམས་ཅད་ཀྱི་བསམ་ནས། དུས་གསུམ་དུ་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་དང་། བདག་ཉིད་སྡིག་པ་སྤྱད་པ་ལ་རྣམ་པར་སྨད་པ་དང་། སྡིག་པ་སྤོད་པ་ལ་བཤང་བ་དང་། ་སྡིག་པའི་ལས་ངེས་པར་འབྱུང་བ་དང་། དགེ་བ་ཐམས་ཅད་འདོད་པ་དང་། དགེ་བ་ཐམས་ཅད་བླང་བ་དང་། དེ་ཚེ་རབས་སུ་ཡང་དཀོན་མཆོག་ལ་བསྙེན་བཀུར་བྱས ་བར་གསོལ་བ་གདབ་པ་དང་། གཅིག་ཏུ་ངེས་པ་རྣམ་པར་དག་པའི་དགེ་བ་སྤྱད་པ་གསོལ་བ་གདབ་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ ་རྫོགས་པར་བྱ་བར་གསོལ་བ་གདབ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་གསོལ་བ་གདབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པ ་དང་། བསྐལ་པ་དམར་ཆོས་བསྟན་པར་གསོལ་བ་གདབ་པ་མི་གཏང་བར་བྱའོ།། ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ ་པའི་བྱང་ཆུབ་སེམས་དཔས་ནི། ཕ་མ་ལ་གནོད་པ་མེད་པ་དང་། བུ་དང་ཆུང་མ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་མཚོ་བ་དང་། མཛའ ་བོ་དང་། བློན་པོ་དང་། ཉེ་དུ་དང་། རྒན་རབས་ལ་གནོད་པ་མེད་པར་ཇི་ལྟར་མོས་པ་དང་། ཅི་ནུས་པར་དུས་དུས་སུ་སྦྱིན་པ་བྱིན་པར་བྱའོ།། ཚོང་དཔོན་གྱི་བུ་གཞན་ཡང ་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི། བསླབ་པའི་གཞི་ལྔ་ལ་གནས་ཤིང་འདུག་པ་དང་། བརྟན་པོར་འདུག་པ་དང་། མི་ལྷོད་པར་བསླབ་པར་འདུག་པར་བྱའོ།། ་གལ་ཏེ་བསླབ་པའི་གཞི་ལྔ་ལ་སློབ་མི་ནུས་ན་ཡང་དེས་གཞི་འམ། གསུམ་འམ། གཉིས་སམ། དེ་ནས་བསླབ་པའི་གཞི་གཅིག་ཙམ་ཡང་བསླབ་པར་བྱའོ།། གལ་ཏེ། ་བསླབ་པ་གཅིག་ཙམ་ལ་སློབ་ཀྱང་མི་ནུས་ན། དེ་སྡིག་པའི་ལས་མི་དགེ་བ་གང་དང་གང་ཀུན་ཏུ་སྤྱོད་པ་དེ་ལ་ཞེན་པ་མ་ཡིན་པ་དང་། དྲག་པོ་མ་ཡིན་པར་སེམས་དང་། མི ་དགའ་སྦྱིན་པ་དང་། ལྷོད་པ་དང་། ཡང་བའི་སེམས་དང་། དོན་གྱི་དབང་དང་། དགོས་པའི་དབང་གིས་སྤྱད་པར་བྱ་སྟེ། དེས་མི་དགེ་བ་བཅུའི་ལས་ཁྲོ་བའི་དབང་དུ་གྱུར ་པ་དང་། ཁོ་ནད་དུ་འཛིན་པའི་དབང་དུ་གྱུར་པ་དང་། དགའ་བ་དང་། མཆོག་ཏུ་དགའ་བ་དབང་དུ་གྱུར་པ་ཀུན་དུ་སྤྱོད་པར་མི་བྱའོ།། ཀུན་དུ་སྤྱད་པར་འདོད་པ་ན་ཡང་རྣམ་པར་སྔ ་པར་བྱའོ།། རྣམ་པར་བཤུང་བར་བྱའོ།། སྤྲོད་ཅིང་འདུག་པ་ན་ཡང་རྣམ་པར་སྨད་པར་བྱའོ། རྣམ་པར་བཤུང་པར་བྱ། སྤྱད་ཟིན་པ་ན་ཡང་རྣམ་པར་སྨད་པར་བྱ། རྣམ ་པར་བཤུང་བར་བྱ། ངེས་པར་འབྱུང་བར་བྱའོ།། ལེགས་པར་དགེ་བ་ཅི་ཡང་རུང་བ་ཞིག་ཀུན་ཏུ་སྤྱོད་པ་ན་ཡང་དེས་ནི་དེ་ལ་སེམས་ཞེན་པ་དང་། དྲག་པའི་སེམས་དང་། ་ཚིམ་པ་དང་། མགུ་བ་དང་། ལྷོད་པ་མ་ཡིན་པ་དང་། ཡང་བ་མ་ཡིན་པ་དང་། བར་ཆད་མེད་པ་དང་། དད་པ་དགའ་བ་དང་། དང་བ་དང་། མཆོག་ཏུ་དགའ་བའི་དབང་། ་དུ་གྱུར་པའི་སེམས་ཀྱིས་ཀུན་དུ་སྤྱད་པར་བྱའོ།། ཀུན་དུ་སྤྱད་པར་འདོད་པ་ན་ཡང་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱིས་བསམ་ནས། སོས ་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་དང་། དགྲོལ་བའི་ཕྱིར་དང་། དབུགས་བྱུང་བའི་ཕྱིར་དང་། ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི ་ཕྱིར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ།། དེས་དགེ་བ་ཀུན་ཏུ་སྤྱོད་པ་དང་། ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ལ་ཡང་སྙིང་ཟག་པ་རུས་པའི་ཁོང་ནས་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསམ་ནས ་མངོན་པར་བསྟན་ཏེ། ཟླུམས་ནས་རྗེས་སུ་ཡིད་རང་བར་བྱའོ།། རྗེས་སུ་ཡིད་རང་བའི་མཆོག་དང་། ཕུལ་དང་། གཙོ་བོ་དང་། རབ་དང་། རབ་མཆོག་དང་། གྱ་ནོམ ་པ་དང་། དམ་པ་དང་། མཉམ་པ་མེད་པ་དང་། མི་མཉམ་པ་དང་། མཉམ་པ་དང་། ནམ་མཁའ་དང་མཉམ་པ་དང་། མྱ་ངན ་ལས་འདས་པ་དང་མཉམ་པའི་རྗེས་སུ་ཡིད་རང་བར་བྱའོ།། རྗེས་སུ་ཡིད་རང་ནས་ཀྱང་དགེ་བ་ཀུན་ཏུ་སྤྱད་པ་དེ་ཡང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ་རང་སངས་རྒྱས་དང་། ཉན་ཐོས་ཐམས་ཅད་ལ་དབུལ་བར་བྱའོ།། ཕུལ་ནས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་ཞིང་། སེམས་ཅན་ཐམས་ཅད་སྤྲུལ་བའི ་ཕྱིར་དང་། དགྲོལ་བའི་ཕྱིར་དང་། དབུགས་འབྱུང་བའི་ཕྱིར་དང་། ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ ་བྱ་བའི་ཕྱིར་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་ཉིན་གཅིག་ཏུ་དུས་གསུམ་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར ་བྱའོ།། དེས་ཀ་ཤི་ཀའི་རས་གོས་དང་། ཙན་ངན་དང་། ཨ་ཀ་རུའི་གདུག་པ་ལ་སོགས་པ་དང་། ཡོ་བྱད་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་ངམ། འདོད་པའི ་ཡོན་ཏན་ལྔ་ལ་དགའ་མགུར་སྤྱོད་དམ། ལམ་དུ་འགྲོ་བ་འམ། ལས་བྱེད་དམ། བྱ་བ་ཐམས་ཅད་བྱེད་ན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འདུན་པ ་དང་། དང་པ་དང་། དོན་དུ་གཉེར་བ་དང་། སྨོན་པ་དེ་འབའ་ཤིག་རྟག་ཏུ་རྒྱུན་མི་ཆང་པར་རྗེས་སུ་དྲན་པར་བྱའོ།། ཡིད་ལ་བྱའོ།། བསྒོམ་པར་བྱའོ།། ལན་མང་དུ་བྱའོ།། ་དེ་ལྟར་བྱས་ན་དེ་སྡིག་པ་མི་དགེ་བ་ཀུན་ཏུ་སྤྱོད་པ་རྣམས་ལ་སེམས་ལྷོད་པར་འགྱུར། ཡང་བར་འགྱུར། ཆུང་བར་འགྱུར། སྲབ་པར་འགྱུར། གསོག་ཏུ་འགྱུར་རོ།། ་ལེགས་པར་དགེ་བའི་ལས་ཀུན་ཏུ་སྤྱོད་པ་རྣམས་ལ་ནི་སེམས་ཞེན་པར་འགྱུར། དྲག་པར་འགྱུར། མི་ལྷོད་པར་འགྱུར། མི་ཡང་བར་འགྱུར། མི་ཆུང་བར་འགྱུར་རོ།། ་དེ་སྡིག་པ་མི་དགེ་བ་ཀུན་ཏུ་སྤྱོད་པ་རྣམས་ལ་ནི་ལྷོད་པར་འགྱུར། ཡང་པར་འགྱུར། ཆུང་བར་གྱུར། སྲབ་པར་གྱུར། གསོག་ཏུ་གྱུར། མེད་པར་གྱུར་པ་དང་། ལེགས ་པ་དགེ་བའི་རྩ་བ་ཀུན་དུ་སྤྱོད་པ་རྣམས་སེམས་ཞེན་པར་གྱུར་པས། སྲིད་པའི་འགྲོ་བ་གང་དང་གང་ཕྲད་པ་དག་ཏུ་ཆུང་བར་མི་འགྱུར་རོ།། འཁུ་བ་དང་། གསོད་པ་དང་། འཆིང ་བ་དང་། རྣམ་པར་འཚེ་བ་གང་ཡིན་པ་རྣམས་ལེགས་པར་སྤངས་པ་དང་། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པའི་ཁོངས་སུ་རྟོགས་པའི་སེམས་ཅན་མཐའ་ཡས ་མུ་མེད་པ་རྣམས་ཀྱི་ཐོག་མ་མེད་པའི་དུས་ནས་བསགས་པའི། དུས་མཐའ་ཡས་པར་ཉམས་སུ་མྱོང་བའི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་སྡུག་བསྔལ་དང་། ་མི་སྡུག་པ་དང་ཕྲད་པ་དང་། སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། འདོད་པས་འཕོངས་པའི་སྡུག་བསྔལ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དུད་འགྲོའི ་དང་། ཡི་དགས་དང་། སེམས་ཅན་དམྱལ་བའི་སྡུག་བསྔལ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་སྡུག་བསྔལ་གཅད་པར་བྱ་བ་དང་། དགག་པར་བྱ་བ་དང་། ་རྣམ་པར་ཞི་བར་བྱ་བའི་ཕྱིར་ཞུགས་པ་དང་། བྱམས་པའི་སེམས་སུ་གྱུར་པ་དང་། སྙིང་རྗེ་ཆེན་པོའི་སེམས་སུ་གྱུར་པ ་དང་། གོ་ཆ་ཆེན་པོ་བགོས་པ་དང་། ཐེག་པ་ཆེན་པོ་ལ་ཞུགས་པ་དང་། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་མོས་པ་དང་། སངས་རྒྱས་དང་། ཆོས་དང་།། ་དགེ་འདུན་གྱི་གདུང་མི་འཆད་པར་ངེས་པར་བྱེད་པའི་ཕྱིར། སྡིག་པ་མི་དགེ་བ་ཀུན་ཏུ་སྤྱོད་པ་རྣམས་ཡོངས་སུ་འགྲིབ་པར་འགྱུར་བ་དང་། ཆུང་བར་འགྱུར་བ་ནས ་སྲབ་པའི་བར་དུ་འགྱུར་རོ།། ལེགས་པ་དགེ་བ་ཀུན་ཏུ་སྤྱོད་པ་རྣམས་འཕེལ་བར་འགྱུར་བ་ནས་དཔག་ཏུ་མེད་པའི་བར་དུ་འགྱུར་རོ།། དེའི་བྱང་ཆུབ་སེམས་དཔའི ་བསམ་པ་སྩོགས་ཤིང་བསྒོམ་པ་ཡང་ཡོངས་སུ་རྫོགས་པ་དང་། སྲ་བ་དང་། བརྟན་པ་དང་། རྡོ་རྗེ་ལྟ་བུར་འགྱུར་རོ།། ཚོང་དཔོན་གྱི་བུ་དེ་ལྟར་ན་ལས་དང་པོ ་པའི་བྱང་ཆུབ་སེམས་དཔའ་དེ་གོ་རིམས་འདི་ལྟ་བུས་མཐར་གྱིས་སྲིད་པ་འདི་དང་། སྲིད་པ་ཕྱི་མ་དང་། སྲིད་པ་ལན་གྲངས་གཞན་དག་ལ་སྡིག་པ་མི་དགེ་བ་ཀུན་དུ ་སྤྱོད་པ་འགྲིབ་པར་བྱེད་པ་དང་། ཆུང་ངུར་བྱེད་པ་ནས། གསོག་ཏུ་བྱེད་པའི་བར་དང་། ལེགས་པ་དགེ་བ་ཀུན་ཏུ་སྤྱོད་པ་འཕེལ་བར་འགྱུར་བ་ནས། དཔག་ཏུ་མེད་པའི ་བར་དུ་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་བསམ་པ་ཡང་སྩོགས་ཤིང་སྒོམ་པར་བྱེད་དེ། ལེགས་པ་དགེ་བ་ཀུན་ཏུ་སྤྱོད་པ་རྣམས། ཡོངས་སུ་སྨིན་པས། མྱུར་དུ་བླ། ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། དེ་ནས་དེའི་ཚེ་ཡུལ་ད་ར་དྭ་ནས། ད་ར་དའི་རྒྱལ་པོ་སིན་དུ་གི་རི་ཞེས ་བྱ་བའི་བུ་བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར། བ་ར་ན་སེར་སོང་ནས་དེ་བཅོམ་ལྡན་འདས་དང་། ཐག་མི་རིང་བ་ཞིག ་ན་འདུག་པར་གྱུར་ཏེ། དེ་ནས་ད་ར་དའི་རྒྱལ་པོ་སིན་དུ་གི་རིའི་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཁྱོད་ཀྱིས ་ལེགས་པར་བཀའ་སྩལ་ཏོ།། བདེ་བར་གཤེགས་པ་ཁྱོད་ཀྱིས་ལེགས་པར་བཀའ་སྩལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཀྱི་གསོལ་བ་འདེབས་ཤིང་།། ་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བགྱིས་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསམ་ནས། དུས་གསུམ་དུ་གསོལ་བ་འདེབས་ཤིང་བརྗོད་པ་གང་ལགས་པ་དེ་ཙམ ་ཡང་། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་འཕེལ་བར་འགྱུར་ཞིང་། སྲ་བ་དང་། བརྟན་པ་དང་། རྡོ་རྗེ་ལྟ་བུར་འགྱུར་ན། གོང་དུ་སྩལ་ཤིང ་བརྩོན་པ་མི་གཏོང་བ་ལྟ་ཅི་སྨོས་ལགས། བཅོམ་ལྡན་འདས་བདག་ཀྱང་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བགྱིས་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསམ་ནས། ་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། གྲོལ་བར་བགྱི་བ་དང་། དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་བཟླ་བ་དང་། སངས ་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བགྱི་བའི་སླད་དུ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས ་ཏེ། སེམས་ཅན་མ་རྒལ་བ་རྣམས་སྒྲོལ་བ་མ་གྲོལ་བ་རྣམས་འགྲོལ་བ། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོད ་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག། ཡང་དང་ཡང་དུ་ལན་བརྒྱར་བརྣན་ཏེ། མཐའ་ཡས་པ་མཐའ་ཡས་པར། བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་སྨོན་ལམ་འདེབས་ལགས་སོ།། དེ་ནས་ཚོང་དཔོན་གྱི་བུ་དཔལ་དབྱིག་གིས་ཀྱང་། དེའི་རྗེས་སུ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་སྨོན་ལམ་བཏབ་པོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚོང་དཔོན་གྱི་བུ་དཔལ་དབྱིགས་དང་། ད་ར་དའི་རྒྱལ་པོའི་བུ་དང་། བྱང་ཆུབ་སེམས ་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུང་བ་ལ་མངོན་པར ་བསྟོད་དོ།། ། འཕགས་པ་དཔལ་དབྱིག་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་སུ་རན་དྲ་པོ་དེ་དང་། པྲད་ཛཱ་བར་མ་དང་། ་ཞྭ་ཆེན་གྱི་ལོ་ཆུ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ། ཨཱརྱ ་