CLOSE WINDOW

F295: gsal rgyal gyi tshigs su bcad pa
Wyliee-texts produced with BDRC’s OCR application

སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས། གཏན་ལ་ཕབ་པའོ།། བཀྲ་ཤིས། ཞུ་ཆེན་གྱི་ལོནས་ཟིན ་རྒྱ་གར་སྐད་དུ། པྲ་སེ་ན་ཛ་དི་ག་ཐཱ། བོད་སྐད་དུ། གསལ་རྒྱལ་ཚིགས་སུ་གཅད་པ།། དཀོན་མཆོག་གསུམ་ལ་ཕྱག་འཚལ ་ལོ།། རྒྱལ་པོ་གསལ་རྒྱལ་གདུགས་དང་གཅོད་པན་དང་།། རྔ་ཡབ་རལ་གྲི་ནོར་བུ་ལྷམ་བཞག་སྟེ།། ཐལ་མོ་སྦྱར་ཅིང་ལེགས་པར་ཕྱག་འཚལ་ནས།། འཇིག་རྟེན ་མགོན་པོ་ལ་ནི་ཞུ་བ་ཞུས། ཕན་པར་དགོངས་པ་ཐུགས་རྗེའི་བདག་ཉིད་ཅན།། དེ་བཞིན་གཤེགས་རྣམས་མྱ་ངན་འདས་པ་ན།། མཆོད་པ་བགྱིད་བློ་མཆོག་ཇི ་འཁུར།། སྲིད་པ་གཞན་དུ་མི་རྣམས་བདེ་བཐོབ།། བཅོམ་ལྡན་པའི་སེང་གེ་ས་ཕྱི་འབའ།། ཆོས་རྣམས་ཀུན་ལ་མངོན་གསུམ་སྤྱན་གྱུར་བས།། ཀུན་དགའ ་@བཟང་པོ་རྒྱལ་ལས་མངོན་སུམ་དུ།། གསལ་རྒྱལ་ཞུས་ལམ་འདི་དག་བཀའ་སྩལ།། ཇི་ལྟར་རྒྱལ་བ་རྣམས་ལ་མི་རྣམས་ཀྱིས།། མཆོད། ་པ་བྱས་པས་སྲིད་པ་གཞན་དག་ཏུ།། རྣམ་སྨིན་འདོད་པ་རྒྱ་ཆེན་སྣ་ཚོགས་ཐོབ།། གསོལ་པའི་དོན་དེ་རྒྱལ་པོས་མཉམ་པར་གྱིས།། བཅོམ་ལྡན་འདས་ཀྱི་མཆོད་རྟེན ་རྣམས་དང་ནི།། སྐུ་གཟུགས་རྣམས་རྡུལ་ཕྲན་ཇི་སོང་བ།། དེའི་གྲངས་སྦེད་དེ་བྱེད་མི་རྣམས་ཀྱིས།། ལྷ་ཡུལ་ས་སྟེངས་ངེས་པར་རྒྱལ་སྲིད་འཐོབ་གཟུགས་དང་།། གཟུགས ་མེད་ཁམས་ཀྱི་ཏིང་ངེ་འཛིན།། ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས།། ཐ་མར་སྐྱེ་དང་རྒྱལ་སོགས་པ་ཡི།། སྡུག་བསྔལ་མེད་པའི་སངས་རྒྱས་གོམ་འཕང་ཐོབ། ་སུ་དག་འདིར་ནི་རྒྱལ་བའི་གཟུགས་བྱེད་པ། དེ་དག་གཟུགས་བཟང་ཡིད་འོང་ཡོན་ཏན་ལྡན།། དབང་པོ་བསྡམས་ཞིང་འོང་འབར་ཉི་མ་བཞིན།། འཇིག་རྟེན་དག་ནི་མིག ་དུ་སྡུག་པར་འགྱུར།། སུ་དག་བདེ་བར་གཤེགས་པའི་གཟུགས་བྱེད་པ། དེའི་ལུས་དེ་དྲི་མ་མེད་པ་དང་།། པད་མའི་སྙིང་པོ་ལྟ་བུར་འཇམ་ཞིང་ཡངས།། ནད་དང ་སྡུག་བསྔལ་འཇིགས་ལས་ཐར།། སུ་དག་འཇིག་རྟེན་མགོན་པོའི་གཟུགས་བྱེད་པ།། བྲན་དུ་མི་སྐྱེ་མདག་བཞུག་སྐྱེ་མི་འགྱུར།། དབུལ་པོར་མི་འགྱུར་རིགས་དམ ་མི་སྐྱེ་ཞིང་།། དབང་པོ་རྣམས་ཀྱང་ཉམས་པ་ཡོང་མི་འགྱུར།། ཐུབ་དབང་མཆོད་རྟེན་བྱེད་པའི་མི་རྣམས་ནི།། མྱ་ངན་ཡོང་མེད་ལུས་ཀུན་བརྟན་པ་དང་།། ལོངས་སྤྱོད ་མཆོག་ལྡན་རིན་ཆེན་མཛོད་མང་ལྡན།། འགྲོའི་ཚོགས་རྣམས་ཀྱང་ནི་ཐུབ་པར་འགྱུར།། རྒྱལ་བའི་མཆོད་རྟེན་སྲོག་ཤིང་ཕུལ་བ་ཡིས།། ཆོས་ཀྱི་རྗེས་འཐུན་ཆོས་ལ ་སྒྲུབ་པ་དང་།། ཚུལ་ཁྲིམས་ཐོས་དང་བཟོད་པའི་མཆོག་དང་ལྡན།། འཇིག་རྟེན་དག་ན་དོན་ཀུན་གྲུབ་པར་འགྱུར།། མཆོད་རྟེན་ལ་གདུགས་བརྩེགས་ཕུལ་བ་ཡིས།། ་ལྷ་དང་མིའི་ནང་དུ་སྐྱེ་བ་དང་།། སྲིད་མེད་བུའི་ལུས་འདུལ་ལུས་ཀུན་བརྟན།། བཀུར་སྟི་བྱས་པའི་ཡོན་ཏན་ལྡན་པར་འགྱུར།། ཐུབ་དབང་མཆོད་རྟེན་རྡོ་ཐལ་བྱུགས་པ ་ཡིས།། ལྷ་མི་འཇིག་རྟེན་དག་ན་ཚེ་རིང་ཞིང་།། ལུས་སེམས་ནད་དང་མྱ་ངན་རབ་སྤངས་ཏེ།། རྟག་ཏུ་སྐྱིད་ཅིང་ནོར་གྱིས་ཕྱུག་པར་འགྱུར།། གསེར་དངུལ་སྦ་བའི ་གླེགས་བམ་གཡོགས་པའི།། ཐུབ་པའི་དབང་པོའི་མཆོད་རྟེན་བྱ་བ་ཡིས།། མི་རྣམས་སྲིད་པའི་ཁྱད་པར་གཞན་དག་ཏུ།། ལུས་མཁྲེགས་འོད་ཀྱང་འབར་ཞིང ་མཛེས་པར་འགྱུར།། སུ་དག་ལ་ལ་མཆོད་རྟེན་སྐུ་གཟུགས་ལ།། དང་བའི་སེམས་ཀྱིས་བླ་རེ་འབུལ་བྱེད་པ།། དེ་དག་ས་སྟེང་རྒྱ་མཚོའི་མཐའ་ཀླས་པ།། མ་ལུས། ་གནོད་མེད་རྒྱལ་གཅིག་དབང་བྱེད་འགྱུར།། མཆོད་རྟེན་སྐུ་གཟུགས་དག་ལ་དགའ་བཞིན་དུ།། རྣམ་མང་རྒྱ་ཆེན་གདུགས་ནི་བརྟགས་པ་ཡིས།། ལྷ་མིའི་འཇིག་རྟེན ་དག་ན་གདུགས་འདྲ་བར།། ལྷ་དང་མི་ཡི་དབང་པོ་ལྟ་བུར་འགྱུར།། མི་རྣམས་སུ་དག་སྐུ་གདུང་སྙིང་པོ་ཅན།། དྲི་མེད་བསོད་ནམས་འབྱུང་གནས་གྱུར་པ་ལ། ་བ་དན་མཛེས་པ་སྣ་ཚོགས་འདོགས་པ་དག། མཐུ་དང་ལྡན་ཞིང་སྲིད་གསུམ་མཆོད་གནས་འགྱུར།། བདེ་གཤེགས་མཆོད་རྟེན་ཅོད་པན ་བཏགས་པ་ཡིས།། མི་དབང་དཔལ་དང་ལྡན་པའི་དབང་ཐོབ་པའི།། བདེ་བའི་མཆོག་ཀྱང་ཉམས་སུ་མྱོང་གྱུར་ནས།། རྣམ་པར་གྲོལ་བའི་ཅོད་པན་ཁྱད་པར་ཐོབ།། རྒྱལ ་བའི་མཆོད་རྟེན་དག་ལ་དྲིལ་ཕུལ་བས།། ཕྱག་བཙུན་གྲགས་པ་ཆེན་པོ་དག་དང་ལྡན། ཚངས་པའི་སྒྲ་དབྱངས་ཡིད་འོང་སྐྱེ་བ་དྲན།། དེ་དག་གིས་ན་རྒྱན་རྣམས་སྣ་ཚོགས ་འཐོབ།། མཁས་པ་སུ་དག་བདེ་གཤེགས་མཆོད་རྟེན་ལ།། དད་པའི་སེམས་ཀྱིས་འཕྲེང་བ་འདོག་བྱེད་པ། གསེར་འཕྲེང་རིན་ཆེན་མང་པོས་ལེགས་སྦས་པ།། ་བསོད་ནམས་ལྡན་པ་དེའི་འོག་ལ་ཐོགས།། སྟོན་པའི་མཆོད་རྟེན་དག་ལ་རྒྱན་འཆང་འདོགས།། དེ་དག་དོ་ཤལ་རྒྱན་ཕྲེང་ནོར་བུ་དང་།། གདབ་བུ་དག་དང་དཔུང་རྒྱན ་མཆོག་རྣམས་ཀྱིས།། ལུས་རྒྱན་འཇིག་རྟེན་དག་ཏུ་རྒྱུ་བར་འགྱུར།། སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ།། ས་དང་ལྕི་བས་ཉུག་པ་དེ་དག་ནི།། ལྷ་དང་མིར ་སྐྱེ་ལུས་མདོག་སྡུག་པ་དང་། རྣམ་དག་རྨ་མེད་བདེ་དང་ལྡན་པར་འགྱུར།། ཐུབ་དབང་མཆོད་རྟེན་བྱི་དོར་བྱས་པ་ཡིས།། ཤིན་ཏུ་ལྟ་ན་སྡུག་ཅིང་མིག་ཏུ་མཛེས།། བྱང ་བཞིན་བཟང་ཞིང་པད་མེའི་མདོག་དང་ལྡན།། སྲེད་པའི་སྐྱོན་རྣམས་དང་ནི་བྲལ་བར་འགྱུར།། སུ་དག་སྤོས་མཆོག་སྦར་བའི་འབྲུ་མར་གྱིས།། བདེ་བར་གཤེགས ་སྣ་ཚོགས་ལྡན་པ་ཀུན་གྱིས་བརྩེགས་པར་འགྱུར། ་པའི་མཆོད་རྟེན་བྱུག་བྱེད་པ།། དེ་དག་སྤོས་ཀྱིས་མཆོག་ཅིང་ཙན་དན་གྱིས།། ལུས་བྱུགས་ཉི་མའི་འོད་དང་འདྲ་བར་འགྱུར།། མི་རྣམས་གང་དག་ཐུབ་དབང་བཆོད་རྟེན་ལ། ་སྤོས་ཆུ་གཙང་ཞིང་དང་བས་ཁྲུས་གསོལ་པ།། དེ་དག་ལུས་ལ་དྲི་མ་མེད་པ་དང་།། གདུང་བ་མེད་ཅིང་མདོག་འཇམ་མྱ་ངན་མེ།། སུ་ཞིག་སངས་རྒྱས་མཆོད་རྟེན་སྐུ་གཟུགས ་ཁང་།། ཚོན་རྩི་སྣ་ཚོགས་རྣམས་ཀྱིས་མཛེས་བྱེད་པ།། དེ་ནི་བདེ་གཤེགས་མངའ་བའི་ཡོན་ཏན་རྣམས།། སུ་དག་དཔྱིད་ཀའི་དུ་སུ་གཙང་མའི་ཆུས།། མཆོད་རྟེན་ཉེ ་འཁོར་རྡུལ་རྣམས་ཞི་བྱེད་པ།། དེ་ལ་བུད་མེད་རྣམས་ནི་དགའ་བཞིན་དུ།། རྡུལ་ཡབ་གསེར་གྱི་ཡོ་བ།། དཀོན་མཆོག་གསུམ་ཕྱིར་མི་རྣམས་གང་དག་གིས།། འཕགས་པ ་དགྱེས་པའི་དཀྱིལ་འཁོར་བྱས་པས་ནི།། རྐང་ལག་དྲ་བར་སོར་མོ་འབྲེལ་བ་དང་།། ཡན་ལག་ཐམས་ཅད་ཀྱང་ནི་སྐྱོན་མེད་འགྱུར།། སུ་དག་དཀོན་མཆོག་གསུམ་ལ་མེ ་ཏོག་དང་།། འབྲས་བུ་གསར་ཐོག་འབྱུང་བ་འབུལ་བྱེད་པ།། དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན།། རོ་མཆོག་ཀུན་ཐོབ་མི་རྫི་སྟོབས་དང་ལྡན།། མེ་ཏོག་འཕྲེང་ཆེན ་མེ་ཏོག་འཚར་རྣམས་ཀྱིས།། སུ་དག་འདིར་ནི་རྒྱལ་བའི་གཟུགས་ལ་མཆོད།། དེ་དག་ལྷ་དང་མི་ཡི་འཇིག་རྟེན་དུ།། ཆ་བྱད་ཡིད་འོང་སྣ་ཚོགས་ལེགས་པར་བརྒྱན། ་སངས་རྒྱས་མཆོད་དག་ལ་དྲི་ཞིམ་འབུལ།། གདུགས་སྤོས་རྒྱ་ཆེན་མང་པོ་ལྡན་སྦྱོར་དང་།། ཨ་ཀ་རུའི་གདུགས་སྤོས་ཕུལ་བ་ཡིས།། དེའི་ལུས་ཀུན་སྟོབས་དང་ལྡན ་པར་གྱུར།། སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ།། རྒ་བཞིན་རྔ་ཡང་རྣམས་ནི་འབུལ་བྱེད་པ།། ཐུག་རྒ་འཁོར་རྣམས ་སྙིང་ཉེ་རྔ་ཡབ་ཐོགས།། ཆེ་བ་དེ་ལ་ཚེར་ཡང་གཡོབ་པར་བྱེད།། ཤིན་ཏུ་དྲི་མེད་ཟླ་བ་ཉ་འདྲ་བའི།། མེ་ལོང་སྡུག་གུ་ཐམས་ཅད་མཁྱེན་ལ་འབུལ།། དེ་དག་ཚེ་རབས ་རྒྱུད་པ་རྣམས་སུ་ཡང་།། ལྷ་མི་རྣམས་ཀྱིས་བལྟ་བར་འོས་སུ་འགྱུར།། སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ།། མཆོད་པའི་ཁྱད་པར་ཅི་འདོད་འབྱོར་པ་ཡིས།། ་མཚམས་པར་འབུལ་བྱེད་དེ་དག་དྲི་མེད་ཅིང་།། མྱ་ངན་མེད་པའི་བླ་མེད་བྱང་ཆུབ་འཐོབ།། མི་རྣམས་གང་དག་སངས་རྒྱས་མཆོད་རྟེན་ནམ།། སྐུ་གཟུགས་དག ་ལ་མགོས་གཏུགས་གུས་ཕྱག་འཚལ།། དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱིས།། ཆེར་ཡང་ཆེ་བར་བཀུར་བའི་ན་གནས་སུ་འགྱུར།། སུ་ཞིག་དང་བས་ཐུབ ་བའི་མཆོད་རྟེན་འམ།། སྐུ་གཟུགས་དག་ལ་བསྐོར་བ་བྱེད་པ་དེ།། ཕྱི་མའི་ཚེ་ལ་དགའ་ཆེན་རྣམས་ཀྱིས་བཏུང་།། བཟང་པོའི་གནོད་འགྱུར་ཡོན་ཏན་རྣམས ་དང་ལྡན།། མི་རྣམས་སུ་དག་དགའ་བཞིན་གུས་པ་ཡིན།། བླ་མེད་མཆོད་རྟེན་རྣམས་དང་སྐུ་གཟུགས་ལ།། ལུས་ཀྱི་ལས་རྣམས་བྱེད་པ་དེ་དག་ནི།། སྲིད ་པ་ཀུན་ཏུ་མཛོད་འཛིན་སངས་རྒྱས་འགྱུར།། རྒྱལ་བའི་མཆོད་རྟེན་རོལ་མོ་སྒྲ་ཕུལ་བས།། ཟབ་ཅིང་རིགས་པའི་སྤོབས་པ་ཕུན་སུམ་ཚོགས།། ཡན་ལག་ལྔ ་རྫོགས་ཡིད་འོང་ཚིག་དང་ལྡན།། སྒྲ་སྐད་དག་གིས་འཇིག་རྟེན་འགེངས་པར་བྱེད།། སུ་དག་རྒྱལ་བའི་གདུང་ལྡན་སྟོང་བྱེད་པ།། དེ་དག་གླིང་བུའི་སྒྲ་དང ་གླུ་སྙན་དང་།། སྒྲ་སྙན་ཡིད་འོང་བ་ཐོས་པ་དང་།། སོ་སོ་ཡང་དག་རིག་པའང་ཐོབ་པར་འགྱུར།། མི་རྣམས་གང་དག་རྩ་ཞིང་སོ་བག་གིས།། འཇིག་རྟེན་བླ་མའི ་སྤྱི་ག་བ་རིགས་པས་བྱེད།། ཡང་ན་གཞིན་དག་བྱེད་དུ་བཅུག་ཀྱང་རུང་།། དེ་དག་འགྲོ་བ་རྣམས་ཀྱི་སྐྱབས་འདྲར་འགྱུར།། མི་རྣམས་གང་དག་རྒྱལ་བའི་གཙང ་ཁང་བྱེད།། དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན།། ལྷ་དབང་གནས་འདྲའི་ཁང་ཁྱིམ་འོད་འབར་བ།། དུས་ཚིགས་ཀུན་ཏུ་བདེ་དང་ལྡན་པར་འགྱུར།། ་མཐོ་རིས་ལས་བཟང་འབྲས་བུའི་གནས་རྣམས་སུ།། བསྐལ་པར་རྒ་མེད་རྟག་ཏུ་དགའ་བཞིན་དུ།། བརྩོན་པར་བྱེད་ཅིང་མྱ་ངན་མེད་པ་དང་།། མཐའ ་མར་ཞི་བའི་གོ་འཕང་ཐོབ་པར་འགྱུར།། གང་དག་འཇའ་ཁྱགས་འདྲ་བའི་རྟ་བབས་མཛེས།། ཐུབ་པའི་ཆབ་སྒོ་སྒོང་བྱེད་དེ་དག་ནི།། སྲིད་པ་གཞན་དུ་ཁང་ཁྱིམ ་སྒོ་དང་བཅས།། རྣམ་པར་བརྒྱན་པ་རྣམས་ནི་ཐོབ་པར་འགྱུར།། མི་རྣམས་གང་དག་སྟོན་པའི་སྐུ་གདུང་ཁང་།། བསྲུང་ཕྱིན་དང་པའི་འོབས་དང་སྒོ་འཇུགས ་བ།། དེ་དག་ཚེ་རབས་གཞན་དུ་དགྲ་རྣམས་ཀྱིས།། དཔལ་ཡོན་རྣམས་དང་བྲལ་བར་ཡོང་མི་ནུས།། མི་རྣམས་སུ་དག་མཆོད་རྟེན་རྙིང་པ་རྣམས།། གཞན་གྱི ་དོར་བྱེད་པ་ཡིན་རང་གི་བློས།། རལ་ཚེམས་བྱེད་པའི་སྐྱེ་བོ་དེ་དག་ནི།། ལུས་བཟང་ཡོན་ཏན་དམ་པས་བརྒྱན་པར་འགྱུར།། ་རྒྱལ་བའི་མཆོད་རྟེན་མེ་ཏོག་བསལ་བས།། འདོད་ཆགས་ཆགས་མེད་ཞེ་སྡང་སྐྱེ་མི་འགྱུར།། གཏི་མུག་རྨོངས་པ་མེད་ལྟ་ཆགས་མི་འགྱུར།། མི་རྣམས་རབ། ་ཏུ་དགའ་ཞིང་སྐྱིད་པར་འགྱུར།། སུ་དག་གླང་ཆེན་དྲིལ་སྦྱངས་སྦ་བར་བརྒྱན།། དུལ་བའི་རྟ་དང་སྦྱར་བའི་ཤིང་རྟ་དག། སྟོན་པ་དང་ནི་འཕགས་པའི ་ཚོགས་ལ་འབུལ།། དེ་དག་བླ་མེད་ཐེག་ཆེན་ཐོབ་པར་འགྱུར།། སྐྱེ་བོས་སུ་དག་འཇིག་རྟེན་མགོན་པོ་ལ།། རིན་ཆེན་འབར་བ་ཡིད་དང་འཐད་པ་རྣམས།། ་འབུལ་བ་དེ་ནི་རིན་ཆེན་བདུན་པོ་དང་།། བྱང་ཆུབ་དྲི་མ་མེད་པའི་རིན་ཆེན་ཐོབ།། རྒྱལ་བའི་མཆོད་རྟེན་ལ་ནི་གོས་ཕུལ་བས།། བསོད་ནམས་བྱས་པ་ངོ་ཚའི ་གོས་གྱོན་ཏེ།། དགའ་ཞིང་ཡོན་ཏན་ཀུན་ལྡན་སེར་སྣ་མེད།། མདོག་ཀྱང་འཇམ་ཞིང་ཁ་དོག་གསེར་འདྲ་འགྱུར།། དཔེ་མེད་མཆོད་རྟེན་མར་མེ་ཕུལ་བ་ཡིས།། ་ཨུད་དཔལ་སྔོན་པོ་ཁ་བྱེ་འདབ་འདྲའི་མིག། གསལ་ཞིང་སྡུག་ལ་མིག་གི་དཀྱུས་རིང་འཛེས།། དྲི་མ་མེད་པའི་ལྷའི་མིག་དང་ལྡན།། སུ་དག་མཆོད་རྟེན་པར་མེ ་མངའ་བ་འབུལ།། དེ་དག་མིག་ཏུ་སྡུག་ཅིང་མཛེས་པར་རྒྱས།། མིག་ནི་དཀྱུས་རིང་མཐོན་ཀའི་མདོག་དང་ལྡན།། སྐྱེས་བུད་མེད་དག་གིས་བལྟ་བར་འོས།། ་མཚན་མོ་ཐུབ་ཆེན་སྤྱན་སྔར་ཐལ་སྦྱོར་འཁོད།། འབྱོར་དང་འཚམ་བར་མར་མེ་སྡོང་པོ་འབུལ།། དེ་དག་སྲིད་པ་གཞན་དུ་འབྲས་བུར་ལྡན།། རིན་ཆེན་གསལ ་བའི་འོད་ལྡན་ལུས་ཀྱང་འཐོབ།། རྒྱལ་ལ་ཕུལ་བའི་མར་མེ་འཆི་བ་ན།། དག་པའི་སེམས་ཀྱིས་འདིར་ནི་དགའ་ཞིན་དུ།། སྙིང་པོ་སྐུལ་བར་བྱེད ་པ་དེ་དག་ནི།། སྤྱན་ལྔ་དག་ཀྱང་ངེས་ཐོབ་པར་འགྱུར།། མི་རྣམས་གང་དག་དགེ་བའི་སེམས་ལྡན་པས།། རྒྱལ་བའི་མཆོད་པ་གཞན་གྱིས་བྱས ་པ་ལ།། རྗེས་སུ་ཡིད་རང་དོན་དེ་མ་བྱས་ཀྱང་།། མདོར་ན་དེ་དག་གིས་ཀྱང་བྱས་པར་འགྱུར།། ཚུལ་ཁྲིམས་ལྡན་པའི་ཕྱོགས་ནས་ལྷགས་པ་ལ།། ་སུ་དག་དགའ་ཞིང་མལ་སྟན་སྦྱིན་བྱེད་པ།། མི་རྣམས་འགྲོ་བ་དག་དུ་འཁོར་བ་ན།། སེང་གེའི་ཁྲི་དང་ལྟ་ན་རྣམས་འཐོབ་པར་འགྱུར།། སུ་དག་རབ་ཏུ ་བྱང་དང་འཚམ་པ་ཡི།། ཁ་ཟས་བཟང་པོ་དགེ་འདུན་སྦྱིན་བྱེད་པ།། དེ་དག་འཁོར་བའི་དགོན་པར་གནས་པ་ན།། ཁ་ཟས་ཁ་དོག་རོ་ལ་སོགས་ལྡན ་ཐོབ། སུ་དག་རབ་ཏུ་བྱུང་བར་འཚབ་པ་ཡི།། བཏུང་བ་རྒྱ་ཆེན་དགེ་འདུན་སྦྱིན་བྱེད་པ།། དེ་དག་འཁོར་བའི་དག་པར་གནས་པ་ན།། བཏུང་བ ་ཁ་དོག་རོ་ལ་སོགས་ལྡན་འཐོབ།། སུ་དག་འཇིག་རྟེན་བླ་མས་གསུངས་པ་ཡི།། དམ་ཆོས་ཚུལ་བཟང་ཐོས་ནས་ཉབས་སུ་ལེན།། དེ་དག་ཉེན་མོངས ་ཆུ་རླབས་རབ་འཇིག་པའི།། སྲེད་པའི་རྒྱ་མཚོ་མྱུར་དུ་རྒལ་བར་འགྱུར།། རྒྱལ་པོ་དགེ་བའི་ལས་འདི་ཐམས་ཅད་ཀྱིས།། ་འཁོར་བའི་བདེ་བ་སྣ་ཚོགས་སྦྱིན་གྱུར་ནས།། སངས་རྒྱས་ཀྱིས་ནི་བྱང་ཆུབ་དམ་པ་ཡི།། འབྲས་བུ་བདེ་བླག་ཁོ་ན་འགྲུབ་པར་འགྱུར།། དེ་ནས་རབ་དགའ ་མདངས་དང་ལྡན་པ་ཡིས།། དྲང་སོང་དགེ་འདུན་བསྐོར་བར་བྱས་ནས་སུ།། ཐུབ་དབང་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།། རྒྱལ་པོ་རྒྱལ་བྱེད་ཚལ ་ནས་འབྱུང་བར་འགྱུར།། གསལ་རྒྱལ་ཚིགས་སུ་བཅད་པ།། རྫོགས་སྷོ།། སརྦ་མངྒ་ལཾ། དག་གོ།། དགེའོ།། ་