| Wylie | e-texts produced with BDRC’s OCR application |
མདོ། རྫོགས་སྷོ།། །། རྒྱ་གར་སྐད་དུ། ་ཨཱ་ཡུ་པརྱ་ན་ད་སཱུ་ཏྲམ། བོད་སྐད་དུ།། ཚེའི་མཐའི་མདོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ་བཅོམ་ལྡན་འདས་གཉེན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་འཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་། ་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་སེམས་ཅན་རྣམས་ཀྱི་ཚེའི་མཐའ་སྟན་པ། བཅོམ་ལྡན་འདས་ལས་ཐོས་ནས། དགེ་སློང་དག་འཛིན་པར་བགྱིད་ལག་སོ།། ་དགེ་སློང་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཟུང་ཤིག་དང་བཤད་དོ།། དགེ་སློང་དག་དམྱལ་བ་རྣམས་ཀྱི་ཚེ་ཚད་ནི། རིང་ན་བསྐལ་པ་གཅིག་ཏེ།། བར་མ་དོར ་མཆི་བ་ནི་ཡོད་དོ།། དགེ་སློང་དག་དུད་འགྲོ་རྣམས་ཀྱི་ཚེ་ཚད་ནི་རིང་ན་བསྐལ་པ་གཅིག་སྟེ། བར་མ་དོར་མཆི་བ་ནི་ཡོད་དོ།། དགེ་སློང་དག་མི་རྣམས་ཀྱི་ཉིན་ཞག་སུམ ་བཅུ་ལ་གང་ཡིན་པ་དེ་ཡིད་བཏགས་རྣམས་ཀྱི་ཉིན་ཞག་གཅིག་གོ། ཉིན་ཞག་སུམ་བཅུ་ལ་ཟླ་བ་ཅིག། ཟླ་བ་བཅུ་གཉིས་ལ་ལོ་ཅིག་སྟེ། ཡི་དགས་རྣམས་ཀྱི་ཚེ ་ཚད་ལོ་དེ་ལྟ་བུར་རྩིས་པའི་ལོ་ལྔ་བརྒྱ་སྟེ། དེ་མིའི་ལྟར་རྩིས་ན་ལོ་ཁྲི་ལྔ་སྟོང་ཡོད་དོ།། བར་མ་དོར་མཆི་བ་ནི་ཡོད་དོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། རི་ལྟར་རབ་ཏུ་ཆེའི་ལུས་བགྲེང་ཞིང་།། མཆུ་དང་མིག་སྐམས་ཤིན་ཏུ་སྡུག་བསྔལ་བ། རང་གི་སྒྲ་གཡོག ་ཁ་བ་དང་གནམ་དུ་ལྟ། སྣ་ནི་ཁབ་ལྟར་རབ་ཏུ་ཕྲ་བ་དང་།། རུས་གོང་འདྲ་ལུས་ཅེར་བུ་རང་སྐྲས་གཡོག། གཟུགས་མི་སྡུག་པ་བགྲེང་ཞིང་ཐོད་པ་ཐོགས།། ཀྲེས། ་དང་སྐོམ་དང་ངལ་བས་རབ་གཟིར་གང་། ཚེ་ངེས་འདེབས་ཤིང་ཀུན་ཏུ་རྒྱུག་པ་དག། ཉམས་ཐག་སྐད་འབྱིན་སྡུག་བསྔལ་ཚེར་བ་མྱོང་། ཕ་ཚུན་ཕྲ་དོག་སེར ་སྣ་འདིར་སྟེན་ཅིང་། འདིར་ནི་སྡིག་པའི་ལས་དག་བྱས་པའི་ས། ཡི་དགས་འཇིག་རྟེན་དུ་ནི་དེ་དག་སྐྱེས།། དགེ་སློང་དག་ཤར་གྱི་ལུས་འཕགས་ཀྱི་མི་རྣམས ་ཀྱི་ཚེ་ཚད་ནི། ལོ་ཉེས་བརྒྱ་ལྔ་བཅུ་སྟེ། བར་མ་དོར་མཆི་བ་ནི་ཡོད་དོ།། དགེ་སློང་དག་ནུབ་ཀྱི་བ་གླང་སྤྱོད་ཀྱི་མི་རྣམས་ཀྱི་ཚེ་ཚད་ནི་ལོ་ལྔ་བརྒྱ་སྟེ། བར་མ་དོར ་མཆི་བ་ནི་ཡོད་དོ།། དགེ་སློང་དག་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེ་ཚད་ནི་ལོ་སྟོང་སྟེ་བར་མ་དོར་མཆི་བ་ནི་ཡོད་དོ།། རྒྱུ་གང་གིས་སྒྲ་མི་སྙན་པ་རྣམས་ཀྱི་ཚེ་ཚད ་ལོ་སྟོང་ཐུབ་པར་མ་དོར་མཆི་བ་མེད་པ་ཅེ་ན། དགེ་སློང་དག་བྱང་གི་སྒྲ་མི་སྙན་གྱི་མི་དག་གི་ནི་མེད་ཅིང་ཡོངསུ་འཛིན་པ་མེད་ལ་ཚེ་ལ་ངེས་པ་ཡོད་ཅིང་། འདི་ནས ་ཤི་འཕོས་ནས་ཀྱང་ཁྱད་པར་འགྲོ་སྟེ་ཕྱི་མ་ལ་མཐོ་རིས་སུ་ཉེ་བར་འགྲོའོ།། དགེ་སློང་དག་རྒྱུ་དེས་ན་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེ་ཚད་ལོ་སྟོང་ཐུབ་ཅིང་བར་མ ་དོར་མཆི་བ་མེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱི་དེའི་ཚེ་ཚིག་སུ་བཅད་དེ་བཀའ་སྩལ་པ། དབུལ་བས་སྡུག་བསྔལ་སེམས་ཅན་དག། གཞན་གྱི་ནོར་ལ་སྨོན་པར ་བྱེད། དེ་དག་དམ་པ་མ་སྙན་པས། གཞན་གྱི་སྔགས་བཞུག་དོན་ཅི་དམན། ལོངས་སྤྱོད་དག་དང་ལྡན་པ་ཡི།། ཕྱུག་ཅིང་ནོར་མང་སེམས་ཅན་ནི། ནོར་དང་། ་འབྲུ་དང་སྐྱེ་བོར་ལྡན།། དེ་དག་དམ་པ་སྟེན་པ་ཡིན། བསོད་ནམས་ཕྱུག་པ་ཉེར་འཚོ་བའི།། དགེ་བའི་ལས་ནི་འདིར་བྱས་པས། འབྱོར་པ་ཆེན་པོ་ཕུན་སུམ ་ཚེགས།། ལྷ་བཞིན་དུ་དགའ་བ་ཡིན། ལྐོག་གྱུར་གང་ཡིན་མི་སྨྲ་སྟེ། མངོན་གསུམ་འདི་ལ་ལྟ་བར་བྱོས།། གང་དག་ཁ་ཅིག་འཇིག་རྟེན་ན། བདེ་ལྡན་དེ ་སྔོན་བྱིན་འབྲས་ཡིན།། བྱང་ཕྱོགས་གླིང་གི་མི་རྣམས་ནི། བདག་གི་མེད་ཅིང་ཡོངས་འཛིན་མེད། དཔག་བསམ་ལས་བྱུང་གོས་སྟེན་པ། དེ་ནི་སྔོན་བྱིན ་འབྲས་བུ་ཡིན།། དེ་དག་གྲང་དང་ཚ་བ་མེད།། དེ་དག་ལ་ནི་ནད་མེད་ཅིང་།། གཟུགས་དང་ཁ་དོག་ཕུན་སུམ་ཚོགས།། དེ་ནི་སྔོན་འབྱིན་འབྲས་བུ་ཡིན།། ་བྱང་ཕྱོགས་གླིང་ན་མཉམ་གནས་ཤིང་།། མ་གྲུགས་དག་ཅིང་ཅང་བ་དང་། ཤིན་དུ་དཀར་བའི་ས་ལུ་སྟེ།། དེ་ནི་སྔོན་འབྱིན་འབྲས་བུ་ཡིན།། ནོར་བུ་འོད་། ་བྱེད་འབར་བ་ཡིན།། དེ་རྣམས་རྟག་ཏུ་མཛེས་པ་དང་། དེ་དག་གི་ཟ་འཇུག་བྱེད་གང་།། དེ་ནི་སྔོན་འབྱིན་འབྲས་བུ་ཡིན།། ་དེ་དག་ལ་ནི་ཚོད་མ་དང་།། སྲན་ཚོད་ཀྱང་ནི་ཅུང་ཟད་མེད།། ཁ་དོག་དྲི་དང་རོར་ལྡན་པའི།། ས་ཡུ་དག་ནི་རྟག་ཏུ་ཟ།། ཟས་ནི་ལན་ཅིག་བྱིན་པ་ཡིན།། སྟན་ལས ་མ་ལངས་བར་དུ་ནི།། ཟས་མི་ཤེས་པར་སྡེར་ལ་ཡོད།། དེ་ནི་སྔོན་འབྱིན་འབྲས་བུ་ཡིན།། སླུ་བའི་འབྲས་བུ་འདྲ་བ་དང་།། ཅད་ཀྱང་ཡལ་ག་ལས་སྐྱེས་དེ། ་རྔས་ནས་རྩོ་མི་དགོས་པར་ཟད།། དེ་ནི་སྔོན་འབྲས་བུ་ཡིན།། དེ་དག་འབབ་ཆུ་བསིལ་བ་དང་།། འཐུང་ཀྱང་ལྟོ་ལ་མི་གནོད་པའི།། ཡན་ལག་བརྒྱད་ལྡན་ཆུ ་ལ་ཡོད།། དེ་ནི་སྔོན་འབྱིན་འབྲས་བུ་ཡིན།། རོལ་མོའི་ལྗོན་ཤིང་གང་དག་གིས།། དེ་དག་རྟག་ཏུ་རྩེ་ཞིང་དགའ།། ཡིད་ནི་རྟག་ཏུ་བདེ་དང་ལྡན།། དེ་ནི་སྔོན ་འབྱིན་འབྲས་བུ་ཡིན།། དེ་དག་རོལ་མོའི་ལྗོན་ཤིང་བཟང་།། གོས་ཀྱི་ལྗོན་ཤིང་མང་པོ་དང་།། སྤོས་ཀྱི་ལྗོན་ཤིང་ཕུན་སུམ་ཚོགས།། དེ་ནི་སྔོན་འབྱིན་འབྲས། ་བུ་ཡིན།། སྤོས་དང་མེ་ཏོག་རོལ་མོ།། དེ་བཞིན་དུ་གོས་རྣམས་ཀྱང་།། གང་དག་ཇི་ལྟར་འདོད་པ་བཞིན། དེ་དག་དེ་བཞིན་འབྱུང་བར་འགྱུར།། ནི་སིང་དག་ནི་སྔོན་པོ་ལ།། ་ཤིང་བ་ལ་ལྟ་བུར་རབ་འཇམ་པ། དང་གང་དུ་དེ་དག་རྟག་རྩེ་བ།། དེ་ནི་སྔོན་འབྱིན་བུ་ཡིན།། དེ་དག་ལ་ནི་ཁྲོ་མེད་ཅིང་།། སེར་སྣ་དང་ནི་ཕྲ་དོག་མེད།། ཕན་ཚུན ་འབྲས ་དག་ཏུ་རྩེ་བྱེད་པ།། དེ་ནི་སྔོན་འབྱིན་འབྲས་བུ་ཡིན།། མཚན་མོ་ཐུན་ཚོད་དང་པོ་ལ།། སྐད་ཅིག་ཙམ་ཅིག་ཆར་འབབ་ཞིང་།། རྡུལ་རྣམས་མེད་པར་བྱེད་པ་སྟེ།། ་དེ་ནི་སྔོན་འབྱིན་འབྲས་བུ་ཡིན།། དེ་དག་ཡོངས་སུ་འཛིན་བྱེད་པས།། མ་དང་བུར་ཡང་མི་ཤེས་ཤིང་། སྡུག་བསྔལ་བསམ་པས་མྱ་ངན་མེད།། དེ་ནི་སྔོན་འབྱིན་འབྲས ་བུ་ཡིན།། མ་དག་གིས་དང་རང་གི་བུ།། ལམ་སྟོང་དག་ཏུ་བོར་ནས་འགྲོ།། མཐེ་བོང་ལས་ནི་འོ་མ་འཛག། དོ་ནི་སྔོན་འབྱིན་འབྲས་བུ་ཡིན།། དེ་དག་གང་ཡང་དུ་བ་མེད། ་ཤིན་ཏུ་ཡང་ནི་བོར་ཏེ་འགྲོ།། བྱ་དག་གིས་ནི་གླིང་འཕགས་པ།། དེ་ནི་སྔོན་འབྱིན་འབྲས་བུ་ཡིན།། འཁོར་ཡུག་ཏུ་ནི་འོབས་ཀྱིས་བསྐོར།། གླུ་གར་ཡིད་དུ་འོངས་པ་ཡིས།། ་གང་དུ་རྩེ་ཞིང་དགའ་བྱེད་པ།། དེ་ནི་སྔོན་འབྱིན་འབྲས་བུ་ཡིན།། མིའི་ཚེ་ནི་ལོ་སྟོང་པོ།། ཟད་པ་དག་ཏུ་བྱས་ནས་ནི།། བར་མ་དོར་ནི་འཆི་མེད་པ།། དེ་ནི་སྔོན་འབྱིན་འབྲས ་བུ་ཡིན།། དཔལ་ནི་རྒྱས་པར་སྤྱད་ནས་སུ།། མིའི་ལུས་ནི་འབོར་ནས་ཀྱང་།། ལྷའི་ནང་དུ་སྐྱེ་བར་འགྱུར།། དེ་ནི་སྔོན་འབྱིན་འབྲས་བུ་ཡིན།། དགེ་སློང་དག་འཛམ་བུའི ་གླིང་གི་མི་རྣམས་ལ་ནི།། ཡང་འཕེལ་བ་དང་བར་འགྲིབ་པ་ཡོད་དེ། དགེ་སློང་དག་འཛམ་བྲིའི་གླིང་གི་མི་རྣམས་ཀྱི་ཚེ་དཔག་ཏུ་མེད་པར་ཡང་འགྱུར། ཚེ་ལོ་བརྒྱད་ཁྲི་བ་དང་། ་ཚེ་ལོ་བརྒྱ་པ་དང་། ཚེ་ལོ་བཅུ་པར་ཡང་འགྱུར། དགེ་སློང་འཛམ་བུ་གླིང་གི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་བརྒྱ་པའོ།། དགེ་སློང་དག་ད་ལྟར་ནི་འཛམ་བུའི་གླིང་གི་མི་རྣམས་ལས ་རིང་དུ་མཚོ་བ་གང་ཡིན་པས་ལེགས་པར་བདེ་བར་གནས་ནས་ལོ་རྒྱའམ། ལོ་བརྒྱ་ལས་ལྷག་པར་ཐུབ་པོ།། དགེ་སློང་དག་མཚོ་བའི ་གནས་སྐབས་ནི་བཅུ་མྱོང་བར་འགྱུར་ཏེ། གནས་སྐབས་དང་པོ་ནི། ཞན་ཅིང་གན་རྒྱལ་དུ་ཉལ་བ་ཏེ། བྱིས་པ་ཡིན་ནོ།། གནས་སྐབས་གཉིས་པ་ནི་རྩེ་བའི་རང་བཞིན ་ཅན་གཞོན་ནུ་ཡིན་ནོ།། གནས་སྐབས་གསུམ་པ་ནི་འདོད་པ་ལ་སྤྱོད་པ་སྟེ། ལང་འཚོ་ལ་བབ་པ་ཡིན་ནོ།། གནས་སྐབས་བཞི་པ་ནི་སྤྲོ་བ་དང་ལྡན་ཞིང་ཉམས་སྟོབས་དང ་ལྡན་པ་ཡིན་ནོ།། གནས་སྐབས་ལྔ་པ་ནི་སྟོབས་དང་ལྡན་ཤིང་ཤེས་རབ་དང་ལྡན་ཡིན་ནོ།། གནས་སྐབས་དྲུག་པ་ནི་སྤྱོད་པའི་རང་བཞིན་ཅན་ཏེ། དྲན་པ་དང་ལྡན་པ་ཡིན་ནོ།། ། ་གནས་སྐབས་བདུན་པ་ནི་ཆོས་ལུགས་ཁོང་དུ་ཆུད་པ་ཡིན་ནོ།། གནས་སྐབས་བརྒྱད་པ་ནི་རྒྱལ་པོས་བརྐུར་ཞིང་རྒན་རབས་སུ་ཀུར་བ་ཡིན་ནོ།། གནས་སྐབས་དགུ་པ་ནི་རྒས ་ཤིང་འཁོགས་པ་ཏེ། རྒན་པོ་ཡིན་ནོ།། གནས་སྐབས་བཅུ་པ་ནི་ཚེའི་མཐར་ཐུག་སྟེ། འཆིར་ཉེ་བ་ཡིན་ནོ།། དགེ་སློང་དག་དེ་ལ་ལོ་བརྒྱར་མཚོ་བས་གནས་སྐབས་བཅུ་པོ་དེ། ་དག་མྱོང་བར་འགྱུར་རོ།། དགེ་སློང་དག་ལོ་རྒྱར་འཚོ་བའི་དུས་ཚིགས་སུམ་རྒྱར་མཚོ་སྟེ། དགུན་གྱི་དུས་ཚིགས་བརྒྱ་དང་། དཔྱིད་ཀྱི་དུས་ཚིགས་རྒྱ་དང་། དབྱར་གྱི་དུས ་ཚིགས་བརྒྱ་རྣམས་སོ།། དུས་ཚིགས་སུམ་བརྒྱར་མཚོ་བ་ནི། ཟླ་བ་བཅུ་གཉིས་ཕྲག་བརྒྱར་མཚོ་བ་ནི་ཟླ་བ་ཕྱེད་ཉིས་སྟོང་བཞི་བརྒྱར་མཚོ་སྟེ། དགུན་བརྒྱད་དང་། དཔྱིད། ་བརྒྱད་རྒྱ་དང་། དབྱར་བརྒྱད་རྣམས་སོ།། ཟླ་བ་ཕྱེད་ཉིས་སྟོང་དུ་བཞི་རྒྱར་མཚོ་བ་ནི། ཉིན་ཞག་སུམ་ཁྲི་དྲུག་སྟོང་དུ་མཚོ་སྟེ། དགུན་བཅུ་གཉིས་དང་། དཔྱིད་བཅུ་གཉིས་དང་། ་དབྱར་བཅུ་གཉིས་རྣམས་སོ།། ཉིན་ཞག་སུམ་ཁྲི་དྲུག་སྟོང་དུ་མཚོ་བ་ནི། བར་ཕྱེད་དུ་གྱུར་པ་མ་རྟོགས་པར་ཟན་བདུན་ཁྲི་ཉིས་སྟོང་ཟའོ།། དེ་ལ་འདི་དག་ཟན་པར་ཆད ་དུ་གྱུར་པ་ཡིན་ཏེ། འཁྲུགས་པས་མ་ཟོས་པ་དང་། སྡུག་བསྔལ་བར་གྱུར་ནས་མ་ཟོས་པ་དང་། ཕོངས་པར་བྱུང་བར་མ་ཟོས་པ་དང་། སྦྱངས་པ་བྱས་པ་དང ་རྙེད་པ་མ་ཟོས་པ་དང་། རྙེད་ཀྱང་མ་ཟོས་པ་དང་། གཉིད་ལོག་ནས་མ་ཟོས་པ་དང་། ར་རོས་ཏེ་མ་ཟོས་པ་དང་། རབ་ཏུ་མྱོས་པས་མ་ཟོས་པ་ཏེ། ཟོས་པ་གང་ཡིན་པ ་དང་། མ་ཟོས་པ་གང་ཡིན་པ་དེ་དག་གཅིག་ཏུ་སྔོས་ན། མའི་ནུ་ཞོ་འཐུངས་པ་གཏོགས་པར་བདུན་ཁྲི་ཉིས་སྟོང་དུ་འགྱུར་རོ།། དགེ་སློང་དག་དེ་ལྟར་ངས་འཛམ་བུའི་གླིང ་གི་མི་རྣམས་ཀྱི་ཚེ་ཡང་བཤད། དུས་ཚིགས་དང་། ཟླ་བ་དང་། ཟླ་བ་ཕྱེད་དང་། ཉིན་ཞག་དང་། ཟན་དང་། ཟན་བར་ཆད་དུ་གྱུར་པ་ཡང་བཤད་པ་ཡིན་ནོ།། ་དགེ་སློང་དག་མི་རྣམས་ཀྱི་ལོ་ལྔ་བཅུ་གང་ཡིན་པ་དེ་ནི། རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་ཅིགོ། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་ཅིག། ཟླ་བ་བཅུ་གཉིས ་ལ་ལོ་ཅིག་སྟེ། རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་ཀྱི་ཚེ་ཚད་ནི། ལོ་དེ་ལྟ་བུར་རྩིས་པའི་ལྷའི་ལོ་ལྔ་བརྒྱ་སྟེ། དེ་འིའི་ལྟར་རྩིས་ན་ལོ་ས་ཡ་ཕྲག་དགུ་ཡོད་དོ།། བར་མ ་དོར་མཆིང་ནི་ཡོད་དོ།། དེ་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ན་གཅིག་གོ།། ཉིན་ཞག་སུམ་བཅུ་ལ་ཟླ་བ་ཅིག། ཟླ་བ་བཅུ ་གཉིས་ལོ་ཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་སེམས་ཅན་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟར་རྩིས་པའི་ལོ་ལྔ་བརྒྱ་སྟེ། དེ་ལོ་བྱེ་བ་ཕྲག་དྲུག་ཁྲི་ཡོད་དོ།། ་བར་མ་དོར་མཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱི་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ལུས་ཀྱི་ཉེས་པར་སྤྱད་བྱས་ཤིང་།། ངག་གི་ཉེས་པ་སྤྱད་པ་དང་། ་ཡིད་ཀྱི་ཉེས་པར་སྤྱད་བྱས་ཤིང་།། གང་ཞིག་ཉེས་པ་གཞན་ལྡན་པའི།། ལས་དེ་དག་གིས་ཡང་སོས་ཀྱི།། དམྱལ་བ་དག་ཏུ་སྐྱེ་འགྱུར་ཏེ།། དེ་ནི་བྱེ་བ་ཕྲག་སྟོང་དུ།། ་གཏགས་ཤིང་བཅོས་ཡང་ཡང་འཚེའོ།། ཕན་ཚུན་ཁོ་ན་དང་ཆགས་པ་ཡིས། གཞན་རྣམས་གསོད་པའི་མི་དག་གིས། ལས་དེ་དག་གི་ཡང་སོས་ཀྱི། དམྱལ་བ་དག་ཏུ ་སྐྱེས་པར་འགྱུར་དགེ་སློང་མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་ནི་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཉིན་ཞག་ཅིག་གོ། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་ཅིག། ཟླ་བ་བཅུ ་གཉིས་ལ་ལོ་གཅིག་སྟེ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཚེ་ཚད་ནི་དེ་ལྟ་བུར་རྩིས་པའི་ལྷའི་ལོ་སྟོང་ཐུབ་པོ།། དེ་མིའི་ལྟར་རྩིས་ན་ལོ་བྱེ་བ་ཕྲག་གསུམ་དང་། ས་ཡ། ་དྲུག་ཡོད་དོ།། བར་མ་དོར་མཆི་བ་ནི་ཡོད་དོ།། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཐིང་ནག་གི་ཞག་ཅིག་གོ། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་ཅིག། ཟླ་བ་བཅུ་གཉིས་ལ་ལོ ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ཐིང་ནག་གི་ཚེའི་ཚད་ནི།། ལེ་དེ་ལྟ་བུར་བརྩིས་པའི་ལོ་སྟོང་ཐུབ་པོ།། དེ་མིའི་ལྟར་རྩིས་ན་ལོ་བྱེ་བ་ཕྲག་དྲག་ཁྲི་དྲུག་སྟོང་རྩ་བཅུ ་གཉིས་ཡོད་དེ། དུས་མ་ཡིན་པར་མཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱི་དེའི་ཚེ་ཚིགས་བཅད་དེ་བཀའ་སྩལ་པ།། ཕ་མ་དག་དང་སངས་རྒྱས་དང་། ཉན ་ཐོས་རྣམས་ལ་འཁུ་བྱེད་པ། དེ་དག་ཐིག་ནག་སྐྱེ་འགྱུར་ཏེ། སྡུག་བསྔལ་ཚོར་བ་མྱོང་བར་འགྱུར།། གང་ཞིག་མི་བརྩོན་འཇོག་པ་དང་།། མི་རྣམས་འཛའ་བའི ་དབྱེན་བྱེད་པ། ཐིག་ནག་དུ་ནི་སྐྱེ་བར་འགྱུར།། རྫུན་དུ་སྨྲ་བའང་དེ་བཞིན་ཏེ། ལས་དེ་ཡིས་ནི་ཐིག་ནག་ནི།། དམྱལ་བ་རྣམས་སུ་དེ་དག་སྐྱེ།། དགེ་སློང་དག་མི ་རྣམས་ཀྱི་ཉིས་བརྒྱ་གང་ཡིན་པ་དེ།། ཐབ་བྲལ་བའི་རྣམས་ཀྱི་ཉིན་ཅིག་གོ། ཉིན་ཞག་དེ་གསུམ་ལ་ཟླ་བ་ཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏེ། ཐབ་བྲལ་བའི ་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟར་རྩིས་པའི་ལྷའི་ལོ་ཉིས་སྟོང་ཐུབ་པོ།། དེ་ལྟར་རྩིས་ན་ལོ་བྱེ་བ་ཕྲག་བཅུ་བཞི་དང་།། ལོ་ཁྲི་བཞི་སྟོང་ཡོད་དེ།། བར་མ་དོར་མཆི་བ ་ཡོད་དོ།། དེ་ན་སེམས་ཅན་དམྱལ་བ་ཆེན་པོ་བདུད་འཇོམས་ཀྱི་ཉིན་ཞག་ཅིག་གོ། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་ཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས ་ཅན་དམྱལ་བ་ཆེན་པོ་བདུད་འཇོམས་ཀྱི་ཚེའི་ཆང་ནི་དེ་ལྟ་བུར་བརྩིས་པའི་ལོ་ཉིས་སྟོང་ཡོད་དེ། དེ་མིའི་ལྟར་རྩིས་ན།། ལོ་བྱེ་བ་ཕྲག་སུམ་འབུམ་དྲུག་ཁྲི་བརྒྱད་སྟོང ་ཅིག་ཡོད་དེ། བར་མདོར་མཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ།། མི་དགེའི་ལས ་རྣམས་གསུམ་བྱས་ཤིང་།། ལས་དགེ་རྣམས་གསུམ་མ་བྱས་ཏེ།། ལས་དེ་དག་གི་བདུད་འཇོམས་ཀྱི།། དམྱལ་བ་དག་དུ་སྐྱེ་བར་འགྱུར།། བ་གླང་ར་ལུག་མ་ཧེ ་དང་།། རི་དགས་བྱ་གག་ཕག་རྣམས་དང་།། དེ་བཞིན་སྲོག་ཆགས་གཞན་གསོད་དང་། བདུད་འཇོམ་སུ་ནི་སྐྱེ་བར་འགྱུར།། དགེ་སློང་དག་མི་རྣམས་ཀྱི་ལོ་བཞི་བརྒྱ ་གང་ཡིན་པ་དེ་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉིན་ཞག་ཅིག་གོ། ཉིན་ཞག་དེ་སུམ་བཅུ་ལ་ལོ་ཅིག་ཏེ།། དགའ་ལྡན་གྱི་ལྷ་རྣམས་ཀྱི་ཚེ་ཚད་ནི་དེ་ལྟ་བུར་རྩིས་པའི་ལྷའི་ལོ ་བཞི་སྟོང་ཐུབ་སྟེ།། དེ་མིའི་ལྟར་རྩིས་ན་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང་།། ལོ་ས་ཡ་དྲུག་ཡོད་དེ།། བར་མ་དོར་མཆི་བ་ནི་ཡོད་དོ།། དེ་ནི་སེམས་ཅན་དམྱལ་བ ་ཆེན་པོ་ངུ་འབོད་ཀྱི་ཉིན་ཞག་ཅིག་གོ། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་ཅིག། ཟླ་བ་བཅུ་གཉིས་ལ་ལོ་ཅིག་ཏེ།། སེམས་ཅན་དམྱལ་བ་ཆེན་པོ་དུ་འབོད་ཀྱི་སེམས་ཅན ་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་དེ་ལྟར་རྩིས་པའི་ལོ་བཞི་སྟོང་སྟེ།། དེ་མིའི་ལྟར་རྩིས་ན་བྱེ་བ་ཕྲག་ས་ཡ་གཉིས་དང་།། བྱེ་བ་ཕྲག་དགུ་འབུམ་བཞི་ཁྲི་བཞི་སྟོང་དང་བྱེ ་བ་ཕྲག་བརྒྱད་ཡོད་དོ།། བར་མ་དོར་མཆི་བ་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ།། འཇིག་སུ་རུང་དང་དྲག་ཤུལ་དང་། ་ལག་པ་གཉིས་ནི་ཁྲག་གིས་སྐུས།། སྡིག་པའི་ལས་ལ་སྤྱོད་པ་ཡིས།། རྟག་ཏུ་ངུ་འབོད་འགྲོ་བར་འགྱུར།། གཞན་གླུས་གཡོ་དང་སྤུ་བྱེད་མི།། སྐྱེ་བོ་དག་ནི་ཡིད་བྱུང་བས།། ་འཇིགས་སུ་རུང་བའི་སྒྲ་འབྱིན་ཅིང་།། ཡུན་རིང་དུ་ནི་འབོད་སྲེད་པར་འགྱུར།། དགེ་སློང་དག་མི་རྣམས་ཀྱི་ལོ་བརྒྱད་རྒྱུ་གང་ཡིན་པ་དེ། འཕྲུལ་དགའི་ལྷ་རྣམས་ཀྱི་ཉིན ་ཞགཅིག་གོ།། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་ཅིག་སྟེ།། འཕྲུལ་དགའི་ལྷ་རྣམས་ཀྱི་ཚེ་ཚད་ནི་ལོ་དེ་ལྟ་བུར་རྩིས་པའི་ལོ་བརྒྱད་སྟོང་ཐུབ་སྟེ། ་དེ་མིའི་ལྟར་རྩིས་ན་ལོ་བྱེ་བ་ཕྲག་ཉིས་བརྒྱ་སུམ་བཅུ་དང་།། ལོ་ས་ཡ་ཕྲག་བཞི་ཡོད་དོ།། བར་མ་དོར་འཆི་བ་ཡོད་དོ།། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་དུ་འབོད་ཆེན་པོའི ་ཉིན་ཞག་ཅིག་གོ། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་ཅིག། ཟླ་བ་བཅུ་གཉིས་ལ་ལོ་ཅིག་ཏེ།། སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོའི་སེམས་ཅན་དམྱལ་བ་རྣམས་ཀྱི ་ཚེའི་ཚད་ནི།། ལོ་དེ་ལྟ་བུར་རྩིས་པའི་ལོ་བརྒྱད་སྟོང་ཡོད་དེ།། དེ་མིའི་ལྟར་རྩིས་ན། ལོ་བྱེ་བ་ཕྲག་ས་ཡ་གསུམ་དང་།། བྱེ་བ་ཕྲག་ལྔ་འབུམ་ལྔ་ཁྲི་དྲུག་སྟོང་ཡོད་དེ།། བར ་མདོར་འཆི་བ་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ།། ལྟ་བ་ཐིབས་པོས་ཁྱེབས་གྱུར་ཅིང་།། སྲེག་པའི་གཡོག་པས་ཡོག ་པདག། སྡིག་པའི་ཆོས་ནི་སྤྱོད་པ་ཡི།། ངུ་འབོད་དག་ཏུ་སྐྱེ་བར་འགྱུར།། ཡིད་ཚུགས་ཉམས་པའི་མི་དག་ན།། བསྡུ་སྤོང་ཞིང་འབར་བ་ཡིས།། སྐལ་པའི་ཁྱིམ། ་ཀྱི་ངན་ཆུད་ནས།། ངུ་འབོད་ཆེན་པོར་སྲེག་པར་འགྱུར།། ཏམས་པ་རྟོགས་པའི་མི་དག་ནི།། རལ་གྲི་ཡིས་ནི་ལུས་སྒྲུབ་ཅིང་།། བྱ་རྒོད ་བྱ་རྒོད་འུག་པ་ཁྱིས།། འགུལ་བཞིན་དུ་ནི་ཟ་བར་འགྱུར།། དགེ་སློང་དག་མི་རྣམས་ཀྱི་ལོ་སྟོང་དྲུག་བརྒྱ་གང་ཡིན་པ་དེ་གཞན་འཕྲུལ་དབང་བྱེད་ཀྱི་སྦྱིན་ཞག་ཅིག་གོ།། ་ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་ཅིག། ཟླ་བ་བཅུ་གཉིས་ལ་ལོ་ཅིག་ཏེ།། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི།། ལོ་དེ་ལྟ་བུར་རྩིས་པོའི་ལྷའི་ལོ་ཁྲི་དྲུག་སྟོང ་ཡོད་དོ།། དེ་མིའི་ལྟར་རྩིས་ནས་ལོ་ས་ཡ་ཕྲག་དྲུག་དང་།། ལོ་བྱེ་བ་ཕྲག་དགུ་བརྒྱ་ཉི་ཤུ་རྩ་ཅིག་ཡོད་དེ་བར་མ་དོར་མཆི་བ་ནི་ཡོད་དོ།། དེ་ནི་སེམས་ཅན་དམྱལ་བ་ཆེན་པོར་ཚ་བའི ་ཉིན་ཞག་ཅིག་གོ། དེ་སུམ་བཅུ་ལ་ཟླ་བ་ཅིག། ཟླ་བ་བཅུ་གཉིས་ལ་ལོ་ཙག་སྟེ།། སེམས་ཅན་དམྱལ་བ་ཆེན་པོའི་ཚེའི་ཚད་ནི། ལོ་དེ་ལྟ་བུར་རྩིས་པའི་ལོ་ཁྲི་དྲུག་སྟོང་ཡོད་དོ།། ་དེ་མིའི་ལྟར་རྩིས་ན་ལོ་བྱེ་བ་ཕྲག་ས་ཡ་བརྒྱད་དང་།། བཞི་འབུམ་དང་། ལོ་བྱེ་བ་ཕྲག་ཁྲི་དྲག་སྟོང་ལྔ་བརྒྱ་སུམ་འབུམ་ཡོད་དེ་བར་མ་དོར་མཆི་བ་ཡོད་དོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་དེའི་ཚེ་ཚིག་སུ་བཅད་དེ་བཀའ་སྩལ་པ།། དགེ་སློང་བྲམ་ཟེ་དགེ་བ་དང་། དེ་བཞིན་དུ་ནི་ཕ་མ་དང་། གང་ཞིག་རྟག་ཏུ་བདུད་བྱེད་པ།། དེ་ནི་ཚ་བར་སྐྱེ་བར་འགྱུར།། ་འདིར་ནི་གང་ཞིག་བདུང་བ་ཡིས།། སྐྱེ་བ་མང་པོར་གདུང་བྱེད་པ། ལས་དེ་དག་གི་ཚ་བ་ཡི།། དམྱལ་བ་རྣམས་སུ་སྐྱེ་བར་འགྱུར།། དགེ་སློང་དག་ཆུ་བུར་ཅན་དུ་སྐྱེ་བར་འགྱུར ་བའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་ཉན་པར་འདོད་དམ།། བཅོམ་ལྡན་འདས་དེའི་དུས་ལ་བབས་ལགས་སོ།། བདེ་བར་གཤེགས་པ་དེའི་དུས་ལ་བབས་ལགས་སོ།། བཅོམ ་ལྡན་འདས་ལས་དགེ་སློང་དག་གི་གང་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་མཐའ་སྟན་པ་ཐོས་ནས་དགེ་སློང་དག་འཛིན་པར་བགྱིད་ལགས་སོ།། དགེ་སློང་དག་དེའི་ཕྱིར། ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བཤད་དོ།། དགེ་སློང་འདི་ལྟ་སྟེ།། འདི་ལ་ཏིལ་ཡུལ་ཀོ་ས་ལའི་ཁལ་བཅུ་ཚན་ཉི་ཤུ་ཤོང་བའི་ཁལ་བཅུ་མཚན་ཉི་ཤུ་པ་ཏིལ ་གྱིས་བྱུར་བུར་གང་བར་བྱས་པ་དེ་ལས་མི་ལ་ལ་ཞིག་གི་ལོ་རྒྱ་འདས་ཤིང་ཏིལ་འབྲུ་ཅིག་བོར་ཏེ། ཏིལ་ཁལ་ཉི་ཤུ་ཤོང་བའི་ཁལ་བཅུ་ཚད་ཉི་ཤུ་པ་དེ་ཐབས་འདིས་མྱུར་དུ་ཡོངས་སུ ་ཟད་ཅིང་ཏུགས་པར་གྱུར་ཀྱང་། དགེ་སློང་དག་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེ་ཚད་ནི། དེ་ལྟ་མ་ཡིན་པར་ང་སྨྲའོ།། ཆུ་བུར་ཅན་གྱི་ཉི་ཤུ་ཇི་ལྟ་བུ་ཆུ་བུར་རྡོལ་གྱི་ཅིག ་ཡིན་ནོ།། ཆུ་བུར་རྡོལ་གྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་སོ་ཐ་མ་ཐམ་ཀྱི་ཅིག་ཡིན་ནོ།། སོ་ཐ་མ་ཐམ་གྱི་ཇི་ལྟ་བ་དེ་ལྟར་ཀྱི་ཧུད་ཟེད་ཀྱི་གཅིག་ཡིན་ནོ།། ཀྱི་ཧུང་ཟེར་གྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་ཨ་ཆུ ་ཟེར་གྱི་ཅིག་ཡིན་ནོ།། ཨ་ཆུ་ཟེར་གྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་ཨུད་དཔལ་ལྟར་གས་པའི་ཅིག་ཡིན་ནོ།། ཨུད་དཔལ་ལྟར་གས་པའི་ཉི་ཤུ་ཇི་ལྟ་བ་དེ་ལྟར་པད་མ་ལྟར་གས་པའི་ཅིག། ་ཡིན་ནོ།། པད་མ་ལྟར་གས་པའི་ཉི་ཤུ་ཇི་ལྟ་བ་དེ་ལྟར་པད་མ་ལྟར་གས་པའི་ཆེན་པོའི་ཅིག་ཡིན་ནོ།། ལྷས་བྱིན་གྱི་ཕྱོགས་དགེ་སློང་ཀཽ་ཀ་ལི་ཀས་དགེ་སློང་ཤ་རིའི་བུ་དང་། མེའུ ་འགལ་གྱི་བུ་ལ་ཞེ་སྡང་གི་སེམས་བསྐྱེད་པས་རང་གི་ལུས་དེ་ཉིད་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་པད་མ་ལྟར་གས་པ་ཆེན་པོར་སྐྱེས་སོ།། དགེ། ་སློང་དག་དེ་ལྟ་བས་ན་དེའི་ཕྱིར་འདི་ལྟར་སླབ་པར་བྱ་སྟེ།། སྡོང་དུམ་ཚིག་པ་ལ་ཡང་ཞེ་སྡང་གི་སེམས་སྐྱེས་པར་མི་བྱ།། རྣམ་པར་ཤེས་པའི་ལུས་ལ་ལྟ་སྨོས་ཀྱང་ཅི་དགོས ་པ་དེ་ལྟར་དགེ་སློང་དག་ཁྱེད་ཀྱི་སླབ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། མི་ཞིག་སྐྱེས་པར་འགྱུར་བ་ན།། གང་གིས ་བདག་ནི་ཅོད་བྱེད་པའི།། ཁ་ནས་སྟ་རིའི་ཚིག་འབྱུང་བ།། ཉེ་བར་སྨྲ་བ་སླ་བ་ན། གང་དག་སྨད་བྱེད་བསྟོད་བྱེད་ཅིང་།། སྐྱེ་བ་སྟོད་པ་སྨད་བྱེད་པའི།། སྡིག་གང་བདེ་མི་མྱོང ་བ་ཡིས།། སྡིག་དེ་དེའི་ཁ་ནས་སྩོགས།། གང་འདིར་རྒྱན་པོས་བདག་ནོར་ཡལ།། འདི་ནི་སྡིག་པ་ཆུང་ངུ་སྟེ།། གང་ཞིག་བདེ་གཤེགས་སྡང་སེམས་སྐྱེ།། འདིར་ནི་སྡིག ་པ་དེ་ཆེའོ།། ངག་དང་ཡིད་ཀྱིས་ཀྱང་ནི་སྡིག་བྱས་ཤིང་།། གང་ཞིག་འཕགས་ལ་སྨོད་པ་དམྱལ་འགྲོ་སྟེ།། སྟོང་ཕྲག་བརྒྱ་ནི་ཆུ་བུར་རྡོལ་རྣམས་སུ།། ཆུ་བུར་ཅན་དུ་སུམ་བཅུ ་རྩ་དྲུག་གོ། སྡིག་པའི་སེམས་ཀྱི་བདེན་པར་མི་སྨྲ་བ།། བདག་ཉིད་རླག་ཅིག་དམྱལ་བ་འཕེལ་བར་བྱེད།། དེ་ཡིད་དྲི་མས་སྙོགས་པར་བྱེད་ཅིང་།། ཁ་ན་མ་ཐོ་མེད་པར་བཟོད་དེ། ་དགེ་སློང་དག་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་ཚེའི་ཚད་ནི་སྐལ་པ་ཅིག་སྟེ། བར་མ་དོར་མཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད ་པ་འདི་བཀའ་སྩལ་པ།། འབྲས་བུ་ཡིད་འོངས་ཐོ་རིས་སུ།། སྐྱེ་འགྱུར་དགེ་བ་སྤངས་ནས་ནི།། འདིར་ནི་མི་སྡུག་ལས་བྱས་པས།། རབ་ཏུ་ཚ་བར་སྐྱེ་བར་འགྱུར།། དགེ་སློང་བྲམ། ་ཟེ་དགེ་བ་དང་། པ་དང་མ་ཡང་དེ་བཞིན་ཏེ།། གང་ཡང་བླ་མ་གཞན་གསོད་པ།། རབ་ཏུ་ཚ་བར་དེ་མཆེད་དོ། དགེ་སློང་དག་སེམས་ཅན་དམྱལ་བ་ཆེན་པོ་རྣར་མེད་པའི་ཚེ་ཚད་ནི ་སྐལ་པ་གཅིག་སྟེ།། བར་མ་དོར་མཆི་བ་ཡོད་དོ།། མི་ཏིག་མུ་ཅན་ལྷས་བྱིན་གྱི་དགེ་འདུན་འཐུན་པ་ཕྱེ་བ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཕྲག་ཕྱུང་བ་དང་། ་དགེ་སློང་མ་དགྲ་བཅོམ་པ་གསད་པས་རང་གི་ལུས་དེ་ཉིད་དམྱལ་བ་ཆེན་པོ་མནར་མེད་པ་དེར་སྐྱེས་སོ།། དེ་ནས་བཅོམ་ལྡན་འདས་ཀྱི་དེའི་ཚེ་ཚིག་སུ་བཅད་དེ་བཀའ་སྩལ་པ། ་འཕགས་པ་རྣམས་ཀྱི་སྙན་པ་ཡིས།། ཆོས་ཀྱི་འོས་པར་མཚོ་རྣམས་ལ།། སྡིག་པའི་ལྟ་བ་ལ་སྟེན་ནས།། བློ་ངན་གང་ཞིག་སྨོང་བྱེད་པ།། ཚེར་ལྡན་འོད་མའི་འབྲས་བུ་ལྟ།། ་དེ་ནི་འབྲས་བུ་བརླག་པར་བྱེད།། དགེ་བར་གྱུར་པར་བརྗོད་བྱ་སྟེ།། སྡིག་པ་ཅན་དག་མི་བརྗོད་དོ།། དགེ་བ་སྨྲས་ན་ལེགས་པར་འགྱུར།། སྡིག་པ་སྨྲས་ན་སྲེག་འགྱུར་བས།། གལ ་ཏེ་སྤྲས་ན་དགེ་བ་སྨྲས་པ་རླག་པར་འགྱུར།། བྱིས་པ་རྣམས་ནི་སྡིག་སྨྲ་སྟེ།། འཕགས་པ་ནི་མ་ཡིན་ནོ།། འདིར་ནི་ངན་འགྲོར་འགྲོ་བ་ཡི།། ལས་ནི་ཤས་ཆེར་བྱས་པ་ན། ་ལས་དེ་དག་གི་མནར་མེད་པའི།། དམྱལ་བ་དག་ཏུ་སྐྱེ་བར་འགྱུར།། དགེ་སློང་དག་ཚངས་རིས་ཀྱི་ལྷ་རྣམས་ཀྱི་ཚེ་ཚད་ནི།། སྐལ་པ་ཕྱེད་ཏེ་བར་མ་དོར་མཆི་བ་ནི་ཡོད་དོ།། དགེ ་སློང་དག་ཚངས་པ་འདུན་ན་འདུན་གྱི་ལྷ་རྣམས་ཀྱི་ཚེ་ཚད་ནི་སྐལ་པའི་བཞི་ཆ་གསུམ་ཐུབ་སྟེ། བར་མ་དོར་མཆི་བ་ནི་ཡོད་དོ།། དགེ་སློང་དག་ཚངས ་ཆེན་གྱི་ལྷ་རྣམས་ཀྱི་ཚེ་ཚད་ནི་བསྐལ་པ་ཅིག་ཐུབ་སྟེ། བར་མ་དོར་མཆི་བ་ནི་ཡོད་དོ།། དགེ་སློང་དག་འོད་ཆུང་གི་ལྷ་རྣས་ཀྱི་ཚེ་ཚད་ནི་སྐལ་པ་གཉིས་ཐུབ་སྟེ། བར་མ་དོར་མཆི་བ་ནི་ཡོད ་དོ།། དགེ་སློང་དག་ཚད་མེད་འོད་ཀྱི་ལྷ་རྣམས་ཀྱི་ཚེ་ཚད་ནི་སྐལ་པ་བཞི་ཐུབ་སྟེ། བར་མ་དོར་མཆི་བ་ནི་ཡོད་དོ།། དགེ་སློང་དག་འོད་གསལ་གྱི་ལྷ་རྣམས་ཀྱི་ཚེ་ཚད་ནི་སྐལ་པ་བརྒྱད ་ཐུབ་སྟེ། བར་མ་དོར་མཆི་བ་ནི་ཡོད་དོ།། དགེ་སློང་དག་དགེ་ཆུང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི། སྐལ་པ་བཅུ་དྲུག་ཐུབ་སྟེ། བར་མ་དོར་མཆི་བ་ནི་ཡོད་དོ།། དགེ་སློང་དག་ཚད ་མེད་དགེ་བའི་ལྷ་རྣམས་ཀྱི་ཚེ་ཚད་ནི་སྐལ་པ་སུམ་བཅུ་རྩ་གཉིས་ཐུབ་སྟེ། བར་མ་དོར་མཆི་བ་ནི་ཡོད་དོ།། དགེ་སློང་དག་དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ཚེ་ཚད་ནི། སྐལ་པ་དྲུག་བཅུ་རྩ་བཞི ་ཐུབ་སྟེ། བར་མ་དོར་མཆི་བ་ནི་ཡོད་དོ།། དགེ་སློང་དག་སྤྲིན་མེད་ཀྱི་ལྷ་རྣམས་ཀྱི་ཚེ་ཚད་ནི། བསྐལ་པ་བརྒྱ་ཉི་ཤུ་རྩ་ལྔ་ཐུབ་སྟེ། བར་མ་དོར་མཆི་བ་ནི་ཡོད་དོ།། དགེ་སློང་དག ་བསོད་ནམས་སྐྱེས་ཀྱི་ལྷ་རྣམས་ཀྱི་ཚེ་ཚད་ནི། བསྐལ་པ་ཉིས་བརྒྱ་ལྔ་བཅུ་ཐུབ་སྟེ། བར་མ་དོར་མཆི་བ་ནི་ཡོད་དོ།། དགེ་སློང་དག་འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི། ་བསྐལ་པ་ལྔ་བརྒྱ་ཐུབ་སྟེ། བར་མ་དོར་མཆི་བ་ཡོད་དོ།། དགེ་སློང་དག་འདུ་ཤེས་མེད་པའི་སེམས་ཅན་མི་ཆེ་བ་རྣམས་ཀྱི་ཚེའི་ཚད་ནི།། བསྐལ་པ་སྟོང་ཐུབ་སྟེ།། བར་མ་དོར ་མཆི་བ་ནི་ཡོད་དོ།། དགེ་སློང་དག་མི་གདུང་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་པ་ཉིས་སྟོང་ཐུབ་སྟེ། བར་མ་དོར་མཆི་བ་ནི་ཡོད་དོ།། དགེ་སློང་དག་ཤིན་དུ་མཐོང་བའི་ལྷ་རྣམས ་ཀྱི་ཚེའི་ཚད་ནི་སྐལ་པ་བརྒྱད་སྟོང་ཐུབ་སྟེ། བར་མ་དོར་མཆི་བ་ཡོད་དོ།། དགེ་སློང་དག་གྱ་ནོམ་སྣང་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི།། བསྐལ་པ་བརྒྱད་སྟོང་ཐུབ་སྟེ། བར་མ་དོར ་མཆི་བ་ནི་ཡོད་དོ།། དགེ་སློང་དག་འོག་མིན་གྱི་ལྷ་རྣམས་ཀྱི་ཚེ་ཚད་ནི་བསྐལ་པ་དྲུག་སྟོང་ཐུབ་སྟེ། བར་མ་དོར་མཆི་བ་ཡོད་དོ།། དགེ་སློང་དག་ན་མཁའ་མཐའ་ཡས་སྐྱེ་མཆེད ་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉི་ཁྲི་སྟེ། བར་མ་དོར་མཆི་བ་ནི་ཡོད་དོ།། དགེ་སློང་དག་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འགྲོ་བའི་ལྷ་རྣམས་ཀྱི་ཚེ་ཚད་ནི ་བསྐལ་པ་བཞི་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེ་ཚད་ནི་བསྐལ་པ་དྲུག་ཁྲི་སྟེ།། བར་མ་དོར ་མཆི་བ་ནི་ཡོད་དོ།། དགེ་སློང་དག་འདུ་ཤེས་མེད་འདུ་ཤེས་མིན་གྱི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་པ་བརྒྱད་ཁྲི་སྟེ། བར་མ་དོར་མཆི་བ་ནི་ཡོད་དོ།། ་དགེ་སློང་དག་དེ་ལྟར་དམྱལ་བ་ཆེན་པོ་རྣར་མེད་པ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བར་དེ་དག་ནི་དགེ་དག་སྲིད་པའི་རྩེ་མོ་དང་། དེ་དག་ནི་སྲིད་པ་འབྱུང་བ་ཡིན་ནོ།། ་དེ་དག་ནི་འགྲོ་བ་ལྔའི་སེམས་ཅན་འོང་བ་དང་འགྲོ་བ་དང་། གནས་པ་དང་། འཆི་བ་དང་། སྐྱེ་བར་སྣང་ངོ་།། སྲིད་པ་མངོན་པར་སྒྲུབ་པ་ནི་སྡུག་བསྔལ་ཡིན་པའི་ཕྱིར། ་དཔེར་ན། མི་རྩང་བ་ཉུང་ངུ་ཡང་མི་ཞིམ་པ་ལྟ་ཅི་སྨོས། དེ་ལྟར་དེ་བཞིན་དུ། ང་ནི་སྲིད་པ་མངོན་པར་སྒྲུབ་པ་ཆུང་ངུ་ལ་ཡང་ཐ་ན་དེའི་སྐད་ཅིག ་ཙམ་ཡང་སྔགས་པ་མི་བརྗོད་དོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སྲིད་པ་མངོན་པར་སྒྲུབ་པ་ནི། སྡུག་བསྔལ་ཡིན་པའི་ཕྱིར་རོ།། སོ་སོའི་སྐྱེ་བོ་བྱིས་པ་ཐོས་པ་དང་། ་མི་ལྡན་པ་དེ་དག་ནི་འགྲོ་བ་ལྔ་པོའི་འཁོར་བ་གང་དུ་ཡང་དང་ཡང་དམྱལ་བ་རྣམས་དང་། ཡང་དང་ཡང་དུད་འགྲོ་རྣམས་དང་། ཡང་དང་ཡང་དུ་ངན་སོང་ངན་འགྲོ་ལོགས་པར་ལྟར ་བ་རྣམས་སུ་ཀུན་ཏུ་རྒྱུག། ཀུན་ཏུ་རབ་ཏུ་རྒྱུག་གོ། དགེ་སློང་དག་དེ་ལྟར་བས་ན། དེའི་ཕྱིར་འདི་ལྟར་སླབ་པར་བྱ་སྟེ། སྲིད་པ་རྒྱུན་ཆད་པར་བྱ་བ་གང་ཡིན་པ་ལ་བརྩོན་པར ་བྱ་ཞིང་།། སྲིད་པ་མངོན་པར་སྒྲུབ་པར་མི་བྱའོ།། དགེ་སློང་དག་ཁྱེད་ཀྱི་དེ་ལྟར་སླབ་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དག་ཡིད ་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཚེའི་མཐའི་མདོ་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་བི་ད་ཡ་ཀ་ར་སིང་ཧ་དང་། ཞུ་ཆེན་གྱི་ལོ་ཆུ་བ་བན ་དྷེ་དཔལ་རྩེགས་ཀྱིས་སྦྱར་ཏེ། ཞེས་ནས་བརྟན་ལ་ཕབ་པའོ།། །། སརྦ་མངྒ་ལཾ།། ་