| Wylie | e-texts produced with BDRC’s OCR application |
བྱ་བའི་གཟུངས། རྫོགས་སྷོ།། བཀྲ་ཤིས། རྒྱ་གར་སྐད་དུ། ཨཱརྱ་ས་མ་དྷི་ཨ་ཏྲ་ཨུན ་ཏ་མ། བོད་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱི་མཆོག་དམ་པ། བམ་པོ་གཅིག་པའོ།། འདི་སྐད་བདག་གི་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི ་ཁབ་ན། དགེ་སློང་ཆེན་པོའི་དགེ་འདུན་སུམ་ཁྲི་དང་། བྱང་ཆུབ་སེམས་དཔའི་སྐྱེས་བུ་ཆེན་པོ་ལྔ་སྟོང་རྩམ་དང་། ལྷ་དང་ཀླུ་ལས་སོགས་པ་སྡེ་བརྒྱད་དང་། ལྷ་དང་། ་མི་ལས་སོགས་པ་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་མ་ཡིན་པ་གཞན་ཡང་ཕྱོགས་བཞིའི་མགོན་པོ་གཞི་དང་། སྲིན་པོ་དང་ཡི་དགས་ལས་སོགས་པ ་སྡེ་གཞིའི་འཁོར་དེར་འདུས་པར་གྱུར་ཏོ།། དེའི་ཚེ་ན་བཅོམ་ལྡན་འདས་འོད་ཟེར་གྱི་ཏིང་ངེ་འཛིན་དུ་ཞུགས་ནས། ཅང་མི་གསུང་ཞིང་བཞུགས་པ་ལ། འཁོར་མང་པོ། ་ཐེ་ཚོམ་དུ་གྱུར་ཏོ།། དེ་ནས་འཇམ་དཔལ་གཞོན་ནུ་ཆོས་ཀྱི་རྒྱལ་བུ་འདུག་པ་ལས་ལངས་ཏེ། སངས་རྒྱས་ལ་ལན་གསུམ་བསྐོར་བ་བྱས་ནས། ཚིགས་སུ་བཅད་པ ་འདི་དག་གི་མངོན་པར་བསྟོད་དོ།། ཤིན་དུ་ལེགས་སོ་ཆོས་ཀྱི་རྗེ། ཏིང་ངེ་འཛིན་ལ་ཞི་བར་བཞུགས། འཁོར་གྱི་དཀྱིལ་འཁོར་མང་པོ་རྣམས།། ཐམས་ཅད་ཐེ་ཚོམ།། ་སྐྱེས་པར་གྱུར། ཤིན་ཏུ་ལེགས་སོ་ཉི་ཟླའི་འོད།། ཅང་མི་གསུང་བར་གནང་མི་མཛད།། ཤིན་ཏུ་ལེགས་རིན་ཆེན་གཏེར། དབུལ་ཕོངས་རྣམས་ལ་སྦྱིན་མི་མཛད། ་ཤིན་ཏུ་ལེགས་སོ་མིའི་རྒྱལ། ཏིང་འཛིན་ལས་བཞེངས་སུ་གསོལ། ཤིན་དུ་ལེགས་སོ་ཀླུའི་རྒྱལ། བདུད་རྩིའི་འཆར་པ་དབབ་དུ་གསོལ། ་ཤིན་དུ་ལེགས་སོ་ལྷའི་མཆོག། མྱུར་དུ་ཆོས་རྣམས་སྟན་དུ་གསོལ། ཤིན་དུ་ལེགས་སོ་སེམས་ཅན་ལ། ཐེག་པ་ཅིག་དོན་སྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཏིང ་ངེ་འཛིན་དེ་ལས་བཞེངས་ཏེ། འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ང་ལ་རིན་པོ་ཆེ་བླ་ན་མེད་པའི་ཡེ་ཤེས་མང་དུ་ཡོད་པ། ཁྱེད་ལ་འཕེན་པ་དང་། བདེ་བར ་མཛད་ཅིང་། དབུལ་ཕོངས་པ་དང་བྲལ་བར་བྱ་བ་ཡོད་ཀྱིས། ཐེ་ཚོམ་མ་བྱེད་པར་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དེ་ནས་དགའོ་སྟན་ལས་ལངས་ཏེ། སངས་རྒྱས་ལ་འདི་སྐད ་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གི་ནི་མང་དུ་ཐོས་པས། བླ་ན་མེད་པའི་བྱང་ཆུབ་མྱུར་དུ་ཐོབ་སྙམ་ན། མདོ་སྡེ་དག་ལས་བཤད་པ་ཐོས་པ་ལྟར། མང་དུ་ཐོས ་ཤིང་ཤེས་རབ་རྣོ་བའི་དབང་པོ་དང་ལྡན་པ་ནི། བྱང་ཆུབ་ཐོབ་པ་ཤིན་ཏུ་བཀའ་ཏེ། དགྱེགས་བརྒྱད་དུ་སྐྱེའོ་ཞེས་འབྱུང་ན། བདག་གི་ཇི་ལྟར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར ་འགྱུར། བཅོམ་ལྡན་འདས་ཀྱི་དགའོ་ལ་བཀའ་སྩལ་པ། དགའོ་མང་དུ་ཐོས་པ་ལ་སེམས་རྣམ་པ་གཉིས་ཏེ། གང་ཞེས་ན། ཏིང་ངེ་འཛིན་གྱི་སེམས་དང་། འཁྲུལ་པའི ་སེམས་སོ།། སེམས་ཏིང་ངེ་འཛིན་ལ་གནས་ན་ནི་མང་དུ་ཐོས་དང་གཅོད་པ་མེད་དོ།། སེམས་འཁྲུལ་པ་ལ་གནས་ན་ནི་མང་དུ་ཐོས་དང་ཕན་པ་མེད་དོ།། གང་གིས་ཏིང་ངེ། ་འཛིན་དང་། ཤེས་རབ་དང་། ཤིན་ཏུ་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ།། དགའ་བོས་གསོལ་པ། བཅོམ་ལྡན་འདས་ཅིའི ་སླད་དུ། མདོ་ཀུན་ལས་ཏིང་ངེ་འཛིན་དང་། ཤེས་རབ་ནི་མཆོག་དམ་པའོ་ཞེས་སྟོད། བཅོམ་ལྡན་འདས་ཀྱི་དགའོ་ལ་བཀལ་སྩལ་པ། དགའོ་ཏིང་ངེ་འཛིན་དང་ཤེས་རབ ་ལྡན་པ་ནི་དཔེར་ན་རི་དགས་ཀྱི་ནང་ན་སིང་གེ་མཆོག་ཏུ་གྱུར་པ་དང་། སྣང་བ་ཐམས་ཅད་ཀྱི་ནང་ན་ཉི་མ་མཆོག་ཏུ་གྱུར་པ་དང་། རིའི་ནང་ན་རི་རབ་ལྷུན་པོ་མཆོག་ཏུ་གྱུར་པ ་ལྟ་བུའོ།། དེ་ཡང་ཅིའི་ཕྱིར་ཞེས་ན། ཏིང་ངེ་འཛིན་དང་ཤེས་རབ་དང་ལྡན་པའི་ཤུགས་ནི། མཆོག་དམ་པ་ཡིན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱི་དགའོ་ལ་བཀའ་སྩལ ་པ། དགའོ་གལ་ཏེ་མི་ཞིག་གིས་ཤིང་ཙན་དན་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གའི་གཙུག་ལག་ཁང་རྩིགས་པ་དང་། མི་གཞན་ཞིག་གི་རིན ་པོ་ཆེ་སྣ་བདུན་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་གཙུག་ལག་ཁང་བྱས་ན། མི་གཉིས་ཀྱི་བསོད་ནས་མཉམ་པ་ཡིན་ནམ། དགའ་བོས ་གསོལ་པ། མི་དེ་གཉིས་ཀྱི་ནང་ན་རིན་པོ་ཆེ་སྣ་བདུན་ལས་བགྱིས་པའི་བསོད་ནམས་མཆོག་གོ།། སངས་རྒྱས་ཀྱི་དག་འོ་ལ་བཀལ་སྩལ་པ། གཞན་ཡང་མི་ཞིག་གི ་གསེར་ཐ་མལ་པ་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་གཙུག་ལག་ཁང་བྱས་པ་དང་། མི་གཞན་ཞིག་གི་གསེར་ཙོ་མ་ལས་སྟོང་གསུམ་གྱི་སྟོང ་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་གཙུག་ལག་ཁང་བྱས་ན། དེ་གཉིས་བསོད་ནམས་མཉམ་པ་ཡིན་ནམ། དགའ་བོས་གསོལ་པ། གསེར། ་བཅོམ་ལས་བྱས་པའི་བསོད་ནམས་རབ་ཏུ་ཆེའོ།། སངས་རྒྱས་ཀྱི་དགའོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གི་ཤིང་ཙན་དན་དང་། སྤོས་ཀྱི་ཤིང་གཞན་དག་ལས་སྟོང་གསུམ་གྱི ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་སྐུ་གཟུགས་བྱས་ཏེ། མཆོད་ཅིང་ཕྱག་འཚལ་བ་དང་། མི་གཞན་ཞིག་གི་གསེར་རྩོམ་དང་། རིན་པོ་ཆེ་སྣ་བདུན་ལས་སྟོང་གསུམ ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་སྐུ་གཟུགས་བྱས་ཏེ། མཆོད་རྙིང་ཕྱག་འཚལ་བ་དང་། མི་གཉིས་ཀྱི་བསོད་ནམས་ལ་ཁྱད་པར་ཡོད་དམ། དགའ་བོས ་གསོལ་པ།། རིན་པོ་ཆེ་སྣ་བདུན་དང་གསེར་བཙོ་མ་ལས་སྐུ་གཟུགས་བགྱིས་པའི་བསོད་ནམས་ཆེའོ།། སངས་རྒྱས་ཀྱི་དགའོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས ་སྦྱིན་པ་ཆེན་པོའི་སེམས་སྐྱེད་དེ། རིན་པོ་ཆེ་སྣ་འདུན་གྱི་བང་མཛོད་དང་། ཆུང་མ་དང་། བུ་སྦྱིན་པ་དང་། མི་གཞན་ཞིག་གིས་ཡན་ལག་གི་དམ་པ་མགོ་དང་མིག་དང ་ལུས་དང་བརྙེད་དཀའ་བའི་རིན་པོ་ཆེ་སྣ་བདུན་གྱི་བང་མཛོད་ཀྱི་སྦྱིན་པ་བྱིན་ན། མི་གཉིས་ཀྱི་བསོད་ནམས་ལ་ཁྱད་པར་ཅི་ཡོད། དགའ་བོས་གསོལ་པ། རིན་པོ་ཆེ། ་སྣ་བདུན་དང་། ལུས་དང་ཆུང་མ་དང་། བུར་བཅས་པ་སྦྱིན་ན་བསོད་ནམས་ཆེ་བ། ལགས་སོ།། སངས་རྒྱས་ཀྱི་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག ་ཐིམ་རྗེ་ཙུན་ས། སྣང་གསུམ་བྱ་སྣང་ན་པ་གང་པའི་མ་རྣམས་པ་འཇིག་རྟེད་དུ་ཤེལ་ཏུནགས་འཛིན་བྱེ་འཇུག་པ་དང་། དལ་པ་སྨིག་ཤེས་པང་བཅན ་ཀྱི་གང་ཆེན་པའི་འཇིག་རྟེན་གྱི་ཁམས་གང་བའི་མི་རྣམས་མི་གེ་བཞིན་དུ་འདོད་ཅིང་། ཡི་གེ་ཡང་དོན་ཏོན་ཅིང་འོད་དུ་ཆུང་ན། མཽ་གཉིས་ཀྱི་བསོད་རྣམས་གང ་དགའ་བོས་གསོལ་པ། ཡི་གེ་གཞན་དུ་འདོད་ཅིང་ཁོང་དུ་ཆུད་པའི་བསོད་ནམས་ཆེའོ།། སངས་རྒྱས་ཀྱི་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གི་མདོ་སྡེ་བཅུ ་གཉིས་ཀྱང་ཐོགས་མེད་ལ་ཁ་དོན་དུ་ཤེས་ལ། དོན་ཟབ་མོ་མི་ཤེས་ལ་མདོ་སྡེ་གླེགས་བམ་འམ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བ་འཆང ་བ་དང་། དེ་ལ་མི་ཞིག་མདོ་སྡེ་བཅུ་གཉིས་ཀྱང་བྱས་པར་ཁ་ཏོན་ཤེས་ལ། དོན་ཟབ་མོ་ཡང་རྟོགས་ཏེ། མདོ་སྡེའི་གླེགས་བམ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་གང་བརྩམ་འཆང་ན། མི་དེ་གཉིས་ཀྱི་བསོད་ནམས་གང་མཆོག་ཏུ་གྱུར་པ་ཡིན། དགའ་བོས་གསོལ་པ། ཁ་ཏོན་བགྱིས་ལ་དོན་ཡང་རྟོགས་ཏེ། ་གཞན་ལ་ཡང་སྟོན་ཅིང་མཆད་པའི་བསོད་ནམས་མཆོག་ཏུ་གྱུར་པ་ལེགས་སོ།། སངས་རྒྱས་ཀྱི་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས ་ས་འགྲོལ་ཅིང་མཚད་ལ་སྦྱིན་པ་དང་ཚུལ་ཁྲིམས་དང་། བཟོད་པ་དང་། བྱམས་པ་དང་། དགའ་བ་དང་། བཏང་སྙོམས་མི་སྤྱོད་པ་དང་། གལ་ཏེ་མི་ཞིག་གི་མདོ་སྡེ ་གཉིས་དང་འགྲེལ་ཅིང་བཅང་ལ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ ་བཏང་སྙོམས་ཀྱང་རྒྱ་ཆེར་སྤྱོད་དོ།། སེམས་ཅན་རྣམས་ལ་བུ་ཅིག་པ་དང་འདྲ་བར་མཉམ་སྙོམས་ན། མི་དེ་གཉིས་བསོད་ནམས་གང་ཆེ་བ་ཡིན། དགའ་བོས་གསོལ ་པ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ཚུལ་ཁྲིམས་དང་། བཟོད་པ་སྤྱོད་ཅིང་། སེམས་ཅན་ལ་སྦྱིན་པ་བྱིན་པའི་བསོད་ནམས ་ཆེ་ཞིང་མང་ལགས་སོ།། བཅོམ་ལྡན་འདས་ཀྱི་དག་འོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གི་མདོ་སྡེ་བཅུ་གཉིས་ཀྱང་འགྲེལ་ཅིང་མཆེད་ཤེས་ན། སྟན་བཅོས་འུ་ཏྲ ་བཅཝོ་ལྔ་ཡང་བྱང་བར་མཆད་ཤེས་ཏེ། འཇིག་རྟེན་དུ་སྤེལ་བ་དང་། དེ་ལ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་འགྲེལ་ཅིང་མཆད་ཤེས་ལ་ཀྲི་བའི་སྟན་བཅོས་དང་། ངེས་པའི ་བསྟན་བཅོས་དང་། ཕུང་པོའི་བསྟན་བཅོས་དང་། རྟེན་ཅིང་འབྲེལ་བར་འགྱུར་བ་བཅུ་གཉིས་དང་འབྲེལ་ཅིང་མཆེད་ལ་ངེས་པའི་བསྟན་བཅོས་དང་། རྟེན་ཅིང ་ཕུང་པོ་ལྔའི་བསྟན་བཅོས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ཀྱི་བསྟན་བཅོས་དང་། ཁམས་བཅཝོ་བརྒྱད་ཀྱི་སྟན་ཆོས་དང་། སྟོང་པ་ཆེན་པོའི་སྟན་ཆོས་དང ་ཉི་ཟླའི་སྟན་ཆོས་དང་། ཟླ་བ་སྲིན་གྱི་སྟན་ཆོས་དང་། མདོ་སྡེ་བརྒྱན་གྱི་བསྟན་ཆོས་དང་། དོན་དམ་པ་ཉིད་ཀྱི་སྟན་ཆོས་དང་། རྡོ་རྗེ་སྙིང་པོའི་བསྟན་ཆོས་དང་། ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བསྟན་བཅོས་དང་། རྣམ་པར་ཐར་པའི་སྒོ་གསུམ་གྱི་བསྟན་ཆོས་ལུ་ཏེ་བཅཝོ་ལྔ་ཡང་ཤེས་ན། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད ་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་སྤྱོད་དེ། ཚུལ་ཁྲིམས་འཆལ་པ་དང་། ཚུལ་ཁྲིམས་བསྲུངས་པ་དང་། སེམས་གཉིས ་སུ་མེད་ཅིང་ན་མཁའ་ལྟར་མཉམ་པ་དང་། སེམས་ཅན་གྱི་སྐྱོན་ཐམས་ཅད་མི་མཐོང་ཞིང་། སེམས་ཅན་རྣམས་ལ་བུ་གཅིག་པ་དང་འདྲ་བར་སྙོམས་ཏེ། དགྲ་སྡང་བ་ལ་ཡང ་ན་མཁའ་ལྟར་མཉམ་པ་དང་། དེ་ལ་མི་ཞིག་གིས་ཕྱོགས་སུ་རྒྱལ་པའི་མདོ་སྡེ་བཅུ་གཉིས་ལ་བསྐུར་པ་མི་འདེབས་ན། མི་དེ་གཉིས་བསོད་ནམས་གང་ཆེ་བ་ཡིན། དགའ ་བོས་གསོལ་པ། ཕྱོགས་སུ་རྒྱས་པའི་མདོ་སྡེ་བཅུ་གཉིས་ལ་བཀུར་པ་མ་བཏབ་ན། མི་དེའི་བསོད་ནམས་ཚད་མ་མཆིས་ཏེ། བསམ་གྱི་མི་ཁྱབ་པ་ལེགས་སོ།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞན་ཡང་མི་ཞིག་གི་གོང་དུ་སྨོས་པའི་བསོད་ནམས་ཐམས་ཅད་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གང ་བར་བྱེད་ནུས་ལ། མདོ་སྡེ་བཅུ་གཉིས་དང་སྟན་བཅོས་འུ་ཏ་མ་བཅཝོ་ལྔ་བརྙེད་ཀྱང་ཁ་བཏོན་དང་འགྲེལ་ཅིང་མཆད་ནུས་ཏེ། ཚུལ་ཁྲིམས་དང་། བཟོད་པ་དང་། ་བྱམས་པ་སོགས་པ་ཡང་སྤྱོད། སྦྱིན་པ་ཡང་བྱེད་དེ། མང་དུ་ཐོས་པའི་མཆོག་ཏུ་ཡང་གྱུར་ལ། ཆོས་ཐམས་ཅད་སྟོང་ཞིང་ཞི་བའི་དོན་ཡང་སྟོན་ཏེ། ཉན་པའི་མངོན ་པར་ཤེས་པ་ལྔ་ཐོབ་ཏེ། དེ་ལྟར་ཕན་པ་དང་། བདེ་བའི་དོན་བྱས་ཀྱང་། དེས་ནི་མི་ཞིག་ཉིན་ཅིག་གམ། མཚན་གཅིག་ཏིང་ངེ་འཛིན ་དུ་ཞུགས་ན། ཙམ་དུ་མི་ཕོད་དོ།། དེ་ཅིའི་ཕྱིར་ཞེས་ན། མང་དུ་ཐོས་པའི་གང་ཟག་ནི་རི་འམ་རྒྱ་མཚོ་ལྟར་ང་རྒྱལ་གྱི་སེམས་ཆེའོ།། དེ་ལྟར་ང་རྒྱལ་ཆེ་བ་ནི། ངན་སོང་དུ ་བསྐལ་པ་གྲངས་མེད་ཀྱི་བར་དུ་སྡུག་བསྔལ་མྱོང་བར་འགྱུར་རོ།། དམྱལ་བ་དེ་ལས་ཐར་ན་ཡང་། འདབ་ཆགས་ཀྱི་བྱར་སྐྱེ་བར་འགྱུར་ན། མང་དུ་ཐོས་པ་ལ་ཕན་པ་ཅི ་ཡོད།། གང་ལ་བསམ་གཏན་གྱི་ཏིང་ངེ་འཛིན་ཡོད་པ་ནི། སྐྱེ་ཤི་འཁོར་བའི་སྡིག་པ་ཁ་ན་མ་ཐོ་བའི་ལས་ལྕི་བ་བྱང་བར་ནུས་སོ།། མང་དུ་ཐོས་པ་ནི་ཙཱ་དང་འདྲེའོ།། ། ་ཏིང་ངེ་འཛིན་ནི་མེ་དང་འདྲའོ།། མང་དུ་ཐོས་པ་ནི་ལྕགས་དང་འདྲའོ།། བསམ་གཏན་གྱི་ཏིང་ངེ་འཛིན་ནི་ཙའི་སྡོང་པོ་དང་འདྲའོ།། མང་དུ་ཐོས་པ་ནི་ཙང་པོ་དང་འདྲའོ།། ་བསམ་གཏན་གྱི་ཏིང་ངེ་འཛིན་ནི་རྒྱ་མཚོ་དང་འདྲ་སྟེ། ངས་བསམ་གཏན་གྱི་ཏིང་ངེ་འཛིན་གྱི་བསོད་ནམས་དང་ཡོན་ཏན་བཤད་ན་ཟད་པའི་མཐའ་མེད་དེ་བསྐལ་པར་ཡང ་མི་རྫོགས་སོ།། བཅོམ་ལྡན་འདས་ཀྱི་དག་འོལ་བཀའ་སྩལ་པ། ང་མངོན་གསུམ་དུ་དྲན་པ་ཉེ་སྔོན་འདས་པའི་དུས་ན། མང་དུ་ཐོས་པའི་སྐྱེ་བོར་གྱུར་པའི་ཚེ། ་འཇམ་དཔལ་དང་ང་གཉིས་ཡོད་མེད་ལ་གཉིས་ལ་རྩོད་པར་གྱུར་ཏེ། འཇམ་དཔལ་ནི་ཡོད་ཅེས་སྨྲ། ངས་མེད་དོ་ཞེས་སྨྲས་ཏེ། ཡོད་མེད་གཉིས་ཀྱི་བདེན་པ་ལས་བརྩོད། ་པར་གྱུར་ཏེ། ཅིག་ཏུ་མ་ཆད་དོ།། མཐར་ཚེ་འཕོས་ནས་ངན་སོང་གསུམ་དུ་ལྟུང་སྟེ། བསྐལ་པ་གྲངས་མེད་ཀྱི་བར་དུ་ལྕགས་ཀྱི་མཐོ་ལུམ་ཟ་བར་འགྱུར་རོ།། དམྱལ ་བ་དེ་ལས་ཐར་ཏེ། སངས་རྒྱས་འོད་བསྲུངས་དང་ཕྲད་ནས། ཡོད་པ་དང་མེད་པ་གཉིས་འོད་བསྲུང་གིས་འདི་སྐད་དུ་བཤད་དོ།། ཆོས་ཐམས་ཅད་ཀྱི་རང་བཞིན་ནི ་ཅིག་ཏུ་ངེས་ཤིང་མ་ཆད་པ་མེད་དེ། ཁྱོད་ཡོད་པ་མེད་པར་སྨྲ་བ་ནི། དེ་ལྟ་བུ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་ཞི་བ་སྟེ། བདེན་པ ་འདི་གཉིས་ཀྱི་ཞི་བ་ནི་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་སྟེ། ཁྱེད་ཤེས་པ་ནི་ཡི་གེའི་དོན་ཤེས་པར་ཟད་ཀྱིས་དོན་ཟབ་མོ་མི་ཤེས་པས་དོན་འདི་ལྟ་བུ་ནི། ཁྱེད ་དམུས་ལོང་འོན་པ་ལྟ་བུ་ཡིན་ན། དོན་ཟབ་མོ་འདི་ལྟ་བུ་ཇི་ལྟར་ཤེས་ཤིང་རྟོགས་པར་འགྱུར་ཞེས་བཤད་པ་ཐོས་ནས། རི་དབེན་པར་སོང་སྟེ། བདག་ཉིད་ཡིད་ལ། ་བྱས་ནས། བསམ་གཏན་གྱི་ཏིང་ངེ་འཛིན་ལ་བཞུགས་སོ།། ཞག་བདུན་ལོན་པ་དང་། བསམ་གཏན་ཞི་བའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་རྣམས་གསུམ་དང་། ་ཡེ་ཤེས་རྣམ་གསུམ་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་འདི་དག་རྟོགས་ཤིང་ཁོང་དུ་ཆུད་པར་འགྱུར་ཏེ། ་ཆོས་ཐམས་ཅད་སྟོང་པ་ཉིད་ཞི་བ་ཅི་ཡང་མེད་པར་རྟོགས་སོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱི་སྟོང་པའི་ཕྱིར་རོ།། དེ་བས་ན་བསམ་གཏན ་སྒོམ་པ་ནི་མཆོག་དམ་པར་རིག་པར་བྱ་སྟེ། གང་ཞིག་ཉིན་ཅིག་གམ། མཚན་ཅིག་གམ། ཉིན་ཞག་བདུན་གི་བར་དུ་བསམ་གཏན ་གྱི་ཏིང་ངེ་འཛིན་བསྒོམ་ན། བསྐལ་པ་གྲངས་མེད་པ་ཚུན་བཅད་ཀྱི་ཁ་ན་མ་ཐོ་བའི་སྡིག་པ་ལྕི་བ་ཡང་ཁད་ཀྱི་ཞི་ཞིང་བྱང་བྱང་བར་འགྱུར་རོ།། གཞན་ཡང་ཁ ་ན་མ་ཐོ་བའི་སྡིག་ལྕི་བ་ཡང་བྱང་བར་འགྱུར་རོ།། དེ་ཡང་གང་ཞེས་ན། ཕ་མ་གསད་པ་དང་། དགྲ་བཅོམ་པ་གསད་པ་དང་། མཆོད་བརྟེན་དང་། གཙུག་ལག་ཁང ་གཤིག་པ་དང་། དགེ་འདུན་གྱི་གནས་ཁང་མེས་བཏང་བ་ཡིན་ཏེ། ཕས་ཕམ་པ་གཞི་དང་། ཕས་ཕམ་བརྒྱད་དང་། ལྕི་བ་ལྔ་དང་། རང་བཞིན་གྱི་ལྕི་བ་དྲུག་ཉམས ་པ་ཡིན། ཕྱོགས་སུ་མདོ་སྡེ་ལ་བཀུར་བ་བཏབ་ཡིན། ཕ་རོལ་པོའི་ཉེས་པའི་སྐྱོན་སྨྲ་ཞིང་བཀུར་ཏི་མི་བྱེད་པ་ཡིན། གོང་དུ་སྨོས་པ་ང་རྒྱལ་ཆེ་བ་དང་། རང་བཞིན་གྱིས ་སྡིག་ལྕི་བ་ལྔ་ཡིན་ཏེ། དེ་ཡང་བསམ་གཏན་གྱི་ཏིང་ངེ་འཛིན་སྒོམས་ན། རང་ཞི་ཞིང་བྱང་བ་འགྱུར། དེ་ཡང་བསམ་གཏན་གྱི་ཏིང་ངེ་འཛིན་གྱི་མཐུས་འབྱུང་གིས། ་གཞན་གྱི་བྱང་བ་མ་ཡིན་ནོ།། ཉིན་ཞག་བདུན་རྩམ་གྱི་དང་དེ་ལྟར་ཡོན་ཏན་དང་བསོད་ནམས་དཔག་ཏུ་མེད་པ་ཐོབ་ན། ཚེ་ཅིག་ཏུ་དབེན་སར་རི་དང་ཤིང་དྲུང་དུ་འདུག་སྟེ། ་རྟོགས་པ་གསལ་བ་དང་། འཇུག་པ་དང་སྤོང་བ་ཡིད་ལ་བྱེད་པ་ལྟ་སྨོས་དང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། སེམས་ནི་འབབ་ཆུ་དང་འདྲ་སྟེ་སྐྲ་ཅིག་དང་མི་གདོང། ་སེམས་ནི་སྤྲེའུ་དང་འདྲ་ཏེ་ཅིག་གཏང་། ཡང་གཅིག་འཛིན་ཏོ།། མདོར་ན་སེམས་ནི་ཏིང་ངེ་འཛིན་གྱི་དབང་གིས་གཡོའོ།། གལ་ཏེ་སེམས་གཡོ་ན། ཆོས་ཐམས་ཅད ་ལ་འཁྲུལ་པའི་འདུ་ཤེས་སྐྱེའོ།། གལ་ཏེ་ཏིང་ངེ་འཛིན་ལ་གནས་པ་ནི་འཇིག་རྟེན་སྐྱེ་བ་འམ། གནས་པ་དང་། འགོག་པའི་འདུ་ཤེས་ཤེས་ཤིང་རྟོགས་ཏེ། ཆོས ་ཐམས་ཅད་སྟོང་པ་ཉིད་ཀྱིས་ཞི་བ། མི་རྟག་པར་འགྱུར་ཞི་འཕོ་བ། སྟོང་ཞིང་བདག་མེད་པ། སྒྱུ་མ་དང་འདྲ་བ། སྤྲུལ་པ་ལྟ་བུར་གློག་དང་། རླུང་དང་། དྲི ་ཟའི་གྲོང་ཁྱེར་ལྟ་བུ། ཆུའི་བུ་བ་དང་། སྨིག་སྒྱུ་དང་། བྲག་ཆ་དང་། བར་སྣང་གི་བྱ་རྗེས་ལྟ་བུར་རྟོགས་སོ།། འཇིག་རྟེན་ནི་སྲིད་པ་རི་དང་། འཚལ་དང་། རྩད ་པོ་དང་། འབབ་ཆུ་དང་། མཚེའུ་དང་། ལྟེང་ཀ་དང་། རྒྱ་མཚོ་ལས་སོགས་པ་ཆུ་ཐམས་ཅད་ཀྱང་མེའི་བསྐལ་པ་ཆེན་པོ་བྱུང་བའི་ཚེ། ཐམས་ཅད་ཚིག་ཅིང་ཟད ་པར་འགྱུར་ཡང་བསམ་གཏན་བཞི་དང་། གཟུགས་མེད་པའི་ཏིང་ངེ་འཛིན་བཞི་མ་རྟོགས་ཏེ། ཆོས་ཐམས་ཅད་སྙིང་པོ་ཉིད་དུ་ཤེས་ཏེ། བསམ་གཏན་གྱི་མཐུ ་འདི་ནི་ཤ་ཤིན་ཏུ་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ།། སེམས་ཏིང་ངེ་འཛིན་ལ་གནས་ན། ཕྱོགས་བཞིའི་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས། ་ཀྱི་ཉི་མ་དང་། ཟླ་བ་དང་། སྐར་མ་དང་། འབབ་ཆུ་དང་། རྩང་པོ་དང་། རྒྱ་མཚོ་དང་། རི་དང་། ནག་མཚལ་དང་། ཀླུང་དང་། ལུང་པ་དང་། སྐྱུ་རུ་རའི ་འབྲས་བུ་ལག་མཐིལ་དུ་བཞག་པ་བཞིན་དུ་འཐོང་ངོ་།། བསམ་གཏན་གྱི་ཏིང་ངེ་འཛིན་ལ་གནས་ན། རྫུ་འཕྲུལ་གྱི་ཕྱོགས་བཅུའི་འཇིག ་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དུ་ཡང་ཕྱིན་ཞིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རླུང་དང་མེ་དང་ས་དང་ཆུ་དང་། ཉི་མ་དང་། ཟླ་བ་དང་། སྐར་མ་དང་། ་བཟའ་དང་། རི་དང་། འཚལ་དང་། ཆུ་དང་། ཤིང་དང་། ལྷའི་ཕོ་བྲང་དང་། ཀླུའི་ཕོ་བྲང་དང་། རྫུ་འཕྲུལ་གྱིས་སྦྲུལ་ནུས་ཏེ། དེ་བས་ན་བསམ་གཏན་གྱི་མཐུ ་ནི་ཤིན་ཏུ་བསམ་གྱིས་མི་ཁྱབ་པར་རིག་པར་བྱ། བསམ་གཏན་གྱི་ཏིང་ངེ་འཛིན་གྱི་ཤུགས་ཀྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྤྲུལ ་ནུས་སོ།། དགའོ་མེའུ་འགལ་གྱི་བུ་ཆེན་པོ་ཏིང་ངེ་འཛིན་དུ་ཞུགས་ནས། ཏིང་ངེ་འཛིན་གྱི་རྣམ་པ་སྣ་ཚོགས་སུ་སྤྲུལ་ནས། ས་ཆེན་པོ་འདི་ཡང་མག་ལ་མེས་སྐོར་བེ ་བཞིན་དུ་སྐྱོད་ནུས་ཏེ།། མང་དུ་མཐོས་པས་ནི་དེ་ལྟར་མི་ནུས་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱི་དགའ་བོ་ལ་ཁྱོད་ས་ཆེན་པོ་སྐུར་ཅིག་ཅེས་བཀའ་སྩལ་པ་དང་། ་དགའ་བོས་གསོལ་པ། བདག་ལ་བསམ་གཏན་གྱི་ཏིང་ངེ་འཛིན་མ་མཆིས་པས་སྐུལ་རྔོ་མི་ཐོག། བཅོམ་ལྡན་འདས་ཀྱི་དགའ་བོ་ལ་བཀའ་སྩལ་པ། བསམ་གཏ ་གྱི་ཏིང་ངེ་འཛིན་སྒོམ་པ། དགེ་སྦྱོང་གི་འབྲས་བུ་བཞི་མ་ཐོབ་ཀྱང་། མང་དུ་ཐོས་པ་ལས་ཁྲི་ཕྲག་བརྒྱ་སྟོང་གིས་འཕགས་སོ།། དེའི་ཚེ་དེའི་དུས་ན་འོད་མའི་འཚལ ་ན་གནས་པའི་དགེ་སློང་ལྔ་བརྒྱ་ཙམ་ཞིག་ཐམས་ཅད་མང་དུ་ཐོས་པ་སློབ་པ་ལས། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་མེའུ་འགལ་གྱི་རྫུ་འཕྲུལ་དང་། ཏིང་ངེ་འཛིན་མཆོག ་གོ་ཞེས་གསུངས་པ་ཐོས་ནས། སངས་རྒྱས་གང་ན་བ་དེར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། སངས་རྒྱས་ལ་འདི་སྐད་ཅེས་གསོ ་ཏོ།། བཅོམ་ལྡན་འདས་བདག་ཅག་མང་དུ་ཐོས་པ་སླབས་ཏེ། མདོ་སྡེ་བཅུ་གཉིས་དང་ཁོང་དུ་ཆུད་པས། རྒྱལ་ཁམས་ཆེན་པོ་བཅུ་དྲུག་སྙེད་ཀྱང་བདག་ཅག་ལ་སངས ་རྒྱས་དང་འདྲ་བར་གུས་ཤིང་བཀུར་སྟི་བགྱིད་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་མང་དུ་ཐེས་པ་དང་ནམ་ཡང་ཡང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ།། ་ཞེས་གསུངས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ལ་དགེ་སློང་ལྔ་རྒྱ་པོ་མཐུན་པར་དུས་གཅིག་ཏུ་བདག་ཅག་ནི་མང་དུ་ཐོས་པ་སྤངས་ཤིང་བསམ་གཏན་གྱི་ཏིང་ངེ་འཛིན ་ལ་སློབ་པོ་ཀ་ཞེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ། དགེ་སློང་ཁྱོད་མང་དུ་ཐོས་པ་སྤངས་ཏེ། བསམ་གཏན་གྱི་ཏིང་ངེ་འཛིན ་ལ་འཇུག་གོ། ཞེས་མ་སྨྲ་ཤིག། ངས་ལྟས་ན་ཁྱོད་ཀྱི་ཤེས་རབ་ནི་སྦྲང་བུའི་འདབ་པས་ཉི་ཟླ་སྒྲིབ་པར་འདོད་པ་དང་། དམུས་ལོང་གི་རི་རབ་ལྷུན་པོ་ལ་འཛེག་པར ་འདོད་པ་དང་། གྲུ་བཟིངས་མེད་པར་རྒྱ་མཚོ་ལ་རྒལ་བར་འདོད་པ་དང་། བྱ་འདབ་མ་ཆགས་པས་ན་མཁའ་ལ་འཕུར་འདོད་པ་བཞིན་ཁྱོད་ཀྱང་དེ་དང་འདྲའོ་ཞེས ་བཀའ་སྩལ་པ་དང་། དགེ་སློང་རྣམས་ཤི་བ་ཙམ་དུ་འཇིགས་པའི་སེམས་སྐྱེས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང ་རྣམས་ལ་བཀའ་སྩལ་པ། དགེ་སློང་ཁྱོད་མ་འཇིགས་མ་སྐྲག་པར་སེམས་ཏིང་ངེ་འཛིན་ལ་ཞོག་ཤིག། དགེ་སློང་རྣམས་ཀྱིས་གསོལ་པ། བདག་ཅག་ལ་བསམ ་གཏན་གྱི་མཐུ་ཡང་མ་མཆིས་ན། ཏིང་ངེ་འཛིན་དུ་ག་ལ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ལ་སྨན་དམ་པ་ཡོད་དེ། ཁྱེད་ཏིང་ངེ་འཛིན་ད་ཐོབ ་པར་བྱའོ་ཞེས་བཀའ་སྩལ་ཏོ།། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་སྟན་དུ་གསོལ།། བདག་ཅག་གི་དེ་བཞིན་དུ་སྤྱོད་པར་འཚལ་ལོ།། ཞེས་གསོལ་ཏོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་དམ་ཞེས་བྱ་བ་ནི། འདི་ལྟ་སྟེ། རྟོག་པ་དང་། བསལ་བ་དང་། འཇུག་པ་དང་། སྤོང་བའོ།། དགེ་སློང་རྣམས ་ཀྱི་གསོལ་པ། རྟོག་པ་དང་། གསལ་བ་དང་། འཇུག་པ་དང་། སྤོང་བ་ཅི་ལགས། བདག་ཅག་གིས་མ་མཚལ་ན། བཅོམ་ལྡན་འདས་ཀྱིས་སྟན་དུ་གསོལ། ་དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། དང་པོའི་སེམས་ནི་རྟོག་པ་ཞེས་བྱ། སེམས་གཉིས་བྱུང་བ་ནི་བསམ་པ་ཞེས་བྱ། སེམས་གསུམ ་བྱུང་བ་ནི་འཇུག་པ་ཞེས་བྱ། སེམས་བཞི་པ་བྱུང་བ་ནི་སྤོང་བ་ཞེས་བྱའོ།། གཞན་ཡང་འདི་ལྟ་སྟེ། བསམ་གཏན་དང་པོ་ལ་རྟོགས་པ་ཞེས་བྱ། བསམ་གཏན ་གཉིས་པ་ལ་བསམ་པ་ཞེས་བྱ། བསམ་གཏན་གསུམ་པ་ལ་འཇུག་པ་ཞེས་བྱ།། བསམ་གཏན་བཞི་པ་ལ་སྤོང་བ་ཞེས་བྱའོ།། གཞན་ཡང་འདི་ལྟ་སྟེ། བསམ ་གཏན་ཞེས་བྱ་བ་ནི་ལུས་དྲན་པ་ཉེ་བར་བཞག་པ་དང་། སེམས་དྲན་པ་ཉེ་བར་བཞག་པ་དང་། ཆོས་དྲན་པ་ཉེ་བར་བཞག་པ་དང་། རླབ་དྲན་པ་ཉེ་བར་བཞག ་པ་ཡིན་ཏེ། དེ་བཞིན་དུ་མངོན་པར་ཤེས་པ་བཞི་དང་། ཆོས་ཐམས་ཅད་འདི་ལྟར་ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། བདེན ་པ་བཞི་དང་། ཏིང་ངེ་འཛིན་བཞི་དང་། མཚན་མ་མེད་པ་བཞི་དང་། བྱང་ཆུབ་བཞི་ཡིན་ན། དགེ་སློང་ཁྱོད་བསམ་གཏན་དང་པོ་ལ་ཡང་བསལ་བར་མ་རྟོགས། ་ན། བསམ་གཏན་བཞི་དང་། ཆོས་ཐམས་ཅད་ལྟ་ཅི་སྨོས། དགེ་སློང་དག་ཐབས་སྣ་ཚོགས་ཀྱིས་བསམ་གཏན་གྱི་ཏིང་ངེ་འཛིན་ལ་འཇུག་པར་བྱའོ།། ག་ལ ་ཏེ་མ་རྩང་བ་ལ་རྟོག་ན། ལུས་ཀྱི་ཆེན་པོ་བཞི་ལྤགས་པ་དང་རུས་པ་དང་། ཚིགས་པ་དང་། སྣག་ཁྲག་ཟག་པ་དང་། སྣོད་བུ་ཡོད་པའི་ན་དུ་ཆུ་བླུགས་ན ་ཟག་པ་བཞིན་དུ་མི་ཙང་བའི་དངོས་པོ་གཤང་ལྕི་ཆེ་ཆུང་དང་། སྩོགས་པ་བཞིན་དུ་སྐྱ་རུང་ཟག་པ་མཐོང་ངོ་།། ཏིང་ངེ་འཛིན་དེ་ལས་དངོས་པོ་རྣམ་པ་སྣ་ཚོགས ་མཐོང་བ་ནི། འདི་ལྟར་གཡོ་བ་དང་། གནགས་པ་དང་། རྣམ་པར་སྔོ་བ་དང་། རྣམ་པར་སེར་བ་དང་། རྣམ་པར་དཀར་བ་དང་། རྣམ་པར་གནག་པ་ཐ་དད ་པ་སྣ་ཚོགས་མཐོང་བས། སེམས་མ་འཁྲུལ་བར་གྱུར་ན། དངོས་པོ་དེ་དག་མཐོང་བའི་ཚེ་ཕྱིར་ལྡོག་པར་བྱའོ།། རུས་པ་དཀར་པོ་དང་། ་དབུགས་ཕྱི་ནང་དུ་རྒྱུ་བ་དགྲང་བའི་རྟོག་པ་ཡང་དེ་དང་འདྲའོ།། གལ་ཏེ་ཚུལ་ཁྲིམས་ཀྱི་རྩ་བ་བཞི་ཉམས་པ་དང་། དགེ་སློང་མས་རྩ་བ་བརྒྱད་པ་དང་། དགེ་བསྙེན ་མས་ཁྲིམས་ཀྱི་རྩ་བ་ཉམས་པ་དང་། དགེ་ཚུལ་གྱི་ཁྲིམས་བཅུ་ཉམས་དང་། དགེ་སློང་མས་ལྕི་བ་དྲུག་ཉམས་པ་དང་། སངས་རྒྱས་དང་ཆོས་དང་དགེ ་འདུན་གྱི་སྤྱི་སྐོར་རྐུས་པ་དང་། མཁན་པོ་དང་སློབ་དཔོན་དང་། བླ་མ་དང་ཕ་མ་དང་དགེ་འདུན་གྱི་སྐོར་རྐུས་པ་དང་། ཕྱོགས་སུ་རྒྱས་པའི་མདོ་སྡེ་ལ་སྐུར་པའི ་གང་ཟག་དེ་ལྟ་བུ་ནི་བསམ་གཏན་གྱི་ཏིང་ངེ་འཛིན་ལ་འཇུག་པའི་ཚེ། བདག་གི་ལུས་དང་ངག་རླུང་ནག་པོ་ལྟ་བུ་དང་། ཁྲག་ནི་མེ་རབ་ཏུ་འབར་བ་དང་འདྲ་བ ་དང་། རུས་པ་ནི་རི་དང་བྲག་ལྟ་བུ་དང་། རྩ་ནི་ཤིང་ལྟ་བུ་དང་། ནང་གྲོལ་ལྔ་ནི་སྦྲུལ་ལམ་རྩང་བ་ལྟ་བུར་མཐོང་བ་དང་། ལག་ན་མེ་ཆེན་པོ་ཐོགས་སྟེ། ་རླུང་ཆེན་པོ་ལ་རྒྱུག་པ་དང་། མགོ་བོ་ལ་རི་ཆེན་པོ་ཁྱེར་ཀྱང་གདབ་ཆོས་པ་དང་། ཁ་ནས་སེང་གེ་འབྱུང་བ་དང་མིག་ནས་འབར་མ་མོ་འབྱུང་བ་དང་། སྣ་ནས ་སྦྲུལ་ཆེན་པོ་འབྱུང་བ་དང་། རྣ་བ་ནས་པར་སྤྱད་འབྱུང་བ་དང་། བཤང་ཅི་ཆེ་ཆུད་འབབ་ཅིང་། རྒྱ་མཚོའི་ཆུ་ལྟ་བུར་མཐོང་བ་དང་། གལ་ཏེ་ཕྱོགས་བཅུའི ་སངས་རྒྱས་ཐམས་ཅད་མཆོ་འཕྲུལ་རྣམ་པ་མང་པོ་སྟོན་པ་མཐོང་ནས། མཚན་མ་དེ་ལྟ་བུའི་མཐོང་བའི་ཚེ། བསམ་གཏན་ལས་ལངས་ཏེ། ཚལ་ལམ་རིའི་དགོན ་པར་སོང་སྟེ། ཕྱོགས་སུ་རྒྱས་པའི་མདོ་སྡེ་འདོན་ཅིང་འགྱོད་ཚངས་བྱའོ།། དེ་ལྟར་སྔོན་གྱི་ཁ་ན་མ་མཐོ་བའི་འགྱོད་ཚངས་བྱ་བ་ཡང་ཡང་ན་ཞག་བདུན་མ་གཉིས ་སམ། བདུན་གསུམ་མམ། བདུན་བཞི་འམ། བདུན་ལྔ་འམ། བདུན་དྲུག་གམ། བདུན་བདུན་གྱི་བར་དུ་འཐོལ་འཚངས་བྱའོ།། ཏེ་ལྟར་སྡིག་པ་སྦྱངས་ནས ་བསམ་གཏན་སྒོམ་པར་བྱ་སྟེ། དེ་ལྟར་སྡིག་པ་ཆུང་བ་ནི་བགས་ཀྱི་བདག་གི་ལུས་བཻ་དཱུརྱའི་རི་ལྟ་བུར་མཐོང་བར་འགྱུར་རོ།། གང་རྩ་བ་བཞི་མ་ཉམས་པ་ནས། ་རང་བཞིན་གྱི་ལྕི་བ་བཞིའི་བར་དུ་མ་ཉམས་པ་ནི་ཏིང་ངེ་འཛིན་དུ་འཇུག་པའི་ཚེ། ཕྱོགས་བཅུའི་སངས་རྒྱས་དུས་གཅིག་ཏུ་ཆོས་སྟོན་པ་དང་། དེ་ཡང་ན་བདེན ་པ་བཞིའི། ཡང་དག་པར་སྤོངས་པ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་འམ། སྡུག་བསྔལ་བ་འམ། བཟོད་པ་དང་། སྤྱི་བོ་དང་། འཇིག་རྟེན་མཆོག ་གི་ཆོས་སྟོན་པ་དང་། ཡང་ན་བྱང་ཆུབ་ཀྱི་ཡན་ལག་ན་བདུན་དང་། བསུམ་གཏན་བཞི་དང་། སྐྱེས་བུ་ཡ་བརྒྱད་ཀྱི་ཆོས་དང་། སྟོང་པ་ཉིད་བཞི་དང་། ཏིངེ ་འཛིན་གསུམ་དང་། རྣམ་པར་ཐར་པ་བརྒྱད་སྟོན་པར་མཐོང་བ་དང་། ཏིང་ངེ་འཛིན་ལས་མུན་ནག་མཐོང་བ་དང་། སྣང་བ་མཐོང་ན་ཏིང་ངེ་འཛིན་ལས་ལངས་ཏེ། ་ཤིན་དུ་དགའ་བའི་སེམས་བསྐྱེད་པར་བྱའོ།། ཞེས་བཀའ་སྩལ་པ་དང་། དགེ་སློང་དག་ཕྱིར་གནས་པའི་ཚལ་དུ་དོང་སྟེ། བསམ་གཏན ་གྱི་ཏིང་ངེ་འཛིན་ཉིན་ཞག་བདུན་སྒོམ་ནས་ཐམས་ཅད་ཀྱི་དགྲ་བཅོམ་པ་ཐོབ་པར་གྱུར་ནས། བཅོམ་ལྡན་འདས་གང་ན་བ་དེར་ལྷག་ནས། སངས་རྒྱས་ལ་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ནི་སངས་རྒྱས་ཀྱི་སྙན་པ་བཞིན་འཁོར་བ་ལས་ཐར་ཏེ། བླ་ན་མེད་པའི་འབྲས་བུ་ཐོབ་པོ།། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། དེ་ལྟར་ཐོབ་ན་ཆོ་འཕྲུལ་སྟན་པའི་དུས་ལ་བབ་པོ་ཞེས་བཀའ་སྩལ་པ་དང་། དགེ་སློང་ལྔ་བརྒྱ་རྣམས་སྟེང་གི་བར་སྣང་ལ་འཕགས་ཏེ། ཉལ་བ ་དང་། འདུག་པ་དང་། འགྲོ་བ་དང་། སྡོད་པ་དང་། ལུས་ལ་མེ་དང་ཆུ་ལ་སོགས་པ། འབྱུང་བའི་ཆོ་འཕྲུལ་རྣམ་པ་བཅཝོ་བརྒྱད་མངོན་པར་བསྟན་ཏེ། དེའི་ཚེ་མ ་དུ་ཐོས་པའི་དགེ་སློང་དག་བསམ་གཏན་བསྒོམ་པས་མེའུ་འགལ་གྱི་བུ་ཆེན་པོ་དང་འདྲ་བར་རྫུ་འཕྲུལ་ཐ་མི་དད་པར་གྱུར་ཏོ།། དེ་ནས་དགའ་བོས་བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དམ་པའི་ཆོས་འདི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཇི་སྲིད་དུ་གནས་ཤིང་། དུས་ངན་པའི་ཚེ་སེམ ་ངཅན་ཇི་སྙེད་ཅིག་ཆོས་འདི་སྒོམས་པས། དགེ་སློང་གི་འབྲས་བུ་བཞི་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ད་ད་ཕྱིན་ཆད ་རྩ་མཆོག་གི་གྲོང་དུ་མྱ་ངན་ལས་འདའོ།། ང་མྱ་ངན་ལས་འདས་ནས་ལོ་བཅུའི་བར་དུ་ཆོས་ལ་སྤྱོད་པའི་སེམས་ཅན་མང་དུ་འབྱུང་སྟེ། དུར་ཁྲོད་དང་ཤིང་དྲུང་། ་ན་གནས་ཤིང་། འདི་ཡིད་ལ་བྱེད་ཅིང་། རྟོག་པ་དང་གསལ་བ་དང་། འཇུག་པ་དང་། སྤོང་བའི་ཆོས་སྤྱོད་པ་སྟོང་ཕྲག་བཅུ་ལ་སྟོང་ཕྲག་དགུས་དགེ་སློང་གི ་འབྲས་བུ་བཞི་ཐོབ་པར་འགྱུར་རོ།། ལོ་སུམ་བརྒྱའི་བར་དུ་ནི་སེམས་ཅན་སྟོང་ཕྲག་བཅུས་དགེ་སྦྱོང་གི་འབྲས་བུ་ཐོབ་པར་འགྱུར་རོ།། ལོ་སུམ་བརྒྱའི་བར་དུ་ནི། ་སེམས་ཅན་སྟོང་ཕྲག་བརྒྱ་ལ། སྟོང་ཕྲག་བཅུས་དགེ་སློང་གི་འབྲས་བུ་ཐོབ་པར་འགྱུར་རོ།། ལོ་སུམ་བརྒྱ་ནས་ལོ་ལྔ་བརྒྱའི་ཚུན་ཆད་ནི། ངའི་ཉེ་གནས་རྣམས ་བགས་ཀྱི་མི་དགེ་བའི་ཆོས་སྤྱོད་དོ།། ཕྲ་དོག་གི་སེམས་ཀྱི་ལོག་པའི་འཚེ་བས་འཚོ་བར་འགྱུར་རོ།། སྟོང་ཕྲག་བརྒྱ་ལ་སྟོང་ཕྲག་བཅུས་དགེ་སྦྱོང་གི་འབྲས་བུ་ཐོབ་པོ།། ་ལོ་བརྒྱ་ཕན་ཆད་བརྒྱད་རྒྱ་ཚུན་ཆད་ངའི་ཉེ་གནས་རྣམས་ཁྱིམ་པའི་གོས་གྱོན་ནས། བ་གླང་དང་ལུག་དང་། བྱི་བ་དང་། བོང་བུ་དང་། རྟ་གསེ་ཞིང་། འབྲུ་མང་པོ ་སོག་སྟེ། རང་གི་ལག་དར་ཞིང་རང་ཟ་བ་དང་། བྲན་ཕོ་དང་བྲན་མོ་ཡང་གསོ་བར་འགྱུར་ཏེ། དེའི་ཚེ་སྟོང་སྟོང་ལ། སྟོང་ཕྲག་ཅིག་གིས་དགེ་སྦྱོང་གི་འབྲས་བུ་བཞི ་ཐོབ་པར་འགྱུར་རོ།། ལོ་བརྒྱད་བརྒྱ་ཕན་ཆད་ནས། ལོ་སྟོང་ཕྲག་ཚུན་ཆད་ན་ངའི་ཉེ་གནས་རྣམས་སྡིག་པའི་ཆོས་སློབ་སྟེ། རྒྱལ་པོ་དང་། རྒྱལ་བུ་དང་། བློན་པོ། ་ཆེན་པོ་དང་། ཁྱིམ་བདག་ལ་གྲོགས་པོར་སྟེན་ཅིང་།། ཕན་ཚུན་ཟན་འཕྲིན་གྱིས་འདུལ། ཞིང་མོ་རྐོ་བྱེད་དེ། འབྲུ་ཟན་མང་པོ་དང་།། ་གསེར་དང་། དངུལ་དང་། རིན་པོ་ཆེ་སྣ་བདུན་སོག་ཅིང་ཤ་ཟ་ཞིང་ཆང་འཐུང་སྟེ། ཆེན་པོ་བཞི་བསོ་ཞིང་ཏས་པར་བྱེད་པ་དང་། སྨད་ཚོང་མ་ལྟར་མདོག་སྡུག་གུ་དང ་གོས་གྱོན་ཞིང་འདྲིད་པ་དང་། སླུ་བའི་ལས་བྱེད་དེ། དེ་ལ་འབུམ་ཕྲག་ཁྲི་ལ། རྒྱ་ཙམ་ཞིག་གིས་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པོ། ལོ་སྟོང་ཕན་ཆད་སུམ་བརྒྱ་ཚུན ་ཆད་ཚེ་ཐང་དུ་འཁྲུགས་ཏེ་ངའི་ཉེ་གནས་རྣམས་ལ་ཆོས་གོས་གྱོན་ཀྱང་ཤིང་ཁ་ལ་འཕན་སྙིང་རྟགས་པ་དང་འདྲ་སྟེ། གཟི་བྱིན་ཡང་མེད། ཁྱིམ་པས་མཐོང་ན་བཀུར ་སྟི་ཡང་མི་བྱེད་པས་ཤན་པ་དང་འདྲ་བར་འགྱུར་རོ།། དེའི་དུས་ན་ཡུལ་ཁམས་དང་འཁྲུགས་པར་གྱུར་ཏེ། ཅིག་ལ་ཅིག་དགྲ་བྱེད་ཅིང་གསོད་པས། རྒྱལ་པོ་དང་། ་བློན་པོ་དང་། ཕ་མ་དང་། བུ་དང་། ནུ་བོ་དང་། ཅིག་ལ་ཅིག་དགྲ་བྱེད་དེ། བྱམས་པ་དང་སྙིང་རྩེ་བའི་སེམས་མེད་པས་བཟའ་བ་དང་། བཏང་བས་ཉོས་ཏེ། ་ཁྱིམ་ཐབས་མེད་པ་དང་། ཆུང་མ་མེད་པ་དང་། བུ་ཕོ་མེད་པ་དང་། བུ་མོ་མེད་པ་དང་། ལོང་བ་དང་། འོན་པ་དང་། རྐུགས་པ་དང་། དབང་པོ་མ་ཆང་བ་དང་། ་བྲན་པོ་དང་། བྲན་མོ་ལས་བྲོས་པ། ཡུལ་ཁམས་ཕུང་བར་བྱེད་པ། མཚོ་བས་མི་སོས་པ་དག་ངའི་ཆོས་ལ་ཞུགས་ནས། མཚོ་བས་མི་སོས་པ་དག་དེའི་ཆོས ་ཐིམ་པ་རྣམས་ཀྱིས་ཀྱང་མངོན་པ་དང་འདྲ་བར་ལྟ་སྟེ། དཔེར་ན་ལྷའི་གླང་ངམ། རྟ་ནོད་དམ། བགྲང་མྱོས་པ་ལྟར་འདུལ་བཀའ་བ། རང་དགར་ཡང་འགྲོ་བ ་སློབ་དཔོན་དང་སློབ་མ་ཡང་མི་རྒོད་མ་རུང་བ་དང་འདྲ་སྟེ། འདོད་ཆགས་ལ་བག་མེད་པར་སྤྱོད་ཅིང་། བླ་མ་དང་གོང་མའི་རིམས་པ་ཡང་མེད་པ་དང་། བཟང་། ་ངན་གྱི་རིམས་པ་ཡང་མེད་དེ། དུད་འགྲོ་ཕྱུགས་དང་འདྲ་བ། ཁ་ན་མ་ཐོ་བའི་སྡིག་པ་ཡང་བྱེད་ཅིང་། ངན་སོང་གསུམ་གྱིས་མི་འཇིགས་པར། གར་སོང་གར ་གནས་ཀྱང་། ཆང་ཚོང་བ་དང་། ཤན་པ་དང་། རྔོན་པ་དང་། སྨད་ཚོང་བ་དང་བསྟན་ཅིང་འགྲོགས་པ། ཁ་ནས་ཀྱང་ངག་གིས་སྡིག་པ་སྨྲ་ཞིང་། སེམས ་ལ་ཡང་སྡིག་པ་སེམས་དཔའ་དང་། ཡང་ན་བློན་པོ་དང་སྙན་ཅིང་། དགེ་བའི་མི་དག་ལ་ཐབས་སྣ་ཚོགས་ཀྱིས་སྡིག་ཤིང་། ནོར་འཕྲོགས་ཏེ་བུ་སྨད་གསོལ།། ་ཡང་ན་སྔོན་པའི་ཡོད་བྱེད་ཉེ་རྒྱ་ལ་སོགས་པ་འཆང་ཞིང་། ཉ་ལ་སོགས་པ་བཅུས་ནས་རང་གི་ལག་ཏར་ཏེ་གསོད་པ་དང་། སྲེག་པ་དང་། ཟླ་བ་ཉ་བ་དང་། ་ཤི་བའི་མི་དག་ལ་ཚེ་གསོ་སྦྱོང་མི་བྱེད་དེ། རང་ཉམས་སུ་གཏོང་བ་དང་། ཚུལ་ཁྲིམས་ཀྱི་ལས་བྱེད་པའི་རྣམ་པ་ཕན་ཚུན་བཅོད་ཅིང་། བླ་མ་དང་འོག་མ་དང་། ་གྲོགས་པོ་ལ་ཞེ་སྡང་བ་དང་། གདུག་པའི་སེམས་སྐྱེད་པ་དང་། སློབ་དཔོན་དང་། སློབ་མ་ཡང་ཅིག་ལ་ཅིག་སྐྱོན་འགྲུ་ཞིང་འཆའ་བ་དང་། སྒྲོག་པའི ་གཏམ་སྨྲ་སྟེ། དཔེར་ན་རྩད་པ་མང་པོ་ཀུན་ཏུ་འདུས་པ་དང་འདྲ་བ་དང་། ཕན་ཚུན་དཔུང་དང་སྡེ་ཅིག་ཚིགས་ངན་གྱིས་སྨ་འབེབས ་པ་དང་། བླ་འོག་གི་རིམ་པ་ཡང་མེད་པ་དང་། མི་རྒོད་མ་རུངས་པ་ལྟར། དགེ་བ་བྱེད་པ་ལས་འཕྲོག་རློམས་བྱེད་པ་དང་། ཁྱེ་དང་གྲགས་པ་ལ་ཆགས་ཏེ། ་ཆོག་མ་ཤེས་པར་གྱུར་པའི་ཚེ། མདོ་སྡེ་བཅུ་གཉིས་ཀྱང་ནུབ་པར་གྱུར་ཏེ། ཀློག་པ་དང་འདོན་པ་ཡང་མེད་པ་དང་། དེའི་སློབ་མ་རྣམས་དང་དགྲ་ཆོས་དང་། བཙུག ་ལང་དང་། ཡི་གེ་དང་། རྩེ་བ་དང་། གཞོན་པ་དང་། བོན་ཆོས་དང་། དམིག་མངས་དང་། ཀླུ་གར་དང་། དུ་བ་དང་། སྤྲུགས་པ་དང་། འཕོང་རྩལ་དང་། རྟ་རྒྱུག ་པ་ལ་སོགས་ཆོས་མ་ཡིན་པ་སློབ་ཅིང་སྤྱོད་དེ། དེ་ལྟར་མ་ལེགས་པའི་ཆོས་སྤྱོད་པས། ཚེ་འཕོས་མ་ཐག་ཏུ་ངན་སོང་དུ་ལྟུང་སྟེ། བསྐལ་པ་གྲངས་མེད་པར་ངན་སོང ་གི་སྡུག་བསྔལ་མྱོང་སྟེ། དེ་ལས་ཐར་ནས་ཀྱང་བྱོལ་ཡོངསུ་སྐྱེས་སྟེ། ལྟོགས་པ་དང་། སྐོམ་པ་དང་། སྡུག་བསྔལ་གྱི་ཉེས་པ་དང་། ཁལ་ལྕི་བ་ཀལ་ཞིང་འགྲོ ་བར་འགྱུར་རོ།། ཅི་ཞིག་ན་སྤངས་པའི་ཡོན་ཏན་སློབ་པ་ཡང་ཆོས་མ་ཡིན་པར་མང་དུ་བྱེད་དེ། རི་དང་ཚལ་དང་། དུར་ཁྲོད་དང་། ཤིང་དྲུང་ན་མི་གནས་ཏེ་རྟག ་ཏུ་རྒྱུག་ཞིང་། སེམས་ལ་རྟོག་པ་མང་ཞིང་ཁེ་དང་གྲགས་པ་ཚོལ་ཏེ། ནོར་རྫས་དང་ལོངས་སྤྱོད་ལ་ཆགས་ཞིང་ཆོག་མི་ཤེས་པ་དང་། ཆོས་སྟོན་པའི་བཤད་མཁན ་ཞིག་ཡིན་ན་ཡང་། སངས་རྒྱས་ཀྱི་ཆོས་སྟོན་པ་ཡང་། ཁྲི་ཙམ་ལ་ཅིག་ཙམ་ཡང་ཐོག་ཏུ་མི་ཕེབས་ཏེ། འཁོར་མང་པོ་དང་འགྲོགས་ནས་གྲོང་རྒྱུ་ཞིང་ཁྱིམ་དུ་ཞུགས་ནས། ་ཁྱིམ་པ་ལ་ཆོས་སྟོན་པ་དང་། ཁེ་དང་གྲགས་པའི་ཕྱིར་ཏེ། ལོངས་སྤྱོད་མང་དུ་སོགས་ཤིང་ཤན་པ་དང་འདྲའོ།། ཤ་དང་ཆང་ལ་མི་སྤྱོད་པ་དག་གིས་དགེ་སློང་དག་ཁྱེད ་ནི་བཙུན་པ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིན་ན། སྙིང་རྗེ་བའི་སེམས་ཀྱང་མེད་དེ། འདི་ལྟར་ཆོས་མ་ཡིན་པ་དུ་སྤྱོད་པས། ཁྱེད་ནི་ཤན་པ་དང་འདྲའོ།། ་ཞེས་སྤྱོད་ཅིང་རྒྱད་པར་འགྱུར་རོ།། དགེ་སློང་དག་དེ་སྐད་གཤེ་བ་ཐོས་ནས་ཀུན་ལོག་ཏེ། དེ་ལ་རྡེག་པ་དང་བརྒྱད་བཀག་སྟེ། གཅིག་ལ་གཅིག་འདི་སྐད་དུ་སྨྲའོ།། ་དེ་བཞིན་གཤེགས་པ་བཞུགས་པའི་ཚེ་ན་ནི། ངེད་ཤ་ཟ་བ་དང་ཆང་ཐུང་བ་མ་གནང་སྟེ། དེ་ངེད་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ད་ནི་ཐམས་ཅད་ཅི་ཡང ་གནང་བས། དེད་ཤ་དང་ཚད་ཆང་ཐུང་བ་ཡིན་ནོ།། ཁྱིམ་པ་དང་བྲལ་བའི་འོག་ཏུ་དེ་དག་ཅིག་ལ་ཅིག་བདག་ཅག་གི་ཤེས་པ་ནི་སངས་རྒྱས་ཀྱི་ཞལ་ནས་གསུངས་པ ་དང་འདྲའོ་ཞེས་སྨྲ་ཞིང་། ལ་ལ་ནི་ཚིག་འཁྱལ་པ་དང་དོན་མེད་པའི་ཚིག་དང་། འགྲན་དོར་གྱི་ཚིག་དང་། འཁྲུལ་པའི་ཚིག་ཏུ་གཏམ་སྨྲ་ཞིང་། དཔེར་ན་དམུས ་ལོང་ཞིག་འཛུབ་མེ་ཉི་མ་ལ་བཙུགས་ནས་ཉི་མ་ཡ་གི་ནི་ཆུང་ངོ་།། ཡངས་སོ།། དོག་གོ་ཞེས་སྨྲ་བ་དང་། མི་འོན་པ་ཞིག་བདག་གི་གནས་ཀྱི་སྟེང་ན་ཆོས་འཆང་བའི ་སྒྲ་ཐོས་སོ།། ཞེས་ཟེར་བ་དང་འདྲ། དམུས་ལོངས་མང་པོ་ཚོགས་ཏེ། འཇིག་རྟེན་ན་འཇམ་དཔལ་དང་། འོད་སྲུང་ཆེན་པོ་ལ་སོགས ་སྤྲུལ་ཏེ། དེའི་ནང་ཞུགས་ཀྱང་། ཀུན་ཀྱང་བརྡེག་ཅིང་གཤེ་ཏེ་སྐྲོད་ཅིང་འདུག་དུ་མི་སྟེར་རོ།། གཞན་ཡང་དཔེར་ན་སེང་གེ་ནི་སྤོས་ཀྱི་རི་ལ་གནས་ཏེ། རི་དགས་དང་། ་ཅན་ཟན་དང་ཡང་གནས་དེར་ཉེ་མི་བཟོད་དོ།། སེང་གེ་ནི་རི་དེ་ལས་བྱུང་སྟེ། སོང་བའི་འོག་ཏུ་ནི་ཅན་ཟན་བདུག་པ་ཁྲོ་བོ་ལ་སོགས་པ་གཅིག་གིས་ཅིག་བོས་ནས། སྤོས་ཀྱི ་རི་ལས་ལྷགས་ནས། འབྲས་བུའི་ཞིབ་པོ་ཟ་ཞིང་ཆུ་ཚིག་ལ་འཐུང་ངོ་།། དེ་ལྟར་ཟ་ཞིང་འཐུང་བ་ལ་ཐམས་ཅད་སྐེམས་ཤིང་མེད་པར་གྱུར་ཏེ། སྤོས་ཀྱི་རི་ལ་གནས་པའི ་ལྷ་རྣམས་ཀྱང་སྐྱོབ་པར་མི་འགྱུར་བས་རྩ་བདུག་པ་སྐྱེས་ཏེ་ཟོས་མ་ཐག་ཏུ་ཚེའི་དུས་བྱས་པར་གྱུར་ཏོ།། ང་མྱ་ངན་ལས་འདས་པའི་འོག་ཏུ་དགེ་སློང་ཐམས་ཅད་ཀྱིས་ངས ་སྙན་པའི་མདོ་སྡེ་བཅུ་གཉིས་འདོན་ཅིང་ཀློག་པ་ཡང་གོང་མ་ནི་བར་དུ་བཅུག། བར་མ་ནི་འོག་དུ་ཅུག། འོག་མ་ནི་གོང་དུ་བཅུག། བར་མ་ནི་འོག་དང་ཐ་མར་ཅུག་སྟེ། ་དོན་མ་ཡིན་པ་ལ་ནི་དོན་ཞེས་ཟེར། དོན་ལ་ནི་དོན་མ་ཡིན་གྱིས་ཟེར་ཏེ། ཇི་ལྟར་མུ་སྟེགས་ཅན་དག་སོ་སོ་ནས་ངའི་གཞུང་འདི་བདེན་པ་ཡིན་ནོ།། ཞེས་ཟེར་བ་དང ་འདྲའོ།། དེའི་དུས་ན་མདོ་སྡེ་བཅུ་གཉིས་འཇིག་རྟེན་ན་སྤྱོད་ཀྱང་གཟི་བརྗིད་དང་མཐུ་མེད་དེ། ལ་ལ་ཞིག་དང་འདོན་ཏམ་ཀློག་ཀྱང་མི་ཅིག་འགའ་ཡང་དགེ་སློང ་གི་འབྲས་བུ་བཞི་ཐོབ་པ་མེད་དོ།། དེ་ལྟར་ངའི་སློབ་མ་རྣམས་ཀྱིང་། རྒྱལ་པོའི་སྲིད་སྟོང་པ་འམ། བྱ་འདབ་མ་མེད་པ་དང་འདྲ་སྟེ། ཙུག་ལག་ཁང་དང་མཆོད་རྟེན ་ཡང་སྟོང་ཞིང་ཞིག་རལ་གསོ་བ་ཡང་མེད་དོ།། དེ་ལྟར་སྐུ་གཟུགས་དང་བ་དན་དང་རིན་པོ་ཆེའི་བདུགས་ཡོད་པ་ཡང་དགྲ་ཆ་ཞིག་པ་དང་འདྲ་སྟེ། ཕུག་རོན་དང ་བྱིའུ་དང་ཕག་དང་ཁྱི་དང་། ལུག་ལ་སོགས་པའི་ཚངས་དང་གནས་སུ་འགྱུར་རོ།། དགེ་སློང་སོ་སོའི་ན་འདུག་པའི་གནས་ནི་བྱི་དོར་བཟང་དུ་བྱེད་དེ། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ཡང་ཁྱེད་ལ་མདོ་ཞིག་བཤད་པ་ཡིན་ནོ།། དགའ་བོས་སངས་རྒྱས་གསུངས་པ་ཐོས་ནས་མཆི་མ་བླགས་ཏེ་དུས་སོ།། དེ་ལྟར ་དགའ་བོས་ཡིད་གདུང་ཞིང་མ་ཏང་བ་ལས། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱེད་དེ་ལྟར་མ་དུ་བར་མདོ་སྡེ་འདི་གཟུངས་སུ་གཟུང་ལ། ་འཇིག་རྟེན་དུ་རྒྱས་པར་སྤེལ་ཅིག། དེ་ནས་དགའ་བོས་མཆི་མ་མཆིས་ནས། བཅོམ་ལྡན་འདས་ལ་བདག་གི་གཟུགས་སུ་བཟུང་ངོ་ཞེས་གསོལ་ཏོ།། བརྒྱ་བྱིན ་དང་ལྷ་དང་མི་རྣམས་ཀྱིས་ཀྱང་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་བདག་ཅག་གི་ཡོངས་སུ་བཟུང་སྟེ། གང་ཞིག་མདོ་སྡེ་འདི་རི་འམ། ཚལ་ལམ། ་ཤིང་དྲུང་ངམ། བས་མཐའ་འམ། དུར་ཁྲོད་ན་གནས་ཏེ། འདོན་ཏམ་ཀློག་ན་བདག་ཅག་གི་ལྷ་དང་མིའི་འཁོར་དང་། མི་མ་ཡིན་དང་བཅས་ཏེ་གནས་དེར་འགྲོ་ཞིང་། ་ཆུང་ངུ་ན་ཚིགས་སུ་བཅད་པ་ཅིག་གམ། ཚིག་ཅིག་ཙམ་ཡང་མི་བརྗོད་མི་ཉམས་པར་ཏང་ངོ་ཞེས་གསོལ་ཏོ།། མདོ་སྡེ་འདི་གསུངས་པའི ་ཆེ། དགེ་སློང་སྟོང་སྙེད་ཀྱི་དགེ་སྦྱོང་གི་འབྲས་བུ་ཐོབ་པར་གྱུར་ཏེ། དགེ་སློང་མ་སྟོང་ལྔ་རྒྱས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ།། དགེ་སྙེན་ལྔ་རྒྱས་ཡོང་དུ། ་དག་པར་འགྱུར་ཏོ།། ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པས་ཕྱིར་དོང་ངོ་།། འཕགས་པ་ཏིང་ངེ་འཛིན་གྱི་མཆོག་དམ་པ།། རྫོགས་སྷོ།། ་