| Wylie | e-texts produced with BDRC’s OCR application |
ཨཱརྱས་གདུན་གར་རྔ་པར་བྲི ་ནམ་མ་ཧ་ཡ་ན་སུ་ཏེ། བོདེ་སྐད་དུ། འཕག ་པེ་ཀྭའི་རྒྱལ་པོ་རྒྱ་མཆོས་ཞེས་པ་ཞེས་བྱ་བ་ཐེག ་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས ་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས ་གཅིག་ནོ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བརྒོད་ཕུང་པོ ་རི་ལ། དགེ་སློང་བརྒྱ་སྟེང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཐབས ་ཅིག་ཏུ་ཞུགས། བྱང་ཆུབ་སེམས་དཔའ་མ་ན་པ ་པས་མངོན་པར་ཤེས་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པ། རྣམ ་པའི་མཆོག་ཐམས་ཅད་དང་ལྡན་པ། གཟུངས་དང་མདོ་སྡེ་རྟོགས་པར་ཁོང་དུ་ཆུད་པར། ་སེམས་ཅན་ཐམས་ཅད་སྤོབས་པས་འགུ་བར་བྱེད་པ། མངོན་པར་ཤེས་པའི་མ ་ཤེས་བསྟན་པ་ལ་མཁས་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན ་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང་། སོ་སོ་ཤེས་པ་དང་འཇུག་པ་དང་ལྡན་པ། ་ཤེས་པ་ལ་མཁས་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་ལ། སྙན ་པར་བརྗོད་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ། རྫུ་འཕྲུལ་གྱིས་འགྲོ་བ། ཤེས ་རབ་ལ་མཁས་པ། བདུད་ཐམས་ཅད་སྐྲག་པར་བྱེད་པ་ལ་མཁས ་པ། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཤེས་པ་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི ་དབང་པོ།། མཆོག་དང་མཆོག་མ་ཡིན་པ་ཤེས་པ་ལ་མཁས་པ། བྱང་ཆུབ་ཀྱི་ཕྱོགས ་ཀྱི་ཆོས་ཐམས་ཅད་ཡང་དག་པ་བསྒྲུབ་པ་ཤེས་པ་ལ་མཁས་པ། སངས་རྒྱས་ཐམས་ཅད་ཀྱི ་མཆོད་པའི་ལས་ཡང་དག་པར་བསྒྲུབ་པའི། ཤེས་པ་ལ་མཁས་པ། འཇིག་རྟེན་གྱི་ཆོས ་ཐམས་ཅད་ཀྱིས་མ་གོས་པ། ལུས་དང་། ངག་དང་། སེམས་ཀྱི་བརྒྱན་ཐམས་ཅད་ཀྱིས ་བརྒྱན་པ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ལ་སྤྲོས་པའི་གོ་ཆ་བགོས་པ། བསྐལ་པ ་གྲངས་མེད་པར། བརྩོན་འགྲུས་ཆེན་པོས་ཡིད་ཡོངས་སུ་མི་སྐྱོ་བ། སེང་གེའི་སྒྲ་ཆེན་པོ ་བསྒྲགས་པ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་གནོན་པ། ཕྱིར་མི་ལྡོག་པའི ་ས་རྒྱས་དྲུག་ནས་དག། དུས་རྒྱས་མས་ས ་བསྐུར་བ་ཐོབ་པ། ཁྲི་ཉིས་སྟོང་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷུན ་པོ་དང་། རི་རབ་དང་། ལྷུན་པོ་ཆེན་པོ་དང་། ལྷུན་པོ་ཆེ་འཛིན་དང་། ལྡན་པ་མར་མོའི་རྒྱལ ་པོ་དང་། ལྷུན་པོ་རྩེགས་དང་། ལྷུན་པོའི་རྒྱལ་མཚན་དང་། ལྷུན་པོའི་རྒྱལ་པོ་དང་། ལྷུན ་པོའི་རྩེ་མོ་རྡོབ་པོའི་རྒྱལ་པོ་དང་། འབྲུག་སྒྲ་དང་། རྔ་སྒྲ་དང་། རིན་ཚོན་འབྱུང་གནས་དགེ ་རིན་ཆེན་ཏོག་དང་། རིན་ཆེན་རྩེ་མོ་དང་། རིན་ཆེན་དཔལ་དང་། རིན་ཆེན་འབྱུང་དང་། རིན་ཆེན་འོད་དང་། ་རིན་ཆེན་ཁར་བ་ཅན་དང་། རིན་ཆེན་རྩེ་མོ་དང་། ལག་ན་རིན་ཆེན་ཕྱག་རྒྱ་དང་། རིན་ཆེན་དྲ་བ་དང་། རིན ་ཆེན་བཀོད་པ་དང་། རིན་ཆེན་འོད་དང་། རིན་ཆེན་གླིང་དང་། རིན་ཆེན་སྒྲོན་མ་དང་། ལག་ན་རིན ་ཆེན་དང་། དགའ་བྱེད་དང་། ཆོས་ལ་དགའ་བ་བཀོད་པ་དང་། བཀོད་པའི་རྒྱལ་པོ་དང་། མཚན ་གྱིས་ཡང་དག་པར་བརྒྱན་པ་དང་། ཚིག་བཀོད་པའི་འོད་དང་། གཙུག་ན་རིན་པོ་དང་། ལྷ་རྩེགས ་དང་། རིན་ཆེན་རྩེགས་དང་། འོད་ཟེར་སྟོང་ལྡན་དང་། མེ་ལྕེ་དང་། སྐར་མ་ལ་དགའ་བ་དང་། ་ཟླ་འོད་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ་དགའ་འོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་རྒྱུན་མི་ཆད་པར་འཇིགས་པ་སྦྱིན་པ་དང་། ་བྱམས་པ་ལ་སོགས་པ་སྐལ་པ་བཟང་པོའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། ་འཇམ་དཔལ་ལ་སོགས་པ་སེམས་དཔའ་དཔེ་མེད་དྲུག་ཅུ་དང་། བཟང་སྐྱོང་ལ་སོགས་པ་སྐྱེས་བུ་དམ་པ ་བཅུ་དྲུག་དང་། རྒྱལ་པོ་བཞི་ལ་སོགས་པ་རྒྱལ་ཆེན་བཞིའི་རིས་ཀྱིས་ལྷ་རྣམས་དང་། ལྷའི་དབང ་པོ་རྒྱ་བྱིན་ལ་སོགས་པ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། ལྷའི་དབང་པོ་རབ་འཐབ་བྲལ་ལོ་སོགས་པ ་འཐབ་བྲལ་བའི་ལྷ་རྣམས་དང་། ལྷའི་རྒྱལ་པོ་ཡོངས་སུ་དགའ་ལྡན་ལ་སོགས་པ། དགའ་ལྡན་གྱིས་རིས ་ཀྱིས་ལྷ་རྣམས་དང་། ལྷའི་རྒྱལ་པོ་རབ་འཕྲུལ་དགའ་ལ་སོགས་པ། འཕྲུལ་དགའི་ལྷ་རྣམས་དང་། ལྷའི ་རྒྱལ་པོ་དགའ་བྱེད་ལ་སོགས་པ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ལྷའི་བུ་དེད་དཔོན་ལ་སོགས ་པ་བདུད་ཀྱི་རིས་ཀྱི་ལྷའི་བུ། དཀར་པོའི་ཕྱོགས་ཐམས་ཅད་དང་། རབ་ཚངས་པ་ལ་སོགས་པ་ཚངས་པའི ་མདུན་ན་འདོན་པའི་ལྷ་རྣམས་དང་། མི་མཇེད་ཀྱི་བདག་པོ་ལ་སོགས་པ་ཚངས་ཆེན་གྱི་རིས་ཀྱི་ལྷ་རྣམས་དང་། ལྷའི ་རྒྱལ་པོ་འོད་གསལ་ལ་སོགས་པ། འོད་གསལ་གྱི་ལྷ་རྣམས་དང་། ལྷའི་རྒྱལ་པོ་དགེ ་རྒྱས་ལ་སོགས་པ་དགེ་རྒྱས་ཀྱི་ལྷ་རྣམས་དང་། ལྷའི་རྒྱལ་པོ་འབྲས་བུ་ཆེ་ལ་སོགས་པ་འབྲས་བུ་ཆེ་བའི་ལྷ་རྣམས་དང་། ་ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོ་ལ་སོགས་པ་གནས་གཙང་མའི་རིས་ཀྱིས་ལྷའི་བུ་རྣམས་དང་། ལྷའི་རྒྱལ་པོ་དྲི་མེད་འོད་ལ་སོགས་པ་འོག་མིན་གྱི་ལྷའི་བུ ་རྣམས་དང་། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ལ་སོགས་པ་ལྷ་མ་ཡིན་གྱི་དབང་པོ་དྲུག་ཁྲི་དང་། མི་འམ་ཅིའི་རྒྱལ་པོ་ལྗོན་པ་ཅན་ལ་སོགས་པ་མི་འམ་ཅི ་བཞི་ཁྲི་ཉིས་སྟོང་དང་། དྲི་ཟའི་རྒྱལ་པོ་ཕྲེང་ཐོགས་ལ་སོགས་པ་དྲི་ཟ་སུམ་ཁྲི་ཉིས་སྟོང་དང་། ཀླུའི་རྒྱལ་པོ་མ་དྲོས་པ་ལ་སོགས་པ་ཀླུའི་རྒྱལ་པོ་བདུན་ཁྲི་ཉིས ་སྟོང་དང་། བྱིའི་རྒྱལ་པོ་ནམ་མཁའ་ལྡིང་བཞི་སྟོང་དང་། དེ་མ་ཡིན་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་སྟོང་དག་དང་ཐབས་གཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་འཁོར་སྟོང་ཕྲག ་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་ལྟས་ཏེ་ཆོས་སྟོན་ཅིང་། ལྷ་ཐམས་ཅད་ཀྱི་བཀོད་པས་ལེགས་པར་བརྒྱན་པའི་སེང་གེའི་ཁྲི་ལ། རིའི་རྒྱལ་པོ་རི་རབ་རྒྱ་མཚོའི ་ནང་ནས་གྱེན་དུ་འཕགས་པ་བཞིན་དུ་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་ལྷ་དང་། བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས། དགེ་སློང་གི་ཚོགས་ཀྱིས་ཡོངས ་སུ་བསྐོར་ཏེ། ལྷམ་མེ་ལྷང་ངེ་ལྡན་ནེ་བཞིན་བཞུགས་སོ།། དེ་ནས་དེ་ལྟར་འདུས་པའི་འཁོར་དེའི་ནང་ནས། དེ་བཞིན་གཤེགས་པ་དེ་ལྟར་བཞུགས་པའི་སྟེང་གི་བར་སྣང ་ལ་རིན་པོ་ཆེའི་གདུགས། རིན་པོ་ཆེ་ཐམས་ཅད་ཀྱི་འོད་དང་ལྡན་ཞིང་། རིན་པོ་ཆེ་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པ་ཞིག་བྱུང་སྟེ། རིན་པོ་ཆེའི་གདུགས་དེས། ཐམས་ཅད་དང ་ལྡན་པའི་གླིང་བཞི་པ་ཆེན་པོའི་འཇིག་རྟེན་འདི་ཀུན་དུ་ཁྱེབས་པར་གྱུར་ཏོ།། རིན་པོ་ཆེའི་གདུགས་དེ་ལས་ཀྱང་མུ་ཏིག་ཁ་དོག་དུ་མའི་རྒྱན་ཕྲེང་འབུམ་ཕྲག་དུ་མ་འདི་ལྟ་སྟེ། མུ་ཏིག ་དཀར་པོ་དང་། མུ་ཏིག་དམར་པོ་དང་། མུ་ཏིག་དྲི་མ་མེད་པ་དང་། གསེར་ལྟ་བུའི་མུ་ཏིག་དང་། ཟླ་བ་ལྟ་བུའི་མུ་ཏིག་དང་། པད་མ་ལྟ་བུའི་མུ་ཏིག་དང་། ནམ་མཁའ་ལྟ་བུའི ་མདོག་ཅན་གྱི་མུ་ཏིག་རྣམས་འཕྱང་ངོ་།། མུ་ཏིག་གི་རྒྱན་ཕྲེང་དེ་དག་ལས་ཀྱང་འོད་ཟེར་རྣམས་བྱུང་ངོ་།། འོད་ཟེར་དེ་དག་ལས་ཀྱང་མེ་ཏོག་ཁ་དོག་སྣ་ཚོགས་པ། ཁ་དོག་འབར་བ། ་དྲི་ཞིམ་པ། ལྟ་ན་སྡུག་པ། ཡིད་དུ་འོང་བ་དག་གི་ཆར་མངོན་པར་ཕབ་པོ།། མེ་ཏོག་དེ་དག་གིས་ཀྱང་འཁོར་གྱི་ཁྱམས་ཐམས་ཅད་པུས་མོ་ནུབ་པ་ཙམ་དུ་གང་བར་གྱུར་ཏོ།། བར ་སྣང་ལ་ཡང་འབྲུག་སྒྲ་ཆེན་པོ་གྲགས་པར་གྱུར་ཏོ།། ཨ་ག་རུ་དང་། ཙན་དན་གྱི་ཕྱེ་མ་དག་དང་། ཙན་དན་དུས་ཀྱིས་རྗེས་སུ་འབྲང་བའི་ཕྱེ་མ་དག་གི་ཆར་ཡང་འབབ་པོ།། དེ ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་སྟན་ལས་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྔོན་མ ་མཐོང་མ་ཐོས་པའི་ཆོ་འཕྲུལ་འདི་ལྟ་བུ་གདའ་བ་འདི་དག་སུའི་སྔ་ལྟས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་འདི ་སྐད་ཅེས་བཀའ་སྩལ་ཏོ།། མོའུ་འགལ་གྱི་བུ་འདི་ནི་ཀླུའི་རྒྱལ་པོ་རྒྱ་མཚོ་དེ་བཞིན་གཤེགས་པ་ལ་ལྟར་འོང་བ། དེའི་སྔ་ལྟས་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་ཚིག་དེ་སྐད ་ཅེས་བཀའ་སྩལ་ནས། རིང་པོ་མ་ལོན་པར། ཀླུའི་རྒྱལ་པོ་རྒྱ་མཚོ་ཀླུ་བྱེ་བ་ཕྲག་བརྒྱད་བཅུ་རྩ་བཞི་དང་། ཀླུའི་བུ་མོ་བྱེ་བ་ཕྲག་བདུན་བཅུ་རྩ་གཉིས་བསྐོར་ཅིང་མདུན་དུ་བདར་ཏེ། ་མེ་ཏོག་དང་གདུགས་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ཐམས་ཅད་དང་། སིལ ་སྙན་དང་། ཕེག་རྡོ་བ་དང་། གླུ་དབྱངས་བརྒྱ་སྟོང་དག་ལེན་ཅིང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ ་ཏེ། ཇི་ལྟར་ཐོགས་པའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་ལ་སོགས་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོག ་པ་དང་། ཕེག་རྡོབ་པ་དང་། གླུ་དབྱངས་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། བཙུན་མོའི་འཁོར་དང་བཅས་པ་དང་། གཉེན་མདབ་ཀྱི་འཁོར་དང་བཅས་པས། དེའི ་ཚེ་བཅོམ་ལྡན་འདས་ལ་ཚུལ་དང་མཐུན་པའི་ཚིགས་སུ་བཅད་པ་འདི་དག་གི་མངོན་པར་བསྟོད་དོ།། འཇིག་རྟེན་དག་ན་འཇིག་རྟེན་ཕན་པར་བཞེད་པ་འཇིག་རྟེན་གྱིས་མཆོད་འཇིག་རྟེན ་མིག་སྦྱིན་པ།། འཇིག་རྟེན་དུ་སྐྱེས་འཇིག་རྟེན་དྲི་མ་རྣམས་ཀྱིས་མ་གོས་པད་མ་ཆུ་མི་ཆགས་པ་བཞིན།། འཇིག་རྟེན་སྣང་བ་རྣམ་པར་གཟིགས་པ་སྤྱན་གསུམ་མངའ་བ་འཇིག་རྟེན་བདེ ་བ་སྦྱིན་མཛད་པ།། འཇིག་རྟེན་ཉི་མ་རྐྱེན་ལ་མཁས་པ་འཇིག་རྟེན་གཙོ་བོ་ཁྱོད་ལ་དེ་རིང་བདག་ཕྱག་འཚལ།། དུལ་ཞིང་དུལ་བས་ཡོངས་སུ་བསྐོར་སྟོབས་བཅུ་མངའ་བ་སྦྱིན་པར་རྣམས ་དང་དུལ་བ་རྣམས་ཀྱིས་འཕགས།། འདྲེན་པ་ཉོན་མོངས་རྡུལ་དང་དྲི་མུན་པ་དང་ནི་དྲི་མ་ཐབ་བསྲེགས་ཤིང་དང་མྱུག་གུ་བསྲེགས།། སྙིང་རྗེས་ནོར་གྱི་གཙོ་བོ་བདུན་པོ་སྦྱིན་པར་མཛད་ཅིང་སེམ ་ཅན་རྣམས་ལ་བྱམས་པས་འཕགས།། བསོད་ནམས་ཞིང་སྟེ་འཇིག་རྟེན་རྩ་ལག་བརྟན་པོ་ཁྱོད་ལ་བདག་ནི་མགོ་བོས་ཕྱག་འཚལ་ལོ།། ཁྱེད་ཀྱི་ཞལ་གྱི་སྨིན་མཚམས་མཛོད་སྐྲ་འབར ་བ་མེ་ཏོག་ཀུན་ད་ཟླ་བ་དུང་མདོག་འདྲ།། འདི་ནི་ཚངས་པའི་གནས་ན་འཁོད་པའི་ལྷ་རྣམས་ཀྱིས་ཀྱང་ཁྱོད་ཀྱི་སྤྱི་གཙུག་མཐོང་མི་འགྱུར།། དེ་ཡིས་རེག་པར་གྱུར་པའི་དབང་གིས་མཚམས ་མེད་སེམས་ཅན་རྣམས་ཀྱང་བདེ་བ་ཉིད་དུ་འགྱུར།། ཁྱོད་ཀྱི་གསུང་ནི་ཤིན་ཏུ་ཡིད་འོང་ཚིག་སྟེ་ཟླ་བ་བཞིན་དུ་ཡིད་ཀྱང་ཚིམ་པར་བྱེད།། ལྷ་དང་མིའི་སྒྲ་སྐད་ཟིལ་གྱིས་ནོན་ཅིང་གཅིག་ཏུ ་ངེས་པར་བདག་ལ་གཙང་བ་སྟེ།། འདོད་ཆགས་ཞེ་སྡང་མུན་པ་རྡུལ་རྣམས་རབ་ཏུ་ཞི་བར་བགྱིད་ཅིང་ཤེས་རབ་གསལ་བར་བགྱིད།། དགའ་དང་མགུ་བགྱིད་བདེ་བ་ཤིན་ཏུ་བསྐྱེད་པར་བགྱིད་ཅིང ་ཐར་པ་ཡང་དག་སྟོན་པ་ལགས།། ཁྱོད་ཀྱིས་ཡེ་ཤེས་དུས་གསུམ་གཏོགས་པ་མ་མཆིས་གར་ཡང་མི་གནས་ཆགས་པ་མ་མཆིས་ཏེ།། ཁྱོད་ཀྱི ་སེམས་ཅན་རྣམས་ཀྱི་སྤྱོད་པ་ཆུང་དང་འབྲིང་དང་དམ་པ་མ་ལུས་ཐུགས་སུ་ཆུད།། གང་དག་གི་ནི་དབང་པོ་བསམ་པ་དག་དང་འགྲོ་དང་ཐར་པ་ཐ་དད་ཅི་འདྲ་བ།། ཐམས་ཅད་ཁྱོད་ཀྱིས་སྐད་ཅིག ་ཙམ་གྱིས་ཐུགས་སུ་ཆུད་པས་དེ་སླད་ཁྱོད་ལ་ཕྱག་འཚལ་ལོ།། རྫོགས་པའི་བྱང་ཆུབ་ཤིང་རྒྱན་དྲང་དུ་གླགས་ལྷའི་ཕྱིར་བརྩོན་བདུད་རྣམས་བྱེ་བརྒྱ་ཕྲག་སྙེད།། ཁྱོད་ཀྱི་ཐད་དུ་ལྷག་པར ་གྱུར་ཀྱང་གནས་ལས་མ་གཡོས་ཐུགས་རྩེར་ལྡན་པའི་བློ་མངའ་བ།། མངའ་བདག་ཁྱོད་ཀྱིས་བདེན་དང་བརྟུལ་ཞུགས་དཔལ་དང་ཡོན་ཏན་རྣམས་དང་བྱམས་པས་ཕམ་པར་མཛད།། ་དེ་སླད་མི་རྣམས་སུ་ཞིག་དེང་འདིར་ཁྱོད་ལ་ངོ་མཆོད་པའི་སླད་དུ་ཁྱོད་ལ་ངོམས་པར་འཛིན།། མངའ་བདག་ཁྱོད་ཀྱིས་ཆོས་རྣམས་བྱེད་པ་མེད་དང་ཡ་མ་རླ་དང་།། ཆུ་ཟླ་འདྲ་བ་དང་དབུ་བ ་གྲོགས་སྤྲིན་ཆུའི་ཆུ་བུར་འདྲ་ཞིང་སྒྱུ་མ་མིག་རྒྱུ་ལྟ་བུར་ཐུགས་སུ་ཆུད།། གང་ལ་རྒྱུ་མེད་རྟོག་པ་མི་འབྱུང་ཁྱོད་ཀྱིས་ཆོས་དེ་དག་ནི་རྟག་ཏུ་བདག་མེད་དོ།། དེ་ལྟར་འགྲོ་བའི་འདོད ་པ་འང་བསྐྱེད་མཛད་པས་ན་མངའ་བདག་ཁྱོད་ནི་ཐར་པ་ལགས་པར་འོས།། གང་གི་དོན་དུ་བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་དགའ་བ་རྣམས་ནི་བསྟེན་པ་དང་།། གང་གི་དོན་དུ་རྟག ་ཏུ་འགྲོ་ལ་ཕན་མཛད་འདྲེན་པ་རྣམས་ལ་མཆོད་པ་མཛད་པ་དང་།། གང་གི་དོན་དུ་སྦྱིན་དང་ཡང་དག་སྡོམ་དང་དུལ་དང་བཟོད་པ་རྟག་ཏུ་བསྟེན་པ་ཡི།། རྣམ་འདྲེན་ཁྱོད་ཀྱི་སྨོན་ལམ ་ཆེན་པོ་ཤིན་ཏུ་རྨད་དུ་བྱུང་བ་དེ་ནི་རྫོགས་པར་གྱུར།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས། བཅོམ་ལྡན་འདས་ལ་ཚུལ་དང་མཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར ་བསྟོད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ།། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ནས། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུ་བར་འཚལ་ལོ།། དེ་སྐད་ཅེས་གསོལ་པོ་དང་། བཙོ ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀླུའི་བདག་པོ་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་དྲིས་ཤིག་དང་། ངས་དྲི་བ་དྲིས་པ་དེ ་དང་དེ་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དྲི་བ་ལུང་བསྟན་པའི་སྐབས་ཕྱེ་ནས། བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ངན་འགྲོ་དང་ངན་སོང་ཐམས་ཅད་ཡང་དག་པར་ཆད་པ་དང་། མི་ཁོམ་པ་བརྒྱད་ལས་ཡང ་དག་པར་འདས་པ་དང་ལྷ་དང་མིའི་སྐྱེ་བར་འགྲོ་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རྟག་ཏུ་རྒྱུན་མི་ཆད་པར། སངས་རྒྱས་མཐོང་བ་ཐོབ་པ་དང་། ་དགེ་བའི་བཤེས་གཉེན་དང་ཕྲད་པ་དང་། འཚང་བའི་ཡུལ་དུ་གནས་པ་ཐོབ་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས། དད་པ་དང་བའི་ཤས ་ཆེ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་དང་། མི་དགེ་བའི་ཆོས་ཐམས་ཅད་སྤངས་ནས། དགེ་བའི་ཆོས་ཐམས་ཅད་ཀྱིས་འབོག ་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་དོན་དུ་གཉེར་བ་དང་། ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་བ་དང་། ཟོས་པ་ཚོལ ་པས་ཆོག་མ་ཚལ་བ་དང་། ཐོས་པ་སྒྲུབ་པས་མངོན་པར་འཕགས་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རབ་ཏུ་འབྱུང་བ་ལ་སྨོན་པ་དང་། ་ནགས་དང་ནགས་མདབ་ན་རྒྱུ་བ་དང་། འཕགས་པའི་རིགས་དང་། སྦྱང་བའི་ཡོན་ཏན་དང་། ཡོ་བྱད་སྦྱངས་པ་ལ་མངོན་པར་དགའ་བ་དང་། རབ་ཏུ་བྱུང་བའི་ཡོན་ཏན ་རྣམས་ཡོངས་སུ་རྫོགས་པར་བགྱི་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཟབ་མོའི་ཚུལ་ལ་གནས་པ་དང་། ཆད་པ་དང་རྟག་པར་ལྟ་བ ་ཡོངས་སུ་སྤངས་པ་དང་། རྒྱུ་དང་རྐྱེན་གྱིས་ཆོས་རྣམས་ལ་ཞུགས་པ་དང་། ལྟ་བའི་རྣམ་པ་ཐམས་ཅད་དང་བྲལ་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས ་དཔའ་རྣམས་མངོན་པར་ཤེས་པའི་ཡེ་ཤེས་ཀྱིས་རྣམ་པར་བརྩེ་བ་དང་། སྒྲིབ་པ་མཆིས་པའི་ཡེ་ཤེས་མཐོང་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ ་རྣམས། སེམས་ཅན་གྱི་སྤྱོད་པ་དང་། བསམ་པ་དང་ཆོ་ག་འཚལ་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་སྨིན་པར་བགྱིད་པ་དང་། གཟུང་བ ་དང་ཀླགས་པ་དང་། བརྡ་སྤྲོད་པ་དང་། མཁས་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས། བདུད་ཕྱིར་རྒོལ་བ་བཅོམ་པ་དང་། སྐྲག་པ་དང་། ་འཇིགས་པ་ཐམས་ཅད་དང་བྲལ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཕྱིར་མི་ལྡོག་པའི་ཆོས་ལ ་ཡང་དག་པར་གཞོལ་བ་དང་། བཟོད་པ་ཐོབ་པ་དང་། ལུང་བསྟོན་པ་ཐོབ་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་འདི་སྐད ་ཅེས་བཀའ་སྩལ་ཏོ།། ཀླུའི་བདག་པོ་ལེགས་སོ་ལེགས་སོ།། ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་དྲི་བར་སེམས་པ་ནི། ཀླུའི་བདག་པོ་ཁྱོད་ལེགས་སོ།། ཀླུའི ་བདག་པོ་དེའི་ཕྱིར། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་ལེགས་པར་བཤད་དོ།། བཅོམ་ལྡན་འདས་ལོགས་སོ་ཞེས་གསོལ་ཏེ། ཀླུའི་རྒྱལ་པོ་རྒྱ ་མཚོ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣས ་ངན་འགྲོ་དང་། ངན་སོང་ཐམས་ཅད་ཡང་དག་པར་ཆད་པར་འགྱུར་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པ་དང་། དགེ་བ་བཅུའི ་ལས་ཀྱི་ལམ་ཡང་དག་པར་བླངས་ནས། ཐམས་ཅད་བསྲུང་བ་དང་། གཞན་གྱི་ཉེས་པ་མི་གླེང་ཞིང་བརྙས་པར་མི་བྱེད་པ་དང་། བདག་གི་འཁྲུལ་པ་རྟོག་པར་བྱེད་ཀྱི། གཞན་གྱི ་འཁྲུལ་པ་ལ་མི་རྟོག་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ངན་འགྲོ་དང་ངན་སོང་ཐམས་ཅད ་ཡང་དག་པར་ཆད་པར་འགྱུར་རོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་མི་ཁོམ་པ་ཐམས་ཅད་སྤོང་བར་འགྱུར་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། དཀོན ་མཆོག་གསུམ་པོ་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་གི་བསྔགས་པ་རྒྱུན་དུ་བརྗོད་པ་དང་། ཆོས་འདོད་པ་རྣམས་གཡེངས་པར་མི་བྱེད ་པ་དང་། གཞན་དག་གི་འགྱོད་པ་མི་བསྐྱེད་པ་དང་། སེམས་ཅན་འགྱོད་ཅིང་འདུག་པ་རྣམས་ཀྱི་འགྱོད་པ་སེལ་ཏེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས ་དཔའ་རྣམས་མི་ཁོམ་པ་ཐམས་ཅད་སྤོང་བར་འགྱུར་རོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ལྷ་དང་མིའི་སྐྱེ་བར་འགྲོ་བ་སྟེ། བཞི་གང་ཞེ་ན་འདི་ལྟ ་སྟེ། བྱང་ཆུབ་ཀྱི་སེམས་མི་གཏོང་ཞིང་གཞན་དག་ལ་ཡང་སྒྲོགས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་པ་མི་གཏོང་ཞིང་ཉམས་པར་མི་བྱེད་པ་དང་། སྨོན་ལམ་ལ་བསམ་པ ་རྣམ་པར་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། དེ་དག་ལ་སྙིང་རྗེ་ཆེན་པོ་བསྐྱེད་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ ་རྣམས་ལྷ་དང་མིའི་སྐྱེ་བར་འགྲོ་བར་འགྱུར་རོ།། ཀླུའི་བདག་པོ་ཆོས་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་མཐོང་བ་དང་འབྲལ་བར་མི་འགྱུར་ཏེ། བརྒྱད་ག ་ཞེ་ན་འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་དང་། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་དང་། མཆོད་པ་བྱེད་པ་དང་། དེ་བཞིན་གཤེགས་པའི ་བསྔགས་པ་རྒྱུན་དུ་བརྗོད་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་འཇུག་པ་དང་། དེ་བཞིན་གཤེགས་པ་ལྟ་བ་ལ་སེམས་ཅན་རྣམས་ཡང་དག་པར་མཛད ་པ་དང་། སངས་རྒྱས་ཀྱི་ཞིང་གང་ཞེ་ན་དེ་བཞིན་གཤེགས་པ་བཞུགས་པ་ཐོས་པ་དེར་སྐྱེ་བར་སྨོན་ལམ་འདེབས་པ་དང་། རྒྱུད་ཞུམ་པ་མེད་ཅིང་རྒྱ་ཆེན་པོ་ལ་མོས་པ་དང་། སངས ་རྒྱས་ཀྱི་ཡེ་ཤེས་འདོད་པ་སྟེ། ཀླུའི་བདག་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་མཐོང་བ་དང་བྲལ་བར་མི་འགྱུར་རོ།། ཀླུའི་བདག ་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་དགེ་བའི་བཤེས་གཉེན་རྙེད་པར་འགྱུར་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་ལ་སྒྱུ་མེད་པ ་དང་གཡོ་མེད་པར་བསྙེན་བཀུར་བྱེད་པ་དང་། ཆོས་ལ་གཅེས་པ་དང་། གུས་པ་དང་། རི་མོ་བྱེད་པ་དང་། བཀའ་བློ་བདེ་ཞིང་གསོ་བླ་ལ་ངེས་པ་དང་། ང་རྒྱལ་མེད་ཅིང་སྲི ་ཞུ་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་དགེ་བའི་བཤེས་གཉེན་རྙེད་པར་འགྱུར་རོ།། ཀླུའི་བདག་པོ་ཆོས་གསུམ་དང ་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་འཚལ་བའི་ཡུལ་དུ་གནས་པ་ཐོབ་པར་འགྱུར་ཏེ། གསུམ་གང་ཞེ་ན་འདི་ལྟ་སྟེ། མི་རླང་ཞིང་གྱ་གྱུ་མེད་པའི་སེམས་དང་ལྡན་པ་དང་། ་ཕྲག་དོག་དང་། སེར་སྣ་བསལ་བ་དང་། གཞན་དག་གི་རྙེད་པ་དང་། བཀུར་སྟི་དང་། བདེ་བར་སྦྱར་བ་ལ་དགའ་བ་སྟེ། ཀླུའི་བདག་པོ ་ཆོས་གསུམ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་འཚམ་པའི་ཡུལ་དུ་གནས་པ་ཐོབ་པར་འགྱུར་རོ།། ཀླུའི་བདག་པོ་ཆོས་ལྔ་དང་ལྡན་ན། བྱང་ཆུབ་སེམས ་དཔའ་རྣམས་དད་པ་དང་ལྡན་པར་འགྱུར་ཏེ། ལྔ་པོ་དག་གང་ཞེ་ན་འདི་ལྟ་སྟེ། མོས་པའི་སྟོབས་དང་། བསོད་ནམས་ཀྱི་ཚོགས་ཀྱི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་ལ ་འཇུག་པའི་སྟོབས་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བའི་སྟོབས་དང་། ཆོས་ཉིད་ལ་སྟོན་པའི་སྟོབས་ཏེ། ཀླུའི་བདག་པོ་ཆོས་ལྔ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས ་དཔའ་རྣམས་དད་པ་དང་ལྡན་པར་འགྱུར་རོ།། ཀླུའི་བདག་པོ་ཆོས་གཉིས་དང་ལྡན་ན། དགའ་བའི་ཤས་ཆེ་བར་འགྱུར་ཏེ། གང་གཉིས་གང་ཞེ་ན། འདི་ལྟ་སྟེ་རྒྱུའི་སྟོབས་དང་། ་ཡང་དག་པར་སྦྱོར་བའི་སྟོབས་ཏེ། ཀླུའི་བདག་པོ་ཆོས་དེ་གཉིས་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་དགའ་བའི་ཤས་ཆེ་བར་འགྱུར་རོ།། ཀླུའི་བདག་པོ་ཆོས་གསུམ ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པར་འགྱུར་ཏེ། གསུམ་པོ་དག་གང་ཞེ་ན་འདི་ལྟ་སྟེ། བདག་མེད་པ་ལ་མོས་པ་དང་། བཟོད ་པའི་སྟོབས་དང་། ཡང་དག་པའི་ལས་ལེགས་པར་བརྩོམ་པ་སྟེ། ཀླུའི་བདག་པོ་ཆོས་གསུམ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ལས་ཀྱི་རྣམ་པར་སྨིན་པ ་ལས་རྟོན་པར་འགྱུར་རོ།། ཀླུའི་བདག་པོ་ཆོས་གཉིས་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་མི་དགེ་བའི་ཆོས་ཐམས་ཅད་སྤངས་ནས། དགེ་བའི་ཆོས་ཐམས་ཅད་ཀྱིས་འབོག ་བར་གྱུར་ཏེ། གཉིས་གང་ཞེ་ན། ཕུང་པོ་གསུམ་གྱི་ཡོངས་སུ་བསྔོ་བ་དང་ལྡན་པ་དང་། བག་ཡོད་པར་གནས་པ་སྟེ། དེ་གཉིས་སོ།། གཞན་ཡང་གཉིས་ཏེ། འདི་ལྟ་སྟེ་དགེ ་པའི་རང་བཞིན་དུ་གྱུར་པ་དང་། རྣམ་པར་སྨིན་པ་ལ་མི་རེ་བ་སྟེ། ཀླུའི་བདག་པོ་ཆོས་གཉིས་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་མི་དགེ་བའི་ཆོས་ཐམས་ཅད་སྤངས་ནས། དགེ ་བའི་ཆོས་ཐམས་ཅད་ཀྱིས་འབོགས་པར་འགྱུར་རོ།། ཀླུའི་བདག་པོ་ཆོས་ལྔ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་དོན་དུ་གཉེར་བ་ཡིན་ཏེ། ལྔ་གང་ཞེ་ན་འདི་ལྟ་སྟེ། ་གཟུགས་དོན་དུ་གཉེར་བ་མ་ཡིན་པ་དང་། སྒྲ་དོན་དུ་གཉེར་བ་མ་ཡིན་པ་དང་། དྲི་དོན་དུ་གཉེར་བ་མ་ཡིན་པ་དང་། རོ་དོན་དུ་གཉེར་བ་མ་ཡིན་པ་དང་། རེག་བྱ་དོན་དུ་གཉེར་བ་མ ་ཡིན་པ་སྟེ། ལྔ་པོ་ནི་དེ་དག་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང་ཆོས་ལྔ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་དོན་དུ་གཉེར་བ་ཡིན་ཏེ། ལྔ་གང་ཞེ་ན་འདི་ལྟ ་སྟེ། ཆོས་དོན་དུ་གཉེར་བ་ཡིན་གྱི། ལུས་དོན་དུ་གཉེར་བ་མ་ཡིན་པ་དང་། ཡོན་ཏན་དོན་དུ་གཉེར་བ་ཡིན་གྱི་སྲོག་དོན་དུ་གཉེར་བ་མ་ཡིན་པ་དང་། ཤེས་རབ་དོན་དུ་གཉེར ་བ་ཡིན་གྱིས། རེག་བྱ་དོན་དུ་གཉེར་བ་མ་ཡིན་པ་དང་། དགེ་བ་དོན་དུ་གཉེར་བ་ཡིན་གྱིས། ཚོར་བ་དོན་དུ་གཉེར་བ་མ་ཡིན་པ་དང་། སེམས་ཅན་ཡོངས་སུ་བསྐྱབ་པ ་པ་དོན་དུ་གཉེར་བ་ཡིན་གྱི། བདག་གི་བདེ་བ་དོན་དུ་གཉེར་བ་མ་ཡིན་པ་སྟེ། ཀླུའི་བདག་པོ་ཆོས་ལྔ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ ་རྣམས་ཆོས་དོན་དུ་གཉེར་བ་ཡིན་ནོ།། ཀླུའི་བདག་པོ་ཆོས་དྲག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་འདོད་པ་ཡིན་ཏེ། དྲུག་པོ་དག་གང་ཞེ་ན་འདི་ལྟ་སྟེ། རབ་ཏུ ་བྱུང་བའི་ཡོན་ཏན་འདོད་ཀྱི། གོས་མཚོན་ཅན་གྱི་རྟགས་འཛིན་པ་ཙམ་འདོད་པ་མ་ཡིན་པ་དང་། ཆོས་ཉན་པ་འདོད་ཀྱི། འཇིག་རྟེན་རྒྱང་པན་པའི་གསང་ཚིགས་ཉན་འདོད་པ་མ ་ཡིན་པ་དང་། ཆོས་བསྟན་པ་འདོད་ཀྱི། འཇིག་རྟེན་གྱི་ཟང་ཟིང་འདོད་པ་མ་ཡིན་པ་དང་། ཆོས་ལ་སོ་སོར་རྟོག་པ་འདོད་ཀྱི། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདོད་པ ་མ་ཡིན་པ་དང་ཆོས་སྒྲུབ་པ་འདོད་ཀྱི། ཡི་གེ་དང་། ངེས་པའི་ཚིག་དང་། བརྡའ་ཡོངས་སུ་ཚོལ་བར་འདོད་པ་མ་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་ཉན་འདོད་ཀྱི། ཉན་ཐོས ་དང་རང་སངས་རྒྱས་ཀྱི་ཆོས་འདོད་པ་མ་ཡིན་པ་སྟེ། ཀླུའི་བདག་པོ་ཆོས་དྲུག་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་འདོད་པ་ཡིན་ནོ།། ཀླུའི་བདག་པོ ་ཆོས་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་བ་ཡིན་ཏེ། བརྒྱད་གང་ཞེ་ན་འདི་ལྟ་སྟེ། བྱང་ཆུབ་ཀྱི་གཏམ་ལ་དགའ་ཡི་ཐེག ་པ་དམན་པའི་གཏམ་ལ་མ་ཡིན་པ་དང་། བསྡུ་བའི་དངོས་པོའི་གཏམ་ལ་དགའི་ཕྱིན་ཅི་ལོག་གི་གཏམ་ལ་མ་ཡིན་པ་དང་། ཆོས་ཀྱི་ལུགས་ཀྱི་གཏམ་ལ་དགའི། འཇིག་རྟེན་རྒྱང་པན་པའི ་གཏམ་ལ་མ་ཡིན་པ་དང་། སངས་རྒྱས་ཀྱི་ཆེ་བ་ཉིད་ཀྱི་གཏམ་ལ་དགའི། འཁོར་བ་བཅད་པའི་གཏམ་ལ་མ་ཡིན་པ་དང་། ཟབ་ཅིང་གཏིང་དཔག་དཀའི་བའི་རྟེན་ཅིང་འབྲེལ་བར ་འབྱུང་བའི་གཏམ་ལ་དགའི། བདག་ཏུ་ལྟ་བ་འཛིན་པའི་གཏམ་ལ་མ་ཡིན་པ་དང་། ཆོས་བདག་མེད་པའི་རང་བཞིན་དང་། རྐྱེན་རྣམ་པར་དག་པའི་གཏམ་ལ་དགའི།། ཆད་པ་དང་།། ་རྟག་པ་དང་། བདག་དང་། སེམས་ཅན་དང་། སྲོག་དང་། སྐྱེས་བུ་དང་། གང་ཟག་ཏུ་འཛིན་པའི་གཏམ་ལ་མ་ཡིན་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན ་པ་མེད་པའི་གཏམ་ཡང་དག་པ་ཇི་ལྟ་བ་ལ་དགའ། དམིགས་པར་བལྟ་བའི་གཏམ་ལ་མེ་ཡིན་པ་དང་། རབ་ཏུ་བྱུང་བ་ལ་དམིགས་པ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་བཀོད་པའི་གཏམ ་ལ་དགའི། ཞི་བ་ལ་བཏང་སྙོམས་སུ་བྱེད་པའི་གཏམ་ལ་མ་ཡིན་པ་སྟེ། ཀླུའི་བདག་པོ་བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་ཀུན་དགའ་བས་དགའ་བ ་ཡིན་ནོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་དོན་གྱི་དབང་རྣམ་པ་ལྔ་མཐོང་བའི་ཕྱིར། ཐོས་པ་ཡོངས་སུ་ཚོལ་བ་མཆོག་མི་ཤེས་ཏེ། ལྔ་གང་ཞེ་ན། བྱང་ཆུབ་སེམས ་དཔའ་རྣམས་ལ་ཤེས་རབ་འབྱུང་བར་ཡང་དག་པར་མཐོང་བའི་ཕྱིར། ཐོས་པ་ཡོངས་སུ་ཚོལ་བ་ན་ཆོག་མི་ཤེས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཐོས་པས། འགྱོད་པ་དང་། ་ཐེ་ཚོམ་མེད་པར་ཡང་དག་པར་མཐོང་བའི་ཕྱིར། ཐོས་པ་ཡོངས་སུ་ཚོལ་ན་ཆོག་མི་ཤེས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཐོས་པས། ཀུན་ནས་ཉོན་མོངས་པ་དང་། རྣམ་པར ་བྱང་བ་རྟོགས་པར་འགྱུར་བར་ཡང་དག་པར་མཐོང་བའི་ཕྱིར། ཐོས་པ་ཡོངས་སུ་ཚོལ་བ་ན་མཐོང་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམ ་ཐོས་པས། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར། ཉོན་མོངས་པ་སྤོང་བར་འགྱུར་བར་ཡང་དག་པར་མཐོང་བའི་ཕྱིར། ཐོས་པ་ཡོངས་སུ་ཚོལ་བ་ན་ཆོག་མ ་ཤེས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཐོས་པས་འཇིགས་པར་འགྱུར་ལ། མི་འཇིགས་པ་ལས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཆད་པར་འགྱུར་བར་ཡང་དག་པར་མཐོང ་བའི་ཕྱིར། ཟོས་པ་ཡོངས་སུ་ཚོལ་བ་ན་ཆོག་མི་ཤེས་པ་སྟེ། ལྔ་པོ་དེ་དག་གོ།། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ནི་དོན་གྱི་དབང་རྣམ་པ་གཉིས་མཐོང་བའི་ཕྱིར། ་ཐོས་པ་ཡོངས་སུ་ཚོལ་བ་ན་ཆོག་མི་ཤེས་ཏེ། ཐོས་གཉིས་གང་ཞེ་ན། འཕགས་པའི་ཡང་དག་པའི་བལྟ་བ་སྐྱེ་བ་དང་། ཆགས་པ་མེད་པའི་གཟུངས་ཐོབ་པ་སྟེ། དེ ་གཉིས་སོ།། ཀླུའི་བདག་པོ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཐོས་པ་བསྒྲུབ་པས་མཐོང་བར་འཕགས་པར་འགྱུར་ཏེ། བཅུ་གང་ཞེ་ན། རྙེད་པ་དང ་ཀུར་བསྟི་རྣམས་འདོད་པ་ཉུང་ཞིང་ཆོག་ཤེས་པ་དང་། ཡོངས་སུ་ཚོལ་བ་རྣམས་ལ་ལུས་དང་། སྲོག་ལ་མི་བལྟ་བ་དང་། སྤྱོད་ལ་ལ་དྲན་པ་དང་། ཤེས་བཞིན་དང་། ཇི་སྐད ་ཐོས་པ་ལས་ཤས་ཆེན་ཡོངས་རྟོག་པ་དང་། འདུ་འཛི་མེད་པར་བྱ་བ་ཉུང་བ་དང་། སྦྱོར་བ་ལ་བརྩོན་པའི་བརྩོན་འགྲུས་ཀྱིས་ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སླད་ལ་མི་ཉལ་བ ་དང་། བླ་མ་ལ་གུས་པ་དང་། རི་མོ་བྱེད་པ་དང་། ངོ་ཚ་བ་ཤེས་པ་དང་། ཁྲེལ་ཡོད་པ་ཕུན་སུམ་ཚོགས་པས་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། སྙིང་རྗེ་ཆེན་པོས ་སེམས་ཅན་ལ་བལྟ་བ་དང་། ཡོན་ཏན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། འཕགས་པའི་སྐྱེ་བོ་ལ་རིམ་གྲོ་བྱེད་པ་དང་། ཤེས་པར་ལྷ་དང་བཅས་པའི་འཇིག་རྟེན་ཡོངས་སུ ་བསྐྱབ་པ་སྟེ། ཀླུའི་བདག་པོ་ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཐོས་པ་བསྒྲུབ་པས་མངོན་པར་འཕགས་པར་འགྱུར་རོ།། ཀླུའི་བདག་པོ ་བྱང་ཆུབ་སེམས་དཔའ་རྣམས་ནི་ཕན་ཡོན་རྣམ་པ་ལྔ་པོ་འདི་དག་ཡང་དག་པར་མཐོང་ནས། རབ་ཏུ་བྱུང་བ་ལ་མོས་པར་འགྱུར་ཏེ། ལྔ་གང་ཞེ་ན། བདག་གིས་ལས་བྱས་པ་ཆུད་ཟ་བར ་མི་འགྱུར་བ་དང་། བདག་གིས་བྱས་པའི་བག་ཆག་ཀྱིས་བགོ་བར་འགྱུར་བ་དང་། ཡོངས་སུ་འཛིན་པ་ཐམས་ཅད་ལས་བདག་གིས་སེམས་གཏོང་བར་འགྱུར་བ་དང་། སངས ་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བདག་སྨད་པར་མི་འགྱུར་བ་དང་། བདག་གྲོལ་ཟིན་ནས་ཀྱང་ཉོན་མོངས་པའི་བཅིང་བ་རྣམས་ཀྱིས་བཅིངས་པའི་སེམས་ཅན་རྣམས་འཆད་པ་དེ། ་ལས་རབ་ཏུ་ཐར་པར་བྱ་བའི་ཕྱིར་ཆོས་སྟོན་པར་འགྱུར་རོ་སྙམ་པ་སྟེ། ལྔ་པོ་དེ་དག་གོ།། གཞན་ཡང་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། རབ་ཏུ་འབྱུང་བ་ནི་ཚུལ་ཁྲིམས་འཚལ ་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཚུལ་ཁྲིམས་དང་མཐུན་པ་ཡིན་ནོ།། ཆོས་སྟོན་པར་འགྱུར་རོ་སྙམ་པ་སྟེ། ལྔ་པོ་དེ་དག་གོ། གཞན་ཡང་རྣམ་པ་ལྔ་སྟེ། ལྗག ་@བྱ། ཞེ་ན། རབ་ཏུ་འབྱུང་བ་ནི་ཚུལ་ཁྲིམས་འཆལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཚུལ་ཁྲིམས་དང་མཐུན་པ་ཡིན་ནོ།། རབ ་ཏུ་བྱུང་བ་ནི་ཐོས་པ་ཉུང་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཐོས་པ་དང་མཐུན་པ་ཡིན་ནོ།། རབ་ཏུ་བྱུང་བ་ནི་སེམས་རྣམ་པར་གཡེངས་པའི་སེམས་ཅན་ཡོངས་སུ ་སྨིན་པར་བྱ་བའི་ཕྱིར། ཏིང་ངེ་འཛིན་དང་མཐུན་པ་ཡིན་ནོ།། རབ་ཏུ་བྱུང་བ་ནི་ཤེས་རབ་འཆལ་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཤེས་རབ་དང་མཐུན་པ་ཡིན ་ནོ།། རབ་ཏུ་བྱུང་བ་ནི་མྱ་ངན་ལས་འདས་པའི་བདེ་བའི་ལམ་ལ་སེམས་ཅན་དགོད་པར་བྱ་བའི་ཕྱིར། རྣམ་པར་གྲོལ་བའི་ཡེ་ཤེས་དང་མཐུན་པ་ཡིན་ཏེ། ལྔ་པོ་དེ་དག་གོ།། ་གཞན་ཡང་ལྔ་སྟེ། ལྔ་གང་ཞེ་ན། རབ་ཏུ་འབྱུང་བ་ནི་ཕུང་པོ་ལྔ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ང་རྒྱལ་བཅོམ་པའོ།། རབ་ཏུ་འབྱུང་བ་ནི་ཀུན་འབྱུང་བ་སྤངས་པའི་ཕྱིར། སྲེད ་པའི་བག་ལ་ཉལ་བ་སྤོང་བའོ།། རབ་ཏུ་འབྱུང་བ་ནི་འགོག་པ་མངོན་སུམ་དུ་བྱ་བའི་ཕྱིར། ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བར་བྱེད་པའོ།། རབ་ཏུ་བྱུང་བ་ནི་འཕགས ་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པའི་ཕྱིར་ལམ་ལ་འཇུག་པའོ།། རབ་ཏུ་འབྱུང་བ་ནི་འཕགས་པའི་བདེན་པ་རྣམས་ལ་སེམས་ཅན་འགོག་པའི་ཕྱིར་བདེན་པ་ལ་འཇུག ་པ་སྟེ། ལྔ་པོ་དེ་དག་གོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ནགས་དང་ནགས་འདབ་ན་རྒྱུ་ཞིང་། བས་མཐའི་གནས་ལམ་དག་ན་གནས ་པ་ཡིན་ཏེ། བཞི་གང་ཞེ་ན། ལུས་དང་སྲོག་ལ་མི་ལྟ་བ་དང་། དགེ་བའི་ཆོས་ཐམས་ཅད་ལྟ་བ་དང་། མངོན་པར་ཤེས་པའི་ཤེས་རབ་བསྐྱེད་པར་འདོད་པ་དང་། སྤྱོད་ལམ་རབ་ཏུ ་ཞི་བས་ལྷ་དང་མི་རྣམས་མགུ་བར་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ནགས་འདབ་ན་རྒྱུ་ཞིང་བས་མཐའི་གནས་མལ ་དག་ན་གནས་པ་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་དོན་གྱི་དབང་རྣམ་པ་བཞི་མཐོང་ནས། ནགས་དང་ནགས་འདབ་ན་རྒྱུ་ཞིང་བས་མཐའི་གནས་མལ་དག ་ན་གནས་པ་ཡིན་ཏེ། བཞི་གང་ཞེ་ན། དགོན་པ་དང་། རབ་ཏུ་དགོན་པ་འདི་དག་ནི། སངས་རྒྱས་ཀྱིས་བསྔགས་པ་ཡིན་ཏེ། དགོན་པ་ན་གནས་ན། སྙིང་རྗེ་ཆེན་པོས་སེམས་ཅན ་ཐམས་ཅད་རབ་ཏུ་ཐར་པར་བྱ་བ་ལ་དམིགས་པ་ནི། བདག་གི་བྲེ་མོ་གཏམ་ཟེར་བ་ཡིན་གྱི། ཕྱོགས་གཅིག་ཏུ་གྱུར་པ་ནི་མ་ཡིན་ནོ་སྙམ་པ་དང་། བདག་གིས་བྱང་ཆུབ་ཀྱི་སྙིང་པོའི ་རྒྱན་བསགས་ཀྱི་ཉོན་མོངས་པ་རྣམས་ནི་མ་ཡིན་ནོ་སྙམ་པ་དང་། བདག་གིས་ཡོངས་སུ་སྤང་བ་བྱས་པའི་བྱང་ཆུབ་སེམས་དཔའ་དུ་མ་དག་གིས་རྗེས་སུ་བསླབ་དགོས་སོ་སྙམ་པ ་བདག་དགོན་པ་ན་གནས་ཏེ། ཆོས་ཐམས་ཅད་ཡང་དག་པར་བསྒྲུབས་ནས། གྲོང་དང་། གྲོང་ཁྱེར་དང་། གྲོང་བརྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། ཕོ ་བྲང་འཁོར་དག་ཏུ་སོང་སྟེ། སེམས་ཅན་རྣམས་ལ་ཆོས་བསྟན་པར་བྱའི་སྙམ་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། ནགས་དང་ནགས་འདབ་ན་རྒྱུ་ཞིང་བས ་མཐའི་གནས་མལ་དག་ན་གནས་པ་ཡིན་ནོ།། ཀླུའི་བདག་པོ་གསུམ་པོ་འདི་དག་ནི། འཕགས་པའི་རིགས་དང་། སྦྱངས་པའི་ཡོན་ཏན ་དང་། ཡོ་བྱད་སྤངས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་། ཕན་ཡོན་ཕུལ་དང་རབ་མཆོག་ཡིན་ཏེ། གསུམ་གང་ཞེ་ན། དགའ་བ་དང་། མི་དགའ་བ ་རྣམས་ལ་མི་ལྟ་བའི་ཕྱིར། འདུ་འཛི་བྱ་བ་མེད་པ་དང་། སེམས་རག་ལས་པ་མེད་ཅིང་གང་དུ་འདོད་པར་འགྲོར་ཡོད་པའི་ཕྱིར། རང་ཉམ་དང་རང་དབང་དང་། ཐ་མ་པར ་གནས་པ་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་སེམས་དཔའི་ཕྱིར། དེའི་ཏིང་ངེ་འཛིན་མྱུར་དུ་སྐྱེ་བར་འགྱུར་བ་སྟེ། གསུམ་པོ་དེ་དག་གོ།། གཞན་ཡང་གསུམ་སྟེ། ་དེ་ལ་ཚུལ་འཆོས་པ་དང་། ཁ་བསགས་མི་འབྱུང་བ་དང་། དེ་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བའི་སེམས་མི་སྐྱེ་བ་དང་། སྒྲུབ་ཅིང་འདུག་པ་ན་ཁྱིམ་ལ་རྗེས་སུ་ལྟ ་བར་མི་འགྱུར་བ་སྟེ། ཀླུའི་བདག་པོ་གསུམ་པོ་དེ་དག་ནི་འཕགས་པའི་རིགས་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ལ་གནས་པའི་བྱང་ཆུབ་སེམས ་དཔའི་ཡོན་ཏན་དང་། ཕན་ཡོན་ཕུལ་དང་རབ་མཆོག་ཡིན་ནོ།། ཀླུའི་བདག་པོ་ཆོས་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའི་རབ་ཏུ་བྱུང་བའི་ཡོན་ཏན་ཡོངས་སུ་རྫོགས ་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འཕགས་པའི་རིགས་ཀྱིས་ཆོག་པར་འཛིན་པ་དང་། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་ལ་གནས་པ་དང་། མང་དུ་ཐོས་པ་དང་། ་སེམས་ངེས་པར་སེམས་པ་ལ་དགའ་བ་དང་། བྱང་ཆུབ་ཀྱི་བསམ་པ་ལ་ཀུན་དུ་རྨོངས་པ་མེད་པ་དང་། དྲན་པ་ཉེ་བར་གཞག་པས་གནས་པ་དང་། ཏིང་ངེ་འཛིན ་དང་། ཤེས་རབ་སྒོམ་པའི་སྦྱོར་བ་ལ་བརྩོན་པ་དང་། རྩམ་པ་ཐམས་ཅད་སྒྲུབ་པ་སྙིང་པོར་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ ་སེམས་དཔའི་རབ་ཏུ་བྱུང་བའི་ཡོན་ཏན་ཡོངས་སུ་རྫོགས་པར་འགྱུར་རོ།། ཀླུའི་བདག་པོ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཟབ་མོའི་ཚུལ ་ལ་གནས་པ་ཡིན་ཏེ། བཅུ་གང་ཞེ་ན། བདག་གི་ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྗེས་སུ་འགྲོ་བ་དང་། བདག་དག་པས། ཆོས་ཐམས་ཅད་དག་པའི ་རྗེས་སུ་འཇུག་པ་དང་། བདག་བདག་མེད་པས་ཆོས་ཐམས་ཅད་བདག་མེད་པ་ལ་མོས་པ་དང་། བདག་སྟོང་པས་ཆོས་ཐམས་ཅད་སྟོང་པས་སོམ་ཉི་མེད་པ་དང་། ་བདག་དབེན་པས་ཆོས་ཐམས་ཅད་དབེན་པ་ལ་འཇུག་པ་དང་། བདག་ཞི་བས་ཆོས་ཐམས་ཅད་ཞི་བར་སོ་སོར་རྟོགས་པ་དང་། བདག་ཇི་ལྟ་བ་བཞིན་པས་ཆོས་ཐམས ་ཅད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་དང་། བདག་ཟབ་པས་ཆོས་ཐམས་ཅད་ཟབ་པར་ངེས་པར་སེམས་པ་དང་། བདག་བེམས་པོ་ཡིན་པས་ཆོས་ཐམས་ཅད་བེམས ་པོ་ཡིན་པར་ངེས་པར་རྟོག་པ་དང་། བདག་བཟུང་དུ་མེད་པས་ཆོས་ཐམས་ཅད་བཟུང་དུ་མེད་པར་རབ་ཏུ་ཤེས་པ་སྟེ། བཅུ་པོ་དེ་དག་གོ།། ཀླུའི་བདག་པོ་གཞན་ཡང ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཟབ་མོའི་ཚུལ་ལ་གནས་པ་ཡིན་ཏེ། བཅུ་གང་ཞེ་ན། རྣམ་པར་བསྒྲུབས་པས ་གནས་པའི་མཚན་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རབ་ཏུ་ཤེས་པ་དང་། ཕྱིན་ཅི་ལོག་ལས་བྱུང་བར་མཐོང་བས། ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རབ་ཏུ་ཤེས་པ་དང་། ་ཕྱིན་ཅི་ལོག་ཏུ་འདུ་ཤེས་པས། ཆོས་ཐམས་ཅད་རྨིག་རྒྱུ་ལྟ་བུར་རབ་ཏུ་ཤེས་པ་དང་། རྒྱུའི་བྱ་བ་དང་རྐྱེན་ལ་དམིགས་ཏེ། སྐྱེ་བས་ཆོས་ཐམས་ཅད་མིག་ཡོར་ལྟ་བུར་རབ་ཏུ་ཤཱ ་པ་དང་། འཕོ་བ་མེད་པའི་མཚན་ཉིད་ལས་ཕྱིན་ཅི་མ་ལོག་པས་ཆོས་ཐམས་ཅད་ཆུ་ཟླ་ལྟ་བུར་རབ་ཏུ་ཤེས་པ་དང་། ཡུལ་ན་མི་གནས་ཤིང་ཕྱོགས་ན་མི་གནས་ཏེ། ངོ ་བོ་ཉིད་མེད་པས་ཆོས་ཐམས་ཅད་བྲག་ཆ་ལྟ་བུར་རབ་ཏུ་ཤེས་པ་དང་། སྐད་ཅིག་ཀྱང་མི་སྡོད་པས། ཆོས་ཐམས་ཅད་སྤྲིན་དང་གློག་སྣང་བ་ལྟ་བུར་རབ་ཏུ་ཤེས་པ་དང་། ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཆགས་པར་མི་འགྱུར་བས། ཆོས་ཐམས་ཅད་འཇའ་ཚོན་ལྟ་བུར་རབ་ཏུ་ཤེས་པ་དང་། གློ་བུར་གྱི་ཉེ་བའི་ཉོན ་མོངས་པས། ཉོན་མོངས་པ་ཅན་དུ་མི་འགྱུར་བས། ཆོས་ཐམས་ཅད་རང་བཞིན་གྱིས་དག་པར་ཤེས་པ་དང་། སྐྱེ་བ་འཇིག་པ་དང་། གནས་པ་དང་བྲལ་བས་ཆོས ་ཐམས་ཅད་ནམ་མཁའ་ལྟ་བུར་ཤེས་པ་སྟེ། ཀླུའི་རྒྱལ་པོ་ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཟབ་མོའི་ཚུལ་ལ་གནས་པ་ཡིན་ནོ།། ་ཀླུའི་བདག་པོ་ཆོས་གཉིས་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆད་པར་ལྟ་བར་ལྟུང་བར་མི་འགྱུར། གཉིས་གང་ཞེ་ན་ལས་ཀྱི་བྱ་བ་ལ་འཇུག་པ་ཤེས་པ་དང་། སངས ་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་བསྒྲུབ་པར་ཤེས་པ་སྟེ། ཀྭའི་བདག་པོ་ཆོས་དེ་གཉིས་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆད་པར་ལྟ་བར་ལྟུང་བར་མི་འགྱུར་རོ།། ་ཀླུའི་བདག་པོ་ཆོས་གཉིས་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་རྟག་པར་ལྟ་བར་ལྟུང་བར་མི་འགྱུར་ཏེ། གཉིས་གང་ཞེ་ན་མི་རྟག་པའི་ཆོས་ལ་འཇུག་པ་ཤེས་པ་དང་། སྐྱེ ་གནས་ཞིག་ཅིང་ཞུ་སྟེ། མི་གནས་པར་རབ་ཏུ་རྣམ་པར་དབྱེ་བ་ཤེས་པ་སྟེ། ཀླུའི་བདག་པོ་དེ་གཉིས་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་རྟག་པར་ལྟ་བར་ལྟུང་བར་མི་འགྱུར ་རོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་ལ་མཁས་པ་ཡིན་ཏེ། མ་རིག་པ་ཀུན་དུ་བྱུང་ནས། རྒ་ཤི་ཀུན ་དུ་འབྱུང་བའི་བར་ལ་འཇུག་པ་དང་། མ་རིག་པ་འགག་པ་ནས། རྒ་ཤི་འགག་པའི་བར་ལ་འཇུག་པ་དང་། ཆད་པར་ལྟ་བར་ཡང་མི་ལྟུང་བ་དང་། རྟག་པར་ལྟ་བ་ལ་ཡང་མི་གནས ་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་རྟེན་ཏེ་འབྱུང་བ་ལ་འཇུག་པ་ལ་མཁས་པ་ཡིན་ནོ།། ཀླུའི་བདག་པོ་ཆོས་བཞི ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ལྟ་བར་གྱུར་པ་ཐམས་ཅད་དུ་ལྟ་བར་མི་འགྱུར་ཏེ། བཞི་གང་ཞེ་ན། སྟོང་པ་ཉིད་ཀྱི་ཤེས་པས་བདག་དང་སེམས་ཅན་དུ་ལྟ་བར ་མི་འགྱུར་བ་དང་། མཚན་མ་མེད་པའི་ཤེས་པས་སྲོག་དང་གང་ཟག་ཏུ་ལྟ་བར་མི་འགྱུར་བ་དང་། སྨོན་པ་མེད་པའི་ཤེས་པས ་འབྱུང་བ་དང་། འཇིག་པར་ལྟ་བར་མི་འགྱུར་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཤེས་པས་ཆད་པ་དང་། རྟག་པར་ལྟ་བར་མི་འགྱུར་བ་སྟེ། ཆོས་བཞི་པོ་འདི་དག ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ལྟ་བར་གྱུར་པ་ཐམས་ཅད་དུ་ལྟ་བར་མི་འགྱུར་རོ།། ཀླུའི་བདག་པོ་ཆོས་དྲུག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས ་མངོན་པར་ཤེས་པའི་ཤེས་པས་རྣམ་པར་རྩེ་བར་འགྱུར་ཏེ། དྲུག་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་ལྟ་བས། དེ་ལྟའི་མིག་རྣམ་པར་དག་པར ་འགྱུར་དང་། ངན་དུ་སྨྲས་པའི་ཚིག་དང་དུ་ལེན་པས། ལྷའི་རྣ་བའི་རྣམ་པར་དག་པར་འགྱུར་བ་དང་། སེམས་ཀུན་ནས་ཉོན་མོངས་པ་མེད་པ་གཞན་གྱི་སེམས་ཤེས་པ་རྣམ ་པར་དག་པར་འགྱུར་བ་དང་། སྔོན་བྱས་པའི་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ལ་གཏོང་བས་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་རྣམ་པར་དག་པར་འགྱུར་བ་དང་། མཐུན ་པར་བྱེད་པ་དང་། བཀའ་བློ་བདེ་བ་དང་། ཇི་སྐད་སྨྲས་པ་བཞིན་བྱེད་པས། རྫུ་འཕྲུལ་བྱ་བ་ཤེས་པ་རྣམ་པར་དག་པར་འགྱུར་བ་དང་། ཆོས་རྣམས་ལ་སློབ་དཔོན ་དཔེ་འཁྱུད་མེད་པས། ཟག་པ་ཟད་པ་རྣམ་པར་དག་པར་འགྱུར་བ་སྟེ། དྲུག་པོ་དེ་དག་གོ།། ཀླུའི་བདག་པོ་གཞན་ཡང་། མར་མེ་བྱིན་པས་ནི་ལྷའི་མིག་རྣམ་པར་དག་པར ་འགྱུར་རོ།། སིལ་སྙན་དང་། ཕེག་རྡོབ་པ་དང་། གླུ་དབྱངས་ཐམས་ཅད་བྱིན་པས་ནི། ལྷའི་རྣ་བ་རྣམ་པར་དག་པར་འགྱུར་རོ།། ཀུན་ནས་ཉོན་མོངས་པ་མེད་པར་བྱིན་པས ་ནི། གཞན་གྱི་སེམས་ཤེས་པ་རྣམ་པར་དག་པར་འགྱུར་རོ།། དགེ་བའི་ཆོས་དྲན་པར་བྱེད་ཅིང་བསྐུལ་བས་ནི། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་རྣམ་པར་དག་པར ་འགྱུར་རོ།། སྒྲིབ་པ་དང་འགྱོད་པ་བསྩལ་བས་ན། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་རྣམ་པར་དག་པར་འགྱུར་རོ།། ཀླུའི་བདག་པོ་གཞན་ཡང་དེ་བཞིན་གཤེགས་པ་ལ་ལྟ་བ ་ནི་ལྷའི་མིག་རྣམ་པར་དག་པར་འགྱུར་རོ།། དམ་པའི་ཆོས་སྙན་པས་ནི་ལྷའི་རྣ་བ་རྣམ་པར་དག་པར་འགྱུར་རོ།། སེམས་ཀྱིས་ངེས་པར་རྟགས་པས་ནི། གཞན་གྱི་སེམས་ཤེས ་པ་རྣམ་པར་དག་པར་འགྱུར་རོ།། དགེ་འདུན་རྗེས་སུ་དྲན་པས་ནི། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་རྣམ་པར་དག་པར་འགྱུར་རོ།། འདུན་པ་དྲག་པོས་ནི་རྫུ་འཕྲུལ་བྱ་བ་ཤེས ་པ་རྣམ་པར་དག་པར་འགྱུར་རོ།། ཆོས་སྒྲུབ་པས་ནི་ཟག་པ་ཟད་པ་ཤེས་པ་རྣམ་པར་དག་པར་འགྱུར་རོ།། དེ་ལ་མངོན་པར་ཤེས་པས་རྣམ་པར་རྩེ་བ་གང་ཞེ་ན། ཀླུའི་བདག་པོ ་འདི་ལ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ལྷའི་མིག་གང་ཡིན་པ་དང་། ཕྱི་རོལ་གྱི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དང་། ལྷ་དང་ཀླུ་དང་། ་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་བས ་ནི། བྱང་ཆུབ་སེམས་དཔའི་ལྷའི་མིག་དེ་ཆེས་འདས་པ་དང་། ཆེས་གསལ་བ་དང་། ཆེས་ཁྱད་པར་དུ་འཕགས་པ་དང་། ཆེས་མཆོག་ཏུ ་གྱུར་པ་དང་། ཆེས་རྣམ་པར་དག་པ་སྟེ། དེའི་ལྷའི་མིག་དེས་ནི་དེ་བཞིན་གཤེགས་པའི་སྤྱན་གྱི་ཡུལ་མ་གཏོགས་པར་སེམས་ཅན་དུ་སྣང་བ་འམ། གཟུགས་སུ་སྣང་བའམ། ཆོས ་སུ་སྣང་བ་གང་ཡང་མི་རྟོགས་པ་དང་། མི་མཐོང་བ་དང་། མི་ཤེས་པ་ཅི་ཡང་མེད་དོ།། ཀླུའི་བདག་པོ་དེ་ལ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ལྷའི་རྣ་བ་གང་ཡིན་པ་ནས། མི་དང ་མི་མ་ཡིན་པའི་བར་རྣམས་ཀྱི་ལྷའི་སྣང་བ་གང་ཡིན་པ་དེས་ནི། བྱང་ཆུབ་སེམས་དཔའི་ལྷའི་རྣ་བ་དེ་ཆེས་འདས་པ་དང་། ཆེས་གསལ་བ་དང་། ཆེས་ཁྱད་པར་དུ་འཕགས་པ་དང་། ་ཆེས་མཆོག་ཏུ་གྱུར་པ་དང་། ཆེས་རྣམ་པར་དག་པ་སྟེ། དེའི་ལྷའི་རྣ་བའི་དབང་པོས་དེ་ནི། དེ་བཞིན་གཤེགས་པའི་སྙན་གྱི་ཡུལ་མ་གཏོགས་པར་སྒྲར་གྲགས་པ་གང་ཡང་ཐོས ་པར་མི་འགྱུར་བ་ཅི་ཡང་མེད་དེ། དེས་ནི་སྒྲ་ཐམས་ཅད་ཀྱི་མངོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་གཅོད་པ་རབ་ཏུ་ཤེས་སོ།། ཀླུའི་བདག་པོ་དེ་ལ་བྱང་ཆུབ་སེཾས ་དཔས་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་བ་དང་། སེམས་ཀྱི་དམིགས་པ་དང་། སེམས་ཀྱི་མཚན་མ་དང་། སེམས་ཀྱི་དཔྱོད་པ་དང་། སེམས་ཀྱི་རྒྱུ་དང་། སེམས ་སེམས་ཀྱི་བསམ་པ་དང་། སེམས་ཀྱི་འབྲས་བུ་དང་། སེམས་ཀྱི་ངེས་པ་དང་། སེམས་ཀྱི་རྟོགས་པ་དང་། སེམས་ཀྱི་རྣམ་པ་སྣ་ཚོགས་དང་། སེམས་ཀྱི་རྗེས་སུ་ཆགས་པ་དང་། ་སེམས་ཀྱི་ཁོང་ཁྲོ་བ་དང་། སེམས་ཀྱི་རྣམ་པར་གཡེང་བ་དང་། སེམས་བསྡུ་བ་དང་། སེམས་བྲལ་བར་གཡོ་བ་དང་། སེམས་ལྷག་པར་གཡོ་བ་དང་། སེམས ་བསྐུལ་བ་དང་། སེམས་གནས་པ་དང་། སེམས་ཀྱི་སྔོན་མཐའ་དང་། སེམས་ཀྱི་ཕྱི་མའི་མཐའ་དང་། སེམས་ཀྱི་ད་ལྟར་བྱུང་བ་དང་། སེམས་ཀྱི་གནས་དང་། ་སེམས་ཀྱི་གནས་པ་ཐམས་ཅད་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། ཤོས་ནས་ཀྱང་དེ་བཞིན་དུ་དེས། སེམས་ཅན་དེ་དག་ལ་ཆོས་དང་ལྡན་པའི་གཏམ ་འཇུག་པར་བྱེད་དོ།། དེས་སྔོན་གྱི་གནས་རྗེས་སུ་དྲན་པས་བདག་དང་གཞན་རྣམས་ཀྱི་སྔོན་གྱི་མཐའི་མུར་ཐུགས་པའི་བར་གྱི་འཆི་འཕོ་ཡང་དག་པ་ཇི་ལྟ་བ་བཞིན ་དུ་རབ་ཏུ་ཤེས་ཤིང་དྲན་སྟེ། རྣམ་པ་དང་བཅས་ཡུལ་ཕྱོགས་དང་བཅས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་དང་། གཞན་མ་ཡིན་པར་བརྗོད་པར ་བྱེད་དོ།། རྫུ་འཕྲུལ་བྱེ་བ་རྣམས་ལ་ཡང་མངོན་པར་འདུ་བྱེད་པ་མེད་པ་ཐོབ་སྟེ། བྱ་བ་ཐམས་ཅད་སྟོན་ཏེ། ཀླུའི་བདག་པོ་འདི་དག་ནི། བྱང་ཆུབ་སེམས ་དཔའི་མངོན་པར་ཤེས་པ་སྟེ། དེ་ལ་རང་གི་སེམས་ལ་དབང་བྱེད་པས་དོན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་འདི་ནི་དེའི་རྣམ་པར་བརྩེ་བ་སྟེ། སངས་རྒྱས་ཡོངས ་སུ་མྱ་ངན་ལས་འདའ་བ་ཡང་ཀུན་སྟོན་ལ། གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདས་པར་ཡང་མི་བྱེད་པ་ལྟ་བུའོ།། དེ་ལ་བྱང་ཆུབ་སེམས་དཔའི ་ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པ་གང་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ལ་མ་ཆགས ་ཏེ། སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་གྲོལ་བ་ལ་ལྷག་པར་དམིགས་ཤིང་། རང་བཞིན་གྱི་ཟག་པ་ཟད་པ་ཤེས་ཀྱི། ཤེས་ན་པ་དེ་མངོན་སུམ་དུ་བྱེད་པ་ནི་མ་ཡིན་ལ། ་ས་ན་ཡས་ས་ག་པ་འ་ཤཱ་། @་རྒྱུན་པ་ནས་པ་མས་དཔའ་ཛིན་པ་ཤེས་བསྐྱེན་འོ།། བྱན ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའི་སྒྲིབ་པ་མེད་པའི་ཡོངས་སུ་མཐོང་བ་ལ་འཇུག་པ་ཡིན་ཏེ། བཞི་གང་ཞེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཡོངས་སུ ་བསྒོམ་པའི་མངོན་པར་ཤེས་པ་ལྔ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོམ་པའི་ཡང་དག་པར་རིག་པ་བཞི་དང་། ཐབས་དང་ཤེས་རབ་ཀྱི་ཡོངས་སུ ་བསྒོམས་པའི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་གང་ཡོངས་སུ་བསྒོམས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས ་སུམ་བཅུ་རྩ་བདུན་ཏེ། ཀླུའི་བདག་པོ་ཆོས་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་ཡིན་ནོ།། ཀླུའི་བདག་པོ་དེ་ལ ་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་གང་ཞེ་ན། ཉོན་མོངས་པ་ཐམས་ཅད་མ་མཐོང་ལ། བག་ཆགས་ཀྱི་མཚམས་སྦྱོར་བའི་རྣམ་པའི་ཉོན་མོངས་པ་ཐམས་ཅད་ཀྱང་ཡང་དག ་པར་རབ་ཏུ་བཅོམ་པ་གང་ཡིན་པ་དང་། འཁོར་བ་ཡང་མཐོང་ལ་མྱ་ངན་ལས་འདས་པ་ཡང་ཡང་དག་པར་གཞོལ་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཡང་མ་མཐོང་ལ། ་བྱང་ཆུབ་ཀྱི་སྙིང་པོར་ཡང་དག་པར་གཞོལ་བ་དང་། སེམས་ཅན་གྱི་སྤྱོད་པའི་རྗེས་སུ་འཇུག་ལ། སེམས་ཅན་གྱི་སྤྱོད་པ་དབེན་པར་ཡང་ཤེས་པ་སྟེ། འདི་ནི་སྒྲིབ་པ་མེད ་པའི་ཡེ་ཤེས་མཐོང་བ་ཞེས་བྱའོ།། གཞན་ཡང་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་ནི། འདུས་བྱས་ཀྱི་བྱ་བ་ཐམས་ཅད་ཀྱི་རྗེས་སུ་ཡང་འཇུག་ལ། འདུས་མ་བྱས་པ་ཡང ་ཐོབ་པ་དང་། འདུས་བྱས་ཐམས་ཅད་ཉེ་བར་ཞི་བར་ཡང་མཐོང་ལ། འདུས་བྱས་ཀྱང་ཐོབ་པའོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ནི་འདུས་བྱས་ལ་སྤྱོད་པ་ནི ་ཡང་འདུས་མ་བྱས་ཤེས་པས་སྒྲིབ་པ་མེད་ལ། འདུས་མ་བྱས་ཐོབ་པ་ལ་ཡང་། འདུས་བྱས་ཀྱི་ཆོས་རྣམས་ཀྱི་སྒྲིབ་པ་མེད་དེ། དེར་སྒྲིབ་པ་མེད་པའི་ཡེ་ཤེས་གང ་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་ཞེས་བྱའོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་ཅན ་གྱི་སྤྱོད་པ་དང་། བསམ་པ་དང་མཆོག་ཤེས་པ་ཡིན་ཏེ། བཞི་གང་ཞེ་ན། འཇིག་རྟེན་གྱི་རྗེས་སུ་འཇུག་པའི་ཤེས་པ་དང་། སྙོམས་པར་འཇུག་པ་ལ་མཁས་པའི ་ཤེས་པ་དང་། ཤེས་པ་དང་བསམ་པ་ལས་སུ་རུང་བའི་བསམ་པ་དང་། སེམས་ལ་དབང་བྱེད་པའི་ཐབས་ཏེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ ་སེམས་དཔའ་སེམས་ཅན་གྱི་སྤྱོད་པ་དང་། བསམ་པ་དང་། ཆོག་ཤེས་པ་ཡིན་ནོ།། ཀླུའི་བདག་པོ་ཆོས་ལྔ་དང་ལྡན་ན། བྱང་ཆུབ ་སེམས་དཔའ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ཡིན་ཏེ། ལྔ་གང་ཞེ་ན། བདག་གི་བདེ་བ་ལ་མི་ལྟ་བས་ཡིད་ཡོངས་སུ་མི་སྐྱོ་བ་དང་། བརྩོན་པ་བརྟན་པས ་སེམས་ཅན་ལ་བདེ་བ་སྦྱིན་པ་དང་། སྙིང་རྗེ་ཆེན་པོ་དང་། སེམས་ཅན་རྣམས་ཀྱི་སྤྱོད་པ་ཇི་ལྟ་བ་དེ་ལྟ་བུའི་སྤྱོད་པའི་རྗེས་སུ་འཇུག་པ་དང་། གོང་དུ་ཡང་ཡོན་ཏན་ཁྱད་པར ་ཅན་ལ་འགོད་པར་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་ལྔ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ།། ཀླུའི་བདག་པོ་ཆོས ་དྲུག་དང་ལྡན་ན། བྱང་ཆུབ་སེམས་དཔའ་འཛིན་དང་། ཀློག་པ་དང་། བརྡ་སྤྲོད་པ་ལ་མཁས་པ་ཡིན་ཏེ། དྲུག་གང་ཞེ་ན། གཟུངས་ཐོབ་པ་དང་། དྲན་པ་དང་། ཤེས ་བཞིན་གྱི་སྒྲུབ་པ་དང་། ཡང་དག་པ་ལ་ཚུལ་བཞིན་དུ་འཇུག་པ་དང་། སེམས་ཀྱི་རྗེས་སུ་འཇུག་པ་ཤེས་པ་དང་། ཐོགས་པ་མེད་པའི་སྤོབས་པ་ཐོབ་པ་དང་། དགོངས་པའི ་ཚིག་སྟོན་པའི་ཤེས་པ་ལ་མཁས་པ་སྟེ། ཀླུའི་བདག་པོ་ཆོས་དྲུག་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་འཛིན་པ་དང་། ཀློག་པ་དང་། བརྡ་སྤྲོད་པ་ལ་མཁས་པ ་ཡིན་ནོ།། ཀླུའི་བདག་པོ་ཆོས་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་བདུད་ཕྱིར་རྒོལ་བ་བཅོམ་པ་ཡིན་ཏེ། བརྒྱད་གང་ཞེ་ན། སྒྱུ་མའི་ཆོས་ཉིད་དུ་ཕུང་པོ་ལྔ་ཡོངས་སུ་ཤེས ་བ་དང་ལྡན་ལ། འཇིགས་ཚོགས་ལ་ལྟ་བའི་ཉོན་མོངས་པ་དང་བྲལ་ཏེ། སྟོང་པ་ཉིད་ལ་སྤྱོད་ཡུལ་པ་ཡང་ཡིན་པ་དང་། འདུ་བྱེད་ཐམས་ཅད་ཀྱི་སྐྱེ་བ་མེད་པ་ཡང་རབ་ཏུ་ཤེས་ལ། ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བསམ་བཞིན་དུ་སྐྱེ་བར་ཡང་བྱེད་པ་དང་། བརྩོན་འགྲུས་བརྟན་པས་བྱང་ཆུབ་ཀྱི་བསམ་པ་ཡང་ཡོངས་སུ་མི་གཏོང་ལ། ཁམས ་གསུམ་པས་ཀྱང་ཡིད་རྟག་ཏུ་སྐྲག་པ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡང་མི་ལྟུང་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཡོངས་སུ་ཚོལ་བ་དང་། སེམས་ཅན་རྣམས ་ལ་ཡང་ལྟ་ལ། བསོད་ནམས་ཀྱི་ཚོགས་ཀྱང་སྩོགས་པ་དང་། མི་རྟགས་པའི་མཚན་ཉིད་ལ་ཡང་ཡིད་ཆེས་ལ། ཡེ་ཤེས་ཀྱི་ཚོགས་ཀྱང་སྩོགས་པ་དང་། ཉན་ཐོས་དང་རང ་སངས་རྒྱས་ཀྱི་ཐེག་པ་ལ་མ་ཆགས་པ་སྟེ། ཀླུའི་བདག་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བདུད་ཕྱིར་རྒོལ་བ་བཅོམ་པ་ཡིན་ནོ།། ཀླུའི་བདག་པོ་ཆོས ་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྐྲག་པ་དང་། འཇིགས་པ་ཐམས་ཅད་དང་བྲལ་ཏེ། བྱང་ཆུབ་སེམས་དཔའི་སྤད་པ་ལ་སྤྱོད་པ་ཡིན་ཏེ། བཅུ་གང་ཞེ་ན། སྦྱིན་པས ་ཉེ་བར་བརྟན་པ་ཡིན་ཏེ། མཚན་གྱིས་ལེགས་པར་བརྒྱན་པ་དང་། ཚུལ་ཁྲིམས་ལ་གནས་པ་ཡིན་ཏེ། ངན་སོང་ཐམས་ཅད་ཡང་དག་པར་བཅད་པ་དང་། བཟོད་པའི་གོཆ ་བགོས་པ་ཡིན་ཏེ། དབང་པོ་མ་ཉམས་པ་དང་། བརྩོན་འགྲུས་བརྟན་པ་ཡིན་ཏེ། དགེ་བའི་ཚོགས་རྣམས་ཀྱིས་ཆོག་མི་ཤེས་པ་དང་། བསམ་གཏན་ལ་གནས་པ་ཡིན་ཏེ། ་ཅང་ཤེས་ཀྱི་སེམས་དང་ལྡན་པ་དང་། ཤེས་རབ་དང་ལྡན་པ་ཡིན་ཏེ། ཉོན་མོངས་པ་དང་བྲལ་བ་དང་། ཐབས་ལ་མཁས་པ་ཡིན་ཏེ། ་ཀུན་ཏུ་ཡོངས་སུ་བསྔོ་བ་ཤེས་པ་ལ་མཁས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ་ཡིན་ཏེ། དོན་དང་ཆོས་དང་ངེས་པའི་ཚིག་སྤོབས་པ་ལ་མཁས་པ་དང་། གཟུངས ་ཐོབ་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་པ་ལ་མཁས་པ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་སྟེ། ་ཀླུའི་བདག་པོ་ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྐྲག་པ་དང་། འཇིགས་པ་ཐམས་ཅད་དང་བྲལ་ཏེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཡིན་ནོ།། ་ཀླུའི་བདག་པོ་ཆོས་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ས་ལ་ཡང་དག་པར་གཞོལ་བ་ཡིན་ཏེ། བརྒྱད་གང་ཞེ་ན། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་དང་། ་བདག་གི་འཁྲུལ་པ་ལ་ཡང་སོ་སོར་རྟོག་པར་བྱེད་ཀྱིས། གཞན་གྱི་འཁྲུལ་པ་ལ་མི་རྟོག་པ་དང་། སྲོག་གི་ཕྱིར་ཡང་གཞན་དག་ལ་སྙས་པར་མི་བྱེད་པ་དང་། སྙེད་པ ་དང་བཀུར་སྟི་ཐོབ་པས་ཀྱང་། མཐོ་བར་མི་འཛིན་ལ། མ་ཐོབ་པས་ཀྱང་དམའ་བར་མི་འཛིན་པ་དང་། སེམས་ཅན་ཐམས་ཅད་ཡོན་གནས་སེམས་བསྐྱེད་དེ། སྦྱིན་པ་བྱིན ་པ་དང་། བགོ་བ་ཤའི་ངང་ཚུལ་ཅན་ཡིན་ཏེ། ཆོས་ལ་སློབ་དཔོན་དཔེ་འཁྱུད་མི་བྱེད་པ་དང་། གཞན་གྱི་བདེན་པས་དགའ་བ་ཡིན་ཏེ། ཕྲག་དོག་དང་སེང་སྣ་དང་བྲལ་བ་དང་། ་སྡུག་པ་དང་མི་སྡུག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་འགྱོད་པ་མེད་པ་སྟེ། ཀླུའི་བདག་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ཆོས་ལ ་ཡང་དག་པར་གཞོལ་བ་ཡིན་ནོ།། ཀླུའི་བདག་པོ་ཆོས་ལྔ་དང་ལྡན་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན ་ཏེ། ལྔ་གང་ཞེ་ན། ཕྱི་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ཏེ།། ཐབས་ལ་མཁས་པ་དང་། ཆོས་ཐམས་ཅད་ཇི་ལྟ་བ་ལ་མཁས་མ་ཡིན་ཏེ། ཆོས ་ཟབ་མོའི་ཚུལ་ལ་གནས་པ་དང་མངོན་པར་ཤེས་པ་མ་ཉམས་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་རིག་པའི་ཆོག་ཤེས་པ་དང་། ལེགས་པར་ཁོང་དུ་ཆུད་པ ་ཤེས་པ་དང་། ཆགས་པ་མེད་པར་སྤྱོད་པ་དང་། ཟད་མི་ཤེས་པ་མངོན་པར་སྒྲུབས་པས་ཀྱང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དཔྱོད་པ་བྱེད་ལ། ཟག་པ་ཐམས ་ཅད་ཀྱང་ཟད་པར་མི་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་ལྔ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག ་པ་ཡིན་ནོ།། ཀླུའི་བདག་པོ་ཆོས་གསུམ་དང་ལྡན་ན། བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་ཡིན་ཏེ། གསུམ་གང་ཞེ་ན་སེམས་ཅན་ཡོངས་སུ་དག་པར་བྱ་བའི ་ཕྱིར། དབེན་པ་དང་ཡེ་ཤེས་ཡོངས་སུ་དག་པར་བྱ་བའི་ཕྱིར་ཆགས་པ་མེད་པ་སྟེ། གསུམ་པོ་དེ་དག་གོ།། གཞན་ཡང་གསུམ་སྟེ། སྔོན་གྱི་མཐའ་རྣམ་པར་དོག་པར ་བྱ་བའི་ཕྱིར་མི་ཟད་པའི་ཆོས་ཉིད་དང་། ཕྱི་མའི་མཐའ་རྣམ་པར་དག་པའི་ཕྱིར། མི་སྐྱེ་བའི་ཆོས་ཉིད་དང་། ད་ལྟར་བྱུང་བའི ་ཆོས་རྣམ་པར་དག་པར་བྱུང་བའི་ཕྱིར། ལོགས་པར་གནས་པའི་ཆོས་ཉིད་དེ། གསུམ་པོ་དེ་དག་གོ།། ཀླུའི་བདག་པོ་གཞན་ཡང་ཆོས་གསུམ་དང་ལྡན་ན། ་བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་ཡིན་ཏེ། གསུམ་གང་ཞེ་ན། ལུས་ཡོངས་སུ་དག་པར་བྱ་བའི་ཕྱིར། བསོད་ནམས་ཀྱིས་ཉེ་བར་བརྟན་པ་དང་། ངག ་ཡོངས་སུ་དག་པར་བྱ་བའི་ཕྱིར། ཡེ་ཤེས་མཐའ་ཡས་པ་དང་། སེམས་ཡོངས་སུ་དག་པར་བྱ་བའི་ཕྱིར། ཏིང་ངེ་འཛིན་ལ་དམིགས་པ་སྟེ། ཀླུའི་བདག ་པེ་ཆོས་གསུམ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་ཡིན་ནོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལུང་སྟོན་པ་མཛད་དེ། བཞི་གང་ཞེ་ན། ཆོས་རྣམས་ལ་ལྷག་པའི་བསམ་པས་བསྒྲུབ་པ་དང་། དཀར་པོ་རྣམ ་པར་མཐོང་བས་སྤྱོད་པ་ཡོངས་སུ་རྫོགས་པ་དང་། སེམས་ཅན་གྱི་བསམ་པ་རྣམས་ལ་ཡེ་ཤེས་ཀྱི་སྟོབས་བསྐྱེད་པ་ཐོབ་པ་དང་། ཤིན་ཏུ་མེད་པའི་ཕྱིར་རོ།། ་རང་བཞིན་གྱི་མ་སྐྱོས་མ་བྱུང་བའི་ཆོས་རྣམས་རབ་ཏུ་ཤེས་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས ་རྣམས་ཀྱིས་ལུང་སྟོན་པར་མཛད་དོ།། བསྟན་པ་འདི་བཤད་པ་ན། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། ་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ཁྲག་ཁྲིག་བཅུ་གཉིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ།། བྱང་ཆུབ་སེམས ་དཔའ་བདུན་ཁྲི་ཉིས་སྟོང་གིས་ནི་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པོ།། དགེ་སློང་ཁྲི་བཞི་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག ་གོ། དགེ་སློང་མ་བརྒྱ་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། ལྷའི་བུ་ལྔ་སྟོང་གིས་ནི་འདོད་ཆགས་དང་བྲལ་བ་ཐོབ་པོ།། སྟོང་གསུམ ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་དེའི་ཚེ་རྣམ་པ་དྲུག་ཏུ་གཡོས་སོ།། འཇིག་རྟེན་ཡང་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ།། མེ་ཏོག་གི་ཆར་ཆེན་པོ་ཡང་ཕབ་པོ། ་ལྷའི་བུ་རྣམས་ཀྱིས་ཀྱང་ངར་སྣང་ལས་སིལ་སྙན་རྒྱ་སྟོང་དག་དཀྲོལ་ཏེ། ཆེད་དུ་བརྗོད་པ་འདི་སྐད་ཡང་ཆེད་དུ་བརྗོད་དེ། ཨ་ལ་ལ་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་འཁོར་ལོ ་གཉིས་པ་བསྐོར་བ་འདི་ཆོས་ཀྱི་རྣམ་གྲངས་འདི་ལས་བསྐོར་ཏོ།། ཡུལ་བར་ན་སེར་དྲང་སྲོང་སླ་བ་རི་དགས་ཀྱི་ནགས་སུ། ཆོས་ཀྱི་འཁོར་ལོ་བསྐོར་བ་གང་ཡིན་པ་དང་། རྣམ ་གྲངས་འདི་ལས་བསྐོར་བ་གང་ཡིན་པ་འདི་ནི་མཚུངས་པའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཀྱིས་རྣམ་གྲངས་ལས་སེམས་ཅན་དཔག་ཏུ་མེང་གྲངས་མེད་པའི་དོན་མཛད ་པའི་ཕྱིར། གཞན་ཡང་སེམས་ཅན་གང་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་དག་ནི་དགེ་བའི་རྩ་བ་ངན་ངོན་མ་ཡིན་པ་དང་། ལྡན་པ་སྟེ། ་སེམས་ཅན་གང་དག་ཐོས་ནས་ཀྱང་འཆང་བར་བྱེད་པ་ལྟ་ཅི་སྨོས་ཏེ། དེ་དག་གིས་ནི་མིར་སྐྱེས་པ་རྙེད་པ་ལེགས་པར་རྙེད་དོ།། དེ་དག་གིས་ནི་དེ་བཞིན་གཤེགས་པ་ལེགས ་པར་མཐོང་ངོ་།། དེ་དག་གིས་ནི་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་ཐོས་སོ།། ཆོས་ཀྱི་ཚུལ་གྱི་རྣམ་པ་འདི་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ ་སེམས་བསྐྱེད་པ་དེ་དག་གི་ངན་སོང་ཐམས་ཅད་ནི་བཀག་པར་གྱུར་ཏོ།། དེ་དག་གི་ལྷ་དང་མིར་སྐྱེ་བའི་སྒོ་རྣམས་ནི་ཕྱེ་བར་གྱུར་ཏོ།། དེ་དག་ནི་ཡོངས་སུ་མྱ་ངན་ལས་འདས ་ཟིན་པར་རིག་པར་བྱའོ་ཞེས་བརྗོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། གྲོགས་པོ་དག་ལེགས་སོ་ལེགས་སོ།། ཁྱེད་ཀྱིས ་ཚིག་འདི་ལེགས་པར་སྨྲས་སོ།། མདོ་སྡེའི་ཚིག་བསྟན་པ་འདི་ལྟ་བུ་དག་ལ་དགའ་བ་ཐོབ་པའི་སེམས་ཅན་གང་ཡིན་པ་དེ་དག་ནི། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་དང་། ་ཐེག་པ་ཆེན་པོས་འདུལ་བ་ཡིན་ནོ།། སེམས་ཅན་དེ་དག་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཐུགས་སུ་ཆུད་པ་དང་། ཕྱིར་མི་ལྡོག་པའི་ཕྱག་རྒྱས་བཏབ་པ་ཡིན་ནོ།། ཆོས་ཀྱི་རྣམ་གྲངས ་འདི་ལ་དགའ་བ་གང་ཡིན་པའི་སེམས་ཅན་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་འབའ་ཞིག་ལ་ཡང་དག་པར་གཞོལ་བ་མ་གཏོགས་པར། དེ་དག་འགྲོ་བ་གཞན་དུ་འགྲོ་བར ་མི་འགྱུར། གང་དག་སྔགས་པ་ཐོས་ནས་ལྡན་པར་བྱེད་པ་དང་། དེ་བཞིན་ཉིད་དུ་བསྒྲུབ་པ་རྣམས་ལྷ་ཅི་སྨོས།། ཀླུའི་རྒྱལ་པོ ་རྒྱ་མཚོའི་ཞུས་པ་ལས།། གླེང་བཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་བཤད་པ་འདི་ཐོས་ནས། ཚིམ་ཞིང་མགུ་ལ་ཡི ་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། རྒྱ་མཚོས་གནས་རྣམ་པར་དག་པར་བྱེད་པའི་རིན་པོ་ཆེ་བཀོད་པ་ཀུན་དུ་འོད་ཟེར་འབྱུང་བའི་འོད་ཅན་ཞེས་བྱ་བའི ་ནོར་བུ་རིན་པོ་ཆེ་ཆེན་པོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རི་རབ་གང་ཡིན་པ་དེ། བཅོམ་ལྡན་འདས་ལ་ཆོས་ཀྱི་དགའ་བར་ཕུལ་ལོ།། ནོར་བུ་རིན་པོ ་ཆེ་དེའི་འོད་ཀྱིས་ཀྱང་ཉི་མ་དང་ཟླ་བ་གཉིས་ཀྱི་འོད་མོག་མོག་པོར་བྱས་སོ།། འཁོར་ཐམས་ཅད་ཀྱང་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་ཚིག་འདི ་སྐད་དུ། ཨ་ལ་ལ་སངས་རྒྱས་འབྱུང་བ་ནི་ངོ་མཚར་ཆེ་སྟེ། དེ་བྱུང་བས་འདི་ལྟར་ཡ་མཚན་དུ་རུང་ཞིང་རྨད་དུ་བྱུང་བའི་ཆོས་དག་ཀྱང་སྣང་ངོ་ཞེས་སྨོས་སོ།། དེ་ནས་ཀླུན ་རྒྱལ་པོ་རྒྱ་མཚོས་བཅོམ་ལྡན་འདས་ལ་མངོན་པར་དགའ་བ་བྱས་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དགེ་བའི་རྩ་བ་འདིས་ནི་བདག། སངས་རྒྱས་ཀྱི་སྐུའི་རིན ་དྲི་མ་མ་མཆིས་པ་ཐོབ་པར་གྱུར་ཅིག། འོད་དེས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་གྱུར་ཅིག། སེམས་ཅན་གང་འོད་དེས་ཕོག་པ་དེ་དག་ཀྱང་། ཉོན ་། མོངས་པ་ཐམས་ཅད་ཀྱིས་གནོད་པར་མ་གྱུར་ཅིག། དེ་བཞིན་གཤེགས་པའི་སྨིན་མཚམས་ཀྱི་མཛོད་སྤུ་ཅི་འདྲ་བ་དེ་ལྟ་བུ་ཡང་བདག་གིས་ཐོབ ་པར་གྱུར་ཅིག། བྱང་ཆུབ་ཀྱི་ལམ་ཤེས་པ་སྒྲིབ་པ་མ་མཆིས་པ་ཡང་ཐོབ་པར་གྱུར་ཅིག། ལམ་ཤེས་པ་དེས་ཀྱང་སེམས་ཅན་ལམ་ལོག་པ་ལ་ཞུགས་པ་རྣམས་ཡང་དག་པའི ་ལམ་ལ་འགོད་པར་གྱུར་ཅིག། བཅོམ་ལྡན་འདས་གཞན་ཡང་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མུན་པ་མུག་ནག་དང་བྲལ་ཏེ། ལམ་གྱི་ཡེ་ཤེས་ཐོབ་པར་གྱུར་ལགས། དེ་སྐད ་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀླུའི་བདག་པོ་འདི་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་དབང་གིས་བྱུང ་བ། ཤེས་རབ་ཀྱི་སྒྲོན་མ་ལག་ན་ཐོགས་པ། ཤེས་རབ་ཀྱི་ཤེས་པ་ཅན། ཤེས་རབ་ཀྱི་མཚོན་ཆ་ཅན། ཤེས་རབ་ཀྱི་འབྱེད་པ་དེ་ནི་ཤེས་རབ་ཀྱི་གནས་ལ་གནས་ནས ་སྦྱིན་པ་བྱིན་པར་བྱེད། ཚུལ་ཁྲིམས་བསྲུང་བར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། བསམ་གཏན་ལ་སྙོམས་པར་འཇུག་པར་བྱེད། ཆོས་རྣམས་ལྷག་པར་མཐོང་བར་བྱེད། ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ།། ཀླུའི་བདག་པོ་དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པས། སྦྱིན་པ་བྱིན་པར་བྱེད་ཅེ་ན། ་ཀླུའི་བདག་པོ་འདི་ལ་སྦྱིན་པ་མཉམ་པ་ཉིད་ཀྱིས་བདག་མཉམ་པ་ཉིད་དོ།། བདག་མཉམ་པ་ཉིད་ཀྱིས་སེམས་ཅན་མཉམ་པ་ཉིད་དོ།། སེམས་ཅན་མཉམ་པ་ཉིད་ཀྱིས་ཆོས་མཉམ ་པ་ཉིད་དོ།། ཆོས་མཉམ་པ་ཉིད་ཀྱིས་བྱང་ཆུབ་མཉམ་པ་ཉིད་དེ། མཉམ་པ་ཉིད་འདི་དག་ཀྱང་མི་སྤོང་ལ་སྦྱིན་པ་བྱིན་པར་བྱེད་དེ།། སྦྱིན་པ་དེ་ཡང་ཉོན་མོངས་པའི་དབང ་གིས་སྦྱིན་པར་མི་བྱེད་དོ།། དེས་དེ་ཇི་ལྟ་ཇི་ལྟར་ཡོངས་སུ་འཇལ་བ་དེ་ཁོ་ན་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཏོང་བར་བྱེད་དེ། ཉོན་མོངས་པ་ཐམས་ཅད་ཡོངསུ ་གཏོང་བ་དང་། ལྟ་བའི་རྣམ་པ་ཐམས་ཅད་ཉེ་བར་ཞི་བ་དང་། རྩོད་པ་ཐམས་ཅད་འདོར་བ་གང་ཡིན་པ་དེ་ནི་གཏོང་བའི་མཆོག་ཡིན་ཏེ། ཀླུའི་བདག་པོ་འདི་ནི་བྱང་ཆུབ་སེམས ་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་སྦྱིན་པ་ཡོངས་སུ་གཏོང་བའོ།། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་ཚུལ་ཁྲིམས་གང་ཞེ་ན། ལུས ་དང་ངག་དང་། སེམས་དབེན་པར་མཐོང་བ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་ཡོངས་སུ་བསྲུང་བ་སྟེ། ལུས་དང་ངག་དང་སེམས་ལ་ཡང་མི་རྟེན། འཇིག་རྟེན་འདི་ལ་ཡ ་མི་རྟེན། འཇིག་རྟེན་ཕ་རོལ་ལ་ཡང་མི་རྟེན། ནང་ལ་ཡང་མི་རྟེན། ཕྱི་རོལ་ལ་ཡང་མི་རྟེན། ཕུང་པོ་ལ་ཡང་མི་རྟེན། ཁམས་ལ་ཡང་མི་རྟེན། སྐྱེ་མཆེད་ལ་ཡང ་མི་རྟེན། བྱང་ཆུབ་ལ་ཡང་མི་རྟེན། མྱ་ངན་ལས་འདས་པ་ལ་ཡང་མི་རྟེན། ཆོས་ཐམས་ཅད་ལ་ཡང་མི་རྟེན་པར་ཚུལ་ཁྲིམས་བསྲུང་བར་བྱེད་ལ། ཚུལ་ཁྲིམས་དེས ་ཀྱང་རློམས་སེམས་སུ་མི་བྱེད་ཅིང་། ཤིན་ཏུ་རློམས་སེམས་སུ་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་ཚུལ་ཁྲིམས་ཤེས་བྱའོ།། ་དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བཟོད་པ་གང་ཞེ་ན། བཟོད་པ་གང་བསྒོམས་པ། བདག ་དང་། སེམས་ཅན་དང་། སྲོག་དང་། གང་ཟག་ཏུ་མི་དམིགས་ཤིང་། ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་ཡང་མི་གནས་པ་དེ་ནི་ནང་དག་པ ་དང་། སེམས་ཅན་དག་པ་དང་། ཆོས་ཐམས་ཅད་དག་པས་བཟོད་པ་བསྒོམ་པ་ཡིན་ཏེ། དེ་ནི་བཟོད་པ་ཡང་བསྒོམ་ལ། ཆོས་གང་ཡང་སྒོམ་པར་མི་བྱེད། ་མི་བསྒོམ་པར་ཡང་མི་བྱེད། ཆོས་གང་ཡང་བསྐྱེད་པའི་ཕྱིར་རམ། འགག་པའི་ཕྱིར་ཡང་བསྒོམ་པར་མི་བྱེད། ཆོས་གང་ཡང་ཟད་པར་བྱ་བའི་ཕྱིར་རམ། ཉེ་བར་ཞི ་བར་བྱ་བའི་ཕྱིར་ཡང་སྒོམ་པར་མི་བྱེད། སེམས་ཅན་བདག་མེད་པ་དང་། སེམས་ཅན་དབེན་པས་ཀྱང་མི་སྐྲག་མི་དངང་། དངང་བར་མི་འགྱུར་ལ། བཟོད་པ་དེ་ཡང་ལུས ་ལ་དམིགས་པ་དང་། ངག་ལ་དམིགས་པ་དང་། སེམས་ཅན་ལ་དམིགས་པས་བཟོད་པ་མི་བྱེད་པ་དང་། དེའི་ལུས་བཤིག་པ་འམ། ཡན་ལག་དང་ཉིང་ལག་རྣམས ་གཅོད་པ་དང་། རྩཝ་དང་ཤིང་དང་། རྩིག་པ་དང་འདྲ་བར་སོ་སོར་རྟོག་ཅིང་བཟོད་པ་དང་དེ་དག་གིས་ངན་དུ་སྨྲས་པ་ཐོས་ནས། ངག་ཡ་མ་བརླ་དང་། ངག་གསོབ་དང་། ངག་སོག ་དང་། ངག་བཟུང་དུ་མེད་པ་དང་། ངག་ཞི་བ་དང་། མི་གནས་པར་ཤེས་ནས། བཟོད་པ་དང་། དེ་སེམས་རྙོག་པ་མེད་པ་དང་། སེམས་གསར་བ་མ་ཡིན་པ་དང་། སེམས་རང ་པ་མ་ཡིན་པ་དང་། ཅིག་ལ་གཅིག་མཚམས་སྦྱོར་བ་མེད་པ་དང་། སྐད་ཅིག་གིས་འཇིག་པ་མེད་པར་འགྱུར་བར་སོ་སོར་རྟོག་ཅིང་བཟོད་ལ། མཚམས་སྦྱོར་བ་མེད་པར་མཐོང ་བ་འདི་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བཟོད་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལོ་གནས་པའི་བརྩོན ་འགྲུས་གང་ཞེ་ན། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཐམས་ཅད་རྣམ་པར་འཕེལ་བར་བྱ་བའི་ཕྱིར། བརྩོན་འགྲུས་ཀྱང་རྩོམ་ལ། བརྩོན་འགྲུས་རྣམ་པར་འཕེལ ་བ་དེས་ཀྱང་། ཆོས་ཀྱི་དབྱིངས་རྣམ་པར་འཕེལ་བ་དང་། ཡོངས་སུ་འགྲིབ་པ་ཡང་དག་པར་རྗེས་སུ་མི་མཐོང་བ་གང་ཡིན་པ་དང་། དེས་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས ་སུ་ཡང་དག་པར་འདུ་བར་རིག་ནས། ཆོས་གང་ཡང་བདེན་པར་ཡོངས་སུ་གྲུབ་པར་ཡང་དག་པར་རྗེས་སུ་མི་མཐོང་ལ། མི་བདེན་པ་ཕྱིན་ཅི་ལོག་ལ་འཇིག་རྟེན་གནས་པ་ཡང ་མཐོང་བ་དང་། དེས་དེ་ལྟར་ཤེས་རབ་རྣམ་པར་དག་པའི་སྒོ་ནས་ཆོས་ཐམས་ཅད་ལ་རྣམ་པར་ལྟ་བ་ན། ཆོས་རྣམས་འཕེལ་བར་ཡང་མི་བྱེད། འབྲི་བར་ཡང་མི་བྱེད་པ་དང་། ་ཐམས་ཅད་སྤུངས་པའི་རང་བཞིན་མ་ཡིན་པ་དང་། ཡུལ་ན་མི་གནས་པ་དང་། ཕྱོགས་ན་མི་གནས་པ་དང་། གང་ནས་ཀྱང་མི་འོང་བ་དང་། གང་དུ་ཡང་མི་འགྲོ་བར་རབ་ཏུ ་ཤེས་ཏེ། དེ་དེ་ལྟ་བུའི་ཆོས་དང་ལྡན་པས་ཕྱིན་ཅི་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། སེམས་ཅན་རྣམས་ལ་ཆོས་སྟོན་པའི་བརྩོན་འགྲུས་རྩོམ ་ལ། སེམས་ཅན་དེ་དག་ཀྱང་ཡང་དག་པར་མི་དམིགས་ཏེ། སེམས་ཅན་མི་དམིགས་པ་གང་ཡིན་པ་དེ་ཉིད། དེའི་ཆོས་ཐམས ་ཅད་མི་དམིགས་པའོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ལ་མ་གཏོགས་པའི་ཆོས་གང་ཡང་མེད་ལ། ཆོས་ལ་མ་གཏོགས་པའི་སེམས་ཅན་རྣམས་ཀྱང་མེད་མོད་ཀྱི། ་འོན་ཀྱང་ཆོས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི། བདག་གི་ངོ་བོ་ཉིད་དོ།། བདག་གི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད ་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ།། ངོ་བོ་ཉིད་མཉམ་པ་ཉིད་འདིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཚོལ་བ་གང་ཡིན་པ་དང་། བཙལ་ནས ་ཀྱང་ཆོས་ཀྱང་མི་དམིགས། ཆོས་མ་ཡིན་པ་ཡང་མི་དམིགས་པ་དང་། ཚོལ་ན་ཡང་གང་གིས་བཙལ་བ་དང་། གང་བཙལ་བ་དང་། སུ་ས་བཙལ་བ་དེ་དག་ཐམས ་ཅད་མི་དམིགས་པ་འདི་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བརྩོན་འགྲུས་ཤེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས ་པའི་བསམ་གཏན་གང་ཞེ་ན། བསམ་གཏན་ལ་ཡང་སྙོམས་པར་འཇུག་ལ། མཉམ་པ་ཉིད་ལས་ཀྱང་ཉམས་པར་ཡང་མི་འགྱུར། ཕུན་སུམ་ཚོགས་པར་ཡང་མི་འགྱུར་བ་གང ་ཡིན་པ་དང་། དེ་བསམ་གཏན་རྣམས་ཀྱང་བསམ་གཏན་དུ་བྱེད་ལ། ཆོས་གང་ཡང་བསྐྱེད་པར་ཡང་མི་བྱེད། འབྲི་བར་ཡང་མི་བྱེད་པ་དང་། ཡུལ་ཐམས་ཅད་ལ་ཡང་མི་རྟེན་པར ་བསམ་གཏན་བྱེད་ལ། ཐམས་ཅད་དང་མཐུན་པ་དང་མི་མཐུན་པ་མེད་པར་བསམ་གཏན་བྱེད་པ་དང་། ལུས་དང་སེམས་ཀྱིས་ཀྱང་བསམ་གཏན་གྱི་ཡན་ལག་དང་། བསམ་གཏན ་གྱིས་བསམ་པ་དང་། བསམ་གཏན་གྱི་སྦྱོར་བ་དེ་དག་མངོན་པར་སྒྲུབ་པར་མི་བྱེད་པ་དང་། དེ་སྙོམས་པར་འཇུག་པ་ཅི་ནས་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་ཆོས་ཀྱི ་དབྱིངས་ཀྱིས་སྙོམས་པར་འཇུག་པ་དེ་ལྟ་བུས་སྙོམས་པར་འཇུག་པ་དང་། དེ་སེམས་ཅན་ཐམས་ཅད་མི་ཉམས་པ་ཉིད་དང་། ཆོས་ཐམས་ཅད་ལ་སྒྲོ་མི་འདོགས་པས་སྙོམས་པར་འཇུག ་སྟེ། དེ་དེ་ལྟར་ཏིང་ངེ་འཛིན་སྒོམས་པའི་སྦྱོར་བ་ལ་བརྩོན་པ་ན། ནང་དང་ཕྱི་རོལ་གྱི་ལུས་དང་། སེམས་ལ་ཡང་མི་གནས་ལ། ཕྱི་རོལ་གྱི་ཡུལ་ལ་ཡང་སེམས་མི་གནས་པ་འདི་ནི། ་མི་གནས་པའི་རྣམ་པར་ཤེས་པ་སྟེ། དམིགས་པ་ཅན་གྱི་རང་བཞིན་གྱིས་སྙོམས་པར་འཇུག་པ་ཐམས་ཅད་ཟིལ་གྱིས་གནོན་ལ། ཕྱི་རོལ་གྱི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། བསམ་གཏན་དང་། བསམ་གཏན་ལ་སྙོམས་པར་འཇུག་པ་ཐམས་ཅད་ཀྱང་ཟིལ་གྱིས་གནོན་ཏོ།། དེའི་དགེ་བའི་རྩ་བ ་རྣམས་དང་། བསམ་གཏན་དེ་དག་ཀྱང་ཤེས་རབ་ཀྱི་ཤས་ཆེ་བ་དང་། ལྟ་བའི་ཉོན་མོངས་པ་དང་བྲལ་བ་ཡིན་ལ། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡང་ཡིན་པ་དང་། སེམས་ཅན ་ཡོངས་སུ་སྨིན་པར་བྱེད་པ་ཡང་སྒྲུབ་པ་ཡིན་ཏེ། དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི་སྙོམས་པར་འཇུག་པ་གཅིག་གིས་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་ཐུག་པར་མཛད་དེ། འདི་ནི། ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བསམ་གཏན་ཡིན་ནོ།། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས ་པའི་ཆོས་ལྷག་པར་མཐོང་བ་གང་ཞེ་ན། དེས་ཆོས་གང་ལྷག་པར་མཐོང་བ་དེ་དག་ཤེས་རབ་ཀྱི་མིག་ཁོ་ནས་ལྷག་པར་མཐོང་གི། ཤའི་མིག་དང་། ལྷའི་མིག་གིས་ཆོས་དེ་དག ་ལྷག་པར་མཐོང་བ་མ་ཡིན་ནོ།། དེ་དག་ཞི་བ་ཁོ་ནར་ལྷག་པར་མཐོང་གི། མ་ཞི་བར་ལྷག་པར་མཐོང་བ་ལ་ཡིན་ནོ།། དེ་བཞིན་དུ་ཆོས་རྣམས་རྒྱུ་བ་མེད་པ་དང་། གནས་པ་མེད ་པ་དང་། དབེན་པ་དང་ཡོངས་སུ་གྲུབ་མེད་པར་ལྷག་པར་མཐོང་ངོ་།། དེ་ལྟར་མཐོང་བ་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་ལྷག་པར་མཐོང་བའོ།། དེས་ཆོས་ཐམས་ཅད ་ལྷག་པར་མཐོང་བ་ན། གལ་ཏེ་ཆོས་འགའ་ཞིག་མཐོང་ན་ནི། ལྷག་མཐོང་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་མཐོང་བས་ནི་ལྷག་མཐོང་སྐྱེས་པ་མ་ཡིན་ལ། ཤེས ་པ་ལ་ནི་མི་ཤེས་པ་ཡིན་པའི་ཕྱིར་རོ།། མ་མཐོང་བ་ནི་ཆོས་ལྷག་པར་མཐོང་བ་ཡིན་ལ། བདག་མི་མཐོང་བ་དང་། སེམས་ཅན་མ་མཐོང་བ་དང་། སྲོག་དང་། གསོ་བ ་དང་། སྐྱེས་བུ་དང་། གང་ཟག་མ་མཐོང་བ་ནི། ཆོས་ལྷག་པར་མཐོང་བ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔས་ནི་ཆོས་དེ་དག་ཀྱང་ཇི་ལྟ་བ་བཞིན་དུ་མཐོང་ལ། ་སེམས་ཅན་རྣམས་ཀྱང་ཕྱིན་ཅི་ལོག་ཏུ་གྱུར་པ་མཐོང་ནས། དེའི་ཚེ་བྱང་ཆུབ་སེམས་དཔའ་དེ། ཀྱེ་མ་ཆོས་འདི་དག་ནི་འདི་ལྟར་དག་ན། སེམས་ཅན་འདི་དག་ནི་ཀུན་ནས་ཉོན ་མོངས་སོ་སྙམས་ནས། སེམས་ཅན་རྣམས་ཆེས་བརྟན་པར་སྙིང་རྗེ་ཆེན་པོ་སྐྱེའོ།། དེ་བས་ན་དེ་སེམས་ཅན་རྣམས་རབ་ཏུ་གྲོལ་བར་བྱ་བའི་ཕྱིར། སྙིང་བརྩེ་བ་ཆེན་པོ་བསྐྱེད ་དོ།། སེམས་ཅན་དེ་དག་ཀྱང་རྟག་ཏུ་སེམས་ཅན་མེད་པ་ཁོ་ན་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ཀྱི་གནས་པའི་ཆོས་ལྷག་པར་མཐོང་བའོ།། ་དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་གང་ཞེ་ན། ཀླུའི་བདག་པོ་འདི་ལ་བྱང་ཆུབ་སེམས་དཔའ ་ནི་སེམས་ཅན་མེད་པའི་ཕྱིར། སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ།། སེམས་ཅན་ལ་སེམས་ཅན་མེད་པ་དང་། སེམས་ཅན་དབེན་པ་དང་། སེམས་ཅན་རང་བཞིན ་གྱིས་སེམས་ཅན་བརྗོད་པ་ཙམ་དུ་ཟད་པ་དང་། སེམས་ཅན་དུ་གདགས་པ་ཙམ་དུ་ཟད་པ་དང་། སེམས་ཅན་སྟོང་པ་དང་། སེམས་ཅན་མཚན་མ་མེད་པ་དང་།། ་སེམས་ཅན་སྨོན་པ་མེད་པ་དང་། སེམས་ཅན་མངོན་པར་འདུ་བྱེད་པ་མེད་པ་དང་། སེམས་ཅན་ཇི་ལྟ་བ་བཞིན་མ་ཡིན་པ་དང་། སེམས་ཅན་མ་སྐྱེས་པ་དང་། ་སེམས་ཅན་མ་བྱུང་བ་དང་། སེམས་ཅན་རྣམ་པར་དག་པའི་ཕྱིར། སེམས་ཅན་ཡོངས་སུ་སྨིན་པར་བྱེད་དེ། དེ་ཡང་བདག་གཞིག་པའི་ཕྱིར་མ་ཡིན་གྱི། སེམས་ཅན ་གཞིག་པའི་ཕྱིར་མ་ཡིན། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་གཞིག་པའི་ཕྱིར་མ་ཡིན། དངོས་པོ་གཞིག་པའི་ཕྱིར་མ་ཡིན། རྫས་གཞིག་པའི། ་ཕྱིར་མ་ཡིན་གྱི། ཀླུའི་བདག་པོ་སེམས་ཅན་དེ་དག་གི་ངོ་བོ་ཉིད་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་ཡོངས་སུ་སྨིན་པར་བྱེད་དོ།། སེམས ་ཅན་རྣམས་ཀྱི་ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། རང་བཞིན་གྱི་བདག་མེད་པའི་ངོ་བོ་ཉིད། ངོ་བོ་ཉིད་མེད་པ་ནི། སེམས་ཅན་རྣམས་ཀྱི་ངོ་བོ་ཉིད་གང་ཡིན་པའི ་ངོ་བོ་ཉིད་དེ་ཉིད་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ།། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ཉིད་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དེ། དེ་བས་ན་ཐམས ་ཅད་ནི་སངས་རྒྱས་ཀྱི་ཆོས་ཞེས་བྱའོ།། ཀླུའི་བདག་པོ་ཆོས་ཐམས་ཅད་ཅེས་བྱ་བ་ནི་མིང་ཙམ་དུ་ཟད་དེ། མིང་དེ་ཡང་མིང་དུ་མི་དམིགས་སོ།། ཀླུའི་བདག་པོ ་ཆོས་ཐམས་ཅད་ཅེས་བྱ་བ་བསྟན་པ་ནི། ཆོས་མ་ཡིན་པ་བསྟན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་ཆོས་ཐ་སྙད་དུ་བྱེད་པ་དེ་ཙམ་དུ་ཆོས་མ་ཡིན་པའི་ཕྱིར་རོ།། ་དེ་ལ་ཆོས་གང་བརྗོད་པ་དེ་དག་ཐམས་ཅད་ནི་ཆོས་མ་ཡིན་པ་ཁོ་ནའོ།། ཀླུའི་བདག་པོ་ཆོས་ཉིད་དང་། ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས་བརྗོད་པ་འམ། སྨྲ་བར་ནུས་ཏེ། ་འདི་ལྟར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བརྗོད་དུ་མེད་པ་དང་། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ཡིན་ནོ།། དེ་ལྟ་བས་ན་ཆོས་ཐམས་ཅད་བརྗོད་པར་མི་ནུས།། ་ཀླུའི་བདག་པོ་སངས་རྒྱས་ཀྱི་ཆོས་འདི་དག་ནི། རྣམ་གྲངས་འདི་དང་། ཚུལ་འདི་བསྟན་མོད་ཀྱི་འོན་ཀྱང་སངས་རྒྱས་ཀྱི་ཆོས་དེ་དག་ནི་སྒྲའི་རྣམ་པར་རིག་པར་བྱ་བ་མ་ཡིན་ནོ།། ་ཀླུའི་བདག་པོ་སངས་རྒྱས་ཀྱི་ཆོས་རྣམས་ནི། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱིས། རྣམ་པར་རིག་པར་བྱ་བ་མ་ཡིན། གདགས་པར་བྱ་བ་མ་ཡིན་ནོ།། ་དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་འདུས་བྱས་དང་འདུས་མ་བྱས་ལ་མ་གཏོགས་པར། གང་གཱཞན་དུ་བགྲང་དུ་རུང་བའི་ཆོས་ཅི་ཡང་མེད་དོ།། གསོལ་པ། བཅོམ ་ལྡན་འདས་འོ་ན་སངས་རྒྱས་ཀྱི་ཆོས་རྣམས་འདུས་མ་བགྱིས་པོ་ལགས་སམ། དེ་བཞིན་གཤེགས་པ་ཡང་དེ་ལྟ་བུ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། ཀླུའི་བདག་པོ་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་འདུས་མ་བྱས་པའོ།། དེ་བཞིན་གཤེགས་པ་ཡང་འདུས་མ་བྱས་ཤེ ་བྱའོ།། ཀླུའི་བདག་པོ་དེ་ལ་ཇི་སྙམ་དུ་སེམས་འདུས་མ་བྱས་ལ་གདགས་པ་ཅི་ཡང་ཡོད་དམ།། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་ཇི་ལྟར་སངས་རྒྱས་ཀྱི་ཆོས་རྣམས། རྣམ་པར་རིག་པར་བྱ་བ་མ་ཡིན་པ་དང་། གདགས ་པར་བྱ་བ་མ་ཡིན་པ་དེ་ལྟར་རིག་པར་བྱའོ།། སངས་རྒྱས་ཀྱི་ཆོས་རྣམས་ཇི་ལྟ་བཞིན་དུ། ཆོས་ཐམས་ཅད་ཀྱང་དེ་དང་འདྲའོ།། ཀླུའི་བདག་པོ་སེམས་ཅན་རྣམས་ལ་དེ ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་ཇི་ཙམ་དུ་བསྟན་པ་ལ་ལྟོས། འདི་ལྟར་རྣམ་པར་རིག་པར་བྱ་བ་མ་ཡིན་པ་དང་། གདགས་པར་བྱ་བ་མ་ཡིན་པའི་ཆོས་རྣམས་མིང་དང ་བརྡས་འདོགས་པར་མཛད་དེ། ཆོས་འདི་དག་ནི་ཟག་པ་དང་བཅས་པའོ།། ཆོས་འདི་དག་ནི་ཟག་པ་མེད་པའོ།། དེ་བཞིན་དུ ་འཇིག་རྟེན་པ་རྣམས་དང་། འཇིག་རྟེན་ལས་འདས་པ་རྣམས་དང་། ཁ་ན་མ་ཐོ་བ་དང་བཅས་པ་རྣམས་དང་། ཁ་ན་མ་ཐོ་བ་མེད་པ་རྣམས་དང་། འདུས་བྱས ་རྣམས་དང་། འདུས་མ་བྱས་རྣམས་དང་། ཀུན་ནས་ཉོན་མོངས་པའི་ཕྱོགས་དང་མཐུན་པ་རྣམས་དང་། རྣམ་པར་བྱང་བའི་ཕྱོགས་དང་མཐུན་པ་རྣམས་དང་། བསྟེན ་པར་བྱ་བ་རྣམས་དང་། ཡོངས་སུ་སྤང་བར་བྱ་བ་རྣམས་དང་། གདགས་པར་བྱ་བ་རྣམས་དང་། གཞིག་པར་བྱ་བ་རྣམས་དང་། སོ་སོ་སྐྱེ་བོའི་ཆོས་རྣམས་དང་། ་སློབ་པའི་ཆོས་རྣམས་དང་། མི་སློབ་པའི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས ་རྣམས་འདོགས་པར་མཛད་དེ། ཀླུའི་བདག་པོ་དེ་ལྟར་ན་དེ་བཞིན་གཤེགས་པ་ནི་དེ་ལྟར་ཆོས་རྣམ་པར་གཞིག་པ་བསྟན་པ་ཡང་སྟོན་པར་མཛད་ལ། ཆོས་གང་ལ་ཡང ་མཚན་མར་ཡང་དག་པར་རྗེས་སུ་མི་གཟིགས་སོ།། ཀླུའི་བདག་པོ་དཔེར་ན་མི་ལ་ལ་ཞིག་སྐྱེས་ལ་དེས་ནམ་མཁའི་ཁམས་གཟུགས་མེད་ཅིང་བསྟན་དུ་མེད་པ་འདི་ལ་ཚོན་རྩི་ཐམས ་ཅད་ཀྱིས་རི་མོར་བྲིས་ཏེ། ལྷའི་གཟུགས་རྣམས་ཀྱང་དེར་བསྟན། མིའི་གཟུགས་རྣམས་དང་། རྟ་དང་གླང་པོ་ཆེ་དང་ཤིང་རྟ་དང་། དཔུང་བུ་ཆུང་དང་། གཞོག་པ་རྣམས་ཀྱང་དེར ་བསྟན་ན། ཀླུའི་བདག་པོ་འདི་ཇི་སྙམ་དུ་སེམས། ཅི་མི་དེ་དཀའ་བ་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དཀའ་བ་བགྱིད་པ་ལགས་སོ།། བདེ་བར ་གཤེགས་པ་དཀའ་བ་བགྱིད་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་དེ་བས་ན་གང་གཟུགས་མེད་ཅིང་བསྟན་དུ་མེད་པ། གཟུང་དུ་མེད་པ ་ཡི་གེ་མེད་པ། བརྗོད་དུ་མེད་པའི་ཆོས་འདི་སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་རྣམས་ལ་བརྡའ་སྤྲད་ཅིང་། ཡི་གེ་རྣམས་ཀྱིས་མཚོན་ཏེ། ཐབས་སྣ་ཚོགས ་ཀྱིས་གོ་བར་བྱས་པ་སྟེ། དེ་བཞིན་གཤེགས་པས་ཆེས་དཀའ་བ་མཛད་པ་ཡིན་ནོ།། ཀླུའི་བདག་པོ་དེ་བས་ཀྱང་། གང་དག་འདི་ལྟར་བསྟན་པའི་ཆོས་འདི་དག་ལ་མོས་པར ་འགྱུར་བའམ། འཇུག་པར་འགྱུར་བ་དེ་དག་ནི་ཆེས་ངོ་མཚར་ཆེ་བ་བྱེད་པ་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང་ཟབ་མོའི་ཚུལ་འདི་ལ་འཇུག་པའི་སེམས་ཅན་གང་ཡིན་པ་དེ་དག་ནི།། ་སྔོན་གྱི་དེ་བཞིན་གཤེགས་པ་ལ་ཡོངས་སུ་སྦྱང་བ་བྱས་པ་ཡིན་ཏེ། དེ་དག་ལ་ནི་བདུད་སྡིག་ཅན་གྱིས་ཀྱང་གླགས་མི་རྙེད་དོ།། ཀླུའི་བདག་པོ་ངས་མངོན་པར་ཤེས་པ་འདས ་པའི་དུས་ན་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་ངས་མཉེས་པར་བྱས་ཏེ། མཆོད་པ་ཡང་བྱས། དེ་དག་གི་བསྟན་པ་ལ་ཡང་རབ་ཏུ་བྱུང་སྟེ། ཚངས་པར་སྤྱོད་པ་ཡང་སྤྱད། ་འོན་ཀྱང་དེ་བཞིན་གཤེགས་པ་དེ་དག་གིས་ང་ལ་འདི་ལྟར་ཟབ་ཅིང་འདི་ལྟར་རྒྱུ་བ་ཆད་པའི་ཆོས་མ་བསྟན་ཏེ། གཞན་དུ་སྦྱོར་བའི་གཏམ་ཉི་ཚེ་དང་། སྦྱིན་པ་དང་། དུལ་བ་དང་། ལེག ་། པར་སྡོམ་པ་དང་། ངེས་པའི་གཏམ་ཉི་ཚེ་དང་། ཚུལ་ཁྲིམས་དང་ཐོས་པ་དང་། གཏོང་བ་དང་། བཟོད་པ་དང་། བརྩོན་འགྲུས་དང་། ་བག་ཡོད་པའི་གཏམ་ཉི་ཚེ་དང་། ཚངས་པར་སྤྱད་པ་དང་སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པའི་གཏམ་ཉི་ཚེ་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཡོད ་སུ་སྦྱང་བ་མ་བྱས་པའི་ཕྱིར་རོ།། ཀླུའི་བདག་པོ་གང་ཚང་ཡོངས་སུ་སྦྱོང་བར་བྱས་པར་གྱུར་པ་དེའི་ཚེ་ནི། ངས་དེ་བཞིན་གཤེགས་པ་མེར་མེ་མཛད་ཆེན་པོ་ལས་ཟབ་མོའི ་ཆོས་ཀྱི་ཚུལ་འདི་ཐོས་སོ།། ཐོས་ནས་ཀྱང་ང་མཐུན་པའི་ཆོས་རྣམས་ལ་བཟོད་པ་སྐྱེས་སོ།། ཀླུའི་བདག་པོ་དེ་ལྟ་བས་ན་རྣམ་གྲངས་འདིས་ཀྱང་ཁྱོད་ཀྱི་འདི་ལྟར་ཟབ ་ཅིང་ང་བོ་སྙམ་པའི་ང་རྒྱལ་ལས་རྣམ་པར་གྲོལ་བ། ཡོངས་སུ་རྟོག་པ་བྱས་པ། རྒྱུ་དང་རྐྱེན་ལས་བྱུང་བ། སེམས་ཅན་དང་། སྲོག་དང་། གསོ་བ་དང་། གང་ཟག ་ཏུ་རྟོག་པ་མེད་པའི་ཆོས་རྣམས་ལ་མོས་པ་དང་། དད་པ་དང་། འཛིན་པ་དང་། གཞན་དག་ལ་ཡང་བརྡའ་སྤྲོད་པར་བྱེད་པའི་སེམས་ཅན་དེ་དག་ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས ་པ་རྣམས་ལ་ཡོངས་སུ་སྦྱང་བ་བྱས་པ་ཡིན་པ་དང་། དེ་དག་ལ་ནི་བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་བ་དེ་ལྟར་རིག་པར་བྱའོ།། ཀླུའི་བདག་པོ་བྱང་ཆུབ་སེམས ་དཔའ། སེམས་ཅན་རྣམས་ཀྱི་ཕན་པ་དང་། བདེ་བའི་དོན་ལ་ཞུགས་པ་གང་གིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ལྷ་རྣམས་དང་། མི ་རྣམས་ཀྱི་བདེ་བའི་ཡོ་བྱད་ཇི་སྙེད་ཡོད་པའི་བདེ་བའི་ཡོ་བྱད་དེ་སྙེད། སེམས་ཅན་རེ་རེ་ལ་བྱིན་ན། ཀླུའི་བདག་པོ་འདི་ཇི་སྙམ་དུ་སེམས། ཅི་བྱང་ཆུབ་སེམས ་དཔའ་དེས་སེམས་ཅན་དེ་དག་ལ་བདེ་བའི་ཡོ་བྱད་མང་པོ་བྱིན་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ།། བདེ་བར་གཤེགས་པ་མེང ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་ཅན་དེ་དག་ལ་བདེ་བའི་ཡོ་བྱད་དེ་སྙེད་བྱིན་པ་གང ་ཡིན་པ་དང་། དེ་དག་ལ་མི་རྟག་པ་དང་ལྡན་པ་ཚིག་གཅིག་ཙམ་བསྟན་ཏམ། སྡུག་བསྔལ་བ་དང་ལྡན་པ་འམ། བདག་མེད་པ་དང་ལྡན་པ་འམ། ཞི ་བ་དང་ལྡན་པ་འམ། སྟོང་པ་ཉིད་དང་ལྡན་པ་འམ། མཚན་མ་མེད་པ་དང་ལྡན་པ་འམ། སྨོན་པ་མེད་པ་དང་ལྡན་པ་འམ། སེམས་ཅན་མེད་པ་དང་། གསོ ་བ་མེད་པ་དང་། གང་ཟག་མེད་པ་དང་ལྡན་པ་འམ། མ་སྐྱེས་མ་བྱུང་བ་དང་ལྡན་པའི་ཚིག་ཅིག་ཙམ་བསྟན་ན། དེ་ཉིད་དེ་བས་བདེ་བའི་ཡོ་བྱད་དེ་བས་ཆེས་མང ་དུ་བྱིན་པ་ཡིན་ཏེ། བསོད་ནམས་ཀྱང་ཆེས་མང་དུ་འཕེལ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་འདུས་བྱས་ཀྱི་ཡོ་བྱད་ཐམས་ཅད་ནི་སེམས ་ཅན་གྱི་སྔོན་མྱོང་ཟིན་གྱི། འདུས་མ་བྱས་ཀྱི་བདེ་བའི་ཡོ་བྱད་ནི། སེམས་ཅན་རྣམས་ཀྱིས་སྔོན་མ་མྱོང་བའི་ཕྱིར་རོ།། ཀླུའི་བདག་པོ་དེ་ལ་འདི་ལྟར་ཟབ་མོའི ་ཆོས་འདི་དག་ཐོས་པ་གང་ཡིན་པ་འདི་ནི། འདུས་མ་བྱས་ཀྱི་བདེ་བའི་ཡོ་བྱད་འདྲེན་པ་ཡིན་ཏེ། དེ་བས་ན་ཀླུའི་བདག་པོ་བྱང་ཆུབ ་སེམས་དཔའ་བདག་གི་དོན་ཡོངས་སུ་རྫོགས་པར་བྱེད་འདོད་པ་རྣམས་ཀྱིས་ཀྱང་ཆོས་ཟབ་མོ་རྣམས་ལ་བརྩོན་པར་བྱའོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་འཁོར་གྱི ་ནང་དུ་འོངས་ལ། འཁོར་གྱི་ནང་དུ་འདག་ནས། ཟབ་མོའི་གཏམ་གྱི་བར་ཆད་དེ་གཏམ་སྣ་ཚོགས་གླེང་བ་གང་ཡིན་པ་དེ་ནི་དམ་པའི་ཆོས་ནུབ་པར་བརྩོན་པ་ཡིན་ནོ།། དེ་ཅིའི ་ཕྱིར་ཞེ་ན། འཛམ་བུ་གླིང་འདིར་ཇི་སྲིད་དུ་ཟབ་མོའི་ཆོས་གྲགས་པ་དེ་སྲིད་དུ་དམ་པའི་ཆོས་ནུབ་པར་མི་འགྱུར་བའི་ཕྱིར་རོ།། ཀླུའི་བདག་པོ་གཞན་ཡང་མི་ཆོས་འདོད་དེ། ་ཆོས་མཉན་པ་ནི་ཉུང་ལ། མི་མ་ཡིན་པའི་ཆོས་ཉན་པ་ནི་མང་སྟེ། དེར་དམ་པའི་ཆོས་སྨྲ་བ་པོ་གང་གིས་ཟབ་མོའི་གཏམ་ནི་འཆབ་པར་བྱེད་ལ། གཏམ་སྣ་ཚོགས་ནི་གླེང་བར ་བྱེད་ན། དེར་ཟབ་མོ་ལ་མོས་པའི་ལྷ་རྣམས་ཡིད་མ་རངས་པར་གྱུར་ཏེ། འདི་སྐད་དུ་རིགས་ཀྱི་བུ་འདི་ནི་གང་ཁོ་ན་ལ་འཇིག་རྟེན་པ་ཉོན་མོངས་པ་སྤྱོད་པ་དེ་ཉིད་ཀྱི་འཇིག་རྟེན་པའི ་གཏམ་གླེང་ཞིང་འདུག་ཏེ། ཀྱེ་རེ་ངན། འདི་ན་སངས་རྒྱས་ཀྱི་གསུང་མི་གྲག་གོ་ཞེས་ཚིག་ངན་པ་ཐོས་ནས། དེ་དག་འཁོར་དེ་དག་ལ་མི་དགའ་སྟེ། འདོང་བར ་བྱེད་དོ།། ། སྨོན་ལམ་གྱི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅི་འཇིག་རྟེན་པའི་སྦྱིན་པ་དང་། དུལ་བ་དང་ལེགས་པར་སྡོམ་པ་དང་། ངེས་པའི་གཏམ་དང་། རབ་ཏུ་བྱུང་བ ་དང་། ངེས་པར་འབྱུང་བའི་གཏམ་དང་། ཚངས་པར་སྤྱོད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། བག་ཡོད་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད ་བསྲུང་པའི་གཏམ་སངས་རྒྱས་ཀྱི་གསུང་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་ཆོས་གང་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང ་བར་འགྱུར་བ་དང་། འགོག་པར་འགྱུར་བའི་ཕྱིར་སྐྱེ་བ་མ་ཡིན་པ་ཁམས་གསུམ་ན་སྤྱོད་པའི་ངེས་པར་འབྱུང་བར་འགྱུར་བ་མ་ཡིན་པ་དེ་དག་ཐམས་ཅད་ནི། འཇིག་རྟེན ་པའི་ཡིན་གྱི་དེ་དག་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ།། དེ་དག་ཀྱང་གང་ཞེ་ན་འདི་ལྟ་སྟེ། བསམ་གཏམ་བཞི་དང་ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར ་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་། འཇིག་རྟེན་པའི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན ་འགྲུས་དང་། བསམ་གཏན་དང་ཤེས་རབ་ཤེས་པ་དང་། ཡི་གེ་དང་གྲངས་དང་། བགྲང་བ་དང་། ལག་རྩིས་ཤེས་པ་དང་། ཀུན་འབྱུང་བ་ཀུན་ཤེས་པ་དང་། ་སྔགས་དང་། སྨན་དང་། གསོ་བ་ཤེས་པ་དང་། ལས་དང་གཟོའི་གནས་ཤེས་པ་དང་། མཚན་མ་དང་བཅས་པ་དང་། ཚད་དུ་བྱ་བ་དང་བཅས་པ་དང་། ཟང་ཟིང ་དང་བཅས་པ་དང་། རྒྱུ་བ་དང་བཅས་པ་དང་། རྫས་དང་བཅས་པ་ཤེས་པ་དང་། འཇིག་རྟེན་པ་དང་། ཁམས་གསུམ་ན་སྤྱོད་པ ་གང་ཡིན་པ་དེ་དག་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ།། ཀླུའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བར་འགྱུར་བའི་ཆོས་སྔོན་མ་ཐོས་པ་ལས་ཐོས་པ་གང ་ངག་ཡིན་པ་འདི་ལྟ་སྟེ། མི་རྟག་པའི་དོན་དང་། སྡུག་བསྔལ་བའི་དོན་དང་། བདག་མེད་པའི་དོན་དང་། ཞི་བའི་དོན་དང་། སྡུག་བསྔལ་ཡོངས་སུ་ཤེས་པའི་དོན་དང་།། ་ཀུན་འབྱུང་བ་སྤངས་པའི་དོན་དང་། འགོག་པ་མངོན་སུམ་དུ་བྱ་བའི་དོན་དང་། ལམ་བསྒོམ་པའི་དོན་དང་། སྟོང་པ་ཉིད་བསྒོམ་པའི་དོན་དང་། མཚན་མ་མེད་པས་ངེས ་པར་སྒྲོལ་བའི་དོན་དང་། སྨོན་པ་མེད་པས་ངེས་པར་འབྱུང་བའི་དོན་དང་། མ་སྐྱེས་པ་དང་། མ་བྱུང་བའི་དོན་དང་། དྲན་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་ཞི་གནས་དང་། ལྷག་མཐོང་གི་དོན་དང་། ཇི་ལྟ་བ་བཞིན་དུ་རང ་བཞིན་གྱིས་མ་སྐྱེས་པའི་དོན་དང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་དབེན་པའི་དོན་དང་། ཆོས་གང་རྗེས་སུ་རྟོགས་ནས་ཆོས་རྣམས་དང་ཆོས་མ་ཡིན་པ་རྣམས་གཉིས ་སུ་མི་འབྱེད་པ་དང་། ཆོས་ཐམས་ཅད་ཀྱང་གཏན་དུ་མངོན་པར་མི་གྲུབ་པར་རབ་ཏུ་ཤེས་པ་དང་། སྐྱེ་བ་མེད་པ་དང་། ཆད་པ་མེད་པ་དང་། རྟག་པ་མེད་པ་དང་། རྟེན ་མངོན་པར་འདུ་བྱེད་པ་མེད་པ་དང་། ་ཅིང་འབྲེལ་པར་འབྱུང་བ་ཐོབ་པ་རྣམས་དང་། རང་བཞིན་གྱིས་འདོད་ཆགས་དང་བྲལ་བ་ཐོབ་པ་རྣམས་དང་། དེ་ལྟར་འདུས་མ་བྱས་པའི་ཆོས་མཐོང་བས། ཡང་དག་པར་ངེས ་པར་འཇུག་ལ། ཆོས་རྣམས་ཀྱི་ངེས་པ་ལ་ཡང་མི་རྟོག། རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་ཐམས་ཅད་དང་ཡང་བྲལ་བ་དང་། ཕྲི་བ་ཡང་མེད ་བསྣན་པ་ཡང་མེད་པ་དང་། མུན་པ་ཡང་མེད་སྣང་བ་ཡང་མེད་པ་དང་། ནམ་མཁའི་ངོ་བོ་ཉིད་དང་། མཉམ་པ་ཉིད་ཐོབ་པ་དང་། རང་བཞིན་གྱི་མཚན་ཉིད་དང་། མཉམ་པའི ་མཚན་ཉིད་དང་། མཚན་ཉིད་མེད་པ་དང་། མཚན་ཉིད་མེད་པ་མ་ཡིན་པ་དང་། མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་དང་། འདུ་ཤེས་ཐམས་ཅད་དང་བྲལ་བ་དང་། ་རིག་པ་མེད་པ་དང་། ཚོར་བ་ཐམས་ཅད་རྒྱུ་བཅད་པ་དང་། ཕྱིན་ཅི་ལོག་མཉམ་པ་ཉིད་དུ་མཐོང་བ་ནི་ཐ་སྙད་ཀྱི་སྒོ་ནས་འབྲས་བུ་ཐོབ་པ་ཞེས་བྱ་སྟེ། དོན་དམ་པར་ནི་མ་ཡིན་པ ་དང་། དེས་ཅི་ཡང་ཐོབ་པ་མེད་པ་མ་ཐོབ་པ་ཡང་མེད་པ་དང་། བླངས་པ་མེད། བོར་བ་ཡང་མེད་པ་སྟེ། ཀླུའི་བདག་པོ་དེ་ལྟར་ན་ངེས་པར་འབྱུང་བའི་ཆོས་གང་དག་ཡིན་པ་རྣམས ་སྟོན་ཅིང་འཆད་པ་གང་གིས། ཉན་ཐོས་རྣམས་ཀྱིས་ཉན་ཐོས་ཀྱི་ཤེས་པ་ཐོབ་པ་དང་། རང་སངས་རྒྱས་རྣམས་ཀྱིས་རང་སངས་རྒྱས་རྣམས་ཀྱི་ཤེས་པ་ཐོབ་པ་དང་། བྱང་ཆུབ་སེམས ་དཔའ་རྣམས་ཀྱིས་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང ་རྒྱ་བར་འགྱུར་བ་འདི་ནི་སངས་རྒྱས་ཀྱི་གསུང་ཞེས་བྱའོ།། དེ་ཡང་ཀུན་རྫོབ་ཀྱི་གཞིའི་གནས་ལ་རྟེན་པ་ཡིན་གྱི། དོན་དམ་པར་ནི་ཇི་ལྟར་ཡང་། ་སངས་རྒྱས་ཀྱི་གསུང་ཐ་སྙད་དུ་གདགས་པར་མི་ནུས་ཏེ། སངས་རྒྱས་ཀྱི་གསུང་ནི་ཚིག་མེད་པའོ།། སངས་རྒྱས་ཀྱི་གསུང་ནི་ངག་མེད་པ། སྒྲ་མེད་པ། ཚིག་གི་ལམ་མེད་པ། ་བརྗོད་དུ་མེད་པ། རྣམ་པར་རིག་པར་བྱེད་པ་མེད་པ། གདགས་པ་མེད་པ། མིང་མེད་པ། མཚན་མ་མེད་པ། བྱེ་བྲག་ཕྱེད་པ་མེད་པ། རྣམ་པར་ཤེས་པ་མེད་པ། བསམ ་གྱིས་མི་ཁྱབ་པ་ལ་འཇུག་པ་སྟེ། རབ་ཏུ་དབྱེ་བ་དང་། བརྡའ་སྤྲད་པ་དང་། ཉེ་བར་བསྟན་པར་མི་ནུས་སོ།། ཀླུའི་བདག་པོ་སངས་རྒྱས་ཀྱི་གསུང་ནི་དེ་ལྟ་བུ་ཡིན་ནོ།། དེ་ཅིའི་ཕྱིར ་ཞེ་ན། ཀླུའི་བདག་པོ་ང་ནི་ཡི་གེ་འདོད་པའི་སེམས་ཅན་རྣམས་ལ་ཆོས་མི་སྟོན་མེད་ཀྱི། འོན་ཀྱང་ཡི་གེ་ཡོངས་སུ་ཤེས་པར་བྱ་བའི་ཆོས་སྟོན་སྟེ། དེ་བས་ན་སངས་རྒྱས་ཀྱི་གསུང ་ནི་ཡི་གེ་མེད་པའོ།། ཀླུའི་བདག་པོ་ང་ནི་བརྗོད་པ་འདོད་པ་ལ་ཆོས་མི་སྟོན་མོད་ཀྱི། འོན་ཀྱང་བརྗོད་པ་ཐམས་ཅད་གསལ་བའི་ཕྱིར་ཆོས་སྟོན་ཏེ། དེ་བས་ན་སངས་རྒྱས་ཀྱི་གསུང་ནི ་བརྗོད་དུ་མེད་པའོ།། ཀླུའི་བདག་པོ་ང་ནི་རྣམ་པར་རིག་པར་བྱེད་པ་ལ། མངོན་པར་ཞེན་པར་བྱ་བའི་ཕྱིར་ཆོས་མི་སྟོན་མོད་ཀྱི། འོན་ཀྱང་རྣམ་པར་རིག་པར་བྱེད་པ་དང་། ཡོངས ་སུ་རྟོག་པ་ཐམས་ཅད་ཉེ་བར་ཞི་བར་བྱ་བའི་ཕྱིར་ཆོས་སྟོན་ཏེ། དེ་ལྟ་བས་ན་སངས་རྒྱས་ཀྱི་གསུང་ནི་རྣམ་པར་རིག་པར་བྱེད་པ་མ་ཡིན་ནོ།། ཀླུའི་བདག་པོ་ང་ནི་ཆོས་གསུང་བར་བྱ་བའི ་ཕྱིར་དང་། ཆོས་ལ་མངོན་པར་ཞེན་པར་བྱ་བའི་ཕྱིར་དང་། ཆོས་སྤྲོས་པར་བྱ་བའི་ཕྱིར་དང་། ཆོས་ཡོངས་སུ་རྟག་པར་བྱ་བའི་ཕྱིར་དང་། ཆོས་བསྐྱེད་པར་བྱ་བའི་ཕྱིར་དང་། ་ཆོས་འགག་པར་བྱ་བའི་ཕྱིར་དང་། ཆོས་རྣམ་པར་འཇིག་པར་བྱ་བའི་ཕྱིར་དང་། ཆོས་གནས་པར་བྱ་བའི་ཕྱིར་དང་། ཆོས་དམིགས་པར་བྱ་བའི་ཕྱིར་དང་། ཆོས ་རློམས་སེམས་སུ་བྱ་བའི་ཕྱིར་དང་། ཆོས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་དང་། ཆོས་རྟག་པར་བྱ་བའི་ཕྱིར་དང་། ཆོས་མཚན་མར་བྱ་བའི་ཕྱིར་དང་། ཆོས་ལ་སྒྲིབ་པར་བྱ་བའི་ཕྱིར ་དང་། ཆོས་ཆད་པར་བྱ་བའི་ཕྱིར་མི་སྟོན་ཏོ།། ཀླུའི་བདག་པོ་ང་ནི་ཆོས་གང་ཡང་སྤངས་པར་བྱ་བའམ། འགག་པར་བྱ་བའི་ཕྱིར་ཆོས་མི་སྟོན་མོད་ཀྱི། འོན་ཀྱང་ང ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྒྲོ་བཏགས་པ་མེད་པའི་ཆོས་སྟོན་ཏོ།། ཀླུའི་བདག་པོ་དེ་ལྟ་བས་ན་ཆོས་ཐམས་ཅད་རང་བཞིན་གྱིས་སྒྲོ་བཏགས་པ་མེད་པ་གང་ཡིན ་པ་འདི་ནི། སངས་རྒྱས་ཀྱི་གསུང་ཞེས་བྱའོ།། ཅིའི་ཕྱིར་དེ་ལ་སངས་རྒྱས་ཀྱི་གསུང་ཞེས་བྱ་ཞེ་ན། ཚིག་ཐམས་ཅད་ཀྱི་ཚུལ་སྟོན་པ་ནི་སངས་རྒྱས་ཡིན་ཏེ། དེས་ན ་སངས་རྒྱས་ཀྱི་གསུང་ཞེས་བྱའོ།། ཚིག་ཐམས་ཅད་ཀྱི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་སྤྱོད་པ་ནི་སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང་ཞེས་བྱའོ།། ་ཚིག་ཐམས་ཅད་ལྡེམས་པོར་དགོངས་པ་སྟོན་པ་ནི། སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང་ཞེས་བྱའོ།། ཚིག་ཐམས་ཅད་ཀྱི་ལན་མཁྱེན་པ་ནི་སངས་རྒྱས་ཡིན ་ཏེ། དེས་ན་སངས་རྒྱས་ཞེས་བྱའོ།། ཚིག་ཐམས་ཅད་ཀྱི་རྒྱུ་དང་དམིགས་པ་དང་། ཐ་སྨད་ཁོང་དུ་ཆུད་པ་ནི་སངས་རྒྱས་ཡིན་ཏེ། དེས་ན་སངས ་རྒྱས་ཀྱི་གསུང་ཞེས་བྱའོ།། ཚིག་ཐམས་ཅད་བྲག་ཆ་དང་འདྲ་བར་ཡང་དག་པར་གཞོལ་བར་མཁྱེན་པ་ནི། སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང་ཞེས་བྱའོ།། ་ཀླུའི་བདག་པོ་གཞན་ཡང་ཡི་གེ་ཅི་ཡང་རུང་བ་དང་། ཚིག་ཅི་ཡང་རུང་བ་དེ་དག་ནི་སངས་རྒྱས་ཀྱི་གསུང་མ་ཡིན་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཡི་གེ་དེ་དག་ཉིད་ནི་འདས་པ་དང་། ་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུང་བ་དང་། གསུང་བ་དང་། གསུང་བར་འགྱུར་བའི་ཕྱིར་རོ།། དེ་ལྟ་བས་ན་ཡི་གེ་ཐམས་ཅད་དང་། ་ཚིག་ཐམས་ཅད་ནི་སངས་རྒྱས་ཀྱི་གསུང་ཡིན་ཏེ། དེ་ལྟ་བུའི་ཚིག་གི་དོན་དེ་ལ་འཇུག་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ།། ཡི ་གེ་ཐམས་ཅད་དང་ཚིག་ཐམས་ཅད་ནི་སངས་རྒྱས་ཀྱི་གསུང་ཡིན་ཏེ། དེ་ལ་ཆོས་ཀྱི་དབྱིངས་དབྱེར་མེད་ཅིང་རོ་གཅིག་པར་ཤེས་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའ་ཆོས ་སོ་སོ་ཡང་བར་རིག་པ་ཞེས་བྱའོ།། ཡི་གེ་ཐམས་ཅད་དང་ཚིག་ཐམས་ཅད་ནི་སངས་རྒྱས་ཀྱི་གསུང་ཡིན་ཏེ། དེ་ལ་ཅི་རིག་པར་ཆོས་ལ་དཔྱོད་པ་ཤེས་པ་གང་ཡིན་པ་འདི་ནི། ་བྱང་ཆུབ་སེམས་དཔའ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ།། ཡི་གེ་ཐམས་ཅད་དང་ཚིག་ཐམས་ཅད་ནི་སངས་རྒྱས་ཀྱི་གསུང་ཡིན་ཏེ། དེ་ལ་ཅི་རིགས་གནས ་ལས་ཆགས་པ་མེད་པ་སྟོན་པ་ཤེས་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ།། ཀླུའི་བདག་པོ་དེ་ལྟར་ན་སོ་སོ་ཡང་། ་དག་པར་རིག་པ་བཞིས་མ་བསྡུས་པའི་ཆོས་གང་ཡང་མེད་ལ། སོ་སོ་ཡང་དག་པར་རིག་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡི་གེ་ཅི་ཡང་རུང་བ་དེ་དང་། ཚིག་ཅི་ཡང་རུང ་བ་དེ་དང་། ངེས་པའི་ཚིག་ཅི་ཡང་རུང་བ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་གསུང་ཡིན་ནོ་ཞེས་བྱ་བ་ལ་འཇུག་སྟེ། དེས་ན་དེ་ནི་ཆགས་པ་མེད་ཅིང་ཐོགས་པ་མེད་པར་བསྐལ ་པ་སྟོང་གི་བར་དུ་ཡང་སྟོན་ཅིང་འཆད་དེ་ཐོགས་པ་ཡང་མེད་དོ། དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་འདི་ནི་མི་ཟད་པའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་ཡིན་ཏེ། གཟུངས ་དེ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི། ཚིག་དང་ཡི་གེ་མི་ཟད་པའི་མོས་པའི་ཚིག་ལེགས་པར་བྱས་པ་རྣམས་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའི་ཕན་ཚུན་གྱི ་ཉེས་པ་སྤངས་པ་རྣམས་དང་། ཐོགས་པ་མེད་པ་རྣམས་དང་། འཐད་པ་རྣམས་དང་། ཀུན་རྫོབ་ཀྱི་བདེན་པས་བརྒྱས་པ་རྣམས་དང་། དོན་དམ་པ་དང་ལྡན་པ་རྣམས ་དང་། རྟེན་རྣམ་པར་དག་པ་རྣམས་དང་། དྲང་བའི་དོན་དང་། ངེས་པའི་དོན་མཉམ་པར་རྟོག་པ་རྣམས་དང་། ཀུན་ནས་ཉོན་མོངས་པ་དང་རྣམས་པར་བྱང་བའི་གཞི་ཇི་ལྟ ་བ་བཞིན་དུ་བསྟན་པ་རྣམས་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་ལམ་འཇུག་པ་རྟོགས་པའི་བསྟན་པ་འཆང་རྣམས་དང་། དབང་པོ་བརྒྱད་ཁྲི་བཞི་སྟོང་རྐྱེན་ཇི་ལྟ་བ་བཞིན་དུ། ་རབ་ཏུ་རྣམ་པར་འབྱེད་པ་རྣམས་དང་། ཡི་གེ་རྣམས་ཀྱིས་ཀྱང་ཆོས་དེ་དག་གླེང་བར་བྱེད་ལ། འོན་ཀྱང་དེའི་ཡི་གེ་ཟད་པའམ། ཆོས་བརྗོད ་པ་ཟད་པ་འམ། དཔེར་བྱ་བ་བཀོད་པར་ཟད་པ་འམ། དུས་བསྟན་པ་ཟད་པ་འམ། རྒྱུ་དང་འབྲས་བུ་བསྟན་པ་ཟད་པ་འམ། ཚོད་དང་། གནས་དང་། མཚམས་ཟད ་པ་འམ། སེམས་ཀྱི་འཇུག་པ་ཟད་པ་འམ། ཨ་ཞེས་བྱ་བའི་སྒོའི་ཚིག་ཟད་པ་འམ། ཨ་ཞེས་བྱ་བའི་མཚམས་སྦྱོར་བ་ཟད་པ་འམ། དེ་བཞིན་དུ་སྦྱར་ཏེ། པ་ཞེས་བྱ་བ་ཟད ་པ་ནས། ལ་ཞེས་བྱ་བའི་བར་དུ་ཟད་པ་འམ། རྣམ་པར་བྱང་བ་རྣམ་པར་གཞག་པའི་བར་དུ་ཟད་པ་འམ། ཆོས་ཀྱི་ངེས་པའི་ཚིག་གི་གཏམ་ཟད་པ་འམ། སྣ་ཚོགས་དང་ཟབ་མེའི ་གཏམ་ཟད་པ་འམ། སྣརེལ་གཞིའི་རྒྱུད་སྟོན་པའི་གཏམ་ཟད་པ་འམ། སྤྱིའུ་ཚུགས་དང་མཐུན་པའི་གཏམ་ཟད་པ་འམ། མཐུན་པ་དང་མི་མཐུན་པའི་གཏམ་ཟད་པ་འམ། ངེས ་པའི་ཚིག་མེད་པའི་གཏམ་ཟད་པ་འམ། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་ཡོན་ཏན་བསྔགས་པ་བརྗོད་པ་ཟད་པ་འམ། བདེན་པ་བསྟན་པའི་གཏམ་ཟད་པ་འམ། བྱང་ཆུབ་ཀྱི ་ཕྱོགས་ཀྱི་ཆོས་བསྟན་པའི་གཏམ་ཟད་པ་འམ། ལམ་གྱི་རྣམ་པར་སྨིན་པའི་གཏམ་ཟད་པ་འམ། ཕ་རོལ་ཏུ་ཕྱིན་པ་བསྟན་པའི་གཏམ་ཟད་པ་མེད་དོ།། ཀླུའི་བདག་པོ་དེ་ལྟར་ན་ཡི་གེ ་ཐམས་ཅད་བསྟན་པ་ལ་ཟད་པ་མེད་པ་གང་ཡིན་པ་འདི་ནི། མི་ཟད་པའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་ཤེས་སོ།། ཀླུའི་བདག་པོ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ནི་མི་ཟད་པ་ཉིད ་བཞིས་རྟོགས་པར་བྱ་སྟེ། བཞི་གང་ཞེ་ན། སོ་སོ་ཡང་དག་པར་རིག་པ་མི་ཟད་པ་ཉིད་དང་། ཡེ་ཤེས་མི་ཟད་པ་ཉིད་དང་། ཤེས་རབ་མི་ཟད་པ་ཉིད་དང་། གཟུངས་ཀྱི་སློབ ་པ་མི་ཟད་པ་ཉིད་དེ། བཞི་པོ་དེ་དག་གོ།། ཀླུའི་བདག་པོ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ནི། གཏིང་དཔག་དཀའ་བ་བཞིས་རྟོགས་པར་བྱ་སྟེ། བཞི་གང་ཞེ་ན། བསམ་པའི ་གཏིང་དཔག་དཀའ་བ་དང་། བློ་གཏིང་དཔག་དཀའ་བ་དང་། ཆོས་ལ་འཇུག་པ་གཏིང་དཔག་དཀའ་བ་དང་། སེམས་ཅན་གྱི་སྤྱོད་པ་ལ་འཇུག་པ་གཏིང་དཔག་དཀའ་བ་སྟེ། བཞི ་པོ་དེ་དག་གོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་སྙིང་པོ་དང་། ཡི་གེ་ཡིན་པར་རྟོག་པར་བྱ་སྟེ། བཞི་གང་ཞེ་ན། ཤེས་རབ་ཀྱི་སྙིང་པོར་བྱེད ་པ་དང་། བསྒྲུབ་པ་ལ་སྙིང་པོར་བྱེད་པ་དང་། བཟོད་པ་གནས་པ་སྙིང་པོར་བྱེད་པ་དང་། བརྩམས་པ་ལ་གནས་པ་ཉམས་འོག་ཏུ་ཆུད་པར་བྱེད་པ་སྙིང་པོར་བྱེད་པ་སྟེ། བཞི་པོ ་དེ་དག་གོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ངེས་པར་འབྱེད་པ་སྟེ། བཞི་གང་ཞེ་ན། བདེན་པ་ངེས་པར་འབྱེད་པོ་དང་། རྟེན་ཅིང ་འབྲེལ་པར་འབྱུང་བ་ངེས་པར་འབྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ངེས་པར་འབྱེད་པ་དང་། ཐེག་པ་ཐམས་ཅད་ངེས་པར་འབྱེད་པ་སྟེ། བཞི་པོ་དེ་དག་གོ། ་ཀླུའི་བདག་པོ་བཞི་པོ་འདི་དག་ནི། མི་ཟད་པའི་ཟ་མ་ཏོགས་གི་གཟུངས་ཀྱི་སྣང་བ་ཡིན་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྣང་བ་དང་། ཤེས ་རབ་ཀྱི་སྣང་བ་དང་། ཤེས་རབ་ཀྱི་མིག་གི་སྣང་བ་དང་། སོ་སོ་ཅི་རིག་པར་ཆོས་སྟོན་པའི་སྣང་བ་སྟེ། བཞི་པོ་དེ་དག་གོ།། ཀླུའི་བདག་པོ་འདི ་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་བརྟུན་པ་ཡིན་ཏེ། བཞི་གང་ཞེ་ན། བརྩོན་འགྲུས་བརྟན་པ་དང་། ཚུལ་ཁྲིམས་བརྟན་པ་དང་། བསོད་ནམས་ཀྱི་ཚོགས་ཡོངས ་སུ་ཚོལ་བ་བརྟུན་པ་དང་། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བ་བརྟུན་པ་སྟེ། བཞི་པོ་དེ་དག་གོ། ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི ་ཡོངས་སུ་ཚོལ་བ་མཐར་ཐུག་པ་མེད་པ་སྟེ། བཞི་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཚོལ་བ་མཐར་ཕྱིན་པ་མེད་པ་དང་། འཁོར་བས་ཡོངས་སུ་མི་སྐྱོ་བ་ཚོལ ་བ་མཐར་ཕྱིན་པ་མེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཡོངས་སུ་ཚོལ་བ་མཐར་ཕྱིན་པ་མེད་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་ཚོལ་བ ་མཐར་ཕྱིན་པ་མེད་པ་སྟེ། བཞི་པོ་དེ་དག་གོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་ཆོག་མི་ཤེས་པ་སྟེ། བཞི་གང་ཞེ་ན། སངས་རྒྱས ་བཅོམ་ལྡན་འདས་རྣམས་ལས་མངོན་སུམ་དུ་ཆོས་མཉན་པས་ཆོག་མི་ཤེས་པ་དང་། སེམས་ཅན་རྣམས་ལ་ཆོས་བསྟན་པ་ཆོག་མི་ཤེས་པ་དང་། དགེ་བའི་རྩ་བ་ཡོད ་སུ་ཚོལ་བ་ཆོག་མི་ཤེས་པ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་བཀུར་སྟི་བྱ་བ་ཆོག་མི་ཤེས་པ་སྟེ། བཞི་པོ་དེ་དག་གོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི ་ཟད་པའི་ཟ་མ་རྟོག་གི་གཟུངས་ལ་ཚུགས་པར་དཀའ་བ་ཡིན་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་ཀྱིས་ཚུགས་པར་དཀའ་བ་དང་། བདུད་ཐམས་ཅད ་ཀྱིས་ཚུགས་པར་དཀའ་བ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཚུགས་པར་དཀའ་བ་དང་། གཞན་གྱིས་བྱས་པ་ཐམས་ཅད་ཀྱིས་ཚུགས་པར་དཀའ་བ་སྟེ། བཞི་པོ་དེ ་དག་གོ། ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་མ་འདྲེས་པ་སྟེ། བཞི་གང་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་རྣམས་དང་མ་འདྲེས་པ་དང་། ་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ཐམས་ཅད་ཀྱིས་མ་འདྲེས་པ་དང་། བག་ཆགས་ཀྱིས་མཚམས་སྦྱོར་བ་ཐམས་ཅད་དང་མ་འདྲེས་པ་དང་། སོ་སོ་སྐྱེ་བོའི་ཉེས་པ་ཐམས ་ཅད་དང་མ་འདྲེས་པ་སྟེ། བཞི་པོ་དེ་དག་ནི་མ་འདྲེས་པ་ཡིན་ནོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་སླད་དུ་མེད་པ་སྟེ། བཞི་གང་ཞེ་ན། སྐྱེ་བ ་སླད་དུ་མེད་པ་དང་། ཚུལ་ཁྲིམས་འཆལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྨད་དུ་མེད་པ་དང་། ཆོས་བསྟན་པའི་བྲེ་མོ་གཏམ་གཅིག་པུ་ལ་སྨད་དུ་མེད་པ་དང་། ཐེག་པ ་ཆེན་པོས་སྒྲོལ་བའི་ཕྱིར་དགེ་སློང་སྤོང་བ་པོ་སླད་དུ་མེད་པ་སྟེ། བཞི་པོ་དེ་དག་ནི་སྨད་དུ་མེད་པ་ཡིན་ནོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི། མི་ཟད་པའི་ཟ་མ་ཏོག་གི་གཟུངས། ་ཀྱི་སྟོབས་ཡིན་ཏེ། བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་ཉེས་པར་བྱས་པ་བཟོད་པའི་ཕྱིར། བཟོད་པའི་སྟོབས་དང་། སེམས་ཅན་ཐམས་ཅད་ཀྱི་སོམ་ཉི་གཅོད་པའི ་ཕྱིར་ཡེ་ཤེས་ཀྱི་སྟོབས་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཡོངས་སུ་ཤེས་པའི་ཕྱིར། མངོན་པར་ཤེས་པའི་སྟོབས ་དང་། སོ་སོ་ཡང་དག་པར་ཆོས་སྟོན་པའི་ཕྱིར། ཐབས་ཀྱི་སྟོབས་ཏེ། བཞི་པོ་དེ་དག་ནི་སྟོབས་ཡིན་ནོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུང ་ཀྱི་གཏེར་ཆེན་པོ་མི་ཟད་པ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པའི་གཏོར་ཆེན་པོ་མི་ཟད་པ་དང་། ཆོས་རྟོགས་པ་ཚད་མེད་པའི་གཏེར ་ཆེན་པོ་མི་ཟད་པ་དང་། སེམས་ཅན་ཐམས་ཅད་མགུ་བར་བྱ་བའི་གཏེར་ཆེན་པོ་མི་ཟད་པ་དང་། ནམ་མཁའ་མཉམ་པའི་ཡེ་ཤེས་ཀྱི་གཏེར་ཆེན་པོ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་གཏེར ་ཆེན་པོ་མི་ཟད་པ་ཡིན་ནོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ཚད་མེད་པ་ཉིད་དེ། བཞི་གང་ཞེ་ན་འདི་ལྟ་སྟེ། ཐོས་པ་ཚད་མེད་པ་ཉིད་དང་། ་ཤེས་རབ་ཚད་མེད་པ་ཉིད་དང་། ཡོངས་སུ་བསྔོ་བ་ཚད་མེད་པ་ཉིད་དང་། ངེས་པའི་ཚིག་བསྟན་པ་རྣམས་ལ་སྒྲ་ཚད་མེད་པ་ཉིད་དེ། བཞི་པོ་དེ་དག་གོ།། ཀླུའི་བདག་པོ་བཞི་པོ ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་དོན་ཡོད་པ་ཉིད་དེ། བཞི་གང་ཞེ་ན། ཆོས་བསྟན་པ་དོན་ཡོད་པ་ཉིད་དང་། བདེན་པའི་ཚིག་བསྟན་པ་དོན་ཡོད་པ་ཉིད་དང་། ་ཆོས་ལ་སྦྱོར་བ་རྣམ་པར་དབྱེ་བ་དོན་ཡོད་པ་ཉིད་དང་། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དོན་ཡོད་པ་ཉིད་དེ། བཞི་པོ་དེ་དག་གོ། ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི། ་གཟུངས་ལ་མི་འཇིགས་པ་ཐོབ་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ངན་འགྲོ་ཐམས་ཅད་ཀྱིས་མི་འཇིགས་པ་ཐོབ་པ་དང་། འཁོར་རྣམས་ཀྱི་ནང་དུ་ཟིལ་གྱིས་མི་ནོན་པ ་མི་འཇིགས་པ་ཐོབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་སོམ་ཉི་གཅོད་པ་ལ་མི་འཇིགས་པ་ཐོབ་པ་དང་། སངས་རྒྱས་ཀྱི་ས་ལ་འཇུག་པ་ལ་མི་འཇིགས་པ་ཐོབ་པ་སྟེ། བཞི་པོ ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་མི་འཇིགས་པ་ཐོབ་པ་ཡིན་པར་རིག་པར་བྱ་སྟེ། ཀླུའི་བདག་པོ་དེ་ལྟར་ན་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ནི་ཡོན་ཏན་བསྟན་པ་ཚད ་མེད་པ་དང་། ཤེས་རབ་ལ་འཇུག་པ་ཚད་མེད་པའོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་རྣམས་དང་། བྱང་ཆུབ་སེམས ་དཔའི་རྣམ་པར་རྩེ་བ་རྣམས་དང་། བྱང་ཆུབ་སེམས་དཔའི་རྒྱ་ཆེར་རྩེ་བ་རྣམས་དང་། བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་རྒྱན་བཀོད་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ལམ ་རྣམས་དང་། བྱང་ཆུབ་སེམས་དཔའི་སྣོད་རྣམས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་རྣམས་དང་། སྡེ་སྣོད་དེ་ལ་འཇུག་པ་རྣམས་དང་། གཟུངས་ཀྱི་སྒོའི་ཕྱག་རྒྱ་ལ་འཇུག་པ ་རྣམས་དང་། བསྒྲེ་བ་དང་བསྒྲེ་བ་མ་ཡིན་པ་ལ་མཁས་པ་དང་། ལུས་དང་ངག་དང་། སེམས་ཀྱི་རྒྱན་བཀོད་པ་རྣམས་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ ་འཛིན་པ་དང་། བྱང་ཆུབ་ཀྱི་སྙིང་པོའི་ཚོགས་བསྩགས་པ་རྣམས་དང་། སེམས་ཅན་ཡོངས་སུ་སྦྱངས་པའི་ཡེ་ཤེས་ལ་འཇུག་པ་རྣམས་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ ་དང་། མཐུན་པ་དང་སྟོབས་དང་། བརྩོན་འགྲུས་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཉེ་བར་བསྟན་པ་ཤེས་པ་དང་། བྱང་ཆུབ་ཀྱི་སྙིང་པོའི ་རྒྱན་བཀོད་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཇི་སྙེད་པ་ཞེས་ཚིག་སྨྲ་བ་ན། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཡང་དག་པར་སྨྲ་བས་སྨྲ་བར་བྱའོ།། ཀླུའི་བདག་པོ ་སེམས་ཅན་གྱི་བརྡའི་རྗེས་སུ་འཇུག་པ་འམ། ཆོས་ཀྱི་བརྡའི་རྗེས་སུ་འཇུག་པའི་ཡི་གེ་གང་ཡིན་པ་དེ་དག་ཐམས་ཅད་ནི། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་རྗེས་སུ་འཇུག་པའི ་ཚུལ་གྱིས། བྱང་ཆུབ་སེམས་དཔའ་ཡི་གེ་དེ་དང་དེ་རྣམས་ཀྱི་ཚུལ་གྱིས་དགོངས་པ་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ་ཆོས་ཐམས་ཅད་བཟོད་མ་ནས་དག་པས་ན། ཆོས་ཐམས་ཅད་ཀྱི ་རང་བཞིན་ལ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད་དགའ་བས་ན་ཆོས་ཀྱི་ཀུན་དགའ་ལ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད་དོན་དམ་པ་ཡིན་པས་ན། ཆོས་ཐམས་ཅད ་ཀྱི་ངེས་པའི་དོན་ལ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད་ཀྱི་མིག་ཡིན་པས་ན། ཆོས་ཐམས་ཅད་ཀྱི་སྣང་བ་ལ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད་མིང་ཙམ་དུ་ཟད་པས་ན ་ཆོས་ཐམས་ཅད་ཀྱི་བརྡའ་ལ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད་ཐོབ་པ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་དགོངས་པའི་སྦྱོར་བ་ལ་སླུ་བར་མི་བྱེད་དོ།། ་ན། ཆོས་ཐམས་ཅད་ཀྱི་བརྗོད་པ་ལ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད་དེ་བཞིན་ཉིད་ཡིན་པས་ན། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་རྗེས་སུ་འགྲོ་བ་ལ་སླུ་བར་མི་བྱེད་དོ།། ཆོས ་ཐམས་ཅད་འདུལ་བས་ན། ཆོས་ཐམས་ཅད་ཀྱི་ཅང་ཤེས་པ་ཉིད་ལ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད་ཞི་བས་ན། ཆོས་ཐམས་ཅད་ཀྱི་སྣང་བ་ཉིད་ལ་སླུ་བར་མི ་བྱེད་དོ།། ཆོས་ཐམས་ཅད་སྟོབས་དང་བྲལ་བས་ན། ཆོས་ཐམས་ཅད་ཀྱི་སྟོབས་མེད་པ་ཉིད་ལ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད་ཚིག་པ་ཡིན་པས་ན། ཆོས ་ཐམས་ཅད་ཀྱི་མི་སྐྱེ་བ་ཉིད་ལ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད་དད་པ་དང་ལྡན་པས་ན། ཆོས་ཐམས་ཅད་ཀྱི་མོས་པ་ལ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད ་ཚིག་གི་ལམ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་བརྗོད་པ་ལ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད་དེ་བཞིན་ཉིད་ཡིན་པས་ན། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་རྗེས་སུ་འགྲོ་བ་ལ ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་ཡིན་པས་ན། ཆོས་ཐམས་ཅད་ཀྱི་དུས་གསུམ་མཉམ་པ་ཉིད་ལ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད་གནས་ན་གནས ་པས་ན། ཆོས་ཐམས་ཅད་ཀྱི་མི་གཡོ་བ་ཉིད་ལ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད་ལག་མཐིལ་ན་འདུག་པས་ན། ཆོས་ཐམས་ཅད་ཀྱི་བྱ་བ་ཡོད་པ་ལ་སླུ་བར་མི་བྱེད་དོ།། ་ཆོས་ཐམས་ཅད་མཉམ་པས་ན། ཆོས་ཐམས་ཅད་ཀྱི་ཁྱད་པར་མེད་པ་ཉིད་ལ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད་ལམ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་ཀུན་ནས་འཇུག ་པ་སྟོན་ཏོ།། ཆོས་ཐམས་ཅད་ནམ་མཁའ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་ནམ་མཁའ་ལྟ་བུ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་ནན་གྱིས་བྱས་པས་ན། ཆོས་ཐམས་ཅད་ཀྱི་སྒྲོལ ་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་སླད་དུ་མེད་པས་ན། ཆོས་ཐམས་ཅད་ཀྱི་བདག་པོ་མེད་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་དྲན་པ་ཡིན ་པས་ན། ཆོས་ཐམས་ཅད་ཀྱི་བརྗེད་པ་མེད་པ་སྟོན་ཏོ།། ཆོས་ཐམས་ཅད་གཟུང་ཡིན་པས་ན། ཆོས་ཐམས་ཅད་ཀྱི་མི་ཟད་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་ཞི་བ་ཡིན་པས་ན། ་ཆོས་ཐམས་ཅད་ཀྱི་ཉེ་བར་ཞི་བ་སྟོན་ཏོ།། ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པས་ན། ཆོས་ཐམས་ཅད་ཀྱི་ཡངས་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་ཟད་པའི་སྒོ་ཡིན་པས ་ན། ཆོས་ཐམས་ཅད་ཀྱི་ཟད་པའི་མཐའི་སྒོ་སྟོན་ཏོ།། ཆོས་ཐམས་ཅད་གནས་ན་གནས་པས་ན། ཆོས་ཐམས་ཅད་ཀྱི་གནས་པའི་ཆོས་ཉིད་སྟོན་ཏོ།། ཆོས་ཐམས ་ཅད་ཡེ་ཤེས་ལ་འཇུག་པས་ན། ཆོས་ཐམས་ཅད་ཀྱི་གཏི་མུག་དང་བྲལ་བ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་ཁོངས་སུ་འདུག་པས་ན། ཆོས་ཐམས་ཅད་ཀྱི་སྣརེལ ་གཞི་ཉིད་སྟོན་ཏོ།། ཆོས་ཐམས་ཅད་དངོས་པོ་དང་བྲལ་བས་ན། ཆོས་ཐམས་ཅད་དངོས་པོ་མེད་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་གཡོ་བ་དང་ལྡན་པས་ན།། ་ཆོས་ཐམས་ཅད་ཀྱི་ཚུལ་བཞིན་མ་ཡིན་པ་ཡོངས་སུ་འཛིན་པ་སྟོན་ཏེ།། ཆོས་ཐམས་ཅད་དྲན་པར་བྱེད་པ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་སྔོན་གྱི་གནས་རྗེས་སུ་དྲན ་བསྟོན་ཏོ།། ཆོས་ཐམས་ཅད་ཡོ་བྱད་མང་བ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་སྲིད་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་ས་ཞེས་བྱ་བ་ལ་འཇུག་པས་ན། ཆོས་ཐམས ་ཅད་ཀྱི་མ་ནིང་གི་ཚིག་དག་སྟོན་ཏོ།། ཆོས་ཐམས་ཅད་ཧ་ཞེས་བྱ་བ་དང་། ན་ཞེས་བྱ་བ་ལ་འཇུག་པས་ན། ཆོས་ཐམས་ཅད་ཀྱི་མིང་འདྲ་བ་ཉིད་སྟོན་ཏོ།། ཆོས་ཐམས ་ཅད་རྒྱ་མཚོ་ལ་འཇུག་པས་ན། ཆོས་ཐམས་ཅད་ཀྱི་དགོངས་པའི་ཚིག་རྒྱ་ཆེན་པོ་སྟོན་ཏོ།། ཆོས་ཐམས་ཅད་ལྷུན་སྟུག་པས་ན། ཆོས་ཐམས་ཅད་ཀྱི་སྤྱོད་དུ་མེད་པ་ཉིད ་སྟོན་ཏོ།། ཆོས་ཐམས་ཅད་གནས་ན་གནས་པས་ན། ཆོས་ཐམས་ཅད་ཀྱི་དབྱིངས་སྟོན་ཏོ།། ཆོས་ཐམས་ཅད་འདྲེན་པ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་ཡང་དག་པའི ་འདུལ་བ་སྟོན་ཏོ།། ཆོས་ཐམས་ཅད་འབྲས་བུ་ཐོབ་པ་ཡིན་པས་ན། ཆོས་ཀྱི་ཡིད་ལ་བྱེད་པ་མེད་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་ཕུང་པོ་ཙམ་དུ་ཟད་པས་ན། ཆོས་ཐམས ་ཅད་ཀྱི་སྡུག་བསྔལ་ཡོངས་སུ་ཤེས་པ་སྟོན་ཏོ།། ཆོས་ཐམས་ཅད་ཆོམ་རྐུན་ཡིན་པས་ན། ཆོས་ཐམས་ཅད་ཀྱི་བློ་བུར་གྱི་ཉོན་མོངས་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་སྤང ་པ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་མངོན་པར་ཞེན་པ་མེད་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་ད་ཞེས་བྱ་བ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་ལམ་ཆད་པ་ཉིད་སྟོན་ཏོ།། ་ཆོས་ཐམས་ཅད་དྷ་ཞེས་བྱ་བ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་མཐའ་ཡས་པ་དང་། ཡོངས་སུ་ཆད་པ་ཉིད་སྟོན་ཏོ།། ཀླུའི་བདག་པོ་འདི་ནི་ཡི་གེའི་བརྡའ་ལ་འཇུག་པ་ཞེས། ་བྱ་བ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ། བྱང་ཆུབ་སེམས་དཔས་གཟུངས་ཐོབ་ནས་ཡི་གེ་ཐམས་ཅད་ཀྱི་ངེས་པའི་ཚིག་གི་དགོངས་པ་རྟོགས་པར་འགྱུར་བའོ།། ཀླུའི་བདག ་། པོ་དཔེར་ན། ཡི་གེ་རྣམས་མི་ཟད་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱི་བསྟན་པ་མི་ཟད་དོ།། དཔེར་ན་ཡི་གེ་རྣམས་ནི་ལུས་སམ། ་སེམས་གང་ནས་ཀྱང་མི་འབྱུང་བ་དེ་བཞིན་དུ། ཆོས་ཐམས་ཅད་ནི་གང་ནས་ཀྱང་མི་འབྱུང་སྟེ། ལུས་ལ་ཡང་མི་གནས། སེམས་ལ་ཡང་མི་གནས་སོ།། དཔེར་ན་ཡི་གེ་རྣམས ་ནི་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། ཀུན་ནས་ཉོན་མོངས་པ་ཡང་བརྗོད་དོ།། རྣམ་པར་བྱང་བར་ཡང་མི་འགྱུར་ལ་རྣམ་པར་བྱང་བ་ཡང་བརྗོད་དོ།། དེ་བཞིན་དུ་མི ་ཟད་པའི་ཟ་མ་ཏོག་གི་གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་། ཀུན་ནས་ཉོན་མོངས་པ་ཡང་བརྗོད་ལ། ཀུན་ནས་ཉོན་མོངས་པའི་ཆོས་ཀྱིས་ཀྱང་ཀུན་ནས་ཉོན ་མོངས་པར་ཡང་མི་འགྱུར་རོ།། རྣམ་པར་བྱང་བའི་ཆོས་ཀྱང་བརྗོད་ལ། རྣམ་པར་བྱང་བའི་ཆོས་ཀྱིས་ཀྱང་རྣམ་པར་དག་པར་མི་འགྱུར་ཏེ། ཤིན་ཏུ་རྣམ་པར་དག་པའི་ཕྱིར། ་དཔེར་ན་ཡི་གེ་རྣམས་ནི་གང་ནས་ཀྱང་མ་འཕོས་ལ་གོ་བར་ཡང་བྱེད་པ་དེ་བཞིན་དུ། ཆོས་ཐམས་ཅད་ནི་གང་ནས་ཀྱང་མ་འཕོས་ལ། གོ་བར་ཡང་བྱེད་པ་དེ་གཞན་གྱི ་སེམས་ཀྱང་རྣམ་པར་དག་པར་བྱེད་དོ།། དཔེར་ན་ཡི་གེ་བརྗོད་པ་རྣམས་ཀྱང་ཕྱོགས་མཚམས་སུ་འགྲོ་བ་མེད་ལ། མ་བརྗོད་པ་རྣམས་ཀྱང་ནང་དུ་སྩོགས་པ་མེད་པ་བཞིན་དུ ་ཆོས་བརྗོད་པ་འམ། བསྟན་པ་ཐམས་ཅད་ཀྱང་ཕྱོགས་དང་ཕྱོགས་མཚམས་སུ་འགྲོ་བ་མེད་ལ། མ་བསྟན་པ་རྣམས་ཀྱང་ནང་དུ་སྩོགས་པ་མེད་དོ།། དཔེར་ན་ཡི་གེ་རྣམས་ནི་གཟུག ་མེད་ཅིང་བསྟན་དུ་མེད་པར་འབྱུང་བ་དེ་བཞིན་དུ། ཆོས་རྣམས་ཀྱང་གཟུགས་མེད་ཅིང་བསྟན་དུ་མེད་པར་སེམས་ཀྱི་དམིགས་པ་རྣམས་ལས་འབྱུང་ངོ་།། དཔེར་ན་ཡི་གེ་རྣམས ་ནི་སྐད་ཅིག་པ་དང་། ཡ་མ་བརླ་དང་། གསོ་བ་དང་། གསོག་ཡིན་ལ། དེ་རྣམས་ཀྱི་བྱེད་པ་པོ་འགའ་ཡང་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་སྐད་ཅིག་པ་དང་། ཡ་མ ་བརླ་དང་། གསོ་བ་དང་ག་སོག་ཡིན་ལ། དེ་རྣམས་ཀྱི་བྱེད་པ་པོ་འགའ་ཡང་མེད་དོ།། དཔེར་ན་ཡི་གེ་རྣམས་ནི་ཆགས་པ་ཡང་མེད། སྡང་བ་ཡང་མེད། རྨོངས་པ ་ཡང་མེད་པ་དང་། ཡི་གེའི་རྣམ་པར་རིག་བྱེད་དེས་ཀྱང་། བྱིས་པ་རྣམས་རྗེས་སུ་ཆགས་པ་འམ། ཁོང་ཁྲོ་བ་འམ། རྨོངས་པར་འགྱུར་བ་དེ་བཞིན་དུ་ཆོས་ཐམས་ཅད་ཆགས ་པའང་མེད། སྣང་བའང་མེད། རྨོངས་པའང་མེད་པར་ཡོངས་སུ་རྟོག་པ་ལ་མངོན་པར་ཞེན་པས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྐྱེ་བར་འགྱུར་རོ།། དཔེར་ན་ཡི ་གེས་བརྡས་ནི་འབྲས་བུ་ཐོབ་ཡང་བསྟན་ལ་ཡི་གེ་རྣམས་ཀྱིས་ཐོབ་པ་ཡང་མེད། མངོན་སུམ་དུ་བྱ་བ་ཡང་མེད་པ་དེ་བཞིན་དུ། ཆོས་རྣམ་པར་གཞག་པས་འབྲས་བུ་ཐོབ་པ ་བསྟན་མོད་ཀྱི། འདི་ལ་ཆོས་འགའ་ཐོབ་པ་འམ། མངོན་སུམ་དུ་བྱ་བ་ཡང་མེད་དོ།། དཔེར་ན་ཆོས་གང་ཡང་ཡི་གེ་རྣམས་ཀྱིས་མ་བསྡུས་པ་མེད་པ་དེ་བཞིན་དུ། ཆོས་གང་། ་ཡང་བྱང་ཆུབ་ཀྱི་མ་བསམ་པ་མེད་དེ། ཀླུའི་བདག་པོ་དེ་ལྟར་ན་མི་ཐོད་པའི་ཟམ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཡི་གེ་རྣམས་ཁོ་ནས་བྱང་ཆུབ་ཚོལ་བར། ་བྱེད་དོ།། ཡི་གེ་རྣམས་ཁོ་ནས་བྱང་ཆུབ་སྟོན་པར་བྱེད་དོ།། ཡི་གེ་རྣམས་ཁོ་ནས་བྱང་ཆུབ་གླེང་པར་བྱེད་དོ།། ཡི་གེ་རྣམས་ཁོ་ནས་བྱུང ་ཆུབ་ལ་རེག་པར་བྱེད་དོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཐོབ་པས། སྟོབས་བཅུ་ཐོབ་པར་འགྱུར་རོ།། མི་འཇིགས་པ་བཞི ་དང་། མ་འདྲེས་པ་བཅོ་བརྒྱད་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་བཅུ་དང་བླ་ན་མེད་པའི་ཤེས ་རབ་ཐོབ་པར་འགྱུར་ཏེ། དེའི་ཤེས་རབ་དེ་ཡང་སེམས་ཅན་ཐམས་ཅད་གཟུགས་མེད་པར་སྒྲོལ་བའོ།། ཉོན་མོངས་པ་ཐམས་ཅད་སྲེག་པའོ།། སེམས་ཅན་ཐམས་ཅད ་ཡོངས་སུ་སྨིན་པར་བྱེད་པའོ།། ཆུ་བོ་བཞི་ལས་སྒྲོལ་བའོ།། བདུད་བཞི་རྣམ་པར་འཇོམས་པའོ།། སེམས་ཅན་ཐམས་ཅད་ལ་འཛུམ་པའི་བཞིན་སྟོན་པའོ།། སེམས་ཅན ་ཐམས་ཅད་མགུ་བར་བྱེད་པའོ།། ཤེས་རབ་རིན་པོ་ཆེའི་སེམས་ཡང་དག་པར་བསྐྱེད་པར་བྱེད་པའོ།། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱེད་པའོ།། ཕས་ཀྱི ་རྒོལ་བ་ཐམས་ཅད་ཡང་དག་པར་འཇོམས་པའོ།། ཉོན་མོངས་པའི་མཆེ་བ་ཕྱེ་མར་ཀློག་པའོ།། གསང་བ་གསུམ་གྱི་གསང་སྔགས་ཀྱི་ཀུན་དུ་བསྲུང་བའི་གཟུངས་སོ།། ་ཆོས་ཐམས་ཅད་ལ་རྣམ་པར་ལྟ་བའོ།། ཉོན་མོངས་པའི་ཁུར་ལས་སྒྲོལ་བའོ།། འཇིགས་པ་དང་སྐྲག་པ་ཐམས་ཅད་ལས་བྲལ་བའོ།། རྒྱ་ཆེ་ཞིང་ཟབ་པའི་ཆོས་ལ ་བལྟ་བའོ།། སེང་གེའི་རྩ་ལ་སྤྱོད་པའོ།། སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བའོ།། མྱ་ངན་ལས་འདས་པའི་ལམ་དུ་འགྲོ་བའོ།། མངོན་པར་ཤེས་པ་ལྔ་རྟོགས ་པར་ཁོང་དུ་ཆུད་པའོ།། བསམོ་གཏན་རྩེ་གཅིག་པ་ལ་དགའ་བའོ།། འཕགས་པའི་བདེན་པ་བཞིའི་ཁ་དང་ལྡན་པའོ།། སྤྱན་ལྔའི་མིག་བཟང་པོ་དང་ལྡན་པའོ།། ་ནམ་མཁའི་དཀྱིལ་མཐའ་དག་གི་ལུས་དང་ལྡན་པའོ།། ཆོས་ཀྱི་དབྱིངས་དང་མཉམ་པའི་དཔྲལ་བ་དང་ལྡན་པའོ།། དེ་བཞིན་ཉིད་ཀྱི་མགྲིན་པ་དང་ལྡན་པའོ།། མི་སྐྱེ་བ ་ལྕེ་དང་ལྡན་པའོ།། མཉམ་པ་ཉིད་དུ་རོ་གཅིག་པའོ།། ཆོས་ཐམས་ཅད་ལ་ཐོས་པ་འཛིན་པའོ།། སྒྲ་ཐམས་ཅད་རྟོགས་པའི་ཐོས་པ་དང་ལྡན་པའོ།། དྲི་ལ་རྗེས ་སུ་ཆགས་པ་མེད་པའོ།། དྲི་ལ་ཁོང་ཁྲོ་བ་མེད་པའོ།། དྲི་ཐམས་ཅད་རིག་པའོ།། དྲན་པ་ཉེ་བར་གཞག་པ་བཞིའི་མགོ་དང་ལྡན་པའོ།། ཚངས་པའི་གནས་གཞིའི་སྒྲ་དྲི ་ཞིམ་པོ་དང་ལྡན་པའོ།། རྣམ་པར་ཐར་པ་གསུམ་གྱི་གཙུག་ཕུད་དང་ལྡན་པའོ།། ཡང་དག་པའི་སྤོང་བ་བཞིའི་ཐལ་གོང་ཤིན་དུ་རྒྱས་པ་དང་ལྡན་པའོ།། རྫུ་འཕྲུལ་གྱི། ་རྐང་པ་བཞིའི་དཔུང་མགོ་དང་ལྡན་པའོ།། སྟོབས་ལྔའི་ཐོང་ཀ་ཤིན་དུ་ཡངས་པ་དང་ལྡན་པའོ།། དབང་པོ་ལྔའི་ལྟེ་བ་ཤིན་དུ་ཟབ་པ་དང་ལྡན་པའོ།། བྱང་ཆུབ་ཀྱི་ཡན་ལག ་བདུན་གྱི་སྟོབས་དང་ལྡན་པའོ།། ཡན་ལག་བརྒྱད་པའི་སྟ་ཟུར་དང་ལྡན་པའོ།། ཡེ་ཤེས་མཐའ་ཡས་པའི་སྤུའི་ཁུངས་བུ་དང་ལྡན་པའོ།། དགེ་བའི་རྩ་བ་ཕུན་སུམ ་ཚོགས་པ་ཐམས་ཅད་འདྲེན་པའི་ལག་པ་དང་ལྡན་པའོ།། དགེ་བ་བཅུའི་ལས་ཀྱི་ལམ་ལེགས་པར་བསྲུང་བའི་སོར་མོ་དང་ལྡན་པའོ།། ངོ་བོ་ཉིད ་ཀྱིས་རྣམ་པར་དག་པའི་ཆོས་ཉིད་མཐོང་བ་དང་། བསྒོམ་པའི་སེན་མོ་དང་ལྡན་པའོ།། ཆོས་ཐམས་ཅད་ལ་སོམ་ཉི་མེད་པའི་རྩིབས་ལོགས་དང་ལྡན་པའོ།། སའི་རིམ་པའི ་ཚུལ་ཐོབ་པའི་རྒལ་ཚིགས་དང་ལྡན་པའོ།། དུས་ལས་མི་འདའ་བར་ཆོས་སྟོན་པའི་སྟོབས་དང་ལྡན་པའོ།། བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས ་པར་འཇུག་པ་ཐམས་ཅད་ལ་ཡོངས་སུ་སྦྱང་བ་ལེགས་པར་བྱས་པའི་ཞི་གནས་དང་། ལྷག་མཐོང་གི་རཱི་དང་ལྡན་པའོ།། ཆོས་ཀྱི་ངེས་པ་ལ་འཇུག་པའི་པུས་མོ་དང་ལྡན་པའོ།། ་ཆོས་ཇི་ལྟ་བ་བཞིན་དུ་སྟོན་པའི་རྗེ་ངར་དང་ལྡན་པའོ།། ཆོས་རྟོགས་པས་བསྲུང་བའི་རྣམ་པར་དྲན་པ་དང་ལྡན་པའོ།། ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མེ་ལོང ་དང་ལྡན་པའོ།། ཕྱོགས་བཅུར་འགྲོ་བའི་རྐང་པ་དང་ལྡན་པའོ།། སྙན་པ་མཚམས་སྦྱོར་བའི་འགྲོ་ཞིང་འོང་བ་དང་ལྡན་པའོ།། ངོ་ཚ་ཤེས་པ་ཁྲེལ་ཡོད་པའི་གོས་གྱོན་པའོ།། ་བྱང་ཆུབ་ཀྱི་ཡན་ལག་གི་ཆོས་མེ་ཏོག་གི་ཕྲེང་བས་བརྒྱན་པའོ།། ཤིན་ཏུ་རྣམ་པར་སྤེལ་བའི་ཚིག་གིས་ཆོས་སྟོན་པའོ།། མཐུན་པ་དང་མི་མཐུན་པ་དང་བྲལ་བའོ།། འཆི་འགྲོ ་བ་དང་། འགྲོ་བ་དང་། སྐྱེ་བའི་ཤེས་རབ་དང་། ཡེ་ཤེས་དང་། མངོན་པར་ཤེས་པ་ཟབ་མོའི་ཕྱི་མའི་སྒོ་བས་དགོས་པའོ།། ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་ཡས་པའི་བྱུག་པ ་པ་དང་ལྡན་པའོ།། ཚངས་པའི་གཡོག་འཁོར་དང་ལྡན་པའོ།། ཚངས་པའི་ལམ་མྱ་ངན་ལས་འདས་པའི་ལམ་དང་ལྡན་པའོ།། ལམ་བཟང་པོ་སྟོན་པའོ།། ཐར་པའི་ལམ་དུ ་ཁྲིད་པའོ།། འགྲོགས་ན་བདེ་བའི་མཛའ་བཤེས་དང་། མཛའ་བའི་མཆོག་དང་ལྡན་པའོ།། སེམས་ཅན་ཐམས་ཅད་ཀྱི་རྩ་ལག་གོ།། སྙིང་རྗེ་ཆེན་པོ་དང་ལྡན་པའོ།། སེམ ་ཅན་ཐམས་ཅད་ཀྱི་ཕན་པ་ཚོལ་བའོ།། སྐྱེས་བུ་མཆོག་གོ།། སྐྱེས་བུ་ཆེན་པོའོ།། སྐྱེས་བུ་དམ་པའོ།། སྐྱེས་བུ་ཁྱུ་མཆོག་གོ།། སྐྱེས་བུ་སེང་གེའོ།། སྐྱེས་བུ་པད་མོའོ།། ་སྐྱེས་བུ་པད་མ་དཀར་པོའོ།། སྐྱེས་བུ་གཅེས་པར་འཛིན་པའོ།། སྐྱེས་བུ་གཙོ་བོའོ།། སྐྱེས་བུ་ཅང་ཤེས་སོ།། སེམས་ཅན་ཐམས་ཅད་ཕོངས་པ་དང་སྡུག་བསྔལ་ལས ་ཐར་པར་བྱེད་པའོ།། སེམས་ཅན་ཐམས་ཅད་ལ་སྙིང་རྩེ་བའོ།། སེམས་ཅན་ཐམས་ཅད་ངེས་པར་གྲོལ་བའོ།། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་གཅོད ་པའོ།། བདུད་རྩིའི་ཆོས་ཀྱི་མཆོག་སྟོན་པའོ།། བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ཡང་དག་པར་འཛིན་པའོ།། ཆོས་ཐམས་ཅད་ལ་དབང་ཐོབ་པའོ།། སེམས་ཅན་ཐམས ་ཅད་ཀྱི་བདག་པོའོ།། ཕ་མ་དང་ཉེ་དུར་གྱུར་པའོ།། འཇིག་རྟེན་གྱི་ཆོས་བརྒྱད་ལས་ཡང་དག་པར་འདས་པའོ།། འཇིག་རྟེན་ཐམས་ཅད་ཀྱི་རྗེས་སུ་མཐུན་པའོ།། ཆོས་ཀྱི་དབང ་ཕྱག་གོ།། སེམས་ལ་དབང་བྱེད་པའོ།། བསྟན་ཆོས་དང་ཡི་གེ་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པའོ།། བྱང་ཆུབ་ཐམས་ཅད་མཁྱེན་པ་ཉིད་ནི་དེའི་གྲོགས་བྱེད་པའོ།། སྦྱིན ་པའི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་གོས་དང་། ཟས་དང་། སྐོམ་དང་གཟའ་བའི་བྱ་བ་བྱེད་པའོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེའི ་དུས་ཚིགས་ཀྱི་བདེ་བ་བྱེད་པའོ།། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་ཐམས་ཅད་ལས་མི་འཇིགས་པར་བྱེད་པའོ།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་ལེགས་པར་བྱ ་བའི་ལས་བྱེད་པའོ།། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་འགྱོད་པ་མེད་པར་བྱེད་པ་དང་། ཉེ་བར་ཞི་བར་བྱེད་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེའི་ཆོས་ཐམས ་ཅད་ཡོངས་སུ་དག་པར་བྱེད་པའོ།། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ནི། དེའི་གཉིས་ཀའི་དོན་བྱེད་པའོ།། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་ཅི་འདོད་པའི་དོན ་ཡང་དག་པར་ཐོབ་པར་བྱེད་པའོ།། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་ཉོན་མོངས་པ་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པའོ།། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་དུས ་གསུམ་ལ་ཡེ་ཤེས་ཐོགས་པ་མེད་པར་བྱེད་པའོ།། བྱམས་པ་ནི་དེའི་ཐམས་ཅད་ཀྱི་ཕན་པ་སྒྲུབ་པར་བྱེད་པའོ།། སྙིང་རྗེ་ནི་དེའི་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་སེལ ་བར་བྱེད་པའོ།། དགའ་བ་ནི་དེའི་རངས་པ་དང་དགའ་བར་བྱེད་པའོ།། བཏང་སྙོམས་ནི་དེའི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤོང་བར་བྱེད་པའོ།། བདེན་པའི་གཏམ་ནི་དེའི ་འཇིག་རྟེན་ཐམས་ཅད་ལ་མི་སླུ་བར་བྱེད་པ་སྟེ། ཀླུའི་བདག་པོ་འདི་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ཁ་དོག་དང་ལུས་ཡིན་ནོ།། བྱང་ཆུབ་སེམས་དཔའ་གང་གཟུགས ་འདིས་ཆོས་ཀྱི་ཀུན་དགའ་ལ་དགའ་བ་དེ་ནི་རྒྱལ་པོའི་བཙུན་མོའི་འཁོར་གྱི་ནང་ན། མགོ་བོར་གྱུར་པ་ལྟ་བུ་ཡིན་ནོ།། བརྒྱ་བྱིན་རི་རབ་ཀྱི་ཟོམ་ན་བདག་པོར་གྱུར་པ་ལྟ་བུ ་ཡིན་ནོ།། ཚངས་པ་ལྟ་བུར་ཚངས་པར་གྱུར་པ་ཡང་ཡིན་ནོ།། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ལྟ་བུར་ལུས་ཁྱད་པར་དུ་འཕགས་པ་ཡང་ཡིན་ནོ།། རྒྱ་མཚོ་གཏིང ་དཔག་དཀའ་ཞིང་མུ་མེད་པ་ལྟ་བུ་ཡང་ཡིན་ནོ།། རི་རབ་ལྟ་བུར་བསོད་ནམས་དག་གི་མངོན་པར་འཕགས་པ་ཡང་ཡིན་ནོ།། ལྷ་རྣམས་ཀྱི་སྙིང་དུ་སྡུག་པ་དང་ཡིད་དུ་འོང་བ་ཡང ་ཡིན་ནོ།། ཕ་མའི་བུ་གཅིག་པ་ལྟ་བུ་ཡང་ཡིན་ནོ།། ནམ་མཁའི་དཀྱིལ་ན་ཟླ་བ་ཉ་བ་ལྟ་བུར་ལྟ་ན་སྡུག་པ་ཡང་ཡིན་ནོ།། སྟོན་པ་ལྟ་བུར་ལྷོ་དང་མི་རྣམས་ཀྱིས་ཕྱག་བྱ ་བའི་གནས་ཀྱང་ཡིན་ནོ།། ཉི་མ་ཤར་བ་ལྟ་བུར་སྣང་བར་བྱེད་པ་ཡང་ཡིན་ནོ།། ནགས་ན་འདུག་པའི་རྨ་བྱ་ལྟ་བུ་སྐད་སྙན་པ་ཡང་ཡིན་ནོ།། རིའི་ཕུག་ན་འདུག་པའི་ཕ་སེང་གེ ་ལྟར་ཆོས་ཀྱི་སྒྲ་ཆེན་པོ་སྒྲོགས་པ་ཡང་ཡིན་ནོ།། སེམས་ཤིན་ཏུ་དུལ་བའི་གླང་པོ་ཆེ་ལྟ་བུ་ཅང་ཤེས་ཀྱི་ཟས་ལ་ལོངས་སྤྱོད་པ་ཡང་ཡིན་ནོ།། ཆོས་ཀྱི་རྒྱལ་པོ་འཁོར་ལོས ་བསྒྱུར་བ་ལྟ་བུར་ཆོས་ཀྱི་རྒྱལ་སྲིད་སྟོན་པ་ཡང་ཡིན་ནོ།། ཀླུའི་ཚོགས་རྩེ་བ་ལྟ་བུར་ཆོས་ཀྱི་སྤྲིན་འགྱེད་པ་ཡང་ཡིན་ནོ།། ཀླུའི་བདག་པོ་ཆར་ཆེན་པོ་འབེབས་པ་ལྟ་བུར། ཆོས ་ཀྱི་འབྲུག་སྒྲ་མངོན་པར་སྒྲོགས་པ་ཡང་ཡིན་ནོ།། བརྒྱ་བྱིན་ལྟ་བུར་དུས་སུ་ཆོས་ཀྱི་ཆར་ཆེན་པོ་འབེབས་པ་ཡང་ཡིན་ནོ།། དཔའ་བོས་གཞན་གྱི་དམག་ལ་བྱ་བ་ལྟ་བུར་མུ ་སྟེགས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཡང་ཡིན་ནོ།། ཆུའི་རྒྱུན་གྱིས་མེད་ལ་བྱ་བ་ལྟ་བུར་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡ ་ཡིན་ནོ།། རླུང་གིས་ཕུབ་མ་སྦར་གང་ལ་བྱ་བ་ལྟ་བུར་བདུད་ཐམས་ཅད་ཟིལ་གྱིས་གནོན་པ་ཡང་ཡིན་ནོ།། མ་མས་བྱིས་པ་བྱ་བ་ལྟ་བུར་སེམས་ཅན་ཐམས་ཅད་དང་མཐུན ་པར་བྱེད་པ་ཡང་ཡིན་ནོ།། ས་གཞི་རྫས་རྣམས་ཀྱིས་མི་བསྐྱོད་པ་ལྟ་བུར། བདེ་བ་དང་སྡུག་བསྔལ་རྣམས་ཀྱིས་མི་བསྐྱོད་པ་ཡང་ཡིན་ནོ།། རླུང་གིས་ཤིང་གིས་ལོ་མ་རྣམ ་ལ་བྱ་བ་ལྟ་བུར་ཕས་ཀྱི་རྒོལ་བ་ཐམས་ཅད་གཡོ་བར་བྱེད་པ་ཡང་ཡིན་ནོ།། རྣམ་ཐོས་ཀྱི་བུ་རིན་པོ་ཆེ་ཐམས་ཅད་འབྱོར་པ་ལྟ་བུར། ཆོས་ཀྱི་ནོར་མཐུན་པར་སྦྱིན་པ་ཡང་ཡིན་ནོ།། ་འགྲོ་བ་ཐམས་ཅད་ཀྱི་བཀོད་པའི་སྙིང་པོ་ཞེས་བྱ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ཡང་ཡིན་ཏེ། ཀླུའི ་བདག་པོ་དེ་ལྟར་ན་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པ་ཞེས་བརྗོད་དོ།། ཀླུའི་བདག་པོ་དཔེར་ན། རྒྱ་མཚོ་ཆེན ་པོ་ནི་རིན་པོ་ཆེ་ཆེན་པོ་ཐམས་ཅད་ཀྱི་འབྱུང་གནས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་ཟ་མ་ཏོག་ཡིན་པ་དེ་བཞིན་དུ། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས ་དཔའ་ནི། ཆོས་ཐམས་ཅད་ཀྱི་འབྱུང་གནས་དང་། ཆོས་ཐམས་ཅད་ཀྱི་ཟ་མ་ཏོག་ཡིན་ནོ།། ཀླུའི་བདག་པོ་དཔེར་ན། སྤོས་ཕྲག་དུ་མ་ཡོད་པའི་སྤོས་ཀྱི་ཟ་མ་ཏོག་ནི། སེམས ་ཅན་ཐམས་ཅད་སྤོས་ཀྱིས་ཡོངས་སུ་མགུ་བར་བྱེད་པ་དེ་བཞིན་དུ། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལེགས་པར་སྨྲ ་བས་ཡང་དག་པར་མགུ་བར་བྱེད་དོ།། ཀླུའི་བདག་པོ་གཞན་ཡང་གཟུངས་འདི་ནི་སྒྲ་ཐམས་ཅད་ལ་འཇུག་པ་སྟེ། འདི་ན་བྱང་ཆུབ་ཀྱི་སེམས་ཤེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན ་གཤེགས་པ་རིན་ཆེན་གདུགས་གཅིག་པའི་སངས་རྒྱས་ཀྱི་ཞིང་མི་ཟད་པ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་ན་མཉམ་པར་གཞག་པ་ཞེས་བྱའོ།། འདི་ན་ཐམས་ཅད་མཁྱེན་པ་ཉིད ་ཅེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུའི་སངས་རྒྱས་ཀྱི་ཞིང་ཁྱད་པར་བསྡུས་པའི་འཇིག་རྟེན་གྱི་ཁམས་ན་ཐམས་ཅད་དང་ལྡན་པ་ཞེས་བྱའོ།། འདི་ན ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་གྲུབ་པར་གཤེགས་པའི་སངས་རྒྱས་ཀྱི་ཞིང་། ཞི་བའི་འཇིག་རྟེན་གྱི་ཁས་ན་གཟི་བྱིན་ཅན་ཞེས ་བྱའོ།། འདི་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་མྱ་ངན་དང་བྲལ་བའི་སངས་རྒྱས་ཀྱི་ཞིང་། མྱ་ངན་མེད་པའི་འཇིག་རྟེན་གྱི་ཁམས ་ན། ལེགས་སོ་ཞེས་བྱ་བའི་ཚུལ་ཞེས་བྱའོ།། འདི་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་དྲི་མ་མེད་པའི་ཞལ་གྱི་སངས་རྒྱས་ཀྱི་ཞིང་དྲི ་མ་མེད་པའི་འཇིག་རྟེན་གྱི་ཁམས་ན་རྒྱ་ཆེན་པོ་མི་ཟད་པ་དང་ལྡན་པ་ཞེས་བྱའོ།། འདི་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དྲི་མེད་འོད་ཀྱི ་སངས་རྒྱས་ཀྱི་ཞིང་ཀུན་ཏུ་སྣང་བའི་འཇིག་རྟེན་གྱི་ཁམས་ན་སྒྲོལ་བ་ཞེས་བྱའོ།། འདི་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ ་དེ་ནི། དེ་བཞིན་གཤེགས་པ་བསྟན་པའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་སྙིང་པོ་ཅན་གྱི་ཁམས་ན། ཉེ་བར་ཞི་བར་སྤྱོད་པ་ཞེས་བྱའོ།། འདི་ན་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་གཤེགས་པ་སྤྲིན་གྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་སྤྲིན་ལྡན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། ཡོངས་སུ་དག་པ་ཞེས་བྱའོ།། ་འདི་ན་ཐབས་ལ་མཁས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་ཕྱག་དྲི་མ་མེད་པའི་སངས་རྒྱས་ཀྱི་ཞིང་། མཆོག་དམ་པའི་འཇིག་རྟེན་གྱི་ཁམས་ན་འཇིག ་རྟེན་དང་མཐུན་པ་ཞེས་བྱའོ།། འདི་ན་བྱམས་པ་དང་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཤེས་བྱ་བ་གང་ཡིན་པ་དེ་དག་ནི། དེ་བཞིན་གཤེགས་པ་དོན་གྲུབ་ཀྱི ་སངས་རྒྱས་ཀྱི་ཞིང་ལེགས་པའི་འཇིག་རྟེན་གྱི་ཁམས་ན་ཕན་དང་ཡིད་དུ་འོང་བ་དང་། ཐུབ་པ་དང་གཉི་ག་ལས་ཞི་བ་ཞེས་བྱའོ།། འདི་ན་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། ་འགོག་པ་དང་། ལམ་ཞེས་བྱ་བ་གང་ཡིན་པ་དེ་དག་ནི་དེ་བཞིན་གཤེགས་པ་དཔལ་སྲུང་གི་སངས་རྒྱས་ཀྱི་ཞིང་རྨད་དུ་མ་མཆིས་པའི་འཇིག་རྟེན་གྱི་ཁམས་ན་རྩ་དང་། རྩ་བའི ་རྗེས་སུ་འགྲོ་བ་དང་། རྩ་བཞི་པར་འགྱུར་རོ།། འདི་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཞེས་བྱ་བ་གང་ཡིན་པ་དེ་དག་ནི། གཞན་གནས་པ་རྣམས་ཞེས་བྱའོ།། འདི་ནི་ཡང ་དག་པར་སྤོང་བ་རྣམས་ཞེས་བྱ་བ་གང་ཡིན་པ་དེ་ནི་གཞན་དག་ན་ཁྱད་པར་དུ་སྒྲོལ་བ་རྣམས་ཤེས་བྱའོ།། འདི་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཤེས་བྱ་བ་གང་ཡིན་པ་དེ་དག་ནི། ་གཞན་དག་ན་ཕྱོགས་སུ་འགྲོ་བ་རྣམས་ཤེས་བྱའོ།། འདི་ན་དབང་པོ་རྣམས་ཞེས་བྱ་བ་གང་ཡིན་པ་དེ་དག་ནི། གཞན་དག་ན་རབ་ཏུ་ཤེས་པ་རྣམས་ཤེས་བྱའོ།། འདི་ན་སྟོང ་ཤེས་བྱ་བ་གང་ཡིན་པ་དེ་དག་ནི། གཞན་དག་ན་བརྟན་པ་རྣམས་ཞེས་བྱའོ།། འདི་ན་བྱང་ཆུབ་ཀྱི་ཡན་ལག་རྣམས་ཤེས་བྱ་བ་གང་ཡིན་པ་དེ་དག་ནི། གཞན་དག་ན་རྗེས་སུ ་འགྲོ་བ་རྣམས་ཞེས་བྱའོ།། འདི་ན་ལམ་ཞེས་བྱ་བ་གང་ཡིན་པ་དེ་དག་ནི། གཞན་དག་ན་སྒྲོལ་ཞེས་བྱའོ།། འདི་ན་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་གང་ཡིན་པ ་དེ་དག་ནི། གཞན་དག་མངོན་སུམ་གྱི་སྒོ་བྱའོ།། འདི་ན་ཆོས་ཀྱི་སྦྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། གཞན་དག་ན་ལེགས་པར་སྡུད་པ་ཞེས་བྱའོ།། འདི་ན་ཞི་གནས ་དང་ལྷག་མཐོང་ཞེས་བྱ་བ་གང་ཡིན་པ་དེ་དག་ནི། གཞན་དག་ན་ཉེ་བར་ཞི་བ་དང་། རྣམ་པར་ལྟ་བ་ཞེས་བྱའོ།། འདི་ན་རྣམ་པར་ཐར་པ་ཞེས་བྱ་བ་གང་ཡིན་པ་དེ་དག་ནི། ་གཞན་དག་ན་དོན་ཡོད་པ་ཞེས་བྱའོ།། འདི་ན་བསོད་ནམས་ཞེས་བྱ་བ་གང་ཡིན་པ་དེ་ནི་གཞན་དག་ན་ཕན་པ་ཞེས་བྱའོ།། འདི་ན་ཡེ་ཤེས་ཤེས་བྱ་བ་གང་ཡིན་པ་དེ་ནི།། གཞན ་དག་ན་རྟོགས་བྱེད་ཅེས་བྱའོ།། འདི་ན་རབ་ཏུ་བྱུང་བ་ཞེས་བྱ་བ་གང་ཡིན་པ་དེ་ནི། གཞན་དག་ན་ལམ་གྱི་རྗེས་སུ་འགྲོ་བ་ཞེས་བྱའོ།། འདི་ན་བསྙེན་པ་རྫོགས་པ་ཞེས་བྱ་བ ་གང་ཡིན་པ་དེ་ནི། གཞན་དག་ན་འདའ་བར་མི་བྱ་བ་ཞེས་བྱའོ།། འདི་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། གཞན ་དག་ན་ཉེ་བར་ཞི་བ་ཞེས་བྱའོ།། འདི་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྔགས་པ་མཐའ་ཡང་བ་དང་ལྡན་པོའོ་ཞེས་བྱ་བ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་ཁམས་གཞན ་དག་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བགེགས་མེད་པའི་ཚུལ་ཅན་ཞེས་བྱའོ།། ཀླུའི་བདག་པོ་ངེས་པའི་ཚིག་གི་ཆོག་དང་། བརྡའི་ཚིག་གི་ཚིག་འདི་དག་ནི། ་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ཏུ་འབྱུང་སྟེ། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔས་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དེ་དག་གི ་ངེས་པའི་ཚིག་ཤེས་སོ།། ཀླུའི་བདག་པོ་ངེས་པའི་ཚིག་གི་ཚིག་དང་། བརྡའི་ཚིག་གི་ཚིག་བསྟན་པ་ཕྱོགས་བཅུ་དག་ཏུ་འབྱུང་བ་གང་ཡིན་པ་དེ་དག་ནི། བསྐལ་པ་འམ། ་བསྐལ་པ་ལས་ལྷག་པར་ངས་བསྟན་ཀྱང་། སངས་རྒྱས་ཀྱི་ཞིང་གི་ངེས་པའི་ཚིག་གི་ཚིག་དང་། བརྡོའི་ཚིག་གི་ཚིག་བསྟན་པ་མཐར་ཐུག་པ་གང་ཡང་མེད་དོ།། མི་ཟད་པའི ་ཟ་མ་ཏོག་གི་གཟུངས་འདི་བསྟན་པ་ན། བྱང་ཆུབ་སེམས་དཔའ་དྲུག་ཁྲིས་གཟུངས་ཐོབ་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་རྒྱ་སྟོང་གིས་ནི་མི་སྐྱེ་བའི་ཆོས་རྣམས་ལ་བཟོད ་པ་ཐོབ་པར་གྱུར་ཏོ།། མི་སུམ་ཁྲི་ཉིས་སྟོང་གིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་། ཀླུའི་རྒྱལ ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་མུན་པ་མུག་ནག་དང་བྲལ་བའི། ལམ་འདིས་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར ་བསྒྲུབ་པར་བྱེད་དོ།། །། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ལེའུ་སྟེ་གསུམ་པའོ།། ། ་། ཀླུའི་བདག་པོ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པས་ཀྱང་ཆེས་གྲངས་མེད་པ་ཡུན་རིང་པོ་དཔག་ཏུ་མེད་པ་བསམ་གྱིས་མི ་ཁྱབ་པའི་སྔ་རོལ་ཏུ་ཕྱིན་པ་དེའི་ཚེ་དེའི་དུས་ན། བསྐལ་པ་རྣམ་པར་སྦྱོར་བ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་ཁྱད་པར་གྱི་ཡོན་ཏན་བཀོད་པ་བསྡུས་པ་ཞེས་བྱ་བར་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས། ཚངས་པའི་དཔལ་ལྷའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་ངོ་།། དེའི་ཚེ་དེའི་དུས ་ན་འཇིག་རྟེན་གྱི་ཁམས་ཁྱད་པར་གྱི་ཡོན་ཏན་བཀོད་པ་བསྡུས་པ་དེ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་བ་དང་། སྐྱེ་བོ་མང་པོ ་དང་ལྷ་དང་མི་རྣམས་ཀྱིས་གང་བར་གྱུར་ཏོ།། སངས་རྒྱས་ཀྱི་ཞིང་འདིན། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་རྒྱ་བ་ཇི་ཙམ་གྱི་གླིང་བཞི་པར་གྱུར་ལ། དེ་ལྟ་བུའི་གླིང་ངན ་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་རྒྱན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་པོ་དེའི་འཇིག་རྟེན་གྱི་ཁམས ་ཁྱད་པར་གྱི་ཡོན་ཏན་བཀོད་པ་བསྡུས་པར་གྱུར་ཏེ། དེ་ལྟར་ཐག་གྲུ་ཆེ་ཞིང་ཡངས་པ་དེ་ལྟར་ཚད་མེད་དོ།། འཇིག་རྟེན་གྱི་ཁམས་འདི་ནོར་བུ་རིན་པོ་ཆེ་རྡོ་རྗེའི་འོད་འདྲ་བ ་གྱུར་ཏེ། དེ་ཉིད་ཀྱི་སྣང་བས་རྟག་ཏུ་སྣང་བར་གྱུར་ཏོ།། འཇིག་རྟེན་གྱི་ཁམས་དེ་རིན་པོ་ཆེའི་དྲ་བས་ཀུན་དུ་ཁེབས་ཤིང་དར་གྱི་ལྔ་ལྡི་མང་པོ་ནི་བརྟགས། གདུགས་དང ་རྒྱལ་མཚན་དང་བ་དན་སྒྲེང་པས་ནི་ལེགས་པར་བརྒྱན། བླ་རེ་ཆེན་པོ་ནི་འབྲེས། མཚན་མོ་སིལ་སྙན་དང་གླུ་དབྱངས་ཀྱི་སྒྲ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི ་ཁམས་ཐམས་ཅད་མངོན་པར་གོ་བར་བྱས་ཏེ། སིལ་སྙན་དང་གླ་དབྱངས་ཀྱི་སྒྲ་དེ་དག་ལས་འདོད་པ་དང་ལྡན་པ་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་། ཉོན་མོང ་པ་རབ་ཏུ་འབར་བའི་སྒྲ་ནི་མི་འབྱུང་གི། ཞི་བ་དང་རབ་ཏུ་ཞི་བ་དང་། ཆོས་ཀྱི་དགའ་བ་དང་མགུ་བ་དང་ལྡན་པའི་སྒྲ་དེ་དག་འབའ་ཞིག་འབྱུང་བར་འགྱུར་ཏེ། དེ་ཐོས་པ་ཙམ་གྱི ་ལྷ་དང་མི་ཐམས་ཅད་ཀྱི་དྲན་པ་དང་། ཉེ་བར་ཞི་བ་དང་། དགའ་བ་དང་། བདེ་བ་ཐོབ་པ་ལ་ཉོན་མོངས་པ་ཐམས་ཅད་ཀྱང་དེ་དག་ལ་གནོད་པར་མ་གྱུར་ཏོ།། འཇིག ་རྟེན་གྱི་ཁམས་དེ་ཡང་ལག་མཐིལ་ལྟར་མཉམ་པ་ཀ་ཙ་ལིན་དེའི་གོས་ལྟར་འཇམ་ཞིང་རག་ན་བདེ་བར་གྱུར་ཏོ།། འཇིག་རྟེན་གྱི་ཁམས་དེ་ན་སློང་ངན་འགྲོར་གདགས་པ། ་མེད་དེ། ལྷ་དང་མི་དེ་དག་ཀྱང་དགའ་བ་འབའ་ཞིག་ཏུ་གྱུར་ཏོ།། དེ་དག་ནི་ཕལ་ཆེར་རྒྱལ་ཆེན་པོ་ལ་མོས་པ་དང་། ཐེག་པ་ཆེན་པོ་ལ་ཞུགས་པ་ཤ་སྟག་གོ།། ཉན་ཐོས ་དང་རང་སངས་རྒྱས་ཀྱི་ཐེག་པ་ནི་ཉུང་ངོ་།། དེ་དག་གི་ལོངས་སྤྱོད་ཐམས་ཅད་ཀྱང་ཡིད་ལ་བསམ་པས་འབྱུང་ལ། ལྷ་དང་མི་དེ་དག་བདེ་ཞིང་ལོངས་སྤྱོད་དང་ལྡན་པར ་གྱུར་ཏོ།། དེ་ན་སུ་ཡང་སྡུག་པ་དང་དབུལ་པོ་མེད་དེ། དཔེར་ན་དགའ་ལྡན་གྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཉེ་བར་སྤྱད་པ་ཇི་ལྟ་བ་བཞིན་དུ། དེ་ན་འཁོད་པའི་མི ་རྣམས་ཀྱང་དེ་དང་འདྲ་བར་གྱུར་ཏོ།། དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་ཀྱང་ལོ་འབུམ་ཕྲག་བརྒྱད་དུ་བསྒྲགས་པ་སྙེད་དུ་གྱུར་ཏོ།། མི་དེ་དག་གི་ཚེའི་ཚད་ཀྱང་དེ་ཉིད་དེ། ་དེ་ན་ཚེའི་མཐར་མི་ཕྱིན་པར་སུ་ཡང་འཆི་བ་མེད་དོ།། དེ་བཞིན་གཤེགས་པ་དེའི་བྱང་ཆུབ་སེམས་དཔའི་འཁོར་ཡང་ཁྲག་ཁྲིག་ཕྲག་བདུན་བཅུ་རྩ་གཉིས་ཡོད་པར་གྱུར ་ཏོ།། དེའི་ཉན་ཐོས་ཀྱི་དགེ་འདུན་ནི་ཚད་མེད་དོ།། ཀླུའི་བདག་པོ་དེའི་ཚེ་དེའི་དུས་ན། དེར་འཁོར་ལོ་སྒྱུར་བའི་རྒྱལ་པོ་གླིང་ཆེན་པོ་བཞིའི་དབང་ཕྱུག་གི་རྒྱལ་པོ་བསོད་ནམ ་མི་ཟད་པ་ཞེས་བྱ་བ་ཞིག་བྱུང་སྟེ། རྒྱལ་པོ་བསོད་ནམས་མི་ཟད་པ་དེའི་བཙུན་མོ་བུད་མེད་ལྷ་མོ་དང་འདྲ་བ་ཁྲག་ཁྲིག་བརྒྱ་ཕྲག་བརྒྱད་བཅུ་རྩ་བཞི་ཡོད་དེ། དེ་དག་དེའི་ནང་ན ་བཙུན་མོངས་པ་ནི་བནི་ཡང་བར་གྱུར་ཏེ། འདི་ལྟ་སྟེ་དྲི་མ་མེད་པ་ཞེས་བྱ་བ་དང་། དྲི་མེད་པའི་འོད་ཅེས་བྱ་བ་དང་། དག་པ་ཞེས་བྱ་བ་དང་། དག་ལྡན་པ་ཞེས་བྱའོ།། ་དེའི་བུ་ཡང་བརྒྱད་ཁྲི་བཞི་སྟོང་ཡོད་དེ། ཆེན་པོ་ཆེའི་སྟོབས་དང་ལྡན་ལ། མཚན་ཉི་ཤུ་རྩ་བརྒྱད་ཀྱི་གཟུགས་དང་ལྡན་པ། ཐེག ་པ་ཆེན་པོ་ལ་ཞུགས་པ་ཤ་སྟག་གོ།། ཀླུའི་བདག་པོ་རྒྱལ་པོ་བསོད་ནམས་མི་ཟད་པ་དེ་ཡང་གྲོང་ཁྱེར་ཆེན་པོ་དགའ་འབྱུང་ཞེས་བྱ་བ་ན་གནས་སོ།། གྲོང་ཁྱེར་ཆེན་པོ་དེ་ཡང ་ཤར་དང་ནུབ་དང་། བྱང་དང་ལྷོའི་ངོས་རེ་ལ། དཔག་ཚད་དྲུག་ཅུ་རྩ་བཞི་བཞི་ཡོད་པར་གྱུར་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ ་པོ་ཡང་། གྲོང་ཁྱེར་ཆེན་པོ་དགའ་འབྱུང་དེ་ཉིད་དུ་སྐུ་ལྟམ་མོ།། གྲོང་ཁྱེར་ཆེན་པོ་དེའི་ནང་དུ། རྒྱལ་པོ་ཆེན་པོ་བསོད་ནམས་མི་ཟད་པའི་ཕོ་བྲང་རིན་པོ་ཆེ་སྣ་བདུན་ལས ་བྱས་པར་གྱུར་ཏོ།། གྲོང་ཁྱེར་ཆེན་པོའི་ནང་ན། ལམ་པོ་ཆེ་དང་སྲང་གི་སྒོ་འབུམ་ཕྲག་བརྒྱད་བཅུ་རྩ་བཞི་ཡོད་པར་གྱུར་ཏོ།། ལམ་པོ་ཆེ་དང་སྲང་གི་སྒོ་ཐམས་ཅད་ན ་ཡང་ཁྱིམ་བྱེ་བ་འབུམ་ཕྲག་བརྒྱད་བཅུ་རྩ་བཞི་གནས་སོ།། གྲོང་ཁྱེར་ཆེན་པོ་དེ་ཡང་ར་བ་ཆེན་པོ་རིམ་པ་བདུན་དང་། ལན་ཀན་རིམ་པ་བདུན་དང་། ཏ་ལའི་ཕྲེང་བ་རིམ ་བདུན་དང་། དྲིལ་བུ་གཡེར་གའི་དྲ་བ་རིམ་བདུན་གྱི་བསྐོར་རོ།། སྐྱེད་མོའི་ཚལ་གྱིས་ཀྱང་བསྐོར་ཏོ།། འོབས་རིམ་བདུན་གྱིས་ཀྱང་བསྐོར་ཏོ།། འོབས་དེ་དག་ཀྱང་ཡན ་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་ལ། མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ཏ་དང་། པད་མ་དཀར་པོ་དང་། དྲི་མཆོག་གིས་ཁེབས་པ། ངང་དུར་ལ ་སོགས་པས་རྟག་ཏུ་སྐད་འབྱིན་པར་གྱུར་ཏེ། དེ་ལྟར་གྲོང་ཁྱེར་ཆེན་པོ་དེ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་གྱི་བརྒྱན་བཀོད་པ་དང་ལྡན་པར་གྱུར་ཏོ།། བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་དེ་ཡང་། གྲོང་ཁྱེར་ཆེན་པོ་དགའ་འབྱུང་དེ་ཉིད་ནགས་ཚལ་སྤོས་མཆོག་འོད་ཅེས་བྱ་བ་གང་དུ་རྒྱལ་པོ་བསོད་ནམས་མི་ཟད་པས། ་བཅོམ་ལྡན་འདས་དེའི་གཙུག་ལག་ཁང་བྱས་ནས་བཞུགས་སོ།། རྒྱལ་པོ་བསོད་ནམས་མི་ཟད་པ་བུ་དང་བཅས། བཙུན་མོ་དང་བཅས། གཉེན་འདབ་དང་ཚལ་ཟའི ་འཁོར་དང་བཅས་པས་བསྐལ་པ་འབུམ་ཐར་པའི་བར་དུ་དེ་བཞིན་གཤེགས་པ་དེ་ལ་ཡིད་དུ་འོང་བའི་བདེ་བའི་ཡོ་བྱད་དང་ལོངས་སྤྱོད་ཐམས་ཅད་ཀྱི་བསྙེན་བསྐུར་བྱས་སོ།། ། ་ཀླུའི་བདག་པོ་དེ་ནས་རྒྱལ་པོ་བསོད་ནམས་མི་ཟད་པ་དེ་འཁོར་དེ་དག་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་པོ་ག་ལ་བ ་དེར་སོང་ནས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། དེ་འོང་བར་ཐུགས་སུ་ཆུད་ནས་དེ་བཞིན་གཤེགས་པ་དེས ་དེ་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ་པོ་ཆེན་པོ་ཆོས་བཞི་དང་ལྡན་ན་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆོས་ཀྱི་དབང་ཕྱུག་ཐོབ་པར་གྱུར་ལ་དགེ་བའི་ཆོས་རྣམས་ཀྱིས། ་ཀྱང་ཁྱད་པར་དུ་འགྲོ་བར་གྱུར་ཏེ། བཞི་གང་ཞེ་ན་དང་པ་ལ་གནས་ཏེ་དགེ་བ་གང་ཡིན་པ་ཚོལ་ཞིང་། ང་རྒྱལ་མེད་པར་འཕགས་པ་དག་གི་ཐད་དུ་འགྲོ་བ་དང་། ཆོས་དོན་དུ། ་གཉེར་ཏེ་ཆོས་འདོད་ཅིང་ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་སྟེ། རྟག་ཏུ་དོན་གྱི་རྗེས་སུ་ལྟ་བ་དང་། མི་རྟག་པའི་ཆོས་ཉིད་ལ ་སོ་སོར་རྟོག་པ་དང་། འདུས་བྱས་ཀྱི་ཉེས་པ་རྟོགས་པ་དང་། ཡོངས་སུ་འཛིན་པ་ཐམས་ཅད་ལ་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ནོ་སྙམ་དུ་དྲན་པས་ཉེ་བར་གནས་པར ་བྱེད་པ་དང་། ངག་ཡོད་པར་བྱེད་དེ། འདོད་པའི་ཡོན་ཏན་ཐམས་ཅད་ལ་ལྷག་པར་ཞེན་པ་མེད་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་ཟད་པར་མི་བྱེད་ལ། གོང་དུ ་ཡང་རྣམ་པར་འཕེལ་བར་བྱེད་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་བསམ་པ་ཡང་རྣམ་པར་མི་སྤོང་བ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། རྒྱལ་རིགས ་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོས་ཆོས་ཀྱི་དབང་ཕྱུག་ཐོབ་པར་འགྱུར་ལ། དགེ་བའི་ཆོས་རྣམས་ཀྱིས་ཀྱང་ཁྱད་པར་དུ་འགྲོ་བར་འགྱུར་རོ།། དེ་སྐད་ཅེས་བཀའ ་སྩོལ་པ་དང་། དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་པོ་བསོད་ནམས་མི་ཟད་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་གང་དག་ལྡན ་ན། བྱང་ཆུབ་སེམས་དཔས་ཆོས་ལ་དབང་ཕྱུག་ཐོབ་པར་འགྱུར་ལགས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཆོས་བརྒྱད་དང་ལྡན་ན། བྱང ་ཆུབ་སེམས་དཔས་ཆོས་ཀྱི་དབང་ཕྱུག་ཐོབ་པར་འགྱུར་ཏེ། བརྒྱད་གང་ཞེ་ན། རྣམ་པར་རྩེ་ཞིང་མི་ཉམས་པར་འགྲོ་བའི་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཡིན། ཆགས ་པ་མེད་པ་དང་། ཐོགས་པ་མེད་པ་དང་། སྐྱོད་དུ་མེད་པའི་ཤེས་རབ་དང་ལྡན་པ་ཡིན། ཡེ་ཤེས་ཀྱི་བསྡུས་པ་དང་། ཡོངསུ་སྦྱང་བ་བྱས་པ་དང་། མངོན་པར་འདུ ་བྱེད་པ་མེད་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པ་ཡིན། ཤེས་རབ་དང་ཡེ་ཤེས་ངེས་པ་དང་། ལྟ་བ་དང་། ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་སོ་སོ་ཡང་དག ་པར་རིག་པ་བཞི་དང་ལྡན་པ་ཡིན། སངས་རྒྱས་ཀྱི་བྱིན་རླབས་ཀྱིས་བརླབས་པ་དང་། ཆགས་པ་མེད་པའི་བྱིན་གྱིས་བརླབས་དང་། བྱིན་གྱིས་རླབས་ཀྱིས་སློབས་དང ་ལྡན་པ་ཡིན། བསོད་ནམས་མི་ཟད་པའི་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། སེམས་ཅན་ཐམས་ཅད་མགུ་བར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས ་ཅད་ལ་ཡང་དག་པར་གཞོལ་བ་དང་། རྗེས་ངེས་པ་མེད་པ་ཡོངས་སུ་དག་པའི་གཟུངས་དང་ལྡན་པ་ཡིན། ཆོས་ཇི་ལྟ་བ་བཞིན་རྗེས་སུ་འགྲོ་བ་དང་། ཚུལ་གཅིག་པའི ་ཆོས་རྗེས་སུ་འགྲོ་བ་དང་། གཉིས་སུ་མེད་པའི་ཡང་དག་མཐའ་ལ་གནས་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་ལྡན་པ་ཡིན་ཏེ། རྒྱལ་པོ་ཆེན་པོ་ཆོས ་བརྒྱད་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབང་ཕྱུག་ཐོབ་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་གཞན་ཡང་རིན་པོ་ཆེ་ནི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་ཡོད་དེ། ་དེ་ཐོབ་ན་བྱང་ཆུབ་སེམས་དཔས་ཆོས་ཀྱི་དབང་ཕྱུག་ཐོབ་པར་འགྱུར་ཏེ། དེ་ལྟར་ན་དེ་བཞིན་གཤེགས་པས། རིན་པོ་ཆེ་ཟ་མ་ཏོག་གཟུངས་ལ་ཙམ་ནས་ལོ་འབུམ་གྱི་བར་དུ ་རྒྱས་པར་རྣམ་པར་དབྱེ་བས་དེ་ལ་ཡང་དག་པར་བསྟན་ཏོ།། རྒྱལ་པོ་བསོད་ནམས་མི་ཟད་པ་དེ་ཡང་རྒྱལ་པོའི་བྱ་བ་ཐམས་ཅད་བཏང ་སྟེ། ལས་གཞན་མི་བྱེད་ལ་སེམས་ཀྱི་རྒྱུད་རྣམ་པར་གཡེང་བ་མེད་པར་དཔུང་དང་བཅས། འཁོར་དང་བཅས་པས་ཆོས་མཉན་ཏེ། དེས་ལོ་འབུམ་པོ་དེའི་བར་དུ་འདོད ་པའི་རྟོག་པ་འམ། གནོད་སེམས་ཀྱི་རྟོག་པ་འམ། རྣམ་པར་འཚེ་བའི་རྟོག་པ་འམ། བུ་དང་ཆུང་མ་དང་། རྒྱལ་སྲིད་དང་ཡོངས་སུ་འཛིན་པ་དང་། སྡུག་པ་ཐམས ་ཅད་ལ་ངེས་པའི་རྟོག་པ་རྣམས་ལ་རྟག་པར་མ་བསམས་ཏེ། ཆོས་ལ་སྡུག་པར་ངེས་པར་ཡིད་ལ་བྱེད་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་བསམ་པ་ལ་གནས་པར་འགྱུར ་བ་དང་། བྱམས་པ་ཆེན་པོས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། སྙིང་རྗེ་ཆེན་པོའི་གོ་ཆ་བགོས་ནས་འབའ་ཞིག་ཉན་ཏོ།། དེས་བཅོམ་ལྡན་འདས ་དེ་ལས་ལོ་འབུམ་ཐམ་པའི་བར་དུ་དམ་པའི་ཆོས་ཉན་ཏེ། ཐོས་ནས་རིན་པོ་ཆེའི་ཟ་མ་ཏོག་གི་གཟུངས་འདི་ཉིད་ཀྱི་རྩ་བ་ཡོངས་སུ་སྦྱང་བ་བྱས་སོ།། དེ་ལ་སྐལ་པ ་ས་ཡ་ཕྲག་བདུན་གྱི་འཁོར་བ་ཕྱིར་བསྙིལ་བར་གྱུར་ཏོ།། བསྐལ་པ་ཁྲིའི་བར་དུ་ལས་ཀྱི་སྒྲིངབ་པ་བསགས་པ་ནི་རྣམ་པར་དག་པར་གྱུར་ཏོ།། སངས་རྒྱས་འབུམ་ནི་དེའི། ་མིག་ལམ་དུ་སྣང་བར་གྱུར་ཏོ།། སངས་རྒྱས་བྱེ་བ་ཕྲག་འབུམ་མངོན་སུམ་དུ་མཐོང་བར་འགྱུར་བའི་དགེ་བའི་རྩ་བ་ཡང་དེས་ཡོངས་སུ་བཟུང་ངོ་།། གང་ཀླུང་གི་བྱེ ་མ་སྙེད་ཀྱི། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་དུ་གྱུར་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་པའི་དགེ་བའི་རྩ་བ་ཡང་བསྐྱེད་དོ།། དྲན ་པ་དག་པ་ཤེས་བྱ་བའི་ཐོས་པའི་གཟུངས་ཀྱང་ཐོབ་སྟེ། ཐོས་པའི་གཟུངས་དེས་ན། སངས་རྒྱས་ཀྱི་གསུངས་པ་ཡང་དག་པར་འཛིན་པར་བྱེད་དོ།། གཞོན་ནུ་དེ ་དག་དང་། དེ་དག་གི་མ་དེ་རྣམས་ཀྱིས་ཀྱང་རྗེས་སུ་མཐུན་པའི་ཆོས་ཀྱང་བཟོད་པ་ཐོབ་པོ།། བཙུན་པ་དེ་དག་གི་ནང་ནས་ཀྱང་བུད་མེད་བརྒྱད་ཁྲི་བཞི་སྟོང་གིས་ན ་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བུད་མེད་བརྒྱད་ཁྲི་བཞི་སྟོང་གིས་ནི་བཟོད་པ་ཐོབ་པར་གྱུར་ཏོ།། ལྷ་དང་མི་ཁྲག་ཁྲིག་ཕྲག་དགུ་བཅུས་ནི་བྱང་ཆུབ་ཏུ་སེམས ་བསྐྱེད་དོ།། ལྷ་དང་མི་བརྒྱད་ཁྲི་བཞི་སྟོང་གིས་ནི་བཟོད་པ་ཐོབ་པར་གྱུར་ཏོ།། ཉན་ཐོས་ཀྱི་ཐེག་པ་པ་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་གཉིས་ནི་ཆོས་རྣམས་ལ་ཆོས ་ཀྱི་མིག་རྣམ་པར་དག་གོ།། དགེ་སློང་ཁྲི་དྲུག་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། རྒྱལ་པོ་བསོད་ནམས་མི་ཟད་པ་རྒྱལ་སྲིད ་ཐམས་ཅད་སྤངས་ནས། ལྷ་དང་མིའི་འདོད་པ་རྣམས་ལ་དོན་དུ་གཉེར་བ་མེད་པར། བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་ལ་རྟེན་བཅས་ཏེ། ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་།། རབ་ཏུ་བྱུང་བ་དེ་ཐོས་ནས། རྒྱལ་པོའི་བུ་དེ་དག་ཐམས་ཅད་རབ་ཏུ་བྱུང་ངོ་།། དེ་དག་ཀྱང་རབ་ཏུ་བྱུང་བར་ཤེས ་ནས། ཡུལ་གྱི་མི་དང་འཁོར་དྲུག་འབུམ་རབ་ཏུ་བྱུང་ངོ་།། རྒྱལ་པོའི་བཙུན་མོའི་ནང་ནས་ཀྱང་བཙུན་མོ་དམ་པ་བཞི་རབ་ཏུ་བྱུང ་སྟེ། ཀླུའི་བདག་པོ་དེ་ལྟར་ན་དག་པའི་སེམས་ཅན་དགེ་བའི་རྩ་བ་བསྐྱེད་པ་ཡོངས་སུ་སྦྱང་བ་བྱས་པ་རྣམས་ཀྱི་གནས་སུ་གྱུར་པའི་གསུང་རབ་དེ་དགའ་ལྟར་འདུག ་པར་གྱུར་ཏོ།། ཀླུའི་བདག་པོ་དེའི་ཚེ་དེའི་དུས་ན། འཁོར་ལོའི་བསྒྱུར་བའི་རྒྱལ་པོ་བསོད་ནམས་མི་ཟད་པ་གཞན་ཞིག་སྙམ་དུ་ཁྱོད་སོམ་ཉིའམ། ཡིད་གཉིས ་སམ་ཐེ་ཙོམ་ཟ་བར་གྱུར་ན་དེ་ལྟ་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་དེའི་ཚེ་དེའི་དུས་ན། ཁྱོད་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོ་བསོད་ནམས ་མི་ཟད་པ་ཞེས་བྱ་བར་གྱུར་ཏོ།། ཀླུའི་བདག་པོ་ཁྱོད་རྒྱལ་པོའི་བུ་དང་། རྒྱལ་པོའི་བུ་མོ་དེ་དག་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་ལྟའོ།། ་དེ་ཅིའི་ཕྱིར་ཞེ་ན། འཁོར་འདིར་འདུས་ཤིང་འཁོད་པའི་བྱང་ཆུབ་སེམས་དཔའ་སེམས་རྐྱེན་པོ་འདི་དག་ཉིད་ཡིན་ནོ།། ཀླུའི་བདག་པོ་འདི་ཇི་སྙམ་དུ་སེམས། ་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་གང་དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་པོ་བསོད་ནམས་མི་ཟད་པ་དེ་ལ་བསྟན་པ་དེ་གཞན་ཞིག་ཡིན་སྙམ་དུ ་སེམས་ན་ཁྱོད་ཀྱི་དེ་ལྷ་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ཉིད་དེའི་ཚེ་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱའོ།། ཀླུའི་བདག་པོ་དེ་ལྟར་ན། ་དེ་བཞིན་གཤེགས་པ་ནི་སངས་རྒྱས་ཀྱི་ཆགས་པ་མེད་པ་རྣམ་པར་གཟིགས་ནས། སེམས་ཅན་རྣམས་ལ་སྔོན་གྱི་རྒྱུ་ལས་བྱུང་བའི་ཆོས་ཀྱི་གཏམ་བརྗོད་པར་མཛད་དོ།། ་ཀླུའི་བདག་པོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མང་པོ་ལས་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ཐོས་སོ།། ཁྱོད་ཀྱི་སངས་རྒྱས་འབུམ་ཕྲག་མང་པོ་ལས། གཟུངས་འདིའི ་དོན་ཡང་ཡང་དུ་ཐོས་ཏེ། དེ་ནས་ད་ལྟར་ཁྱོད་འདི་ལྟར་དྲན་པ་དང་ལྡན་པ་དང་། འདི་ལྟར་བློ་གྲོས་དང་ལྡན་པ་དང་། འདི་ལྟར་རྟོག་པ་དང་ལྡན་པ་དང་། འདི་ལྟར་སྤོབས ་པ་ཕུན་སུམ་ཚོགས་པ་དང་། འདི་ལྟར་ཤེས་རབ་དང་ཡེ་ཤེས་དང་ལྡན་པ་ཡིན་ནོ།། ཀླུའི་བདག་པོ་གང་དག་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདིའི་མིང་ཙམ་འམ། བསྟན ་པའི་ཕྱོགས་ཙམ་ཐོས་པ་དེ་དག་ཐམས་ཅད་ཀྱང་སྤོབས་པ་མི་ཟད་པར་ངེས་པར་འབྱུང་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། གཟུངས་འདིའི་རྒྱུ་དང་མཐུན་པ་ནི་དེ་ཡིན་པའི ་ཕྱིར་རོ།། ཀླུའི་བདག་པོ་གཟུངས་ཀྱི་ངེས་པར་འབྱུང་བའི་བསྲུང་བ་འདི་ཕྱི་མའི་དུས། ཕྱི་མའི་ཚེ་སྤྱོད་པར་འགྱུར་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས ་པའི་བྱིན་གྱིས་བརླབས་ཁོ་ན་ལས་གྱུར་པས་ལྟ་བར་བྱའོ།། ཀླུའི་དབང་པོ་དེ་ལ་གཟུངས་འདི་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྒོ་ཡིན་ནོ།། སྤྱོད་པ་བརྒྱད་ཁྲི ་བཞི་སྟོང་ལ་འཇུག་པ་ཡིན་ནོ།། ཏིང་ངེ་འཛིན་བརྒྱད་ཁྲི་བཞི་སྟོང་གི་རྗེས་སུ་འགྲོ་བ་ཡིན་ནོ།། གཟུངས་བརྒྱད་ཁྲི་བཞི་སྟོང་གི་རྩ་བ་ནི་མི་ཟད་པའི་ཟ་མེ་ཏོག་གི་གཟུངས ་འདི་ཉིད་ཡིན་ནོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔས་ཕྱོགས་བཅུར་ཆགས་པ་མེད་ཅིང་ཐོས་པ་མེད་པར་སོ་སོ་ཡང་དག་པར ་རིག་པ་བཞིས་ཆོས་ཀྱི་ཆར་ཆེན་པོ་རབ་ཏུ་འབེབས་པ་གང་ཡིན་པ་དེ་དག་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འབའ་ཤིག་གི་རྒྱུ་དང་མཐུན་པ་ལས་གྱུར་པ་ཡིན་ནོ།། ཀླུའི ་བདག་པོ་དེ་ལ་མི་ཟད་པའི་གཟུངས་འདི་ལ་འཇུག་པའི་ཚིག་རྣམས་དང་། མཚམས་སྦྱོར་བའི་ཚིག་རྣམས་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན ་དང་། ནམ་མཁའ་ལྡིང་གི་བསྲུང་བའི་ཚིག་རྣམས་ངས་བསྟན་པར་བྱའོ།། །། ཏདྱ་ཐཱ། ཧེ་ཏུ་མ་ཏི། ཤ་མ་མ་ཏི། པྲ་སཱ་ད་མ་ཏི། ཨུད་ཛུ་མ་ཏི། ཨུད་ཏ་ར ་ཎ་མ་ཏི། ཨག་ཀཱ་ཡ། མ་ཏི། ཨུད་ནུ་ས་མ་དྷི། ཨུ་ལ་གཱ་མུ་ཁཱ། པྲ་བཱ་མུག་ཏི། པྲ་བྷ་ཀེ་དུ། པྲ་ཙཱ་རཀྵེ་དུ། སྠི་ཏི་ཀ་ར་ཎཱི། མ་ཏི་བི་ཤོ་དྷ་ཎེ། ག་ཏེ་པྲ་བཱི་ཤྭེ། ་ཤྭ་ར་བ་ལཱཾ། ཏ་མོ་ནཱུ་དེ། སན་དཱ་ར་ནི། ཨུད་ཏཱར་ནི། ཤཱན་ཏ་མུ་ཁཱི། ཤཱན་ཏ་པྲ་དྭེ་ཤྭེ། ཤན་ཏེ་ཀླེ་ཤྭེ། བ་ས་ན་ཨ་པ་གཱ་ཏེ། ཀུ་ཤ་ལ་བ་ས་ནི། ཨ་ནུ་སན་ཏི། བ་ག ་ཏེ་སྠི་ཏེ། སཱ་ན་ཨ་ནུ་ག་ཏེ། ཨ་བ་སྭ་ན་ག་ཏེ། ཨ་བི་ས་རེ། ཨ་ཤུ་ཕྲད་ཉེ། པྲད་ཉ་མཱུ་ལེ། མུ་ལ་བ་ཏི། ཤ་ཤང་པྲ་བྷེ། སཱུ་རྒྱ་བ་ཏི། ཛྙེ་ཏི་ཤྭཱ་བྷྱཱཾ། སུ་བི་མ་ལེ། ་ཨ་མ་ལཾ། སརྦེ་ཏ་མོ་བི་ཤོད་ནི། བུདད་ཨ་དིཥྚི་ཏེ། སརྦ་དེ་བ་ཏཱ་པ་རི་གི་ཧི་སྟེ། སརྦ་བྷུད་ད་ནན། ས་སྱཱ་ཡ་ནེ། ཨ་ནུདཉྫཙཱ་པྲ་ཧ་ན། པྲད་ཏིད་ཚཾ་ཏེ་ཤག་ཀྲེན། པཱ ་ལི་ཏ་ལེ་ཀོ་པཱ་ལཱའི། པ་རི་གྲི་ཧཱ་ཏི། ཨ་རྱེའི། སང་གྲི་ཧཱི་ཏ་རི། ཥི་བྷི་ཏྲ་ན། མོ་ཀཱ་པྲད་དྷ་ནན། སང་གྲ་ཏྭེ་དྭེ་བ་མ་ནུ་ཤྱ་ནན། ནིག་གྲ་ཧ་གླེ་ཤཱ་ནན། ནི་རྒྷ་ཏ་ནན་མཱ ་ར་ཎ་ན། དྷི་ར་ཤ་ནན་ཏིརྠི་ཀ་ནན། ནིག་གྲ་ཧཱ། སརྦ་པྲ་ར་བཱ་དྷི་ནན། ཙོ་ད་ན། ཨ་བྷི་མ་ནཾ་ཀ་ནན། ཨ་ནུ་པག་ཀྲེ་མོ་དྷརྨ་བྷ་ན་ཀཱ་ནན། ཨ་བརྫ་ནནེ་པ་རི་ཥ་ད། སན་ཏོ་ཤ ་ནན་དར་རྨ་ཀཱ་ནན། པ་རི་རག་ཥཱ་དྷརྨ་ཀོ་ཥ་སྱ། ཨ་ནུ་པར་ཆེ་དེ་སྟི་རང་ན་བང་ཤ་སྱ། མཱ་ཏི་སརྦ་སད་ཏ་ནན། སྟུ་ཏཱ་སརྦ་གུ་ཎཎཱི་ཀེའི།། ། ཀླུའི་བདག་པོ་འདི་དག་ནི་མི ་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ཀུན་ཏུ་བསྲུང་བ་དང་། ཡོངས་སུ་བསྲུང་བའི་ཚིག་ཡིན་ཏེ། དེ་དག་བརྗོད་ན་ཆོས་སྨྲ་བ་དེས་མི་འཇིགས་པ་སུམ་ཅུ་རྩ་གཉིས་ཐོབ་པར་འགྱུར ་ཏེ། སུམ་ཅུ་རྩ་གཉིས་གང་ཞེ་ན། གཞན་ཡང་དག་པར་དགའ་བར་འགྱུར་བའི་ཕྱིར་ཐོས་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཚིག་འཁྲུལ་པ་མེད་པའི་ཕྱིར་བསྟན་པ ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཚིག་ཟློས་བུ་མེད་པའི་ཕྱིར། ངེས་པའི་ཚིག་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། སྒྲ་ཇི་ལྟ་བ་བཞིན་དུ་འཇུག་པའི་ཕྱིར་བརྟག་པ ་མི་འཇིགས་པ་ཐོབ་པར་གྱུར་པ་དང་། བྱིན་གྱིས་བརླབས་སྟོན་པའི་ཕྱིར། སྤོབས་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། འཛིན་པའི་བློ་དང་ལྡན་པའི་ཕྱིར་དྲན་པ་མི་འཇིག ་པ་ཐོབ་པར་འགྱུར་བ་དང་། གཞན་གྱི་བློ་གྲོས་ཡང་དག་པར་མགུ་བར་བྱེད་པའི་ཕྱིར། བློ་གྲོས་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། སོམ་ཉི་མྱུར་དུ་གཅོད་པའི་ཕྱིར ་རྟོགས་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། གཞན་གྱི་ངོར་མི་ལྟ་བའི་ཕྱིར་བློ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཚིག་ཇི ་སྐད་དུ་སྨྲས་པ་བཞིན་དུ་མི་འགྱུར་བའི་ཕྱིར་འཁྲུལ་པ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཚུལ་ཁྲིམས་ཡོངས་སུ་དག་པའི་ཕྱིར་སྤ་གོང་བ་མེད་པ་མི་འཇིགས ་པ་ཐོབ་པར་འགྱུར་བ་དང་། བཟོད་པ་ཡོངས་སུ་དག་པའི་ཕྱིར་འཛུམ་པའི་བཞིན་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཡང་དག་པར་དམ་བཅས་པ་ལས་མི་ཉམས་པའི ་ཕྱིར་བསྟན་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། གླན་ཀ་མི་འཆོལ་བའི་སེམས་དང་ལྡན་པའི་ཕྱིར་ཚིག་བཟུང་བར་འོས་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་།། ་འཁོར་མངོན་པར་འགྱུར་བར་བྱེད་པའི་ཕྱིར། ཚིག་བརྫུན་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཟབ་མོའི་ཆོས་གླེང་བའི་ཕྱིར། ཤེས་རབ་མི་འཇིགས་པ་ཐོབ་པ ་འགྱུར་བ་དང་། ཁེངས་པ་མེད་པའི་ཕྱིར་སྤྱོད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པའི་ཕྱིར། སེང་གེའི་སྒྲ་མི་འཇིགས ་པ་ཐོབ་པར་འགྱུར་བ་དང་། ཟང་ཟིང་མེད་པར་ཆོས་སྟོན་པའི་ཕྱིར་སྐུར་བ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཉམས་སུ་ལེན་པ་ལ་གཏན་ལ་འབེབས་པའི ་ཕྱིར་བསྟན་པ་ཁ་ན་མ་ཐོ་བ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། མཁས་པས་མ་སྤང་བའི་ཕྱིར། སྨད་དུ་མེད་པའི་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ་དོ་སྔོ་དང་མི་འགལ་བའི་ཕྱིར་སྦྱོར་འབྱོར་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། དུས་སུ་ཡང་དག་པར་བསྐུལ་བའི་ཕྱིར་ཡང་དག་པའི་སྐུལ་བ་མི་འཇིགས་པ་ཐོབ་པར་འགྱུར་བ ་དང་། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པའི་ཕྱིར་ཕྱིན་ཅི་མ་ལོག་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། སེམས་ཅན་རྣམས་ལ་འདུད་པའི་ཕྱིར་ང་རྒྱལ་མེད་པ་མི་འཇིགས་པ ་ཐོབ་པར་འགྱུར་བ་དང་། སྔོན་ཐོས་པ་ལེགས་པར་བཟུང་བའི་ཕྱིར་ཚིག་དང་ཡི་གེ་ཟད་མི་ཤེས་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཆོས་ཚད་མེད་པ་རྟོགས་པའི་ཕྱིར ་ཐམས་ཅད་ཀྱི་དྲི་བ་སྐབས་འབྱེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། བདག་ཉིད་ཡོངས་སུ་དག་པར་བྱེད་པའི་ཕྱིར་འཁོར་ཐམས་ཅད་མངོན་པར་མཐུ་བར་བྱེད་པ་མི ་འཇིགས་པ་ཐོབ་པར་འགྱུར་བ་དང་། ཉོན་མོངས་པ་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱིར། བདུད་དང་ཕྱིར་རྒོལ་བ་བཅོམ་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཞེ་འགྲས ་པ་མེད་པའི་སེམས་དང་ལྡན་པའི་ཕྱིར་བྱམས་པ་ཆེན་པོ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་རྗེས་སུ་བསྲུང་བའི་ཕྱིར་སྙིང་རྗེ་ཆེན་པོ་མི་འཇིགས ་པ་ཐོབ་པར་འགྱུར་བ་དང་། ཆོས་ཀྱི་རྒྱལ་པོ་བྱེད་པའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་མི་འཇིགས་པ་ཐོབ་པར་འགྱུར་བ་སྟེ། ཀླུའི་བདག་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཉན་པ་དང་། མོས་པ་དང་། སྒྲུབ་པ་ནི་མི་འཇིགས་པ་སུམ་ཅུ་རྩ་གཉིས་པོ་དེ་དག་རྒྱུན་མ་ཆད་པས་ན། དེ་མཐར་གྱིས་དེ་བཞིན ་བ་པར་འགྱུརོ།། མི་འཇིག་པ་སུ་ཅུ་རྩ་གཉིས་པོ་དེ་དག ་གཤེགས་པའི་མི་འཇིགས་པ་བཞི་ཐོབ་པར་གྱུར་ཏེ། མི་འཇིགས་པ་དེ་དག་དང་ལྡན་པས་ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་དེ ་བཞིན་གཤེགས་པ་སེང་གེའི་སྒྲ་སྒྲོགས་སོ།། སེམས་ཅན་ཐམས་ཅད་ཀྱི་དྲི་བ་ལུང་བསྟན་པའི་ཕྱིར་ཡང་སྐབས་འབྱེད་དོ།། སེམས་ཅན་གྱི་རིས་ན་དེ་བཞིན་གཤེགས་པ་ལ་ཆོས ་དང་མཐུན་པར་རྒོལ་ནུས་པ་འམ། དེ་བཞིན་གཤེགས་པ་ཆོས་གསུང་བར་མཛད་པ་ལ་བར་གཅོད་ནུས་པ་དེ་ལྟ་བུའི་སེམས་ཅན་ནི་གང་ཡང་མེད་དོ།། ཀླུའི་རྒྱལ་པོ་དེ་ལྟ་བས ་ན་བྱང་ཆུབ་སེམས་དཔས་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ལ་སྦྱོར་བར་བྱའོ།། ཀླུའི་བདག་པོ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ལ་སྦྱོར་བ་གང་ཞེ་ན། གང་ལ ་མིག་ཏུ་སྦྱོར་བ་ཡང་མེད། གཟུགས་སུ་སྦྱོར་བ་ཡང་མེད། མིག་གི་རྣམ་པར་ཤེས་པར་སྦྱོར་བ་ཡང་མེད་པ་དང་། རྣ་བར་སྦྱོར་བ་ཡང་མེད། སྒྲར་སྦྱོར་བ་ཡང་མེད། རྣ་བ ་རྣམ་པར་ཤེས་པར་སྦྱོར་བ་ཡང་མེད་པ་དང་། སྣར་སྦྱོར་བ་ཡང་མེད། དྲིར་སྦྱོར་བ་ཡང་མེད། སྣའི་རྣམ་པར་ཤེས་པར་སྦྱོར་བ་ཡང་མེད་པ་དང་། ལྕེར་སྦྱོར་བ་ཡང་མེད། ་རོར་སྦྱོར་བ་ཡང་མེད། ལྕེའི་རྣམ་པར་ཤེས་པར་སྦྱོར་བ་ཡང་མེད་པ་དང་། ལུས་ཀྱི་སྦྱོར་བ་ཡང་མེད། རེག་བྱར་སྦྱོར་བ་ཡང་མེད། ལུས་ཀྱི་རྣམ་པར་ཤེས་པར་སྦྱོར ་བ་ཡང་མེད་པ་དང་། ཡིད་དུ་སྦྱོར་བ་ཡང་མེད། ཆོས་སུ་སྦྱོར་བ་ཡང་མེད། ཡིད་ཀྱི་རྣམ་པར་ཤེས་པར་སྦྱོར་བ་ཡང་མེད་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། ་ཀླུའི་བདག་པོ་གཞན་ཡང་། གང་ལ་གཟུགས་སུ་སྦྱོར་བ་ཡང་མེད། གཟུགས་གནས་པར་སྦྱོར་བ་ཡང་མེད། གཟུགས་འགག་པར་སྦྱོར་བ་ཡང་མེད་པ་དེ་ནི། གཟུངས་འདི ་ལ་སྤོར་བ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པར་སྦྱོར་བ་ཡང་མེད། རྣམ་པར་ཤེས་པ་སྐྱེ་བར་སྦྱོར་བ་ཡང་མེད། རྣམ ་པར་ཤེས་པ་གནས་པར་སྦྱོར་བ་ཡང་མེད། རྣམ་པར་ཤེས་པ་འགག་པར་སྦྱོར་བ་ཡང་མེད་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང་གཟུགས ་སྟོང་པ་ཉིད་དུ་སྦྱོར་བ་དང་། གཟུགས་སྟོང་པ་ཉིད་དུ་ཡང་རློམས་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་དུ་སྦྱོར་བ་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་དུ་ཡང་རློམས་སེམས་མི་བྱེད་པའི་སྦྱོར་བ་དེ་ནི་གཟུངས་འདི་ལ་སྦྱར ་བ་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང་གཟུགས་མཚན་མ་མེད་པར་སྦྱོར་བ་དང་། གཟུགས་མཚན་མ་མེད་པར་ཡང་རློམས་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི ་གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མཚན་པ་མེད་པར་སྦྱོར་བ་དང་། རྣམ་པར་ཤེས་པ ་མཚན་མ་མེད་པར་ཡང་རློམས་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང་གཟུངས་སྨོན་པ་མེད་པར་སྐྱོ ་བ་དང་། གཟུགས་སྨོན་པ་མེད་པར་ཡང་རློམས་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། དེ་བཞིན ་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་སྨོན་པ་མེད་པར་ཡང་རློམས་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན ་ནོ། གཟུགས་མངོན་པར་འདུ་བྱེད་པ་མེད་པར་སྦྱོར་བ་དང་། གཟུགས་མངོན་པར་འདུ་བྱེད་པ་མེད་པར་ཡང་རློམས་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དང་། ཚོར ་བ་དང་། འདུ་ཤེས་དང་། འདུ་བྱེད་པ་དང་། རྣམ་པར་ཤེས་པ་མངོན་པར་འདུ་བྱེད་པ་མེད་པར་ཡང་རློམས་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས ་འདི་ལ་སྦྱོར་བ་ཡིན་ནོ།། གཟུགས་མ་སྐྱེས་པ་དང་། མ་བྱུང་བར་ཡང་རློམས་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དང་། ཚོར་བ་དང་། འདུ་ཤེས ་དང་། འདུ་བྱེད་པ་དང་། རྣམ་པར་ཤེས་པ་མ་སྐྱེས་པ་དང་། མ་བྱུང་བར་སྦྱོར་བ་དང་། རྣམ་པར་ཤེས་པ་མ་སྐྱེས་པ་དང་། མ་བྱུང་བར་ཡང་རློམས་སེམས་མི ་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། གཟུགས་དབེན་པའི་སྦྱོར་བ་དང་། གཟུགས་དབེན་པར་ཡང་རློམས་སེམས་མི་བྱེད་པའི་སྦྱོར ་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དབེན་པར་སྦྱོར་བ་དང་། རྣམ་པར་ཤེས་པ ་དབེན་པར་ཡང་རློམས་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། གཟུངས་རང་བཞིན་གྱིས་རྣམ་པར་དག་པར་སྦྱོར་བ་དང་། གཟུགས ་ཀྱི་རང་བཞིན་གྱི་རྣམ་པར་དག་པར་ཡང་རློམས་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད ་དང་། རྣམ་པར་ཤེས་པ་རང་བཞིན་གྱི་རྣམ་པར་དག་པར་སྦྱོར་བ་དང་། རྣམ་པར་ཤེས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡང་རློམས་སེམས་མིང་བྱེད་པ་འདི་ནི་གཟུངས ་འདི་ལ་སྦྱོར་བ་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང་ཁམས་རྣམས་ལ་ཆོས་ཀྱི་དབྱིངས་སུ་སྦྱོར་བ་དང་། ཆོས་ཀྱི་དབྱིངས་ལ་ཡང་རློམས་སེམས་མི་བྱེད་པའི་སྦྱོར་བ་གང ་ཡིན་པ་དང་། སྐྱེ་མཆེད་རྣམས་ལ་རང་བཞིན་གྱིས་སྟོང་པ་ཉིད་སྦྱོར་བ་དང་། རང་བཞིན་གྱིས་སྟོང་པ་ཉིད་ལ་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས ་འདི་ལ་སྦྱོར་བ་ཡིན་ནོ།། ཆོས་ཐམས་ཅད་ལ་རྟེན་ཅིང་འབྲེལ་བར་འབྱུང་བར་སྦྱོར་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བར་ཡོངས་སུ་རྟག་པ་ལ་ཡང་རློམས་སེམས་མི་བྱེད ་པའི་སྦྱོར་བ་གང་ཡིན་པ་དང་། ཆོས་ཐམས་ཅད་ལ་གནས་པ་མེད་པར་སྦྱོར་བ་དང་། གནས་མེད་པར་ཡང་མངོན་པར་ཞེན་པ་མེད་པའི་སྦྱོར་བ་གང་ཡིན་པ་དང་། ཆོས་ཐམས ་ཅད་དེ་བཞིན་ཉིད་དུ་སྦྱོར་བ་དང་། དེ་བཞིན་ཉིད་ཡང་མངོན་པར་ཞེན་པ་མེད་པའི་སྦྱོར་བ་གང་ཡིན་པ་དང་། ཆོས་ཐམས་ཅད་ཡང་དག་པའི་མཐའ་ལ་གནས་པར་སྦྱོར་བ་དང་། ་བྱ། ཡང་དག་པའི་མཐའ་ལ་གནས་པ་ཡང་རློམས་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན།། ། ་ཀླུའི་བདག་པོ་གཞན་ཡང་སེམས་ཅན་འདོད་ཆགས་སྤྱོད་པ་རྣམས་ཀྱི་འདོད་ཆགས་ཀྱི་སྤྱོད་པ་ཡོངས་སུ་ཤེས་པའི་སྦྱོར་བ་དང་། ཆོས་ཀྱི་དབྱིངས་འདོད་ཆགས་ཀྱི་སྤྱོད་པ ་དང་། ཀུན་ཏུ་སྦྱོར་བ་ཡང་མེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། དེ་བཞིན་དུ་སེམས་ཅན་ཞེ་སྡང་སྤྲོད་པ་རྣམས་ཀྱི་ཞེ་སྡང་གི་སྤྱོད་པ་ཡོངས ་སུ་ཤེས་པའི་སྦྱོར་བ་དང་། ཆོས་ཀྱི་དབྱིངས་ཞེ་སྡང་གི་སྤྱོད་པ་དང་། ཀུན་ཏུ་སྦྱོར་བ་ཡང་མེད་པའི་སྦྱོར་བ་ཡང་མེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན ་ནོ།། སེམས་ཅན་གཏི་མུག་སྤྱོད་པ་རྣམས་ཀྱི་གཏི་མུག་གི་སྤྱོད་པ་ཡོངས་སུ་ཤེས་པའི་སྦྱོར་བ་དང་། ཆོས་ཀྱི་དབྱིངས་གཏི་མུག་གི་སྤྱོད་པ་དང་། ཀུན་ཏུ་སྦྱོར་བ་ཡང་མེད་པ ་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། སེམས་ཅན་ཆ་མཉམ་པར་སྤྱོད་པ་རྣམས་ཀྱི་ཆ་མཉམ་པའི་སྤྱོད་པ་ཡོངས་སུ་ཤེས་པའི་སྦྱོར་བ་དང་། ཆོས་ཀྱི ་དབྱིངས་ལ་ཆ་མཉམ་པའི་ཆད་པ་ཡང་མེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། ཀླུའི་བདག་པོ་མདོར་བསྡུ་ན་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཡོངས་སུ ་ཤེས་པའི་སྦྱོར་བ་དང་། ཆོས་ཀྱི་དབྱིངས་ལ་སྦྱོར་བ་ཡང་མེད་པ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང་སྦྱོར་བ་གང་ཡིན་པ་དང་། ་མི་སྦྱོར་བ་གང་ཡིན་པའི་ཆོས་གང་ཡང་དེ་ལ་སྦྱོར་བ་ཡང་མེད་མི་སྦྱོར་བ་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། སྦྱོར་བ་དེ་ནི་སྣང་བ་ཡང་མ་ཡིན། བརྟག་པར་ཡང་མ་ཡིན། ་མཚོན་མར་བྱས་པ་ཡང་མ་ཡིན་པའི་ཕྱིར་ཏེ། དེ་བས་ན་སྦྱོར་བ་དེ་ནི་ཡང་དག་པའི་སྦྱོར་བ་ཡིན་ནོ།། ཡང་དག་པའི་སྦྱོར་བ་ཡང་ཆོས་གང་ཡང་འདྲེན་པར་ཡང་མི་བྱེད། ་མི་འདྲེན་པར་མི་བྱེད། འཛིན་པར་ཡང་མི་བྱེད། གཏོང་བར་མི་བྱེད། གནས་པར་མི་བྱེད། འགྲོ་བར་ཡང་མི་བྱེད། དེ་བས་ན་སྦྱོར་བ་ནི་ཡང་དག་པའི་སྦྱོར་བ་ཞེས་བྱའོ།། ་ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་དེ་ལྟར་སྦྱོར་བ་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ཐོབ་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཚིགས་སུ་བཅད་པ། ་འདི་དག་བཀའ་སྩལ་ཏོ།། གང་ཚེ་དེ་ཡི་གཟུགས་འདི་ཐོབ་གྱུར་ན།། དེ་ཡི་དྲན་དང་བློ་གྲོས་ཡོངས་སུ་དག། མདོ་སྡེ་རྟོགས་པ་ཀུན་གྱི་ཕ་རོལ་ཏུ་ཕྱིན།། འགྲོ་བའི ་སྐད་དང་སྒྲ་ཡང་རབ་ཏུ་ཤེས།། འགྲོ་བའི་སེམས་དང་སྦྱོར་བ་ངན་པ་དང་།། བཟང་དང་འབྲིང་གི་རྒྱུ་བ་གང་ཡིན་ཤེས།། སྤྱོད་དང་སེམས་ཀྱི་རྒྱུད་རྣམས་ཤེས་ནས་ཀྱང་། ་ཇི་ལྟར་འཚམ་པར་ཆོས་ཀྱི་ཚིག་རྣམས་སྟོན།། གང་ཚེ་དེ་ནི་གཟུགས་ལ་རབ་མཁས་ན།། དེ་ན་རྒྱུ་དང་བྱེད་དང་རྐྱེན་ལ་མཁས།། རྟག་དང་ཆད་པར་ལྟ་བར་མི་འགྱུར་ཏེ།། ་མཐར་འཛིན་ཐམས་ཅད་རྣམ་པར་སྤངས་པ་ཡིན།། གང་ཚེ་དེ་ཡིས་གཟུངས་འདི་ཐོབ་གྱུར་ན།། ཡི་གེ་དང་ནི་ཚིག་རྣམས་འབྱེད་ལ་མཁས།། སྐད་རྣམས་མང་པོ་ཐ་དད་དུ་མ ་ཤེས། དོན་དང་ཡི་གེ་དག་ལ་མཁས་པར་འགྱུར།། དེ་མི་ལྷའི་མིག་ཀྱང་དྲི་མེད་འགྱུར།། དེ་ཡི་ལྷའི་རྣངའང་རྣམ་པར་ངཿ། ་ཤེས་རབ་མཐའ་ཡས་ཕ་རོལ་སེམས་ལ་མཁས།། འདས་པ་དང་ནི་མ་འོངས་བསྐལ་པ་དྲན།། དེ་བཞིན་རྫུ་འཕྲུལ་རྐང་པ་ཐོབ་གྱུར་ནས།། ཞིང་རྣམས་བྱ་བ་མཐ ་ཡས་སྐད་ཅིག་འགྲོ།། འཇིག་རྟེན་འདྲེན་རྣམས་ལ་ནི་མཆོད་པ་བྱེད།། དེ་བཞིན་གཟུངས་ལ་ཐོས་པ་ཆོས་ཀྱང་འཛིན།། བདུད་རྣམས་འབུམ་ཕྲག་ཇི་སྙེད་ཡོད་པ་ཡིས།། ་དེ་ཡི་འགྲོ་བ་རྣམས་ནི་མི་ཤེས་ལ།། མུན་གསལ་སེམས་ཅན་དག་པ་ཉོན་མོངས་མེད།། མདོ་སྡེ་སྟོང་ཕྲག་ཚད་མེད་སྟོན་པར་བྱེད།། ཆུའི་ནང་ན་པད་མ་མ་གོས་བཞིན།། ་དེ་ནི་འཇིག་རྟེན་ཆོས་རྣམས་གོས་མེད་སྤྱོད།། རྗེས་ཆགས་ཁོང་ཁྲོ་རྣམས་ལས་རྟག་ཏུ་གྲོལ།། འཇིག་རྟེན་ཀུན་ལ་སེམས་ནི་མཁའ་ལྟར་སྙོམས།། མཚན་གྱི་དམ་པ། ་གཟུགས་འཆང་དག་པ་སྟེ།། དེ་ལ་ལྟེ་བས་སྐྱེ་བོ་མཆོག་མི་ཤེས།། སྤྱོད་ལམ་དག་ནི་སྤྱོད་པ་ཤེས་བཞིན་རྒྱུ།། འགྲོལ་ཕན་དོན་བྱེད་ཅིང་འཇིག་རྟེན་རྒྱུ།། གང་ཆེ་གཟུས ་འདི་ཐོབ་པར་གྱུར་པ་ན།། བརྒྱ་བྱིན་དེ་བཞིན་ཚངས་པ་འཇིག་རྟེན་སྐྱོང་།། དེ་ཡི་རྐང་མཐལ་དུ་ནི་གུས་པར་འདུད།། འོན་ཀྱང་དེ་ཡིད་གང་དུའང་ཁེངས་པ་མེད།། དེ་ནི ་སྐད་སྙན་ཚངས་པའི་དབྱངས་དང་ལྡན།། སྐྱེ་བའི་ཡིད་ན་རྣམ་འབྱོར་མགུ་བར་བྱེད།། སྐྱོ་མེད་སྙན་ཅིང་དག་ལ་དུས་སུ་སྨྲ།། དེ་ཡི་བསྟན་པ་དོན་མེད་ཡོངས་མི་འགྱུར།། ་གང་གིས་དེ་ཡི་གཟུངས་ནི་ཐོབ་གྱུར་ན།། དེ་ནི་འཁོར་གྱི་ནང་དུ་འཇིགས་པ་མེད།། སེང་གེའི་སྒྲ་ཆེན་མི་འཇིགས་སྒྲོགས་པར་བྱེད།། ཕ་རོལ་ཚོགས་རྣམས་ཐམས་ཅད་རབ ་ཏུ་འཇོམས།། སེམས་ཅན་གཡོན་ཅན་གདུལ་དཀའ་ང་རྒྱལ་ཁེངས།། མངོན་པའི་ང་རྒྱལ་སྐྱོན་ལྡན་གང་ཡིན་པ།། དེ་དག་མཁས་པའི་ཆོས་ནི་ཐོབ་གྱུར་ན།། ང་རྒྱལ ་སྤངས་ནས་རྐང་མཐིལ་འདུད་པར་བྱེད།། ཆོས་ཀྱི་དབྱིངས་ནི་རང་བཞིན་ཞི་བ་དང་།། དོན་རྟོགས་དང་ནི་ཆོས་ཉིད་ངེས་པར་ཤེས།། དེ་ཕྱིར་ཆོས་ནི་གཏན་ལ་འབེབས་པ་དང ་ཡི་གེ་འབྱེད་ལ་དེ་ཡི་ཚིག་མི་ཟད།། སེམས་ཅན་རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས།། དེ་བཞིན་བདག་ཉིད་རྣམ་དག་དེ་ཡིས་ཤེས།། དེ་ལྟར་སེམས་ཅན་དེ་བཞིན་ཉིད་ཤེས ་པས།། དེ་ཡི་ཆོས་རྣམས་བསྟན་པ་ཐོགས་པ་མེད།། ཟད་པ་རྣམས་ཡང་ཟད་པར་མི་ནུས་ལ།། མ་ཟད་པ་ཡང་ནམ་ཀྱང་ཟད་མི་འགྱུར།། ཆོས་ཉིད་རབ་ཞི་འདི་ནི་རྟོག ་ནས་ཀྱང་།། དེར་ནི་མདོ་སྡེ་བྱེ་བ་མཐའ་ཡས་སྟོན།། ཡི་གེ་འདི་དག་ལུས་ལ་མི་གནས་ཤིང་།། ཡིད་ལ་མི་གནས་སེམས་ལས་མ་བྱུང་སྟེ།། ཇི་ལྟར་བྲག་ཆའི་སྒྲ་ནི། ་ཐོས་པ་བཞིན།། ཡི་གེ་རྣམས་ཀྱི་རང་བཞིན་སྟོང་ཞིང་དབེན།། གཟུངས་འདི་ཡི་གེ་རྣམས་དང་སྒྲ་ལ་མེད།། ཚིག་གི་ལམ་དང་ལུས་དང་ངག་ལ་འོད་མེད།། དེ་ལྟར་ཡི ་གེ་འདི་རྣམས་རྟོགས་པས་ན།། སྨྲས་ཀྱང་དེ་ཡི་ཚིག་ནི་ཐོགས་པ་མེད།། དེ་ནི་སྟོན་ཀྱང་ཡིད་ལ་རྣམ་རྟོག་མེད།། སེམས་ལའང་རློམ་སེམས་བྱེད་པ་ཡོང་མེད་དོ།། འོན ་ཀྱང་ཆོས་འདི་རྟོགས་པར་བྱ་བའི་ཕྱིར།། ཆོས་ཉིད་རབ་ཏུ་འབད་པ་ཆོས་ཀྱང་སྟོན།། གང་ཆེ་དེ་ཡི་གཟུངས་ནི་ཐོབ་གྱུར་ན།། ་སོ་ཡང་དག་རིག་བཞི་རྗེས་སུ་རྟོགས།། དོན་ལ་རབ་སྐབས་ཆོས་ཉིད་ཆོག་ཤེས།། སྒྲ་དང་སྐད་དང་ངེས་པའི་ཚིག་ལ་མཁས།། དེ་བཞིན་སྤོབས་པ་ཐོགས་མེད་ཆད ་ཀྱང་མེད།། དེ་ནི་ཀུན་རྫོབ་དོན་དམ་ཤེས་པ་སྟེ།། དེ་བཞིན་སྣ་ཚོགས་ཟབ་མོ་བསྟན་པ་ཤེས།། ལུགས་འབྱུང་ལུགས་ལས་བཟློག་པ་བདེའང་ཤེས།། མཐོང་མན ་འགྲོ་བ་རྣམས་ལའང་བ་མཐར་ཕྱིན།། སེམས་ཞུན་པ་ནི་རབ་ཏུ་འཛིན་ལ་མཁས།། དེ་བཞིན་ཁེངས་རྣམས་ཚར་གཅོད་ཤེས་ལ་མཁས།། བསྟན་པ་དག་ལ་བྱ་བའི ་ཚུལ་ཀུན་ཤེས།། ལུས་དང་ངག་དང་སེམས་ཀྱི་ལས་རྣམས་ལ།། ཤེས་པ་ཐོག་མེད་རྣམ་པར་ངེས་པར་འཇུག། གཟུངས་དང་ལྡན་པ་ཚིག་ལ་འཁྲུལ་པ་མེད། ་ཉེས་པ་སྤངས་ཤིང་བརྟན་པོར་གྱུར་པ་ཡིན།། སེམས་ཅན་འདུལ་གཟུངས་ཡིད་དང་དྲན་པ་ལ།། ཞུགས་པར་གྱུར་ན་ཆོས་ཤེས་ཞུགས་པ་སྟེ།། ཐོས་པ་གང་ཡིན ་ནམ་ཀྱང་ཆུད་མི་ཟ།། ཇི་སྐད་ཐོས་པ་འཚུངས་པར་རིལ་གྱིས་འཛིན།། གཟུངས་ནི་ཆོས་ཉིད་འགལ་བ་མ་ཡིན་ལ།། དེ་ནི་ཆོས་ལ་ཞིའང་མ་ཡིན་ཏེ།། ཆོས་དང་ཤི ་ཏུ་མི་མཚུངས་མི་མཉམ་མཉམ།། ཆོས་ཉིད་སྦྱོར་དང་ལྡན་ཕྱིར་བཟོད་ནས་ཞི།། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་སྦྱོར་བ་འདི་བསྟན་པ་དང་། ཚིགས་སུ་བཅད་པ ་མངོན་པར་བསྒྲུབ་པ་འདི་བསྟན་པ་ན། ཀླུའི་རྒྱལ་པོ་རྒྱ་མཚོའི་འཁོར་གྱི་ནང་ནས། ཀླུ་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས ་བསྐྱེད་དེ། དེ་དག་གིས་ཚིག་འདི་སྐད་དུ། བཅོམ་ལྡན་འདས་བདག་ཅག་ཀྱང་མ་འོངས་པའི་དུས་ན། མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ཐོས་ནས། ཇི ་ལྟར་ད་ལྟར་ན་དེ་བཞིན་གཤེགས་པ་ཆོས་སྟོན་པ་དེ་ཁོ་ན་བཞིན་དུ། སེམས་ཅན་ཐམས་ཅད་ཆོས་སྟོན་པར་གྱུར་ཅིག་ཅེས་ཀྱང་སྨྲས་སོ།། མི་ཟད་པའི་ཟ་མ་ཏོག ་གི་གཟུངས་ཀྱི་ཕན་ཡོན་གྱི་ལེའུ་སྟེ།། བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀླུའི་སྐྱེ་གནས་སུ་སྐྱེས་པ་དག་ཀྱང་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད ་པར་བགྱིད་ལ། འདི་ན་མིར་གྱུར་པ་ཁ་ཅིག་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྔོ་མི་ཐོག་པ་ནི་ངོ་མཚར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཤ་རིའི་བུ་ཀླུ་ཁྲི་ཉིས་སྟོང་པོ་འདི་དག་ནི་དེ་བཞིན་གཤེགས་པ་འོད་སྲུང་གི་གསུང་རབ་ཏུ་བྱུང་བར་གྱུར་ཏེ། འདི་དག་གིས་དེ་བཞིན་གཤེགས་པ་དེ་ལས་བྱང་ཆུབ་ཀྱི ་སེམས་དང་ལྡན་པའི་གཏམ་གཅིག་ཐོས་སོ།། ཐོས་ནས་ཀྱང་དེ་བཞིན་གཤེགས་པ་དེ་ལ་ལེགས་སོ་ཞེས་བྱ་བ་གསོལ་ཏེ།། ཐེག་པ་ཆེན་པོ་ནི་བསམ་གྱིས་མི ་ཁྱབ་སྟེ། ལེགས་སོ་ལེགས་སོ་ཞེས་ཚིག་ཏུ་སྨྲས་སོ།། མི་དགེ་བའི་འདུ་འཛི་འདི་ལྟ་སྟེ། མཛའ་བཤེས་ཀྱི་ཁྱིམ་དང ་སློང་མོ་སྟེར་བའི་ཁྱིམ་ཡོངས་སུ་བཟུང་བའི་ཕྱིར། ཚུལ་ཁྲིམས་རྣམས་ཉམས་སུ་མ་བླངས་པར་གྱུར་ཏེ། ཚུལ་ཁྲིམས་ཉམས་པར་བྱས་པ་དེས་ན། འདི་དག་དེ ་ནས་ཤི་འཕོས་ནས། ཀླུའི་སྐྱེ་གནས་སུ་སྐྱེས་པར་གྱུར་ཏོ།། འདི་དག་གིས་ཐེག་པ་ཆེན་པོའི་གཏམ་དེ་ཐོས་ལ། བཅོམ་ལྡན་འདས་དེ་ལ་ཡང་ལེགས་སོ་ཞེས་བྱ ་བ་གསོལ་བའི་རྒྱུ་དེ་དང་། རྐྱེན་དེ་དང་། དགེ་བའི་རྩ་བ་དེས་ནི་ད་ལྟར་ང་ལས་ཐེག་པ་ཆེན་པོའི་གཏམ་ཐོས་ཏེ། མི་ཟད་པའི་ཟ་མ་ཏོག་གི་གཟུངས་བསྟན་པ ་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ།། ཤ་རིའི་བུ་ལྷག་པའི་བསམ་པའི་ཁྱད་པར་ལ་ལྟོས།། ངས་འདི་དག་བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ་བསྐལ་པ་བགྲང་བ་ལས་འདས་པ་དག་ན། དེ་བཞིན་གཤེགས་པ་ཡང་བགྲང་བ་ལས་འདས་པ་དག་ལ་མཆོད་པ ་བྱས་ནས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཡང་དག་པར་བསྒྲུབས་ཏེ། བསྐལ་པ་མངོན་པར་དགའ་བ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་དྲི་མ་མེད ་པའི་སྙིང་པོར།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་བརྒྱ་པར་འགྱུར་ཏེ། ཡེ་ཤེས་བླ་མ་ཞེས་བྱ་བ་དང་། བསོད་ནམས་བླ ་མ་ཞེས་བྱ་བ་དང་། ཆོས་བླ་མ་ཞེས་བྱ་བ་དང་། ཤེས་རབ་བླ་མ་ཞེས་བྱ་བའི་མཚན་འདི་བཞིར་མཐུན་པ་ཤ་སྟག་གི་དེ་བཞིན་གཤེགས་པར་འགྱུར་རོ།། དེ་དག་ཟས ་ཅད་ཀྱང་བསྐལ་པ་དེ་གཅིག་ཁོ་ན་ལ་འབྱུང་བར་འགྱུར་ཏེ། དཔེར་ན་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་འབྱུང་བར་འགྱུར་བ་བཞིན་ནོ།། དེ་ནས་བཅོམ ་ལྡན་འདས་ལ་ཀླུའི་རྒྱ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་གི་ཚེ། བདག་བསྐལ་པའི་དང་པོར་རྒྱ་མཚོ་ཆེན་པོའི་ནང་ན་གནས་པ་དང་། ་གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་བ་འཇིག་འཇིག་རྟེན་དུ་འབྱུང་བ་དེའི་ཚེ་ན། རྒྱ་མཚོ་ཆེན་པོའི་ནང་ན་ཀླུ་དང་། ཀླུའི་བུ་དང་། ཀླུའི་བུ་མོ་དག ་ཉུང་བར་གྱུར་ཏེ། བདག་ཀྱང་འཁོར་ཉུང་བར་གྱུར། བཅོམ་ལྡན་འདས་ད་ནི། རྒྱ་མཚོ་ཆེན་པོའི་ནང་ན་ཀླུ་དང་། ཀླུའི་བུ་དང་ཀླུའི་བུ་མོ་དག་ཀྱང་འདི་ལྟར་ཚད་མ ་མཆིས་ཏེ། གྲངས་ཀྱི་མཐའ་རྟོགས་པར་མི་ནུས་ལགས་ན། བཅོམ་ལྡན་འདས་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཀླུའི་བདག་པོ་གང་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་དག་པ་ཡོངས་སུ་མ་བྱས་ཏེ། ཆོ་ག་ཉམས་པ་དང་། མཚོ་བ་ཉམས ་པ་དང་། ཚུལ་ཁྲིམས་ཉམས་པར་གྱུར་ལ་དེ་དག་གི་ལྟ་བ་ཡང་དྲང་པོར་གྱུར་ཏེ། དེས་ན་སེམས་ཅན་དམྱལ་བ་རྣམས་སུ་ནི་མི་སྐྱེ། ཤི་འཕོས་ནས་ཀླུའི་སྐྱེ་གནས ་རྣམས་སུ་སྐྱེ་བར་འགྱུར་ཏེ། ཀླུའི་བདག་པོ་དེ་བཞིན་གཤེགས་པ་འཁོར་བ་འཇིག་གི་གསུང་རབ་ལས་ནི་སྲོག ་ཆགས་ཁྱིམ་པ་དང་རབ་ཏུ་བྱུང་བ་བྱེ་བ་ཕྲག་དགུ་བཅུ་རྩ་བརྒྱད་ཆོ་ག་དང་། མཚོ་བ་དང་ཚུལ་ཁྲིམས་ཉམས་ཏེ། ཤི་འཕོས་ནས་ཀླུའི་སྐྱེ་གནས་སུ་སྐྱེས་སོ།། དེ་བཞིན ་གཤེགས་པ་གསེར་ཐུབ་ཀྱི་གསུང་རབ་ལ་ནི། སྲོག་ཆགས་ཁྱིམ་པ་དང་རབ་ཏུ་བྱུང་བ་བྱེ་བ་ཕྲག་དྲུག་ཅུ་རྩ་བཞིར་རབ་ཏུ་བྱུང་བ་ལས་ཚུལ་ཁྲིམས་འཆལ་བར་གྱུར ་བས་ཤི་འཕོས་ཏེ། ཀླུ་རྣམས་ཀྱི་གནས་སུ་སྐྱེས་སོ།། དེ་བཞིན་གཤེགས་པ་འོད་སྲུང་གི་གསུང་རབ་ལས་ནི་སྲོག་ཆགས་ཁྱིམ་པ་དང་རབ་ཏུ་བྱུང་བ་བྱེ་བ་ཕྲག་བརྒྱད ་བཅུ་ཆོ་ག་དང་། མཚོ་བ་དང་། ཚུལ་ཁྲིམས་ཉམས་ནས་ཤི་འཕོས་ཏེ། ཀླུའི་སྐྱེ་གནས་རྣམས་སུ་སྐྱེས་སོ།། ཀླུའི་བདག་པོ་ད་ལྟར་ངའི་གསུང་རབས་འདི་ལས་ནི ་སྲོག་ཆགས་ཁྱིམ་པ་དང་རབ་ཏུ་བྱུང་བ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་རབ་ཏུ་བྱུང་བ་ལས། རྩོད་པ་སྣ་ཚོགས་དང་། འཐབ་པ་སྣ་ཚོགས་དང་། འདུ་འཛི་སྣ་ཚོགས་ཀྱི་ཆོ་ག་དང་། ་འཚོ་བ་དང་། ཚུལ་ཁྲིམས་ཉམས་ཏེ། ཤི་འཕོས་ནས་ཀླུའི་སྐྱེ་གནས་རྣམས་སུ་སྐྱེ་ཞིང་སྐྱེ་བར་འགྱུར་ཏེ། ཀླུའི་བདག་པོ་རྒྱུ་ནི་དེ་ཡིན་ནོ།། རྐྱེན་ནི་དེ་ཡིན་ཏེ་དེས་ན་དཎྜ ་ཀླུ་དང་། ཀླུའི་བུ་དང་ཀླུའི་བུ་མོ་རྣམས་དེ་ལྟར་ཚད་མེད་དོ།། ཀླུའི་བདག་པོ་ད་དུང་ཡང་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཕྱི་མའི་དུས་ཕྱི་མའི་ཚེ་ན་དགེ་སློང་སྡིག་ཅན་རྣམས ་དང་། དགེ་སློང་མ་སྡིག་ཅན་རྣམས་དང་། དགེ་བསྙེན་སྡིག་ཅན་རྣམས་དང་། དགེ་བསྙེན་མ་སྡིག་ཅན་རྣམས་དང་། ཚུལ་ཁྲིམས་ཉམས་པས་ཀླུའི་སྐྱེ་གནས་རྣམས་སུ ་སྐྱེ་བར་འགྱུར་རོ།། དེའི་ནང་ནས་ཁ་ཅིག་ནི་སེམས་ཅན་དམྱལ་བ་རྣམས་སུ་ལྟུང་བར་འགྱུར་རོ།། གསོལ་པ། བཅོམ་ལྡན་འདས་རབ་ཏུ་བྱུང་བར་རྟོགས་ལ། ཚུལ་ཁྲིམས ་ཉམས་པའི་ཀླུའི་སྐྱེ་གནས་རྣམས་སུ་སྐྱེས་པ་དང་། སྐྱེ་བར་འགྱུར་བ་གང་ལེགས་པ་དེ་དག་གི་ལས་རྣམས་ལ་ཁྱད་པར་ཅི་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། ཀླུའི་བདག་པོ་རབ་ཏུ་བྱུང་བར་རྟོགས་ལ། ཚུལ་ཁྲིམས་ཉམས་པ་ཀླུའི་སྐྱེ་གནས་རྣམས་སུ་སྐྱེས་པ་དང་། སྐྱེ་བར་འགྱུར་བ་གང་ཡིན་པ་དེ་དག་ནི་སྦྱོར་བ ་ནི་ཡོངས་སུ་མ་དག་ལ། དེ་བཞིན་གཤེགས་པའི་བསྟན་པ་ཡིད་ཆེས་པའི་ཕྱིར། དེ་དག་གི་བསམ་པ་ཡོད་དེ། དེ་དག་ནི་ཀླུའི་སྐྱེ་གནས་དེ་ནས་ཤི་འཕོས་ནས། ལྷག ་པའི་བསམ་པ་དེའི་སྟོབས་ཀྱིས་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སུ་འགྱུར་བ་གང་ཡིན་པའི་དེ་བཞིན་གཤེགས་པ ་དག་གི་བསྟན་པ་ལ་ཐེག་པ་ཇི་ལྟ་བ་བཞིན་དུ་མོས་པར་འགྱུར་ཏེ། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་མ་གཏོགས་པར་ཐམས་ཅད་ཀྱང་བསྐལ་པ་བཟང་པོ་འདི་ཉིད་ལ་ཡོད། ་སུ་མྱ་ངན་ལས་འདའ་བར་འགྱུར་རོ།། ཀླུའི་བདག་པོ་དེ་བཞིན་གཤེགས་པའི་བསྟན་པའི་ཆེ་བ་ཉིད་དང་། རབ་ཏུ་བྱུང་བའི་ཡོན་ཏན་གྱི་རྒྱུའི་ཁྱད་པར་ལ་ལྟོས། འདི ་ལྟར་སེམས་ཅན་དེ་དག་མི་དགེ་བའི་ཆོས་ཐམས་ཅད་སྤངས་ནས། ཁྱད་པར་དུ་འགྲོ་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ ་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་ཀྱི་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཐོང་བ་དང་ཐོས་པ་དོན་མཆིས་པ ་ལགས་ཏེ་ངོ་མཚར་ལགས་སོ།། འདི་ལྟར་སྨད་དུ་མ་མཆིས་པའི་ལས་ཅན་རྣམས་ཀྱི་སངས་རྒྱས་ལ་དམིགས་པའི་སེམས་ཅིག་ཙམ་བསྐྱེད་པ་ཡང་ཆབ་འཚལ་བར་མི ་འགྱུར་ཏེ། དེ་ནི་དེ་དག་གི་ཡོངས་སུ་མྱ་ངན་ལས་འདའ་བའི་བར་གྱི་རྒྱུར་འགྱུར་བ་ལགས་སོ།། བཅོམ་ལྡན་འདས་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་འདི་ལྟ་སྟེ། མཐོང་བ་དང་ཐོས་པའི་དོན་མཆིས་པར་སེམས་བསྐྱེད་པར་འཚལ་ལོ།། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་བདག་གི་བྱང་ཆུབ་སེམས་དཔའི་སྤྱོད ་བ་དོན་མཆིས་པར་གྱུར་ཅིག། བདག་སེམས་རྨོངས་པར་མ་གྱུར་ཅིག། དགེ་བ་ལ་རྨོངས་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ལ་རྨོངས་པར་མ་གྱུར་ཅིག། ་བདག་ཚེ་རབ་ཐམས་ཅད་དུ་སངས་རྒྱས་མཐོང་བ་དང་། ཆོས་མཐོང་བ་དང་། འཕགས་པའི་དགེ་འདུན་ལ་བསྙེན་བཀུར་བགྱིད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བགྱིད ་པ་དང་བྲལ་བར་མ་གྱུར་ཅིག། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་ལ་ལེགས་སོ་ཞེས་བྱ་བ་བྱིན་ནོ།། བཞིན་བཟངས་ཁྱོད་ཀྱིས ་སེམས་ཅན་ཐམས་ཅད་ཀྱི་རྟེན་གྱི་སེམས་བསྐྱེད་པ་ལེགས་སོ་ལེགས་སོ།། འདི་ལྟ་བུའི་ལྷག་པའི་བསམ་པ་དང་། འདི་ལྟ་བུའི་སྙིང་རྗེ་ཆེན་པོའི་བྱང་ཆུབ་ཏུ་སེམས་བསྐྱེད ་པ་འདིའི་དགེ་བའི་རྩ་བའི་རྣམ་པར་སྨིན་པ་དེ་ནི། དེ་བཞིན་གཤེགས་པས་ལོ་བདུན་དང་། ཞག་བདུན་དུ་བཤད་ཀྱང་། མཐར་ཕྱིན་པར་བཤད་པར་མི་སྤྱོད་དེ། ཁྱོད་ཀྱི ་དགེ་བའི་རྩ་བའི་ཚོགས་དེ་ཙམ་དུ་ཆད་མེད་པ་འདི་ཡོངས་སུ་བཟུང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱི་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་ཀྱིས་ལྷག་པའི ་བསམ་པ་ཐུགས་སུ་ཆུད་ནས། དེའི་ཚེ་འཛུམ་པ་མཛད་དོ།། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ། འཛུམ་པ་མཛད་པའི་ཆོས་ཉིད་དེ། དེ་ནས་དེའི ་མོད་ལ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། རྩོད་ཀ་དང་ཤེལ་དང་། དངུལ་གྱི་ཁ ་དོག་ལྟ་བུ་དག་བྱུང་ངོ་།། འོད་ཟེར་དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང་བ་ཆེན་པོས་ཁྱབ་པར་བྱས་ནས། ཚངས་པའི་འཇིག་རྟེན་གྱི་བར་དུ ་མངོན་པར་འཕགས་ཏེ། ཉི་མ་དང་ཟླ་བ་གཉིས་ཀྱི་གཟི་བརྗིད་དང་། འོད་ཀྱང་མགོ་མོག་པོར་བྱས་ནས་ཕྱིར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས ་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བུས ་@མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འཛུམ་པ ་མཛད་པའི་དོན་ཚིགས་སུ་བཅད་པས་ཞུས་པ།། བདེ་གཤེགས་བསོད་ནམས་རྒྱས་སྤྲས་སྐ་མངའ་བ།། མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན་པའི་སྐུ།། ཟླ་བ་ལྟ་བུར ་དྲི་མེད་དག་པའི་ཞལ།། ཅིའི་སླད་དུ་འཛུམ་པ་སྟོན་པར་མཛད།། བཅོམ་ལྡན་དྲི་མེད་དྲི་མ་གསུམ་བྲལ་བ།། ཐ་བ་མི་མངའ་རྣམ་དག་པད་མའི་སྤྱན།། ལྷ་དང་ལྷ ་མ་ཡིན་དང་ཀླུས་མཆོད་ལ།། ཅིའི་སླད་དུ་འཛུམ་པ་སྟོན་པར་མཛད།། བཅོམ་ལྡན་ཚེམས་སྙོམས་ཐག་བཟངས་དཀར་བར་ལྡན།། སྟོབས་བཅུ་མངའ་ཞིང་དྲི་བསུང ་གདའ་བའི་ཞལ།། དགའ་དང་འཆི་བ་མཐར་ཐུག་མཛད་པ་པོ།། ཅིའི་སླད་དུ་འཛུམ་པ་སྟོན་པར་མཛད།། ནམ་མཁའི་དཀྱིལ་ལྟར་དྲི་མ་མེད་པའི་ཐུགས།། མགོན ་པོ་ཐུགས་ཀྱི་དགྲ་ཟུན་མཉམ་སྙོམས་པ།། ཐུགས་ནི་རི་བོ་ལྟ་བུར་མི་གཡོ་བ།། བཅོམ་ལྡན་འཛུམ་པའི་དོན་འདིར་བཀའ་སྩལ་སྩོལ།། བཅོམ་ལྡན་ཚངས་པའི་སྒྲ ་སྐད་སྒྲོགས་པ་པོ།། མི་འམ་ཅི་དང་ཀ་ལ་པིང་ཀ་དང་།། རྔ་སྒྲ་ལྟ་བུ་སྙན་ཅིང་དགའ་བ་དང་།། གཉེན་པོར་གསུང་བ་འཛུམ་པའི་ཐབས་གསུངས་ཤིང་།། འདྲེན་པ ་ཐོགས་པ་མེད་པའི་བློ་མངའ་བ།། དུས་གསུམ་འགྲོ་བའི་སྤྱོད་དང་མོས་པ་དང་།། དབང་པོ་རྣམས་ཀྱང་རབ་ཏུ་མཁྱེན་པ་པོ།། ཅི་ཡི་སླད་དུ་འཛུམ་པ་སྟོན་པ་མཛད།། ་བཅོམ་ལྡན་སྨན་པའི་རྒྱལ་པོ་མི་རྣམས་དང་།། ལྷ་ཀླུ་རྣམས་ཀྱི་ནད་ནི་ནི་མཛད་པ།། བཅོམ་ལྡན་སྟན་དུ་བདེ་བ་སྟོན་པ་པོ།། ཅི་ཡི་སླད་དུ་འཛུམ་པ་སྟོན་པ་མཛད། ་ཡོན་ཏན་མངའ་བ་བདག་ལ་བཀའ་སྩོལ་ཅིག། ལྷ་དང་མི་རྣམས་ཁྲག་ཁྲིག་ཉན་ཅིང་མཆིས།། ཐོས་ན་ཡིད་ནི་རབ་ཏུ་དགའ་འགྱུར་ཞིང་།། ཐམས་ཅད་མཁྱེན་པའི་དགོངས ་པ་བགྱིད་པར་འགྱུར།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་ཏོ།། ཀུན་དགའ་བོ་ཁྱོད་ཀྱིས་ཀླུའི་རྒྱལ་པོའི་བུ ་དཔལ་གྱི་གཟི་བརྗིད་ངའི་མདུན་དུ་འདུག་ནས། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་མཐོང་ངམ། གསོལ་པ། ་བཅོམ་ལྡན་འདས་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དཔལ་གྱི་གཟི་བརྗིད་འདི་བསྐལ་པ་གྲངས་མེད་པ་ཕྲག་བརྒྱད་བརྒྱ་ན། ་བསྐལ་པ་ཀུན་དུ་ལྟ་བ་ལ་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་ཅིང་བརྟན་པར་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ཅེས་བྱ་བར་འགྱུར་ཏེ། འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ་ཀུན་དགའ་བོ་དཔལ་གྱི་གཟི་བརྗིད་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དོན་ཡོད་པ་སྤྱོད་ཅིང་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་མཉེས་པར་བྱས་ཏེ་མཆོད་པ་བྱས་ནས ་རབ་ཏུ་བྱུང་སྟེ་ཚངས་པར་སྤྱོད་པར་འགྱུར་རོ།། སེམས་ཅན་ཚད་མེད་པ་ཡང་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བྱེད་དོ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་མཐོང་བ་དོན ་ཡོད་ཀྱི་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་ཅིང་བརྟན་པ་དེ་ཡང་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ་ཉམས་དགའ་བར་འགྱུར་ལ། སྐྱེ་བོ་མང་པོ་དང་། ལྷ་དང་མི་རྣམས་ཀྱིས་གང་བར་འགྱུར་ཏེ། དཔེར་ན་འཐབ་བྲལ་གྱི་ལྷ་རྣམས་ཉེ་བར་སྤྱད་པ་དང་། ལོངས་སྤྱོད་ཇི་ལྟ་བ ་བཞིན་དུ། དེ་ནི་མི་རྣམས་ཀྱི་ཡང་དེ་དང་འདྲ་བར་འགྱུར་རོ།། དེ་བཞིན་གཤེགས་པ་དེའི་ཚེའི་ཚད་ཀྱང་ལོ་ཁྲི་ཐུབ་པར་འགྱུར་རོ།། དེའི་ཉན་ཐོས་ཀྱི་དགེ་འདུན་ནི་བྱེ་བ། ་ཕྲག་དྲུག་ཅུ་ཡོད་དོ།། བྱང་ཆུབ་སེམས་དཔའི་དགེ་འདུན་ནི་འབུམ་ཕྲག་བཅུ་གཉིས་འདུ་བར་འགྱུར་རོ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་དེ། ་སེམས་ཅན་གང་གི་མིག་སྔར་སྣང་བ་དེ་དག་ཀྱང་མཐོང་བའི་མོད་ལ་བྱམས་པའི་རྣམ་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་མཐོང་བ ་དོན་ཡོད་ནི། མཐོང་བའི་མེད་ལ་སེམས་ཅན་རྣམས་འདུལ་བར་འགྱུར་རོ།། དེ་ལ་ཉན་ཐོས་ཀྱི་ཐེག་པ་པར་འགྱུར་བ་གང་ཡིན་པ་དེ་དག་ནི་དང་པོ་མཐོང་བས་རྒྱུན་དུ་ཞུགས ་པར་འགྱུར་རོ།། ལན་གཉིས་མཐོང་བས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་འགྱུར་རོ།། ལན་གསུམ་མཐོང་བས་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར ་འགྱུར་རོ།། ལན་བཞི་མཐོང་བས་ནི་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའི་ཐེག་པ་པར་འགྱུར་བ་གང་ཡིན་པ་དེ་དག་ནི། དེ་བཞིན་གཤེགས ་བ་མཐོང་བ་དོན་ཡོད་དེ་མཐོང་བའི་མདོ་ཁོ་ན་ལ་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་ཅིང་བརྟན་པ་ན། ་སེམས་ཅན་སུ་ཡང་ཚུལ་ཁྲིམས་ཉམས་པ་འམ། ལྟ་བ་ཉམས་པ་འམ། ཆོ་ག་ཉམས་པ་འམ། མཚོ་བ་ཉམས་པར་མི་འགྱུར་ཏེ། དེ་དག་ཐམས་ཅད་ཡང་དག་པར་ཉིད་ཏུ ་ངེས་པར་འགྱུར་རོ།། སེམས་ཅན་དེ་དག་དེ་ནས་ཤི་འཕོས་པ་སུ་ཡང་ངན་འགྲོར་འགྲོ་བར་མི་འགྱུར་ཏེ། དེ་དག་ཐམས་ཅད་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ།། ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ་ཡང་སྐྱེ་བར་འགྱུར་རོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་ཀྱི་བདག་ཉིད་ལུང་བསྟན་པ་ཐོས་ནས། ཚིམ་ཞིང་། ་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། མུ་ཏིག་གི་དྲ་བ་ནོར་བུ་རིན་པོ་ཆེ་འབུམ་གྱིས་སྤྲས་པ། དེ་བཞིན་གཤེགས་པའི་སྐུ་ལ ་གསོལ་ནས་སོར་མོ་བཅུའི་ཐལ་མོ་སྦྱར་ཏེ་མངོན་སུམ་དུ་བཅོམ་ལྡན་འདས་ལ་ཚུལ་དང་མཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་པ། མི་དབང་ཟླ་བ་དྲི ་མེད་འོད་ཀྱི་ཞལ།། གཟི་བརྗིད་མཐའ་ཡས་ལྷ་དང་མིས་མཆོད་པ།། མཚུངས་མེད་སྟོབས་ལྡན་མཐའ་ཡས་ཤུགས་མངའ་བ།། ཡེ་ཤེས་ཚད་མ་མཆིས་ལ་མགོས ་ཕྱག་འཚལ།། ཕན་པར་མཛད་པའི་ཡེ་ཤེས་ཆང་མ་མཆིས།། དེ་བཞིན་ཤེས་རབ་འོད་ཀྱང་བསམ་མི་ཁྱབ།། ཚུལ་ཁྲིམས་དྲི་མེད་རབ་རྟེན་རྣམ་པར་དག། ་དབང་མཁའ་དཀྱིལ་འདྲ་ལ་ཕྱག་འཚལ་ལོ།། བསྐལ་པ་དཔག་ཏུ་མེད་པ་མཐའ་ཡས་པར།། སྤྱོད་པ་སྤྱད་ནས་སངས་རྒྱས་ཡིས ་བསྙེས།། དེས་ན་འགྲོ་བའི་སྤྱོད་པ་རབ་ཏུ་མཁྱེན།། དེ་བཞིན་དེ་དག་དབང་པོ་བསམ་པ་མཁྱེན།། འཇིག་རྟེན་བཅོམ་ལྡན་གཟུགས་དང་མཚུངས་མ་མཆིས།། དེ་བཞིན ་འགྲོ་བ་ལྟ་བས་ཆོག་མ་འཚལ།། དེ་ཡི་ཉོན་མོངས་སྐྱེ་བར་མི་འགྱུར་ཏེ།། དེ་ཚེ་ཉོན་མོངས་ཐམས་ཅད་རབ་ཏུ་ཞི།། ཀ་ལ་བིང་ཀ་ཁུ་བྱུག་མི་འམ་ཅི།། དེ་བཞིན་ཆངས ་པའི་སྒྲ་དང་ལྷ་མིན་སྒྲ།། ཕྱོགས་བཅུ་དག་ན་ཡིད་འོང་སྒྲ་དེ་དག། བདེ་གཤེགས་གསུང་གཅིག་གིས་ནི་ཟིལ་གྱིས་གནན། མཁའ་ལས་ཟླ་བ་རབ་ཏུ་ལྟུང་ཡང་གདའ།། ་རྒྱ་མཚོ་སྐམས་ཤིང་རི་རབ་སྙིལ་ཡང་གདའ།། ས་ལ་ནམ་ལྷུང་དུམ་བུ་བརྒྱར་འགྱུར་གདའ།། རྒྱལ་བ་བཀའ་ནི་གཞན་དུ་ཡོང་མི་གསུང་།། བདེན་པའི་བརྟུལ་ཤུགས ་རབ་འབྲེལ་སྟོན་པས་འདིར།། སངས་རྒྱས་ཡེ་ཤེས་གཙོ་བོས་བདག་ལུང་བསྟན།། བདག་ནི་རྒྱལ་བ་འབྱུང་ཡོན་གནས་པར་འགྱུར།། བདག་ལ་ཡིད་གཉིས་སོམ ་ཉི་དོགས་མ་མཆིས།། ཕྱོགས་བཅུ་དག་ཏུ་རིན་ཆེན་ལེགས་སྨྲས་པ།། བྱེ་བ་མཐའ་ཡས་འདྲེན་པ་རྣམས་ལ་ཕུལ།། བྱང་ཆུབ་སེམས་ཅིག་བསྐྱེད་པ་གང་ལགས ་ལ། བསོད་ནམས་སྔ་མས་འདིའི་ཆར་མི་ཕོད།། གང་ཞིག་བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱིད།། འདི་ནི་སངས་རྒྱས་མཆོད་ལས་ཁྱད་དུ་འཕགས།། ག ་ཞིག་འདྲེན་རྣམས་ཚུལ་འདི་མི་གཅོད་པ།། འདི་ནི་སྟོབས་བཅུ་ཀུན་གྱི་བཀའ་དྲིན་གཟོ།། ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་དེས།། ཚིགས་སུ་བཅད ་པ་མངོན་པར་བསྒྲུབ་པ་འདི་སྨྲས་པ་ན། སྲོག་ཆགས་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་དག་གིས་ཚིག་འདི་སྐད་དུ། གང་གི་ཚེ་བ ་ལྡན་འདས་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་དེས་བྱང་ཆུབ་བརྙེས་པ་དེའི་ཚེ། བདག་ཅག་ཀྱང་བཅོམ་ལྡན་འདས་དེ་དང་འཕྲད་དེ། འཇིག་རྟེན་གྱི་ཁམས་ཡོངས་སུ་དག་ཅིང ་བརྟན་པ་དེར་སྐྱེ་བར་གྱུར་ཅིག། དེ་བཞིན་གཤེགས་པ་དེའི་དམ་པའི་ཆོས་ཡོངས་སུ་འཛིན་ཅིང་མཆོད་པ་དང་། བསྙེན་བཀུར་ཡང་བགྱིད་པར་གྱུར་ཅིག། བཅོམ་ལྡན་འདས ་དེའི་འོག་ཏུ་བདག་ཅག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག་ཅེས་ཀྱང་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ཐམས་ཅད་འཇིག་རྟེན་གྱི་ཁམས ་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ཀྱི་ཞིང་དེར་སྐྱེ་བར་ལུང་བསྟན་ཏོ།། །། ལུང་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས ་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བའི་སླད་དུ། རྒྱ་མཚོ་ཆེན་པོར་སང་གདུགས་ཆོད་གསོལ་བར་སྣང་བར་མཛད་དུ་གསོལ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས ་རྒྱ་མཚོ་ཆེན་པོའི་ནང་ན། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། དེ་མ་ལགས་པ་ཡང་དུད་འགྲོའི་སྐྱེ་གནས་སུ་སྐྱེས ་བ་དེའི་སེམས་ཅན་ཚང་མ་མཆིས་པ་དག་མཆིས་ཏེ། དེ་དག་གི་དེ་བཞིན་གཤེགས་པ་མཐོང་ན་དེ་དག་གི་དགེ་བའི་རྩ་བ་དག་བསྐྱེད་པར་འགྱུར་ལ། དམ་པའི་ཆོས་ཐོས་པས་ཀྱང ་འཁོར་བ་ཐོག་མ་མཆིས་པའི་མཐའ་རྟོགས་པར་འགྱུར་བ་དང་། བདག་གི་ཀླུའི་རྒྱལ་པོའི་གནས་ཀྱང་ཡོངས་སུ་ལོངས་སྤྲད་པར་འགྱུར་ཏེ། ལྷ་དང་བཅས་པའི་འཇིག་རྟེན་གྱིས ་བརྙས་པར་མི་འགྱུར་ལ། དེ་བཞིན་གཤེགས་པས་ཀྱང་སངས་རྒྱས་ཀྱི་ཆེ་བ་ཉིད་བསྟན་པར་འགྱུར་བ་དང་། བདག་གི་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པའི་ཆོས་ཉེ་བར་བསྟན་པ ་བགྱིས་པར་འགྱུར་བའི་སྲད་དུའོ།། བཅོམ་ལྡན་འདས་ཀྱིས་ཀྱང་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་ཐུགས་བརྩེ་བ་དང་། སེམས་ཅན་ཚད་མེད་པ་དག་གི་དགེ་བའི་རྩ་བ་འཕེལ་བར་བྱ་བའི ་ཕྱིར་གནང་ངོ་།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་བཅོམ་ལྡན་འདས་ཀྱི་གནང་བ་རིག་ནས། ཚིམ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ལན་བདུན་བསྐོར་བ་བྱས་ཏེ། དཔུང་དང་བཅས། འཁོར་དང་བཅས་པས་བཅོམ་ལྡན་འདས་ཀྱི་ཐད་ནས་མི ་སྣང་བར་གྱུར་ཏོ།། རྒྱ་མཚོ་ཆེན་པོའི་ནང་དུ་ཕྱིར་སོང་ངོ་།། དེ་ནས་དེར་སྐྱེ་བོའི་ཚོགས་འདུས་པ་ཐམས་ཅད་ལ་འདི་སྐད་ཅེས་སྨྲས་སོ།། བདག་གི་དེ་བཞིན་གཤེགས་པ་སང ་གདུགས་ཚོད་གསོལ་བར་སྤྱན་དྲངས་ཏེ། དེས་ཀྱང་བདག་ལ་ཐུགས་རྩེ་བའི་ཕྱིར་གནང་གིས་དེར་ཁྱེད་ཀུན་གྱི་ཀྱང་ལྷན་ཅིག་ཏུ་མཐུན་པ་དང་།། ཡང་དག་པར་དགའ་བ ་དང་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། བསྙེན་བཀུར་ལ་བརྩོན་པ་གྱིས་ཤིག། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་ལྷ་མ་ཡིན་གྱི ་དབང་པོ་བདེ་མཆོག་དང་། སིམ་བྱེད་དང་། ཐག་བཟང་རིས་ལ་སྨྲས་པ། གྲོགས་པོ་དག་ཤེས་པར་གྱིས་ཤིག། དེ་བཞིན་གཤེགས་པ་རྒྱ་མཚོ་ཆེན་པོ་འདིར་གཤེགས ་ཀྱིས། དེར་ཁྱོད་འཁོར་དང་བཅས་པ་ཐམས་ཅད་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར།། བདག་གིས་སྐབས་ཕྱེ་བ་ལགས་ཀྱིས་བདག་གི་གནས་སུ་བྱོན ་ཅིག། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས། ཀླུའི་རྒྱལ་པོ་འཇོག་པོ་དང་། ཁ་དོག་མཐའ་ཡས་དང་། དྲི་མ་མེད་དང་། འོད་ཅན་དང་། རྣམ་པར་གཙེ་དང་། བཀོད་པ་དང་། ་ལག་ན་རྡོ་རྗེ་དང་། བརྗོད་བྱ་དང་། ཁ་དོག་ཐམས་ཅད་སྟོན་པ་དང་། ཙན་དན་གྱི་རྣམ་པ་དང་། དེ་ལ་སོགས་པ་ཀླུའི་རྒྱལ་པོ་འབུམ་ཕྲག་དུ་མ་ལ་སྨྲས་པ། གྲོགས་པོ ་དག་ཁྱེད་ཅག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ལ་ལྟ་བ་དང་ཕྱག་བྱ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་བདག་གི་གནས་སུ་སྤྱོན་ཅིག། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས། ་གཞོན་ནུ་དཔལ་གྱི་གཟི་བརྗིད་ལ་བསྒོ་བ། བཞིན་བཟངས་ཁྱོད་སོང་ལ། ཀླུའི་རྒྱལ་པོ་མ་དྲོས་པའི་རྐང་པ་ལ་མགོ་བོས་ཕྱག་འཚོལ་ལ་འདི་སྐད་ཅེས་ཀྱིས། བདག་གི ་པ་ཡི་མཆིད་ནས། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་བཤོས་གསོལ་གྱིས་རྒྱ་མཚོ་ཆེན་པོར་སྤྱོན་ཅིག་ཅེས་ཀྱིས ་ཤིག། ལེགས་སོ་ཞེས་བྱས་ཏེ་སྙན་ནས་ཇི་སྐད་བསྒོ་བ་བཞིན་དུ། ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་ཀྱིས་བྱས་སོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས། ཀླུའི་རྒྱལ ་པོ་དྲག་ཤུལ་དྲག་ལ་སྨྲས་པ། ཤུགས་དྲག་ཁྱོད་སོང་ལ་རི་རབ་ཀྱི་སྟེང་དུ་སོང་སྟེ་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་གཉིས་ཀྱང་བོས་ཤིག། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན ་ལ་ཡང་དེ་བཞིན་གཤེགས་པ་ལ་མཆོད་པ་དང་བསྙེན་བཀུར་བགྱིས། རྒྱ་མཚོ་ཆེན་པོར་བདག་གིས་གནས་སུ་སྤྱོན་ཅིག། ཅེས་གྱིས་ཤིག། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་ཇི ་སྐད་བསྒོ་བ་བཞིན་དུ། ཀླུ་ཤུག་དྲག་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་གཉིས་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཐད་དུ་སོང་ནས་ཇི་སྐད་བསྒོ་བ་བཞིན་དུ་བོས་སོ།། ་དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་རང་གི་གནས་སུ་འཁོར་གྱི་ཁྱམས་བཀོད་པ། བཻ་ཌཱུརྱ་སྔོན་པོ་དག་པ་དང་། འཛམ་བུའི་ཆུ་བོ་གསེར་ལས་བྱས་པ་བཤམས་ཏེ། རིན་པོ་ཆེ་དུ་མས ་ནི་སྤྲས། རིན་པོ་ཆེའི་དྲ་བས་ནི་ཁེབས་པར་བྱས། དྲིལ་བུ་གཡེར་གའི་དྲ་བ་ནི་སྦྱངས། དར་གྱི་ལྡ་ལྡི་མང་པོ་ནི་བརྟགས། བླ་རེ་ནི་བྲིས། རྒྱལ་མཚན་དང་བ་དན་ནི་སྒོང་། ་རྒྱ་མཚོའི་སྤོས་ཀྱི་མཆོག་གི་ནི་གདུགས། མེ་ཏོག་སྣ་ཚོགས་ནི་བཀྲམ་སྟེ། འཁོར་གྱི་ཁྱམས་ཡངས་ཤིང་རྒྱ་ཆེ་བ་དེའི་ནང་དུ། བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲི་འཕངས ་དུ་དཔག་ཚད་བཅུ་གཉིས་པ་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ་ལྷ་རྫས་ཀྱི་རས་བཅོས་བུ་རྣམ་པ་སྣ་ཚོགས་དུ་མ་མང་པོ་བཏིང་བ། བླ་རེས་བྲེས་པ། རིན་པོ་ཆེ་སྣ་བདུན་གྱིས ་སྟེགས་བུས་བསྐོར་བ། རིན་པོ་ཆེའི་དྲ་བས་ཁེབས་པ། དྲིལ་བུ་གཡེར་གའི་དྲ་བ་སྦྱངས་པ། དང་གྱི་ལྡ་ལྡི་བརྟགས་པས་བརྒྱན་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང ་ལྡན་པ་ཞིག་བཤམས་སོ།། དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱི་གདན་ཡང་ཇི་ལྟར་མཚམས་པ་བཞིན་དུ་བཤམས་སོ།། རོ་བརྒྱས་བསྒོས་པའི་ཞལ་ཟས་དག་ཀྱང་བཤམ ་སྟེ། ཐམས་ཅད་ལེགས་པར་ཟིན་པར་རིག་ནས། བུ་དང་གཉེན་འདབ་དང་། འཁོར་དང་བཅས་ཏེ་རིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་ལ་འཁོད་ནས་བཅོམ་ལྡན་འདས་ལ་གདུག ་ཚོད་བབས་པའི་ཚིགས་སུ་བཅད་པ་འདི་གསོལ་ཏོ།། ཆོས་ཀྱི་དབང་ཕྱུག་ཡེ་ཤེས་རྒྱ་ཆེན་ཁྱད་པར་བརྙེས།། ཡེ་ཤེས་འབྱུང་གནས་མཁའ་འདྲ་ཡེ་ཤེས་མཐའ ་ཡས་པ།། འཇིག་རྟེན་འདས་པ་སྤྱན་ཡངས་དག་པའི་སྤྱན་དང་ལྡན།། ཕན་པ་མཛད་པ་གདུགས་ཚོད་བབ་ཀྱི་གཤེགས་སུ་གསོལ།། ཚངས་པའི་གསུང་དང་རྣམ ་དག་གསུང་ལྡན་དབྱངས་སྙན་པ།། ཀ་ལ་པིང་ཀ་རྔ་སྒྲ་བདུད་རྩིའི་དོན་སྟོན་པ།། སྨན་པའི་མཆོག་སྟེ་ཉོན་མོངས་སྣ་ཚོགས་མུན་སེལ་བ།། སེམས་ཅན་གདུགས་ཆོད་པབ ་ཀྱི་གཤེགས་སུ་གསོལ།། ཞི་ཞིང་རབ་ཞི་ཐུགས་མངའ་རྟག་ཏུ་ཞི་བར་སྤྱོད།། རྒྱལ་བ་གྲོལ་བ་ལྷ་དང་མི་རྣམས་རབ་གྲོལ་མཛད།། ཆུ་བོ་བཞི་ལས་རྒལ་བ་འགྲོ་བ་གྲོལ ་། བ་པོ།། ཕ་རོལ་གཤེགས་པ་བདེ་སྦྱིན་གདུགས་ཚོད་དུས་ལ་བང་། སྦྱིན་དུ་ལ་ཡང་དག་སྡོམ་དགྱེས་ཚུལ་ཁྲིམས་ཡོངས་སུ་དག། བཟོད ་པའི་སྟོབས་དང་ལྡན་ཞིང་བརྩོན་འགྲུས་ཆེན་པོ་བརྙེས།། བསམ་གཏན་རྣམ་ཐར་དགྱེས་པ་ཤེས་རབ་ཡོངས་སུ་རྫོགས།། ཞལ་རས་ཟླ་འདྲ་གདུགས་ཚོད་བབ་ཀྱི་གཤྱེ ་སུ་གསོལ།། ལམ་མཁྱེན་ལམ་ལ་མཁས་ཤིང་ངན་པའི་ལམ་སྲང་སྤངས།། བྱང་ཆུབ་ཡན་ལག་དབང་སྟོབས་བདེན་པ་བཞི་སྟོན་པ།། ཡང་དག་སྤོང་དང་རྫུ་འཕྲུལ ་བཞི་ནི་དྲན་དང་ལྡན།། ཐམས་ཅད་ཟིལ་གནོན་ཡོན་ཏན་མངའ་བ་གདུགས་ཚོད་བབ།། སུམ་ཅུ་རྩ་གཉིས་མཚན་མངའ་བསོད་ནམས་རྒྱ་ཡི་ཏོག། བསོད་ནམས་འཚལ་རྣམ ་བསོད་ནམས་ཞིང་ཆེན་བཅོམ་ལྡན་འདས།། མཆོད་སྦྱིན་དམ་པ་བཞེས་པའི་འོས་ལགས་ཡོན་གྱི་གནས།། བྱམས་ལ་དགྱེས་པ་གདུགས་ཚོད་བབ་ཀྱི་གཤེགས ་སུ་གསོལ།། ལྷུན་པོ་འདྲ་ཞིང་ས་དང་མཚུངས་ལ་སྦྱོར་སྙོམས་པ།། བྱམས་སྡང་མི་མངའ་ནམ་མཁའི་ངོ་བོ་ཉིད་དང་མཚུངས།། མིའི་དབང་པོ་ཁེངས་པ་མི་མངའ། ་དམན་མི་མངའ།། སྟོང་དང་རྣམ་པར་ཐར་ལ་དགྱེས་པ་གདུགས་ཚོད་བབ།། ཀུན་མཁྱེན་ཀུན་ལ་མཁས་པ་དུས་དང་ཆོ་ག་མཁྱེན།། ཆོས་རྣམས་འབྱེད་ལ་མཁས ་པ་རྟག་ཏུ་དུས་བཞིན་སྤྱོད།། སེམས་ཅན་བསམ་པ་རབ་མཁྱེན་དོན་རིག་མཁྱེན་པར་ལྡན།། ཆོས་ཀྱང་ངོ་བོ་ཉིད་མཁྱེན་གདུགས་ཚོད་དུས་ལ་བབ།། དེ་ནས་བཅོམ་ལྔ ་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོའི་གདུགས་ཆོད་བབ་པ་དེ་ཐུགས་སུ་ཆུད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཀླུའི་རྒྱལ་པོ་རྒྱ་མཚོས་གདུགས་ཆོད ་བབ་ཀྱིས། ལྷུང་བཟེད་དང་ཆོས་གོས་ལོང་ལ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་གནས་ཡོངས་སུ་ལོངས་སྤྱད་པའི་ཕྱིར་རྒྱ་མཚོ་ཆེན ་པོར་འདོང་ངོ་།། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ནི་ཡོངས་སུ་བསྐོར།། ཉན་ཐོས་ཀྱི་དགེ་འདུན་གྱིས་ནི་མདུན་དུ་བདར། ལྷའི་ཚོགས་ཀྱི ་ནི་ཕྱག་བྱས། ལྷ་མ་ཡིན་གྱི་ཚོགས་ཀྱིས་ནི་བསྟོད་དེ། ངང་པའི་རྒྱལ་པོ་བཞིན་དུ་སྟེང་གི་བར་སྣང་ལ་འཕགས་ཏེ། གཤེགས་ནས་འོད་ཟེར་ནི་འགྱེད། སངས་རྒྱས ་ཀྱི་ཞིང་རྣམས་ནི་སྣང་བར་མཛད། པད་མའི་ཆར་ནི་འབེབས། སིལ་སྙན་འབུམ་ནི་སྒྲོགས། གླུ་དབྱངས་འབུམ་ནི་གྲག་པར་མཛད་དེ། རྒྱ་མཚོའི་འགྲམ་ག་ལ་བ ་དེར་གཤེགས་ཏེ་བྱོན་ནས། རྒྱ་མཚོའི་འགྲམ་ན་དགའ་བའི་ཚལ་ལྟར་ཉམས་དགའ་བ་ཞེས་བྱ་བའི་ཙམ་པ་ཀའི་ཚལ་ག་ལ་བ་དེར་གཤེགས་སོ།། དེ་ནས་ཀླུའི་རྒྱལ ་པོ་རྒྱ་མཚོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱིས་ཞབས་ལོ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་སོ།། ་མཆོད་པ་བྱས་ནས་གདུགས་ཚོད་ཕབ་པོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས་བདག་གི་གནས་སུ་གཤེགས་པ་དེ ་ནི་བདག་གི་རིག་པ་མ་ཡིན་ཆ་མ་ཡིན་གྱི།། བདག་གི་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཐེམ་སྒྲས་ཇི་ལྟ་བུ་བདག ་གིས་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གྱི་གནས་ནས་འཛམ་བུའི་གླིང་དུ་གཤེགས་པ་དེ་ཁོ་ན་ལྟ་བུའི་ཐེམ་སྐས་དག་བྱིན་གྱིས་བརླབས་ལ། ཐེམ་སྐས་དེ་དག ་ལས་བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོར་གཤེགས་པར་བྱ་གོར་མ་ཆག་སྙམ་མོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས། རྒྱ་མཚོ་ཆེན་པོའི་འགྲམ་ནས་རང་གི་གནས ་གྱི་བར་དུ་ཐེམ་སྦས་ཀྱི་རིམ་པ་གསུམ་བཤམས་ཏེ། གཅིག་ནི་གསེར་ལས་བྱས། གཅིག་ནི་བཻ་ཌཱུརྱ་ལས་བྱས།། གཅིག་ནི་མུ་ཏིག་དམར་པོ་ལས་བྱས་ཏེ། རིན ་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ། བཀྲ་བ། ལྟ་ན་སྡུག་པ་དག་བཤམས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཅི་ནས་རྒྱ་མཚོ་ཆེན་པོའི་ཆུའི་ཕུང་པོ་སུས་ཀྱང་མིག ་གིས་མི་མཐོང་བ་དང་། ཆུས་ཀྱང་སེམས་ཅན་དག་ལ་གནོད་པར་མི་འགྱུར་བ་དེ་ལྟ་བུའི་བྱིན་གྱིས་བརླབས་ཀྱིས་བརླབསོ།། བཅོམ་ལྡན་འདས་ཀྱི་སྐུ་ལས་ཀྱང ་འོད་གང་གིས་རྒྱ་མཚོ་ཆེན་པོ་སྣང་བར་གྱུར་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བར་གྱུར་པ་དེ་ལྟ་བུའི་འོད་འགེང་པ་མཛད་དོ།། རྒྱ་མཚོ། ་ཆེན་པོ་ན་སེམས་ཅན་གནས་པ་གང་ཡིན་པ་དེ་དག་ཀྱང་འོད་དེས་རེག་པ་ཙམ་གྱིས་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། མཉེན་པའི་སེམས་དང་། བདེ ་བའི་སེམས་སུ་གྱུར་ཏེ། ཕྱིན་ཆད་སུ་ཡང་ཕན་ཚུན་རྣམ་པར་བརྩེ་བ་མེད་ཅིང་། གནོད་པ་བྱེད་པ་མེད་དེ་དག་ཐམས་ཅད་གཅིག་ལ་གཅིག་ཕ་མར་འདུ་ཤེས་པར། ་གྱུར་ཏོ།། འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱང་ཆོས་ཉན་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་ཀྱི་བཀོད་པ་ལྟ་བར་འདོད་པའི་ཕྱིར། ་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་ངོ་།། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་རྣམས་དང་། བརྒྱ་བྱིན་དང་། ཚངས་པ ་དང་། འཇིག་རྟེན་སྐྱོང་ལ་སོགས་པ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་ཕྱེ་ཆེན་པོ ་རྣམས་དང་། མི་དང་མི་མ་ཡིན་པ་རྣམས་དགའ་བའི་ཚལ་ལྟར། ཉམས་དགའ་བའི་ཙམ་པ་ཀའི་ཚལ་ནས་ལངས་ཏེ། ཀླུའི་རྒྱལ་པོ་རྒྱ་མཚོས་ཐེམ་སྐས་ཀྱི་རིམ་པ ་བཤམས་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས་ཐེམ་སྐས་དབུ་མ་ལ་ནི་བཅོམ་ལྡན་འདས་བཞུགས་སོ།། གཡས་རོལ་ན་ནི་བྱང་ཆུབ་སེམས་དཔའ་རྣམས་འཁོད་དོ།། ་གཡོན་རོལ་ན་ནི་ཉན་ཐོས་ཆེན་པོ་རྣམས་འཁོད་དོ།། མདུན་ལོགས་ན་ནི་བརྒྱ་བྱིན་བྱེ་བ་ཕྲག་དྲུག་ཅུས་ལག་པ་གཡས་པས་ལམ་མཚོན་པར་བྱེད་དོ།། ཚངས་པ་བྱ ་བ་ཕྲག་དྲུག་ཅུ་ནི་ནམ་མཁའི་དཀྱིལ་ན་འཁོད་དེ། བཅོམ་ལྡན་འདས་ལ་རིན་པོ་ཆེའི་གདུགས་རྣམས་འཛིན་ཏོ།། ལྷ་བྱེ་བ་ཕྲག་དྲུག་ཅུ་ནི་བཅོམ་ལྡན་འདས་གན་མ། ་ལོགས་ན་འཁོད་དེ་མེ་ཏོག་གི་ཆར་འབེབས་སོ།། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ནི། བཅོམ་ལྡན་འདས་ལ་མཆོད་པའི ་ལུས་བྱ་བ་ཕྱིར། སིལ་སན་བྱེ་བ་ཕྲག་དྲུག་ཅུང་དཀྱིལ་བར་བྱེད་དོ།། ལྷའི་བུས་བྱ་བ་ཟླབ་དྲུ་ཙྪ། ། འདས་ཀྱི་ཤུལ་སྨྲས་རྒྱས་དྲུག་ཆག་ལ ་སོ། ཀླུའི་བུ་མོ་བྱེ་བ་ཕྲག་དྲུག་ཅུ་ནི། ནམ་མཁའི་དཀྱིལ་ན་འཁོད་དེ། རོ་སྟོད་ཁེབས་པའི་མུ་ཏིག་གི་ཕྲེང་བ་དག་འཕྱང་བར་བྱེད་དོ།། མི་འམ་ཅི་བྱེ་བ་ཕྲག་དྲུག ་ཅུ་ནི། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་བརྗོད་པར་བསྟོད་པ་བྱེད་དོ།། དྲི་ཟ་བྱེ་བ་ཕྲག་དྲུག་ཅུ་ནི་བཅོམ་ལྡན་འདས་ཀྱི་སྐྱོན་མངའ་ན་མེ་ཏོག་གི་ཕྲེང་བ་འཕྱང ་བར་བྱེད་དོ།། ལྷ་མ་ཡིན་བྱེ་བ་ཕྲག་དྲུག་ཅུ་ནི་རས་བཅོས་བུ་ཁ་དོག་སྣང་ཚོགས་སྟོང་གིས་བཅོམ་ལྡན་འདས་འགེབས་པར་བྱེད་དོ།། ཀླུའི་རྒྱལ་པོ་མ་དྲོས་པ་ཡང ་འཁོར་བྱེ་བ་ཕྲག་རྒྱ་དང་ནམ་མཁའི་དཀྱིལ་ན་འཁོར་དེ། སྤོས་དང་། ཕྱེ་མ་དང་། བྱུག་པ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ཐམས ་ཅད་དང་། སིལ་སྙན་དང་། ཀླུ་དབྱངས་དང་། ཕེག་རྡོབ་པ་དང་། ལྷའི་བཀོད་པ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ལ་མཆོད་པར་བྱེད་དེ། དེ་ལ་སོགས་པ་ཀླུའི ་རྒྱ་ཁྲི་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱེད་པ་ལ་ཞུགས་སོ།། དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན ་ནས་ཀྱང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང་བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཁྲག ་ཁྲིག་ཕྲག་འབུམ། ཀླུའི་རྒྱ་མཚོ་དགའ་བར་བྱེད་པ་དང་། བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར་ལྷགས་སོ།། དེ་དག་གིས་ཀྱང་བཅོམ་ལྡན་འདས ་ལ་མཆོད་པའི་བཀོད་པ་སྔ་མ་གང་ཡིན་པ་དེ་མོག་མོག་པོར་བྱེད་ཅིང་མི་སྔོན་པ་བྱེད་པ་དེ་ལྟ་བུའི་མཆོད་པ་བྱས་སོ།། དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་བཟོད་པ་དགའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་ནས་ཀྱང་བྱང་ཆུབ་སེམས་དཔའ་འོད་ཀྱི་ཏོག་དང་འོད་ཀྱི་དཔལ་གཉིས་འོངས་སོ།། བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་ནས་ཀྱང་། བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་དང་། བ་གླང་སྤོས ་ཀྱི་གླང་པོ་གཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉི་ཟླའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ་ནས་ཀྱང་བྱང་ཆུབ་སེམས་དཔའ ་སེང་གེ་དང་། སེང་གེའི་བློ་གྲོས་གཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྱན་བཟངས་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མིག་མི ་འཛུམ་པ་ནས་ཀྱང་བྱང་ཆུབ་སེམས་དཔའ་འཁོར་ལོ་སྒྱུར་བ་དང་ཆོས་ཐམས་ཅད་དབང་བྱེད་པ་གཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་དུ ་སྣང་བའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྣང་བ་ཅན་ནས་ཀྱང་། བྱང་ཆུབ་སེམས་དཔའ་རིན་ཆེན་དཀྱིལ་འཁོར་ཅན་དང་། རིན ་ཆེན་ཏ་ལ་ལ་གཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་དཔལ་ཆེན་གྱི་སངས་རྒྱས་ཀྱི་ཞིང་། འཇིག་རྟེན་གྱི་ཁམས་དགའི་བའི་སྙིང་པོ་ནས་ཀྱང ་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་དང་། རྣམ་པར་གནོན་པ་དོན་ཡོད་གཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་དུ་རྣམ་པར་གཟིགས་ཀྱི་སངས ་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཀུན་དུ་ལྟ་བ་ནས་ཀྱང་བྱང་ཆུབ་སེམས་དཔའ་སྤྲིན་གྱི་རྒྱལ་པོ་དང་། ཆོས་ཀྱི་རྒྱལ་པོ་གཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་འཇིག་རྟེན་དབང་པོ་རྒྱལ་བའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མཐོང་ན་དགའ་བ་ནས་ཀྱང་། བྱང་ཆུབ་སེམས་དཔའ་བདུད་རབ་ཏུ་འཇོམས་པ་དང་། ་བྲག་འཇོམས་རྒྱལ་པོ་གཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རིན་ཆེན་ལྡན་ནས་ཀྱང་བྱང་ཆུབ ་སེམས་དཔའ་བློ་གྲོས་རབ་གནས་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་གཉིས་འོངས་སོ།། དེ་ལྟར་ཕྱོགས་བཅུ་ནས་ཀྱང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ ་ཕྲག་བྱེ་བ་མང་པོ་ཀླུའི་རྒྱལ་པོ་རྒྱ་མཚོ་དགའ་བར་བྱ་བ་དང་། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་བྱ་བའི་ཕྱིར་ལྷགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱི་སངས་རྒྱས ་ཀྱི་མཐུ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོ་འཕྲུལ་ཆེན་པོ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཆེན་པོ་དང་། སངས་རྒྱས་ཀྱི་བཀོད་པ་ཆེན་པོ་དང་། སངས་རྒྱས་ཀྱི་བདག ་ཉིད་ཆེ་བ་ཆེན་པོ་དང་། སངས་རྒྱས་ཀྱི་རྣམ་པར་རོལ་པ་ཆེན་པོ་དང་། སངས་རྒྱས་ཀྱི་མཆོད་པ་ཆེན་པོ་དང་། སངས་རྒྱས་ཀྱི་སེང་གེའི་སྒྲ་ཆེན་པོས་ཕྱོགས་བཅུར་སངས ་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་དག་འོད་ཀྱིས་ཁྱབ་པར་མཛད་དོ།། སངས་རྒྱས་ཀྱི་གསུང་གིས་གོ་བར་མཛད་ནས། ལྷ་འབུམ་གྱིས་སིལ་སྙན་དང་གླུ་དབྱངས་ལེན་ཅིང་མེ ་ཏོག་གི་ཆར་འབེབས་ལ། ངན་སོང་ཐམས་ཅད་ཀྱི་ཤི་འཕོ་བ་དང་སྐྱེ་བ་རབ་ཞི་བར་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་བདེ་བ་དང་། ཡིད་བདེ་བ་སྒྲུབས་ནས། སྙིང་རྗེ་ཆེན ་པོ་བརྟན་པ་ཞེས་བྱ་བའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། བཀོད་པ་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུས། རིན་པོ་ཆེའི་ཐོམ་སྐས་དེ་དག་ལས ་རྒྱ་མཚོ་ཆེན་པོར་གཤེགས་ཏེ། དེ་ལྟ་བུའི་གླུ་དབྱངས་ལེན་པ་དང་། ཕྱོགས་ཅུའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པར་གསུང་གིས་གོ་བར་མཛད་ནས། སངས ་རྒྱས་ཀྱི་མཐུ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས། འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ་ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ཀྱིས་ཀྱང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་མཚོ་ཆེན ་པོར་གཤེགས་པ་མཐོང་ངོ་།། དེ་ན་ལྷའི་བུ་མོ་དང་། ཀླུའི་བུ་མོ་དང་། གནོད་སྦྱིན་གྱི་བུ་མོ་དང་། ལྷ་མ་ཡིན་གྱི་བུ་མོ་དང་། ནམ་མཁའ་ལྡིང་གི་བུ་མོ་དང་། དྲི་ཟིའི་བུ་མོ ་དང་། མི་འམ་ཅིའི་བུ་མོ་དང་། ལྟོ་འཕྱེ་ཆེན་པོའི་བུ་མོ་བྱེ་བ་ཕྲག་འབུམ་དག་གིས་སིལ་སྙན་དང་། གླུའི་དབྱངས་ལན་ཅིང་བཅོམ་ལྡན་འདས་མདུན་ནས་བསུ་ནས། དེའི་ཚེ ་རྒྱུད་ཀྱི་སྒྲ་སྐད་ལས་བྱུང་བའི་ཚིགས་སུ་བཅད་པ་ཁྱད་པར་དུ་འཕགས་པ་འདི་དག་གིས་བཅོམ་ལྡན་འདས་མངོན་པར་བསྟོད་པ། སྦྱིན་པ་ལས་བྱུང་ཚུལ་ཁྲིམས་མཛེས་དང་ལྡན།། ་བཟོད་པའི་སྟོབས་ལས་བྱུང་བ་བྱམས་པར་སྒོམས།། བརྩོན་འགྲུས་ལས་བྱུང་དོན་གྱི་རྒྱ་མཚོ་ལགས།། བསམ་གཏན་རྣམ་ཐར་དགེས་པ་ཁྱོད་ཕྱག་འཚལ།། ཤེས ་རབ་འོད་ལྡན་དགོངས་པ་རྣམ་པར་དག། འོད་དང་གཟི་བརྗིད་དཔལ་གྱིས་མངོན་པར་བརྒྱན།། རྣམ་པར་གྲོལ་བ་མངོན་སུམ་སྟོན་མཛད་པ།། ཐུབ་པ་ཉོན་མོངས་བསལ ་ལ་ཕྱག་འཚལ་ལོ།། བརྟུལ་ཞུགས་ཤིན་ཏུ་རྫོགས་པ་རྟུལ་ཞུགས་མཆོག། དཀའ་ཐུབ་མཐར་ཕྱིན་རྟོགས་པ་ཐུགས་སུ་ཆུད།། མིག་ནི་སྦྱིན་པར་མཛད་ཅིང་མིག་སྦྱོང་བ།། ་འགྲོ་བ་ཀུན་དུ་རྒྱུ་བ་འགྲོ་བའི་མཆོག། དོན་དམ་ཟབ་མོ་ཤིན་ཏུ་སྟོན་པ་པོ།། གཞན་ཡང་ཕན་པ་ཟླ་མེད་ཐུགས་སུ་ཆུད།། ཆགས་པ་མེད་པར་ཚིག་གི་དོན་སྟོན་པ།། གཞན་ལ ་ཕན་པ་དཔེ་མེད་འོད་འཇེད་པ།། དུས་སྐབས་མཁྱེན་པ་ཤིན་ཏུ་སྟོན་པ་པོ།། རྒོལ་བ་ངན་པའི་ཚོགས་ཀུན་རབ་འཇོམས་པ།། བརྟུལ་ཞུགས་ཡོངས་སུ་རྫོགས་པ་བརྟུལ་ཞུགས ་མཆོག། བདུད་རྩིའི་བདེ་སྐྱིད་བདེ་བ་སྦྱིན་མཛད་པ།། ནམ་མཁའི་དྲ་ཞིང་དགོངས་པ་དག་པ་སྟེ།། དྲི་མ་ཀུན་སེལ་རྣམ་པར་འདྲེན་པ་པོ།། ཡོན་ཏན་རྒྱ་མཚོ་བསོད་ནམས ་མི་ཟད་པ།། རྒྱ་མཚོར་འཇུག་པ་ཡེ་ཤེས་རྒྱ་མཚོར་ལྡན།། ཆོས་ཀྱི་དབང་ཕྱུག་ཉོན་མོངས་སེལ་མཛད་པ།། ཆོས་ཀྱི་སྦྱིན་བདག་སེར་སྣ་མི་མངའ་བ།། ཆོས་ཀྱི་རིན་ཆེན་ནོར ་མཆོག་སྦྱིན་མཛད་པ།། ཆོས་མཆོག་ཡེ་ཤེས་དེ་ཉིད་སྟོན་པ་པོ།། དགའ་བ་སྟོན་པ་བདེན་པ་སྟོན་མཛད་པ།། བག་ལ་ཉལ་གྱི་ཉེས་པ་སྤོང་བ་སྟོན།། རིའི་དབང་པོ་བཞིན་དུ ་མི་གཡོ་བ།། དེ་བཞིན་གཤེགས་པ་ཁྱོད་ལ་མགོས་ཕྱག་འཚལ།། མི་དང་ལྷ་དང་ནམ་མཁའ་ལྡིང་གསང་བ་མེ།། ལྷ་མིན་སྲིན་པོ་མི་འམ་ཅིའི་བདག། ཀླུ་རྣམས་དང་ནི་གྲུལ ་བུམ་གནོད་སྦྱིན་རྣམས།། ཁྱོད་ཀྱི་ཞབས་ལ་མགོ་བོས་ཕྱག་ཀྱང་འཚལ།། མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན་པ་སྟེ།། རབ་མཛེས་དཔེ་མེད་ཤིན་ཏུ་སྟོན་མཛད་པ།། གསེར ་གྱི་མདོག་ཅན་དཔལ་ལྡན་མདོག་སྟུག་པ།། སེན་མོ་ཟངས་འདྲ་མདོག་སྡུག་ཕྱག་མཐིལ་མཉམ།། ཀ་ལ་པིང་ཀའི་གདངས་ཅན་ཡ་མཚན་གསུང་།། ཚངས་པ་ལྷ་དབང་གདངས་ཅན ་གདངས་ཀྱི་མཆོག། གསུང་གི་སྟེང་གསུམ་སོ་སོར་འགེངས་པར་མཛད།། འཇམ་མཉེན་གསུང་ལྡན་ཁྱོད་ལ་ཕྱག་འཚལ་ལོ།། དབང་པོ་དུལ་ཞིང་ཐུགས་ཀྱང་དུལ་བ་སྟེ།། ཞལ ་རས་ཟླ་བ་འདྲ་ཞིང་སྤྱན་ལེགས་པ།། རྟག་ཏུ་བདེན་པ་གསུང་ཞིང་མཉམ་པར་གཞག། རྟག་ཏུ་ཆོས་འཛིན་ཁྱོད་ལ་ཕྱག་འཚལ་ལོ།། ་རྒ་ནད་སྡུག་བསྔལ་རབ་ཏུ་གྲོལ་མཛད་པ།། འགྲོ་བའི་དོན་མཛད་ཉོན་མོངས་སྤོང་མཛད་པ།། རྒྱལ་བར་འོས་པ་བདུད་འཇོམས་རྒྱལ་བ་པོ།། སྐྱེ་བ་ཟད་པ་དེ་ཉིད་སྟོན་མཛད་པ། ་དགྲ་བཅོམ་དགྲའི་ཚོགས་རྣམས་རབ་འཇོམས་པ།། ལྷ་ལ་འདས་པ་ལྷ་མང་རྣམས་ཀྱིས་མཆོད།། ཁྱོད་ནི་རྟག་ཏུ་བཞེས་པའི་འོས་ཀྱི་མཆོག། སྐྱེ་དགུ་ཀུན་མཆོག་འདྲེན་པ ་བཟང་པོ་ལགས།། དེ་ནས་ལྷའི་བུ་མོ་དང་། ཀླུའི་བུ་མོ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། ནམ་མཁའ་ལྡིང་དང་། ལྟོ་འཕྱེ་ཆེན་པོ་དང་། དྲི་ཟའི་བུ་མོ་དེ་དག་གིས ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་རྣམས་ཀྱིས་མངོན་པར་བསྟོད་ནས། ཐམས་ཅད་གཅིག་ཏུ་མཐུན་པར་གྱུར་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས ་བསྐྱེད་ནས། རང་རང་གི་བརྒྱན་རྣམས་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་མཐར་གྱིས་རྒྱ་མཚོ་ཆེན་པོར་གཤེགས་ཏེ། རྒྱ་མཚོ་ཆེན་པོའི་གཏིང་གི ་དཀྱིལ་གྱི་གནས། ཀླུའི་རྒྱལ་པོ་རྒྱ་མཚོའི་འཁོར་གྱི་ཁྱམས་ག་ལ་བ་དེར་གཤེགས་ནས། སེང་གེའི་ཁྲི་དེ་ལ་བཞུགས་སོ།། དགེ་སློང་གི་དགེ་འདུན་རྣམས་དང་། བྱང་ཆུབ ་སེམས་དཔའ་རྣམས་ཀྱང་བསྟན་ཇི་ལྟར་བཤམས་པ་དེ་དག་ལ་འཁོད་དོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེཾས ་དཔའ་རྣམས་བཞུགས་པར་རིག་ནས། བུ་དང་བཅས། ཆུང་མ་དང་བཅས། གཉེན་མད་པ་དང་། འཁོར་དང་བཅས་པས། རང་གི་ལག་གིས་ཞལ་ཟས་རོ་བརྒྱ ་དང་ལྡན་པ་བསོད་པ་མང་པོས་ཚིག་པར་བྱེད་ཅིང་། ཅི་བཞེད་པ་སྟོབས་པར་བྱེད་དོ།། ཚིམས་པར་བྱས་ཤིང་ཅི་བཞེད་པ་བསྟབས་ནས། བཤོས་གསོལ་ལགས ་ཏེ། ཕྱག་བཅབ་པར་རིག་ནས། ཆོས་ཉན་པའི་ཕྱིར་ཀླུའི་རྒྱལ་པོ་རྒྱ་མཚོ།། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་དང་། ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ། བདེ་བ་དང་དགའ་བ་དང་། མཆོག་ཏུ་དགའ་བའི་ཆོས་མཉན་པ་ཞེས་བྱ་བ་འོད་ཟེར་སྐུ་ལས་འགྱེད་པར་མཛད ་དེ། འོད་ཟེར་དེ་དག་གིས་རྒྱ་མཚོ་ཆེན་པོའི་ནང་ན། སྲོག་ཆགས་རབ་དང་འབྲིང་དང་། ཐ་མ་ཇི་སྙེད་གནས་པ་དེ་དག་ཐམས་ཅད་ཀྱིས། བཅོམ་ལྡན་འདས་མདུན་ན ་བཞུགས་པར་མཐོང་བར་གྱུར་ཏེ། བདེ་བ་དང་དགའ་བ་དང་། མཆོག་ཏུ་དགའ་བ་སྐྱེས་ནས། ཆོས་མཉེན་པ་ལ་བྲོད་ཅིང་གུས་པ་དང་བཅས་པས། ཐལ་མོ་སྦྱར་ཏེ ་བཅོམ་ལྡན་འདས་ལ་འདུད་ཅིང་འཁོད་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་མཚོ་ལ་བཀའ་སྩལ་པ། ཀླུའི་བདག་པོ་འཇིག་རྟེན་གནས་པ་འདི ་འདའ་དང་དགའ་བ་དང་། མཆོག་ཏུ་དགའ་བའི་ཆོས་མཉན་པ་ཞེས་བྱ་བ་འོར་ཟེར་སྐུ་ལས་འབྱེད་པར་མཛད་དེ། འོད་ཟེར་དེ་དག་གིས་རྒྱ་མཚོ་ཆེན་པོ་ན ་བཅོམ་ལྡན་འདས་ཀྱི་སྤྱར་སྔར་འཁོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་དེ་ཚོགས་ཏེ། འཁོང་དར་ཐུགས་སུ་ཆུད་ནས། ་ནི་ལས་སྣ་ཚོགས་ཀྱིས་བསྐྱོད་ནས་སེམས་ཀྱི་དམིགས་པ་སྣ་ཚོགས་ཀྱིས། ལམ་རྣམ་པ་སྣ་ཚོགས་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད ་དེ། དེའི་འགྲོ་བ་ཡང་རྣམ་པ་སྣ་ཚོགས་སུ་གྱུར་ཏོ།། ཀླུའི་བདག་པོ་རྒྱ་མཚོ་ཆེན་པོ་འདི་ནི། གཟུགས་རྣམ་པ་སྣ་ཚོགས་ཇི་སྙེད་པ་དང་། ཐ་མལ་པ་ཇི་སྙེད་སྣང་བ་ལ་ལྟོས།། ་ཀླུའི་བདག་པོ་འདི་དག་ཐམས་ཅད་ནི་རང་རང་གི་སེམས་དང་དགེ་བ་དང་མི་དགེ་བའི་རྩ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་སྣ་ཚོགས་ཀྱིས་སྣ་ཚོགས་སུ་བྱས་པ་དག་གོ།། སེམས ་ཀྱི་ནི་གཟུགས་མེད་པ། བསྟན་དུ་མེད་པ་སྟེ། ཀླུའི་བདག་པོ་དེ་ལྟར་ཆོས་ཐམས་ཅད་ནི་བཅོས་མ་རྣམ་པར་བསྒྲུབས་པས་ཉེ་བར་གནས་པའི་མཚན་ཉིད་དེ་བདག་པོ་མེད་པ། ་བདག་མེད་པ་ཡོངས་སུ་འཛིན་པ་མེད་པའོ།། དེ་དག་ནི་ལས་ཇི་ལྟར་བསགས་བཞིན་དུ་བསྒྲུབས་པ་སྣ་ཚོགས་སུ་སྣང་བ་དག་སྟེ། འདི་ལ་བྱེད་པ་པོ་གང་ཡང་མེད་དོ།། དེ ་ལྟར་ཆོས་འདི་དག་ནི་བསམ་གྱིས་མི་ཁྱབ་པ། སྒྱུ་མའི་མཚན་ཉིད་ཀྱི་ངོ་བོ་ཉིད་དོ།། ཀླུའི་བདག་པོ་དེ་ལ་མཁས་པས་ཆོས་ཐམས་ཅད་རྣམ་པར་བསྒྲུབས་པས་གནས་པའི ་མཚན་ཉིད་དུ་ཤེས་ནས་དགེ་བ་མངོན་པར་འདུ་བྱ་བ་དགེ་ཁོ་ན་མངོན་པར་འདུ་བྱས་ཏེ། དགེ་བ་མངོན་པར་འདུ་བྱ་བ་དག་མངོན་པར་འདུ་བྱེད་པ་དེའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད ་མངོན་པར་སྒྲུབས་ནས། ཉེ་བར་གནས་པའི་མཚན་ཉིད་མངོན་པར་སྒྲུབ་པ་གང་ཡིན་པ་དེ་དག་མཛེས་ཤིང་གཟུགས་བཟང་ལ། ལྟ་ན་སྡུག་པར་མངོན་པར་འགྲུབ་པར་འགྱུར་རོ།། ་ཀླུའི་བདག་པོ་དེ་བཞིན་གཤེགས་པའི་སྐུ་བསོད་ནམས་བྱེ་བ་ཕྲག་འབུམ་གྱིས་ཇི་ལྟར་བརྒྱན་པ་དང་། ཇི་ལྟར་རྣམ་པར་བསྒྲུབས་པ་དང་། གང་གིས་ལྷ་དང་བཅས་པའི ་འཇིག་རྟེན་ཟིལ་གྱིས་མནན་ཅིང་ནོན་པར་འདུག་པ་དང་། གང་གིས་འབུམ་ཕྲག་བཅུ་ལ་དབང་སྒྱུར་བའི་ཚངས་པ་འདི་དག་ཀྱང་མོག་མོག་པོར་བྱེད་པ་དང་། དེ་བཞིན་གབྱེ ་པའི་སྐུ་ལ་ལྟ་བ་ན་ཡང་།། མིག་ཁྲལ་ཁྲུལ་དུ་གྱུར་པ་ལ་ཡང་ལྟོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་གིས་ལུས་ཀྱི་རྒྱན། གཟུགས་ཀྱི་མཚན ་རྣམས་ལ་ལྟོས། འདི་དག་ཐམས་ཅད་ནི་དགེ་བ་མངོན་པར་འདུ་བྱེད་པས་མངོན་པར་འདུས་བྱས་པ་བརྒྱན་པ་རྣམ་པར་སྒྲུབ་པ་དག་གོ། ཀླུའི་བདག་པོ་ཁྱོད་ཀྱི་བཀོད་པ་འདི ་ཡང་བསོད་ནམས་ལས་བྱུང་བ་ཡིན་ནོ།། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང ་ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་འདི་རྣམས་ཀྱི་བཀོད་པ་འདི་དག་ཐམས་ཅད་ཀྱང་བསོད་ནམས་ལས་བྱུང་བ་དག་གོ།། ཀླུའི་བདག་པོ་རྒྱ་མཚོ་ཆེན ་པོ་འདི་གང་དག་ལུས་སྣ་ཚོགས་གཟུགས་མི་སྡུག་ཅིང་དབྱིངས་མི་ལེགས་པ་དང་། ལུས་རགས་ཤིང་ཆེ་བ་རྣམས་དང་། གང་དག་ལུས་ཕྲ་ཞིང་ཆུང་བ་དེ་དག་ཐམས ་ཅད་ཀྱང་། རང་རང་གི་སེམས་དང་། དགེ་བ་དག་དང་། མི་དགེ་བའི་རྩ་བའི་ལུས་དང་། ངག་དང་ཡིད་ཀྱི་ལས་སྣ་ཚོགས་ཀྱི་སྣ་ཚོགས་སུ་བྱས་པ་དག་སྟེ། ཀླུའི་བདག ་པོ་དེ་ལྟ་བས་ན་ཁྱོད་ཀྱིས་ལས་བདག་གིར་བྱ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་བདོན་པར་འགྱུར་བར་དེ་ལྟར་སློབས་ཤིག། ལས ་བདག་གིར་བྱ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་ཁྱོད། དགེ་བའི་ལས་མངོན་པར་འདུ་བྱ་བ་དག་ལ་བློ་འཇུག་པར་འགྱུར་རོ།། ལྟ་བ་ཆུད་བཟོན་པར་བྱེད ་པར་མི་འགྱུར་རོ།། ཆད་པ་དང་རྟག་པར་ལྟ་བ་ལ་གནས་པར་ཡང་མི་འགྱུར་རོ།། ཁྱེད་ཀྱི་སྦྱིན་པོའི་གནས་རྣམས་མཉེས་པར་གྱིས་ཤིག། ཀླུའི་བདག་པོ་བྱང་ཆུབ་སེམ ་དཔའ་བ་རྣམས་ཀྱི་ཆོས་གཅིག་གིས། ངན་སོང་ངན་འགྲོ་ལོག་པར་ལྟུང་བར་སྐྱེ་བ་ཡང་དག་པར་གཅོད་དོ།། ཆོས་གཅིག་པོ་གང་ཞེ་ན་འདི་ལྟ་སྟེ། བདག་ཇི་ལྟར་གྱུར་ཅིང་ཉིན ་མཚན་རྣམས་འདའ་ཞིང་འདུག་སྙམས་དུ་དགེ་བའི་ཆོས་རྣམས་སོ་སོར་རྟོག་པ་སྟེ། དགེ་བའི་ཆོས་ལ་སོ་སོར་རྟོག་པ་མངའ་བས། མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི ་ཆོས་རྣམས་ཀྱི་གོ་སྐབས་མི་བྱེད་དོ།། དེ་མི་དགེ་བའི་ཆོས་སྤངས་ཏེ་དགེ་བའི་ཆོས་དང་ལྡན་པའི་བསམ་པ་དགེ་བའི་སེམས་ཅན་འདི་ལྟ་སྟེ། སངས་རྒྱས་རྣམས་དང་། བྱང ་ཆུབ་སེམས་དཔའ་རྣམས་དང་འགྲོགས་པ་རྙེད་པར་འགྱུར་རོ།། ཀླུའི་བདག་པོ་དེ་ལ་དགེ་བའི་ཆོས་དེ་དག་གང་ཞེ་ན། དགེ་བའི་ཆོས་རྣམས་ཤེས་བྱ་བ་ནི། ལྷ་དང་མིའི་སྐྱེ ་དགུ་ཕུན་སུམ་ཚོགས་པའི་རྩ་བའི་རྟེན་ཏོ།། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྩ་བའི་རྟེན་ཏོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བའི་རྟེན་ཏོ།། ་རྩ་བའི་རྟེན་ཀྱང་གང་ཞེ་ན་འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཏེ། བཅུ་གང་ཞེ་ན་འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པ་ལེན་པ་སྤོང་བ་དང་། ་འདོད་པས་ལོག་པར་གཡེམ་པ་སྤོང་བ་དང་། བརྫུན་དུ་སྨྲ་བ་སྤོང་བ་དང་། ཕྲ་མ་སྤོང་བ་དང་། ངག་རྩུབ་པོ་སྤོང་བ་དང་། ཚིག་ཁྱལ་པ་སྤོང་བ་དང་། རྣབ་སེམས་སྤོང་བ་དང་། ་གནོད་སེམས་སྤོང་བ་དང་། ལོག་པར་ལྟ་བ་སྤོང་བ་སྟེ། དེ་ནི་རྩ་བའི་རྟེན་ཅེས་བྱའོ།། ཀླུའི་བདག་པོ་དེ་ལ་སྲོག་གཅོད་པ་སྤོང་བའི་སྐྱེས་བུ་གང་ཟག་ནི་རབ་ཏུ་ཞི་བར་བྱེད ་པའི་ཆོས་བཅུ་ཐོབ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དེས་སེམས་ཅན་ཐམས་ཅད་ལ་མི་འཇིགས་པའི་སྦྱིན་པ་ཡིན། དེའི་སེམས་བྱམས་པར་དམིགས་པ་ལ་ཉེ་བར་གན ་པ་ཡིན། དེའི་ཞེ་སྡང་གི་བག་ཆགས་ཡང་དག་པར་ཆད་པ་ཡིན། དེས་ནད་ཉུང་བར་འགྱུར་བའི་ལམ་ཡོངས་སུ་བཟུང་བ་ཡིན། དེའི་ཚེ་རིང་བར་འགྱུར་བའི་ས་བོན་བཏབ་པ ་ཡིན། དེ་ལ་མི་མ་ཡིན་པ་རྣམས་ཀྱང་བསྲུང་བ་དང་། སྐྱབ་པ་དང་སྦེད་པར་བྱེད་པ་ཡིན། བདེ་བར་ཉལ་ཞིང་བདེ་བར་སད་པ་དང་། སྡིག་པའི་རྨི་ལམ་མི་རྨི་བ་ཡིན། ་གཉིད་ལོག་པ་ན་ཡང་དེ་ལ་ལྷ་རྣམས་བསྲུང་བ་ཡིན། དེ་ལ་ཤར་གཉེར་བ་མེད་པ་ཡིན་ཏེ། དེ་ལ་ཤར་གཉེར་བའི་ཉལ་བ་མེད་པ་ཡིན། ངན་འགྲོ་ཐམས་ཅད་ཀྱིས་མི་འཇིག ་བ་དང་། ཤི་འཕོས་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བ་ཡིན་ཏེ་རབ་ཏུ་ཞི་བར་བྱེད་པའི་ཆོས་བཅུ་པོ་དེ་དག་ཐོབ་བོ།། སྲོག་གཅོད་པ་སྤངས་པའི་དགེ་བའིརྩ ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན་དེས་དེ་བྱང་ཆུབ་ཐོབ་པ་ན། ཚེའི་ཚད་སེམས་ཀྱི་དབང ་དུ་འགྱུར་རོ།། ཀླུའི་བདག་པོ་མ་བྱིན་པར་ལེན་པ་སྤངས་པའི་སྐྱེས་བུ་གང་ཟག་ནི། ཡིད་བརྟེན་པའི་ཆོས་ལྔ་འཐོབ་སྟེ། ལྔ་གང་ཞེ་ན། ལོངས་སྤྱོད་ཆེ་བར་ཡང་འགྱུར ་ལ། དེའི་ལོངས་སྤྱོད་དེ་དག་ཀྱང་རྒྱལ་པོ་དང་། ཆོམ་རྐུན་དང་། ཆུ་དང་མེ་དང་། བསྒོ་བསྐལ་ལ་སྤྱོད་པ་མི་མཛའ་བ་རྣམས་ཀྱི་མི་འཕྲོགས་པོ་ཡིན། སྐྱེ་བོ་མང་པོའི ་ཡིད་དུ་འོང་ཞིང་དགའ་བ་ཡིན། དོགས་པ་མེད་པ་ཡིན། ཕྱོགས་དང་ཕྱོགས་མཚམས་སུ་དེའི་བསྔགས་པ་བརྗོད་ཅིང་དེ་ལ་ཕ་རོལ་གྱི་གནོད་པས་འཇིགས་པ་མེད་པ་ཡིན། ་དེའི་སེམས་སྦྱིན་པའི་མགོ་བཤའ་ལ་འཇུག་པ་ཡིན་ཏེ། ལྔ་པོ་དེ་དག་གོ། མ་བྱིན་པ་ལེན་པ་སྤངས་པའི་དགེ་བའི་རྩ་བ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཏུ་ཡོངས་སུ་བསྔོ་ན། དེས་དེ་བཞིན་གཤེགས་པ་ཉེ་བའི་ཉོན་མོངས་པ་ཅན་མ་ཡིན་པའི་ཡེ་ཤེས་ཅན་དུ་རང་གིས་མངོན་པར་རྟོགས་ནས། བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། ཀླུའི་བདག་པོ་འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་སྐྱེས་བུ་གང་ཟག་ནི། མཁས་པས་སྔགས་པའི་ཆོས ་བཞི་ཐོབ་སྟེ། བཞི་གང་ཞེ་ན། དབང་པོ་བསྡམས་པ་དང་། རྒོད་པ་ལས་ཡང་དག་པར་འདས་པ་དང་། འཇིག་རྟེན་ཐམས་ཅད་ཀྱིས་བསྔགས་པ་དང་། ཆུང་མ་མི་འཕྲོགས ་པ་སྟེ། བཞི་པོ་དེ་དག་གོ།། འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེས ་དེ་སྐྱེས་བུ་ཆེན་པོའི་མཚན་སུ་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཐོབ་པོ།། ཀླུའི་བདག་པོ་རྫུན་དུ་སླ་བ་སྤངས་པའི་སྐྱེས་བུ་གང་ཟག་ནི་ལྷ་དང་མོས་བསྔགས་པའི་ཆོས ་བརྒྱད་ཐོབ་སྟེ། བརྒྱད་གང་ཞེ་ན། ཨུད་པ་ལའི་དྲི་འབྱུང་བས་ཁ་ཡོངས་སུ་དག་པར་ཐོབ་པར་འགྱུར་བ་དང་། འཇིག་རྟེན་ཐམས་ཅད་ཀྱི་ཚད་མར་གྱུར་པ་དང་། ལྷ་དང་མི་དགའ ་བས་དབང་གཅིག་པུར་གྱུར་པ་དང་། ཡང་དག་པའི་བསམ་པ་དང་ལྡན་པས་དོགས་པ་མེད་པར་འགྱུར་བ་དང་། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས། ལུས་དང ་ངག་དང་། སེམས་ཡོངས་སུ་དག་པར་འགྱུར་བ་དང་། ཚིག་འཁྲུལ་པ་མེད་པས་མཆོག་ཏུ་དགའ་བ་མང་བར་འགྱུར་བ་དང་། ཚིག་བཟུང་བར་འོས་པས་ངག་ཉན་པར ་འགྱུར་བ་དང་། ཤེས་རབ་ཐོབ་པས་ལྷ་དང་མིར་སྐྱེས་ན་དབང་གཅིག་པུར་འགྱུར་བ་ཡིན་ཏེ། བརྒྱད་པོ་དེ་དག་གོ། རྫུན་དུ་སྨྲ་བ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེས་དེ་བདེན་པའི་རྗེས་སུ་འཇུག་པའི་ཚིག་ཏུ་འགྱུར་རོ།། ཀླུའི་བདག་པོ་ཕྲ་མ་སྤངས་པའི་སྐྱེས་བུ་གང ་ཟག་ནི། མི་ཕྱེད་པ་ལྔ་ཐོབ་སྟེ། ལྔ་གང་ཞེ་ན། གཞན་གྱིས་གནོད་པ་བྱ་བ་དང་བྲལ་བར་བྱ་བས་ལུས་ཕྱེད་པ་ཐོབ་པ་དང་། གཞན་དག་གི་ལ་ཆགས་པ་མེད་པས་གཡོག ་འཁོར་མི་ཕྱེད་པ་ཐོབ་པ་དང་། ལས་ཀྱི་རྣམ་པར་སྨིན་པ་མཐོང་བས་དད་པ་མི་ཕྱེད་པ་ཐོབ་པ་དང་། བེསྒྲུབས་པ་སྙིང་པོར་བྱེད་པས་ཆོས་ལ་མི ་ཕྱེད་པ་ཐོབ་པ་དང་། མི་བསླུ་བས་མཛའ་བཤེས་མི་ཕྱེད་པ་ཐོབ་པ་སྟེ། ལྔ་པོ་དེ་དག་གོ། དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པོའི་བྱང་ཆུབ་ཏུ་ཡོད ་སུ་བསྔོ་ན། དེས་དེ་གཡོག་འཁོར་མོད་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། དེའི་འཁོར་བདུད་དང་ཕས་ཀྱི་རྒོལ ་བ་ཐམས་ཅད་ཀྱི་དབྱེ་བར་མི་ནུས་སོ།། ཀླུའི་བདག་པོ་ངག་རྩུབ་པོ་སྤངས་པོའི་སྐྱེས་བུ་གང་ཟག་ནི། ངག་ཡོངས་སུ་དག་པ་བརྒྱད་ཐོབ་ལ། ཤི་འཕོས་ན་ཡང་ལྷ་དང་མི ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། བརྒྱད་གང་ཞེ་ན་འདི་ལྟ་སྟེ། རན་པའི་ཚིག་དང་། ཕན་པའི་ཚིག་དང་། རིགས་པའི་ཚིག་དང་། འཇམ་པའི་ཚིག་དང་གཟུང་བའི་ཚིག་དང་། ་སྙན་པའི་ཚིག་དང་། སྐྱེ་བོ་མང་པོ་དགའ་བའི་ཚིག་དང་། མི་མེད་པའི་ཚིག་སྟེ། བརྒྱད་པོ་དེ་དག་གོ།། དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་ཡོངས་སུ་བསྔོ་ན། དེས་དེ་ཚངས་པའི་སྒྲ་སྐད་ཀྱི་གདངས་ཅན་གྱི་དེ་བཞིན་གཤེགས་པར་འགྱུར་རོ།། ཀླུའི་བདག་པོ་ཚིག་བཀྱིལ་པ་སྤངས་པའི་སྐྱེས་བུ་གང་ཟག་ནི། ་གཅིག་ཏུ་ངེས་པ་གསུམ་ཐོབ་སྟེ། གསུམ་གང་ཞེ་ན། མཁམས་པ་རྣམས་གཅིག་ཏུ་ངེས་པར་དགའ་བ་དང་། ལན་ལེགས་པར་བློན་པས་གཅིག་ཏུ་ངེས་པར་དེ་ཡི་བློ་བདེ། ་པ་ལ་འགྲོ་བ་དང་། བཅོས་མ་མ་ཡིན་པར་གཅིག་ཏུ་ངེས་པར་ལྷ་དང་། མིའི་བདག་ཉིད་ཆེན་པོ་ཐོབ་པ་སྟེ། གསུམ་པོ་དེ་དག་གོ།། དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ། ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་བསྔོ་ན། དེས་དེ་ཆད་པར་ལུང་སྟོན་ཅིང་གཞན་དུ་མི་གསུང་བའི་དེ་བཞིན་གཤེགས་པར་འགྱུར་རོ།། ཀླུའི་བདག་པོ་རྣབ་སེམས ་སྤངས་པའི་སྐྱེས་བུ་གང་ཟག་ནི་བདག་པོའི་ཆོས་ལྔ་ཐོབ་སྟེ། ལྔ་གང་ཞེ་ན་དབང་པོ་མ་ཚང་བ་མེད་པས་ལུས་དང་ངག་དང་། སེམས་ཀྱི་བདག་པོ་ཐོབ་པ་དང་། དགྲ་ཐམས་ཅད ་ཀྱི་མི་རྫི་བ་དང་། ལོངས་སྤྱོད་དང་། དབང་ཕྱུག་ཆེན་པོའི་བདག་པོ་ཐོབ་པ་དང་། བསོད་ནམས་ལ་དབང་བྱེད་པས་དེའི་སེམས་ཉེ་བར་སྤྱད་པ་དང་། ལོངས་སྤྱོད་རྒྱ་ཆེན་པོ་རྣམས ་ལ་འཇུག་པ་དང་། ཕྱིས་གྲུབ་པ་ཐོབ་པས་རྒྱལ་པོ་བདག་པོས་མཆོད་པ་དང་། སྔོན་ཕྲག་དོག་མེད་པས་ལོངས་སྤྱོད་ཇི་ལྟར་སྨོན་པོ་རྣམས་འབུམ་འགྱུར་དུ་ཁྱད་པར་དུ་འགྱུར ་བ་ཐོབ་པ་སྟེ། ལྔ་པོ་དེ་དག་གོ།། དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེས་དེ་འཇིག་རྟེན་གྱི་མཆོད་པའི་དེ་བཞིན་གཤེགས ་པ་སྟོན་པ་གཅིག་པུར་འགྱུར་རོ།། ཀླུའི་བདག་པོ་གནོད་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི། ཡིད་བདེ་བ་བྱེད་པའི་ཆོས་བརྒྱད་ཐོབ་སྟེ། བརྒྱད་གང་ཞེ་ན། དེའི་སེམས ་རྣམ་པར་འཚེ་བ་ལ་འཇུག་པ་དང་། དེའི་སེམས་གནོད་སེམས་རབ་ཏུ་ཞི་བ་ལ་འཇུག་པ་དང་། དེའི་སེམས་བརྩོད་པ་མེད་ཅིང་འཐབ་པ་མེད་པ་ལ་འཇུག་པ་དང་། དེའི་སེམ ་མཉམ་པ་དང་། གཉེན་པ་དང་ངེས་པ་ལ་འཇུག་པ་དང་། བྱམས་པའི་སེམས་དང་ལྡན་པའི་ཕྱིར། འཕགས་པའི་སྐྱེ་བོས་བཀུར་བ ་དང་། སེམས་ཅན་ཐམས་ཅད་ཀྱི་བདེ་བ་ལ་མངོན་པར་དགའ་བའི་ཕྱིར། ཕན་པའི་དངོས་པོ་མང་པོ་དང་། སྐྱེ་བོ་མང་པོས་བཀུར་སྟི་བྱ་བའི་ཕྱིར། མཛེས་པ་དང་སེམས ་འཇམ་ཞིང་ལས་སུ་རུང་བའི་ཕྱིར་དེ་ཚངས་པའི་འཇིག་རྟེན་སྐྱེ་བར་དཀའ་བ་མེད་པ་སྟེ། བརྒྱད་པོ་དེ་དག་གོ།། དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེས་དེ་སེམས་ཐོགས་པ་མེད་པའི་དེ་བཞིན་གཤེགས་པ་ལྟ་བས་ཆོག་མི་ཤེས་པར་འགྱུར་རོ།། ཀླུའི་བདག་པོ་ལོག་པར་ལྟ་བ ་ལྔ་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡོན་ཏན་གྱི་ཆོས་བཅུ་ཐོབ་སྟེ། བཅུ་གང་ཞེ་ན། བསམ་པ་དགེ་བར་འགྱུར་ཞིང་གྲོགས་པོ་དགེ་བ་སྙེད་པ་དང་། ལས་ཀྱི་རྣམ ་པར་སྨིན་པ་ལ་ཡིད་ཆེས་ཏེ། སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་པ་དང་། ལྷར་སངས་རྒྱས་འཛིན་ཏེ་གཞན་ལྷར་མི་འཛིན་པ་དང་། དགེ་མཚན་དང་བཀྲ་ཤིས་སུ་འཛིན ་པ་མེད་པས་ལྟ་བ་དྲང་བ་དང་། གྲོགས་ལྷ་དང་མི་ཡིན་ཏེ། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྲོགས་མ་ཡིན་པ་དང་། བསོད་ནམས་འབར་བས་ཁྱད་པར་དུ ་འགྲོ་བ་དང་། ལོག་པ་ཐམས་ཅད་མེད་པས་འཕགས་པའི་ལམ་ལམ་དུ་ཞུགས་པ་དང་། འཇིགས་ཚོགས་ལ་ལྟ་བ་ལས་སྐྱོད་དེ། སྡིག་པའི་ལྟ་བ་ཐམས་ཅད་དང་བྲལ་བ་དང་། ་སྒྲུབ་པ་མེད་པར་མཐོང་བ་ཡིན་ཏེ། ཡང་དག་པར་སོང་། ཡང་དག་པར་ཞུགས་པ་དང་། ལྷ་དང་མི་རྣམས་ཀྱི་ནང་ན་མི་ཁོམ་པ་དང་བྲལ་བ་ཡིན་ཏེ་བཅུ་པོ་དེ་དག་གོ། ལོག་པར ་ལྟ་བ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེས་དེ་བྱང་ཆུབ་ཐོབ་པ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན ་སུམ་དུ་འགྱུར་ཞིང་མངོན་པར་ཤེས་པ་མྱུར་བའི་དེ་བཞིན་གཤེགས་པར་འགྱུར་རོ།། ཀླུའི་བདག་པོ་དེ་ལ་སྲོག་བཅད་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ ་ཞིང་ཚེ་རིང་བར་ཡང་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་གཞན་གྱིས་གནོད་པ་བྱ་བ་ཐམས་ཅད་ལས་ཡང་དག་པར་འགྱུར་རོ།། མ་བྱིན་པ་ལེན་པ་སྤངས་པའི་བྱང ་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་། ལོངས་སྤྱོད་མི་འཕྲོགས་པར་ཡང་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་ཐམས ་ཅད་ཡང་དག་པར་སྒྲུབ་པ་བླ་ན་མེད་པ་ཐོབ་པར་འགྱུར་རོ།། འདོད་པ་ལ་ལོག་པ་རོ་གཡེམ་པ་སྤོང་བའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན།། ལོངས་སྤྱོད་ཆེ་བར་ཡང་འགྱུར་ཞིང་ཆུང་མ ་མི་གཡེམ་པར་ཡང་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་དེའི་མ་དང་བུ་དང་ཆུང་མ་ལ་སུ་ཡང་སྡང་བའི་སེམས་ཀྱིས་ལྟ་བར་མི་འགྱུར་རོ།། རྫུན་དུ་སྨྲ་བ་སྤངས ་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་། ལོངས་སྤྱོད་མི་འཕྲོགས་པར་འགྱུར་བ་དང་། སྐུར་པ་འདེབས་པ་མེད་པར་འགྱུར་བའི་ལམ་ཡང་ཡོངས་སུ ་འཛིན་པར་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་དེ། དམ་བཅས་པ་བརྟན་པར་འགྱུར ་རོ།། ཕྲ་མ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་གཡོག་འཁོར་མི་ཕྱེད་པར་ཡང་འགྱུར་རོ།། བྱང་ཆུབ་སེམས་དཔའི ་སྤད་པ་སྨོད་པ་ན་ཡང་བསམ་པ་མཐུན་པས་བྱང་ཆུབ་སེམས་དཔའི་གཡོག་འཁོར་ཐོབ་པོ།། ངག་རྩུབ་པོ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤོད་ཆེ ་བར་འགྱུར་ཞིང་ཚིག་བརྫུན་པར་འགྱུར་ལ། ཚིག་སུན་དབྱུང་དུ་མེད་པར་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་འཁོར་མ་འགུ་བར་སུ་ཡང་མི་འགྲོའོ།། ཚིག ་བཀྱལ་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་ཚིག་གཉེན་པར་ཡང་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཡང་ཐེ་ཙོམ ་ཐམས་ཅད་གཅོད་པ་ལོ་མཁས་པར་འགྱུར་རོ།། བརྣབ་སེམས་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་ལོངས་སྤྱོད་དང་ཡོངས་སུ་སྤྱོད ་པ་རྒྱ་ཆེན་པོ་དག་ལ་དེའི་སེམས་འཇུག་པར་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་། རྒྱ་ཆེན་པོ་མོས་ཤིང་དབང་ཆེ་བར་གྲགས་པར་འགྱུར་རོ།། གནོད་སེམས ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་མཛེས་པ་དང་། སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་བར་འགྱུར་རོ།། བྱང་ཆུབ་སེམས་དཔའི་རྒྱུད ་པ་སྤྱོད་པ་ན་ཡང་བློ་ཐོགས་པ་མེད་ཅིང་སེམས་ཐོགས་པ་མེད་ལ། དབང་པོ་མ་ཚངས་པ་མེད་པར་འགྱུར་རོ།། ལོག་པར་ལྟ་བ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད ་ཆེ་བར་འགྱུར་ཞིང་སངས་རྒྱས་ལ་དད་པ་དང་། ཡང་དག་པར་ལྟ་བའི་ཁྱིམ་དུ་སྐྱེའོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་སངས་རྒྱས་ལ་ལྟ་བ་དང་། ཆོས་ཉན་པ་དང་། དགེ ་འདུན་ལ་བསྙེན་བཀུར་བྱེད་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་མི་འབྲལ་བར་འགྱུར་རོ།། ཀླུའི་བདག་པོ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་སྦྱིན་པས་བརྒྱན་ན། དེ་ལྟར ་མཐུ་ཆེ་ཞིང་ཕན་ཡོན་ཆེ་ལ་བྱིན་ཞིང་རྒྱ་ཆེ་བར་འགྱུར་རོ།། དགེ་བ་བཅུའི་ལས་ཀྱི་ལམ་འདི་ཉིད་ཚུལ་ཁྲིམས་ཀྱིས་བརྒྱན་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྨོན་པ་ཡོངས་སུ་རྫོགས་པར ་བྱེད་དོ།། བཟོད་པས་བརྒྱན་ན་མཚན་དང་དཔེ་བྱད་བཟང་པོ་དང་།། སངས་རྒྱས་ཀྱི་གསུང་གི་གདངས་ཡོངས་སུ་རྫོགས་པར་འགྱུར་རོ།། བརྩོན་འགྲུས་ཀྱིས་བརྒྱན་ན། བདུད་ཕྱིར་རྒོལ ་བ་འཇོམས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་མཐར་ཕྱིན་པར་འགྱུར་རོ།། བསམ་གཏན་གྱིས་བརྒྱན་ན། དྲན་པ་དང་བློ་གྲོས་དང་། རྟོགས་པ་དང་། ངོ་ཚ་ཤེས་པ་དང་། རྟེན་པ་ཡོད། ་སུ་དག་པར་འགྱུར་རོ།། ཤེས་རབ་ཀྱིས་བརྒྱན་ན། ལྟ་བ་ཐམས་ཅད་ཡང་དག་པར་འཇོམས་པར་འགྱུར་རོ།། བྱམས་པས་བརྒྱན་ན། སེམས་ཅན་ཐམས་ཅད་དང་ཞེ་འགྲས་པ་མེད་པར ་འགྱུར་རོ།། སྙིང་རྗེས་བརྒྱན་ན། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་འགྱུར་རོ།། དགའ་བས་བརྒྱན་ན། སེམས་ཞུམ་པ་མེད་པར་འགྱུར་རོ།། བཏང་སྙོམས་ཀྱིས ་བརྒྱན་ན་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤོང་བར་འགྱུར་རོ།། བསྡུ་བའི་དངོས་པོས་བརྒྱན་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ།། དྲན ་པ་ཉེ་བར་བཞག་པས་བརྒྱན་ན། ལུས་དང་ཚོར་བ་དང་། སེམས་ཆོས་ལ་མཁས་པར་འགྱུར་རོ།། ཡང་དག་པར་སྤོང་བས་བརྒྱན་ན། མི་དགེ་བའི་ཆོས་ཐམས་ཅད་སྤོང ་བ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ།། རྫུ་འཕྲུལ་གྱི་རྐང་པས་བརྒྱན་ན། ལུས་དང་སེམས་ཡང་བར་འགྱུར་རོ།། དབང་པོ་ལྔས་བརྒྱན་ན ་དད་པ་བརྟན་པ་དང་། བརྩོན་འགྲུས་བརྟན་པ་དང་། རྨོངས་པ་མེད་པ་དང་། སེམས་ལས་སུ་རུང་བ་དང་། ཉོན་མོངས་པ་ཐམས་ཅད་སྤོངས་པར་འགྱུར་རོ།། སྟོབས་ཀྱིས། ་བརྒྱན་ན། རྫི་བ་མེད་པ་དང་། དགྲ་དང་འཁུ་བ་ཐམས་ཅད་ངེས་པར་འཇོམས་པར་འགྱུར་རོ།། བྱང་ཆུབ་ཀྱི་ཡན་ལག་གིས་བརྒྱན་ན། ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ ་བཞིན་དུ་ཁོང་དུ་ཆུད་པར་འགྱུར་རོ།། ལམ་གྱི་བརྒྱན་ན། ཡང་དག་པའི་ཡེ་ཤེས་འདྲེན་པར་འགྱུར་རོ།། ཞི་གནས་ཀྱིས་བརྒྱན་ན། ཉོན་མོངས་པ་ཐམས་ཅད་ཚར་གཅོད་པར ་འགྱུར་རོ།། ལྷག་མཐོང་གིས་བརྒྱན་ན་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་འགྱུར་རོ།། ཐབས་ཀྱིས་བརྒྱན་ན། འདུས་བྱས་དང་འདུས་མ ་བྱས་ཀྱི་བདེ་བ་ཡོངས་སུ་རྫོགས་པར་འགྱུར་རོ།། ཀླུའི་བདག་པོ་མདོར་ན། དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཁོ་ནས་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྔོས ་པ་དང་། མི་འཇིགས་པ་བཞི་ཡོངས་སུ་རྫོགས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཏེ། ཀླུའི་བདག་པོ་དེ་ལྟ་བས་ན་དགེ་བ་བཅུའི ་ལས་ཀྱི་ལམ་འདི་དག་རྒྱས་པར་རྣམ་པར་དབྱེ་བ་དང་བརྒྱན་པར་བརྩོན་པར་བྱའོ།། ཀླུའི་བདག་པོ་དཔེར་ན་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ་ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་ཐམས་ཅད་དང་། རྩཝ་དང་ཤིང་གེལ་པ་དང་། སྨན་དང་། ཤིང་ཐམས་ཅད་དང་། ལས་ཀྱི་མཐའ་ཐམས་ཅད་དང་། ས་བོན་གྱི་ཚིགས་ཐམས ་ཅད་དང་། ལོ་ཏོག་ཐམས་ཅད་སྐྱེ་ཞིང་རྨོ་བ་དང་། ཤལ་པས་བཤལ་བ་དང་། འབྱུང་བ་རྣམས་ནི་ས་ལ་གནས་ཏེ། དེ་དག་གི་གནས་ནི་ས་ཡིན་ནོ།། ཀླུའི་བདག་པོ་དེ་བཞིན་དུ་དགེ ་བ་བཅུའི་ལས་ཀྱི་ལམ་འདི་དག་ནི་ལྷ་དང་མིའི་སྐྱེ་བ་དང་། སློབ་པ་དང་མི་སློབ་པའི་དགེ་སྦྱོང་གི་འབྲས་བུ་ཐོབ་པ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་དང་། བྱང་ཆུབ་སེམས་དཔའི ་སྤྱོད་པ་ཐམས་ཅད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ཡིན་ནོ།། དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ།། ་དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་སྒོར་འཇུག་པ་གང་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྔོན་གྱི་ལས་ཀྱི་སྒྲིབ ་བའི་ནོངས་པ་རྣམས་སྤོང་ཞིང་། ལས་ཀྱི་སྒྲིབ་པ་ཐམས་ཅད་སྤོངས་ནས་ཀྱང་ཁྱད་པར་གྱི་གནས་སུ་འཆི་བར་འགྱུར་བའི་ཆོས་ཀྱི་སྒོ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། ཀླུའི་བདག་པོ་ཆོས་གཅིག་གིས་ལས་ཀྱི་སྒྲིབ་པ་ཐམས་ཅད་རྒྱུན་ཆད་པར་འགྱུར་ཏེ། ཆོས་གཅིག་གང་ཞེ་ན་འདི་ལྟ་སྟེ། སྡོམ་པ་ལ་གནས ་པ་ཉེས་པ་བྱུང་བ་འཆགས་པ་སྟེ། གཅིག་ནི་དེ་ཡིན་ནོ།། ཀླུའི་བདག་པོ་ཆོས་གཉིས་ཀྱི་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར་ཏེ། གཉིས་གང་ཞེ་ན་འདི་ལྟ་སྟེ། ཚུལ་བཞིན་དུ་ཆོས་ལ ་སོ་སོར་རྟོག་པ་དང་། ད་ལྟར་བྱུང་བ་མངོན་པར་འདུ་མི་བྱེད་པ་སྟེ། དེ་གཉིས་སོ།། ཀླུའི་བདག་པོ་ཆོས་གསུམ་གྱི་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར་ཏེ། གསུམ་གང་ཞེ་ན་འདི་ལྟ ་སྟེ། རྐྱེན་གྱིས་ཆོས་ལ་འཇུག་པའི་ཤེས་པ་ལ་སོ་སོར་རྟོག་པ་དང་། མི་གསར་མི་སྙིང་པའི་ཆོས་ལ་སོ་སོར་རྟོག་པ་དང་། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ཆོས་རྣམ ་ལ་སོ་སོར་རྟོག་པ་སྟེ། གསུམ་པོ་དེ་དག་གོ། ཀླུའི་བདག་པོ་ཆོས་བཞིས་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར་ཏེ། གཞི་གང་ཞེ་ན་འདི་ལྟ་སྟེ། སྟོང་པ་ཉིད་ལ་ངེས་པར་སེམས་པ། ་དང་། མཚན་མ་མེད་པ་ལ་གནས་པ་དང་། སྨོན་པ་དང་བྲལ་བ་དང་། མངོན་པར་འདུ་བྱེད་པ་མེད་པ་ཤེས་པ་སྟེ། བཞི་པོ་དེ་དག་གོ།། ཀླུའི་བདག་པོ་ཆོས་ལྔས་ལས་ཀྱི་སྒྲིབ་པ ་རྒྱན་ཆང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་མེད་པ་ཉིད་དང་། སྲོག་མེད་པ་ཉིད་དང་། གང་ཟག་མེད་པ་ཉིད་དང་། གསོབ་མེད་པ་ཉིད་དང་། གསོ་བ་མེད ་བ་ཉིད་དེ། ལྔ་པོ་དེ་དག་གོ།། ཀླུའི་བདག་པོ་ཆོས་དྲུག་གིས་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར་ཏེ། དྲུག་གང་ཞེ་ན་འདི་ལྟ་སྟེ། མོས་པ་དང་། ཡིད་ཆེས་པ་དང་། གཅིག་ཏུ་ས ་པ་དང་། ཐེ་ཙོམ་མེད་པ་དང་། ཡང་དག་པ་ལ་སོ་སོར་རྟོག་པ་དང་། ལྷག་པའི་བསམ་པས་ལས་བྱ་བ་ལ་འཇུག་པ་སྟེ། ཆོས་དྲུག་པོ་དེ་དག་གིས་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར ་ཏོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱད ་བར་དུ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཁྱད་པར་དུ་འགྲོ་བར་འགྱུར་ཏེ། བཅུ་གང ་ཞེ་ན་འདི་ལྟ་སྟེ། དེ་ལ་མ་ཆགས་པ་དང་། ལྷག་པའི་བསམ་པ་ཡོངས་སུ་དག་པ་དང་། ཐབས་ལ་མཁས་པས་བརྩོན་འགྲུས་བརྟན་པ་དང་། སེམས་ཅན་ལ་ལྟ་ཞིང་སྙིང་རྗེ ་ཆེན་པོ་དང་། བསོད་ནམས་ལ་ཆོག་མི་ཤེས་པ་དང་། ཐོས་པ་བཙལ་བ་ལ་ཆོག་མི་ཤེས་པ་དང་། བག་ཡོད་པ་དང་། བྱང་ཆུབ་ཀྱི་སྙིང་པོ་རྗེས་སུ་དྲན་པ་དང་། སངས་རྒྱས ་ཀྱི་ཡེ་ཤེས་མངོན་སུམ་དུ་ཐོབ་པ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའི་ཁྱད་པར་དུ་འགྲོ་བར་འགྱུར་རོ།། དེ་ནས ་བཅོམ་ལྡན་འདས་ལ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡོན་ཏན་ཐམས་ཅད་ཀྱི་མངོན་པར་འཕགས ་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མ་ཡིན་གྱི་དབང་པོ་ཆོས་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཡོན་ཏན་ཐམས་ཅད་ཀྱིས་མངོན་པར་འཕགས ་བྱ།། པར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ་སྒྲ་གཅན་ཆེན་པོ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ང་རྒྱལ་མེད་པ་ཡིན་ཏེ། སེམས་ཅན་ཐམས་ཅད ་འདུད་ཅིང་མངོན་པར་འདུད་པ་དང་། བཀའ་བློ་བདེ་བ་ཡིན་ཏེ། མཐུན་པར་འཛིན་པ་དང་། ཇི་སྐད་སྨྲས་པ་བཞིན་བྱེད་པ་དང་། བླ་མ་རྣམས་ལ་གུས་པ་སྐྱེས་པ་དང་། དགེ་བ་སྤྱད ་པ་ཐམས་ཅད་ལ་མངོན་དུ་འགྲོ་བ་དང་། དགེ་བའི་ཆོས་ལ་དམ་བཅས་པ་བརྟན་པ་དང་། རྒྱ་ཆེན་པོ་ལ་མོས་པ་ཡིན་ཏེ། སྦྱིན་པ་རྣམ་པ་སྣ་ཚོགས་སྦྱིན་པ་དང་། སྲོག་གི་ཕྱིར་ཡང་གཞན ་འཁྲུག་པར་མི་བྱེད་པ་དང་། གོང་དུ་ཡང་སེམས་ཅན་འཇིགས་པ་རྣམས་ལ་མི་འཇིགས་པ་སྦྱིན་ཞིང་། སྐྱབས་སུ་འོངས་པའི་སེམས་ཅན་རྣམས་ཡོངས་སུ་མི་གཏོང་བ་དང་། བསོད་ནམ ་དང་ཡེ་ཤེས་ཐམས་ཅད་ཡོངས་སུ་ཚོལ་བ་ན། ཆོ་ག་མི་ཤེས་པ་སྟེ། ཆོས་བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཡོན་ཏན་ཐམས་ཅད་ཀྱིས་མངོན་པར་འཕགས་པར་འགྱུར།། ་དེ་ནས་བཅོམ་ལྡན་འདས་ལ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་ཡང་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་དུ་དང་ལྡན་ན། བྱང་ཆུབ་སེམས་དཔས་ལུས་ཆེ་བ་ཉིད་དང་། ་གཟུགས་ཆེ་བ་ཉིད་དང་། འཁོར་ཆེ་བ་ཉིད་དང་། སེམས་ཆེ་བ་ཉིད་ཐོབ་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲ་གཅན་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས ་དཔས་ལུས་ཆེ་བ་ཉིད་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། གཞན་དག་གི་སྤྱོད་ལམ་ལ་མི་འཕྱ་བ་དང་། དེ་བཞིན་གཤེགས་པའི་སྐུ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དུ ་འཇུག་པ་དང་། སེམས་ཅན་བྱེ་བ་དང་འཐབ་པ་རྣམས་བསྡམས་ཤིང་། མཐུན་པར་བཀོད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཛུད་པ་དང་། སེམས་ཅན ་ཐམས་ཅད་ལ་དབང་པོ་ཞེ་འགྲས་པ་མེད་པ་སྟེ། ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ལུས་ཆེ་བ་ཉིད་ཐོབ་པར་འགྱུར་རོ།། ཆོས་བཞི་དང་ལྡན་ན། བྱང་ཆུབ ་སེམས་དཔའ་གཟུགས་ཆེ་བ་ཉིད་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། རྒྱན་རྣམ་པ་སྣ་ཚོགས་སྦྱིན་པ་དང་། ཕངས་པའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་དང་། ་དེ་བཞིན་གཤེགས་པ་ལ་བྱམས་པའི་མིག་གིས་ལྟ་བ་དང་། གཞན་བྱེད་བཞིན་བཟང་པོ་དག་ལ་ཕྲ་དོག་དང་སེར་སྣ་མི་བྱེད་པ་སྟེ། ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ ་སེམས་དཔའ་གཟུགས་ཆེ་བ་ཉིད་ཐོབ་པར་འགྱུར་རོ།། ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔས་འཁོར་ཆེ་བ་ཉིད་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། པྲ ་མའི་ཚིག་སྤོང་ཞིང་གཞན་གྱི་འཁོར་མི་འབྱེད་པ་དང་། གཞན་གྱི་འཁོར་ལ་དགའ་བ་དང་། བྱང་ཆུབ་ཀྱི་སེམས་ཤིན་ཏུ་བརྟན་པ་དང་། གཞན་དག་བྱང་ཆུབ་ལ་འཛུད་པ་སྟེ། ་ལྷ་མ་ཡིན་གྱི་དབང་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔས་འཁོར་ཆེ་བ་ཉིད་ཐོབ་པར་འགྱུར་རོ།། ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་ཆེ་བ ་ཉིད་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། བསམ་པ་དག་སྟེ་གཡོ་མེད་པ་དང་། སྒྱུ་ཅན་མ་ཡིན་པ་དང་། འདུན་པ་དྲག་པོ་དང་ལྡན་པ་དང་། བར་མདོར་སྐྱེ་བ་མེད ་པ་དང་། རྒྱ་ཆེན་པོ་ལ་མོས་ཤིང་ཐེག་པ་དམན་པ་མི་འདོད་པ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ལ་འཇུག་པས་ཆོས་ཟབ ་མོའི་ཚུལ་ལ་འཇུག་པ་སྟེ། སྒྲ་གཅན་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔས་སེམས་ཆེ་བ་ཉིད་ཐོབ་པར་འགྱུར་རོ།། དེ་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན ་འཁོར་སུམ་ཁྲི་ཉིས་སྟོང་དང་བཅས་པ་ཚིམ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། རིན་པོ་ཆེའི་མེ་ཏོག་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས ་པ། ཁལ་བཅུ་ཚད་བརྒྱས་བཅོམ་ལྡན་འདས་ལ་གཏོར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དེའི་ཚེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད ་པས་མངོན་པར་བསྟོད་དོ།། ཕྱོགས་བཅུ་དག་ན་སེམས་ཅན་ཁམས་རྣམས་མཐའ་ཡས་གང་སུ་དག། སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་རྒྱལ་ལ་མཆོད་བྱེད་དང་།། ཕྱོགས་བཅུ ་དག་ན་སེམས་ཅན་གང་དག་བསྐལ་པ་འབུམ་དུ་ཡང་།། མཆོད་ལ་བརྩོན་པའི་སེམས་ཅན་དག་ནི་ཕན་པ་བྱེད་པ་དང་།། བྱམས་དང་བསོད་ནམས་འཕགས་པའི་རང་བཞིན་ལས་བྱུང ་མཆོད་པ་རྣམས།། ཅི་འདྲ་བ་དང་མཚུངས་ཤིང་མ་ཉམས་པ་མ་ལགས་ཁྱོད་ལ་འོས།། མཚུངས་མེད་སེམས་ཀྱིས་ཡང་དག་གནས་ནས་བསྐྱེད་པ་གང་ལགས་པ།། དེ་ནི་སྟོབས་བཅུ ་དང་ལྡན་པ་རྣམས་ལ་རྗེད་དང་མཆོད་པ་ལགས།། བདག་ནི་བང་ཆུབ་རེག་འགྱུར་སྙམ་སྟེ་དེ་ལ་སྤོབས་གནས་ནས།། བདག་ནི་གཡོ་མེད་བྱང་ཆུབ་མཚུངས་མ་མཆིས་ལ་དཞུགས་པ་ལགས།། ་དབང་ལས་གཞན་སྲིད་གསུམ་དུ་ཡང་བདག་གིས་དབང་མ་མཆིས།། བདག་གི་བསམ་པ་ཅི་འདྲའི་དབང་ནི་སྟོབས་བཅུ་ལྡན་པ་ལགས།། བདག་ནི་ཀུན་ལ་ཤིན་ཏུ་སྡུག་ཅིང་ང་རྒྱལ ་སྤྲུལ་པ་དང་།། སྦྱིན་དང་དུལ་དང་ལྡན་ཞིང་ཚུལ་ཁྲིམས་ལྡན་ལ་བཟོད་ལྡན་པ།། བརྩོན་འགྲུས་དྲན་པ་ཏིང་འཛིན་ཤེས་རབ་རྣམ་དག་གནས་པ་དང་།། བྱམས་དང་སྙིང་རྗེར་ལྡན ་ཞིང་བདེན་པའི་ཆོས་ལ་སྤྱོད་གྱུར་ཅིག། ཕན་བཞེད་རྒྱལ་བ་གལ་ཏེ་བདག་ལ་ལུང་སྟོན་མི་མཛད་ཀྱང་།། མིའི་དབང་པོ་བདག་ནི་རང་གིས་རང་ལ་ལུང་ཡང་བསྟན།། བདག་ནི་རང ་འབྱུང་མི་འགྱུར་སྙམ་དུ་ཡིད་གཉིས་དོགས་མ་མཆིས།། དེ་ལྟར་བདག་ནི་བསམ་པ་ཐག་པས་བྱང་ཆུབ་ཉིད་སེམས་ངེས།། མི་དབང་འཛུམ་པ་མཛད་ནས་ཟླ་བའི་ཏོག་གིས་ཞེས་པ་ནི།། ་རང་བྱུང་འཛུམ་པ་མཛད་པ་འདི་ནི་ཅི་ལགས་ལུང་བསྟན་གསོལ།། གང་གི་ཕྱིར་ན་ངས་ནི་དག་པའི་འོད་རྣམས་སྟོན་མཛད་པ།། ཟླ་བའི་ཏོག་ཁྱོད་མཉན་པར་གྱིས་ཤེས་སྟོན་པས ་དེ་ལ་གསུངས།། ལྷ་མིན་སྒྲ་གཅན་བདག་ཉིད་ཆེན་པོ་བྱང་ཆུབ་མཆོག་ལ་ཞུགས།། གཡོག་འཁོར་སུམ་ཁྲི་ཉིས་སྟོང་གང་ལགས་རྣམས་ཀྱང་དེ་བཞིན་ཏེ།། བསྐལ་པ་སྟོང་ཕྲག ་བརྒྱར་ནི་བྱང་ཆུབ་སྤྱོད་པ་སྤྱད་ནས་ཀྱང་།། ཐམས་ཅད་རྗེས་སུ་མཐུན་པར་བྱང་ཆུབ་གཙོ་བོ་ཐོབ་པར་འགྱུར།། རྒྱལ་བ་གང་གའི་བྱེ་མ་སྙེད་རྣམས་ལ་ནི་མཆོད་བགྱིས་ཏེ།། དེ་ནས་སེམས ་ཤིན་ཏུ་མང་པོ་བྱང་ཆུབ་དཀོད་ནས་ཀྱང་།། དེའི་འོག་ཏུ་བསྐལ་པ་དགེ་བ་བཀོད་པ་མཛེས་པ་ལ།། བྱང་ཆུབ་རྡུལ་བྲལ་ཞི་བ་མྱ་ངན་མེད་པ་ཚངས་ཡང་རྒྱ།། སྒྲ་གཅན་བདག་ཉིད ་ཆེན་པོ་འདི་ནི་ཆོས་ཀྱི་རྒྱལ་པོར་འགྱུར།། བརྩོན་འགྲུས་སྟོབས་དང་ལྡན་ཏེ་དབང་པོ་རྒྱལ་མཚན་ཞེས་ཀྱང་བགྱི།། འཇིག་རྟེན་ཁམས་ཀྱང ་དགའ་བ་བསྐྱེད་པའི་བཀོད་པ་ཞེས་བགྱི་སྟེ།། དགའ་ལྡན་གནས་ནས་འདྲ་བར་འབྱོར་ཅིང་རྒྱས་ལ་ལོ་ཡང་ལེགས།། སྟོབས་བཅུ་ལྡན་གྱི་ཚེན་ལོ་གྲངས་བྱེ་བ་བདུན་བཅུ་སྟེ། ་དགེ་སློང་འཕགས་པའི་དགེ་འདུན་ཁྲག་ཁྲིག་དྲུག་ཅུ་ཐམ་པར་འགྱུར།། བྱང་ཆུབ་སེམས་དཔའི་དགེ་འདུན་ཁྲག་ཁྲིག་ཕྲག་བཅུ་བརྒྱད་བཅུ་སྟེ།། ཐོས་པ་དང་ནི་འདུལ་བ་འཛིན ་པ་གཟུངས་ལ་ཤིན་ཏུ་གནས།། བསྐལ་པ་དགེ་བ་བཀོད་པ་ཞེས་བགྱི་མཛེས་པ་དེ་དག་ཏུ།། སེམས་ཅན་བརྒྱ་སྟོང་དག་ནི་བྱང་ཆུབ་བཀོད་ལ་བགྱིས་ནས་ཀྱང་།། འདི་དག ་ཐམས་ཅད་རིམས་ཀྱིས་བྱང་ཆུབ་མཆོག་ཏུ་འཚང་ཡང་རྒྱ།། བྱང་ཆུབ་སེམས་དཔའ་མཆོག་གིས་ནི་ཡོན་ཏན་ཁྱད་པར་དག་ལ་ལྟོས།། དེར་ནི་སྒྲ་གཅན་བཟང་པོའི་ལུང་བསྟན་ཐོས་པར་གྱུར ་ནས་ཀྱང་།། སྲོག་ཆགས་འབུམ་ཕྲག་བཞི་དག་བྱང་ཆུབ་མཆོག་ལ་ཞུགས་པར་གྱུར།། ལེགས་པར་ཡོན་ཏན་འཆང་བ་རྣམས་ཀྱི་བསམ་པའི་ཁྱད་པར་གྱིས།། སྟོང་གསུམ་རབ ་གཡོས་ལྷགས་ཀྱང་མེ་ཏོག་ཆར་པ་རབ་ཏུ་ཕབ།། དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་མ་དྲོས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བདག་མ ་མཆིས་པ། བྱེད་པ་པོ་མ་མཆིས་པ་ལགས་ན། ལུང་བསྟན་པ་ནི་གང་ལགས། དེ་བཞིན་གཤེགས་པ་ནི་གང་ལགས། བྱང་ཆུབ་མངོན་པར་རྫོགས་པར་འཚང་བརྒྱ་པ་ནི་གང་ལགས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་བདག་མེད་པ་བྱེད་པ་པོ་མེད་པ་ཡིན་ཏེ། དེ་ནི་ཆོས་རྣམས་ཉིད་ཡིན་མོད་ཀྱི།། འོན་ཀྱང ་བྱིས་པ་སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་དང་ལྡན་པ། ངར་འཛིན་པ་དང་། ང་ཡིར་འཛིན་པ་གནས་པ་རྣམས། སེམས་ཅན་མེད་པ་རྣམས་ལ་སེམས་ཅན་དུ་འདུ་ཤེས་བསྐྱེད་པར་བྱེད་དེ། ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྙིང་རྗེ་ཆེན་པོ་བསྐྱེད་ནས། ཕྱིན་ཅི་ལོག་གི་འདུ་ཤེས་སྤོང་དུ་བཞུགས་པ་དང་། ངར་འཛིན་པ་དང་། ང་ཡིར་འཛིན་པ་ཡོངས་སུ་ཤེས་པ ་བྱ་བའི་ཕྱིར། བྱང་ཆུབ་ཏུ་གོ་ཆ་གྱོན་པར་ཟད་ཀྱིས། སྐྱེས་བུ་དམ་པ་དེ་དག་གིས་སེམས་ཅན་མེད་པ་དང་། གང་ཟག་མེད་པ་མི་ཤེས་པ་ནི་མ་ཡིན་ཏེ། བདག་དང་སེམས ་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་གང་ཟག་ཏུ་ལྟ་བའི་སེམས་ཅན་དེ་དག་ཡོངས་སུ་གྲོལ་བར་བྱེད་དོ།། ཀླུའི་བདག་པོ་ཁྱོད་འདི་ལ་ལུང་སྟོན་པ་གང་ལགས ་ཤེས་ཟེར་བ་གང་ཡིན་པ་དེ་ལ་མངོན་སུམ་དུ་ཆོས་ཁོང་དུ་ཆུད་པ་ནི་ལུང་བསྟན་པའོ།། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པ་ལ ་ངེས་པར་སེམས་དང་ལྡན་པའི་ལུང་བསྟན་པའོ།། མ་བྱུང་བ་དང་། མ་སྐྱེས་པ་དང་། རྩ་བ་མེད་པ་དང་། གནས་མེད་པ་ལ་གནས་པ་ནི་ལུང་བསྟན་པའོ།། སེམས་ཅན་ཐམས ་ཅད་མཚུངས་པར་བདག་མེད་པ་ལ་མོས་པ་ནི་ལུང་བསྟན་པའོ།། ཆོས་ཐམས་ཅད་མཚུངས་པར། ཆོས་དབེན་པར་མངོན་པ་ནི་ལུང་བསྟན་པའོ།། ཆོས་ཐམས་ཅད་སངས་རྒྱས་ཀྱི ་ཆོས་དང་། ཆོས་ཀྱི་དབྱིངས་དང་། དབྱེར་མེད་པའི་ཡེ་ཤེས་མཐོང་བའི་ལུང་བསྟན་པའོ།། བདུད་ཐམས་ཅད་མཚུངས་པར་ཉོན་མོང ་པ་ཅན་དུ་མི་འགྱུར་ཏེ། རང་བཞིན་གྱིས་ཡོངས་སུ་དག་པའི་སེམས་དང་ལྡན་པ་ནི། ལུང་བསྟན་ཏོ།། སྟོང་པ་ཉིད་དང་མཚན་མ་མེད་པ་ལ་མི་རྟོག་རྣམ་པར་མི་རྟོག་ལ་མི་ལེན ་མི་འདོར་བ་འདི་ནི་ལུང་བསྟན་པའོ།། ཀླུའི་བདག་པོ་དེ་ལྟར་ན་སེམས་དང་། ཡིད་དང་རྣམ་པར་ཤེས་པ་མི་གནས་པར་ལུང་བསྟན་པ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཀྱང ་དེ་དང་འདྲ་སྟེ། དམིགས་སུ་མེད་དོ།། ཆོས་ཐམས་ཅད་མཉམ་པ་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ནི་བྱང་ཆུབ་ཡིན་ཏེ། དེ་ལ་དོན་དམ་པར་ནི་གང་གི་ལུང་བསྟན་པ་འམ།། ་གང་གིས་བྱང་ཆུབ་འམ། གང་ལུང་བསྟན་པར་བྱ་བ་འམ། གང་གིས་ལུང་བསྟན་པ་འམ། ཅིས་ལུང་བསྟན་པ་ཅི་ཡང་མི་དམིགས་སོ།། ཀླུའི་བདག་པོ་དེ་ཅིའི་ཕྱིར་ཞེ ་ན། ཆོས་ཐམས་ཅད་ནི་དངོས་པོ་མེད་པ་སྟེ། རྩ་བ་ནས་ཡོངས་སུ་ཆད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་བདག་པོ་མེད་པ་སྟེ། རྒྱུ་དང་རྐྱེན་རྣམས་ལས་འབྱུང་བའི་ཕྱིར་རོ།། ཆོས ་ཐམས་ཅད་ནི་གཟུངས་དུ་མེད་པ་སྟེ། ངོ་བོ་ཉིད་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་སྟེ། བྲལ་བ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ།། ་ཆོས་ཐམས་ཅད་ནི་མ་འོངས་པ་སྟེ། སྔོན་གྱི་མཐའ་ནས་མ་འོངས་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་མེད་པར་གྱུར་པ་སྟེ། ཕྱི་མའི་མཐའ་མི་འབྱུང་བའི་ཕྱིར་རོ།། ཆོས་ཐམས་ཅད ་ནི་མི་གནས་པའི་སྟེ། གནས་མི་དམིགས་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་མི་དམིགས་པ་སྟེ། བྱེད་པ་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་བྱེད་པ་མེད་པ་སྟེ། ལུས་མེད་པའི་ཕྱིར། ་རོ།། ཆོས་ཐམས་ཅད་ནི་ལུས་མེད་པ་སྟེ། གནས་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་གནས་མེད་པ་སྟེ། རྟེན་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་རྟེན་མེད་པ་སྟེ། མི ་གཡོ་བའི་ཕྱིར་རོ།། ཆོས་ཐམས་ཅད་ནི་མི་གཡོ་བ་སྟེ། མི་གནས་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་མི་གནས་པ་སྟེ། བེམས་པོ་ཡིན་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་བེམས ་པོ་ཡིན་སྟེ། ངོ་བོ་ཉིད་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་སྟེ། རྣམ་པར་རིག་པར་བྱེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་རྣམས་པར་རིག་པར་མི་བྱེད་པ་སྟེ། ་སྒྲོ་བཏགས་པ་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་སྒྲོ་བཏགས་པ་མེད་པ་སྟེ། ཡིད་ལ་བྱེད་པ་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་ཡིད་ལ་བྱེད་པ་མེད་པ་སྟེ། དམིགས་སུ ་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་དམིགས་སུ་མེད་པ་སྟེ། འགྱུར་བ་མེད་པའི་བའི་ཕྱིར་རོ།། ཆོས་ཐམས་ཅད་ནི་འགྱུར་བ་མེད་པ་སྟེ། རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཕྱིར ་རོ། ཆོས་ཐམས་ཅད་རྟོག་པ་མེད་ཅིང་དཔྱོད་པ་མེད་པ་སྟེ། ཞི་བའི་ཕྱིར་རོ།། ཆོས་ཐམས་ཅད་ནི་ཞི་ཞིང་། རབ་ཏུ་ཞི་ལ་ཉེ་བར་ཞི་བ་སྟེ། རྒྱུ་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ།། ། ་ཆོས་ཐམས་ཅད་ནི་རྒྱུ་ལས་བྱུང་བ་མ་ཡིན་པ་སྟེ། རང་བཞིན་གྱིས་རྣམ་པར་གྲོལ་བའི་ཕྱིར་རོ།། ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་གྲོལ་བ་སྟེ། རྣམ་པར་གྲོལ་བའི་མཚན ་ཉིད་ཡིན་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་རྣམ་པར་གྲོལ་བའི་མཚན་ཉིད་དོ།། གཉིས་དང་བྲལ་བའི་ཕྱིར་རོ།། ཆོས་ཐམས་ཅད་ནི་གཉིས་དང ་བྲལ་བ་སྟེ། བགྲོད་པ་གཅིག་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་བགྲོད་པ་གཅིག་པ་སྟེ། སོ་སོ་ཐ་དད་པ་དང་བྲལ་བའི་ཕྱིར་རོ།། ཆོས་ཐམས་ཅད་ནི་སོ་སོ་ཐ་དད་པ་དང་བྲལ་བ ་སྟེ། བྱེ་བྲག་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་བྱེ་བྲག་མེད་པ་སྟེ། མཉམ་པ་ཉིད་ཁོང་དུ་བྱ་བའི་ཕྱིར་རོ།། ཀླུའི་བདག་པོ་དེ་ལྟར་ན་ཆོས་ཐམས་ཅད་མཉམ་པ་ཉིད་ག། ་ཡིན་པ་དེ་ལ་ནི་ལུང་བསྟན་པར་བྱ་བ་དང་། མངོན་པར་རྫོགས་པར་འཚང་བརྒྱ་པ་ཅི་ཡང་མེད་དོ།། ཀླུའི་བདག་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་རྗེ་ཆེན་པོ་དང་། བྱང ་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་སྟོབས་ལ་ལྟོས། གང་ཆོས་འདི་ལྟ་བུ་དག་མིང་དང་བརྡས་རྣམ་པར་ཕྱེ་ནས་སེམས་ཅན་དག་ལ་གོ་བར་བྱེད་ལ། སེམས་ཅན་མ་རྟོག་པའི ་ཆོས་རྣམས་ཀྱང་མ་མཐོང་ངོ་།། སེམས་ཅན་རྣམས་ཇི་ལྟ་བ་བཞིན་དུ་ཆོས་རྣམས་ཀྱང་དེ་འདྲའོ།། བྱང་ཆུབ་ཀྱང་དེ་དང་འདྲའོ།། སངས་རྒྱས་ཀྱང་དེ་དང་འདྲའོ།། ལུང ་བསྟན་པ་ཡང་དེ་དང་འདྲའོ།། ཆོས་ཐམས་ཅད་ཀྱི་དབྱིངས་ཀྱང་དེ་འདྲ་སྟེ། དེས་ན་དེ་བཞིན་གཤེགས་པ་ཞེས་བྱའོ།། དེ་བཞིན་ཉིད་རྟོག་པའི་དོན་དང་། དེ་བཞིན་ཉིད་ལ ་གནས་པའི་གྱིས་ན་དེ་བཞིན་ཉིད་དོ།། དེ་བཞིན་ཉིད་མ་སྤོབས་པའི་དོན་དང་། དེ་བཞིན་ཉིད་དབྱེར་མེད་པའི་དོན་དང་། དེ་བཞིན་ཉིད་ཁོང་དུ་ཆུད་པའི་དོན་དེས་ན། དེ་བཞིན་གཤེགས ་པ་ཞེས་བྱའོ།། ཇི་ལྟར་དེ་བཞིན་གཤེགས་པ་དང་། དེ་བཞིན་ཉིད་མཚུངས་པར་རབ་ཏུ་ཕྱེ་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་བཞིན་དང་མཚུངས་པར་རབ་ཏུ་ཕྱེ་བ་ཡིན་ཏེ། ཀླུའི ་བདག་པོ་དེ་བཞིན་གཤེགས་པའི་མཉམ་པ་ཉིད་ཀྱིས་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་དེ་ལ་གནས་ན། མི་སྐྲག་མི་དངངས་པར་འགྱུར་ལ། དེ་བཞིན་གཤེགས་པའི་ས ་མཉམ་པ་ཉིད་འདི་ཡང་སེམས་ཅན་རྣམས་ལ་གོ་བར་བྱེད་དོ།། བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་སུམ་སྟོང་ཉིས་རྒྱས་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ ་པར་གྱུར་ཏེ། ཀླུའི་རྒྱལ་པོ་མ་དྲོས་པ་ཡང་ཚིམ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ཞིང་མགུ་བ་དང་ཡིད་བདེ་བ་སྐྱེས་ནས། འཛམ་བུའི་གླིང་རི་བའི་མུ་ཏིག་ཕྲེང་བ་དེ་བཞིན་ག ་པའི་སྐུ་ལ་གསེལ་ཏོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོ་ལྷ་མ་ཡིན་གྱི་དབང་པོ་ཐག་བཟང་རིས་ཀྱི་ཆ་མོ་རིན་ཆེན་སྣ་ཚོགས་ཞེས་བྱ་བ་དེས་ཀླུའི་བུ་མོ་ཁྲི་དང་ལྷན་ཅིག་ཏུ་ལག་པ་གཡས ་པས་མུ་ཏིག་གི་ཕྲེང་བ་བླངས་ནས། བཅོམ་ལྡན་འདས་ལ་མིག་མི་འཛུམ་པར་ལྟ་སྟེ། ཕྱག་འཚལ་ཞིང་འདུག་པར་གྱུར་ཏོ།། དེ་ནས་བུ་མོ་རིན་ཆེན་སྣ་ཚོགས་ཅན་དང་། ཀླུའི་བུ་མོ ་ཁྲི་བོ་དེ་དག་གིས་བཅོམ་ལྡན་འདས་ཀྱི་སྐུ་ལ་མུ་ཏིག་ཕྲེང་བ་དེ་དག་གསོལ་ནས་ཚིག་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་རྣམས་ལྷན་ཅིག་ཏུ་མཐུན་ཞིང་། ཡང ་དག་པར་དགའ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བདག་ཅག་ཀྱང་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག། ད་ལྟར་གྱི་དེ་བཞིན་གཤེགས་པ་ཇི་ལྟ་བ་བཞིན་དུ། འདི་འདྲ་བར་ཆོས་ཀྱང་སྟོན་པར་གྱུར་ཅིག། དགེ ་འདུན་ཡང་བསྲུང་བར་གྱུར་ཅིག། དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཀླུའི་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ།། བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བུད་མེད ་ཀྱི་ལུས་ཀྱིས་མངོན་པར་རྫོགས་པར་འཚང་བརྒྱ་པར་མི་ནུས་ཏེ། འགྲུབ་པར་དཀའོ།། དེ་ནས་བུ་མོ་རིན་ཆེན་སྣ་ཚོགས་ཅན་གྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས ་སྨྲས་སོ།། བཙུན་པ་འོད་སྲུང་ཆེན་པོས་བུད་མེད་ཀྱི་ལུས་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་བརྒྱ་པར་མི་འགྱུར་ལ། ལྷག ་པའི་བསམ་པ་ལ་ཞུགས་པ་ལ་ཡང་བྱང་ཆུབ་འགྲུབ་པར་དཀའ་བ་མ་མཆིས་སོ།། བྱང་ཆུབ་སེམས་དཔའི་བྱང་ཆུབ་ནི་སེམས་བསྐྱེད་པ་ལ་རག་ལས་ཏེ། བྱང་ཆུབ་ཏུ་སེམས ་བསྐྱེད་མ་ཐག་ཏུ། སངས་རྒྱས་ཀྱི་ཆོས་ཐམས་ཅད་བཟུང་བར་འགྱུར་རོ།། བཙུན་པས་གང་འདི་སྐད་དུ་བུད་མེད་ཀྱི་ལུས་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་བརྒྱ་པར་མི ་ནུས་སོ།། ཞེས་གསུང་བ་དེ་ནི་སྐྱེས་པའི་ལུས་ཀྱིས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ།། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་འདི་སྐད་དུ་མིག་ནི་སྐྱེས་པ ་ཡང་མ་ཡིན། བུད་མེད་ཀྱང་མ་ཡིན་ནོ།། དེ་བཞིན་དུ་རྣ་བ་དང་། སྣ་དང་ལྕེ་དང་ལུས་དང་། ཡིད་ནི་བུད་མེད་ཀྱང་མ་ཡིན། སྐྱེས་པ་ཡང་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ།། ་བཙུན་པ་འོད་སྲུང་ཆེན་པོ་དེ་ཅིའི་སླད་དུ་ཞེ་ན། མིག་ནི་སྟོང་པ་སྟེ། སྟོང་པ་གང་ལགས་པ་དེ་ལ་ནི་བུད་མེད་ཀྱང་མ་མཆིས། སྐྱེས་པ་ཡང་མ་མཆིས་པའི་སླད་དུའོ།། བཙུན ་པ་འོད་སྲུངས་ཆེན་པོ་དེ་བཞིན་དུ། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ནི་སྟོང་པ་སྟེ། སྟོང་པ་གང་ལགས་པ་དེ་ལ་ནི་བུད་མེད་ཀྱང་མ་མཆིས་སྐྱེས་པ་ཡང་མ་མཆིས་པའི་སླད་དུའོ།། ། ་བཙུན་པ་དེ་ལ་ནི་མིག་ཁོངས་སུ་ཆུད་པ་གང་ལགས་པ་དེ་ནི་བྱང་ཆུབ་ལགས་སོ།། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཁོངས་སུ་ཆུད་པ་གང་ལགས་པ་དེ་ནི་བྱང་ཆུབ་ལགས་སོ།། ་བྱང་ཆུབ་གང་ལགས་པ་དེ་ལ་ནི་བུད་མེད་ཀྱི་ཆོས་རྣམས་སམ། སྐྱེས་པའི་ཆོས་རྣམས་མ་མཆིས་སོ།། བཙུན་པ་འོད་སྲུང་ཆེན་པོ་དེ་ལྟ་བས་ན་བྱང་ཆུབ་ཀྱི་ངོ་བོ་ཉིད་གང་ལགས ་པ་དེ་ནི། བདག་གི་ངོ་བོ་ཉིད་ཀྱང་དེ་ལགས་སོ།། སྨྲས་པ་བུ་མེ་ཁྱོད་བྱང་ཆུབ་ཡིན་ནམ། སྨྲས་པ་གནས་བརྟན་དང་བདག་ཅག་གཉི་ག་འང་བྱང་ཆུབ་ལགས་སོ།། སྨྲས་པ ་བུ་མོ་ཁོ་བོ་ནི་བྱང་ཆུབ་མ་ཡིན་གྱི། ཁོ་བོ་ནི་ཉན་ཐོས་ཡིན་ནོ།། སྨྲས་པ་བཙུན་པ་འོད་སྲུང་ཆེན་པོ་ཁྱོད་སུས་བཏུལ། སྨྲས་པ་བུ་མོ་ཁོ་བོ་ནི་དེ་བཞིན་གཤེགས་པས་བཏུལ་ལོ།། ་སྨྲས་པ་གནས་བརྟན་གལ་ཏེ་དེ་བཞིན་གཤེགས་པས་བཏུལ་ན། གལ་ཏེ་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་མ་རྒྱས་སུ་ཟིན་ན། དེ་བཞིན་གཤེགས་པས་གནས་བརྟན ་འདུལ་བར་སྤྱོད་དམ། བུ་མོ་དེ་ནི་མ་ཡིན་ནོ།། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་དེ་ལྟ་བས་ན་ཁྱོད་ཉིད་བྱང་ཆུབ་ལགས་ཏེ། བྱང་ཆུབ་མ་ལགས་པའི་ཆོས་ཅི་ཡང་མ་མཆིས་སན། ་སྨྲས་པ་བུ་མོ་མཚམས་མེད་པ་རྣམས་ཀྱང་བྱང་ཆུབ་ཡིན་ནམ། སྨྲས་པ་བཙུན་པ་དེ་དེ་བཞིན་ཏེ། མཚམས་མེད་པ་རྣམས་ཀྱང་བྱང་ཆུབ་ལགས་སོ།། ་དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་ནི་མཚམས་མེད་པའི་རང་བཞིན་ཅན་ལགས་ཏེ། མཚམས་མེད་པའི་ཆོས་ཀྱི་སྟོང་པ་ཉིད་ཀྱི་རང་བཞིན་གང་ལགས་པ་དེ་ནི་བྱང་ཆུབ་ལགས་ལ། སྟོང་པ་ཉིད་ཀྱི ་ཆོས་ཀྱི་རང་བཞིན་གང་ལགས་པ་དེ་ནི་བྱང་ཆུབ་ལགས་པའི་སླད་དུའོ།། བཙུན་པ་དེ་ལྟར་ན་མཚམས་མེད་པ་ཁོང་དུ་ཆུད་པ་ལགས་བྱང་ཆུབ་འབྱུང་ངོ་།། བཙུན་པ་བྱང་ཆུབ་མ་ལགས་པ ་གང་ལགས་པ་དེ་ནི་མ་མཆིས་ཏེ་གལ་ཏེ་ཆོས་འགའ་ཞིག་མཉམ་པ་ཉིད་དང་མི་ལྡན་ན་ནི་མ་ལགས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དང་ལྡན་པ་དེ་ནི་བྱང་ཆུབ་ལགས་སོ།། སྨྲས་པ། བུ་མོ ་ཁྱོད་སྤོབས་པ་འདི་སུས་བྱིན། སྨྲས་པ། གནས་བརྟན་གྱིས་བཀའ་སྩལ་ཏོ།། དེ་ཅིའི་སླད་དུ་ཞེ་ན། གལ་ཏེ་གནས་བརྟན་གྱིས་མ་སྨྲས་ན། བདག་གིས་སྤོབས་པ་འདི་སྐྱེ་བར་མི་འགྱུར ་བའི་སླད་དུའོ།། བཙུན་པ་དཔེར་ན་གལ་ཏེ་མ་སྨྲས་ན་བྲག་ཆའི་སྒྲ་འབྱུང་བར་མི་འགྱུར་བ་དེ་བཞིན་དུ་བཙུན་པ་འོད་སྲུང་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་མ་དྲིས་ཀྱི་བར་དུ་སྤོབས་པ་སྐྱེ་བར ་མི་འགྱུར་རོ།། སྨྲས་པ་བུ་མོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཇི་སྙེད་ལ་བསྙེན་བཀུར་བྱས། སྨྲས་པ། གནས་བརྟན་གྱིས་ཉོན་མོངས་པ་ཇི་སྙེད་སྤངས་པ་སྙེད་ལའོ།། སྨྲས་པ་བུ་མོ་ཁོ ་བོ་ནི་ཉོན་མོངས་པ་རྣམས་ནི་སྤངས་པ་མེད་པའོ།། སྨྲས་པ། བཙུན་པ་ཉོན་མོངས་པ་དང་བཅས་པ་ལགས་སམ། ཁོ་བོ་ནི་ཉོན་མོངས་པ་དང་བཅས་པ་ཡང་མ་ཡིན། ཉོན་མོངས་པ་རྣམས ་སྤངས་པ་ཡང་མ་ཡིན་ནོ།། སྨྲས་པ་ཅི་བཙུན་པ་ཁྱོད་ཀྱིས་ཉོན་མོངས་པ་རྣམས་བཞག་གམ། སྨྲས་པ། བསྐྱེད་པ་ཡང་མེད་འགག་པར་བྱས་པ་ཡང་མེད། བཞག་པ་ཡང་མེད་དེ། དེ ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཤེས་སོ།། སྨྲས་པ། ཅི་དེ་བཞིན་ཉིད་ཤེས་པར་བགྱི་བ་ཞིག་ལགས་སམ། སྨྲས་པ། དེ་ནི་མ་ཡིན་ནོ།། སྨྲས་པ། འོ་ན་ཅིའི་སླད་དུ། དེ་བཞིན་ཉིད ་ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་ཤེས་སོ་ཞེས་གསུང་། གལ་ཏེ་མཁྱེན་ན་ནི་དེ་བཞིན་མ་ལགས་སོ།། སྨྲས་པ། དེ་ནི་མ་ཡིན་ནོ།། སྨྲས་པ། འོ་ན་ཅིའི་སླད་དུ། ཇི་སྟེ་མི་མཁྱེན་ན ་ནི་དེ་ལྟར་བཙུན་པ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་མི་ཤེས་པ་ཅན་དུ་མཚུངས་སོ།། སྨྲས་པ། བུ་མོ་ཁྱོད་ཀྱི་ཚིག་ཐམས་ཅད་ནི་གཞན་གྱི་ཚིག་གཅོད་པར་བྱེད་པའོ།། སྨྲས ་པ། བདག་ནི་སུའི་ཚིག་ཀྱང་གཅོད་པར་ཡང་མི་བགྱིད། སྒྲུབ་པར་ཡང་མི་བགྱིད་དེ། དེ་ཅིའི་སླད་དུ་ཞེ་ན། ཆོས་ཀྱི་དབྱིངས་ནི་བཅད་དུ་མ་མཆིས་པ་ལགས་ན། ཚིག་ཐམས་ཅད་ནི ་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའི་སླད་དུའོ།། སྨྲས་པ། གང་ཁྱོད་ཀྱིས་བདག་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་མཉམ་ཏེ་བཞག་པ་དེ་ཁྱོད་འགྱོད་པར་མི་འགྱུར་རམ། སྨྲས་པ། ་བཙུན་པ་འོད་སྲུང་ཆེན་པོ་གལ་ཏེ་བདག་གིས་གནས་བརྟན་ཡང་ཐ་དད་ལ་བྱིས་པ་སེ་སོའི་སྐྱེ་བོ་ཐམས་ཅད་ཀྱང་ཐ་དད་པ་བཞག་ན་ནི་དེ་ལྟར་ན་བདག་འགྱོད་པར་འགྱུར་བ་ཞིག་ན་གང་གི་སླད ་དུ་བདག་གིས་གནས་བརྟན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་བ་མི་དད་པར་བཞག་པ་དེས་ན། བདག་འགྱོད་པར་མི་འགྱུར་རོ།། བཙུན་པ་མཚུངས་ཤེས་བགྱེད་པ་དེ་ནི་ཆོས་ཐམས་ཅད ་ཐ་དད་པ་མ་མཆིས་པ་དང་། ནམ་མཁའ་དང་མཚུངས་པ་ཉིད་ཀྱི་ཚིག་བླ་དགས་སོ།། སྨྲས་པ་བུ་མོ་ཅི་ཁྱོད་སོ་སོའི་སྐྱེ་བོ་རྣམས་དང་མཚུངས ་སམ། འོན་ཏེ་འཕགས་པ་རྣམས་དང་མཚུངས། སྨྲས་པ། བཙུན་པ་བདག་ནི་སོ་སོའི་སྐྱེ་བོ་རྣམས་དང་མཚུངས་པ་ཡང་མ་ལགས། འཕགས་པ་རྣམས་དང་མཚུངས་པ་ཡང་མ ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། གལ་ཏེ་བདག་སོ་སོའི་སྐྱེ་བོ་རྣམས་དང་མཚུངས་ན་ནི། བདག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་དོན་མ་མཆིས་པར་འགྱུར་རོ།། ཇི་སྟེ་འཕགས ་པ་རྣམས་དང་མཚུངས་ན་ནི། ཉན་ཐོས་རྣམས་དང་མཚུངས་པར་འགྱུར་ཏེ། དེ་ལྟར་ན་ནི་བདག་སངས་རྒྱས་ཀྱི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་འགྱུར་རོ།། སྨྲས་པ། བུ ་མོ་གལ་ཏེ་ཁྱོད་སོ་སོ་སྐྱེ་བོ་རྣམས་དང་ཡང་མི་མཚུངས། འཕགས་པ་རྣམས་དང་ཡང་མི་མཚུངས་ན། ཅི་ཁྱོད་སངས་རྒྱས་ཀྱི་ཆོས་རྣམས་དང་མཚུངས་སམ། སྨྲས་པ། བཙུན ་པ་འོད་སྲུངས་ཆེན་པོ་བདག་ནི་བཟོད་སངས་རྒྱས་ཀྱི་ཆོས་རྣམས་དང་མཚུངས་པ་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བདག་ནི་ཆོས་ཐོག་མ་ནས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས ་དང་མཚུངས་སོ།། སྨྲས་པ། བུ་མོ་གལ་ཏེ་ཁྱོད་སངས་རྒྱས་ཀྱི་ཆོས་རྣམས་དང་མཚུངས་ན། ཅི་སངས་རྒྱས་ཀྱི་ཆོས་དེ་དག་ཁྱོད་ལ་ཡོད་དམ། སྨྲས་པ། གནས་བརྟན་ཅི་སངས ་རྒྱས་ཀྱི་ཆོས་སུ་གདགས་པ་འདས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བ་འམ། ཡུལ་ན་གནས་པ་འམ། ཕྱོགས་ན་གནས་པ་འམ། སྔོན་པོ་འམ། སེར་པོ་འམ། ་དམར་པོ་འམ། དཀར་པོ་འམ། རྩོད་ཀ་འམ། ཤེལ་གྱི་ཁ་དོག་གམ། དངུལ་གྱི་ཁ་དོག་ལྟ་ལགས་སམ། སྨྲས་པ། བུ་མོ་སངས་རྒྱས་ཀྱི་ཆོས་རྣམས་གདགས་པ་ནི་ཁ་དོག ་དང་དབྱིབས་ཀྱི་སྒོ་ནས་བསྟན་པར་མི་ནུས་སོ།། སྨྲས་པ། བཙུན་པ་གལ་ཏེ་སངས་རྒྱས་ཀྱི་ཆོས་རྣམས་གདགས་སུ་མ་མཆིས་པ་དང་། གདགས་སུ་མི་རུང་བ་ལགས་ན། ཅིའི་སླད ་དུ་བདག་ལ་ཚོལ་བ་མཛད། སྨྲས་པ། བུ་མོ་འོ་ན་སངས་རྒྱས་ཀྱི་ཆོས་གང་ལས་བཙལ་བར་བྱ། སྨྲས་པ། ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ལས་བཙལ་བར་བགྱིའོ།། སྨྲས ་པ། ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ཀྱང་གང་ནས་བཙལ་བར་བྱ། སྨྲས་པ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ལས་བཙལ་བར་བགྱིའོ།། སྨྲས་པ། དེ་བཞིན་གཤེ ་པའི་རྣམ་པར་གྲོལ་བ་ཡང་གང་ལས་བཙལ་བར་བྱ། སྨྲས་པ། མཚམས་མེད་པར་ལྔ་ལས་བཙལ་བར་བགྱིའོ།། སྨྲས་པ། མཚམས་མེད་པ་ལྔ་ཡང་གང་ནས་བཙལ་བར་བྱ།། ་སྨྲས་པ། གནས་བརྟན་འོད་སྲུང་ཆེན་པོའི་རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བ་ལས་བཙལ་བར་བགྱིའོ།། སྨྲས་པ། བུ་མོ་ཁྱོད་ཀྱི་གཏམ་འདི་འདྲ་བ་དེ་ཇི་ལྟ་བ་ཞིག། སྨྲས་པ། ་བཙུན་པ་གཏམ་འདི་ནི་མ་བཅིངས་མ་གྲོལ་བའི་གཏམ་ལགས་སོ།། བླང་དུ་མ་མཆིས་ཤིང་། དོར་དུ་མ་མཆིས་ཏེ། རང་བཞིན་གྱིས་ཡོངས་སུ་དག་པའི་གཏམ་ལགས་སོ།། ཆོས ་ཐམས་ཅད་ཐ་དད་པ་མ་མཆིས་པའི་གཏམ་ལགས་སོ།། སྨྲས་པ་བུ་མོ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་དང་མཐུན་པ་ཡིན་ནོ།། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་དེ་ནི། ་མེད་དེ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་དང་མཐུན་པ་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་རྣས ་ཀྱི་བྱང་ཆུབ་ནི་བརྗོད་དུ་མ་མཆིས་པ་སྙེད་དུ་མ་མཆིས་པའི་སླད་དུའོ།། བཙུན་པ་འོད་སྲུང་ཆེན་པོའི་བཤད་པའི་དངོས་པོ་གང་ལགས་པ་དེ་དག་ཐམས་ཅད་ནི་སྒྲས་རྣམ་པར་དབྱེ་བ ་ལགས་ལ། བྱང་ཆུབ་གང་ལགས་པ་དེ་ནི་དོན་དམ་པ་སྒྲས་བརྡ་སྤྲད་པར་མི་ནུས་ལགས་སོ།། བཙུན་པ་བྱང་ཆུབ་ཅེས་བགྱི་བ་འདི་ནི་ཉེ་བར་ཞི་བའི་གཞི་ལགས་སོ།། འདི ་ནི་ཡི་གེ་མ་མཆིས་པའི་གཞི་ལགས་སོ།། འདི་ནི་ཇི་ལྟ་བ་བཞིན་གྱི་གཞི་ལགས་སོ།། འདི་ནི་གཞི་མ་མཆིས་པའི་གཞི་ལགས་སོ།། སྨྲས་པ། བུ་མོ་གལ་ཏེ་བྱང་ཆུབ་ཀྱི ་མཚན་ཉིད་དེ་ལྟ་བུ་ཡིན་ནོ། དེ་ཇི་ལྟར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་ལུས་དང་སེམས་ཀྱིས་མངོན་པར་རྫོགས་པར་འཚང ་རྒྱ་བར་མི་འགྱུར་རོ།། དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་ནི་ལུས་དང་སེམས་ཀྱི་ངོ་བོ་ཉིད་ཁོ་ན་ལགས་ཏེ། ངོ་བོ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ།། སྨྲས་པ། བུ ་མོ་ཅི་ཁྱོད་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རམ། སྨྲས་པ། བདག་ཉིད་བྱང་ཆུབ་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ལགས་སོ།། སྨྲས་པ། ་བུ་མོ་གལ་ཏེ་ཁྱོད་ཉིད་བྱང་ཆུབ་ཡིན་ན། ཅི་ཆོས་ཀྱི་འཁོར་ལོ་བསྐོར་རམ། སྨྲས་པ། བདག་ནི་ཆོས་ཀྱི་འཁོར་ལོ་བསྐོར་ལགས་སོ།། སྨྲས་པ། ཁྱོད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐུ ་བ་དེ་ཇི་ལྟ་བུ་ཞིག། སྨྲས་པ། འཁོར་ལོ་དེ་ནི་རྟེན་ཐམས་ཅད་བྲལ་བའི་སླད་དུ་མི་གཡོ་བ་ལགས་སོ།། འཁོར་ལོ་དེ་ནི་ཆོས་ཀྱི་དབྱིངས་ལ་གནས་པའི་ཚུལ་གྱིས་གནས ་པ་མ་མཆིས་པ་ལགས་སོ།། འཁོར་ལོ་དེ་ནི་བྲལ་བ་མཆིས་པའི་ཚུལ་གྱིས་དེ་བཞིན་ཉིད་ལགས་སོ།། འཁོར་ལོ་དེ་ནི་ཡང་དག་པའི་མཐའ་ལ་གནས་པས་མི་གནས ་ལགས་སོ།། འཁོར་ལོ་དེ་ནི་གནས་ཐམས་ཅད་ལས་བྱུང་བ་མ་ལགས་པས་གནས་མ་མཆིས་པ་ལགས་སོ།། འཁོར་ལོ་དེ་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་རྗེས་སུ ་སོང་བས་གཉིས་སུ་མ་མཆིས་པ་ལགས་སོ།། འཁོར་ལོ་དེ་ནི་གཅིག་དང་ཐ་དད་པར་མི་དམིགས་པས་ཐ་དད་པ་མ་ལགས་སོ།། འཁོར་ལོ་དེ་ནི་སྒྲ་དང་། སྐད་དང་། ཚིག་གི ་ལམ་ཐམས་ཅད་རོ་གཅིག་པས། བརྗོད་དུ་མ་མཆིས་པ་ལགས་སོ།། འཁོར་ལོ་དེ་ནི་ཤིན་ཏུ་ཀུན་ནས་ཉོན་མོངས་པ་མ་ལགས་པས་རྣམ་པར་དག་པ་ལགས་སོ།། འཁོར་ལོ་དེ ་ནི་ཆད་པ་དང་། རྟག་པ་མི་དམིགས་པས་ཡོད་པ་ཡོངས་སུ་ཆད་པ་མ་ལགས་སོ།། འཁོར་ལོ་དེ་ནི་རྒྱུ་དང་རྐྱེན་ཤིན་ཏུ་རྟགས་པས་འགལ་བ་མ་མཆིས་པ་ལགས་སོ།། འཁོར ་ལོ་དེ་ནི་བདེན་པ་ལགས་སོ།། འཁོར་ལོ་དེ་ནི་མི་སྐྱེ་མི་འགག་པ་ལགས་སོ།། འཁོར་ལོ་དེ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པ་ལགས་སོ།། བཙུན་པ ་འོད་སྲུང་ཆེན་པོ་འཁོར་ལོ་དེ་དང་འདྲ་བ་གང་ལགས་པ་དེའི་བསྐོར་བ་ཅི་འདྲ་བ་ཞིག་ལགས། སྨྲས་པ། བུ་མོ་ཁྱོད་ཀྱིས་བསྟན་པ་འདི་འདྲ་བ་ལས་ན། ཁྱོད་ནི་རིང་པོ་མི་ཐོག་པར་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། སྨྲས་པ་གང་གི་ཚེ་གནས་བརྟན་བྱང་ཆུབ་མངོན་པར ་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེའི་ཚེ་བདག་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས་སོ།། སྨྲས་པ། ཁོ་བོ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར ་བ་འདི་ནི་གནས་མེད་སྐབས་མེད་དོ།། སྨྲས་པ། དེ་དེ་ལྟར་ལགས་ཏེ། བྱང་ཆུབ་ནི་གནས་མ་མཆིས་པ་ལ་གནས་པ་སྟེ། དེ་ནི་སུས་ཀྱང་མངོན་པར་འཚང་རྒྱ་བར་མི་ནུས་ལག་སོ།། ་བུ་མོ་དེས་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ལྔ་བརྒྱས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་བུ་མོ་དེ་ལ་ལེགས་སོ་ཞེས ་བྱ་བ་བྱིན་ཏེ། བུ་མོ་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་ཆོས་བསྟན་པ་འདི་ལེགས་པར་སྨྲས་སོ།། དེ་ནས་འཁོར་དེའི་ནང་ནས་ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་ཁ ་གཅིག་འདི་སྙམ་དུ་སེམས་ཏེ། བུ་མོ་འདི་ཡུན་ཇི་སྲིད་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་སྙམ་པ་དང་། བཅོམ་ལྡན ་འདས་ཀྱིས་དེ་དག་གི་བསམ་པ་ཐུགས་སུ་ཆུད་ནས། དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་བུ་མོ་རིན་ཆེན་སྣ་ཚོགས་ཅན་འདི་ནི་བསྐལ་པ་གྲངས་མེད་པ་སུམ་བརྒྱ ་ན་བསྐལ་པ་རྣམ་པར་སྦྱོར་བ་ཞེས་བྱ་ལ། འཇིག་རྟེན་གྱི་ཁམས་སྣང་བ་ཅན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་རྣམ་པར་གཟིགས ་པ་ཤེས་བྱ་བར་འགྱུར་རོ།། འཇིག་རྟེན་གྱི་ཁམས་སྣང་བ་ཅན་དེ་ཡང་དེ་བཞིན་གཤེགས་པ་དེའི་འོད་ཀྱིས་རྟག་ཏུ་སྣང་བར་འགྱུར་རོ།། ཞམ་རིང་བ་བྱང་ཆུབ་སེམས་དཔའ་ནི་བྱེ་བ ་ཕྲག་དགུ་བཅུ་རྩ་གཉིས་སུ་འགྱུར་ཏེ། དེའི་ཚེའི་ཚད་ནི་བར་གྱི་བསྐལ་པ་བཅུར་འགྱུར་རོ།། དེ་ནས་ཀླུའི་བུ་མོ་ཁྲོ་བོ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་གང་གི་ཚེ། དེ་བཞིན་གཤེགས་པ་ཀུན་ཏུ་རྣམ་པར་གཟིགས་དེས་བྱང་ཆུབ་བསྙེས་པ་དེའི་ཚེ། བདག་ཅག་འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་གྱུར་ཅིག་ཅེས་གསོལ། ་ནས། དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་ལུང་བསྟན་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷ་འདི་དག་ནི། ལྷ་མ་ཡིན་གྱི་འཇིགས་པས་རྟག་ཏུ་སྐྲག་བཞིན་དུ་གནས་ལ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་འགྱེད་པ་ན་ཡང་། ཕན་ཚུན་འགྱེད་ཅིང ་རྩོད་པར་བགྱིད་དེ། དེ་བས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཅི་ནས་སེམས་ཅན་ཐམས་ཅད་སེམས་འཐུན་པར་འགྱུར་བ་དེ་ལྟ་བུར་ཆོས་བསྟན་པ་ལེགས་སོ་ལེགས་སོ།། འཁོར། ་འདིར་ལྷ་དང་ལྷ་མ་ཡིན་འདུས་པ་འདི་དག་ཐམས་ཅད་ཀྱང་ཅི་ནས་གཅིག་ལ་གཅིག་འཐུན་པ་ཡིན་པར་དང་། བྱམས་པར་སེམས་དཔའ་དང་། ཕན་པར་སེམས་པ་དང་། གནོད་པར་སེམས ་པར་མི་འགྱུར་བ་དེ་ལྟ་བུ། སེམས་དད་པར་བཅོམ་ལྡན་འདས་ཀྱིས་མཛད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་། ལྷ་མ་ཡིན་གྱི་དབང་པོ་བདེ ་མཆོག་དང་། ཐེག་བཟང་རིས་དང་། ལག་བཟངས་དང་སིམ་བྱེད་རྣམས་ལ་བཀའ་སྩལ་པ། གྲོགས་པོ་དག་བྱམས་པ་ནི། སངས་རྒྱས ་ཐམས་ཅད་ཀྱིས་སྔགས་སོ།། བྱམས་པའི་རྗེས་སུ་འཇུག་པའི་སྐྱེས་བུ་གང་ཟག་གིས་ནི། ཚོ་འདི་དང་ཚེ་ཕྱི་མའི་དོན་ཐོབ་པར་འགྱུར་རོ།། གྲོགས་པོ་དག་ཚེ་ནི་ཡུན་ཐུང་ངོ་།། ། ་ཚེ་ཕྱི་མར་ནི་འགྲོ་དགོས་སོ།། འབྱོར་པ་ཐམས་ཅད་ཀྱི་མཐའ་ནི་རྒུད་པའོ།། རྒྱལ་བའི་ལོག་ས་སྤོང་དང་། དབང་ཕྱུག་རྣམས་ནི་མི་རྟག་གིས། ཁྱེད་ལྷན་ཅིག་འཐུན་པ་དང་། ་གནོད་སེམས་མེད་པ་དང་། འཇིག་རྟེན་ཕ་རོལ་ལ་ལྟ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་རྟེན་པསོ་གནས་པར་གྱིས་ཤིག། བཅོམ་ལྡན་འདས་ཀྱིས་དེ་ལྟར་ཅི་ནས་སུམ་ཅུ་རྩ ་གསུམ་པའི་ལྷ་རྣམས་དང་། ལྷ་མ་ཡིན་དེ་དག་འཐུན་པར་གནས་པར་འགྱུར་བ་དེ་ལྟ་བུའི་སྐྱོ་བའི་གཏམ་མཛད་དོ།། དེ་ནས་ཚིག་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག ་ཅག་དང་སླན་ཆད་གཉེན་པའི་ཚུལ་དུ་བགྱིད་ཅིང་། གཅིག་ལ་གཅིག་བྱམས་པའི་སེམས་དང་། གནོད་སེམས་མ་མཆིས་པར་གནས་པར་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། གྲོགས་པོ་དག་ལེགས་སོ་ལེགས་སོ།། བྱམས་པའི་རྣམ་པའི་སེམས་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་མཆོད་པའི་མཆོག་ཡིན་ནོ།། རྫས་ལས ་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་རྣམས་པས་ནི། འདི་ལྟ་སྟེ་བྱམས་པའི་སེམས་ཀྱིས་ཏིང་ངེ་འཛིན་དེ་མཆོག་ཡིན་ཏེ། ངས་དེ་ལས་དགོངས་ནས་འདི་སྐད་སྙན་ཏོ།། གྲོགས ་པོ་དག་གཞན་ཡང་བཞི་པོ་འདི་དག་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་ཁྱད་པར་དུ་འཕགས་པ་ཡིན་ཏེ། བཞི་གང་ཞེ་ན། བསླབ་པ་ལས་འགལ་བར་མི་བྱེད་པ་དང་། བྱམས་པའི ་ལུས་དང་ངག་དང་ཡིད་ཀྱི་ལས་དང་། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱ་བའི་བྱང་ཆུབ་ཀྱི་སེམས་དང་། ཇི་ལྟར་ཐོས་པའི་ཆོས་ལ་སོ་སོར་རྟོག་པའི་ཆོས་ཀྱི་ནན་ཏན་ཏེ། བཞི་པོ ་དེ་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཁྱད་པར་དུ་འཕགས་པའོ།། བསྟན་པ་འདི་ཐོས་ནས་ལྷའི་འཁོར་དང་དང་། ལྷ་མ་ཡིན་གྱི་འཁོར་དེ་དག་གི་ནང་ནས། བཞི་ཁྲི་བྱང་ཆུབ ་ཏུ་སེམས་བསྐྱེད་དོ།། དེ་ནས་བཅོམ་ལྡན་འདས་ལ། ཀླུའི་རྒྱལ་པོ་དབུགས་ཅན། ཀླུའི་རྒྱལ་པོ་དབུགས་ཅན་ཆེན་པོ་དང་། འཇོག་པོ་དང་། ཁ་དོག་མཐའ་ཡས་ཀྱིས ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོ་འདིའི་ནང་ན་ཀླུའི་རིགས་ཚད་མ་མཆིས་པ་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་དག་མཆིས་ཏེ། དེ་ལ་ཁ་ཅིག ་ནི་དབང་ཆེ་བར་གྲགས་པ་ལས། ཁ་ཅིག་ནི་ལུས་ཉམས་ཆུང་ཞིང་ཆུང་བར་གྲགས་ལ་ལུས་ཆུང་བ་དག་ཀྱང་མཆིས་ཏེ། བཅོམ་ལྡན་འདས་བྱའི་རྒྱལ་པོ་ནམ་མཁའ་ལྡིང་བཞི་དེར་བབ ་ནས། ཀླུ་གཞོན་ནུ་དང་། ཀླུའི་བུ་མོ་ལུས་ཉམས་པ་རྣམས་བཏོན་ཏེ། འཚལ་བར་བགྱིད་ལ། རྒྱ་མཚོའི་ནང་གི་ཀླུ་རིགས་ཐམས་ཅད་ཀྱང་སྐྲག་པར་བགྱིད་ལགས་ན། ཅི་ནས ་རྒྱ་མཚོ་ཆེན་པོའི་ཀླུ་དེ་དག་ཀྱང་ཐམས་ཅད་འཇིགས་པ་མ་མཆིས་པ་དང་། སྐྲག་པ་མ་མཆིས་པར་གནས་པར་འགྱུར་བ་དེ་ལྟ་བུར། བཅོམ་ལྡན་འདས་ཀྱི་སྲུང་བ་དང་། བསྐྱབ་པ་དང་། ་སྦ་བར་མཛད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རས་ཕྲག་ཟར་ཕྲག་པ་ལས་ཕབ་ནས། ཀླུའི་རྒྱལ་པོ་རྒྱ་མཚོ་ལ ་བཀའ་སྩལ་པ། ཀྱེ་ཀླུའི་བདག་པོ་རས་ཕྲག་ཟར་འདི་ལོང་ལ། ཀླུའི་རིགས་ཐམས་ཅད་དང་། ཀླུའི་གནས་ཐམས་ཅད་ཏུ་དུམ་བུར་གཤོགས་ཏེ། བྱིན་ཅིག་དང་ཇི་སྲིད་དུ་རས་ཕྲག་ཟར ་འདི་ལས་ཐ་ན་ཉག་མ་གཅིག་ཙམ་གནས་པ་དེ་སྲིད་ཏུ་ཡང་། རྒྱ་མཚོ་ཆེན་པོར་ནམ་མཁའི་ལྡིང་ཐམས་ཅད་རྒྱུ་བར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་དེ་བཞིན་གཤེགས ་པའི་ཚུལ་ཁྲིམས་དང་ལྡན་པའི་མཆོག་གི་ཐུགས་ཀྱིས་སྨོན་པ་ནི་འགྲུབ་པའི་ཕྱིར་རོ།། དེ་ནས་ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་རས་ཕྲག་ཟར་འདི་ལྟར་བྱུང་བ་འདི། རྒྱ་མཚོ་ཆེན་པོའི་ཀླུ་ཐམས ་ཅད་ཇི་ལྟར་ཐོབ་པར་འགྱུར་སྙམས་ཏེ། ཞུས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་དེ་རྣམས་ཀྱི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་ཀླུའི་རྒྱལ་པོ་རྒྱ ་མཚོ་ལ་བཀའ་སྩལ་པ། ཀླུའི་རྒྱལ་པོ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས་རས་ཕྲག་ཟར་འདི་ལས་དུམ་བུ ་དུམ་བུར་ཁྱེར་དུ་ཟིན་ཀྱང་རས་ཕྲག་ཟར་འདི་ཡོངས་སུ་ཟད་པར་མི་འགྱུར་ཏེ། དེ་དག་གི་གོས་ཇི་ཙམ་གྱི་ཚད་དུ་འགྱུར་བར་འདོད་ན་ཡང་དེ་ལས་དེ་དག་གོས་དེ་ཙམ་དུ་འགྱུར་ཏེ། ཀླུའི་བདག ་པོ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱི་དེ་ལྟར་བསམ་གྱིས་མི་ཁྱབ་པོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་རས་ཕྲག་ཟར་དེ་བླངས་ཏེ། དུམ་བུ་འབུམ་ཕྲག་དུ་མར་བྱས་ནས། ཀླུ ་ཐམས་ཅད་དང་། ཀླུ་གཞོན་ནུ་ཐམས་ཅད་ལ་བྱིན་ནོ།། དེར་སུ་ཇི་ཙམ་དུ་འདོད་པ་དེ་ཙམ་གྱི་གོས་སུ་མངོན་པར་འགྲུབ་པར་འགྱུར་ཏེ། ཡངས་ཤིང་རྒྱ་ཆེ་བར་འགྱུར་ལ། རས་ཕྲག་ཟར་དེ ་ཡང་ཡོངས་སུ་ཟད་པར་མི་འགྱུར་ཏོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས། ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་ལ་སྨྲས་པ། གྲོགས་པོ་དག་རས་ཕྲག་ཟར་དེ་ལ་སྟོན་པའི་འདུ་ཤེས་དང་། ་མཆོད་རྟེན་གྱི་འདུ་ཤེས་བསྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རས་ཕྲག་ཟར་འདི་ནི་དེ་བཞིན་གཤེགས་པས་ལོངས་སྤྱད་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་པ་ཡིན་ནོ།། ་གྲོགས་པོ་དག་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་གང་ཡིན་པ་དང་། རས་ཕྲག་ཟར་འདི་ལ་མཆོད་པ་བྱེད་པ་གང་ཡིན་པ་དེ་ལ་ནི་བྱེ་བྲག་གམ་ཐ་དད་དུ་བྱ་བ་ཅུང་ཟད་ཀྱང་མེད་དོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཀླུའི་བདག་པོ་ལགས་སོ་ལེགས་སོ།། ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་ཏེ། རས་ཕྲག་ཟར་དེ། ་ལ། མཆོད་པ་བྱེད་པ་གང་ཡིན་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པ་ཡིན་ནོ།། ཀླུའི་བདག་པོ་ཀླུ་དང་ཀླུ་གཞོན་ནུ་དང་། ཀླུའི་བུ་མོ་ཇི་སྙེད་ཀྱིས་རས་ཕྲག་ཟ ་དེ་ལས་དུམ་བུ་དུམ་བུར་ཁུར་བ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་དག་ཐམས་ཅད་ནི་བསྐལ་པ། ་བཟང་པོ་འདི་ཁོ་ན་ལ། ཡོངས་སུ་མྱ་ངན་འདའ་བར་ངས་ལུང་བསྟན་ཏེ། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ནི་མ་གཏོགས་སོ།། ཀླུའི་བདག་པོ་དེ་བཞིན་གཤེགས་པ་ནི་དེ་ལྟར། ་འཇིག་རྟེན་ཡོན་གནས་ཡིན་ཏེ། དེ་ལ་སེམས་གཅིག་བསྐྱེད་པ་ཙམ་ཡང་ཆུད་ཟ་བར་མི་འགྱུར་རོ།། དེ་ནས་རྒྱ་མཚོ་ཆེན་པོའི་ནང་ན་ཀླུ་དང་ཀླུ ་གཞོན་ནུ་དང་། ཀླུའི་བུ་མོ་ཇི་སྙེད་གནས་པ་དེ་དག་ཐམས་ཅད་ཚིམ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ཀྱི་ཞབས ་གཉིས་ལ་བཏུགས་ཏེ་ཚིག་འདི་སྐད་ཅེས་ཀྱང་སྨྲས་སོ།། དེ་བཞིན་གཤེགས་པ་ནི་གཉིས་སུ་མི་གསུང་བའོ།། དེ་བཞིན་གཤེགས་པ་ནི་བདེན་པ་གསུང་བའོ།། ཡང་དག་པར་གསུང ་པའོ།། ཕྱིན་ཅི་མ་ལོག་པར་གསུང་བ་སྟེ། དེས་བདག་ཅག་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་ལུང་བསྟན་ཏོ།། བཅོམ་ལྡན་འདས་བདག་ཅག་ནི་སངས་རྒྱས་དང་། ་ཆོས་དང་། དགེ་སློང་གི་དགེ་འདུན་ལ་ཤིན་ཏུ་སྐྱབས་སུ་མཆིའོ།། བསླབ་པའི་གཞི་རྣམས་ཀྱང་བཟུང་བར་འཚལ་ལོ།། དེ་བཞིན་གཤེགས་པ་ལ་ཡང་བཀའ་དྲིན་དུ་གཟོ་བར ་འཚལ་ཏེ། དེ་བཞིན་གཤེགས་པ་ཞུགས་པ་ན་ཡང་ལྟ་བ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བགྱི་བ་དང་། ཆོས་མཉན་པའི་སླད་དུ་རྒྱུན་མི་འཆད་པར་ཐད་དུ་མཆིའོ།། དེ་བཞིན ་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བ་ན་ཡང་སྐུ་གདུང་འཆང་བ་རྣམས་ལ་མཆོད་པ་བགྱིའོ།། བཀུར་སྟི་དང་རིམ་གྲོ་ཐམས་ཅད་ཀྱང་བགྱིའོ།། ། ་ཀླུ་ཡོངས་སུ་བསྐྱབ་པ་ཞེས་བྱ་བའི་ལེའུ་སྟེ་བདུན་པའོ།། ། དེ་ནས་བྱའི་རྒྱལ་པོ་ནམ་མཁའ་ལྡིང་བཞིས་དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་འདི་ཐོས་ནས་མི་དག ་ཞིང་རིངས་པའི་ཚུལ་གྱིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། བཅོམ ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བདག་ཅག་གི་འཚལ་མ་བཀུམ་སྟེ་ཅི་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་ཟས ་བཞི་པོ་འདི་དག་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་བ་ཡིན་ཏེ། བཞི་གང་ཞེ་ན་གྲོགས་པོ་དག་ཟས་གང་སྲོག་ཆགས ་གསད་པ་དང་། སྲོག་ཆགས་གཞན་རྣམས་ལ་རྣམ་པར་འཆེ་བ་དང་། གཞན་གྱི་སྲོག་བཅད་པས་འཚོ་བ་འདི་ནི། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི ་འཇིག་རྟེན་དུ་འགྲོ་བར་འགྱུར་བའི་ཟས་དང་པོའོ།། གྲོགས་པོ་དག་གཞན་ཡང་ཟས་གང་ཡང་མ་བྱིན་པར་ལེན་ཅིང་འཕྲོག་པ་དང་། གཞན་གྱི་ལོངས་སྤྱོད་འཇིག་པར་བྱེད་པ་དང་། དབྱིག་པ ་དང་། རལ་གྲི་དང་། མཚོན་ཆ་དང་ལག་ཆས་འཚེ་བ་འདི་ནི། སེམས་ཅན་དམྱལ་བ་དང་། དད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་བའི་ཟས་གཉིས་པའོ།། ་གྲོགས་པོ་དག་གཞན་ཡང་ཟས་གང་ཚུལ་འཆོས་པ་དང་། ཁ་བསག་དང་ཕ་རོལ་ལ་གནོད་པ་བྱེད་པ། སྤྱོད་ལམ་མ་དག་པར་སྟོན་པ་དང་། ཆོ་ག་ཉམས་པ་དང་། ཚུལ་ཁྲིམ ་ཉམས་པ་དང་། ལྟ་བ་ཉམས་པ་དང་། འཚོ་བ་ཉམས་པ་དང་། ལོག་པ་དང་། ཡང་དག་པ་མ་ཡིན་པའི་ཡན་ཏན་གྱི་མཆོ་བ་འདི་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོབ་སྐྱེག་ས ་@། དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའི་ཟས་གསུམ་པའོ།། གྲོགས་པོ་དག་གཞན་ཡང་ཟས་གང་སྟོན་པ་མ་ཡིན་པ་ལ་སྟོན་པར་ཁས་འཆེ་བ་དང་། ་ཡང་དག་པར་སོང་བ་མ་ཡིན་པར་ཡང་དག་པར་སོང་བ་ཁས་ཆེ་བ་དང་། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་ཆེ་བ་དང་། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པ་ཁས་ཆེ་བས ་འཚོ་བ་འདི་ནི། སེམས་ཅན་དམྱལ་བ་དང་། དད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་བའི་ཟས་བཞི་པ་སྟེ། གྲོགས་པོ་དག་ང་ནིཟས ་བཞི་པོ་འདི་དག་ཡང་དག་པར་བཅད་པའི་ཕྱིར་ཆོས་སྟོན་ཏེ། གྲོགས་པོ་དག་ལུས་གསོ་བའི་ཕྱིར་གཞན་གྱི་སྲོག་བཅད་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ནི ་སྲོག་གཅེས་ཤིང་ཕངས་པའི་ཕྱིར་ཏེ། གྲོགས་པོ་དག་དེ་ལྟ་བས་ན། བདག་ཉིད་བསྲུང་བའི་ཕྱིར་དང་། འཇིག་རྟེན་ཕ་རོལ་བསྲུང་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་ལ་བདེ་བ ་སྦྱིན་པའི་ཕྱིར། མཁས་པས་སྲོག་གི་ཕྱིར་ཡང་གཞན་གྱི་སྲོག་མི་གཅོད་ཅིང་། བྱ་བ་མ་ཡིན་པ་ཐམས་ཅད་མི་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱའི་རྒྱལ་པོ་ནམ་མཁའ ་ལྡིང་བཞི་གཡོག་འཁོར་ས་ཡ་ས་ཡ་དང་ལྡན་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་དེ་བཞིན་གཤེགས་པ་དང་། ཆོས་དང་། དགེ་སློང ་གི་དགེ་འདུན་ལ་སྐྱབས་སུ་མཆིའོ།། སྔོན་གྱི་སྡིག་པའི་ལས་བགྱིས་པ་ཡང་སོ་སོར་བཤགས་སོ།། སླན་ཆད་ཀྱང་སྡོམ་པར་འཚལ་ལོ།། ཀླུའི་རིགས་ཐམས་ཅད་ལ་ཡང་མི་འཇིག ་པ་སྩལ་ཏོ།། བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ཡུན་ཇི་སྲིད་གནས་པ་དེ་སྲིད་དུ་ཡང་དག་པར་རྟག་ཏུ་རྒྱུན་མི་ཆད་པར་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ལ་བརྩོན་པར་བགྱིའོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱའི་རྒྱལ་པོ་ནམ་མཁའ་ལྡིང་བཞི་པོ་དེ་དག་ལ་བཀའ་སྩལ་པ། གྲོགས་པོ་དག་ཁྱེད་ནི་དེ་བཞིན་གཤེགས་པ་གསེར་ཐུབ་ཀྱི་གསུངས་རབས་ལ་དགེ་སློང་བཞིར་གྱུར ་ཏེ། དགའ་བྱེད་དང་། དགའ་བྱེད་ཆེན་པོ་དང་། བླ་མ་དང་། བླ་མའི་བཤེས་གཉེན་ཞེས་བྱ་བར་གྱུར་ཏོ།། དགེ་སློང་བཞི་པོ་དེ་དག་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པའི ་རྒྱགས་པས་མྱོས་ཤིང་། མཛའ་བཤེས་ཀྱི་ཁྱིམ་དང་། སློང་མོ་སྟེར་བའི་ཁྱིམ་གྱི་རྒྱགས་པས་མྱོས་ལ། བདག་ཉིད་ཚུལ་ཁྲིམས་དང་། ཆོ་ག་དང་། ལྟ་བ་ཉམས་དང་། ཚུལ་ཁྲིམས་དང ་ལྡན་པའི་དགེ་སློང་རྣམས་ནི་འཁྲུག་པ་དང་གནོད་པ་བྱས་ཏེ། ལུས་དང་ངག་དང་ཡིད་མ་བསྡམས་ཤིང་། སྡིག་པ་མང་པོ་བྱས་པར་གྱུར་ཏོ།། དེ་བཞིན་གཤེགས་པ་གསེར་ཐུབ་དེ་ལ་ཡང་དེ་དག ་གི་མཆོད་པ་མང་པོ་བྱས་སོ།། དེ་ནས་ཁྱེད་སེམས་ཅན་དམྱལ་བར་མ་སོང་སྟེ། དུད་འགྲེའི་སྐྱེ་གནས་འདིར་སྐྱེས་ནས། འདི་ལྟར་སྡོམ་པ་མ་བསྡམས་པའི་ཕྱིར། ཁྱེད་ཀྱིས་སྲོག ་གཅོད་པ་མང་དུ་བྱས་ཤིང་། སྡིག་པའི་ལས་མང་དུ་བྱས་ལ། མང་པོ་དག་ཀྱང་འཇིག་པར་བྱས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། བྱའི་རྒྱལ་པོ་རྣམ ་མཁའ་ལྡིང་བཞི་པོ་དེ་དག་གིས་ཅི་ནས་ཚེ་རབས་དྲན་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་གསེར་ཐུབ་དེ་དང་དེར་དགེ་སྦྱོང་དུ་གྱུར་ནས། ལས་མངོན་པར་འདུ་བྱེད་པ། མངོན ་པར་འདུ་བྱས་པ་དེ་དག་ཐམས་ཅད་རྗེས་སུ་དྲན་པར་གྱུར་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་མཛད་དོ།། དེ་དག་གིས་ཀྱང་མངོན་སུམ་དུ།། ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ནི་དམུ་རྒོད་གདུལ་དཀའ་ཞིང་སྲུང་དཀའ་བ་ལགས་ཏེ། དེར་བདག་ཅག་གི་སེམས་རྐམ་ཆགས་ཅན་དུ ་གྱུར་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་ཐུབ་དེ་མ་མཉེས་པར་བགྱིས་སོ།། བཅོམ་ལྡན་འདས་བདག་ཅག་གིས་ད་སླན་ཆད་བདག་གིས་སྲོག་ཀྱང་ཡོངས་སུ ་བཏང་བ་འཚལ་གྱི། སྡིག་པའི་ལས་ནི་མི་བགྱིད་དོ།། བཅོམ་ལྡན་འདས་ཀྱིས་དེ་དག་ཆོས་ཀྱི་གཏམ་གྱིས་དགའ་བ་སྐྱེད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། གྲོགས་པོ་དག་ཁྱེད ་དེ་བཞིན་གཤེགས་པའི་བྱམས་པའི་འདུས་པ་དྲང་པོའི་གྲངས་སུ་གཏོགས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱ་མཚོ་ཆེན་པོར་སེམས་ཅན་གྱི་དོན་ཇི་སྙེད་བྱ་དགོས་པ་དེ་དག ་ཐམས་ཅད་མཛད་ནས། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ཀླུའི་བདག་པོ་ཚུར་ཤོག། རང་གི་མལ་ཆ་དང་གཏན་རྣམས་སྡུས་ཤིག། ང་ནི་རང་གི་གནས་སུ་འགྲོའོ།། དེ ་ནས་བཅོམ་ལྡན་འདས་ཞམ་རིང་བ་དང་བཅས་པར་གདན་ལས་བཞེངས་ཏེ། རྒྱ་མཚོ་ཆེན་པོའི་ནང་ནས་ཕྱིར་ཡང་རིན་པོ་ཆེས་ཐེམ་སྐས་རྣམས་ལས་བཀོད་པ་ཆེན་པོ་དང་། མཆོད་པ ་པོ་ཆེན་པོ་དང་། སངས་རྒྱས་ཀྱི་ཆེ་བ་ཉིད་ཆེན་པོར་གཤེགས་ནས་མགུར་སྩལ་ཏེ། རྒྱ་མཚོའི་འགྲམ་དུ་གཤེགས་སོ།། དེ་ནས་རྒྱ་མཚོ་ཆེན་པོས་ལྷ་མོ་འོད་ལྡན་མས། བཅོམ་ལྡན ་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་པ། སུམ་ཅུ་རྩ་གཉིས་མཚན་མངའ་ལྷ་དང་མིས་མཆོད་པ།། ལྷ་མིན་དབང་པོས་བསྙེན་བཀུར་མི་མཆོག་དེང་ཕྱག་འཚལ།། ་པདྨ་ལྟ་བུའི་སྤྱན་མངའ་ཞལ་རས་ཟླ་བ་འདྲ།། དགེ་བའི་ཆོས་ཀྱིས་འཕགས་པ་བདེ་སྦྱིན་དེང་ཕྱག་འཚལ།། གཟུགས་མཆོག་སྟོན་པ་བསོད་ནམས་རྒྱ་ཡི་མཚན་དང་ལྡན།། ཡོན་ཏན ་ཡེ་ཤེས་འཕགས་པ་པ་རྣམ་འདྲེན་དེང་ཕྱག་འཚལ།། སྤྲིན་དང་དུལ་བས་འཕགས་པས་འཕགས་པ་ཚུལ་ཁྲིམས་བཟང་པོ་རྩེགས།། བཟོད་པའི་སྟོབས་ཀྱིས་འཕགས་པ་མི་མཆོག ་དེང་ཕྱག་འཚལ།། བརྩོན་འགྲུས་སྟོབས་ཀྱི་བྱུང་བ་བསམ་གཏན་བློ་གྲོས་སྦྱངས།། ཤེས་རབ་མཁའ་མཚུངས་ཁྱོད་ལ་དེ་རིང་མགོས་ཕྱག་འཚལ།། བྱམས་པའི་སྙོམས་པའི་ཐུགས ་ལྡན་ཐུགས་རྗེས་འགྲོ་ལ་གཟིགས།། འདྲེན་པ་ཐུགས་དགྱེས་རྟག་ཏུ་བཏང་སྙོམས་ཕ་རོལ་གཤེགས།། ཀ་ལ་པིང་ཀ་ལྟ་བུར་གསུང་སྙན་ཚངས་སྐད་སྟོན།། གསུང་སྙན་སྟོན་པ་དེ་ལ ་དེ་རིང་མགོས་ཕྱག་འཚལ།། བདུད་བཞི་འཇོམས་པ་བདུད་སྟོབས་ངེས་པར་འཇོམས་མཛད་པ། བྱང་ཆུབ་རྟུལ་ཤུགས་བསྒྲུབ་པ་སྲིད་གསུམ་སྲིད་པས་མཆོད།། དྲི་གསུམ་དྲི་མ་སྦྱོང ་བ་རྣམ་ཐར་གསུམ་སྟོན་པ།། འཇིག་རྟེན་གསུམ་གྲགས་ཁྱོད་ལ་དེ་རིང་མགོས་ཕྱག་འཚལ།། བདེན་པའི་རྟུལ་ཞུགས་བཟང་རྟག་རྟག་ཏུ་ཆོས་ཀྱིས་འཕགས།། རྟག་ཏུ་དགོན་པ་སྤྱོད ་ཡུལ་རྟག་ཏུ་ཡེ་ཤེས་སྦྱོང་།། ཉོན་མོངས་དགྲ་འཇོམས་གཟི་བརྗིད་ལྷག་པས་གཟི་བསྐྱེད་པ།། པདྨ་ལྟ་བུའི་སྤྱན་མངའ་དེང་ཁྱོད་མགོས་ཕྱག་འཚལ།། ལྷུན་པའི་རྩེ་འདྲ་དགོངས་པ ་རྡོ་རྗེ་ལྟ་བུར་བརྟན།། དགོངས་པས་འདྲའི་ཡོན་ཏན་རྒྱ་མཚོ་ཕྱག་འཚལ་ལོ།། འགྲོ་ལ་སྟོང་པ་སྟོན་པ་ཞིག་ནས་ཕ་རོལ་ཕྱིན།། རབ་ཏུ་ཞི ་བའི་ཐུགས་ལྡན་ཁྱོད་ལ་སྐྱབས་སུ་མཆི།། བདུད་རྩི་དམ་པ་སྟོན་པ་འགྲོ་མིན་འགྲོ་བ་གཅོད།། ལྷ་དང་མིས་མཆོད་ཁྱོད་ལ་དེ་རིང་མགོས་ཕྱག་འཚལ།། ས་སྟེང་ལྷ་ཡུལ ་གྲགས་པ་སྙན་དང་གྲགས་པ་འཕགས།། ཡོན་ཏན་རྒྱ་ཆེན་མི་ཟད་ཡོན་ཏན་འབྱུང་གནས་བདུད།། ཇི་སྐད་གསུང་བཞིན་མཛད་ཅིང་ཇི་སྐད་མཛད་བཞིན་གསུང་།། ཇི་སྐད ་སྤྱོད་བཞིན་སྐུལ་བ་དེང་ཁྱོད་མགོས་ཕྱག་འཚལ།། རྒ་ཤི་གྲོལ་མཛད་སྨན་པ་འགྲོ་བས་བསྙེན་བཀུར་བ།། ཐར་པའི་ལམ་སྟོན་ཁྱོད་ལ་དེ་རིང་མགོས་ཕྱག་འཚལ།། རྒྱུའི ་བྱེད་པ་རབ་སྟོན་ལྟ་བའི་མུན་པ་སེལ།། ལམ་མཆོག་སྟོན་པ་རྒྱལ་བ་ཁྱོད་ལ་སྐྱབས་སུ་མཆི།། རིན་ཆེན་སྦྱིན་པ་གཅིག་པུ་ཆོས་ཀྱི་དགའ་བ་གསུང་།། ས་འདྲའི་ཐུགས ་ལྡན་ཁྱོད་ལ་བདག་ནི་སྐྱབས་སུ་མཆི།། འདྲེན་པ་ཡོན་ཏན་རྒྱ་མཚོ་ཡོན་ཏན་ལས་བསྟོད་པའི།། བདོག་གི་བསོད་ནམས་གང་ལགས་དེས་ན་ཁྱོད་འདྲར་ཤོག། དེ་ནས ་རྒྱ་མཚོ་ཆེན་པོའི་ལྷ་མོ་འོད་ལྡན་མས་བཅོམ་ལྡན་འདས་ལ་དེ་སྐད་སྟོང་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས། བཅོམ་ལྡན་འདས་སླར་བྱུང་སྟེ་གཤེགས་པས ་ད་ནི་རྒྱ་མཚོ་ཆེན་པོར་མི་མཛེས་ལགས་ན། ཅི་ནས་རྒྱ་མཚོ་མཛེས་པར་བགྱིད་པ་དེ་ལྟ་བུར། བཅོམ་ལྡན་འདས་ཀྱི་རྗེས་སུ་བརྟན་ན། ལེགས་ལགས་སོ།། དེ་སྐད་ཅེས་གསོལ ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱ་མཚོ་ཆེན་པོའི་ལྷ་མོ་འོད་ལྡན་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འོད་ལྡན་མ་ཆོས་བཅུ་པོ་འདི་དག་ནི་བརྒྱན་དུ་འགྱུར་བ་ཡིན་ཏེ། བཅུ་གང ་ཞེ་ན་འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱམས་པའི་རྗེས་སུ་འཇུག་པའི་སེམས་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ལ་རྣམ་པར་མི་འཚེ་བའི་ཕྱིར། ་སྙིང་རྗེ་ཆེན་པོ་ལ་གནས་པ་དང་། བསམ་པའི་སྦྱོར་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སེམས་བསྐྱེད་པས་དགའ་བར་གནས་པ་དང་། སྦྱིན་པས ་ཐམས་ཅད་ཡོངས་སུ་གཏོང་བ་དང་། རྣམ་པ་སྣ་ཚོགས་ཀྱི་སྨོན་ལམ་ལ་བརྩོན་འགྲུས་བརྟེན་པ་དང་། དགེ་བའི་རྩ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དྲན་པ་དང་། ་ཤེས་བཞིན་དུ་གནས་པ་དང་། སྔོན་གྱི་དགེ་བ་ཆུད་མི་ཟ་བའི་ཕྱིར་དང་། ཤེས་རབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་དང་ལྡན་ཞིང་ཆོས་འདོད་པ་དང་། ཕན་པའི་དངོས་པོས་སེམས ་ཅན་ཐམས་ཅད་ལ་ཡོན་ཏན་ཐམས་ཅད་བསྐྱེད་པ་དང་། གཉིས་སུ་མེད་པས་གོང་དུ་ཁྱད་པར་རྟོགས་པ་དང་། སངས་རྒྱས་ཀྱི་ཐུགས་སུ་ཆུད་པ་ལ་ཡང་དག་པར་གཞོལ་བས་སངས་རྒྱས ་རྗེས་སུ་དྲན་པ་ཐོབ་པ་སྟེ། འོན་ལྡན་མ་ཆོས་བཅུ་པོ་དེ་དག་ནི་བརྒྱན་དུ་འགྱུར་བ་ཡིན་ནོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། རྒྱ་མཚོ་ཆེན་པོའི་ལྷ་མོ་འོད་ལྡན་མ་ལྷ་མོ་ཁྲི་དང་ལྷན་ཅིག ་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ནི་རྒྱ་མཚོ་ཆེན ་པོའི་རྒྱན་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས ་ཐམས་ཅད་ཀྱི་རྒྱན་ལགས་ན། རྒྱ་མཚོ་ཆེན་པོའི་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བྱང་ཆུབ་ཀྱི་སེམས་དེ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་བརྒྱན་པའི་སླད་དུ་བདག་ཅག་གིས་བསྐྱེད་ལགས ་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཞུགས་ཀྱང་རུང་ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། བདག་ནི་རྒྱ་མཚོ་ཆེན་པོའི་ནང་ན་གནས་བཞིན་དུ་དམ་པའི་ཆོས་ཡོངས ་སུ་སྲུང་བའི་སླད་དུ་རྟག་ཏུ་བརྩོན་པ་ཁོ་ནར་འཚལ་ལོ།། བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པ་ན་ཡང་། བཀོད་པ་ཐམས་ཅད་ཉེ་བར་བསྟན་པར་འཚལ་ལོ།། ཆོས་ཀྱི ་འབྲེལ་པའི་གཏམ་མཛད་པ་ན་ཡང་། འཁོར་གྱི་ཁྱམས་ཀྱི་བཀོད་པ་སྒྲུབ་པར་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་ལྡན་མ་འདི་ལྟར་ཁྱོད་ཀྱིས་ནི་སངས ་རྒྱས་ཁྲི་ལ་མཆོད་པ་བྱས་སོ།། འཁོར་གྱི་ཁྱམས་ཀྱི་བཀོད་པ་ཡང་བསྟན་ཏོ།། དམ་པའི་ཆོས་ཀྱང་ཡོངས་སུ་བསྲུངས་སོ།། འོད་ལྡན་མ་ཁྱོད་ནི་བསྐལ་པ་བཟང་པོའི་དེ་བཞིན ་གཤེགས་པ་ཐམས་ཅད་ལ་ཡང་མཆོད་པ་བྱེད་པར་འགྱུར་རོ།། དམ་པའི་ཆོས་ཀྱང་ཡོངས་སུ་བསྲུང་བར་འགྱུར་རོ།། ཁྱོད་ནི་བསྐལ་པ་བཟང་པོ་འདི་འདས་པའི་འོག་ཏུ། དེ། ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བར་སྐྱེ་བར་འགྱུར་ཏེ། བུད་མེད་ཀྱི་དངོས་པོ་རྗེས་ནས། སྐྱེས་པའི་དངོས་པོ་ཐོབ ་བར་འགྱུར་རོ།། ཁྱོད་ནི་དེ་བཞིན་གཤེགས་པ་མི་འཁྲུགས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ།། དེ་ནས་རྒྱ་མཚོ་ཆེན་པོའི་ལྷ་མོ ་འོད་ལྡན་མས་བཅོམ་ལྡན་འདས་ལ་བདག་ཉིད་ཀྱི་ལུང་བསྟན་པ་ཐོས་ནས་ཚིམ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། རྒྱ་མཚོའི་རིན་པོ་ཆེ་དང་། རི་དང ་མཉམ་པའི་རིན་པོ་ཆེའི་ཕྲེང་བ་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ནས། སོར་མོ་བཅུ་ཡི་ཐལ་མོ་སྦྱར་ཏེ། དེའི་ཚེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། བདག ་ནི་ཐུབ་པ་ཡེ་ཤེས་ཡོན་ཏན་ཀུན་གྱི་འབྱུང་གནས་དེ་ཡིས་ལུང་བསྟན་ཏེ།། བདག་ནི་འདྲེན་པར་འགྱུར་བར་བདག་ལ་ཡིད་གཉིས་ཐེ་ཚོམ་ཅི་ཡང་ཡོང་མ་མཆིས།། སྟོང་གསུམ་ས་གཞི ་ཐམས་ཅད་རྣམ་པར་འགགས་ཤིང་ཟླ་བ་ས་ལ་ལྟུང་ཡང་གདའ།། ལྷ་ལས་ལྷག་པའི་སངས་རྒྱས་ཕྱིན་ཅི་ལོག་གི་ཚིག་གསུང་ཡོང་མི་གདའ།། བསམ་པ་བྱམས་པ་བརྩོན་འགྲུས་ཡུལ ་ལ་ཐུགས་ནི་འཁྲུགས་པར་གྱུར་པ་མི་མངའ་ལྟོསོ།། བདེ་བར་གཤེགས་པའི་ཡང་དག་སྤྱོད་པ་རྣམས་དང་ཡེ་ཤེས་ཐོགས་པ་མི་མངའ་ལྟོས།། དེ་ཡིས་འདིར་ནི་བདག་གི་སེཾས ་ཀྱི་ཡུལ་བདེན་མཁྱེན་ནས་དེ་བཞིན་ལུང་ཡང་བསྟན།། སྨན་པ་རབ་མཆོག་བདེ་སྦྱིན་སྡུག་བསྔལ་ཀུན་ལས་གྲོལ་བར་མཛད་ལ་ཕྱག་འཚལ་ལོ།། གནས་དང་སྐྱབས་དང ་དཔུང་གཉེན་སྐྱོབས་པ་འཇིགས་པ་རྣམས་ལ་འཇིག་མེད་སྦྱིན་མཛད་པ།། རྒྱལ་བ་ལམ་མཆོག་དམ་པ་ཡོངས་སུ་སྦྱོང་ལ་ཕྱག་འཚལ་ལོ།། འཇིག་རྟེན་རྣམ་པར་གཟིགས ་ལ་མཁས་པ་འཇིག་རྟེན་འདས་པའི་འདྲེན་ལ་ཕྱག་འཚལ་ལོ།། འདིར་ནི་ལྷ་དང་མི་རྣམས་གང་དག་སངས་རྒྱས་ཆོས་དང་ཚོགས་རྣམས ་ཐོས་པ་དང་། བྱང་ཆུབ་སྤྱོད་ཅིང་བྱང་ཆུབ་བསམ་པ་སེམས་པ་དེ་དག་རྙེད་པ་ལེགས་པར་རྙེད།། དེ་དག་ལ་ནི་ངན་སོང་ངན་འགྲོའི་འཇིགས་པ་མེད།། དེ་དང་དེ་དག་མི་ཁོམ ་བརྒྱད་ལས་ཡོངས་སུ་གྲོལ།། དེང་བདག་ལྷ་དང་མིའི་བདེ་ལ་ངེས་ཤིང་ཞི་བའི་གོ་འཕང་ཐོབ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མཐོང་དགས་འདི་སྐད་ཅེས་གསོལ་ཏོ།། ། ་བཅོམ་ལྡན་འདས་ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ལགས་པ་མང་པོ་དག་གིས ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིས་པ་ལགས་ན། གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་ནས་བདག་གིས་ཀྱང་དེ་བཞིན་གཤེགས་པ་ལ་མཆོད་པའི ་ལས་ཅུང་ཟད་ཙམ་འཚལ་ཏེ། བདག་གིས་བཅོམ་ལྡན་འདས་ཞམ་རིང་པ་དང་བཅས་པར་རྣམ་པར་རྒྱལ་བྱེད་དང་འདྲ་བའི་བཀོད་པ་ཆེན་པོ་ཁང་བཟངས་ཀྱི་ནང་དུ་བཞགས་པར ་གསོལ་ལ། བྱ་རྒོད་ཀྱི་ཕུང་པོའི་རི་ལ་སྐྱལ་བར་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ད་དེའི་དུས་ལ་བབ་པར་ཤེས་ན་སྐྱོལ་ཅིག། དེ་ནས ་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མཐོང་དགས་སངས་རྒྱས་ཀྱི་མཐུ་དང་། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་རྣམ་པར་རྒྱལ་བྱེད་དང་འདྲ་བའི་ཁངས་བཟངས་བྱིན་གྱིས་བརླབས་ནས། ་དེར་བཅོམ་ལྡན་འདས་ཞམ་རིང་བ་དང་བཅས་པར་བཞུགས་པར་གསོལ་ནས། སྟེང་གི་བར་སྣང་ལ་གཤེགས་ཏེ། ཀླུའི་བུ་མོ་བརྒྱད་ཁྲི་བཞི་སྟོང་ཡང་སིལ་སྙན་བྱེད། ཕེག ་རྡོབ་གླུ་དབྱངས་ལེན་ཅིང་མེ་ཏོག་གི་ཆར་ཆེན་པོ་འབེབས་ལ། ལྷའི་སྤོས་དང་། ཕྱེ་མ་སྣ་ཚོགས་ཀྱི་ཆར་འབེབས་ཤིན་ཏུ་མཐར་གྱིས་བཅོམ་ལྡན་འདས་བྱ་རྒོད་ཀྱི་ཕུང་པོའི་རི་ལ ་སྐྱལ་ལོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དང་བཅས། ཆུང་མ་དང་གཡོག་འཁོར་དང་བཅས་པས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་བཏུགས་ནས། བཅོམ་ལྡན ་འདས་ལ་བཟོད་པར་གསོལ་ཏེ། བཅོམ་ལྡན་འདས་བདག་ཅག་གིས་མ་འབྱོར་པར་གྱུར་པ་གང་ལགས་པ་རྣམས་བདག་ཅག་ལ་བཟོད་པར་མཛད་དུ་གསོལ། དེ་ཅིའི་སླད་དུ ་ཞེ་ན། བཅོམ་ལྡན་འདས་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ། དེ་དང་འཚམ་པར་མཆོད་པའི་འོས་ལགས་ལ། བཅོམ་ལྡན་འདས་ནི་སེམས་ཅན་ཐམས་ཅད་ཀྱི་བླ་ན་མ་མཆིས་པའི ་བསོད་ནམས་ཀྱི་ཞིང་རིན་པོ་ཆེ་ལགས་ཏེ། མཆོད་པའི་འོས་ལགས་ན། དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་སེམས་ཅན ་ཐམས་ཅད་ཀྱིས་ཀྱང་འབྱོར་པ་འམ། ཡོངས་སུ་རྫོགས་པར་བགྱིད་པ་རྔོ་མི་ཐོག་སྟེ། དེ་བཞིན་གཤེགས་པ་དེ་ཙམ་དུ་ཚད་མ་མཆིས་པའི་མཆོད་པའི་འོས་ལགས་པའི་སླད ་དུའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཇི་ལྟར་དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ནན་ཏན་བྱེད་པས། དེ་བཞིན་གཤེགས་པ་ཇི་ལྟར་མཆོད་པ་ཉོན་ཅིག། བསམ་པ་རྣམ་པར་དག ་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། བཅོས་མ་མ་ཡིན་པ་དང་། གཡོ་མེད་པའི་ཕྱིར་རོ།། ལྷག་པའི་བསམ་པ་ཡོངས་སུ་དག་པ་ནི་དེ་བཞིན་གཤེགས་པ ་ལ་མཆོད་པ་ཡིན་ཏེ། དགེ་བའི་རྩ་བ་ཐམས་ཅད་ལྷག་པར་དམིགས་པའི་ཕྱིར་རོ།། ཞེ་འགྲས་པ་མེད་པའི་སེམས་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། སེམས་ཅན ་ཐམས་ཅད་ལ་འོད་སྙོམས་པའི་ཕྱིར་རོ།། ཚུལ་འཆོས་པ་དང་། ཁ་གསག་ཐམས་ཅད་རྣམ་པར་སྤངས་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། སྤྱོད་ལམ་ཡོངས ་སུ་དག་པའི་ཕྱིར་རོ།། ཇི་སྨྲས་པ་དེ་བཞིན་བྱེད་པ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། འཇིག་རྟེན་ཐམས་ཅད་ལ་མི་སླུ་བའི་ཕྱིར་རོ།། འཕགས་པའི་རིགས་ཀྱིས ་ཆོག་པར་འཛིན་ཅིང་། སྦྱངས་པའི་ཡོན་ཏན་ཐམས་ཅད་ཡང་དག་པར་བླང་བར་མི་འདོར་བ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། དམ་བཅས་པ་ལ་བརྟན་པའི་ཕྱིརརོ།། ་དབེན་པ་ལ་དགའ་ཞིང་བྲི་མོའི་གཏམ་ཡོངས་སུ་སྤོང་བ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ་སེམས་ཅན་ཡོངས་སུ་གདུལ་བའི་ཕྱིར་རོ།། ཇི་སྐད་ཐོས་པའི་ཆོས་ལ ་ཚུལ་བཞིན་དུ་སོ་སོར་རྟོག་པ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ནོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་རོ།། བདག་མེད་པ་དང་། སེམས ་ཅན་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པར་རྟོག་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། བཟོད་མ་ནས་མ་བྱུང་བའི་ཕྱིར་རོ།། སྟོང་པའི་ཆོས ་ལ་འཇུག་པ་དང་། མཚན་མ་མེད་པ་ལ་ངེས་པར་རྟོག་པ་དང་། སྨོན་པ་དང་བྲལ་བ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། རྣམ་པར་ཐར་པའི་སྒོ་མངོན་སུམ་དུ ་བྱེད་པའི་ཕྱིར་རོ།། རྐྱེན་འདི་ཉིད་ལ་འཇུག་ཅིང་མཐར་ལྟ་བ་སེལ་བ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། རྟག་པ་དང་ཆད་པར་ལྟ་བ་ཡོངས་སུ་སྤོང་བའི་ཕྱིར་རོ།། ་མ་བྱུང་བ་དང་མ་སྐྱེས་པར་བཟོད་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། རང་བཞིན་གྱི་མ་བྱུང་བའི་ཕྱིར་རོ།། ཀླུའི་བདག་པོ་དེ་ལྟར་ན་ལུས་དང་ངག་དང་སེམས་ཀྱིས། ་རྩོམ་པ་གང་ཡིན་པ་དེ་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡོངས་སུ་དག་པ་མ་ཡིན་གྱི། ལུས་དང་ངག་དང་སེམས་ཀྱི་རྩོམ་པ་མེད་པ་དེ་བཞིན་གཤེགས་པ་ལ་མཆོད་པ ་ཡོངས་སུ་དག་པ་ཡིན་ནོ།། མངོན་པར་འདུ་བྱེད་པ་མེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པ་དང་། འཁོར་གསུམ་ཡོངས་སུ་དག་པ་དང་། དུས་གསུམ་མཉམ ་པ་ཉིད་དང་། དྲི་མ་གསུམ་གྱི་དྲི་མ་སེལ་བ་དང་། ཁམས་གསུམ་ལ་མི་རྟེན་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་འཇུག་པ་དང་། རིག་པ་གསུམ་གྱི་རིག་པ་ཤེས་པ ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ནོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོའི་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་མེ་ཏོག་དང་། གདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གདུགས་དང་། རྒྱལ་མཚན ་དང་། བ་དན་དང་། ན་བཟའ་དང་། བཤོས་དང་། གཟིམས་ཆ་དང་། གདན་དང་། སྙུན་གྱི་གསོ་སྨན་དང་། ཡོ་བྱད་དང་སིལ་སྙན་དང་། ཕེག་རྡོབ་པ་དག་གིས་དེ་བཞིན ་གཤེགས་པ་ལ་མཆོད་པ་བགྱིད་པ་གང་ལགས་པ་དེ་དག་ཀྱང་ཅི། དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིད་པ་མ་ལེགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་ཀླུའི་བདག་པོ་དེ་ནི་བླ་ན་མེད་པའི་མཆོད་པ་དེ་ཉིད་ཀྱི་ཡོངས་སུ་སྦྱང་བ་ཡིན་གྱི། མཆོད་པ་དེ་ནི་ཤིན་ཏུ་མཐར་ཐུག་པ་དང་། ཤིན་ཏུ་དྲི་མ་མེད་པ་དང་། ཤིན་ཏུ་ཚངས་པར་སྤྱོད ་པའི་མཐར་ཐུག་པ་མ་ཡིན་ནོ།། ཀླུའི་བདག་པོ་དགེ་བའི་རྩ་བ་སྐྱེད་པའི་སློབ་པ་དེ་དག་ནི། འཕགས་པའི་རྣམ་པར་གྲོལ་བ་ལ་སེམས་གནས་ཤིང་དགེ་བའི་རྩ་བ་མ་སྐྱེད་པ ་རྣམས་ནི་དེ་ལྟ་མ་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང་ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་ཡིན་ཏེ། བཞི་གང་ཞེ་ན། ་བྱང་ཆུབ་སེམས་དཔའ་མི་བརྗེད་པས་བསོད་ནམས་ཀྱི་ཚོགས་སྩོགས་པ་དང་། སྙིང་རྗེ་ཆེན་པོ་ལ་གནས་པའི་སེམས་ཀྱིས་ཡེ་ཤེས་ཀྱི་ཚོགས་སོགས་པ་དང་། བརྩོན་འགྲུས ་ཆེན་པོ་ཤིན་ཏུ་བརྩམས་པའི་སེམས་ཀྱིས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དང་། ཆོས་ཟབ་མོ་རྒྱ་ཆེན་པོ་ལ་སོམས་བསྐྱེད་པས་བཟོད་པ་བསྐྱེད་པ་ཐོབ་པ་སྟེ། ་ཀླུའི་བདག་པོ་ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་ཡིན་ནོ།། དེ་ནས་རྒྱལ་པོའི་ཁབ་ན་གནས་པའི་བྲམ་ཟེ་ད།། ་རྒྱལ་རིགས་དང་། ཁྱིམ་བདག་རྣམས་དང་། གྲོང་བརྡལ་བ་དང་། ཡུལ་གྱི་མི་རྣམས་དང་། རྒྱལ་པོ་མ་སྐྱེས་དགྲ་དང་། བློན་པོ་དང་། ནང་བསྐོར་དང་། སྒོ་དཔོན ་དང་། འཁོར་དང་། ཚོང་དཔོན་རྣམས་ཀྱིས། དེ་བཞིན་གཤེགས་པ། ཀླུའི་རྒྱལ་པོའི་རྒྱ་མཚོའི་གནས་སུ་བཤོས་གསོལ་ནས། བྱ་རྒོད་ཕུང་པོའི་རི་ལ་གཤེགས ་སོ་ཞེས་ཐོས་ནས། དེར་སྲོག་ཆགས་བདུན་ཁྲི་ཉིས་སྟོང་དང་། རྒྱལ་པོ་མ་སྐྱེས་དགྲ་གཡོག་འཁོར་སུམ་ཁྲི་ཉིས་སྟོང་དང་ལྷན་ཅིག་ཏུ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར ་ལས་བྱུང་ནས། བྱ་རྒོད་ཕུང་པོའི་རིག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས ་ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པ་རྒྱ་མཚོ་ཆེན་པོར་གཤེགས་ན ་ཆབ་ཀྱི་ཚོགས་དེ་ན་མཆིས་པ་དེ་གང་དུ་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་གི་ཚེ། དགེ་སློང་མེའི་ཁམས་ཀྱི་ཏིང་ངེ་འདྲ ་ལ་སྙོམས་པར་འཇུག་པ་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བར་མཐོང་ན། དེས་ཆུའི་ཕུང་པོ་དེ་དག་ཏུ་སོང་། གསོལ་པ། ་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་དབང་ཐོབ་པའི་སེམས་ཅན་དེ་ལྟ་བུར་ལས་སུ་རུང་བ་ལས་གྱུར་པ་ལགས་སོ།། བཀའ་སྩལ ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ཉན་ཐོས་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ལ་དབང་ཐོབ་པའི་སེམས་ལས་སུ་རུང་བ་ལས་གྱུར་པར་འདོད་ན། དེ་བཞིན་གཤེ ་པ་རྟག་ཏུ་མཉམ་པར་བཞག་པའི་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་ལ་མཁས་པའི་སེམས་ལ་དབང་ཡོད་པ། ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཆོས་རྣས ་ལ་དབང་ཡོད་པ་ནི་དེ་ལྟར་མི་འདོད་དམ། རྒྱལ་པོ་ཆེན་པོ་གང་གི་ཚེ། ང་རྒྱ་མཚོ་ཆེན་པོར་ཞུགས་པ་དེའི་ཚེ། ཆུ་དེའི་ནང་ན་གནས་པའི་སེམས་ཅན་རྣམས་ནི་བདག་ཉིད་ཆུའི ་ནང་ན་གནས་སོ་སྙམ་དུ་འཛིན་ནོ།། སྐམས་ན་གནས་པའི་སེམས་ཅན་རྣམས་ཀྱིས་ནི། རྒྱ་མཚོ་ཆེན་པོ་སྐམས་པར་མཐོང་ངོ་།། ཇི་ལྟར་གཞན་འཕྲུལ་དབང་བྱེད་པའི་ལྷ ་རྣམས་ཀྱི་གནས་ཀྱི་བཀོད་པ་རྣམས་བརྒྱན་གྱིས་བརྒྱན་པ་དེ་བཞིན་དུ། ཀླུ་དང་དྲི་ཟ་དང་ལྷ་མ་ཡིན་གྱི་གནས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་འོད་ཀྱིས་ཁྱབ་པར ་གྱུར་ཏོ།། རྒྱ་མཚོ་ཆེན་པོའི་ནང་གི་སེམས་ཅན་ཐམས་ཅད་ཀྱང་གཅིག་ལ་གཅིག་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། གནོད་པའི་སེམས་མེད་པ་དང་། ་རྣམ་པར་འཚ་བའི་མེད་པས་གནས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སངས་རྒྱས ་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཆེ་བ་ཉིད་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པ་དེ་ཙམ་དུ། བསམ་གྱིས་མི་ཁྱབ་པ་ནི་ངོ་མཚར ་ལགས་ཏེ། འདི་ལྟར་ཀླུའི་རྒྱལ་པོ་རྒྱ་མཚོས་དེ་བཞིན་གཤེགས་པ་སྨན་དྲངས་དེ། དེ་ལྟར་སེམས་ཅན་གྱི་དོན་ཆད་མ་མཆིས་པ་བགྱིས་ན། བཅོམ་ལྡན་འདས་ཀླུའི་རྒྱལ ་པོ་རྒྱ་མཚོས་ཡུན་ཇི་སྲིད་གཅིག་ནས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལགས། དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ལ་ནི་མཆོད་པ ་བགྱིས། ཡུན་ཇི་སྲིད་ཅིག་ན་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས། དེ་མངོན་པར་རྫོགས་པར་སངས་རྒྱས་པའི ་མཚན་ནི་ཅི་ཞེས་བྱ་བར་འགྱུར། དེའི་སངས་རྒྱས་ཀྱི་ཞིང་ནི་ཅི་འདྲ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས ་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ། བསམ་གྱིས་མི་ཁྱབ་པ། ཡུན་རིང་བ་ཚད་མེད་པའི་སྔ་རོལ་དེའི་ཚེ་དེའི་དུས་ན། བསྐལ་པ་ཡིད་དུ་འོང་ཞིང་ཞི་བ་ཞེས ་བྱ་བ་ལ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་ཞེས་བྱ་བར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག ་པ་ཞབས་སུ་ལྡན་པར་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན ་འདས་འོད་རྣམ་པར་དག་པའི་འོད་ཟེར་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་ཏུ་འབྱུང་སྟེ། རྒྱལ་པོ་ཆེན་པོ་འཇིག་རྟེན་གྱི་ཁམས་ལྟ་བ་ཡོངས་སུ་དག་པ། ་དེའི་བཀོད་པ་བྱུང་བ་དེ་དག་ནི། དེའི་ཚེའི་ཚད་བསྐལ་པར་གནས་སུ་ཟིན་ཀྱང་། རྒྱས་པར་སྟོན་ནུས་པར་སླ་བ་མ་ཡིན་ནོ།། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི ་རྒྱལ་པོ།། ལྷས་བཙའ་ཞེས་བྱ་བ་བྱུང་སྟེ། དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་རྣམ་པར་དག་པའི་འོད་ཟེར་རྒྱལ་པོ་དེ་ལ་ལོ་བཞི་ཁྲི་ཉིས་སྟོང་གི་བར་དུ་མཆོད ་པ་བྱས་ཏེ། དགེ་བའི་རྩ་བས་ཉེ་བར་བསྟན་པ་དེ་གཉིད་ལོག་པའི་རྨི་ལམ་དུ། ཚིགས་སུ་བཅད་པ་འདི་གཉིས་ཐོས་སོ།། སྐྱེས་བུ་ཁྱུ་མཆོག་ལ་ནི་མཆོག་ཆེན་མངའ།། དཔག ་མེད་རྒྱ་ཆེན་བསམ་ཡས་བྱས་ཟིན་གྱིས།། འགྲོ་བ་དང་ལ་སྙིང་རྩེ་བསྐྱེད་ནས་ཀྱང་།། རབ་མཆོག་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱིས།། བྱང་ཆུབ་སེམས་ནི་ཡང་དག་སྒྲུབ་བྱེད་གང་།། ་དེ་ནི་ཆོས་མཆོག་དམ་པ་ཁྱད་པར་འཕགས།། དེ་ནི་དེ་བཞིན་པ་རྣམས་བཀུར་སྟི་ཡིན། དེ་ནི་ཕྱི་མའི་བསོད་ནམས་གཟི་བྱིན་ཡིན། རྒྱལ་པོ་ཆེན་པོ་དེ་ནས་འཁོར་ལོའི་སྒྱུར་བའི་རྒྱལ ་པོ་ལྷ་བཙས་དེས་ཚིགས་སུ་བཅད་པ་འདི་གཉིས་ཐོས་ཏེ། དེའི་མཚན་མོ་འདས་ནས་གཡོག་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་རྣམ་པར་དག་པའི ་འོད་ཟེར་རྒྱལ་པོ་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེའི་སྤྱན་སྔར་འཁོད་དེ་ཐལ་མོ་སྦྱར་ནས། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ།། དེའི ་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། གཟུགས་ལ་བརྐམ་དང་སྒྲ་ལ་བརྟེན་པ་དང་།། དྲི་དང་རོ་དང་རེག་ལ་གནས་པ་དང་།། འདོད་ལ་བརྐམ་དང་བདེ་ལ་དགའ་བ་ཡིས།། ་བྱང་ཆུབ་མཆོག་འདི་རྟོགས་པར་མི་ནུས་སོ།། ལེ་ལོ་ཅན་དང་དམན་ལ་བརྩོན་པ་དང་།། སེར་སྣ་ཅན་དང་ཚུལ་ཁྲིམས་མ་སྔམས་དང་།། སྡང་བའི་སེམས་དང་བློ་ན ་འཁྲུལ་པ་ཡིས།། བྱང་ཆུབ་མཆོག་ནི་རྟོགས་པར་མི་ནུས་སོ།། རང་གི་བདེ་བ་ཐམས་ཅད་སྤངས་པ་དང་།། འགྲོ་བའི་སྡུག་བསྔལ་ཐམས་ཅད་བཟོད་པ་དང་།། བརྩོན ་འགྲུས་རྩམས་ཤིང་རྟག་ཏུ་ཆོས་འདོད་གང་།། དེ་ནི་འཇིག་རྟེན་དེ་འདྲའི་སངས་རྒྱས་འགྱུར།། སངས་རྒྱས་བྱང་ཆུབ་ལ་ནི་བདག་ཞུས་པ།། སངས་རྒྱས་རྣམས་དང་ལྷ ་རྣམས་དབང་བཙུགས་ཏེ།། ཅི་ནས་བདག་ཚིག་ལོག་པར་མི་འགྱུར་བ།། དེ་ལྟར་སྨན་སླད་སྤྱོད་པ་སྤྱད་པར་བགྱི།། བྱང་ཆུབ་སེམས་ནི་བདག་གིས་རྨི་ལམ་ཐོས།། ཐོས ་ནས་བདག་ནི་བྱང་ཆུབ་མཆོག་ལ་ཞུགས།། དེ་ཡི་སླད་དུ་སངས་རྒྱས་མི་ཡི་མཆོག། ཡེ་ཤེས་ལྡན་པ་དེ་འདྲ་བ་དག་གིས་བགྱིས།། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན། ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷ་བཙའ་ཞེས་བགྱི་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་སོམ་ཉིའམ།། ཡིད་གཉིས་སམ་ཐེ་ཚོམ་ཟ་བར་གྱུར་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས ་དེ་ལྟར་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཀླུའི་རྒྱལ་པོ་རྒྱ་མཚོ་འདི་ཉིད་དེའི་ཚེ་དེའི་དུས་ན། འཁོར་ལོས་གྱུར་བའི་རྒྱལ་པོ་ལྷ ་བཙའ་ཞེས་བྱ་བར་གྱུར་ཏོ།། དེ་ཡང་དེའི་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ནོ།། རྒྱལ་པོ་ཆེན་པོ་འདི་སྐད་དུ། ཀླུའི་རྒྱལ་པོ་རྒྱ་མཚོ་འདི་ཡུན་ཇི་སྲིད་ན། བླ ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བ་དེ་ཉོན་ཅིག། རྒྱལ་པོ་ཆེན་པོ་ཀླུའི་རྒྱལ་པོ་རྒྱ་མཚོ་འདི་ནི་བསྐལ་པ་གྲང ་མེད་པ་ཉིས་བརྒྱན། བསྐལ་པ་དཔལ་གྱི་མེ་ཏོག་བྱ་བ་ལ། འཇིག་རྟེན་གྱི་ཁམས་ཆོས་ཀྱི་སྒྲ་གྲགས་པ་ཞེས་བྱ་བར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ་ཁ་ལོ་བསྒྱུར་བ། བླ་ན ་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཤིན་ཏུ་དྲི་མ་མེད་ཅིང་ཡོངས་སུ་དག་ལ་ཡོན་ཏན་གྱི་ཚོགས་མཐའ་ཡས་པ་ལས་བྱུང་བའི་རྒྱལ་པོ་ཞེས ་བྱ་བར་འགྱུར་རོ།། རྒྱལ་པོ་ཆེན་པོ་འཇིག་རྟེན་གྱི་ཁམས་ཆོས་ཀྱི་སྒྲ་གྲགས་པ་དེ་ནི། རིན་པོ་ཆེ་ས་ཡས་སྦས་པར་གྱུར་ཏེ། འཛམ་བུའི་ཆུ་བོ་གསེར་ལས་གྲུབ་པ། རིན་པོ ་ཆེ་སྣ་ཚོགས་དུ་མས་བྲིས་ཤིང་། མིག་མངས་རིས་སུ་རྣམ་པར་ཕྱེ་ལ་ལག་མཐིལ་བཞིན་དུ་མཉམ་སྟེ། ཀ་ཙ་ལི་དིའི་གོས་བཞིན་དུ་འཇམ་ཞིང་རེག་ན་བདེ་བ་ལ་ཡངས་ཤིང་ཐག ་གྲུ་ཆེ་སྟེ། གླིང་བྱེ་བ་ཕྲག་འབུམ་དང་ལྡན་ལ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ཡིད་དུ་འོང་བ་སྟེ། ལྷ་དང་མི་མང་པོ་དག་གིས་གང་ལ། གཞན་འཕྲུལ། ་དབང་བྱེད་པའི་ལྷ་རྣམས་ཀྱི་ཉེ་བར་སྤྲད་པ་དང་། ལོངས་སྤྱོད་ཇི་ལྟ་བ་བཞིན་དུ་མི་དེ་དག་གི་ཡང་དེ་དང་འདྲ་བར་འགྱུར་རོ།། འཇིག་རྟེན་གྱི་ཁམས་ཆོས་ཀྱི་སྒྲ་གྲགས་པ་ཞེས་བྱ། ་བ་དེ་ན། རིན་པོ་ཆེ་ཐམས་ཅད་ལས་གྲུབ་པའི་ཤིང་ཏ་ལའི་ཕྲེང་བ་དག་འབྱུང་བར་འགྱུར་ཏེ། ཤིང་ཏ་ལ་དེ་དག་གི་ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་ལས ་ཆོས་ཀྱི་སྒོ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་འབྱུང་ངོ་།། འཇིག་རྟེན་གྱི་ཁམས་དེ་ན་སྒྲ་ཇི་སྙེད་འབྱུང་བ་འདི་ལྟ་སྟེ། ལྷའི་སྒྲ་འམ། མིའི་སྒྲ་འམ། མི་མ་ཡིན་པའི ་སྒྲ་འམ། སྤྲུལ་པའི་སྒྲ་འམ། བྱའི་སྒྲ་འམ། རླུང་གི་སྒྲ་ཡང་རུང་སྟེ། སྒྲ་དེ་དག་ཐམས་ཅད་ཆོས་དང་ལྡན་པར་འབྱུང་བར་འགྱུར་རོ།། དེ་བཞིན་དུ་ཞི་བ་དང་ལྡན་པ་དང་། ་རབ་ཏུ་ཞི་བ་དང་ལྡན་པ་དང་། ཉེ་བར་ཞི་བ་དང་ལྡན་པ་དང་། དགའ་བ་དང་བདེ་བ་དང་ལྡན་པ་དང་། སངས་རྒྱས་ཀྱི་ཆོས་དང་ལྡན་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་དང་། ་སྔ་བའི་དངོས་པོ་དང་ལྡན་པ་དང་། ཐབས་ལ་མཁས་པ་དང་ལྡན་པ་དང་། སྐྱོ་བ་དང་འདོད་ཆགས་དང་བྲལ་བ་ཇི་ལྟ་བ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་ལྡན་པའི་སྒྲ་དག་འབྱུང་བར་འགྱུར་ཏེ། དེས་ན་འཇིག་རྟེན་གྱི་ཁམས་དེའི་མིང་ཆོས་ཀྱི་སྒྲ་གྲགས་པ་ཞེས་བྱ་བར་འགྱུར་རོ།། ་འཇིག་རྟེན་གྱི་ཁམས་དེར་ལྷ་དང་མི་གང་དག་སྐྱེ་བ་དེ་དག་ཐམས་ཅད་ཀྱང་ཆོས་ཀྱི་དགའ་བའི་ཟས་ཁོ་ན་དང་ལྡན་པར་འགྱུར་ཞིང་མངོན ་པར་ཤེས་པའི་ཤེས་པ་ལ་མཁས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐེ་ཚོམ་མེད་པ་ཤ་སྟག་གོ།། བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་ཤིན་ཏུ་དྲི་མ་མེད་ཅིང་ཡོངས་སུ་དག་ལ། ཡོན་ཏན་གྱི་ཚོགས་མཐའ་ཡས་པ་ལས་བྱུང་བའི་རྒྱལ་པོ་དེ་ཡང་གང་གི་ཚེ་ཆོས་སྟོན་པར་བཞེད་པ་དེའི་ཚེ། ཉིད་ཀྱི་སྐུ ་ལས་འོད་འགྱེད་པར་མཛད་དེ། འོད་དེས་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་འགྱུར་རོ།། དེ་བཞིན་གཤེགས་པའི་འོད་དེ་ལས་སངས་རྒྱས་བྱེ་བ་ཕྲག་སྟོང་གསུམ ་པའི་ཆོས་སྟོན་པ་འབྱུང་བར་འགྱུར་རོ།། དེ་ན་ལྷ་དང་མི་རྣམས་ཀྱིས་དེ་བཞིན་གཤེགས་པའི་འོད་དེ་ཡང་མཐོང་ལ། དགའ་བ་དང་མཆོག་ཏུ་དགའ་བ་ཆེན་པོ་རྒྱ་ཆེར་སྐྱེས ་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་ཏུ་དྲི་མ་མེད་ཅིང་ཡོངས་སུ་དག་ལ་ཡོན་ཏན་གྱི་ཚོགས་མཐའ་ཡས་པ་ལས་བྱུང་བའི་རྒྱལ་པོ་ཆེན་པོ་དེ་ག་ལ་བ་དེར་དོང་སྟེ་ལྷགས ་ནས། དེ་བཞིན་གཤེགས་པ་དེ་ལ་མཆོད་པ་ཚད་མེད་པ་བྱས་ཏེ། རྫུ་འཕྲུལ་དང་མངོན་པར་ཤེས་པའི་སྟོབས་ཀྱིས་ནམ་མཁའི་དཀྱིལ་ན་རིན་པོ་ཆེའི་བཀོད་པ་ཆེན་པོ་དང་ལྡན་པའི ་པད་མ་དག་སྐྱིལ་མོ་དཀྲུང་བཅས་ཏེ་འཁོད་པར་གྱུར་ཏོ།། དེ་བཞིན་གཤེགས་པ་དེ་ཡང་ནམ་མཁའི་དཀྱིལ་ཉིད་ན་སེང་གེའི་ཁྲི་ལ་བཞུགས་ཏེ། ལྷ་དང་མི་དག་ལ་ཆོས་སྟན ་ཏོ།། དེ་ཆོས་སྟོན་པ་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་ཚད་མེད་གྲངས་མེད་པ་བརྒྱ་སྟོང་དག་ཆོས་ཉན་པའི་ཕྱིར་འོང་བར་འགྱུར་རོ།། འཇིག་རྟེན་གྱི་ཁམས་དེ་ན ་སེམས་ཅན་སུ་ཡང་ཆོས་ལ་ཞེ་འགྲེས་པ་མེད་དོ།། དེ་ན་བདུད་སྡིག་ཅན་དག་དང་། གཞན་མུ་སྟེགས་ཅན་དག་གི་སྒྲར་གདགས་པ་ཡང་མེད་དེ། དེ་བཞིན་གཤེགས ་པ་དེའི་སྐུ་ཚེའི་ཚད་ནི་བསྐལ་པ་བཅུར་འགྱུར་རོ།། དེའི་བྱང་ཆུབ་སེམས་དཔའ་ནི་བགྲང་བ་ལས་འདས་པར་གྱུར་ཏོ།། རྒྱལ་པོ་ཆེན་པོ་དེ་ལྟར་ན་སངས་རྒྱས་ཀྱི་ཞིང་དེའི ་བཀོད་པ་ནི། བསམ་གྱིས་མི་ཁྱབ་པོ།། ཆོས་བསྟན་པ་ཡང་བསམ་གྱིས་མི་ཁྱབ་བོ།། ཞམ་རིང་འཁོར་བྱང་ཆུབ་སེམས་དཔའ་ཡང་བསམ་གྱིས་མི་ཁྱབ་པོ།། ། ་ཀླུའི་རྒྱལ་པོ་རྒྱ་མཚོ་ལུང་བསྟན་པའི་ལེའུ་སྟེ།། ། བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས ་དགྲས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་རྒྱུའི་རྗེས་སུ་འབྲང་བ་དང་རྣམ་པར་བསྒྲུབས་ན་འབྱུང་བའི་མཚན་ཉིད་ལགས་ཏེ། དེ་དག་ནི་དེ་ཇི་ལྟ་ཇི ་ལྟར་འདོད་པ་དེ་ལྟ་དེ་ལྟར་རྣམ་པར་འགྲུབ་པ་ལགས་སོ།། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྤྱོད་པ་ནི་མཐའ་ཡས་པ་ལགས་སོ།། དེ་ལ་བྱང་ཆུབ་སེམས་དཔས་ནི་ཇི་སྲིད་དུ ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་བཟུང་བ་དེ་སྲིད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ ་སེམས་དཔའ་ཐམས་ཅད་ཀྱིས་ནི། ཀླུའི་རྒྱལ་པོ་རྒྱ་མཚོའི་ཇི་ལྟ་བ་དེ་བཞིན་དུ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བགྱིའོ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཇི་སྐད་ཟེར་བ་བཞིན་ཏེ། ཆོས་ཐམས་ཅད་ནི་ཡིད་ལས་བྱེད་པ་ལས་བྱུང་སྟེ། ཆོས་ཐམས་ཅད་བྱེད་པ་མེད་པའི་ཕྱིར་དེ་དག་ཇི་ལྟར་འདོད ་པ་བཞིན་དུ་རྣམ་པར་འགྲུབ་པོ།། དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་འདི་སྐད་ཅེས་སྨྲས་སོ།། ཀླུའི་བདག་པོ་གང་ཁྱོད་དེ་བཞིན་གཤེགས་པས་འདི་ལྟར་སངས་རྒྱས ་ཀྱི་ཞིང་གི་ཡོན་ཏན་གྱི་བརྒྱན་བཀོད་པ་བསམ་གྱིས་མི་ཁྱབ་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ནི་ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་དོ།། དེ་སྐད་ཅེས ་སྨྲས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ།། རྒྱལ་པོ་ཆེན་པོ་ཆོས་གང་ཡང་ལུང་བསྟན་དུ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས ་ཅད་ནི་བཟོད་མ་ནས་རྣམ་པར་དག་པའི་ཕྱིར་རོ།། རྒྱལ་པོས་སྨྲས་པ། ཀླུའི་བདག་པོ་སྔོན་དགེ་བའི་རྩ་བའི་རྩ་བ་སྐྱེད་པ་རྣམས་ཀྱང་ལུང་བསྟན་དུ་མེད་དམ། ཀླུའི་རྒྱལ་པོ་རྒྱ་མཚོས ་སྨྲས་པ། རྒྱལ་པོ་ཆེན་པོ་སེམས་ཅན་དུ་གདགས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སུ་ཟད་ལ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ནི་ལུང་བསྟན་དུ་མེད་དོ།། རྒྱལ ་པོ་ཆེན་པོ་མིང་དང་གཟུགས་ལ་སེམས་ཅན་དུ་གདགས་པར་ཟད་ལ། མིང་དང་གཟུགས་ནི་ལུང་བསྟན་དུ་མེད་དོ།། རྒྱུ་དང་ལྟ་བ་དང་། འདུ་ཤེས་པ། ཡིད་ལ་བྱེད་པ་ལ། ་སེམས་ཅན་དུ་གདགས་པར་ཟད་ན། རྒྱུ་དང་ལྟ་བ་འདུ་ཤེས་ཡིད་ལ་བྱེད་པ་དེ་ལ་ཡང་ལུང་བསྟན་དུ་མེད་དོ།། དགེ་བའི་རྩ་བ་གང་དག་གིས་བྱང་ཆུབ་སེམས་དཔའ་ཐམས ་ཅད་མཁྱེན་པ་ཉིད་དུ་ཡང་དག་པར་འགྲུབ་པའི་དགེ་བའི་རྩ་བ་དེ་དག་ཀྱང་ལུང་བསྟན་དུ་མེད་དོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་ལ། སྟོང།། ་པ་ཉིད་ནི་ལུང་བསྟན་དུ་མེད་དོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པའི་མཚན་ཉིད་ཡིན་ལ། མཚན། ་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པའི་མཚན་ཉིད་ནི་ལུང་བསྟན་དུ་མེད་དོ།། རྒྱལ་པོ་ཆེན་པོ་གཞན་ཡང་སངས་རྒྱས་རྣམས་ཀྱི་སྙིང་རྗེ་ཆེན་པོ། ་འདི་ནི་བསམ་གྱིས་མི་ཁྱབ་སྟེ། མིང་མེད་པ་དང་། མཚན་མ་མེད་པའི་ཆོས་ཐམས་ཅད་མིང་དང་མཚན་མས་སྟོན་པས་མཛད་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ་མིང་དང་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་ཅན་མ་ཡིན་ནོ།། རྒྱལ་པོ་ཆེན་པོ་ལུང་བསྟན་པ་འདི་ནི་འཇིག་རྟེན་བརྡ་སྤྲད་པར་ཟད་དེ། འདི་ལ་གང་ལུང་བསྟན་པར ་བྱ་བའི་ཆོས་གང་ཡང་མང་ངམ་ཕྱི་རོལ་ན་མི་དམིགས་སོ།། རྒྱལ་པོས་སྨྲས་པ་ཀླུའི་བདག་པོ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུང་བསྟན་པ ་མིང་དམ། སྨྲས་པ། རྒྱལ་པོ་ཆེན་པོ་བཟོད་པ་དེ་ཡང་སྐ་ཅིག་པ། ཟད་པའི་མཚན་ཉིད། མི་ཟད་པའི་མཐའ་ཅན། ཡང་དག་པའི་མཐར་ངེས་པ་མཉམ་པའི་མཐའ་ཅ། ་གཉིས་སུ་མེད་པའི་མཐར་ངེས་པ་སྟེ། གཉིས་སུ་མེད་པའི་མཐའ་ནི་ཡང་དག་པའི་མཐའོ།། ཡང་དག་པའི་མཐའ་ནི་གཏན་དུ་མི་འབྱུང་བའི ་མཐའོ།། མཐའ་ཅན་གང་ཡིན་པ་དེ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་སོ།། དེའི་མཐའ་ཅན་ནི་རྣམ་པར་གྲོལ་བའི་མཐའོ།། གང་མཐའ་དེའི ་སྒོར་ཞུགས་པ་ནི་གང་དུ་མངོན་པར་ཞེན་པ་མེད་དོ།། གང་མངོན་པར་ཞེན་པ་མེད་པ་དེ་ནི་ཐ་སྙེད་ཀྱི་བརྡའ་ལ་ཆགས་པ་མེད་དོ།། མ་ཆགས་ན་བྲལ་བར་འགྱུར་རོ།། ་གྲོལ་ན་ཕྱིན་ཆད་མི་རྒྱུ་རབ་ཏུ་མི་རྒྱུའོ།། མི་རྒྱུ་རབ་ཏུ་མི་རྒྱུན་གང་དུའང་མ་ཉམས་པར་མི་འགྱུར་རོ།། བློ་མ་ཉམས་ན་ཐམས་ཅད་ལ་ངེས་པར་འབྱུང་བར་མཐོང་སྟེ། ཇི ་ལྟར་རྣམ་པར་མི་མཐོང་བ་དེ་ལྟར་ཡང་མ་མཐོང་ངོ་།། གང་གི་ཚེ་རྣམ་པར་མི་མཐོང་བ་དེའི་ཚེ། གཉིས་སུ་མི་འབྱེད་དོ།། གཉིས་སུ་མེད་པ་ལ་གནས་ན་མཉམ་པ་ཉིད་ལ ་འཇུག་གོ།། མཉམ་པ་ཉིད་ལ་ཞུགས་ན་མཐོ་བར་མི་འགྱུར་དམའ་བར་མི་འགྱུར་རོ།། མཐོ་བ་ཡང་མེད། མཉམ་པ་ཉིད་ཀྱིས་རབ་ཏུ་ཕྱེ་བའི་བཟོད་པ་ཐོབ་པར་འགྱུར་ཏེ། ་དེ་ལ་བཟོད་པ་གང་ཡིན་པ་དང་། ལུང་བསྟན་པ་གང་ཡིན་པ་དང་། གང་ལུང་བསྟན་པར་བྱ་བ་དང་། སུས་ལུང་བསྟན་པ་དང་། དེའི་ཕྱིར་ལུང་བསྟན་པའི་ཆོས་དེ ་དག་ཐམས་ཅད། ཆོས་མཉམ་པ་ཉིད། ཆོས་མེད་པའི་ཆོས་ཀྱི་དབྱིངས་སུ་ངེས་པ་དང་། བརྡའ་མེད་པ་དང་། འབྱུང་བ་མེད་པ་དང་། དངོས་པོ་དང་དངོས་པོ་མེད་པ་དང་བྲལ ་བ་དང་། གཉིས་སུ་མེད་པའི་མཐའ་ཅན་དེ་དག་གི་དོན་ཡོངས་སུ་གཞལ་ནས། ཆོས་གང་ཡང་བགྲང་བར་མི་བྱེད་དོ།། དབེན་ན་ནམ་མཁའ་ནི་བགྲང་དུ་མེད་ཅིང་བགྲང་བ་ལས ་ཡང་དག་པར་འདས་པ་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་བར་ལྟ་བར་བྱའོ།། ཀླུའི་རྒྱལ་པོ་རྒྱ་མཚོའི་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས ་དཔའ་ཉིས་རྒྱས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཏོ།། དགེ་སློང་ཉེས་རྒྱ་ནི་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ།། དེ་ནས ་བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀླུའི་རྒྱལ་པོ་རྒྱ་མཚོའི་སྤོབས་པ་ནི་ངོ་མཚར་ལགས་སོ།། བཅོ ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་སྤོབས་པ་ནི་ངོ་མཚར་ཡང་མི་ཆེ་ལ་བཀའ་སྩལ་པ་མ་ཡིན་གྱི། ལས་དང་པོ་པ་གང་གིས་བསྟན་པ ་འདི་ཐོས་ན། མི་སྒེག་མི་དངང་ཞིང་དངང་བར་མི་འགྱུར་བ་དེ་ནི་དེ་དག་གི་ཆོས་ངོ་མཚར་ཆེ་བ་དང་། ཆེས་དཀའ་བ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ། ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་དེ་ལྟར་མོས་པར་དཀའ་བ་སྟེ། དེ་ལ་ནི་ལྷ་དང་བཅས་པའི་འཇིག་རྟེན་འཇུག་པར་མི་འགྱུར། འགྲོ་བར་མི་འགྱུར། མོས་པར ་མི་འགྱུར། ཡིད་ཆེས་པར་མི་འགྱུར་བའི་ཕྱིར་ཏེ། རྒྱལ་པོ་ཆེན་པོ་རྣམ་གྲངས་འདིས་ཀྱང་གང་དག་ཆོས་ཟབ་མོ་འདི་བསྟན་པ་འདི་ལ་མི་སྐྲག་མི་དང་ཞིང་དང ་བར་མི་འགྱུར་བའི་སེམས་ཅན་དེ་དག་ནི། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་མ་ཡིན་པར་རིག་པར་བྱའོ།། རྒྱལ ་པོ་ཆེན་པོ་གཞན་ཡང་འདི་ཇི་སྙམ་དུ་སེམས། སྐྱེས་བུ་གང་གིས་ན་མ་གཟུགས་ཅན་མེ་ཡིན། བསྟན་དུ་མེད་པ་འདི་གཟུགས་ཅན་དུ་སྟོན་པར་བྱེད་ན་ཙོ་དཀའ་བ་བྱེད ་པ་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་མཆོག་ཏུ་དཀའ་བ་ལགས་སོ།། བདེ་བར་གཤེགས་པ་མཆོག་ཏུ་དཀའ་ལགས་སོ།། བཀའ་སྩལ་པ། ཆོས ་འདི་ལྟ་བུར་ཟབ་པ། ཟབ་པར་སྣང་བ། ཚོར་བ་ཐམས་ཅད་རྒྱུན་ཆད་པ། བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གསོ་བ་མེད་པ། གང་ཟག་མེད་པ། ་རྒྱུ་བ་མེད་པ་འདི་ལ་མོས་ལ། མོས་ནས་ཀྱང་དེ་ཁོ་ན་བཞིན་དུ་སྒྲུབ་པ་གང་ཡིན་པ་དེ་དག་ནི་དེ་བས་ཀྱང་ཆེས་དཀའ་བར་བྱེད་པ་ཡིན་ཏེ། དེ་དག་ནི་དེ་བཞིན་གཤེགས ་པ་རྣམས་ཀྱིས་འཐུན་པའི་དགེ་བ་དང་། འགྲོགས་པ་དང་། མཛའ་བཤེས་ཡིན་ནོ།། དེ་དག་གིས་ནི་སེམས་ཅན་རྣམས་ཀྱི་ལོག་པ་སྤང་བའི་ཕྱིར་ཆོས་སྟོན་ནུས་སོ།། ་དེ་དག་གིས་ནི་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་འདུག་ནས། བདུད་ཀྱི་དཔུང་བྱེ་བ་ཕྲག་རྒྱ་བྱམས་པ་དང་། ཤེས་རབ་དང་། ཡེ་ཤེས་དང་། བརྩོན་འགྲུས་ཀྱིས ་གཞོམ་པར་ནུས་སོ།། དེ་དག་གིས་ཆོས་ཐམས་ཅད་ལ་དབང་བྱེད་པ་དང་། སེམས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་སུམ་དུ་བྱེད་པ་དང་། སེམས ་ཀྱི་སྐད་ཅིག་གཅིག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་འཚང་བརྒྱ་པར་ནུས་སོ།། དེ་དག་གིས་ནི་སེམས་ཅན་ཐམས་ཅད་བརྡ་སྤྲད་པ་དང་། ་སེམས་ཐམས་ཅད་ཀྱི་སེམས་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཇི་ལྟ་བ་བཞིན་དུ་ཤེས་པས། ཆོས་ཀྱི ་འཁོར་ལོ་བླ་ན་མེད་པ་ཡང་སྐོར་བར་ནུས་སོ།། དེ་དག་གིས་ནི་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་བཅད་པ་དང་། མུ་སྟེགས་ཅན་ཐམས་ཟིལ་གྱིས་གནན་པ་དང་། དགྲ་ཐམས་ཅད ་ཚར་བཅད་པའི་ཕྱིར། ཆོས་ཀྱི་དུང་འབུད་ནུས་སོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་བསམ་པ་གྲུབ་ཅིང་། རྣག་པ་དང་ཡིད་ལ་བསམ་པ་ཡོངས་སུ་རྫོགས་ཏེ་རང་གི་ལུང་བསྟན་པ ་ཐོས་ནས། བར་སྣང་ལ་མངོན་པར་འཕགས་ཏེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ།། བདུད་རྣམས་སྡེ་བཅས་དཔུང་བཅས་དེས་བཅོམ་ཞིང་།། ་ལྟ་བ་ངན་པའི་ཚོགས་ཀུན་བཤིག་ནས་ནི།། ཐུབ་པས་ཆེན་པོས་ཆོས་ཀྱི་ཆར་ཕབ་སྟེ།། འཇིག་རྟེན་ཐམས་ཅད་བདུད་རྩིའི་ཚིམ་པར་མཛད།། ཁྱོད་ནི་ཆོས་ཀྱི་རྒྱལ་པོ་མི་འཇིགས ་རྩོལ་བ་ལགས།། འདས་ལས་རྒལ་ཏེ་འཇིགས་མེད་འགྲམ་ན་བཞུགས།། འཇིག་རྟེན་མིག་སྟེ་ལམ་མཆོག་སྟོན་པ་པོ།། སྐྱེ་བོ་སྐྱབས་མ་མཆིས་པར་མགོན་པོ་ལགས།། སྨན ་པའི་རྒྱལ་ཁྱོད་ཟུག་རྔུ་འབྱིན་པ་ཡི།། སྨན་པ་རྒ་ཤི་མེད་པའི་སྨན་བརྩོལ་བ།། ཅི་ནས་ཕྱིན་ཆད་ནད་རྣམས་མི་འབྱུང་བར།། ན་དང་རྒབས་གཟིར་རྣམས་གསོ་མཛད་པ།། ཁྱོད ་ནི་སྟོན་སྐྱབས་བླ་མ་གཅིག་པུ་ལགས།། གཏན་དུ་བདེ་བ་བྱིན་པ་ཁྱོད་ཉག་གཅིག། ཁྱོད་ནི་གྲུ་སྐྱ་འཛིན་པ་དོན་དམ་མཁྱེན་པ་ལགས།། ་འཁོར་བའི་སྡུག་བསྔལ་ལས་ནི་ཟློག་མཛད་པ།། ལྷའི་ལྷ་སྟེ་འགྲོ་བ་རྣམས་ཀྱི་གཙོ།། འཇིག་རྟེན་ཀུན་གྱི་སྒྲོན་མར་གྱུར་པ་ལགས།། ཁྱོད་དང་མཇལ་ན་འཇིག་རྟེན་ཆུ་ཆེན ་རྒལ། མི་རྣམས་ཀྱི་ནི་མི་མཆོག་ཁྱོད་ཉག་གཅིག། ཡེ་ཤེས་གཟུགས་དང་ཕ་རོལ་གནོད་པ་ཡིས།། ཐུབ་དབང་ཁྱོད་འདྲ་སུ་ཡང་མ་མཆིས་ཏེ།། ཁྱོད་ནི་ལྷར་བཅས ་འཇིག་རྟེན་ཐམས་ཅད་ཀྱི།། སྟོན་པ་པོ་སྟེ་ཐར་པའི་ལམ་མཆོག་ལགས།། ཁྱོད་ནི་ཐམས་ཅད་ཟིལ་གནོན་ཀུན་མཁྱེན་མཆོག། འཇིག་རྟེན་ཆོས་རྣམས་ཀྱིས་ནི་ཁྱོད་མ་གོས།། ་ཀུན་མཁྱེན་སྲེད་བྲལ་རྣམ་གྲོལ་དཔའ་བ་དང་།། ཡེ་ཤེས་མཆོག་བརྙེས་ཁྱོད་ལ་བདག་ཕྱག་འཚལ།། ཇི་ལྟར་བར་སྣང་ནམ་མཁའ་རྣམ་པར་དག། གཟུགས་མེད ་གཟུང་དུ་མ་མཆིས་འདུས་མ་བགྱིས།། དེ་བཞིན་ཆོས་རྣམས་དྲི་མེད་རྣམ་པར་དག། འཇིག་རྟེན་རྣམ་པར་འདྲེན་པས་རབ་ཏུ་བསྟན།། ཡོད་དང་མེད་པར་ལྟ་བ་སྤངས་ནས ་ཀྱང་།། རྣམ་དག་ཆོས་རྣམས་བདེ་བར་གཤེགས་པས་གསུངས།། རྐྱེན་དང་བཅས་ཤིང་རྒྱུ་དང་བཅས་པ་སྟེ།། སེམས་ཅན་མ་མཆིས་གང་ཟག་སྲོག་མ་མཆིས།། བཟོད་ནས ་རྣམ་དག་ནམ་མཁའི་ངོ་བོ་ཉིད།། སྒྱུ་མ་སྨིག་རྒྱུ་ཆུ་ཟླ་འདྲ་བ་དང་།། ཤིན་ཏུ་དག་པ་ནམ་མཁའི་ངོ་བོ་ཉིད།། གནས་པ་མ་མཆིས་གློག་དང་འདྲ་བའི་ཚུལ།། སྔོན་གྱི་མཐའ་སྟོང། ་ཕྱི་མིའི་མཐའ་ཡང་སྟོང་།། སྐྱེ་དང་འཇིག་དང་གནས་པའི་ངོ་བོ་སྟོང་།། འདིར་ནི་དེ་དག་དངོས་དང་དངོས་མེད་མིན།། འདི་དག་ཐམས་ཅད་རང་བཞིན་མ་མཆིས་སྟོང་།། ཆོས།། ་དབྱིངས་རང་བཞིན་ངོ་བོ་གང་ལགས་ཏེ།། སེམས་ཅན་ཁམས་ཀྱི་རང་བཞིན་ངོ་བོ་ལགས།། སེམས་ཅན་ཁམས་ཀྱི་རང་བཞིན་ངོ་བོ་གང་།། སངས་རྒྱས་ཆོས་ཀྱི་རང་བཞིན་པོ།། ་བོ་ལགས།། སངས་རྒྱས་ཆོས་ཀྱི་རང་བཞིན་ངོ་བོ་གང་།། དེ་ནི་ཆོས་ཀུན་རང་བཞིན་ངོ་བོ་ཉིད།། ཆོས་ཀུན་རང་བཞིན་ངོ་བོ་གང་ལགས་པ།། སངས་རྒྱས་ཞིང་གི་ངོ་བོ་རང་བཞིན་ཏེ།། ་སངས་རྒྱས་ཞིང་གི་རང་བཞིན་གླང་།། སངས་རྒྱས་རང་བཞིན་བྱང་ཆུབ་ངོ་བོ་དེ།། སངས་རྒྱས་བྱང་ཆུབ་རང་བཞིན་ངོ་བོ་གང་།། དེ་ནི་ཆོས་དབྱིངས་རང་བཞིན་ངོ་བོ་ཉིད།། ཆོས་བ ་རྣམ་པར་དག་པ་འདི།། གང་ཚེ་བྱང་ཆུབ་སེམས་དཔས་དེ་ལྟར་མཐོང་།། དེ་ནས་བྱང་ཆུབ་སེམས་དཔས་དེ་ལྟར་མཐོང་།། དེ་ནས་རྒྱལ་རྣམས་ཡེ་ཤེས་དམ་པ་ཡིས།། བྱང་ཆུབ ་མཆོག་ཏུ་དེ་ནི་ལུང་སྟོན་མཛད།། ཆོས་རྣམས་བརྡ་དང་མིང་དང་ཐ་སྙད་ཙམ།། མཉམ་པ་ལགས་ཏེ་མི་བདེན་མིང་དུ་བཏགས།། དེ་དག་སྔན་ཆད་སུས་ཀྱང་མ་ཐོབ་སྟེ།། དེ་དག་གི། ་མིང་རྣམས་ཀུན་ཏུ་བརྗོད།། མིང་མ་མཆིས་པར་མིང་ནི་རྣམ་པར་བཏགས།། ཆོས་རྣམས་སྟོང་སྟེ་རང་བཞིན་རྣམ་པར་དག། འཇིག་རྟེན་འདུ་ཤེས་མཁས་པར་རིག་ནས་ནི།། ཐ་སྙད ་ཙམ་ལ་ཀུན་དུ་སྤྱད་པར་བགྱི།། ཆོས་ཀུན་རྒྱུ་མ་བཞིན་དུ་རིག་ནས་ཀྱང་།། མི་བདེན་སྙིང་པོ་མ་མཆིས་རྨི་ལམ་འདྲ།། རྣམ་སྨིན་རྒྱུ་དང་ཉིང་མཚམས་སྦྱོར་བ་ཙམ།། དེ་ལ་བདེ། ་པའི་འདུ་ཤེས་ཡོངས་མི་བགྱིད།། ཆོས་ཀུན་སླུ་བར་བགྱིད་ཅིང་འཇིག་པ་ལགས།། སྒྱུ་མ་མིག་རྒྱུ་འདྲ་སྟེ་མི་བདེན་པ།། འགལ་མེའི ་འཁོར་ལོ་གཟུགས་བརྙན་འདྲ་བ་ལགས།། རྟག་ཏུ་བྱིས་པའི་སྐྱེ་བོ་རྨོངས་པར་བགྱིད།། བྱིས་པ་བདག་དང་བདག་གིར་འདིར་རྟགས་ན།། བླུན་པོ་སྲེད་པས་གཟིར་བ་འདིར ་རྨོངས་ཏེ།། འཁོར་བའི་འཁོར་ལོར་ཡོངས་སུ་འཁོར་བ་ན།། སྡུག་བསྔལ་གྱིས་གནོན་ཞི་བ་ཐོབ་མི་འགྱུར།། འགྲོ་བའི་འཇུག་པ་འདི་ནི་ཡང་དག་མིན།། གང་གི་འཇུག་པ་དེ ་ནི་མ་མཆིས་ཏེ།། མཚོའི་འཇིག་རྟེན་ལྟ་བ་གཏི་མུག་མདོངས།། རྒྱུན་དུ་དབང་དང་ཡང་དུ་སྡུག་བསྔལ་རྙེད།། ལྷ་རྣམས་སྡུག་བསྔལ་འཆི་འཕོའི་ཆོས་གཅིག་པ།། མི་རྣམས་ཀྱི ་ནི་སྡུག་བསྔལ་ཚོལ་ཁྲོ་ལགས།། དམྱལ་བ་དག་གི་སྡུག་བསྔལ་གནོད་པ་རྣམས།། གཅིག་ལ་གཅིག་མཚལ་དུད་འགྲོ་རྣམས་ཀྱི་ལགས།། ཡི་དགས་སྡུག་བསྔལ་འདི་ན་སྐྱེས ་དང་སྐོམ།། འཇིག་རྟེན་ཐམས་ཅད་སྡུག་བསྔལ་གནས་སུ་ནུབ།། སྐྱབས་མེད་གྱུར་དང་རྟེན་མེད་གྱུར་པ་ཡིས།། འཇིག་རྟེན་སྡུག་བསྔལ་ཐམས་ཅད་གཟིགས་ནས་ནི།། དྲང་སྲོང ་ཆེན་པོ་ཐུགས་རྩེ་ཐུགས་རྗེ་ཅན།། སྡུག་བསྔལ་རྣམ་པར་གྲོལ་ཕྱིར་འབྱུང་བར་མཛད།། བྱང་ཆུབ་སེམས་དཔའ་བསྐལ་མང་བྱེ་བར་ཡང་།། བརྟུལ་ཞུགས་བརྟན་ཞིང་ཕ་རོལ ་ཕྱིན་ལ་བརྩོན།། སྲིད་ན་མཆིས་པ་འདི་འདྲ་མཁྱེན་ནས་ནི།། འདམ་ལས་རྒལ་ཏེ་སེམས་ཅན་རྣམས་ཀྱང་འདུལ།། གང་ཚེ་ཆོས་རྣམས་གསོག་དང་གསོབ་ཏུ་གཟིགས།། ན་མཁའ ་ཆང་སྟོང་འདྲ་ཞིང་སྙིང་པོ་མེད།། དེ་དག་བདག་གི་ངོ་བོ་མ་མཆིས་པས།། བདག་མེད་དངོས་མེད་དངོས་པོ་མེད་མ་ལགས།། མཐའ་རྣམས་ཀུན་ཏུ་ལྟ་བ་ཀུན་སྤངས་ན།། བྱང་། ་ཆུབ་རྡུལ་མེད་རྣམ་དག་ཐོབ་པར་འགྱུར།། སྐྱེ་དང་རྒ་དང་གནོད་པར་བགྱི་བ་གང་།། འཆི་དང་གནས་པ་གང་ལགས་སུ་ཡང་མེད།། གང་འདིར་སྐྱེ་དང་རྒ་དང་ན་དང་འཆི།། ཤེད ་ལ་སྐྱེས་དང་ཤེད་བུ་དེ་མ་མཆིས།། འདི་ནི་བདག་དང་བདག་གི་མ་མཆིས་ཏེ།། གང་ཟག་ཤེད་སྐྱེས་ཤེད་བུ་ཡོང་མ་མཆིས།། འདི་བརྫུན་བདག་པོ་མ་མཆིས་དབང་མ་མཆིས། ་འཚོ་བའི་འཇིག་རྟེན་སྒྱུ་མ་ལྟ་བུར་འཇུག། བྱེད་པ་མ་མཆིས་ཚོར་བ་པོ་མ་མཆིས།། འོན་ཀྱང་ལས་མཆིས་འབྲས་བུའི་དོན་ཡང་མཆིས།། འགྲོ་བའི་ལས་ཀྱི་རྐྱེན་གྱི་རང་བཞིན ་འབྱུང་།། ཕན་ཚུན་དུ་ནི་རྒྱུ་ལ་བརྟེན་པར་འདུས།། དགེ་དང་མི་དགེའི་ལས་གང་བགྱིད་པ་དང་།། གང་ཞིག་མང་དུ་བགྱིས་པའི་ལས་དེ་དག། ཡུལ་ན་མ་མཆིས་ཕྱོགས་ན ་མ་མཆིས་ཏེ།། ངོ་བོ་ཉིད་སྟོང་འོན་ཀྱང་རྣམ་པར་སྨིན།། ནང་དང་སླད་རོལ་བར་ན་མི་གནས་ཏེ།། ཆོས་རྣམས་གང་དུའང་འཕུངས་པོ་ཡོང་མ་མཆིས།། དེ་དག་གང་ལའང་བརྟན ་པ་མ་མཆིས་ལ།། རྣམ་པར་སྨིན་པ་སླུ་བར་ཡོང་མི་བགྱིད།། སྐྱེས་པ་སྔ་མ་འགགས་པ་སྔ་མ་ལགས།། མཁས་པ་རྣམས་ནི་གོ་བར་བགྱིད་སླད་དུ།། ཉན་པ་ལ་ནི་སྒྲ ་བས་ཚིག་ཀྱང་སྟོན།། ལྟ་བ་རྣམ་པར་སྦྱང་བའི་སླད་དུ་བསྟན།། གང་གི་འདུ་ཤེས་འདུ་ཤེས་ཅན་མ་མཆིས།། མྱ་ངན་འདས་མཆིས་སུ་ཡང་ཞི་མ་མཆིས།། སྐྱེ་བ་མ་མཆིས། ་@#མཐའ་གང་མཐའ་དེ་ལགས།། བདག་གི་བདག་མེད་མཐའ་ནི་ནམ་མཁའི་མཐའ།། ཀུན་གྱི་མཐའ་ནི་མཐའ་མཉམ་ཐོ ་པ་དེས།། སངས་རྒྱས་བསམ་གྱིས་མི་ཁྱབ་དམ་པ་ཐོབ།། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ནི།། སྐྱེ་བའི་མཐའ་དང་སྐྱེ་བ་མ་མཆིས་མཐའ།། མཐའ་ཀུན་དེ་ལྟར ་མཉམ་པར་མཐོང་བ་དང་།། ཆགས་མེད་མཐའི་སྒོ་ཤེས་ལྡན་པ་དང་།། དུས་གསུམ་མཐའ་རྣམས་ལ་ནི་མ་ཆགས་ངེས།། རྒྱལ་བ་རྣམས་ཀྱི་རིགས་མཆོག་ཐོབ་པར་འགྱུར།། ་འགྲོ་བ་བཅིངས་ལས་རྣམ་པར་གྲོལ་མཛད་ནས།། ཞི་མཆོག་མྱ་ངན་འདས་པ་རྙེད་པར་འགྱུར།། འགྲོ་ཀུན་རྨི་ལམ་ལྟ་བུར་དེར་གཟིགས་ནས།། འདིར་ནི་མིང་དང་གཟུག ་ལ་སེམས་མ་ཆགས།། ཆོས་ཀུན་ལ་ནི་རྣམ་པར་དག་པའི་མིག། ཞི་བ་དང་ནི་མི་གཡོ་མི་འགུལ་ཐོབ།། ཆོས་རྣམས་ཐམས་ཅད་སྒྲ་མེད་སྐད་མེད་པ།། གཟུང་དུ་མེད་ཅིང ་དངོས་མེད་རྣམ་པར་དག། དེ་བཞིན་རྒྱལ་བ་དམ་པ་རྣམས་ཀྱི་གདུང་།། ཞི་བའི་ངོ་བོ་ཉིད་དེ་སྨོན་པ་སྤངས།། སྐྱོན་མེད་རིམས་ནད་མེད་ཅིང་མྱ་ངན་བྲལ།། སྤྲོས་ཀུན་ཉེ་བར ་ཞི་ཞིང་བསམ་མི་ཁྱབ།། རྒྱལ་བ་མཆོག་རྣམས་ཀྱི་ནི་ཆོས་འདི་དག། གཟུང་བྲལ་རང་བཞིན་སྒྲ་དང་སྐད་མ་མཆིས།། འགྲོ་ལ་སྨན་སླད་སྐྱེས་བུ་དམ་པ་ཡིས།། དེ་ཡང་ཡི ་གེ་རྣམས་ཀྱི་གླེང་བཞི་སྟན།། འཇིག་རྟེན་བླ་མ་རང་འབྱུང་མཐོང་གྱུར་ཅིང་།། མཐོང་ནས་ཀྱང་ནི་ཡིད་ལ་དང་བགྱིད་དང་།། ཁྱད་པར་འགྲོ་བའི་ཆོས་ཀྱང་ཉན་པ་ཡིན།། ལྷ་དང ་མི་རྣམས་རྙེད་པ་ལེགས་པར་རྙེད།། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཆོས་འདི་ནི།། འཇིག་རྟེན་རྣམ་པར་འདྲེན་པས་རབ་ཏུ་བསྟན།། གང་དག་མ ་འོངས་སངས་རྒྱས་འགྱུར་བ་རྣམས།། ཐམས་ཅད་ཀྱང་ནི་མཉམ་པའི་ཆོས་སུ་འགྱུར།། སྒྲ་རྣམས་ཐམས་ཅད་བྲག་ཆ་ཙམ་དུ་བས།། དེ་ནི་བརྗོད་ན་རྣམ་པར ་གྲགས་པར་འགྱུར།། དེ་ནི་ཚུལ་བཞིན་ལམ་གྱི་རྒྱུར་འགྱུར་ཏེ།། ཆོས་སུ་འཚལ་གྱི་སླད་དུ་བཏགས་པ་ཙམ།། ཆོས་ཀུན་སྒྱུ་མ་འདྲ་ཞིང་གསོག་ལགས་ཏེ། ་དེ་དག་སེམས་ཅན་སླད་དུ་རྣམ་མང་བྱེད།། དེ་དག་རང་བཞིན་ངོ་བོ་གང་ཡིན་པ།། དེ་ནི་ནམ་ཀྱང་རྣམ་པར་དབྱེར་མི་རུང་།། འཇིག་རྟེན་ན་ནི་སངས་རྒྱས་ཆོས་རྒྱལ ་མཆོག། ཆོས་ཀྱི་དབང་ཕྱུག་ཀུན་རིག་ཀུན་མཁྱེན་པ།། སྟོན་པ་དེ་ལ་སློབ་ན་དེ་བཞིན་དུ།། འཕགས་པ་ཀུན་གྱིས་དེ་ཉིད་དོན་ཀྱང་རྟོགས།། འབྱུང་བ་གང་ལགས ་བ་དང་ད་ལྟར་དང་།། མ་འོངས་པ་ན་འབྱུང་བ་གང་ལགས་པ།། ཐམས་ཅད་ལ་ཡང་ཐུབ་པ་སྐྱེས་མཆོག་གིས།། ཡེ་ཤེས་འཇུག་སྟེ་ཐོགས་པ་ཡོང་མི་མངའ།། ་སྐྱེས་བུ་དམ་པ་དེ་ཡིས་དེ་རིང་བདག། དགས་མ་མཆིས་པར་བྱང་ཆུབ་མཆོག་ལུང་བསྟན།། བདག་ནི་འགྲོ་ལྔ་ཕྱིར་སངས་རྒྱས་འགྱུར།། བདག་ནི་སོམ་ཉི་མ་མཆིས ་དོགས་མ་མཆིས།། །། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས ་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་བཀའ་སྩལ་པ། སྐྱེས་བུ་དམ་པ་ཁྱེད་ཀྱི་དེ་བཞིན་གཤེགས་པས་བྱང་ཆུབ་ཅི་ནས་ཡུན་ར། ་དུ་གནས་པར་བྱ་བའི་ཕྱིར་ཟུངས་ཤིག། ཁྱེད་ཀྱི་ནང་ནས་མདོ་སྡེ་འདི་དག་བཟུང་བར་སུ་སྤྲོ།། དེ་ནས་དེར་བྱང་ཆུབ་སེམས་དཔའ་ཉི་ཁྲི་དང་། ལྷའི་བུ་སྟན་ལས་ལངས་ཏེ། ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་མདོ་སྡེ་འདི་ལྟ ་བུ་དག་བཟུང་བར་འཚལ་ལོ།། རྒྱས་པར་ཡང་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་ཀྱིས་ཆོས་བསྒྲུབ་པ་ཇི་ལྟ་བུས་དེ་བཞིན ་གཤེགས་པའི་བྱང་ཆུབ་འདི་འཛིན་པར་བྱེད། དེ་ནས་དེར་བྱང་ཆུབ་སེམས་དཔའ་ཡེ་ཤེས་རྒྱལ་མཚན་ཏོག་ཅེས་བྱ་བ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ། ་ཏོ། བཅོམ་ལྡན་འདས་བདག་གིས་དམ་པའི་ཆོས་བཟུང་བར་འཚལ་ན་ཅི་བདག་དེ་བཞིན་གཤེགས་པའི་བྱང་ཆུབ་འཛིན་པ་ལགས་སམ། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེ་ལྟར་བསྒྲུབ་ན་དེ་བཞིན་གཤེགས་པའི་བྱང་ཆུབ་འཛིན་པ་ཡང་དག་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་མཉམ་པ་ལྟས་གསོལ་པ། ་བཅོམ་ལྡན་འདས་བདག་གིས་མཚམས་མ་མཆིས་པ་མཉམ་པ་ཉིད་ཀྱིས་བྱང་ཆུབ་མཉམ་པ་ཉིད་དུ་མཐོང་ན། ཅི་བདག་དེ་བཞིན་གཤེགས་པའི་བྱང་ཆུབ་འཛིན་པ་ལགས ་སམ། བཀའ་སྩལ་པ་རིགས་ཀྱི་བུ་ཁྱོད་ལྟར་སྒྲུབ་ན། ངའི་བྱང་ཆུབ་འཛིན་པ་ཡང་དག་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ཐབ་མེད་ཀྱིས་གསོལ་པ། བཅོམ ་ལྡན་འདས་བདག་གིས་སོ་སོའི་ཆོས་ཀྱང་མ་མཐོང་། སློབ་པའི་ཆོས་དང་མི་སློབ་པའི་ཆོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཆོས་དང་། སངས་རྒྱས ་ཀྱི་ཆོས་རྣམས་ཀྱང་མ་མཐོང་ན། ཅི་བདག་དེ་བཞིན་གཤེགས་པའི་བྱང་ཆུབ་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ།། བྱང་ཆུབ་སས ་དཔའི་ཆོས་ཐམས་ཅད་ལ་ཁས་ཆེ་བ་མེད་པར་ཤིན་ཏུ་གནས་པར་གསོལ་པ། བཅོམ་ལྡན་འདས་བདག་གི་ཆོས་ཀྱི་རང་བཞིན་ཅི་ཡང་མ་འཚལ་ཞིང་མི་འཛིན་ན། ཅི་བདག་དམ ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ།། བྱང་ཆུབ་སེམས་དཔའ་མིག་མི་འཛུམ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་མིག་གི ་མི་ལྟ། སེམས་ཀྱིས་མི་གཏོང་། དྲན་པ་མི་སྐྱེད་ན་ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ།། བྱང་ཆུབ་སེམས་དཔའ ་རྗོད་དུ་མེད་པས་གསོལ་པ། བཅོམ་ལྡན་འདས་བདག་ཆོས་ཀྱང་མི་སྟོན། ཆོས་མ་ལགས་པ་ཡང་མི་སྟོན། བདག་ལ་ཆོས་ཀྱི་སྒྲ་ཡང་མི་འབྱུང་། ཆོས་ཀྱི་འདུ་ཤེས་ལ་ཡང་། ་རྟོག་པར་མི་བགྱིད་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ།། བྱང་ཆུབ་སེམས་དཔའ་མིང་མེད་ཀྱིས་གསོལ་པ། བཅོམ ་ལྡན་འདས་བདག་གི་མིང་དང་། མཚན་མ་ཡང་མི་ཉན་ལགས་ན་ཅི་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི ་བུ་དེ་ནི་དེ་བཞིན་ནོ།། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་ནམ་མཁའི་ངོ་བོ་ཉིད་དུ་རིག་ནས་གང་ལ་འཛིན་པ ་ཆོས་རྣམས་དང་། ཆོས་མ་ལགས་པ་རྣམས་ཀྱང་མཐོང་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ།། བྱང་ཆུབ་སེཾས ་དཔའ་མི་གཡོ་བའི་སྟབས་ཀྱིས་འགྲོ་བས་གསོལ་པ། བཅོམ་ལྡན་འདས་བདག་ཆོས་ཐམས་ཅད་ལ་མི་དམིགས་མི་གཡོ།། མངོན་པར་ཞེན་པ་མ་མཆིས་ན། ཅི་བདག་དམ ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ།། བྱང་ཆུབ་སེམས་དཔའ་བདུད་འཇོམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་སངས ་རྒྱས་ཀྱི་ཡུལ་ལ་བདུད་ཀྱི་ཡུལ་གྱི་རྗེས་སུ་མཆིས་ལ། བདུད་ཀྱི་ཡུལ་ལ་ཡང་སངས་རྒྱས་ཀྱི་ཡུལ་གྱི་རྗེས་སུ་མཆིས་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། ་བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ།། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྟབས་ཀྱིས་འགྲོ་བས་གསོལ་པ། བཅོམ་ལྡན་འདས་གང་ཆོས་ཀྱི་དབྱིངས་ཀྱང་འབྱེད་པར ་མི་བགྱིད། སེམས་ཅན་གྱི་ཁམས་ལ་མ་རྟོགས་པར་ཡང་ཆོས་དབྱིངས་ལ་འཇུག་པར་མི་བགྱིད་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས ་ཀྱི་བུ་དེ་ནི་དེ་བཞིན་ནོ།། བྱང་ཆུབ་སེམས་དཔའ་མི་དམིགས་པས་གསོལ་པ། བཅོམ་ལྡན་འདས་གང་ཆོས་ཅི་ཡང་མི་དམིགས་ལ། བ་སྤུའི་ཁུང་བུ་ཐམས་ཅད་ནས་ཀྱང ་ཆོས་ཀྱི་སྒྲ་འབྱུང་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ་རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ།། བྱང་ཆུབ་སེམས་དཔའ་ཀུན་ནས་བསྲུང་བས་གསོལ་པ། ་བཅོམ་ལྡན་འདས་གང་བདུད་ཀྱི་ཞགས་པས་ཀྱང་མ་ཅིངས་ལ་བྱང་ཆུབ་སེམས་དཔའི་སྤད་པ་ཡང་སྤྱོད་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ་རིགས ་ཀྱི་བུ་དེ་ནི་དེ་བཞིན་ནོ།། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གསོལ་པ། བཅོམ་ལྡན་འདས་གང་ཆོས་ཐམས་ཅད་རྒྱ་མཚོའི་ཕྱག་རྒྱར་ཡང་དག་པར་འདུ་བ་དང་། རྣམ་པར ་གྲོལ་བའི་ངོ་བོ་ཉིད་རོ་གཅིག་པར་འཚལ་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ་རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ།། ལྷའི་བུ་མཚན་བཟང་གི་གསོལ ་པ་རྙེ་བཅོམ་ལྡན་འདས་གང་སྐྱེ་ཡང་སྐྱེ་ལ། ཕུང་པོ་དང་ཁམས་སྐྱེ་མཆེད་རྣམས་འབྱུང་བ་ཡང་མི་འཛིན་ལ། འབྱུང་ཡང་འབྱུང་ལ། དེ་སེམས་དང་ཡིད་དུ་འདོགས་པར ་ཡང་མི་བགྱིད་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ་ལྷའི་བུ་དེ་ནི་དེ་བཞིན་ནོ།། ལྷའི་བུ་དྲི་མ་མེད་པས་གསོལ་པ། བཅོམ་ལྡན་འདས་གང་ཆོས ་ཐམས་ཅད་དྲི་མ་མཆིས་པ་དང་། འདོད་ཆགས་ཀྱི་རྡུལ་དང་བྲལ་བར་རིག་ནས། རྒྱུ་ལས་བྱུང་བ་ལས་རྣམ་པར་གྲོལ་བར་མི་བགྱིད་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། ་བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞིན་ནོ།། ལྷའི་བུ་སེམས་གྲོལ་གྱིས་གསོལ་པ། བཅོམ་ལྡན་འདས་གང་སེམས་ཅན ་རྣམས་དང་སྒྲོལ་བར་མི་བགྱིད་ལ། བདག་མ་མཆིས་པ་ཡང་འཚལ། སྒྲལ་ནས་འཛུད་པར་བགྱིད་ལ། ཚུ་རོལ་དང་ཕ་རོལ་དང་ཕ་རོལ་གྱི་འགྲམ་ན་ཡང་མི་གནས ་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞིན་ནོ།། ལྷའི་བུ་དགའ་བྱེད་ཀྱིས་གསོལ་པ། བཅོམ་ལྡན་འདས་གང་ཆོས་ཐོས ་ཅད་ལ་དབང་ཡང་ཐོབ་ལ་ཆོས་གང་བསྐྱེད་པར་མི་བགྱིད། འགག་པར་ཡང་མི་བགྱིད་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ ་དེ་བཞིན་ནོ།། ལྷའི་བུ་རྒྱལ་པོ་བཟང་གིས་གསོལ་པ། བཅོམ་ལྡན་འདས་གང་སེམས་ཅན་ཐམས་ཅད་སེམས་ཅན་མཉམ་པ་དང་། ཆོས་ཐམས་ཅད་ཆོས་མཉམ་པ་དང་། ཞི། ་ཐམས་ཅད་ཞིང་མཉམ་པ་དང་། སངས་རྒྱས་ཐམས་ཅད་སངས་རྒྱས་མཉམ་པ་རྗེས་སུ་སོང་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞི ་ནོ།། ལྷའི་བུ་ལེགས་པར་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ཆོས་ཅི་ཡང་མི་སེམས་ཤིང་སྤྲོས་པར་མི་བགྱིད་དེ། མཚན་མར་མི་བགྱིད་ན། ཅི་བདག་དམ་པའི་ཆོས ་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞིན་ནོ།། སྲིང་མོ་ཨུད་པ་ལས་གསོལ་པ། བཅོམ་ལྡན་འདས་བདག་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་རྣམས་ལགས། ་ག་ན་པར་གྲོས་པ་མནྡན། ད་མས་ཡིན་པ་ལགས་ས་པ། གའསྩལ་ལ། བླམ་དང་མམ།། ་ཏིག་ཕྲེང་གིས་གསོལ་པ། བཅོམ་ལྡན་འདས་བདག་གིས་བུད་མེད་ཀྱི་ཆོས་རྣམས་ཀྱང་མ་དམིགས། སྐྱེས་པའི་ཆོས་རྣམས་ཀྱང་མ་དམིགས་ཏེ། སངས་རྒྱས་ཀྱི་མཚན་ཉིད་གང ་ལགས་པ་དེ། དེ་བུད་མེད་དང་སྐྱེས་པའི་ཆོས་རྣམས་ཀྱི་མཚན་ཉིད་ལགས་ལ། ཆོས་དེ་དག་ཀྱང་ཆོས་མ་ལགས། ཆོས་མ་ལགས་པ་ཡང་མ་ལགས་ཏེ། དེའི་སླད་དུ ་འདི་ལྟར་བདག་ནི་བསྐྱེད་པར་ཡང་མི་བགྱིད། ཁས་ལེན་པར་ཡང་མི་བགྱིད་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། བུ་མོ་དེ་ནི་དེ་བཞིན་ནོ།། ་བུ་མོ་རིན་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་བྱང་ཆུབ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་མཐོང་ལ། སེམས་ཅན་ཐམས་ཅད་ཀྱི་གོ་ཆ་ཡང་བདག་གིས ་བགོས། དེ་དག་ཀྱང་གཏན་དུ་བདག་གིས་བགོས། དེ་དག་ཀྱང་གཏན་དུ་བདག་གིས་མཐོང་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ་བུ་མོ་དེ་ནི་དེ་བཞིན་ནོ།། ། ་བུ་མོ་དྲི་མ་མེད་པའི་འོད་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ཆོས་ཐམས་ཅད་ལ་ཡང་ཆོས་ཀྱི་འདུ་ཤེས་མི་སྐྱེད་ལ། སེམས་ཅན་ཐམས་ཅད་ལ་ཡང་སེམས་ཅན་གྱི་འདུ་ཤེས་མི ་སྐྱེད། ཆོས་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ལ་རྣམ་པར་མི་རྟོག་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཁོངས་སུ་ཡང་ཆོས་ཐམས་ཅད་འདས་པར་ཡང་དག་པར་མཐོང ་སྟེ། དེ་དག་གི་ཁོངས་སུ་ཡང་མ་ཞེན་པར་ཡང་དག་པར་མཐོང་ན། བཅོམ་ལྡན་འདས་བདག་དེ་ལྟར་བརྩོན་ན་ཅི་དམ་པའི་ཆོས་འཛིན་པ་ལགས ་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་མོ་ཁྱོད་དེ་ལྟར་བསྒྲུབས་ན། དམ་པའི་ཆོས་འཛིན་པ་ཡང་དག་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་རྣམ་པར་ངེས་པའི་སྤོབས་པ་དང་ལྡན་པའི་བུ་མོ་རྣམས་ཀྱིས། འདིར་རྣམ་པ་དང་སྒྲ་དང་།། ་བརྡ་སྣ་ཚོགས་ཀྱིས་ཆོས་ཉིད་དེ་ཁོ་ན་གླེངས་ཏེ། ཆོས་གང་ཡང་འགལ་བར་མི་བགྱིད་ལ། ཆོས་ཐམས་ཅད་ཀྱང་བྱང་ཆུབ་དང་མཉམ་པ་ཉིད་དུ་སྟོན་པ་ནི་ངོ་མཚར་ལགས་སོ།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་དེ་ནི་དེ་བཞིན་ཏེ། བུ་མོ་འདི་དག་ནི་བསམ་གྱིས་མི་ཁྱབ་པའི་ཆོས་རྣམ་པར་ངེས་པར་སྟོན་པ་ལ་མཁས་པ། སངས་རྒྱས་མང་པོ་ལ ་བསྙེན་བཀུར་བྱས་པ། བཟོད་པ་ཐོབ་པ་ཤ་སྟག་གོ། ཀོའུ་ཤི་ཀ་གཞན་ཡང་ཆོས་ཀྱི་རྣམ་གྲངས་འདི་བཟུང་བ་དང་། གཞན་དག་ལ་ཡང་རྒྱས་པར་བསྟན་པ་དང་། དེ་བཞིན་ག ་པ་མ་ངན་ལས་འདས་པའི་འོག་ཏུ་ཡང་། མ་འོངས་པའི་སེམས་ཅན་ཆེན་པོ་དམ་པའི་ཆོས་ཀྱི་གྲོང་ཁྱེར་བསྲུང་བ་དེ་དག་ལ་སྟབས་པའི་ཕྱིར་ཁྱོད་ལ་བཏད་དོ།། དེ་ལྟར་བྱས་ན ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་མཆོག་བྱས་པར་འགྱུར་རོ།། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བདག་གིས་བཟུང་ལགས་སོ།། འདི ་ནི་བདག་གིས་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཁོ་ན་རྒྱས་པར་བགྱིའོ།། མ་འོངས་པའི་སེམས་ཅན་ཆེན་པོ་དེ་དག་ལ་ཡང་སྟབ་པར་འཚལ་ལོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ ་ལྡན་འདས་བདག་གིས་ནི་དེ་བཞིན་གཤེགས་པ་ལ་བཀའ་དྲིན་བསབ་པའི་རྔོ་མི་ཐོག་སྟེ། འདི་ལྟར་བདག་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་ཕན་གདགས་པས་གཏགས་པའི་སླད་དུའོ།། ་བཅོམ་ལྡན་འདས་གཞན་ཡང་ཅི་ནས་བདུད་དང་ཕྱིར་རྒོལ་བ་བཅོམ་ནས། འདི་འཛམ་བུའི་གླིང་དུ་སྤྱོད་པར་འགྱུར་བ་དེ་ལྟ་བུར་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པས་བྱིན་གྱིས ་བརླབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ ་བའི་རིགས་སྔགས་དང་། གསང་སྔགས་ཀྱི་གཞི་བྱིན་གྱིས་བརླབས་པ་ངས་བསྟན་པར་བྱའོ།། རིག་སྔགས་དང་གསང་སྔགས་ཀྱི་གཞི་དེ་དག་གིས། བདུད་ཐམས་ཅད་དང་། ཕས ་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཆར་བཅད་པར་འགྱུར་ལ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྒྲོན་མ་འདི་ཡང་ཡུན་རིང་དུ་གནས་པར་འགྱུར་རོ།། །། ཏདྱ་ཐཱ། ཨ་བྷ་ཡེ། བྷ་ཡ ་བྷི་ག་ཏེ། བ་ཡ་བི་ཤོ་དྷ་ནེ། ཨ་བྷ་ཡ་ཏེ། ནི་རུ་པྲད་དྲ་བེ། ཨ་ནཱ་ཀུ་ལཱི། ཨ་ཀུ་ལཱ་སཾ་ཤོ་དྷ་ནེ། ཨ་གྲ་ཧེ། ཨ་བི་བ་དེ། ཨ་ཀ་ལ་པེ། ཨ་ཙྱད་ཏེ། ཤུ་བྷ་ཏེ་ཛེ། ཏེ་ཙོ་བ་ཏི། ་མ་ཧཱ་ཏེ་ཛེ། ཨུ་པ་ཤ་མེ། མེ་ཏྱུད་ག་ཏེ། ཤོ་ཥ་ཡ་མ་ནེ། སིད་ཏྱེ་རད་ཤ་ནེ། ཨ་བི་རུད་དྷེ། ས་ཧི། ཏ་ཨརྠ་སིད་དྷ། ཨ་མྲི་ཏ་བ་ཏེ། ས་ག་ར། ས་ག་ར་པ་ཏི། ཨ་དྷི ་བར་དྷ་ཛ་སིན་དི། ཨག་ཀྵ་ཏ་པྲ་བྷེ། ཛ་ཏི་བི་ཤོ་དྷ་ནི། ཤུད་དྷེ་ཤུ་བྷེ། ཨ་བྷ་ས་བ་ཏི། ས་མ་པྲ་ཡོ་གེ། ས་མ་ཅིད་དེ། ཨ་ནུ ་ཏ་རེ། བུད་དྷ་ཨ་དྷ། ཤ་ནེ། ཤི་ལ་བི་ཤོ་དྷ་ནེ། ཨ་ན་ཏི་ཀྲ་མ་ནེ། ཨ་སང་ག་ཧཱ་རེ། ནི་གྲི་ཧཱི་ཏམ་མཱ་ར་བ་ལམ། པ་རཱ་ཛེ་ཡོ། དྲི་ཤ་ག་ཏཱ་ནན། ཛཱ་ལ་ནན། དྷ་ར་མོ་ལྐ ་ནན། སང་གྲི་ཧི་ཏན། དྷརྨ་དཱ་ནན། ཨུད་ག་ཏི་ཏ་ན་དྷ་ར་མ་ནི། དྷ་ནན།། ། ཀོའུ་ཤི་ཀ་རིག་སྔགས་དང་གསང་སྔགས་ཀྱི་གཞི་ནི་འདི་དག་ཡིན་ཏེ། འདས་པ་དང་མ ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱིས་དམ་པའི་ཆོས་ཡོངས་སུ་བཟུང་བའི་ཕྱིར་གསུངས་སོ།། རིག་སྔགས་དང་གསང་སྔགས་ཀྱི་གཞི་འདི་དག་གིས་ནི་བརྩོད་པའི་བདག ་པོ་བདུད་ཐམས་ཅད་ཆར་གཅོད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཀུན་ཏུ་སྣང་བ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས ་ཀྱང་ཆོས་ཀྱི་རྣམ་གྲངས་འདི་བཟུང་བར་བགྱི། བཅང་བར་བགྱི། རྒྱས་པར་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱས་པ་བཟོ་བ་དང་། བྱས་པ་ཚར་བ་ནི་དཀར་པོའི ་ཆོས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་བསྔགས་པའི་སླད་དུའོ།། བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པ་ལ་བྱས་པ་བཟོ་བ་དང་། བྱས་པ་ཚར་བ་རྗེས་སུ ་བསྲུང་སྟེ། དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་འདི་བཟུང་བར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་བསོད་ནམས་འཕགས་ཀྱིས་གསོལ་པ། བཅོམ་ལྡན་འདས་། ་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པའི་ཆོས་བཟུང་ན། བསོད་ནམས་ཅི་ཙམ་ཞིག་བསྐྱེད་པར་འགྱུར་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་ཚིག ་སུ་བཅད་དེ་བཀའ་སྩལ་པ། སངས་རྒྱས་སྨན་གྱི་ཕྱོགས་བཅུ་ཡི།། ཞིང་རྣམས་ཇི་སྙེད་ངས་མཐོང་བ།། དེ་ཀུན་རིན་ཆེན་གང་བྱས་ནས།། མི་གང་སྦྱིན་པ་སྦྱིན་བྱེད་ལ། ་གང་ཞིག་འཇིག་རྟེན་མགོན་པོའི་ཆོས།། སྙིང་ནས་ཡོངས་སུ་འཛིན་བྱེད་ན།། དེ་བས་མི་དེ་བསོད་ནས་ནི།། ཤིན་ཏུ་མང་དུ་འཕེལ་བར་འགྱུར།། བསྐལ་པའི་བར་དུ་བཞུགས ་ནས་ནི།། དཔེ་རྣམས་བསྟན་པས་བཤད་ན་ཡང་།། དམ་པའི་ཆོས་ནི་འཛིན་པ་ཡི།། བསོད་ནམས་ཟད་པར་ཡོང་མི་འགྱུར།། ཆོས་ཀྱི་རྣམ་གྲངས་འདི་བསྟན་ན།། ལྷ་བྱེ་བ ་ཁྲག་ཁྲིག་བདུན་བཅུ་རྩ་དྲུག་གིས།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བྱང་ཆུབ་སེམས་དཔའ་དྲུག་ཁྲི་ནི་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ ་སྐྱེས་སོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་དང་མཚན་མ་ཆེན་པོ་བཅོ་བརྒྱད་དུ་རབ་ཏུ་གཡོས་པར་གྱུར་ཏེ། འདི་ལྟ་སྟེ།། ་ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ།། ནུབ་ཕྱོགས་མཐོན་ཤར་ཕྱོགས་དམའ།། ལྷོ་ཕྱོགས་མཐོན་བྱང་ཕྱོགས་དམའ།། བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམ ་དབུས་མཐོན་མཐའ་དམའོ།། མཐའ་མཐོན་དབུས་དམའ་བར་འགྱུར་ཏེ། གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འ ་ལྡེག་རབ་ཏུ་ལྡེག། ཀུན་ཏུ་རབ་ཏུ་ལྡེག། འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། འུར་འུར་རབ་ཏུ་འུར་འུར། ཆེམ་ཆེམ། ་རབ་ཏུ་ཆེམ་ཚེམ། ཀུན་ཏུ་རབ་ཏུ་ཆེམ་ཚིམ་མོ།། སྣང་བ་ཆེན་པོས་ཀྱང་འཇིག་རྟེན་ཁྱབ་པར་གྱུར་ཏོ།། མེ་ཏོག་གི་ཆར་ཆེན་པོ་ཡང་བབ་པོ།། སིལ་སྙན་དག་ཀྱང་མ་དཀྲོལ ་བར་རང་འཁྲོལ་ཞིང་། སིལ་སྙན་དང་གླུ་དབྱངས་དེ་དག་ལས་ཀྱང་། སྒྲ་འདི་ལྟ་བུ་འབྱུང་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཕས་ཀྱི་རྒོལ་བ་ཐམས་ཅད ་ཀྱིས་མི་ཚུགས་པར་བྱིན་གྱིས་བརླབས་སོ།། ཆོས་ཀྱི་རྣམ་གྲངས་འདི་རྣམ་པར་དཀྲུག་ཏུ་མེད་པའི་ཚུལ་དུ་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་ལེགས་པར་བཏབ་པོ་ཞེས་བྱུང་ངོ་།། ཀླུའི ་རྒྱལ་པོ་རྒྱ་མཚོས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་མུ་ཏིག་གི་ཆར་ཆེན་པོ་ཕབ་པོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན ་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཟུང་ལ་གཞན་དག་ལ་ཡང་རྒྱས་པར་ཡང་དག་པར་སྟོན་ཅིག་གསོལ་པ། བཅོམ་ལྡན་འདས ་ཆོས་ཀྱི་རྣམ་གྲངས་འདི་བདག་གིས་བཟུང་ལགས་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་བཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཞེས་བྱ་བར་ཡང་ཟུང་ཤིག། ཀླུའི་བདག་པོའི་གཟུངས་ཀྱི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག། རིན་པོ ་ཆེ་ཀུན་ནས་བཏུས་པའི་ཆོས་ཀྱི་སྒོ་ཡོངས་སུ་དག་པའི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ་ཀླུའི་རྒྱལ་པོ་རྒྱ་མཚོ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་དང་། རྒྱལ་པོ་མ་སྐྱེས་དགྲ་དང་། ཕྱོགས་བཅུ་ནས་འདས་པའི་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ ་ལ་མངོན་པར་བསྟོད་དོ།། ། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས།། རྒྱ་གར་གྱི་མཁན་པོ་འཛིན་མི་ཏྲ་དང་པྲཛྙཱ་བ་ར་མ་དང་། ་ཞུ་ཆེན་གྱི་ལོ་ཙཱ་བ་བན་དྷེ་ཡེ་ཤེས་དྷེ་ལ་སོགས་པས་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ། ཨརྱ་སཱ་ག་ར་ཛ་པ་རི་པྲིད་ཙ་ན། ་