CLOSE WINDOW

F30: 'phags pa byams pa lung bstan
Wyliee-texts produced with BDRC’s OCR application

མངོན་པར་དགའོ།། འཕགས་པ་ཟམ་ཏོག་བཀོད་པ་ཞེས་བྱང་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ་ཨརྱ་མེའི་ཏྲི་ཡ་བྱ་ཀ་ར་ན་མ། བོད་སྐད་དུ། འཕགས་པ་བྱམས་པ་ལུང་བསྟན་པ། འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ།། ཆོས་ཀྱི་སྡེ་དཔོན་ཁྱབ་བདག་དཔལ། ་ཤེས་རབ་ཆེན་པོ་ཤ་རིའི་བུས།། འཇིག་རྟེན་རྣམས་ལ་སྙིང་རྩེའི་ཕྱིར། སྟོན་པ་ས་ནི་ཡོངས་ཞུས་པ།། སྔོན་དང་ཕྱི་མིའི་མདོ་ལས་ནི།། མ་འོངས་པའི་སངས་རྒྱས་གང་།། ་འཇིག་རྟེན་འདྲེན་པར་མཛད་པ་པོ།། བྱམས་པ་ཞེས་བྱ་བསྟན་པ་དེ།། འདྲེན་པ་བདག་ནི་དེ་མཐུ་དང་། རྫུ་འཕྲུལ་དང་ནི་དོན་ཐམས་ཅད། རྒྱལ་ལ་རབ་ཏུ་ཉན་ཚལ་ན། ་དེ་ནི་མི་མཆོག་བདག་ལ་གསུས།། དེ་ལ་སྟོན་པས་བཀའ་སྩལ་པ།། སངས་རྒྱས་བྱམས་པ་མི་མཆོག་དེ།། འབྱོར་པ་རྒྱས་པ་ཁྱོད་ལ་ངས། ལུང་བསྟན་བྱ་ཡི་ང་ལས ་ཉོན།། དེ་ཡི་ཚེ་ན་རྒྱ་མཚོ་ནི།། ཁོར་ཡུག་ཏུ་ནི་བག་ཚད་བརྒྱ།། སྐམ་པར་འགྱུར་ཏེ་དེ་ཡང་ནི།། འཁོར་ལོས་བསྒྱུར་བའི་ལམ་བཟངས་ཡིན།། དེ་ཚེ་འཛམ་བུའི་གླིང་འདི ་ཡང་།། མཆུ་ཞེང་ཐག་གྲུ་མཉམ་པར་ནི།། དཔག་ཚད་སྟོང་ཕྲག་བཅུ་པ་སྟེ།། འབྱུང་པོ་ཀུན་གྱི་གནས་སུ་འགྱུར།། དེའི་ཚེ་ན་ཡུལ་གྱི་མི།། ངར་ཅིང་འབྱོར་ལ་ཆགས་པ ་མེད། འཚེ་མེད་མི་ནི་དེ་དག་ཀྱང་། དགེ་འབྱེད་པ་དག་ཏུ་འགྱུར།། ས་བཞི་ཚེར་མ་མེད་པ་དང་།། མཉན་ཞིང་ནི་གསེང་སྔོ་དང་ལྡན།། འཕར་ཞིང་ནེམས་ཞེས ་བྱེད་པ་སྟེ།། ཤིང་བལ་འདབ་མ་བཞིན་དུ་འཇམ།། དངར་ཞིང་དྲི་ནི་ཞིམ་པ་ཡི།། ས་ལུ་མ་དགེ་རྨོས་པར་སྐྱེའོ།། སྐྱེ་ཚོགས་ཚོན་གྱི་མཛེས་བྱས་པའི།། གོས་ཀྱི ་ལྗོན་ཤིང་འབྱུང་བར་འགྱུར།། མེ་ཏོག་ལོ་མ་འབྲས་ལྡན་པའི།། ལྗོན་ཤིང་འཕང་དུ་རྒྱུད་གྲབས་འབྱུང་།། དེ་དག་རྣམས་ཀྱི་ཚེ་ལོ་ནི།། བརྒྱད་ཁྲི་ཁོ་ན་ཐུབ་པར་འགྱུར། ་སེམས་ཅན་དེ་དག་སྐྱོན་མེད་ཅིང་།། ཉེས་བྲལ་སྤྲོབ་ཆེ་དང་ལྡན།། ལུས་ཆེ་ཁ་དོག་ལྡན་པ་སྟེ།། ཆེན་པོ་ཆེའི་སྟོབས་དང་ལྡན། ནད་ནི་གསུམ་ཞིག་འབྱུང་འགྱུར་ཏེ། ་། འདོད་དང་མི་ཟརྒ་བའོ།། བུ་མོ་ལོ་ནི་ལྔ་བརྒྱ་དག། ལོན་ནས་ཁྱོལ་བག་མར་འགྲོ།། ངོ་ཚེ་ཏོག་ལྡན་ཞེས་བྱ་བའི།། རྒྱལ་པོའི་ཕོ་བྲང་འབྱུང ་འགྱུར་ཏེ། སྲོག་ཆགས་དགེ་བའི་ལས་བྱེད་པ།། སེམས་ཅན་རྣམས་ཀྱི་གནས་ཡིན་ནོ།། མཆུར་ནི་དཔག་ཚད་གཉིས་ཏེ།། རྒྱར་ནི་དཔག་ཚད་བདུན་ཡོད་པ།། བསོད ་ནམས་བྱས་པ་རྣམ་དག་གི། གྲོང་ཁྱེར་ཡིད་འོང་འབྱུང་བར་འགྱུར།། རིན་ཆེན་བདུན་ལས་བྱས་པ་ཡི།། འོབས་ཀྱང་འབྱུང་བ་ཁོ་ནར་འགྱུར།། ཁོར་ཡུག་ཏུ་ནི་ཏ་ལ་ཡི།། ་ཕྲེང་བ་བདུན་གྱིས་ཡོངས་སུ་བསྐོར།། རིན་ཆེན་སོ་ཕག་གིས་རྩིགས་ཤིང་།། པད་མ་ཨུད་པ་ལ་བཙལ་དུ་བཀྲམ།། དུར་བས་མཛེས་པར་བྱས་པ་ཡི། འོབས་ཀྱང་འབྱུང ་བ་ཁོ་ནར་འགྱུར། ཁོར་ཡུག་ཏུ་ནི་ཏ་ལ་ཡི། ཕྲེང་བ་བདུན་གྱིས་ཡོངས་སུ་བསྐོར། དྲིལ་བུའི་དྲ་བས་མཛེས་པ་ཡི།། རིན་ཆེན་བཞི་རྒྱུད་ཧ་ལ་དག། རླུང་བསྐྱོད་ཏ་ལ ་དེ་དག་ལས། སྨན་པའི་སྒྲ་ནི་འདི་ལྟར་འབྱུང་།། སིལ་སྙན་ཡན་ལག་ལྔ་ལྡན་བཞིན།། དེ་ལས་ཡིད་འོང་སྒྲ་གྲག་འགྱུར།། མི་རྣམས་གང་དག་གྲོང་ཁྱེར་དེར། རྩེ་དགའ ་བདེ་དོན་གཉེར་བ་རྣམས།། དེ་དག་ཏ་ལའི་སྒྲ་དེ་ཡིས།། རབ་ཏུ་མགུ་ཞིང་རྩེ་བར་བྱེད།། ཨུད་པའི་ཀུ་མུ་ཏྲ་གང་བའི།། རྫིང་བུ་དག་ཀྱང་འབྱུང་བར་འགྱུར།། གྲོང་དེ་སྐྱེད ་མོས་ཚལ་དང་ནི།། ནག་ཚལ་ཕུན་སུམ་ཚོགས་པར་འགྱུར།། དེར་ནི་དུང་ཞེས་བྱ་བ་ཡི།། རྒྱལ་པོ་གཟི་བརྗིད་ཆེ་ལྡན་ཞིང་།། སྟོབས་ཚེ་གླི་བཞིའི་དབང་ཕྱུག་ལ། ་མངའ་བདག་འཁོར་ལོས་བསྒྱུར་བར་འབྱུང་།། དཔུང་གི་ཡན་ལག་པ་ནི་འབྱོར་ནིང་།། རིན་ཆེན་བདུན་དང་ཡང་དག་ལྡན།། རྒྱལ་པོ་དེའི་རྣམས་ནི།། སྟོང་དུ་ཚང་བ་འབྱུང་བ ་འགྱུར།། མི་ཡི་དབང་པོ་དེ་ཡང་ནི།། ས་འདི་རྒྱ་མཚོའི་མཐའ་སྤགས་པའི།། ཆགས་པ་མེད་ཅིང་ཆོས་དང་ནི།། འཐུན་པར་ཡོངས་སུ་སྐྱོང་བར་འགྱུར།། དེ་ཚེ་དུང་ཞེས ་བྱ་བ་ཡི།། ས་བདག་རྒྱལ་པོ་དེ་ལ་ནི།། རིན་ཆེན་ཁྲག་ཁྲིག་རྒྱས་འཚོན་པའི།། གཏེར་ཆེན་བཞི་ནི་འབྱུང་བར་འགྱུར།། སུ་ཡི་མཚན་ན་སེར་སྐྱ་སྟེ། བཅོམ་བརླབ་ན་ནི ་དཀར་པོ་ཡིན།། ས་འཛིན་ན་ནི་ཨེ་ལེའི་འདག། བར་ན་སྡེ་གྲོང་ཁྱེར་དྲུང་།། གཏེར་ནི་བཞི་པོ་ཁོ་ན་དང་།། རྒྱལ་པོ་ཡང་དག་ལྡན་པར་ནི།། འབྱུང་འགྱུར་དཔའ་བོ་ཆེན་པོ་དེ།། ་བསོད་ནམས་བརྒྱ་ཡི་སྟོབས་ལས་སྐྱེས།། དེ་ཚེ་རྒྱལ་པོ་དེའི་མདུན་ན་འདོན།། བྲམ་ཟེ་ཚངས་རབ་ཅེས་བྱ་བ།། ཐོག་མར་རིག་བྱེད་བཞི་འདོན་པའི།། མཁན་པོ་ཞིག་ནི་འབྱུང ་བར་འགྱུར།། འདོན་དུ་འཇུག་དང་གསང་སྡུག་འཛིན།། དྲན་ལྡན་རིག་བྱེད་བཞུང་འགྲེལ་དང་།། སྒྲ་ངེས་སྦྱོར་བཅས་ཕ་རོལ་ཕྱིན། བརྡའ་སྤྲོད་པ་དང་ཚིག་དང་ལྡན།། དེ་ཚེ་དེ ་ཡི་ཆུང་མ་ནི།། ཚངས་ལྡན་མ་ཞེས་བྱ་བ་སྟེ།། མཛེས་ཤིང་ལྟ་ན་སྡུག་པ་དང་།། གཟུགས་བཟང་གྲགས་དང་ལྡན་པ་འབྱུང་།། བྱམས་པ་གང་ཟག་མཆོག་གྱུར་པར།། དགའ ་ལྡན་གནས་ནས་ཤི་འཕོས་ནས། དེ་ཚེ་དེའི་ལྷུམས་སུ་ནི།། ངེས་པར་ཞིང་མཚམས་སྦྱོར་བར་འགྱུར།། གཟི་བརྗིད་ཆེན་པོ་ཟླ་བ་བཅུ།། ཚངས་པར་ལྷུམས་སུ་ཞུག་ནས ་མཀྱང་།། བྱམས་པ་ཡུལ་ནི་སྐྱེད་མོས་ཚལ།། མེ་ཏོག་བཟང་རྒྱས་ནང་གཤེགས་ནས།། ཆོས་སྤྱོད་མ་དེ་མི་འདུག་ཅིང་།། མི་ཉལ་བཟེང ་བཞིན་དག་ཏུ་ནི།། ཤིང་གི་ཡལ་ག་ལ་བཟུང་ནས།། བྱམས་པ་བལྟམས་པ་ཉིད་དུ་འགྱུར།། མི་ཡི་མཆོག་ཏུ་གྱུར་པ་ཏེ།། བློ་གཡས་ནས་ནི་འབྱུང་འགྱུར་ཏོ།། ་དཔེར་ན་སྤྲིན་གྱི་ཕུང་པོ་ནས།། ཉི་མ་བྱུང་བ་བཞིན་དུ་གསལ།། ཇི་ལྟར་ཆུའི་པད་མ་བཞིན།། མངལ་གྱི་འདམ་གྱི་མི་གོས་སོ།། ཁམས་གསུམ་འདི་དག་ཐམས་ཅད་དུ།། ། ་འོད་རྒྱས་པར་འགེངས་པར་འགྱུར།། དེ་ནས་རྒྱ་བྱིན་ལྷའི་དབང་པོ།། བདེ་སོགས་མངའ་བདག་གྱུར་ནས་ཀྱང་།། བྱམས་པ་རྐང་གཉིས་མཆོག་གྱུར་པ།། བལྟམ་པའི ་ཚེ་ན་ལེན་པར་འགྱུར་དེ་ཚེ་བལྟམ་མ་ཐག་ཏུ་ཡང་།། གོམ་པ་བདུན་དག་འདོར་བར་འགྱུར།། གོམ་པ་རེ་རེ་གཏེར་དང་ནི།། པད་མ་རེ་རེ་འབྱུང་བར་འགྱུར།། ཕྱོགས ་བཞི་དག་ཏུ་གཟིགས་ནས་ནི།། བདག་གི་སྐྱེ་བ་ཐ་མ་ནི།། འདི་ཡིན་ཡང་སྲིད་ཡོད་མ་ཡིན། ཡང་དག་ཡང་དུ་ཕྱིར་མི་འོང་།། ཟག་མེད་མྱ་ངན་འདས་འགྲོ་ཞེས།། གསུང ་ཡང་རབ་ཏུ་བཀའ་སྩལ་ཏོ།། ཀླུ་རྣམས་ཀྱིས་ནི་ཆུའི་རྒྱུན།། གསིལ་དང་འཇམ་པས་སྐུ་བསིལ་འགྱུར།། ན་མཁའི་ངོས་ནས་ལྷ་རྫས་ཀྱི།། གོས་དང་མེ་ཏོག་འབབ་པར ་འགྱུར།། དེའི་དབུ་ལ་གདུགས་དཀར་བ།། ལྷ་རྣམས་ཀྱིས་ནི་འཛིན་པར་འགྱུར།། མཚན་མཆོག་སུམ་བཅུ་རྩ་གཉིས་མངའ།། བྱམས་པ་དཔལ་གྱི་འབར་བ་དེ།། མ་མ ་ཡང་དག་བླངས་ནས་སུ།། ཡུམ་གྱི་ཕྱག་དུ་འབུལ་བར་འགྱུར།། རིན་ཆེན་སྣ་ཚོགས་ཀྱི་བརྒྱན་པའི།། ཁྱོད་ནི་ཡིད་དུ་འོང་བ་ལ།། སྲས་དང་བཅས་པ་བཞུགས་གསོལ ་ནས། ལྷ་རྣམས་ཀྱིས་ནི་ཁྱེར་བར་འགྱུར།། སིལ་སྙན་སྟོང་ཕྲག་དུ་མ་དག། སྒྲ་འབྱིན་འཁྲོལ་བའི་གྲོང་ཁྱེར་དེར།། བྱམས་པ་བཤེགས་པ་ཙམ་གྱིས་ནི།། མེ་ཏོག ་ཆར་པ་འབབ་པར་འགྱུར།། དེའི་ཉིན་པར་སྡུམས་མ་ཡིས། བུད་མེད་ཐམས་ཅད་ཉམས་བདེ་ཞིང་། བུད་མེད་རྣམས་ཀྱང་བཙས་འགྱུར་ཏེ།། དེ་དག་ཐམས་ཅད་ཉམ ་བདེ་ཞིང་།། བདེ་ལུག་སུ་ནི་བཙས་པར་འགྱུར།། ཚངས་རབ་མཚན་མཆོག་སུམ་བཅུ་གཉིས།། ལྡན་པའི་སྲས་དེ་མཐོང་ནས་ནི།། གསང་སྔགས་དག་ལ་རབ ་རྟགས་ནས།། དེའི་འོག་ཏུ་དགའ་བར་འགྱུར།། ཇི་ལྟར་སྔགས་ལས་འབྱུང་བ་བཞིན།། གཞོན་ནུའི་འགྲོ་བ་གཉིས་ཡིན་ཏེ།། མི་དབང་འཁོར་ལོས་བསྒྱུར་བ་འམ། ་སངས་རྒྱས་རྐང་གཉིས་མཆོག་ཏུ་འགྱུར། བྱམས་པ་རྐང་གཉིས་མཆོག་གྱུར་པ།། དཔལ་དེ་ན་ཚོད་རྫོགས་ནས་ནི།། སྐྱེ་རྒུ་འདི་ནི་སྡུག་བླ་སྙམ།། ཆོས་ཀྱི་བདག ་ཉིད་དགོངས་པར་མཛད།། དབྱངས་ཚེ་ཚངས་པའི་དབྱངས་དང་ལྡན།། འོད་ཆེན་གསེར་གྱི་མདོག་དང་།། སྟོང་ཕེལ་ཆེ་ཞིང་ཐལ་གྲོང་རྒྱས།། པད་མའི་འདབ་མ ་འདྲ་བའི་སྤྱན།། དེའི་སྤུ་ཡི་ཁྲུན་དུ་ནི།། ཁྲུ་ནི་བརྒྱད་བཅུ་དག་ཏུ་འགྱུར།། ཞེངས་མི་ཁྲུ་རྣམས་ཉི་ཤུ་སྟེ།། ཞལ་གྱི་དཀྱིལ་འཁོར་དེའི་ཕྱེད། བྱམས་པ་དེ་ནི་བྲམ་ཟེའི ་། #། བུ། སྟོང་ཕྲག་བཞི་པོ་དག་དང་ནི།། བརྒྱད་བཅུས་མདུན་དུ་བདར་ནས་ནི།། གསང་སྔགས་དག་ཀྱང་འདོན་དུ་བཅུག། དེ་ནས་རྒྱལ་པོ ་ཆེན་པོ་དང་།། སྦོམ་སུ་འདོམ་ནི་དྲུག་བཅུ་བཞི།། འཕངས་དུ་འདོམ་ནི་སྟོང་ཡོད་པའི།། མཆོད་སྡོང་ཞིག་ནི་འཛུགས་པར་འགྱུར།། མི་དབང་དེའི་མཆོད་སྡོད་དེ།། ། ་རིན་ཆེན་ཚོགས་ཀྱིས་བརྒྱན་པ་ཡི།། མཆོད་སྦྱིན་གྱིས་ནི་མདུན་གྲངས་ཏེ།། བྲམ་ཟེ་དག་ལ་རབ་ཏུ་འབུམ། མཆོད་སྡོང་ཡིད་འོང་རིན་ཆེན་རྒྱུན།། དེ་ནི་ཕུལ་མ་ཐག ་ཏུ་ཡང་།། བྲམ་ཟེ་སྟོང་པོ་རྣམས་ཀྱིས་ནི།། དེའི་མོད་ལ་འགེང་པར་འགྱུར།། བྱམས་པ་མཆོད་སྡོང་དེ་ཡིས་ནི།། མི་རྟག་ཉིད་ནི་མཐོང་ནས་ཀྱང་། འཁོར་བ་མཐའ ་དག་རྣམས་བསམ་ཏེ།། རབ་ཏུ་འབྱུང་བར་འགྲོ་བར་འགྱུར།། འདིར་བདག་རབ་ཏུ་བྱུང་ནས་ནི།། བདུད་རྩིའི་གོ་འཕངས་རེག་འགྱུར་དང་། སྐྱེ་བོ་འཆི་བདག་ན་རྒ་བའི།། ་འཇིགས་ལས་གྲོལ་བར་འགྱུར་སྙམ་ཞིང་།། བྱམས་པ་གང་ཟག་མཆོག་གྱུར་ཏེ།། སྟོང་ཕྲག་བཞི་པོ་དག་དང་ནི།། བརྒྱ་བཅུ་དག་གི་མདུན་བདའ་ནས།། རབ་ཏུ་འབྱུང་བ་ངེས ་འབྱུང་འགྱུར།། དེ་ཚེ་བདག་གི་བྱང་ཆུབ་ཤིང་།། ཀླུ་ཤིང་ཞེས་བྱ་འབྱུང་འགྱུར་ཏེ།། དེ་ཡི་ཡལ་ག་ག་ནམས་འཕང་དུ།། དཔག་ཚད་ཙམ་དུ་ཡང་དག་འཕགས།། དེ་ཚེ་བྱང ་ཆུབ་ཤིང་དེ་ཡིས།། ཡལ་ག་འགྲེལ་བ་ཐམས་ཅད་དུ།། ཁོ་ར་ཁོར་ཡུག་རྒྱང་གྲགས་དྲུག། ཁེབས་པ་ཁོ་ན་དག་ཏུ་འགྱུར།། བྱམས་པ་རྐང་གཉིས་མཆོག་གྱུར་ཏེ།། དེའི ་དེའི་དྲུང་དུ་བཞུགས་ནས་སུ།། བླ་མེད་བྱང་ཆུབ་ཞི་པ་ནི།། འཐོབ་འགྱུར་འདི་ལ་ཐེ་ཚོམ་མེད།། གང་གི་ནུབ་མོ་ཁོ་ན་ལ།། རབ་ཏུ་འབྱུང་བར་མངོན་འབྱུང་བ།། དེའི་ནུབ་མོ་ཁོ་ན་ལ། ་བྱང་ཆུབ་དམ་པ་ཐོབ་པར་འགྱུར།། དེའི་འོག་དུ་ཐུབ་མཆོག་དེ།། དམ་ཆོས་སྡུག་བསྔལ་ཀུན་སྤོང་ཞིང་།། ཞི་བ་ཡན་ལག་བརྒྱད་པ་ཡི།། གསུང་གི་སྟོན་པ་མཛད་པར་འགྱུར།། ་སྐྱེ་བོ་བར་དག་གཟིགས་ནས་ནི།། སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་།། བདེ་བ་མྱ་ངན་འདས་འགྲོ་བ།། འཕགས་ལམ་ཡན་ལག་བརྒྱད་པ་ཡི།། བདེན་པ་དག་ཀྱང་སྟོན ་པར་འགྱུར།། དེའི་ཆོས་དེ་ཐོས་ནས་ཀྱང་།། བསྟན་པ་ལ་ནི་ནན་ཏན་སྒྲུབ།། མེ་ཏོག་མཛེས་པ་རྒྱས་པ་ཡི་སྐྱེད་མོས་ཚལ་དུ་དེའི་འཁོར།། དཔག་ཚད་རྒྱ་ཁྱོན་གང་དག་པ།། ་ཡང་དག་འདུན་པ་ཁོ་ནར་འགྱུར།། དེ་ནས་མི་དབང་རྒྱལ་པོ་དུང་།། གྲགས་པ་ཆེན་པོ་ཐོས་ནས་ཀྱང་།། རབ་ཏུ་འབྱུང་བར་འདོད་པར་འགྱུར།། རྒྱལ་པོ་སྟོང་ཕྲག་བཞི་དང་ནི།། ། ་བརྒྱད་བཅུ་དག་གིས་འདུན་བདར་ཏེ།། ཁྱིམ་ནས་ངེས་པར་འབྱུང་ནས་ནི།། རབ་ཏུ་འབྱུང་བར་འགྲོ་བར་འགྱུར།། བྱམས་པའི་ཡབ་ཀྱང་དེ་བཞིན་དུ། དེའི་ཚད་དང་མཉམ་པ་ཡི།། ་བྲམ་ཟེ་རྣམས་ཀྱིས་མདུན་འདར་ནས།། རབ་ཏུ་འབྱུང་བར་འགྲོ་བར་འགྱུར།། བྱམས་པའི་ཡབ་ཀྱང་དེ་བཞིན་དུ།། དེའི་ཚད་དང་མཉམ་པ་ཡི།། བྲམ་ཟེ་རྣམས་ཀྱི་མདུན་བདར ་ནས།། རབ་ཏུ་འབྱུང་བར་འགྲོ་བར་འགྱུར།། དེ་ན་དེ་ཚེ་ཁྱིམ་བདག་ནི།། ནོར་བཟངས་ཞེས་ནི་རྣམས་གྲངས་པ།། ཆོས་ཀྱི་བདག་ཉིད་སྟོན་དག་གིས།། བསྐོར་ནས་རབ་ཏུ་འབྱུང ་@#། བར་འགྱུར།། དུང་གི་བུད་མེད་རིན་པོ་ཆེ།། ས་ག་ཞེས་ནི་རྣམས་གྲགས་པ།། བུད་མེད་སྟོང་ཕྲག་བཞི་དང་ནི།། བརྒྱད་བཅུ་དག་གིས་མདུན་འདར་ཏེ། ་དེའི་འོག་ཏུ་མངོན་བྱུང་ནས།། རབ་ཏུ་འབྱུང་བ་འགྲོ་བར་འགྱུར།། དེའི་ཚེ་ན་བྱམས་པ་ཡི།། བསྟན་པ་དེ་ལ་ནི་སྲོག་ཆགས་དག། སྟོང་ཕྲག་དག་ནི་བརྒྱད་བཅུ་རྣམས།། རབ ་ཏུ་འབྱུང་བ་འགྲོ་བར་འགྱུར།། དེའི་འོག་ཏུ་ཐུགས་རྗེ་ཅན།། སྟོན་པ་བྱམས་པ་རྐང་གཉིས་མཆོག། འཁོར་ལ་རྣམ་པར་གཟིགས་ནས་ནི།། ཤཱཀྱ་སེང་གེ་ཐུབ་པ་སྟེ།། ག ་རྡོ་སྐྱོབ་པར་མཛད་པ་ཡི།། དམ་པའི་ཆོས་དབྱིངས་གཟིགས་གྱུར་པར།། འཇིག་རྟེན་མགོན་པོས་འདི་དག་ཀུན།། ཐར་པའི་ལམ་ནི་བསྐྱེད་ནས་ཀྱང་།། དོན་གྱིས་ངའི ་བསྟན་ལ་ང་གཏད།། གདུགས་དང་བ་དན་རྒྱལ་མཚན།། དྲི་དང་འཕྲེང་དབྱུག་པ་དང་།། རོལ་མོ་སྒྲ་སྙན་སྒྲགས་པ་ཡིས།། ཤཱཀྱ་ཐུབ་ལ་མཆོད་ནས་ནི།། ངའི ་བསྟན་ལ་ལྷགས་པ་ཡིན།། གུར་གུམ་ཆུའི་གདབ་པ་དང་།། ཙན་དན་དག་གིས་བྱུག་པ་ཡིས།། ཤཱཀྱ་ཐུབ་པའི་མཆོད་ལྷ།། མཆོད་ནས་ངའི་རྟེན་ལས་ལྷགས།། ་དེ་ཚེ་སངས་རྒྱས་ཆོས་དང་ནི།། དགེ་འདུན་ལ་ཡང་སྐྱབས་སོང་ཞིང་།། དགེ་བའི་ལས་ཀྱང་བྱས་ནས་ནི།། ངའི་བརྟན་ལས་ལྷགས་པ་ཡིན།། ཤཱཀྱ་སེང་གེའི་སྟན་པ ་ལ། བསླབ་བཞི་ཡང་དག་བླང་ནས་སུ།། ཇི་ལྟར་གསུངས་བཞིན་བསྒྲུབས་ནས་ནི།། ངའི་བསྟན་ལ་ལྷགས་པ་ཡིན།། དགེ་འདུན་ལ་ཡང་ཆོ་ས་དང་།། ཞལ་ཟས ་དང་ནི་བཏུང་བ་དང་།། བསྙུན་གསོས་སྣ་ཚོགས་སྦྱིན་པ་རྣམས།། ཕུལ་ནས་ངའི་བསྟན་ལ་ལྷགས།། བཅུ་བཞི་དང་ནི་བཅཝོ་ལྔ་དང་།། དེ་བཞིན་ཟླ་གཅིག་ཚེས་བརྒྱད་དང་།། ་ཆོ་འཕྲུལ་གྱི་ནི་ཟླ་བ་ལ།། ཡན་ལག་བརྒྱད་ལེགས་མཉམ་བཞག་ཅིང་།། བསྙེན་གནས་གསོ་སྦྱོང་བྱས་ནས་ནི།། ངའི་བསྟན་ལ་ལྷགས་སོ་ཞེས།། དོན་འདི་རབ་ཏུ ་གསུངས་པར་འགྱུར།། དེའི་ཉན་ཐོས་རྣམས་ཀྱང་ནི།། ཆོ་འཕྲུལ་གསུམ་གྱི་འདུལ་བར་འགྱུརརོ།། དེ་ཚེ་དེ་དག་ཐམས་ཅད་ནི།། ཟག་ཟད་འགྲོགས་ན་བདེ་བར་འགྱུར།། ་དེའི་འདུས་པ་དང་པོ་ནི།། ཉོན་མོངས་སྲེད་པ་བཅད་གྱུར་པ།། དུང་ཕྱུར་ཕྲག་དགུ་བྱེ་ཕྲག་དྲུག། ཚངས་པའི་ཉན་ཐོས་འབྱུང་བར་འགྱུར།། དེའི་འདུས་པ་གཉིས་པ་ནི།། ་ཉན་ཐོས་འཆིང་བ་ལས་གྲོལ་བ།། དྲུང་ཕྱུར་ཕྲག་དགུ་བྱེ་ཕྲག་བཞི།། ཚངས་པའི་ཉན་ཐོས་འབྱུང་བར་འགྱུར།། དེའི་འདུ་བ་གསུམ་པ་ནི།། སེམས་བཞི་རྣམ་པར་གྲོལ ་གྱུར་པ།། དུང་ཕྱུར་ཕྲག་དགུ་བྱེ་བྲག་གཉིས།། ཚངས་པའི་ཉན་ཐོས་འབྱུང་བར་འགྱུར།། ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས།། ལྷ་དང་མི་རྣམས་རྣམ་བཏུལ་ཏེ།། ་ཉན་ཐོས་དགེ་འདུན་ཐབས་ཅིག་ཏུ།། གྲོང་དུ་བསོད་སྙོམས་སྤྱོད་ལ་རྒྱུ།། དེ་ནས་རྟོག་ལྡན་དགའ་ལྡན་ལྷའི།། གྲོང་ཁྱེར་དེར་ནི་གཤེགས་པ་ན།། གྲོང་ཁྱེར་མཆོག་ཏུ ་མན་དྷ་ར་ཡིས།། མེ་ཏོག་ཆར་ཆེན་འབབ་པར་འགྱུར།། ཐུབ་པོ་གྲོང་ཁྱེར་གཤེགས་པ་ནི།། ལྷའི་མེ་ཏོག་འཐོར་བར་འགྱུར།། རྒྱལ་པོ་ཆེན་པོ་བཞི་དག་དང་། ་ཟམ། #བརྒྱ་བྱིན་སུམ་བཅུ་རྩ་གསུམ་དབང་།། ཚང་པ་ལྷ་ཚོགས་ཐབས་ཅིག་ཏུ།། དེ་ལ་མཆོད་པ་བྱེད་པར་འགྱུར།། ལྷའི་བུ་ནི་མཐུ་ཆེན་གྱིས། ་ཨུད་དཔལ་པད་མ་ཀུ་མ་ཏ།། པད་མ་དཀར་པོ་དྲི་ཞིམ་དང་།། ཨ་ཀ་རུ་དང་ཙན་དན་དང་། དེ་བཞིན་ལྷ་རྫས་ཕྲེང་བ་དང་།། ལྷ་རྫས་གོས་ཀྱང་འཐོར་བར ་འགྱུར།། འཇིག་རྟེན་མགོན་པོ་གྲོང་ཁྱེར་གྱིས།། མཆོག་དུ་གཤེགས་པ་མཐོང་ནས་ནི།། ཤིང་བལ་འདབ་ལྟར་འཇམ་པ་ཡི།། ས་དེར་གདིང་བ་ཆ་ཆེན ་འདིངས།། དེ་དག་ལམ་དཀར་འཕྲེང་བ་ནི།། སྣ་ཚོགས་དག་ནི་རྣམ་པར་འགྲེམས།། ལྷའི་བུ་ནི་ཐུ་ཆེན་དང་།། མི་རྣམས་ཡིད་ནི་རབ་དང་བ།། གདུགས ་དང་རྒྱལ་མཚན་བ་དན་དང་།། སྤོས་དང་ཕྲེང་བ་བྱུག་པ་དང་།། རོལ་མོ་སྒྲ་བསྟན་བསྒྲགས་པ་ཡིས།། སྟོན་པ་ལ་ནི་མཆོད་པར་འགྱུར།། བརྒྱ་བྱིན་མིག་སྟོང་ལ་རྣམ ་ཀྱི།། རྒྱལ་པོ་བདེ་སོགས་བདག་པོ་དེ།། རང་གུས་ཐལ་མོ་སྦྱར་ནས་ནི།། འཇིག་རྟེན་མགོན་ལ་སྤྱོད་པར་བྱེད།། སྐྱེས་བུ་བཅང་ཤེས་ཁྱོད་ལ་འདུད།། སྐྱེས་མཆོག ་ལ་ནི་ཕྱག་འཚལ་ལོ།། གང་ཟག་མཆོག་གྱུར་བཅོམ་ལྡན་འདས།། སྐྱེ་རྒུ་ཀུན་ལ་ཐུག་རྩེར་མཛོད།། དེའི་ཚེ་ན་འདི་ལྟ་བུར།། མཐུ་ཆེན་བདུད་ཅེས་བྱ་བ་འབྱུང་།། ་དེ་ཡང་ཐལ་མོ་རབ་སྦྱར་ནས།། འཇིག་རྟེན་མགོན་ལ་སྟོད་པར་བྱེད།། ཚོང་པོའི་འཁོར་གྱིས་ཡོངས་བསྐོར་ཅིང་།། ཚངས་པས་ཀྱང་ནི་མདུན་བདར་ཏེ།། ཚངས་པའི ་དབྱངས་ནི་སྒྲོགས་བཞིན་དུ།། དམ་པའི་ཆོས་ནི་གསུངས་པར་བར་འགྱུར།། ཟག་ཟད་ཉེས་པ་རྣམས་བྲལ་ནིང་།། སྲིད་པའི་བཅིང་བ་རབ་སྤངས་པའི།། དགྲ་བཅོམ ་རྣམས་ཀྱི་ས་འདི་ནི།། ཐམས་ཅད་ཀུན་ཏུ་གང་བར་འགྱུར།། ལྷ་དང་མི་དང་དྲི་ཟ་དང་།། གནོད་སྦྱིན་དང་ནི་སྲིན་པོ་ཀླུ།། མཐུ་ཆེན་རྣམས་ནི་མགུ་འགྱུར་ནས།། སྟོན་པ ་མཆོད་པ་བྱེད་པར་འགྱུར།། གང་དག་བྱམ་པའི་སྙན་པ་ལ།། ཚངས་པར་སྤྱད་པ་སྤོད་འགྱུར་བ།། དེ་དག་གདོན་མི་ཟ་བར་ནི།། སྲིད་པ་དྲ་བ་བཅད་པར་བྱ།། བསམ ་གཏན་རྫོགས་པར་བྱས་ནས་ནི།། དགེ་དང་བདེ་དང་ཡང་དག་ལྡན།། འབྱུང་པོ་ཀུན་ལ་ཐུགས་རྩེ་བ།། བྱམ་པ་རྐང་གཉིས་རྣམས་ཀྱི་མཆོག། ལོ་ནི་དྲུག་ཁྲི་བར་དུ ་ཡང་།། དམ་པའི་ཆོས་ནི་སྟོན་པར་འགྱུར།། དེ་ནི་སྲོག་ཆགས་བརྒྱ་སྟོང་དང་།། འབུམ་ཕྲག་རྣམ་པར་འདྲན་པ་སྟེ།། དམ་པའི་ཆོས་ལ་བཏུལ་ནས་སུ།། དེ་ནས་མྱ་ངན ་འདའ་བར་འགྱུར།། ཐུབ་པ་ཆེན་པོ་བྱམ་པ་དེ།། ཡོངས་སུ་མྱ་ངན་འདས་ནས་ཀྱང་།། དེ་ཚེ་དེའི་དམ་ཆོས་ནི།། ལོ་ཁྲི་དག་དུ་གནས་པར་འགྱུར།། རྒྱལ་བ་ཤཱཀྱ་ཐུབ་དེ་ལ།། ་སེམས་ནི་རབ་ཏུ་དང་བར་བགྱི།། དེ་ནས་བྱམས་པ་རྐང་གཉིས་མཆོག། རྫོགས་པའི་སངས་རྒྱས་མཐོང་བར་འགྱུར།། དེ་ཕྱིར་སངས་རྒྱས་ཆོས་དག་དང་།། དགེ་འདུན་ཚོགས ་ཀྱི་མཆོག་བཅས་ལ།། སེམས་ནི་རབ་ཏུ་དང་གྱིས་དང་།། དོན་ཆེན་རབ་ཏུ་གྲུབ་པར་འགྱུར།། ཐུགས་རྗེ་ཆེ་ལྡན་དེ་ལྟ་བུ།། བྱམས་པ་ཀེང་གཉིས་མཆོག་གྱུར་པ།། དེ་ཚེ་གཞེས་པར ་བྱས་ནས་ནི།། དེ་ནས་མྱ་ངན་འདས་པར་གྱུར།། ཡ་མཚན་འདི་དག ་ཐོབ་གྱུར་ཅིང་།། འབྱོར་པ་མི་ཉུང་མཐོང་ན་ནི།། ནག་པོའི་རིགས་ཀྱང་དད་འགྱུར་ན། ་མཁས་པ་སུ་ཞིག་དང་མི་འགྱུར།། དེ་ཕྱིར་འདི་དག་ཉིད་ཆེ།། འདོད་ཅིང་བདག ་ལ་ལེགས་འདོད་པས།། སངས་རྒྱས་བསྟན་པ་དྲན་བཞིན་དུ།། དམ ་པའི་ཆོས་ལ་གུས་པ་བྱས།། འཕགས་པ་བྱམས་པ་ལུང་བསྟན་པ་རྫོགས ་