CLOSE WINDOW

F311: 'phags pa bden pa bzhi'i mdo
Wyliee-texts produced with BDRC’s OCR application

@##། རྒྱ་གར་སྐད་དུ། ཨཱརྱ་སདན་ཏུར་སུ་ཏྲ། བོད་སྐད་དུ། འཕགས་པ་བདེན་པ་བཞིའི་མདོ།། སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དེས་ཅིག་ན། བཅོམ་ལྡན་འདས་དམར་བུ་ཅན་གྱི་གྲོང་ཁྱེར་དང་། རྒྱལ ་པོའི་ཁབ་ཀྱི་བར་གྱི་དབུས་ན། རྒྱལ་པོའི་གནས་འོད་མའི་དབྱུག་པ་ཅན་ན། ནུབ་མོ་ཉེ་བར་བརྟེན་ཅིང་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཐབས་ཅིག་ཏུ་བཞག ་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་དང་ཁྱེད་ཅག་ཁོ་ནས། འཕགས་པའི་བདེན་པ་བཞི་པོ་དག་མ་ཤེས ་མཐོང་། ཁོད་དམ་ཆུད་སོ་སོར་མ་རྟོགས་པས། ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ།། བཞི་པོ་དེ་དག་གང་ཞེ་ན། ང་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ ་འཕགས་པའི་བདེན་པ་མ་ཤེས་མ་མཐོང་ཁོང་ད་མ་ཆུད། སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱག་ཅིང་། འཁོར་བར་གྱུར་ཏོ།། ང་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ ་ཀུན་འབྱུང་འཕགས་པའི་བདེན་པ་མ་ཤེས་མ་མཐོང་ཁོང་དུ་མ་ཆུད། སོ་སོར་མ་རྟོགས་པས་ལམ་རིང་པོར་རྒྱུག་ཅིང་འཁོར་བར་གྱུར་ཏོ།། ང་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ ་འགོག་པར་འགྲོ་བའི་བདེན་པ་མ་ཤེས་མ་མཐོང་ཁོང་དུ་མ་ཆུད་སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ།། ང་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ ་འགོག་པར་འགྲོ་བའི་ལམ། འཕགས་པའི་བདེན་པ་མ་ཤེས་མ་མཐོང་། ཁོང་དུ་མ་ཆུད་སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག ་ཅིང་འཁོར་བར་གྱུར་ཏོ།། དགེ་སློང་དག་ངས་སྡུག་བསྔལ་འཕགས་པའི་བདེན་པ་རྗེས་སུ་རྟོགས་ཤིང་། སོ་སོར་རྟོགས་ཏེ། སྲིད་པའི་སྲེད་པ་བཅད་པས་འཁོར་བའི ་སྐྱེ་བ་ཟད་དེ། ད་ནི་སྲིད་པ་གཞན་མེད་དོ།། ངས་སྡུག་བསྔལ་འཁོར་བ་འཕགས་པའི་བདེན་པ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་ཏེ། སྲིད་པའི་སྲེད་པ་བཅད་པས། འཁོར ་བའི་སྐྱེ་བ་ཟད་དེ། ད་ནི་སྲིད་པ་གཞན་མེད་དོ།། ངས་སྡུག་བསྔལ་འགོག་པར་འགྲོ་བའི་ལམ། འཕགས་པའི་བདེན་པ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་ཏེ། སྲིད་པའི ་སྲེད་པ་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ་ད་ནི་སྲིད་པ་གཞན་མེད་དེ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས ་ནས། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ།། ང་དང་ཁྱེད་ཅག་ཁོ་ན་ཡིས།། འཕགས་པའི་བདེན་པ་བཞི་པོ་དག། ཇི་ལྟ་བ་བཞིན་མ་མཐོང་བས། ་ལམ་རིང་དུ་ནི་འཁོར་བར་འགྱུར།། བདེན་པ་དེ་དག་མཐོང་བས་ན།། སྲིད་པའི་སྲེད་པ་བཅད་ནས་སུ།། འཁོར་བའི་སྐྱེ་བ་ཟད་པས་ན།། ད་ནི་སྲིད་པ་གཞན ་མེད་དོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ་འཕགས་པའི་བདེན་པ་བཞིའི་མདོ་རྫོགས་སྷོ། བཀྲ་ཤིས། @རྒྱ་གར་སྐད་དུ། སུ་ཀ་རི་ཀ་བ་དུན ་