CLOSE WINDOW

F284a: arya bya kar rna'i nang nas byung ba gza' skar gyis rang bzhin bshad pa
Wyliee-texts produced with BDRC’s OCR application

གཙུག་ལག་། མ་བྱ་ལྟར་སྣ་ཚོགས་བསྟན་པ་ཞེས་བྱ་བའི་ལས་ཇི་སྙེད་པ་རྫོགས་སྷོ། ཨརྱ་བྱ་ག་ཀར་ནིའི་ནང་ནས་བྱུང་བ་གཟའ་སྐར་གྱིས་རང་བཞིན་བཤད་པ། རྒྱུ ་སྐར་ཉི་ཤུ་རྩ་བརྒྱད་ནི་འདི་ལྟ་སྟེ། སྨིན་དྲུག་དང་། སྣར་མ་དང་། འགྲོ་དང་ལག་དང་། ནམ་སོ་དང་། རྒྱལ་དང་། སྐགས་དང་། མཆུ་དང་། ་གྲེ་དང་། དབོའ་དང་། མེ་བཞི་དང་། ནག་པ་དང་། ས་ག་དང་། ལྷ་མཚམས་དང་། སྣརོན་དང་། སྣརུབས་དང་། ཆུ་སྟོན་དང་། ཆུ་སྨད་དང་། གྲོ་བཞིན་དང་། བྱི་བཞིན་དང་། ་མོན་གྲེ་དང་། མོན་གྲུ་དང་། ཁྲུམས་བསྟོད་དང་། ཁྲུམས་སྨད་དང་། ནམ་གྲུ་དང་། ཐ་སྐར་དང་། བྲ་ཉེ་དང་། འདི་རྣམས་ནི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དོ།། དེ་ལ་རྒྱུ་སྐར་ནི་དུ། ་དབྱིབས་ནི་ཇི་སྙེད་ཡོད། ཡུད་ཙམ་དང་ལྡན་པ་ཇི་སྙེད་པ། ཟས་ནི་ཅི། རུས་ཅི། ལྷ་རྣམས་ཀྱང་ཅི། སྐྱེ་བྲམ་ཟེ་པད་མའི་སྙིང་པོ་ཅན། སྨིན་དྲུག་ནི་སྐར་མ་དྲུག་སྟེ། དབྱིབས ་ནི་སྤུ་གྲི་ལྟ་བུའོ།། ཡུད་ཙམ་སུམ་བཅུ་དང་ལྡན། ཆ་དྲུག་དང་བཅས་པའོ།། ཟས་ནི་ཞོ།། ལྷ་ནི་མེ་ལྷའོ།། རིགས་ནི་རྗེའུ་རིགས་ཀྱི་རྒྱུད་དོ།། རྒྱུ་སྐར་སྣར་མ་ནི། སྐར ་མ་ལྔ་སྟེ། དབྱིབས་ནི་ཤིང་རྟ་ལྟ་བུའོ།། ཡུད་ཙམ་ནི་བཞི་བཅུ་རྩ་ལྔ་དང་ལྡན་པའི་ཆ་བདུན་དང་བཅས་པའོ།། ཁ་ཟས་ནི་ཞོ་དང་སྦྲང་ཅི་སྦྱར་བཟའོ།། རུས་ནི་འགོའུ་ཏ་མཱ ་གྷ་ནི།། རྒྱུ་སྐར་མགོ་ནི་སྐར་མ་གསུམ་སྟེ། དབྱིངས་ནི་རི་དགས་ཀྱིས་མགོ་བོ་ལྟ་བུའོ།། ཡུད་ཙམ་ནི་སུམ་བཅུ་དང་ལྡན་པའི་ཆ་བདུན་དང་བཅས་པའོ།། ཟས་ནི་རི་དགས ་ཀྱིས་ཤའོ།། ལྷ་ནི་ཟླ་བའོ།། རུས་ནི་བར་ད་ཚོའོ།། རྒྱུ་སྐར་ལག་ནི་སྐར་མ་གཅིག་སྟེ། དབྱིབས་ནི་སོགས་ལེ་ལྟ་བུའོ།། ཡུད་ཙམ་བཅོ་ལྔ་དང་ལྡན་པའི་ཆ་བདུན་དང་བཅས ་པའོ།། ཁ་ཟས་ནི་མར་དང་ཁུར་བའོ།། ལྷ་ནི་ཉི་མའོ།། རུས་ནི་དབང་བྱེད་དོ།། རྒྱུ་སྐར་རྒྱལ་ནི་སྐར་མ་གསུམ་སྟེ། དབྱིབས་ནི་རིལ་བ་ལྟ་བུའོ།། ཡུད་ཙམ་ནི་སུམ་ཅུ་དང་ལྡན། ་ཁ་ཟས་ནི་སྦྲང་ཅི་དང་ཡོསོ།། ལྷ་ནི་པུར་བུའོ།། རུས་ནི་རྩ་ཤུན་གྱོན་པའོ།། རྒྱུད་དོ།། རྒྱུ་སྐར་སྐགས་ནི་སྐར་མ་དྲུག་སྟེ། དབྱིབས་སྦྲུལ་མགོ་གདེངས་པ་ལྟ་བུའོ།། ཡུད ་ཙམ་བཅོ་ལྔ་དང་ལྡན་པའི་ཆ་བདུན་དང་བཅས་པའོ།། ཁ་ཟས་ནི་སྦྲུལ་གྱིས་ཤ་ཟའོ།། ལྷ་ཡང་སྤྲུལ་ལོ།། རུས་ནི་དམའ་བའི་རྒྱུད་དོ།། པད་མིའི་སྙིང་པོ་ཅན་རྒྱུ་སྐར་འདི་བདུན ་ཤར་སྒོར་གཏོག་སྷོ།། དབྱིབས་ནི་ཆུ་བོ་ལྟ་བུའོ།། ཡུད་ཙམ་སུམ་བཅུ་དང་ལྡན་པ་དེའི་མཚན་ཡོན་ནོ།། ཟས་ནི་ཏིལ་དང་སྦྱར་བའི་ཐུག་པའོ།། རུས་ནི་སྐྱེའི་རྒྱུད་དོ།། ་ལྷ་ནི་རྒྱུ་སྐར་མ་གཉིས་ཏེ།། དབྱིབས་ནི་རྩིག་པ་ལྟ་བུའོ།། ཡུད་ཙམ་སུམ་བཅུ་དང་ལྡན་པ། ཆ་བདུན་དང་བཙས་པའོ།། ཁ་ཟས་ནི་ཞག་དྲུག་བཅུས་སྨིན་པའི་འབྲས་སམ ་ཏིལ་གྱིས་ཚིགས་མ་ཟའོ།། ལྷ་ནི་ཁྱབ་འཇུག་གོ། རུས་ནི་གཞོན་རྩེ་མོའི་ཁྱིམ་ཟབ་གྱིས་རྒྱུད་དོ།། རྒྱུ་སྐར་དཔེ་ནི་སྐར་མ་གཉིས་ཏེ། དབྱིབས་ནི་ཁྲི་ལྟ་བུའོ།། ཡུད་ཙམ ་བཞི་བཅུ་རྩ་ལྔ་དང་། ལྡན་པའི་ཆ་བདུན་དང་བཅས་པའོ།། ཁ་ཟས་ནི་ཁྲེའོ།། ལྷ་ནི་ཉི་མ་དང་གཤིན་རྗེའོ།། རུས་ནི་ཨེ་ཏའི་རྒྱུ་སྐར་མེ་བཞིན། སྐར་མ་ལྔ་སྟེ། དབྱིབས་ནི་ལག ་པ་ལྟ་བུའོ།། ལྷ་ནིར་སྐྱེ་ལ་ཞོན་པ་ལྟ་བུའོ།། ཡུད་ཙམ་སུམ་བཅུ་དང་ལྡན་པའི་ཆ་བདུན་དང་བཅས་པའོ།། ཟས་ནི་བྱ་སྣ་ཚོགས་དང་སྲེ་ཏའོ།། རུས་ནི་འོད་བསྲུང་གིས་རྒྱུད་དོ།། ་རྒྱུ་སྐར་ནག་པ་ནི་སྐར་མ་གཅིག་པ་སྟེ།། དབྱིབས་ནི་ལག་པ་ལྟ་བུ། ལྷ་ནི་ཉི་མའོ།། ཡུད་རྩམ་ནི་སུམ་བཅུ་དང་ལྡན་པའི་ཆ་བདུན་དང་བཅས་པ ་ཁ་ཟས་ནི་ཤིང་ཏོག་སྣ་ཚོགས་ཟའོ།། རུས་ནི་ས་ལའི་ཤིང་དྲུང་པའི་རྒྱུད་དོ།། རྒྱུ་སྐར་ས་རི་ནི་སྐམ་གཅིག་པ་སྟེ།། དབྱིབས་ནི་ནོར་བུ་རིན་པོ་ཆེ་ལྟ་བུའོ།། ཡུད་ཙམ་བཅོ་ལྔ ་དང་ལྡན་པའི་ཆ་བདུན་དང་བཅས་པའོ།། ཁ་ཟས་ནི་ཕྱེ་དང་ཏི་ལ་ཐུག་སྦར་བ་དང་། བལ་སྲན་རྡེའུ་བཏགས་པའི་ཟའོ།། ལྷ་ནི་རླུང་ལྷའོ།། རྒྱུ་སྐར་ས་ག་ནི་སྐར་མ་བཞི་སྟེ། དབྱིབས ་ནི་རཱིའི་རྟེན་མགོ་ལྟ་བུའོ།། ཡུད་ཙམ་བཞི་བཅུ་རྩ་ལྔ་དང་ལྡན་པའི་ཆ་བདུན་དང་བཅས་པའོ།། ཁ་ཟས་ནི་ཕྱི་དང་མེ་ཏོག་དང་། རྒྱལ་སྲན་སྨུག་པོ་ཟའོ།། ལྷ་ནི་དབང་པོ ་དང་མེ་ལྷའོ།། རུས་ནི་མཚན་མ་ཞེས་བྱ་བའི་རྒྱུད་དོ།། གྱི་པདྨའི་སྙིང་པོ་ཅན། རྒྱུ་སྐར་བདུན་པོ་འདི་དག་ནི། ལྷོ་ཕྱོག་ཀྱི་སྒོར་བཏོགས་སོ།། རྒྱུ་སྐར་ལྷ་མཚམས་ནི། སྐར་མ ་བཞི་པས་སྟེ། དབྱིབས་གླང་པོ་ཆེའི་མགོ་བོ་དང་སྣ་ལྟ་བུའོ།། ཡུད་ཙམ་ཟས་ནི་ཆང་དང་སྲན་ཆུང་དང་སྦྲང་རྩི་ཟའོ།། ལྷ་ནི་ཉི་མའོ།། རུས་ནི་སྤེན་པ་རྒྱུད་འདྲའོ།། རྒྱུ་སྐར་སྔོན ་ནི་སྐར་མ་གསུམ་མོ།། དབྱིབས་ཐེམ་སྐས་ལྟ་བུ། ཡུད་ཙམ་བཅོ་ལྔ་དང་ལྡན་པའི་ཆ་བདུན་དང་བཅས་པའོ།། ཁ་ཟས་ནི་འབྲས་བུ་ས་ལུ་དང་མར་དང་འབྲས་ཐུག་གོ། ལྷ་ནི་དབང ་པོའོ།། ལེགས་བྱེད་ཀྱིས་རྒྱུད་དོ།། རྒྱུ་སྐར་སྣབས་ནི་སྐར་མ་དགུ་སྟེ། དབྱིབས་ནི་སྐར་མ་གསུམ་དང་ལྡན་པ་རི་དག་ཀྱིས་དམང་པོ་སླད་དུ་བྱང་བའི་རལ་པ་ལྟ་བུའོ།། ཡུད་ཙམ ་ནི་ཆ་སུམ་བཅུ་དང་ལྡན་པའི་ཆ་བདུན་དང་བཅས་པའོ།། ཁ་ཟས་ནི་འོ་མ་དང་ནགས་གིས་རྩ་བ་དང་། སྡོང་བུ་དང་འབྲས་བུ་ཟའོ།། ལྷ་ནི་སྡོམ་པ་ཅན་ནོ།། རུས་ནི་ཀ་ཏ་ཡ་ནིའི་རྒྱུ ་སྐར་ཆུ་སྟོད་ནི། སྐར་མ་བཞི་སྟེ། དབྱིབས་ནི་མཆོད་པ་ལྟ་བུའོ།། ཡུད་ཙམ་སུམ་བཅུ་དང་ལྡན་པའི་ཆ་བདུན་དང་བཅས་པ་ཅན་གྱིས་རྒྱུད་དོ།། རྒྱུ་སྐར་ཆུ་སྨད་ནི། སྐར་མ་བཞི་སྟེ། ་དབྱིབས་ནི་གོམ་པ་གཡོན་པ་ལྟ་བུའོ།། ཡུད་ཙམ་ཅིག་ནི་བཞི་བཅུ་རྩ་ལྔ་དང་ལྡན་པི་ཆ་བདུན་དང་བཅས་པའོ།། ཁ་ཟས་ནི་སྒྲས་རྩི་དང་ཡོས་སོ།། ལྷ་ནི་ཐམས་ཅད་ཅེས་བྱའོ།། ་རུས་ནི་སྟག་པུ་ཞེས་བྱ་བའི་རྒྱུད་དོ།། རྒྱུ་སྐར་ཇི་བཞིན་ནི་སྐར་མ་གསུམ་ཏེ། དབྱིབས་ནི་གླང་འགྲོ་ལྟ་བུའོ།། ཡུད་ཙམ་དྲུག་དང་ལྡན་པའི་དེ་ལས། ཡུད་ཙམ་ཅིག་ཐོག་མར་ལས ་བྱེད་དོ།། ཁ་ཟས་ནི་རླུང་ཟའོ།། ལྷ་ནི་ཚངས་པའོ།། རུས་ནི་གསུམ་ཅན་གྱིས་རྒྱུད་དོ།། རྒྱུ་སྐར་གྲོ་བཞིན་ལ་སྐར་མ་གསུམ་སྟེ། དབྱིབས་ནི་རྔ་ལྟ་བུའོ།། ཡུད་ཙམ་ནི་སུམ་བཅུ ་དང་ལྡན་པ་དང་ཆ་བདུན་དང་བཅས་པའོ།། ཁ་ཟས་ནི་མར་སར་བསྲུངས་པ་དག་དང་། བྱ་ཤ་ཟའོ།། ལྷ་ནི་ཁྱབ་འཇུག་གོ། རུས་ནི་མེའུ་འགལ་གྱི་བུའི་རྒྱུད་དོ།། ཀྱེ་པད་མའི་སྙིང ་པོ་ཅན་རྒྱུ་སྐར་བདུན་པོ་འདི་དག་ནི་ནུབ་སྒོར་གཏོགས་སོ།། རྒྱུ་སྐར་མོན་གྲུ་ནི། སྐར་མ་བཞི་སྟེ། དབྱིབས་ནི་བྱ་ལྟ་བུའོ།། ཡུད་ཙམ་ནི་སུམ་བཅུ་དང་ལྡན་པའི་ཆ་བདུན་དང་བཅས ་པའོ།། ཁ་ཟས་ནི་བྱི་ལའི་ཤ་ལ་རེག་པར་བྱེད་པ་དང་། རྒྱ་སྲན་སྨུག་པོ་ཟའོ།། ལྷ་ནི་ནོར་ལྷའོ།། རུས་ནི་གནས་པ་ཞེས་བྱ་བའི་རྒྱུད་དོ།། རྒྱུ་སྐར་མོན་གྲུ་ནི་སྐར་མ་བརྒྱད་དེ།། དབྱིབས ་ནི་སྐར་མ་གཅིག་དང་འབྲེལ་པས་མེ་ཏོག་གི་ཕུང་བུ་འདྲའོ།། ཡུད་ཙམ་རྩ་ལྔ་དང་ལྡན་པའི་ཆ་བདུན་དང་བཅས་པའོ།། ཁ་ཟས་ནི་ར་ཤ་ཟའོ།། ལྷ་ནི་ཆུ་ལྷའོ།། ་རུས་ནི་སྐར་མ་བུའི་རྒྱུད་དོ།། རྒྱུ་སྐར་ཁྲུམས་སྟོད་ལ་ནི་སྐར་མ་གཉིས་ཏེ། དབྱིབས་ནི་ཤིང་རྟ་འདྲའོ།། ཡུད་ཙམ་ནི་སུམ་བཅུ་དང་བཅས་པའོ།། ཁ་ཟས་ནི་ལུག་གིས་ཤ་དང་། ཁྲག ་གོ། ལྷ་ནི་ར་འབའ་ཤིག་གོ།། རུས་ནི་སྐྱེ་བོ་ལས་ཀྱིས་རྒྱུད་དོ།། རྒྱུ་རྐར་ཁྲུམ་སྨད་ནི། སྐར་མ་གཉིས་ཏེ་དབྱིབས་ནི་འདྲའོ།། ཡུད་ཙམ་བཞི་བཅུ་རྩ་ལྔ་དང་ལྡན་པའི་ཆ་བདུན་དང་། ་བཅས་པའོ།། ཁ་ཟས་ནི་བལ་སྲན་ནོ།། ལྷ་ནི་སྦྲུལ་དང་གཟའ་དག་གོ། རུས་ནི་ནོར་རྒྱལ་གྱིས་རྒྱུད་དོ།། རྒྱུ་སྐར་ནམ་གྲུ་ནི་སྐར་མ་སུམ་བཅུ་རྩ་གཉིས་ཏེ། དབྱིབས་ནི་སྐར་མ ་གཅིག་དང་ལྡན་པས་གྲུ་ལྟ་བུའོ།། ཡུད་ཙམ་ནི་སུམ་བཅུ་དང་ལྡན་པའི་ཆ་བདུན་དང་བཅས་པའོ།། དེའི་ཟས་ནི་ཤ་དང་ཕྱེའོ།། ལྷ་ནི་ཉི་མའོ།། རུས་ནི་སྐྱོད་པའི་བུ་ཞེས་བྱ ་བའི་རྒྱུད་དོ།། རྒྱུ་སྐར་ཐ་སྐར་ནི་སྐར་མ་གསུམ་ཏེ། དབྱིབས་ནི་རྟ་མགོའི་འགུལ་པ་ལྟ་བུའོ།། ཡུད་ཙམ་ནི་སུམ་བཅུ་དང་ལྡན་པའི་ཆ་བདུན་དང་བཅས་པའོ།། ཁ་ཟས་ནི ་སྦྲང་རྩི་དང་ཤའོ།། ལྷ་ནི་དྲི་ཟའོ།། རུས་ནི་རྟ་འཇིག་གིས་རྒྱུད་དོ།། རྒྱུ་སྐར་བྲ་ཉེ་སྐར་མ་གསུམ་ཏེ།། དབྱིབས་ནི་མི་མཚན་ལྟ་བུའོ།། ཡུད་ཙམ་ནི་སུམ་བཅུ་དང་ལྡན་ནོ།། ་ཁ་ཟས་ནི་ཏིལ་དང་འབྲས་སོ།། ལྷ་ནི་གཤིན་རྗེའོ།། རུས་ནི་བརྒའི་རྒྱུད་དོ།། པདྨའི་སྙིང་པོ་ཅན་རྒྱུ་སྐར་བདུན་པོ་འདི་དག་ནི།། བྱང་གིས་སྒོར་གཏོགས་སོ།། ་ནམ་མཁའ་ལས་འབྱུང་རྟགས་པའི་ལེའུ་ལས་གཤིན་རྗེ་དང་། ཆུ་ལྷ་དང་། དབང་པོ། ལུས་ངན་ལས་དབྱུག་པ་ལྟ་བུ་ཤར་ཤར་བུ་མཚན་མོ་འམ་ནམ་ཕྱེད་ཀྱིས་དུས་ན་ཡུ ་ཙམ་འམ། ཡུད་ཙམ་གསུམ་གྱིས་བར་དུ་ནམ་མཁའ་ལས་ཕལ་ཆེར་རབ་ཏུ་སྣང་བ། ཡལ་ག་མང་པོ་རྒྱལ་ཆེན་ཤིན་ཏུ་གྲངས་མང་པོ་ཤིན་ཏུ་རིང་བ། རབ་ཏུ་འཕྲོས་པ་འབྱུང ་ཟླ་བ་གཅིག་གིས་དེའི་ཡུལ་འཁོར་ཏུ་འཐབ་པ་དང་། ལོ་དང་མིའི་དབང་པོ་དང་། ཆར་ལ་གནོད་པར་བྱེད་དོ།། ལྗང་སྔོན་དང་། རྩུབ་པ་དང་། བར་ཆད་དང་། ལྗང་སེར་དང་། འོད། ་ཆེར་བ་དང་། དད་པ་ལྟ་བུ་དང་། སྦྲུལ་འདྲ་བ་དང་། དབྱུག་པ་འདྲ་བ་བརྒྱད་སྣང་ན། ཆར་མི་འབབ་པ་དང་། ལེ་ཉེས་པ་དང་། རྣཿ་སྲོག་ཆགས་པར་སྩོགས་པ་འཇིགས་པར ་འགྱུར་རོ།། ཤིང་ཏ་ལ་བྱེད་ཙམ་སྣང་བ་འམ། ཤིང་ཏ་ལ་གཉིས་སེམས་གསུམ་འམ། བཞི་འམ། ལྔ་ཙམ་གྱིས་དབྱིབས་ལྟར་སྣང་ན། ཡང་ན་བྲལ་དུ་སྦྱིན་ནོ།། ཡང་ན་ཟླ ་བ་བཅུ་གཉིས་སམ། ཟླ་བ་བརྒྱད་བརྒྱད་ན་ལོ་ཉེས་དང་། མིའི་དབང་པོ།། ཆུ་སྐམས་པ་དང་། འཆི་བ་དང་། ཐབ་མོའི་གཡུལ་དང་། ནོར་སྟོངས་པའི་རྣམ་པར་སྨིན་པ ་འབྱུང་བར་འགྱུར་རོ།། དེ་ལ་ཡང་མོད་ལ་འབབ་གནོད་པར་མི་འགྱུར་རོ།། དེ་ལ་ཡང་མོད་ལ་འབབ་གནོད་པར་མི་འགྱུར་རོ།། འབྲས་བུ་རྣམ་པར་སྦྱིན་པ་བསྟན་པ་ཇི་ལྟར ་བཤེད་པ་བཞིན་དུ། ཤར་ཕྱོགས་སམ། ནུབ་ཕྱོགས་སམ། དབྱུག་པ་ལྟ་བུར་སྣང་ན། རྒྱལ་པོ་བཞི་དང་། བྲམ་ཟེ་མཆེ་བར་བྱེད་དོ།། དེ་ཡང་མོད་ལ་ཆར་པ་འབབ་པ། ་གྱུར་ན་གནོད་པར་མི་འགྱུར་རོ།། བྱང་ཕྱོགས་དང་། ལྷོ་ཕྱོགས་ནས་དབྱུག་ལྟ་བུ་སྣང་ན། དེའི་འཁོར་གྱིས་མི་ལ་གནོད་པ་དང་། མིའི་འཇིགས ་བར་འགྱུར་རོ།། ཤིང་རིངས་ལྟར་ཟད་ཀར་འབྱུང་བ་དང་། ཆུ་བརླབས་ལྟར་མང་པོར་སྣང་བ་དང་། དམིག་མང་རིས་ལྟ་བུའི་དབྱུག་པར་འདུག་ན། རྐུན་པོའི་དཔུང་སྐྱེ་བ་དང་། ་ཡུལ་འཁོར་ངན་ཅིང་མི་རིགས་པ་མི་འབྱུང་ངོ་།། བརྩུབ་པོ་དང་། དུམ་བུ་དང་། འཇམ་པོ་ཡིན་པ་དང་། ཀློག་དང་། སྐར་མངའ་དང་། གནམ་ལྕགས་དང་། སྐར་མ་འཇུག ་རིངས་དང་། མེས་འགག་པ་ལྟར་སྣང་བ་དང་། ཕོག་གམ། སྐར་མདའ་འདྲེས་ན། མིའི་དབང་པོ་དང་། ཡུལ་འཁོར་འཇིག་པར་བྱེད་དོ།། ལེགས་གྱུར་པའི་ཚེས་གྲངས ་དང་། བྱེད་པའི་ཡུད་ཙམ་ལ། འབྱུང་བའི་དབྱུག་པ་ལྟར་སྣང་བ་ནི། གནོད་པར་མི་བྱེད་དེ། རྒྱལ་པོའི་སྲིད་ཆེ་བ་དང་། ཆར་པ་འབབ་པ་དང་། ཡུལ་ལ་ཕན་པར་འགྱུར་རོ།། ་ཤར་ཕྱོགས་དང་། བྱང་ཕྱོགས་ནས་དབྱུག་པར་སྣང་ན། དེའི་ཕྱོགས་ནས་དབྱུག་པ་ལ་གནོད་དོ།། ཕྱོགས་མཚམས་ནས་དབྱུག་པ་ལྟར་སྣང་ན། བུད་མེད་དང་བ་གླང་སྦྲམ་རྣམས ་འཇིག་གོ། ཀྱོག་ཀྱོག་དང་། མི་མཉམ་པ་ལ་སོགས་པ་རྒྱལ་མཚན་དཀར་པོ་ལྟར་གྱེན་དུ་བྱུང་ན། ཡུལ་འཁོར་འཇིག་པ་དང་། སྐན་ནད་དང་། འཆི་བར་བྱེད་དོ།། ཉིན་མཚ ་ཀུན་ཏུ་དབྱུག་པ་རྩེ་མོ་མེད་པ་ལྟར་སྣང་ན། ཡུལ་གྱིས་རྒྱལ་པོ་འཆི་བར་འགྱུར་རོ།། དབྱུག་ལྦུ་བུ་བ་རྩེ་མོ་ཅན་དུ་སྣང་ན། ཡུལ་ཐམས་ཅད་ཀྱིས་རྒྱལ་འཆི་བ་དང་། དེའི་ཡུ ་འཇིག་པར་འགྱུར་རོ།། གལ་ཏེ་ཉིན་མཚན་རྒྱུན་མི་འཆད་པར་རྟག་ཏུ་དབྱུག་པ་ལྟ་བུར་སྣང་ན།། ཡུལ་འཁོར་དེ་འཇིག་པ་དང་། དེའི་ཡུལ་ཕྱོགས་སུ་ནད་དང་། མེ་དང་ཆར་པ་ཆེན ་པོ་འབབ་པོ།། སྐར་མདའི་མཚན་མ་བཤད་པའི་ལེའུ་ལ། སྐར་མདའ་འདྲེ་བ་དང་། གདུགས་དང་། ཤིང་དང་ཤིང་གིས་ཡལ་གག་འདྲ་བ་དང་། རྩ་གྲང་པོ་དང་། དབྱུག་པ ་འདྲ་བ་དང་། དཀྱིལ་འཁོར་འདྲ་བ་དང་། འཁོར་ལོ་ལྟ་བུའི་སྐར་མདའ་སྣང་ན། བྲམ་ཟེ་དང་། རྒྱལ་རིགས་གཙོ་བོ་དམ་པ་དང་། རྒྱལ་པོའི་བརྫུན་མོ་དང་། ནང་མི་དང་། ་ཡུལ་འཁོར་གྱིས་མི་དང་། མིའི་དཔའ་བོ་དང་། བླ་མས་བྱ་བ་དང་། བློན་པོ་འཆི་བར་འགྱུར་རོ།། ནམ་མཁའ་ལ་སྐར་མདའ་སྣང་ལས་གྱུར་ན། ཆར་མི་འབབ་པོ།། སྐར ་མདའ་བར་ཕྱིར་ལོག་ན། གནས་གར་སོང་གནས་དེར་གནོད་པར་འགྱུར། སྐར་མདའ་དབྱིབས་ལེགས་པར་སྣང་བ་ནི། བསྔགས་པ་བྱ་བ་ཡིན་ནོ།། ཆུའི་ནང་སྲོག་གྱ་གྱུར ་འགྲོ་བ་དང་། མཚོན་ཤག་ཏི་དང་། སྐར་མེད་འུ་དང་། རྟ་ལྟ་བུ་དང་། སྒྲ་དང་བསམ་པ་ཕལ་ཆེར་སྣང་ན་ཉེས་པ་མང་པོ་འབྱུང་ངོ་།། སྐར་མངའ་འབར་བཞིན་སོང་བ་ལས། ་ཕྱིར་ལོག་པ་ལས། སྐར་མངའ་གཞན་གྱིས་ཕོག་སྟེ། ཞིག་ན། ཡུལ་དེའི་རྒྱལ་པོ་ལ་གནོད་པའི་དགྲ་སྐྱེད་དོ།། ནང་པར་འམ། ནུབ་མོ་འམ། མཚམས་སུ་སྐར ་མདའ་རྩུབ་མོ་ཡོན་པོ་སྣང་རབ་ཏུ་བསྔགས་མ་ཡིན་ནོ།། སྐར་མངའ་གནམ་ཀྱི་དབུས་སུ་སོང་ལ། སྤྲིན་གྱིས་ཆུ་ཐུངས་པ་ལྟར་ཞུགས་ཞིང་། སྐར་མངའི་སྒྲ་མེད་ལ། ་སྐར་མདའི་དབུས་ཀྱིས་འཚེམས་ཡོད་པར་སྣང་ལ། འཇམས་ཞིང་དྲང་ལ་ཤིན་ཏུ་ཡངས་ཤིང་དཀར་བ་ལ་སོགས་གཡས་གཡོན་དུ་ཡང ་ནམ་མཁའ་ལ་གཡས་གཡོན་དུ་རྒྱུ་བར་སྣང་ན། སྐར་མདའ་དེ་དག་ནི་དགེ་བས་སྟེ། འབྲས་བུ་དམ་པ་རབ་ཏུ་སྦྱིན་པར་བྱེད་དོ།། སྐར་མངའ་ཁ་ཡོད་པ་ཞིག་སྣང་ན། རྒྱལ ་པོ་ལ་གནོད་པ་དང་། བཙུན་མོ་ལ་གནོད་པར་འགྱུར་རོ།། སྐར་མདའ་རྒྱལ་གྱིས་སོང་ལ། དུད་བས་ཚོགས་པ་ལྟ་བུ་དགྲ་ཅན་བྱུང་ན། ཡུལ་དེའི་སྒྲ་ཅན་དུ་བྱུང་ན། ཡུལ ་དེའི་འཁོར་མ་རུང་བར་འགྱུར་རོ།། སྲོད་ལ་སྐར་མདའ་བྱུང་ན་བཀྲ་ཤིས་སོ།། ། སྐར་མདའི་རི་བོང་གིས་ཁྲག་ལྟར་དམར་བར་སྣང་བར་འབར་བ། ལྷང་ན་རྒྱལ་པོ་དང་དམ ་དཔོན་ལ་གནོད་དོ།། སྐར་མདའ་མཚན་མོ་ཟླ་བ་ལ་ཕོག་གམ། ཉིན་པར་ཉི་མ་ལ་ཕོག་མིའི་བགག་པོ་ཟླ་བ་འམ། སྐར་མདའ་ལ་མོས་པར་བྱེད་པ་དེ་འཆིའོ།། སྐར་རབ ་ཏུ་འབར་བས་གཟའ་འམ། རྒྱ་སྐར་མངོན་པར་ཕོག་ན། དེ་ལ་མོས་པ་རྣམས་ལ་རུང་བར་འགྱུར་རོ།། ཉིན་པར་སྐར་མདའ་མེའི་འོད་ལྟ་བུར་ལྟུང་ན། ཡུལ་འཁོར་གྱིས་དབང་པོ་དང་། ་ཡུལ་དུ་བཅས་ཏེ་རྣམ་པར་འཇིག་གོ།། ཡུལ་གྱིས་གང་དུ་སྐར་མདའ་སྒྲ་གྲགས་པར་བྱུང་ན། ཡུལ་དེར་རྒྱལ་པོ་དང་། བློན་པོ་དང་། རྐུན་པོའི་དྲག་ཤུལ་སྣང་བར་འགྱུར་རོ།། ་ནམ་མཁའ་ལས་སྒྲ་བྱུང་བའི་ལྟས་ཀྱིས་མཚན་མ་བསྟན་པ། རླུང་གཉིས་ཕན་མཚན་ནས་ཕྲད་པ་ལས་གནམ་གྲུམ་པ་ལྟ་བུའི་སྒྲ་བྱུང་སྟེ། དེ་ཡང་ས་ལས་བབས་པ་དང་། ་གྱེན་དུ་འབྱུང་བ་དང་། ཐུང་ངུ་དང་རྒྱལ་རིང་པོ་ཁོང་དུ་ཆུད་པར་བྱའོ།། ཉི་མ་རྩེ་ལ་སྒྲ་བྱུང་ན། རྒྱལ་རིགས་ལ་གནོད་དོ།། སྔ་གྲོ་སྒྲ་བྱུང་ན་རྨང་རིགས་ལ་གནོད་དོ།། ཉི་མ། ་ཕྱེད་ཀྱིས་ཆེ་ན་སྒྲ་བྱུང་ན། བྲམ་ཟེའི་སྡེ་ལ་གནོད་དོ།། ཉི་མ་ནུབ་པའི་དུས་ཀྱིས་ཚེ་སྒྲ་བྱུང་ན། རྗེའུ་རིགས་ཀྱིས་ཚོགས་ལ་གནོད་དོ།། ཉི་མ་ནུབ་ཀའི་དུས་ཀྱིས་ཚེ་སྒྲ་བྱུང་ན། ་རིགས་ངན་རྣམས་ལ་གནོད་དོ།། ནམ་གྱིས་བཞི་མཐུན་གྱིས་ཐོར་ངས་སྒྲ་བྱུང་ན། ལོ་ལ་གནོད་དོ།། མཚན་གྱིས་གུང་ལ་སྒྲ་བྱུང་ན་ནི། སྲིན་པོ་མང་པོ་ཕུང་བར་འགྱུར་རོ།། ་ནམ་མཁའ་བན་བུན་ལ་སྒྲ་བྱུང་ན། གླང་པོ་ཆེ་དང་། རྟ་མ་རུང་བར་བྱེད་དོ།། ནམ་ལངས་ནས་སྒྲ་བྱུང་ན། འདྲོན་པོ་ལ་གནོད་དོ།། སྒྲ་བྱུང་བ་ཐུང་བ་དལ་ན། གནོད་པ་ཆུང་ངུར ་འགྱུར་རོ།། སྒྲ་རིང་དུ་སོང་བ་དང་། འཇིགས་པ་འབྱུང་ངོ་།། དུས་གསུམ་གང་ཡང་རུང་བའི་འཚམས་སུ་སྒྲ་བྱང་ཕྱོགས་ལོགས་སུ་ལྟུང་ན། བྲམ་ཟེ་དམ་པ་འཆི་བར ་འགྱུར་རོ།། དེ་བཞིན་དུ་རྒྱུ་སྐར་གྱིས་ཚེགས། གང་གིས་ཉི་མ་ལ་སྒྲ་བྱུང་ན། དེ་ལ་རྟེན་པའི་བྲམ་ཟེ་གང་ཡིན་པ་ལ་གནོད་དོ།། བདེན་བྲིམ་བྲལ་གྱིས་ཕྱོགས་ནས་སྒྲ་བྱུང ་དྲག་ཤུལ་གྱིས་ལས་བྱེད་པ་ལ་གནོད་དོ།། རླུང་གིས་ཕྱོགས་ནས་སྒྲ་བྱུང་ན། མཐའ་ཁོབ་ཀྱིས་ལྷོ་བལ་ལ་གནོད་དོ།། མེའི་ཕྱོགས་ནས་སྒྲ་བྱུང་ན། མེ་ཚ་བ་ལས་གནོད་དོ།། ་ཕྱོགས་རིང་དུ་སྒྲ་འབྱིན་པ་དེར་ནི། དཔའོ་རྣམས་དང་། སྦྲུལ་པོ་ཆེ་ལ་གནོད་དོ།། ཉི་མ་དང་ཟླ་བའི་འཁྱིམ་པའི་ལྟས་ཀྱིས་བྱེ་བྲག་བསྟན་པ། ཉི་མ་དང་། ཟླ་བའི་འོད་དང་། ་ཏིལ་མར ་རླུང་དང་། གཅིག་ཏུ་འདྲེས་པ་ལས་བྱུང་བ་ནི། འོད་ཁྱིམ་པ་ཞེས་བྱའོ།། དེ་ལ་མར་དང་། ཆུ་དང་དངུལ་དང་། འོ་མ་དང་། ཐི་བ་ལྟ་བུའི་ཁ་དོག་དུ ་ཁྱིམ་ན། ཆར་པ་འབབ་པོ།། བོང་བུ་དང་རྔ་མོ་དང་། ཤིང་རྟ་ལྟ་བུའི་ཁྱིམ་པ་ལས་རབ་ཏུ་ཞིག་སྟེ། རྣམ་པར་གྱེས་ཤིང་ཁ་དོག་ངན་པར་སྣང་ན། མི་དགེ་བར་འགྱུར་རོ།། ་ཉི་མ་དང་། ཟླ་བ་གཉིས་ཀ་ཉིན་མཚན་དུ་འོད་འཁྱིམ་པ་རྟག་ཏུ་འགྲོ་ན། བཅིང་བ་དང་། མཚོན་དང་། ནད་འབྱུང་ངོ་།། བ་བཞིན་དུ་འཁྱིམས་ན། ཆུ་མངོན་པར་སྐྱེའོ།། ་འཇའ་འདྲ་བའི་དབྱིབས་སུ་འཁྱིམ་ནི། མཚོན་མང་པོ་འབྱུང་ངོ་།། རྡུལ་འདྲ་བར་འཁྱིམ་ན། མུ་གེ་འབྱུང་ངོ་།། སུམ་རིམ་དུ་འཁྱིམ་ན། གྲོང་དང་རྒྱལ་པོ་ལ་མི ་དགེ་བོ།། རྒྱ་སྐྱེགས་གིས་ཁུ་བ་དང་། ཞོ་མདོག་འདྲ་བར་ཁྱིམས་ན། འཐབ་མོ་དང་། གཡུལ་འབྱུང་ངོ་།། སེར་པོར་འཁྱིམས་ན། ཡུལ་འཁོར་གསུམ་དུ་ཁགས ་པར་སྟོན།། སྐྱེ་བོ་དང་ལྡང་སྔོན་དུ་འཁྱིམས་ན་སྦྲུམ་མ་འཆི་བོ།། ནོར་འདྲ་བའི་ཕྱི་མ་དང་། སུམ་ཚའི་དུམ་བུ་ཞིག་འཁྱིམས་ན། ཆར་པ་བྲལ་དུ་འབབ་པོ།། མཚན་དུས་གསུམ ་དུ་འཁྱིམ་ན། གྲོང་མི་དང་། རྒྱལ་པོ་འཆི་བར་འགྱུར་རོ།། ཉི་མ་གསུམ་གྱི་བར་དུ་འཇམ་ཞིང་སྣུམ་པར་འཁྱིམས་ན། འཆར་བ་འབབ་པོ་རྩུག་པོར་འཁྱིམས་ན། ཟླ་བ་གཅིག་ན་འཇི ་པ་འབྱུང་བར་སྟོན་ཏོ།། སྐར་མ་དང་གཟིའ་ཐོག་ཏུ་འཁྱིམས་པས་གནོད་ན། རང་གིས་མཐུས་ལས་བྱུང་བའི་འབྲས་བུར་བསྟན་པར་བྱའོ།། ། འཇའ་ཟུག་པའི་ལྟས ་ཀྱིས་མཚན་མ་བསྟན་པ། རླུང་དང་སྤྲིན་དང་། ཉི་མའི་འོད་ལས་བྱུང་བ་ནི་འཇའ་ཞེས་བྱའོ།། འཇིག་ཚོན་སྣ་ཚོགས་སུ་སྣང་ན་ཆར་འབབ་བོ།། ཆུའི་ནང་དུ་ཟུག་ན་ཆར་རབ་ཏུ་ཆེའི། ་ཚོན་དཀར་པོ་ལ་སོགས་པ་ནི། བྲམ་ཟེ་ལ་སོགས་པ་ལ་གནོད་དོ།། སེར་སྐྱེ་དང་མེའི་མདོགས་པ་དང་། མེ་ཏོག་རྨ་ཟང་ཟང་རྩ་སེར་བ་ལྟ་བུའི་འཇའ་ཟུག་ན། ཡུལ་དུ་འཇིག ་པར་འགྱུར་རོ།། འཇ་སྔོན་པོར་ཟུག་ན། ལོ་མ་རུང་བར་འགྱུར་རོ།། འཛིའི་དབུས་ཉི་ཚེ་ཞིག་ཆགས་མི་ཟད་པར་འགྱུར་རོ།། མཚན་མོ་ཤར་ཕྱོགས་སུ་འཇའ་ཟུག་ན་རྒྱལ་པོ་ལ ་གནོད། ནུབ་ཕྱོགས་སུ་མཚན་མོ་འཇའ་ཟུག་ན། མི་གཙོ་བོ་ལ་གནོད་དོ།། ཆར་པ་འབབ་པ་དེའི་ཚེ་འཇའ་ཟུག་ན། ཆར་ཆད་དོ།། ཆར་མི་འབབ་པ་དེའི་ཚེ་འཇའ་ཟུག་ན ་ཆར་འབབ་པོ།། ཤར་ཕྱོགས་སུ་འཇའ་ཟུག་ན་ཆར་འབབ་བོ།། ལྷ་ཕྱོགས་སུ་ལ་སོགས་པ་ཕྱོགས་གསུམ་དུ་འཇའ་ཟུག་ན། བྲམ་ཟེ་ལ་སོགས་པ་ལ་མཆོད་པ་འོདང་ངོ་།། ་དེ་བཞིན་དུ་ལྷོ་ཕྱོགས་སུ་འཇའ་ཟུག་ན། རྒྱལ་རིགས་དང་རྗེའུ་རིགས་དང་རྨང་རིགས་ལ་གནོད་དོ།། དུས་གསུམ་གྱིས་འཚམས་སུ་འཇའ་ཟུག་ན། ཡུལ་འཇིག་པར་བྱེད ་དོ། ཉི་མའི་རྩེ་ལ་ལྷོ་ཕྱོགས་སུ་འཇའ་ཟུག་ན། འཚེམས་སུ་འཇའ་ཟུག་ན། བུད་མེད་མ་རུང་བར་འགྱུར་རོ།། ལན་གཉིས་སུ་འཇའ་ཟུག་ན་བདེ་བ་འཕེལ་བ་དང་། ་ལོ་ལེགས་པར་འགྱུར་རོ།། ཚེས་གྲང་བཟང་པོ་དང་། རྒྱུ་སྐར་བཟང་པོ་དང་། ཡུད་ཙམ་དང་། བྱེད་པ་དང་། གཟའ་བཟའ་པོ་དང་། རྒྱུ་སྐར་ཁྱིམ་དང་། སྐབས་བཟང ་མི་ལ་འཇིག་པ་ཡོངས་དོ། ་མ་དད་འམའར ་པོའི་ཚེ་འཇའ་ཟུག་ན་དགེའ་བས་སྟེ། རྒྱལ་པོའི་སྲིད་སྐྱེ། རྐུན་པོ་སྤ་བསྐོད་པར་འགྱུར་རོ།། དེ་བཞིན་ཉི་འདྲ་བ་དང་། དབྱུག་པ་འདྲ་བ་དང་། དྲི ་ཟའི་གྲོང་ཁྱེར་ལྟ་བུ་དང་། ཕྱོགས་ཚིག་པ་དང་བཅས་པར་སྣང་བ་ཡང་། ཚུལ་གོང་མ་དང་འདྲ་བར་ཚེས་གྲངས་དང་། རྒྱུ་སྐར་དང་གཟའ་ལ་སོགས་པ་བཟང་ངན་གྱིས་ཚུལ་གོང་ན། ་མ་ཟ་བར་རྟོགས་པའི་མིས་ཤེས་པར་བྱའོ།། དེ་ལྟ་བུ་སྣང་བར་གྱུར་པ་དེའི་རྗེས་ལ་ཞག་བདུན་ཚུན་ཆད་དུ་ཆར་འབབ་པ་ན། ཞི་བ་ཡིན་ལེགས་པར་འགྱུར་རོ།། ་ས་གཡོས་པའི་ལྟས་ཀྱིས་མཚན་ཉིད་བསྟན་པ། དེ་ལ་ཆོས་མ་ཡིན་པའི་མཐུ་ལས་བྱུང་བའི་དུས་སུ་སྐར་མ་དྲག་ཤུལ་ཅན་དང་། ཡུད་ཙམ་དང་། ཟང་ཅིག་དང་། ཚེས་གྲངས། ་དང་མི་བཟད་པའི་ཚེ། ས་གཡོས་ན། སྐྱེ་བོ་ཐམས་ཅད་ཀྱིས་ཕུན་གསུམ་ཚོགས་པ་མ་ཡིན་པའི་འཇིགས་པ་འོང་བར་འགྱུར་རོ།། ཚེས་གྲངས་བཟང་པོ་ལས་གཡོས་ན། རབ ་ཏུ་དགེ་བ་ཞེས་བྱའོ།། སྐར་མ་ཚེས་གྲངས་ལ་སོགས་པ་བཟང་ངན་འདྲེས་པའི་ཚེ་ས་གཡོས་ན། ཕན་གནོད་ཀྱིས་འབྲས་བུ་ཡང་འདྲེས་མར་འབྱུང་ངོ་།། ཚེས་གྲངས་བཟང་པོ་ལ ་ས་གཡོས་ན། སྐྱེ་བོའི་ཆོས་ལེགས་པའི་འབྲས་བུ་ཐོབ་པར་འགྱུར་རོ།། ས་གཡོས་བཞིན་དུ་ཡུལ་གཞན་དུ་སོང་ན། ཡུལ་དེར་གནོད་པར་འགྱུར་རོ་ཞེས་བྱ་སྟེ། དེ་ཡང་ཆོས ་ཉམས་པའི་ཉེས་པ་མ་བྱས་ན། ས་གཡོས་ཀྱང་ལེགས་པར་འགྱུར་ཏེ། དེ་དག་ཏུ་ཆར་འབབ་ཅིང་རབ་ཏུ་ཞི་བར་འགྱུར་རོ།། གནམ་ལྕགས་རྣོན་པོས་ལྷུང་བའི་སྒྲ་དྲག་པོས་ས་རབ ་ཏུ་གཡོས་ན། སྐྱེ་བོ་འཐབ་ཅིང་ཁོན་པ་དང་། མུ་གེ་དང་། མི་ངས་ཀྱིས་ཟས་པར་འགྱུར་རོ།། ས་གཡོའ་བ་གཡས་ཕྱོགས་སུ་འགྲོ་ཞིང་འབྲུག་སྒྲ་ལྟར་གཉེན་ཞིང་ཟབ་པའི་སྒྲ་གྲགས་ལ། ་དུས་ཚིགས་དང་། ཚེས་གྲངས་བཟང་བ་ལ་མ་འཁྲུལ་བའི། སྐབས་སུ་ས་གཡོས་ན་དགེ་བར་འགྱུར་རོ།། ནམ་གཟའ་སྐར་དྲག་པོའི་དུས་སུ་ས་གཡོས་པའི་དུས་ན། རི་དགས་དང་། ་བྱ་རྣམས་མེ་འབར་བ་བཞིན་དུ་གྱུར་ལ། གཞན་ཡང་མི་དགེ་བའི་མཚན་མའི་ལྟས་དག་སྣང་ན། འཇིག་རྟེན་དུ་གནོད་པ་དྲག་པོ་འབྱུང་བར་འགྱུར་རོ།། རྒྱུ་སྐར་དང་གཟའ་དགེ་བའི ་དུས་སུ་ཡང་དེ་ལྟར་གྱུར་ན། དེའི་ཚེ་དགེ་བའི་འབྲས་བུ་དགེ་བར་འགྱུར་རོ།། དགེ་བའི་ལྟས་ཀྱིས་མཚན་མ་བྱུང་ལ། བྱ་རྣམས་ཀྱང་ཁྲག་ཁྲིག་ལང་ལོང་མེད་ཅིང་། རབ་ཏུ་ཞི་བ་དང ་རླུང་ཡང་ཞི་བར་གྱུར་པ་ནི། དེ་བ་བས་ཀྱང་རབ་ཏུ་དགེ་བ་ཞེས་བྱ་སྟེ། མི་དགའ་བའི་ལྟས་ངན་དྲག་པོ་ཡང་ཞི་བར་འགྱུར་རོ།། ས་གཡོས་པའི་འོག་ཏུ་གལ་ཏེ་ཆར་པ་འབབ ་ན། དེའི་བདེ་བ་དང་། ལོ་ལེགས་པ་དང་། ནད་མེད་པར་འགྱུར་རོ།། ས་གཡོས་པའི་རྗེས་ལ་སྐར་མདའ་ཆེན་པོ་ལྟུང་བར་གྱུར་ན། དེའི་ཚེ་སྐྱེ་བོ་ལྟོགས་པ་དང་། མཚོན་དང ་ནད་ཀྱི་ཟད་པར་འགྱུར་རོ།། ནམ་ས་གཡོས་པའི་རྗེས་པ། རླུང་དྲག་པོ་ལ་ངས་པས་བསམ་ཁྱིར་བཞིན་འགྲོ་བར་གྱུར་པའི་ཆེ་ན། མུ་གེ་འབྱུང་བར་འགྱུར་རོ།། ས་གཡོའི་ཞིང ་འགྲོ་བ་དང་། རླུང་ལྡང་བ་དང་། ཉི་མ་དང་། ཟླ་བའི་འོད་རྣམས་དང་། འདི་རྣམས་མཐུན་པར་འགྲོ་ན་བཀྲ་ཤིས་ཏེ་དགེའོ།། དེ་ལྟ་བུའི་མཐུན་པར་མི་འགྲོ་ཞིངས་གཡོན་མི་དགེ་སྟེ། ་སྨད་པ་ཡིན་ནོ།། ཟླ་བ་བྱེད་རྙིང་ལན་གསུམ་གཡོས་པ། ཟླ་བ་གཅིག་ལ་སྤྱིར་ས་དྲུག་གཡོས་པར་གྱུར་ན། དགྲའི་ཚོགས་འོང་བར་སྟོན་ཏོ།། ཡུག ་གང་དུ་གཡོ་བ་དེར་རྡུང་པར་ཡང་དང་ཡང་ཞག་གཅིག་གམ། ཞག་བདུན། ཞག་བཅུ་གཅིག་གམ། ཟླ་བ་ཕྱེད་དམ། ཟླ་བ་རེ་རེ་ཞིང་གཡོ་འམ། ཟླ་བ་དྲུག་དུ་འམ། ཟླ་བ ་བཅུ་འམ། ལོ་བཅུའི་བར་དུ་འམ། དེ་བས་ཀྱང་ལྷག་པར་ལན་མང་དུ་གཡོས་སམ། དེ་ལམ་ཉིད་འགྱུར་དུ་ས་གཡོས། ཡུལ་ཕུན་གསུམ་ཚོགས་པར། དང་ལྡན་པའི་རྒྱལ ་པོར། དམག་དང་འཁོར་དུ་བཅས་པ་མ་རུང་བར་འགྱུར། ཡུལ་དེར་རྒྱལ་པོ་གཞན་བྱེད་དེ། དེ་ཡང་ཡུལ་དེར་རབ་ཏུ་འཚེ་ཞིང་གནོད་པ་བྱེད་པས། ཡུལ་དེ་ཉིད་དགོན་པར ་གྱུར་ནས། རི་དག་གནས་པར་འགྱུར་རོ།། ཚུལ་གོང་མ་བཞིན་དུ་དཔྱིད་ཟླ་ཐ་ཆུང་ལ་གཡོས་ན། གནོད་པའི་འབྲས་བུ་ཞག་བཅུ་ན་འབྱུང་ངོ་།། དབྱེར་རྣ་བ་གཡོས་ན། རྣམ ་པར་སྨིན་པའི་འབྲས་བུ་ཞག་བཅུ་གཉིས་ན་འབྱུང་ངོ་།། དབྱར་བླ་འབྲིང་པོ་ལ་གཡོས་ན། རྣམ་པར་སྨིན་པའི་འབྲས་བུ་ཞག་ཉི་ཤུ་རྩ་ལྔ་ན་འབྱུང་ངོ་།། དབྱར་ཐ་ཆུང་ལ ་གཡོས་ན། འབྲས་བུ་བདུན་བཅུ་རྩ་ལྔན་འབྱུང་ངོ་།། སྟོན་ཟླ་ར་བ་ལ་ས་གཡོས་ན། རྣམ་པར་སྨིན་པའི་འབྲས་བུ་ཞག་བརྒྱད་ནས་འབྱུང་ངོ་།། སྟོན་ཟླ་འབྲིང་པོ་ལ་གཡོས ་ན། འབྲས་བུ་ཟླ་བ་གཉིས་ན་འབྱུང་ངོ་།། སྟོན་ཟླ་བ་ཆུང་ལ་གཡོས་ན་འབྲས་བུ་ཟླ་བ་གསུམ་ན་འབྱུང་ངོ་།། གུན་ཟླ་ར་བ་ལ་ས་གཡོས་ན། རྣམ་པར་སྨིན་པའི་འབྲས་བུ་ཞག ་བརྒྱད་ནས་འབྱུང་ངོ་།། དགུན་ཟླ་འབྲིང་པོ་ལ་ས་གཡོས་ན། འབྲས་བུ་ཞག་ལྔ་བཅུ་རྩ་ལྡན་འབྱུང་ངོ་།། དགུན་ཟླ་ཆུང་ལ་གཡོས་ན། འབྲས་བུ་ཞག་བརྒྱད་ན་འབྱུང་ངོ་།། ་དཔྱིད་ཟླ་ར་བ་ལ་ས་གཡོས་ན། ཞག་ལྔ་བཅུ་རྩ་གསུམ་ན། འབྲས་བུ་འབྱུང་བར་སྐར་མཁན་གྱིས་བླར་བྱའོ།། དེ་ལྟར་ས་གཡོས་པའི་འབྲས་བུ་ནི། དེ་ལྟར་བསྟན་པ་ཡིན་ནོ།། ་དེ་ལྟར་ཟླ་བའི་མིག་ཀྱང་ས་གཡོས་པའི་དམིགས་ཀྱང་། ཡར་གྱིས་ཚེས་གཅིག་དང་། མར་གྱིས་ཚེས་ཉི་ཤུ་གསུམ་དང་། ཡར་གྱིས་ཚེས་བཅུ་བཞི་དང་། བཅོ་ལྔ་དང ་ཉི་ཤུ་དགུ་དང་། གསུམ་བཅུ་སྟེ། དུས་ཚིགས་འདི་རྣམས་ལྟ་བུའི་དུས་སུ། སུ་གཡོས་པའི་འབྲས་བུ་ནི་ཚུལ་དེ་ལྟར་ལྟའོ།། ནམ་ཟླ་བཅུ་གཉིས་ཀྱིས་ངོ་ཀུན་ལ། ས་རྟག ་པར་གཡོས་ཏེ། ཤིང་ཡང་འགུལ། ཆུ་ཡང་གཡོས་ཏེ། མེར་མེར་བྱེད་ཅིང་དེ་ལྟར་དུས་ཚིགས་མ་ཡིན་པར་གཡོས་ཏེ། རླུང་ལངས་པས། ཤིང་ཡང་བཅས། གྲོང་དང ་གྲོང་ཁྱེར་དང་། གྲོང་འདབས་དང་། གྲོང་དེ་ན་རྟེན་པའི་སྐྱེ་བོ་རྣམས་མེད་པར་གྱུར་ཏེ། གཅན་ཟན་གྱིས་ཟིལ་གྱི་ནོན་ནས། ཡུལ་འཕྲོག་དུ་གྱུར་ཏེ། དེ་ལྟར་ས་གཡོས་པ་ནི།། ་གནོད་པའི་འབྲས་བུ་ལོ་བཅོ་ལྔ་ན་ཡུལ་ཕྱོགས་དེར་སུ་ཡང་མི་གནས་པར་འགྱུར་རོ།། །། རྒྱུ་སྐར་སྨིན་དྲུག་གིས་ཉི་མ་ལ་སག་ཡོས་ན། གྲོང་ཁྱེར་མ་ལ་བརྟད་མར་ཤོར་ཏེ། ་ཤིང་རྩི་ཡང་ཚིག་གོས་ནག་པོ་གྱོན་པོའི་སྡེ་དང་། ནོར་བུ་མཁན་རྣམས་དང་། འགར་བ་དང་། བྲམ་ཟེ་མི་འབྱིན་པའི་སྤྱོད་བྱེད་པ་རྣམས་ལ་མི་དགེར། འབྱུང་ཁྱངས་ནས། ནོར ་བུ་དབྱུང་བ་རྣམས་དང་། འཕེལ་བ་རྣམས་ཀྱང་སྲུབས་པར་འགྱུར། ཡུལ་དེ་ན་རྟེན་པའི་བ་གླང་བ་རྣམས་དང་། ཤིང་རྟ་ལ་འདྲེན་པའི་མི་དང་། བྲམ ་ཟེ་དང་། འབྲེག་མཁན་པུ་དྲོའི་ལས་བྱེད་པ་དང་། ཡུལ་དེར་སིལ་འདུ་ཞེས་བྱ་བའི་ཡུལ་གྱིས་མི་དང་། ཡུལ་ཨ་མ་པ་དང་། ཡུལ་ཆུ་ཀླུང་ལྔ་ཞེས་བྱ་བ་ན་གནས་པའི་མི་དང་། ་ཡུལ་ཤི་བའི་བ་ཞེས་བྱ་བ་དང་། ཡུལ་པ་སི་ཏི་ཞེས་བྱ་བ་དང་། ཡུལ་པྲ་ཏ་ལ་ཞེས་བྱ་བ་དང་། ཡུལ་རྟ་ལ་དྷ་ན་ཞེས་བྱ་བ་དང་། ཡུལ་གང་ཁྲོད་ན་གནས་པ་རྣམས་དང་། ལྷོ་ཕྱོ ་ཀྱིས་ལུང་པ་ན་གནས་པའི་སྐྱེ་བོ་རྣམས་ལ་གནོད་པ་འབྱུང་བར་འགྱུར། དེ་ལྟར་ས་གཡོས་པས་གཟིའ་བརྗིད་ཉམས་ཏེ། ནད་དྲག་པོས་འདེབས་པར་འགྱུར། ཐན་ཆེན་དང་། མ་རྐུན་དང་། ་ཕ་རོལ་གྱིས་དགྲ་རྣམས་ཀྱིས་གནོད་པ་དྲག་པོ་བྱེད་པར་འགྱུར་རོ།། རྒྱུ་སྐར་སྣང་མའི་ཉིན་མོ་ས་གཡོས་ན། ས་བོན་ཐམས་ཅད་ཆུང་ཟོས་པར་འགྱུར་ཏེ། ས་ལ་འབྲ་བཏབས ་ཡང་མི་སྐྱེ། དེ་དང་འདྲ་བར་རྩ་ཡང་དཀོན་ན། ནགས་ཁྲོད་ནས་ཆུང་ཟད་ཅིག་འཁྲུང་བ་ཡང་དཀོན་ནོ།། བུད་མེད་སྦྲུམ་མ་རྣམས་ཀྱིས་རུམ་རབ་ཏུ་མི་བདེ། མུ་གེ་དང་། མཚོན་དང ་ནད་ཀྱིས་ཟད་དེ། སྐྱེ་བོ་སུམ་ཅ་གཅིག་གནས་པར་འགྱུར་རོ།། མིའི་དབང་པོ་ཆེན་པོའི་བདག་ཉིད་ཅན་ཅན་དང་། དཔལ་དང་ལྡན་པའི་མི་མཆོག་རྣམས་དང་། བྲམ་ཟེ་གཟིང ་བརྗིད་ཅན་མང་པོ་དང་། བ་གླང་ཕྱུག་པ་དབང་དང་ལྡན་པ་དང་། ཡུལ་བའི་པ་ཤ་དང་། ཡུལ་ཤ་ཏ་རུ་དང་། ཡུལ་སིལ་འདུ་དང་། ཨི་ཡུལ་ཨན་དང་། ཆུ་བོ་འདི་ཉི་ཏིའི་འགྲན ་ན་གནས་པ་དང་། ཆུ་བོ་ཨེ་ར་བ་ཏིའི་འགྲམ་ན་གནས་པ་དང་། ཡུལ་ཀུ་ཏ་ན་གནས་པའི་མི་དང་། ཆུ་བོ་ཅན་ཏྲ་བ་ག་གནས་པའི་མི་དང་། ཆུ་བོ་སུ་དན་ཞེས་འབྱུང་བ་དང་། ་ཆུ་བོ་འདི་དག་གིས་འགྲམ་ན་གནས་པའི་མི་དང་། ཆུ་བོ་འདི་དག་གས་འགྲམ་ན་གནས་པའི་མི་དང་། ཡུལ་ནགས་འགྲོགས་ཆུ་དང་ལྡན་པ་དང་། ཆུ་བོ་ཨ་ཏྲོ་ཏ་དང་། སེ་ར་ས་ཏི ་ཞེས་བྱ་བའི་འཁོར་དང་། ཡུལ་ས་པྲ་རྟ་ཞེས་ཞེས་བྱ་བ་རྣམས་དང་། ར་བདོག་པའི་གཙོ་བོ་ཞེས་བྱ་བ་དང་། འདི་རྣམས་ས་བཞི་གཡོས་ན་གནོད་པ་འབྱུང་བར་འགྱུར་རོ།། ་རྒྱུ་སྐར་མགོའི་ཉི་མ་ལ་ས་གཡོས་ན། སྨན་པ་རྣམ་དང་། ནང་སྤང་བྱེད་པའི་སྨན་པ་རྣམས་དང་། ཙ་སོ་མ་ཞེས་བྱ་བ་ལ་སྐོམས་དུ་སྦྱར་ཏེ། ཟུང་བའི་ཆོས་བཞིན་བྱེད་པ་རྣམས་དང ་ཙཱ་སོ་མ་སྒོམས་དུ་མཐུང་བ་རྣམས་དང་། བྲམ་ཟེ་ནག་ཁྲོད་ན་གནས་ཤིང་དཀའ་ཐུབ་བྱེད་པ་རྣམས་ལ་མི་རུང་བར་འགྱུར། ཡུལ་དབུས་མ་ད་ཙེར་ཆར་འབེབས་ཏེ། ལོ་ལེགས་པར ་འགྱུར། བདེ་བར་འགྱུར། རྒྱལ་པོ་ནང་ཕན་ཚུན་མི་མཐུན་ཏེ། རྩོད་པར་འགྱུར། ཡུལ་ཨ་བྷི་ཤ་ཧའི་མི་དང་། ཡུལ་ཤུར་སེ་ན་དང་། ཆུ་བོ་ཚར་མ་ན་ཏི་ན་གནས་པ་དང་། ་ཡུལ་ཀ་ལའི་དང་། ཡུལ་བང་སའི་མི་དང་། ཡུལ་བན་ཙ་ལའི་ལྷོ་ཕྱོགས་དང་། ཡུལ་མཱ་གྣནས་པའི་མི་དང་། མི་ལ་གནོད་པར་འགྱུར་རོ།། ཡུལ་སུ་ལའི་མི་དང་། ་ཡུལ་བེ་ཤ་ལའི་མི་དང་། ཡུལ་མ་ལ་ཞེས་བྱ་བའི་འཁོར་མི་དང་། འདི་རྣམས་ལ་གནོད་པ་རྣམ་པ་དྲུག་འབྱུང་སྟེ། ཆོམ་རྐུན་དང་། མེས་འཇིགས་པ་དང་། མིངས་དང་། ཟན ་ཆེན་ལ་སོགས་པ་དང་། ཁྱད་ཞུགས་པའི་གནོད་པ་རྣམས་ཀྱིས་སྐྱེ་བོ་ཟིལ་གྱིས་གནོན་པར་འགྱུར་རོ།། །། རྒྱུ་སྐར་ལག་ལ་ས་གཡོས་ན། ་ཤིང་འོ་མ་ཅན་རྣམས་དང་། འོ་མ་མ་རུང་བར་འགྱུར། ཟན་སྐོམས་ཕྱོགས་སུ་མ་རུང་བར་འགྱུར། འདྲིན་པོ་རྣམས་དང་། གཅན་ཟན་དང་། རྒྱལ་མོ་ཐོགས་མའི་ཉ་འཆོར ་བ་ལ་སོགས་པ་རྣམས་དང་། འོབས་རྐོ་ཞིང་ཁྲོན་པ་རྐོ་བ་དང་། སྡིག་པའི་ལས་ཅན་རྐུན་པོ་རྣམས་དང་། གདོལ་པོ་དང་། ཡུལ་ཤར་ཕྱོགས་དང་། ཡུལ་པུན་ད་པར་རྟ་དང་། ་མུ་སྟེགས་གཅེར་པུ་པ་དང་། ཡུལ་ཨོ་ཏྲ་དང་། ཡུལ་པི་ལི་ནའི་དའི་མི་དང་། ཡུལ་ཤ་བ་རིའི་མི་རྣམས་དང་། ནག་འབྲོག་ཆུ་དང་། ལྡན་པའི་ཨ་ཏ་སོ་ཀ་ཞེས་བྱ་བ་དང་། ་ཡུལ་གཞན་ཡང་དེ་དང་འདྲ་བ། ཆུ་དང་ལྡན་པའི་ནག་འབྲོག་ཀྱང་གནོད་པ་དྲག་པོ་མི་བདེ་བ་སྣ་ཚོགས། རྣམ་དྲུག་གིས་གནོད་པ་འབྱུང་བར་འགྱུང་རོ།། ། ་རྒྱུ་སྐར་ནམས་སོའི་ཉི་མ་ལ་ས་གཡོས་ན། ཆང་ཚེང་དང་། གསལ་ཤིང་དང་། མཚོན་ཐོགས་པའི་མི་དང་། ཁུར་བ་མཆོད་པའི་མི་དང་། གདུགས་ཕྱེད་པའི་མི་དང་། ་ཤིང་མཁན་རྣམས་དང་། མི་གསོད་པའི་གཤེད་པ་རྣམས་དང་། ག་ཙས་དང་། འགྲོ་བའི་ཚོང་པ་རྣམས་དང་། འཁོར་ལོ་བྱེད་པ་དང་། འཁོར་ལོ་བསློབ་པ་རྣམས་དང་། ་ལྷང་ཚེར་ཐགས་ཅིང་སྦྱོར་བ་དང་། ཤ་མཆོང་དང་། དུང་མཆོང་དང་། གྲོང་ན་གནས་པའི་ཚོང་པ་དང་། གང་དག་སྐྱེ་བོ་ཕལ་པོ་ཆེ་དང་། ལྷན་ཅིག་གནས་པས་ཚོང་པ་དང་། ཚུལ ་གཅན་རྣམས་དང་། ཕལ་ཆེར་བབས་པས་ལོ་ལ་ཡང་གནོད་པར་འགྱུར། རྒྱལ་པོ་དང་། ལྷོ་གའི་གནས་ན་གནས་པའི་རྒྱལ་ཕྲན་རྣམས་དང་། རྒྱལ་ཕྲན་དེ་དག་ལ་ཕྱོགས ་སའི་ཡུལ་མི་རྣམས་དང་། ཡུལ་གྱིས་མཆོག་དང་། ཏོ་ཀ་ཞེས་བྱ་བ་དང་། མོན་ཡུལ་ཀ་མ་རུན་གནས་པའི་མི་དེ་རྣམས་དང་། སྤྱང་ཀི་མང་པོ་རྣམས་ལ་སཱ་གྷརློད་པར་འགྱུརརོ།། ་རྒྱུ་སྐར་རྒྱལ་གྱིས་ཉི་མ་ལ་ས་གཡོས་ན། མི་དགེ་བ་བྱས་པ་དང་། བྲམ་ཟེ་དམ་པ་དང་། རྒྱལ་པོ་སྤྱི་བོ་ནས་དབང་བསྐུར་བ་རྣམས་དང་། རྒྱལ་པོའི་བུ་གཞོན་ནུ་དང་། དཔོན ་སྣ་ཕྲ་མོ་དང་། མི་མང་པོའི་ཚོགས་དང་། བློན་པོ་དང་། དགེ་སློང་རྣམས་དང་། སྤྲང་པོ་དང་། བྲམ་ཟེ་དང་། མཁས་པ་རྣམས་དང་། ཆོས་ལ་རབ་ཏུ་བརྩོན་པ་རྣམས་དང་། ་བསོད་ནམས་ཆེན་པོ་བྱེད་པའི་མི་རྣམས་དང་ལ་གནོད་པར་འགྱུར་རོ།། དེ་ལྟར་ཤར་ཕྱོགས་དང་། ཡུལ་ཏ་མ་ལིབ་ཏའི་གྲོང་རྡལ་དང་། ཤར་ཕྱོགས་དང་གླིང་དུ་མར་ཏི་པ་དང་། ་མོན་ཡུལ་ཀ་མ་རུ་པ་དང་། ཤར་ཕྱོགས་ཀྱིས་རྒྱ་མཚོའི་གླིང་ན་གནས་པ་ནས། གླིང་པ་དང་། གསེར་གྱིས་གླིང་ན་གནས་པ་དང་། ཆུ་བོ་འཀའ་རྒྱ་མཚོའི་གླིང་ན་གནས་པ ་དང་། འགྲམ་ན་གནས་པའི་སྐྱེ་བོ་རྣམས་ལ་གནོད་པར་འགྱུརརོ།། །། རྒྱུ་སྐར་སྐགས་ཀྱིས་ཉི་མ་ལས་གཡོས་ན། ཀླུ་རྣམས་དང་། སྦྲུལ་རྣམས་དང་། དུག་སྦྲུལ་རྣམས་དང་། ་གྲོག་མ་རྣམས་དང་། གྲོལ་མོ་མང་པོ་རྣམས་དང་། སྲིན་བུ་སྣ་ཚོགས་དང་། ཁྱིམ་དང་ཐིག་མ་གཅིག་པ་རྣམས་དང་། དུག་སྦྱོར་ཞིང་བྱེད་པའི་མི་རྣམས་དང་། སེམས་ཅན ་དུག་རྣམ་དང ་གང་དག་རི་ཁྲོད་ན་གནས་པའི་རྣམས་དང་། ཡུལ་མཐའ་ཁོབ་ན་རྐུ་ཕྲོག་བྱེད་ཅིང་འཇོམས་པའི་མི་རྣམས་དང་། ཟོས་པ་དང་། རྐུ་ཐབས། ་ཀྱིས་ཐབ་མོ་འགྱེད་པའི་མི་རྣམས་དང་། སྡིག་པའི་ལས་དགའ་བའི་མི་རྣམས་དང་། མི་བླུན་པོ་རྣམས་དང་། མི་ངན་པ་རྣམས་དང་། ཚིག་ངན་པ་སྨྲ་བ་རྣམས་དང་། ་ཡུལ་ཏོ་ས་ལ་དང་། ཡུལ་ཀོ་ས་ལ་དང་། གྲོང་ཁྱེར་ཀན་ཙི་དང་། ཡུལ་ལིང་ག་དང་། ཡུལ་ཨན་འདྲ་དང་། ཡུལ་ཨན་འདྲའི་བྱང་ཕྱོགས་དང་། ཡུལ་ཡང་མའི ་གྲོང་རྡལ་ཉམས་དགའ་བ་དང་། རི་བྷིར་དྷ་དང་། རི་བྷིན་དྷའི་བྱང་ཕྱོགས་ཀྱིས་དངོས་དང་། རི་དེའི་དྲུང་དང་། རྩེ་མོ་དང་། སྲང་སྲན་གནས་པའི་སྐྱེ་བོ་རྣམས་ལ་གནོད་པ་དྲག ་པོ་ནང་མེ་དང་། མི་ངས་དང་། ཟན་ཆེན་དང་། སེར་བ་དང་། ཡང་དང་ཡང་མཚན་དཀར་འགྱེད་པས་ཡུལ་དེ་ཕྱོགས་ན་མྱ་ངན་བྱེད་ཅིང་། འགྲོ་སྟེ་ས་གཡོས་པས་གཟའ ་བརྗིད་ཉམས་ནས། གནོད་པ་དེ་ལྟ་བུ་འབྱུང་བར་འགྱུར་རོ།། ། རྒྱུ་སྐར་མཆུའི་ཉི་མ་ལ་ས་གཡོས་ན། རྒྱལ་པོ་མྱ་ངན་བྱེད་པར་འགྱུར། མཆོད་སྦྱིན་བྱེད་པ་དང་། དད་པ ་རྣམས་ལྟོགས་པར་འགྱུར། མི་མང་པོ་འདུ་བ་དང་། དག་སྟོན་བྱེད་པ་དང་། ལྷའི་གཙོ་བོ་ལ་མཆོད་སྦྱིན་བྱེད་པ་རྣམས་དང་། སྔགས་པ་ཐམས་ཅད་ནི་ལྡོག་པར་འགྱུར་རོ།། ་གང་དག་བཙས་པ་དང་། ཆེར་སྐྱེས་པ་དང་། གཞན་ཡང་མཁས་པའི་མཆོག་དང་། རོལ་མོ་མཁས་བ་ཀླུ་སྙན་པ་དང་། རིགས་ཆེན་པོ་བློ་དང་ལྡན་པའི་མི་རྣམས་དང་། ་འབྲུ་ནག་པོ་ཏིལ་དང་། ཟས་སྲན་མ་ལ་སོགས་པ་ལ་གནོད། ཡུལ་ག་ལིང་གའི་བྱེད་དང་། རི་བྱིན་དྷའི་ངོས་ཕྱེད་ལ་རྟེན་པའི་མི་རྣམས་ལས་གཡོས་པ་དང་། ས་རྣམ་པར་གཡོས་ན། ་དེ་དག་ལ་གནོད་པ་འབྱུང་བར་འགྱུར་རོ།། ། རྒྱུ་སྐར་གྲེའི་ཉི་མ་ལ་གཡོས་ན། དུས་ཚིགས་ལོག་པར་འགྱུར་ཏེ། དེའི་རླུང་དྲག་པོ་ལྡན་པར་འགྱུར། བརྟན་པར་བྱས་པ ་མ་རུང་བར་འགྱུར། ཡོད་པའང་མ་རུང་བར་འགྱུར།། སླད་ཚོད་མ་དང་། ཆོས་ལ་དགའ་བ་དང་། གཡོས་མཁན་དང་། ཤོ་ཁམ་གིས་འཚེ་བ་དང་། སྣམ་བུ་འཐག་པ་དང་། ་ཁྱད་པར་དུ་ཆུ་བོ་ཨིན་དུའི་ལྷོ་ཕྱོགས་ཀྱིས་ཕྱིད་དང་། ཤར་ཕྱོགས་ཀྱིས་ཕྱེད་དང་། ཡུལ་མ་ཧ་གི་རི་རི་ཁྲོད་ཀྱི་སྡོང་བུ་དང་། ཡུལ་དང་ལུང་པའི་ནང་ནས་གས་པའི་སྐེ་བོ ་དང་། རི་ཀིན་དའི་གྲོང་ཁྱེར་དང་། གྲོང་རྡལ་དང་། དེ་བཞིན་དུ་ཡུལ་ཤུལ་པ་ར་ཀ་དང་། ཡུལ་ཚེ་སེར་ཆེ་བ་ནག་རི་ཆུ་མང་བ་ན་གནས་པའི་བ་གླང་ལ་སོགས་པ་དང་། སྐྱེ་བོ་མི ་བསྲུང་བ་མང་པོས་བསྐོར་ཅིང་། མེ་ཏོག་རྒྱས་པར་ལྡན་ཞིང་། གནས་པ་ལ་ས་གཡོས་ཏེ། མདངས་ཉམས་ན་གནོད་པ་འབྱུང་བར་འགྱུར་རོ།། རྒྱུ་སྐར་དབའི་ཉི་མ་ལ་ས ་གཡོས་ན། ཚོང་པ་རྣམས་དང་། གླིང་ཕྲན་ན་གནས་པའི་མི་དང་། འདྲོན་པོ་ལམ་ན་ཞུགས་པ་དང་། མཆོད་སྦྱིན་གྱིས་སྣོད་དང་། ཡོ་བྱད་རྣམ་དང་། སྦྲུལ་གྱིས་གདོང་གིས ་འཚོ་བའི་མི་རྣམས་དང་། བག་མ་ལམ་བཅུ་པ་སྩོགས་པ་དང་། བཀྲ་ཤིས་བྱེད་པ་དང་། ཡུལ་མ་ཧེ་སེ་ནེའི་གྲོང་རྡལ་དང་། གྲོང་ཁྱེར་ཉམས་དགའ་བ་དང་། བ་གླང་གིས་ཁྱུ ་མང་པོ་དང་། ལྡན་པ་དང་། ཆུ་བོ་གོ་ཏ་བ་རིའི་འགྲམ་གྱིས་ཡུལ་དང་། ཡུལ་མ་ཧ་བེ་ན་ན་དང་། ཆུ་བོ་མ་ཧ་ས་རི་ཏིའི་འགྲམ་ན་གནས་པའི་གྲོང ་རྡལ་དང་། གྲོང་འདབས་ཀྱིས་མི་དང་། ཡུལ་ཨང་ག་དང་། མོན་ཡུལ་བང་གང་དང་། ཡུལ་ཀ་ལིང་ཀའི་བྱེད་དང་། ཡུལ་ནེ་ཀྲི་ཏ་དང་། ཡུལ་ག་ཤིའི་མི་རྣམས་དང་། ་སླས་བུད་མེད་མང་པོ་ལ་སྲེལ་བ་དང་། སྙིང་ལས་སེམས་པའི་མི་རྣམས་དང་། གྲོང་དང་གྲོང་དམ་པ་རྣམས་དང་། རྒྱལ་པོ་ལ་སྟོན་པས་འཚེ་བའི་མི་དེ་ལྟ་བུ་ལས་ས་གཡོས ་ན། གནོད་པར་འགྱུར་རོ།། །། རྒྱུ་སྐར་མེ་བཞིན་ལ་ས་གཡོས་ན། རྫ་མཁན་དང་སྨན་པ་དང་། ཚོགས་ཀྱིས་གཙོ་བོ་དང་། བློན་པོ་དང་། དམག་དཔོན་རྣམས་དང་། གླང ་པོ་འདུལ་སྦྱོངས་བྱེད་པའི་མི་དང་། ཆོམ་རྐུན་བྱེད་པ་མེད་པ་དང་། ཆོམ་རྐུན་བྱེད་པའི་གཙོ་རི་གོང་ས་བཙན་ལམ་རྟེན་པའི་མི་རྣམས་དང་། བྲམ་ཟེ་སྲང་བུ་སེ་རེལ་དུ་ཐོགས ་པ་སའི་ཆོ་བོས་རྣམས་དང་། ལྷ་དོན་དུ་གཉེར་པ་རྣམས་ལ་སྨོན་པའི་མི་རྣམས་དང་། བྲམ་ཟེ་ལག་བརྡའི་ཁ་དོན་འདོན་པ་དང་། ཆོས་སྤྲིན་གྱིས་ཡོ་བྱད་ཀྱི་ཚོགས་སྤོར་བ་དང་། ་ཡུལ་ཧ་སེ་ནིའི་གྲོང་བརྡལ་ཉམས་དགའ་བ་དང་། རི་རྨ་བྱ་བའི་དྲུང་ན་གནས་པ་དང་། རི་བ་རི་ཡང་ཏྲའི་དྲུང་ན་གནས་པ་དང་། སྙིང་དོང་ལུང་བ་དང་། ལུང་བ་བྲན་མང་པོ ་སྣ་ཚོགས་ན་གནས་པའི་མི་རྣམས་དང་། ཡུལ་བང་གུར་དང་། ཡུལ་སྲ་ས་དང་། ཡུལ་ཨ་མུ་ཏྲ་ཟ་དང་། འདི་རྣམས་ལས་གཡོས་ན་གནོད་པར་འགྱུར་རོ།། རྒྱུ་སྐར་ན། ་པས་གཡོས་རི་མོ་བྲི་བའི་ལས་རྣམས་མ་རུང་བར་འགྱུར། རི་མོ་བྲི་བ་རྣམས་དང་། ཤིང་མཁན་རྣམས་དང་། བཟོ་བོ་དང་། གསེར་མགར་དང་། རྡོ་རྗེས་བསྐོར་བའི་ལས་བྱེད ་པ་དང་། བཟང་ཀན་དང་ནོར་བུ་བདོག་པ་དང་། རྒྱན་ལ་དགའ་བ་དང་། ཚོང་བ་དང་། མིག་སྨན་སྦྱར་ཤེས་པའི་མི་དང་། རྒྱན་བྱེད་པའི་མི་དང་། ཡུལ་པྲ་པ་ཀ་ཤི་དང་། ཡུལ ་ཨ་ནི་ལའི་གྲོང་བརྡལ་དང་། ཡུལ་མ་གྱི་རྨ་དང་། ཡུལ་ཨ་བན་ཏི་དང་། རི་ས་ཧྱའི་དྲུང་དང་། རི་བྱིན་དའི་འཁོར་ན་གནས་པའི་སྐྱེ་བོ་རྣམས་དང་། མི་འདྲ་མ་རྣམས་ལ་དེ་ལྟར ་ས་གཡོས་ན་ངན་པར་འགྱུར་རོ།། །། རྒྱུ་སྐར་ས་རི་ལ་ས་གཡོས་ན། ཆོམ་རྐུན་བྱེད་པའི་མི་རྣམས་དང་། མགར་བ་མཁན་རྣམས་དང་། འཚེ་ཞིང་གནོད་པའི་མི་རྣམས་དང་། ་ལམ་ཕྲང་འཇོམས་པའི་མི་རྣམས་དང་། ཡུལ་གང་རིའི་བྱང་ཕྱོགས་ཀྱིས་ཤོད་ན་གནས་པའི་མི་རྣམས་དང་། རོལ་མོ་མཁན་དང་། གཞན་གང་མཁན་དང་། དཀའ་ཐུབ་ཅན་ཟས་སུ ་རླུང་ཟ་བ་དང་། ཚུལ་མ་ཡིན་པའི་དཀའ་ཐུབ་གྲུབ་པའི་མི་རྣམས་དང་། མི་དགེ་བ་དམ་པའི་མི་རྣམས་དང་། ང་རྒྱལ་ཅན་རྣམས་དང་། ཡུལ་ས་ཧ་ཏིའི་མི་དང་། ཡུལ་ཨན་ད ་རེ་ཏའི་མི་དང་། ཡུལ་བའི་བུ་ལ་དང་། ཡུལ་ཀ་ཙའི་སྐྱེ་བོ་མང་པོ་ཕལ་པོ་ཆེ་དང་། ཡུལ་བ་ཤུད་ཏྲ་ཀ་དང་། ཡུལ་དེ་ར་ཀ་ཞེས་བྱ་བའི་གྲོང་དང་ཆལ་ཆེན་པོའི་མི་དང་། གླིང་སྣ་ཚོགས ་ན་བུད་མེད་དམག་གནས་པ་དང་། རྐང་འགྲོས་ཀྱིས་གང་བར་རྒྱས་ཤིང་། གྲོང་ཁྱེར་ཀུན་བེ་ར་ཞེས་བྱ་བ་ལ་འབྱོར་ཅིང་རྒྱས་པར་གནས་པ་དང་། རི་དམ་པ་ཕྲད་ཛ་ཡ་ཧོ་ཞེས་བྱ་བའི་དྲུག ་ཏ་ན་གནས་པའི་མི་དང་། རྒྱ་མཚོའི་འགྲམ་ན་གནས་པའི་མི་དང་། ཡུལ་བྲིས་སྟྲི་དང་། ཡུལ་ཨན་དྲག་དང་། མ་དུ་ཞེས་བྱ་བའི་མི་དང་། འདི་དག ་གིས་གནས་རྣམས་དང་། མིའི་སྡེ་དྷ་ཤ་རྣ་བ་ཞེས་བྱ་བ་རྒྱ་མཚོ་ཞེས་བྱ་བ་རྒྱ་མཚོ་མཆུའི་གྲོང་ཁྱེར་རྣམ་པ་བརྒྱད་པ་དང་། གྲོང་ཁྱེར་རྣམ་པ་བརྒྱད་པ་དང་། གྲོང་ཁྱེར་རྣམ་པ་སྟོང ་སྙེད་དུ་གནས་པ་དེ་དག་ལས་ས་གཡོས་ན་རབ་ཏུ་གནོད་པར་འགྱུར་རོ།། །། རྒྱུ་སྐར་ས་ག་ལ་ས་གཡོས་ན། མི་ལས་ལས་བྱ་བའི་རྣམ་པ་མ་རུང་བར་འགྱུར་རོ།། བྲམ་ཟེ་དམ ་མེ་ལ་རྗེད་པ་རྣམས་དང་གསལ་བ་དང་མ་ཁྲུལ་པར་སྨྲ་བའི་རྣམས་དང་། ཏིལ་དང་། བལ་གྱིས་ས་བོན་དང་། མོན་སྲན་སྡེའུ་དང་། བུ་རམ་ཤིང་གིས་ཁུ་བ་དང་། འབྲུ་རྣམས་དང་། མི ་རྒན་པོ་རྣམས་དང་། མི་ཕལ་ཆེར་གནས་པ་རྣམས་དང་། འབྲས་སོ་བ་དང་། ས་བོན་བཏབ་པའི་སྨན་ལམ། སྲན་ཆུང་དང་། སྲན་མ་དང་། སྲན་ཙན་ཤ་ཀ་དང་། རྒྱ་སྲན་ནག་པོ་དང་། ་ཡུངས་དཀར་དང་། ཡུལ་ཏ་རི་མི་དང་། ཡུལ་མང་ཀུ་རའི་མི་དང་། ཡུལ་བ་ཡ་ན་དང་། དེ་བཞིན་དུ་ཡུལ་རོ་མ་ཀའི་དང་། ཡུལ་བ་པ་རྣའི་མི་མཱ་པོས་གང་བ་དང་། ཡུལ་ཀ་མ་ར ་ཨ་དི་སྟ་ཞེས་བྱ་བ་ན། གནས་པའི་མི་དེ་དག་ལ་ས་གཡོས་ན། གནོད་འབྱུང་བར་འགྱུར་རོ།། ། རྒྱུ་སྐར་ལྷ་མཚམས་ལ་ས་གཡོས་ན། འཛའོ་བྱམས་ཤིང་སྡུག་པར་བྱེད་པར ་འགྱུར། ཆུང་མ་དང་། ནོར་གྱིས་བྱ་བ་ལ་སོགས་པ་རྣམས་བཅུ་གཅིག་ཏུ་བཤད་པ། གཉེན་ཞིང་བག་མ་བླང་བ་ལ་སོགས་པ་དང་། ཡོ་བྱད་སྤོགས་ཤིང་སྤེལ་བ་དང་། བག ་བཀའ་ཐུབ་དང་ལྡན་པ་རྣམ་དང ་མ་བླང་བ་དང་། མཆོད་སྦྱིན་བྱ་བ་རྣམས་དང་། དེ་དག་གིས་ལས་རྣམས་བྱ་བ་དང་། བཀྲ་ཤིས་པར་བྱ་བ་རྣམས་དང་། ལྟས་སུ་ལྟ་བ་རྣམས་དང་། བྲམ་ཟེ་ཞིང་དང་ལྡན་པ་རྣམས ་དང་། ཐུབ་པི་དང་ལྡན་པ་རྣམས་དང་། བརྟུལ་ཞུགས་དང་ལྡན་པ་རྣམས་དང་། ཡུལ་ཀ་ཤ་ཞེས་བྱ་བ་ན། རྒྱལ་སྲིད་ཆེན་པོ་རྣམ་པ་བཅོ་བརྒྱད་དང་ལྡན་པའི་ཡུལ་དང་། ་རྒྱལ་མཚོའི་མཐའ་ཁོག་ཡུག་ན་གནས་པ། འབྲ་གེའི་མཚལ་ཉམས་དགའ་བའི་གནས་ན། འབྲ་གོས་སྲོག་འཚོ་བ་རྣམས་དང་། སྐད་རྣམ་པ་སྣ་ཚོགས་ཤེས་པའི་འཇིག ་རྟེན་པ་རྣམས། གཟིའ་བརྗིད་མི་མངོན་པར་བྱེད། གཟུགས་དང་གོས་དང་། རྒྱན་དང་སྤྱོད་པ་དང་། བྱེད་པ་དང་། འགྲོ་བ་དང་། ཆ་བྱད་རྣམ་པ་སྣ་ཚོགས་དང་ལྡན་པའི་ཟས ་སུ་ཉ་ཤ་ཟ་ཞིང་། ལུས་ཉམས་བདེ་བ་སྐྱེ་བ་དེ་ལྟ་བུའི་མི་རྣམས་ལ་ས་གཡོས་ན་རབ་ཏུ་གནོད་པར་འགྱུར་རོ།། །། རྒྱུ་སྐད་སྨིན་ལ་ས་ཡོས་ན་རི་ཆེན་པོ་སྙིལ་བར་འགྱུར།། ་འཇིགས་པའི་རླུང་དང་རབ་ཏུ་ལྡན། ཡུལ་ཨ་མ་ཀ་ཞེས་བྱ་བའི་ཡུལ་དུ། ཡུལ་ཀུ་ཤ་ཀའི་མི་དང་། རྐུན་པོ་ཚུལ་མ་ཡིན་པ་དག་གིས་ཕན་ཚུན་དུ་གནོད་པ་བྱེད་པར་འགྱུར། མི ་གཡོ་ཅན་དང་། བརྒྱན་པོ་བརྒྱའི་མི་དང་། དེ་བཞིན་དུ། སྒྲོ་ལྕགས་འབྱེད་ཅིང་། རྐུ་བའི་མི་རྣམས་དང་། ཡུལ་ཨིན་ཏྲའི་མི་རྣམས་དང་། པུའི་ངན་ན་གནས་པ་རྣམས ་འཇིག་པར་འགྱུར། འཛ་བའི་དཔུང་དང་ལྡན་པ་རྣམས་དང་། ཡང་བྱེད་པར་འགྱུར། རྒྱལ་པོ་ཆེན་པོ་དང་། བསྟོབས་དང་ལྡན་པ་རྣམས་ཀྱང་ཚར་ཆོད་པ་དང་། བྱ་རོག་དང ་རི་དགས་པྲི་ཤི་དང་། གཅན་ཟན་དྲག་ཤུག་ཆེན་པོ་རྣམས་དང་། ཡུལ་ཀ་ར་དང་། ཡུལ་པ་ར་དང་། ཡུལ་ཤུད་སེན་གནས་པའི་མི་དང་། ་ཡུལ་མ་ལ་ལའི་མི་རྣམས་དང་། ཐོ་གར་གིས་ཡུལ་བག་ལེ་དང་། པར་སིག་གིས་ཡུལ་དང་། ཟ་ཧོར་གྱིས་ཡུལ་དང་། ག་བུ་ཤའི་ཡུལ་གྱིས་རི་བ་རི་ཤེས་ནིའི་འཁོར་ན ་གནས་པའི་མི་དང་། འདི་རྣམས་ལ་ས་གཡོས་ན་དགྲ་དྲག་པོ་མྱུར་དུ་འབྱུང་ཞིང་གནོད་པར་འགྱུར་རོ།། །། རྒྱུ་སྐར་བསྣམས་ལས་གཡོས་ན། རྐང་བཞི་པ་དང་། རྐང ་གཉིས་པ་དང་། དེ་བཞིན་ཕུག་ན་གནས་པ་རྣམས་དང་། ཡི་དགས་ཤ་ཟ་རྣམས་པ་དང་། སེམས་ཅན་གང་དག་རིག་གནས་པ་རྣམས་དང་། མུ་སྟེགས་མྱུར་འབྱུངས་ལ ་ཆུ་ཡང་མྱུར་དུ་སྐམས་པར་འགྱུར་རོ།། དགྲ་རྣམས་རི་དྲག་དུ་སོང་ནས། དེ་ནས་དགའ་བར་གནས་ཆོས་ཀྱིས་ཡོ་བྱད་རྣམས་དང་། གང་ན་ནག་ཚལ་ཕུན་གསུམ་ཚོགས་པ་དང ་དགུན་ར་གུ་མ་ཤིང་གིས་ཁུ་བ་དང་། འབྲས་བུ་དངར་པོ་ཆུང་ཟད་ཡོད་པ་རྣམས་དང་། ཤིང་ཏིན་ཏུ་ཀའི་ཚལ་དང་། མེ་ཏོག་སྣ་ཚོགས་རྣམས་དང་། འབྲ་དང་། ས་བོན་རྣམས ་དང་། འབྲས་ལ་སོགས་རྣམས་པ་ཐ་དད་པ་སྣ་ཚོགས་དང་། ཁྱིམ་གྱིས་ལས་ཀུན་བརྩམས་པ་དང་། བརྟན་པར་བྱ་བ་རྣམས་དང་། བརྩམས་པ་བསྐྱེད་ཅིང་བསྐྲུན་པའི ་ལམ་སྣ་ཚོགས་དང་། རོ་ལངས་བྱེད་པ་རྣམས་དང་། ཡུལ་སུ་ན་དང་། གོག་ཡུལ་དང་། ཡུལ་ཀ་ཏ་ཡ་མི་དང་། བ་གླང་རྫི་ལ་སོགས་པ་རིའི་རྩེ་མོ་དང་ཕུག་དང་། རྫིང་བུ ་ན་གནས་པའི་མི་རྣམས་དང་། རྐང་བཞི་པ་སྣ་ཚོགས་དང་། དཀའ་ཐུབ་ཅན་ཤིང་ཐོག་དང་། རྩ་ཟ་བ་རྣམས་དང་། ཡུལ་ཀ་ཤའི་བྱང་ཕྱོགས་ཀྱིས་གནས་ཡུལ་ས་བརྩ ་པོ་ལ་རྟེན་པའི་མི་དེ་རྣམས་ལ་ས་གཡོས་ན་གནོད་པ་འབྱུང་བར་འགྱུར་རོ།། །། རྒྱུ་སྐར་ཆུ་སྟོད་ལ་ས་གཡོས་ན། མི་ལས་སྐྱེས་པ་དང་། འདྲོན་པོ་ལམ་ན་གནས་པ ་དང་། ཚོང་དང་། རྒྱ་མཚོ་རྒྱུ་ཞིང་འགྲོ་བ་དང་། ཁ་ཟས་ཉམས་འཚེ་བ་དང་། ཆུ་སྲིན་པྲ་གསོད་པ་དང་། འུག་པ་དང་། ཆུ་སྲིན་ན་ཀྲ་དང་། ཆུ་སྲིན་མ་ག་ར་དང་། རུས ་སྦལ་དང་། རུས་དང་། རིགས་དང་བཙུན་པ་དང་། ཕྱུག་པོ་དང་། མཁས་པ་རྣམས་དང་། གཞོན་པའི་མཆོག་བདོག་པ་དེ་དག་ལ་འཇིགས་པ་ཆེན་པོ་རབ་ཏུ་འབྱུང་བར ་འགྱུར། ཆུའི་ལས་སུ་བྱ་བ་དང་། རྫིང་སྐྱེལ་བ་དང་། རྫིང་བུ་རྐོ་བ་དང་། ཚལ་བུ་དང་། བསྐྱེད་མོད་ཚལ་སྣ་ཚོགས་དང་། ནོར་དང་འབྲུ་དང་། ཆང་གིས་ཡོ་བྱད ་སྒོར་འཚོ་བའི་མི། ཡུལ་ཏ་རུ་ན་དང་། ཡུལ་རུ་ག་ཀ་སི་རིར་མི་རྣམས་དང་། ཡུལ་ཀམ་བུ་ཛ་ནས་སྐྱེས་པའི་མི་རྣམས་དང་། ཐོ་གར་གྱིས་ཡུལ་དང་། ཡུལ་ཧྱ་ན ་ནོས་སྐྱེས་པའི་མི་རྣམས་དང་། ཡུལ་ཤ་སཱའི་མི་དང་། ཕྱག་རྫི་རྣམས་དང་། ཡུལ་ཀ་ན་ནས་སྐྱེས་པོའི་མི་རྣམས་དང་། རིགས་ཉམས་པའི་མི་དང་། སྐྱེ་གནས་ངན་པ ་ལ་སྐྱེས་པའི་མི་དང་། བྱ་གག་དང་། བུད་མེད་དང་། ཆུ་བོ་ཆེན་པོ་བག་ཤུའི་འགྲམ་ན་གནས་པའི་མི་རྣམས་དང་། གངས་རིའི་རི་ལོགས་ཀྱིས་ངོས་ཉི་ག་ནོ་གནས་པའི་མི་དང་། ་རི་ཀི་དང་། རིང་དུ་གནས་པའི་མི་རྣམས་དང་། རི་རྒྱུད་ཆད་པ་ན་གནས་པ་དང་། ལུང་བ་ན་གནས་པ་རྣམས་ལས་གཡོས་ན་གནོད་པར་འགྱུར་རོ།། ་རྒྱུ་སྐར་མཆུ་སྨད་ལ་ས་གཡོས་ན། བཟོ་བོ་རྣམས་ལ་གནོད་པ་འགྱུར་ཏེ། ལྕགས་མགར་དང་། ཕྱ་མཁན་དང་། མཚོན་མོ་སྙིང་མཁན་དང་། ཤིང་མཁན་རྣམས་དང་། འདྲིགས ་མཁན་དང་། ཕྱུག་པོ་རྣམས་དང་། རྐུན་པོ་རྣམས་དང་། བཟོ་བོ་རྣམས་དང་། སྣ་ཚོགས་རྣམས་དང་། ཐོས་ཟློས་འདོན་པའི་གཙམ་བུ་རྣམས་ལ་གནོད་པར་འགྱུར། ཡུལ་གན་རིའི ་མི་རྣམས་དང་། ཡུལ་ཀེ་ཀ་ཡང་དང་། ཡུལ་ཁ་ཤ་པ་རྣམས་དང་། གུ་ཟན་ཡུལ་བ་གུ་ན་གནས་པའི་གྲགས་པ་གཏུམ་པོ་རྣམས་སྟོང་པ་རྙེད་དང་། བྲུ་ཤ་ཡུལ་ལ་སོགས ་པ་དང་། ཡུལ་ས་ག་བར་དེའི་སྐྱེ་བོ་རྣམས་གནོད་པ་འབྱང་བར་འགྱུར་རོ།། །། རྒྱུ་སྐར་གྲོ་བཞིན་ལ་ས་གཡོས་ན། རྒྱལ་ས་བཀུར་བའི་མི་རྣམས་དང་། བྲམ་ཟེ་རིགས ་བྱེད་སློབ་པའི་མི་རྣམས་དང་། སྙན་ངག་ཤེས་པའི་མི་རྣམས་དང་། ཡུལ་ག་ངར་ནས་ཡུལ་ཀོ་བུ་བུར་པའི་བར་དང་། ཡུལ་མེ་ཏ་ར་ན་གནས་པའི་རྣམས་དང་། སིག་ནིས་ཀྱིས ་ཡུལ་གཉིས་དང་། ཡུལ་དུ་པྲ་ས་ཧ་དང་། ཡུལ་མེ་ལ་རྗེས་པའི་མི་དང་། ཡུལ་ས་ཀ་ཀེའི་མི་དང་། ཡུལ་ལམ་པ་ཀའི་མི་དང་། ཡུལ་ན་ཀར་ཧ་ར་དང་། ཡུལ་ཙ་ཏ་བི་ཤ ་ཡང་དང་། ཡུལ་གཅིག་ན་གནས་པ་མ་རུང་པ་དུ་མ་དང་། ཡུལ་ལ་བ་ཞེས་བྱ་བའི་རི་ལ་གནས་པ་དང་། མཐའི་རྒྱལ་པོ་ཆེན་པོ་རྣམས་དང་། ཡུལ་ཀི་སད་ཏ་དང་། ཡུལ ་སྟ་ཆོས་མཁས་པའི་མི་རྣམ་དག ་སབ་ཏི་ར་དང་། ཡུལ་བ་རི་ར་ཟ་དང་། ཡུལ་བར་ན་པུ་རི་གྲོང་བརྡལ་དང་། ཀླུའི་གནས་རྣམས་དང་། འདི་དག་ལས་ས་གཡོས་ན་གནོད་པ་འབྱུང་བར་འགྱུར་རོ།། ་རྒྱུ་སྐར་མོད་གྲེ་ལས་གཡོས་ན། མི་ཕྱུག་པོ་དང་ར་ལུག་དང་། བོང་བུ་དང་རྔ་མོ་དང་དྲིའུ་དང་། ཝ་དང་། རི་དགས་ཀྱིས་རྣམས་གྲངས་ཐ་དད་པ་དང་། མ་ཧེ་དང་། འཕོངས་དང་། ་རྩལ་ཆེ་བ་དང་། འདུན་ཁང་སྣ་ཚོགས་དང་། གྲོང་ཁྱེར་མཚོ་དཔོན་རྣམས་དང་། ཡུལ་ཁ་ག་ནང་། ཡུལ་སྭ་སྟི་མན་ཏ་དང་། ཡུལ་ཁི་ལ་དང་། ཡུལ་མུན་དང་། ཡུལ་བ ་ཏཱ་ཀ་ར་དང་། ཡུལ་གོན་ཟའི་མི་རྣམས་དང་། ཡུལ་པོ་ཟ་དང་། ཡུལ་ས་ལའི་གྲོང་ཁྱེར་བྲ་ཤ་ཡུལ་དང་། གུ་ཟན་དང་། ཡུལ་ཙིན་ཏྲ་དང་། ཆང་ཞིམ་པོ་སྣ་ཚོགས ་ངག་ལ་དག་ལ་དགའ་བའི་མི་རྣམ་དང་། རི་ཤཱི་ལོགས་ན་གནས་པའི་མི་སྣ་ཚོགས་ལ་ས་གཡོས་ན་གནོད་པར་འགྱུར་རོ།། །། རྒྱུ་སྐར་མོན་གྲེ་ལ་ས་གཡོས་ན། སའི ་འོག་ན་གནས་པ་རྣམས་དང་། རྒྱ་མཚོའི་ནང་ན་གནས་པའི་སེམས་ཅན་རྣམས་དང་། སེམས་ཅན་གཞན་ཡང་ཆུ་ལ་རྟེན་པ་རྣམས་དང་། ཁྱིམ་རྣམས་དང་། རྔ་མོ་དང་། ་བྱ་རྣམས་དང་། དེ་བཞིན་དུ་དམག་མི་དཔའ་བོ་དམ་པ་དང་། མཚོན་ཤག་ཏི་དང་། རལ་གྲི་ཀྱོག་པོ་དང་། རལ་གྲི་ཐོགས་པའི་མི་རྣམས་དང་། ཡུལ་པྲ་ལྕིའི་མི་དང་། ཡུལ ་ལྷོ་ཕྱོགས་ཀྱིས་རྒྱུད་ཀྱིས་རིང་ལ་རྟེན་པ་དང་། ལྷོ་ཕྱོགས་ཀྱིས་རིའི་རྒྱུད་ལ་དང་སྲོངས་ཐུབ་པ་ལ་གནས་པ་རྣམས་དང་། ཡུལ་ཁོ་ལོ་གཅིག་པ་ཞེས་བྱ་བའི་མི་དང་། བུད་མེད ་དེ་བཞིན་དུ་རྟ་དང་གླང་པོ་ཆེ་དང་། ་ནུ་མ་ཡ་ཅིག་པ་རྣམས་དང་། དམག་དཔོན་སྐྱེས་པ་འདི་དག་ལ་ས་གཡོས་ན་གནོད་པར་འགྱུར་རོ།། ། རྒྱུ་སྐར་ཁྲུམ་སྟོང་ལས་གཡོས།། ་ཆ་དང་མེས་འཚོ་བའི་མི་རྣམས་དང་། དེ་བཞིན་དུ་བ་གླང་གསོད་ཅིང་། མ་ཧོ་ལ་དགའ་བ་དང་། ནོར་བུ་དེ་སྩོགས་ལ་ཚོང་བྱེད་པ་དང་། ཡུལ་སུ་བི་ར་འབྱོར་པ་དང་ལྡན་པ ་དང་། ལུག་གསོད་ཅིང་འཚོ་བའི་མི་དང་། ནགས་ཀྱི་འཚོ་བའི་རྗེའུ་རིགས་དང་། དམང་རིགས་དང་། རོལ་མོ་ཁན་དང་། མི་དམ་པ་དང་། རྟ་རྣམས་དང་། ཡུལ་མ་ལ ་ལ་དང་། ཡུལ་མ་ལ་ལ་བ་དང་། སྒོ་འབྱེད་ཅིང་རྐུ་བའི་མི་ངན་པ་རྣམས་དང་། འདི་དག་ལ་ས་གཡོས་ན་གནོད་པར་འགྱུར་རོ།། །། རྒྱུ་སྐར་ཁྲུམས་སྨད་ལ་ས་གཡོས་མ ་ཚོང་པ་དང་། ཆུ་ལ་རྟེན་རྣམས་དང་། འདྲོན་པོ་ལམ་དུ་ཞུགས་པ་རྣམས་དང་། ཚོང་པོ་ན་རྒྱ་མཚོ་ལ་གྲུ་བོ་ཆེ་འགྲོ་བར་ཆས་པ་དང་། སངས་རྒྱས་ཀྱི་ཆོས་ལ་དགའ་བ ་རྣམས་དང་། རར་རིག་རིག་པ་རྣམས་དང་། ཆང་ཚོང་གིས་ལས་བྱེད་པ་དང་། ཡུལ་ཤི་བའི་མི་དང་། ཡུལ་བའི་ཡོ་ཏའི་མི་དང་། རྒྱལ་རིགས་ཨ་ཛུ་ཡ་ནའི་རྒྱུད་དང་། ་ཡུལ་སིན་དུ་དང་། ཡུལ་ཧ་ནུ་ས་སྨ་དང་། ཁ་ཆེ་ཡུལ་གྱིས་མི་དང་། རི་ཁྲོད་ཟབ་མོ་ན་གནས་པའི་མ་དང་། རྩེ་རྒོད་གནས་པའི་ཡུལ་དང་། ཡུལ་རྣམ་པ་དུ་མ་དང་། ་ཡུལ་ཏང་ག་ལ་དང་། བར་སྣད་ག་ལའི་མི་དང་། ལྷ་གུ་ལང་གིས་གནས་མེ་ཏོག་སྣ་ཚོགས་བྱེད་པས་བརྒྱན་པ། ཡུལ་རི་གནས་བརྒྱུད་ཅེས་བྱ་བ་ན། སྐྱེ་བོ་དུ་མས་ག ་གོང་དང་བརྒྱན་པ་སྣ་ཚོགས་དང་། ཚོན་ཆ་སྣ་ཚོགས་དང་ལྡན་པར་གྱུར་པ་ས་གཡོས་ན་གནོད་པ་འབྱུང་བར་འགྱུར་རོ།། ། རྒྱུ་སྐར་ནམ་གྲུབས་གཡོས་ན། འཐབ་མོའི ་གཡུལ་དྲག་ཤུལ་ཆེར་འབྱུང་གྲོང་ཕུན་གསུམ་ཚོགས་པ་དང་ལྡན་པ་དང་། གྲོང་མི་རྣམས་དང་། རི་ཁྲོད་ན་གནས་པ་དང་། འདུན་ཁང་དུ་གནས་པ་རྣམས་དང་། ཡུལ་དེ ་ལྷའི་མི་དང་། ཡུལ་ཨ་ནུ་ཤ་དང་། ཙ་ཀ་དང་། ཡུལ་ཛི་པ་ར་དང་། ཡུལ་མཐ་ར་དང་། ཡུལ་ཤ་ཀ་དང་། ཡུལ་བན་ཞེས་བྱ་བ་དང་། དཔུང་གིས་བསྙེམས་པའི ་དརྱལ་མཆོག་དང་ལྡན་པ་ན། རློམ་པར་གནས་པ། གར་བྱེད་ཅིང་གླ་ལེན་པ་དང་། སྨད་མཆོང་མས་འཚེ་བས་དང་། ཡུལ་ཤ་ན་ཀ་དང་། ཡུལ་ཨ་པི་སར་དང་། ཡུལ ་ནན་ཏིར་དང་། ཡུལ་ཙར་མ་ནན་ཏི་ན། གནས་པའི་མི་དང་། དམག་མི་དང་། དམག་དཔོན་དང་། ཡུལ་མི་ཏི་ལའི་གྲོང་བརྡལ་ཆེན་པོ།། ཡུལ་ནི་མི་འཁོར་གྱི་གྲོང ་བརྡལ་གྱིས་མི་དང་། བལ་ཡུལ་ནས་ཤར་ཕྱོག་ཀྱིས་ཡུལ་འདི་དག་ལ་ས་གཡོས་ན། གནོད་པ་འབྱུང་བར་འགྱུར་རོ།། །། རྒྱུ་སྐར་ཐ་སྐར་ལས་གཡོས་ན། རྟ་རྣམས ་ལ་ནད་འབྱུང་བར་འགྱུར། གྲོང་དུ་མི་གནོད་པ་འབྱུང་། མི་སྤུན་ནང་གསོད་པ་འབྱུང་། ཐ་སྐར་གྱིས་ངོ་ལ་རུམ་དུ་བུ་ཆགས་པུ་ལ་མི་དགེའོ།། ཐ་སྐར་གྱིས་དུས་སུ ་བཅས་པ་ལ་དགེ་སྟེ། དེ་ཕན་ཅད་ལོ་གསུམ་ན་མི་བདེ་བ་འབྱུང་དམ། དེ་ནས་ལོ་བཅུ་ན་འཆི་བར་འགྱུར། ཡུལ་ལ་རི་དང་། ཡུལ་ཏི་གར་དང་། ཡུན་པ་བན་ཉྩ་ལིའི ་སྐྱེ་བོ་རྣམས་དང་། ཡུལ་ཨར་ཛུ་ནའི་མའི་རྣམས་དང་། ཡུལ་ད་རུ་དང་། ང་རུ་དང་། ཡུལ་ངན་བྱ་དང་། ཡུལ་ས་ཏི་ནའི་མི་རྣམས་ལ་གནོད་པར། ་འགྱུར་རོ།། །། རྒྱུ་སྐར་བྲ་ཉེ་ལས་གཡོས། རྐུན་པོ་རྣམས་ལ་གནོད་འབྱུང་ངོ་།། རྒྱན་པོ་བྱེད་པ་དང་། འདུད་པ་དང་། སྒོ་ལྕགས་འབྱེད་ཅིང་རྐུ་བ་དང་། མེ་ཏོག་ཚོང་བའི་ཚོང ་པ་དང་། དབྱིག་དུག་སྦྱོར་ཞིང་ལྡུང་པའི་མི་དང་འཁོར་ལོ་བྱེད་པ་དང་། བཙོན་འསྲངས་དང་། གཏུམ་པོ་སྡིག་ཅན་རྣམས་དང་། རྐུན་པོ་རྣམས་དང་། གཡོའི་བྱེད་པ་རྣམས་དང་། ་མི་སྲུན་པ་དང་། འཕྲ་མོ་བྱེད་པ་དང་། གདོལ་པ་དང་། རིགས་ངན་ལ་སོགས་པའི་ཡུལ་གྱིས་མཐའ་ན་གནས་པ་རྣམས་དང་། རྒྱ་ཡུལ་ན་རྒྱ་རྣམས་དང་། རྒྱ་དམ་པ་རྣམས་དང་།། ་ཡུལ་དགའ་བ་བཟང་པོ་ཞེས་བྱ་བ་དང་། ཡུལ་སུ་བ་ན་གནས་པའི་མི་རྣམས་དང་། ཆུ་བོ་ཆེན་པོ་སི་ཏ་ཞེས་པའི་འགྲམ་ན་གནས་པའི་སྐྱེ་བོ་རྣམས་དང་། མཚོ་མ་གྲོས་པ་ཡིད ་བཞིན་ཞེས་བྱ་བ་འཇིགས་རྟེན་རྣམས་ལ་གྲགས་པ་དེ་ལ་འདོད་ཆགས་དང་བྲལ་བ་རྣམས་དང་། རིགས་སྔགས་གྲུབ་པ་དང་། རིགས་འཛིན་གྱིས་མཆོག་རྣམས་དང་། དྲང ་སྲོང་ཐུབ་པ་རྣམས་ཀྱིས་བསྙེན་པར་བྱ་བ། ཤིང་འཛམ་བུའི་སྐྱེ་བོ་མང་པོ་གནས་པ་དང་། ཀེ་ལ་ས་ཏི་སེའི་གངས་དང་། གངས་མངས་ཏེ། ནོར་བུ་ཅན་གྱིས་རི་དང་། སྤོས ་ངད་ལྡན་པ་གང་ལྟར་གོ་དང་། དེ་བཞིན་དུ་སུ་རི་པར་ཤ་ཞེས་བྱ་བ་ངོས་བཟང་བ་དང་། རི་དང་རིས་པར་ནི་ཞེས་བྱ་བ་དང་། བྱང་ཕྱོགས་ངོས་དང་། གླིང་རྣམ་པ་སྣ་ཚོགས་མང ་པོ་དང་། རི་རང་རོད་དག་ན་གནས་པའི་གནོད་སྤྲིན་དང་། འབྱུང་པོ་དང་ཤ་ཟ་དང་། དྲི་ཟ་དང་། སྲིན་པོའི་ཚོགས་མང་པོ་དང་། གྲུབ་པ་དང་། རིགས་འཛིན་དང་། ཀླུ་རྣམས་དང་། ་དེ་བཞིན་སྨན་པ་རྣམས་སྟོང་རྙེད་ལ་གནོད་པ་འབྱུང་བར་འགྱུར་རོ།། །། དེ་ལྟར་ས་གཡོས་པའི་རྗེས་ལ་ཞག་བདུན་ཚུན་ཆད་དུ། ས་ལ་ཕན་པའི་སྤྲིན་སྔོ་གནག་འཇམ་པོ ་ཨིན་ཏྲན་སྟོང་ཟེར་མིག་རྐུ་བའི་སྨན་རྣམས་རི་ཆེན་པོ་འདྲ་བ་ལས། འབྲུག་སྒྲ་ཟབ་མོར་བསྒྲོགས་ཅིང་ཉེ་བར་འབྲུག་སྒྲ་གྲག་ལ། གློག་རྣམ་པ་སྣ་ཚོགས་འགྱུ་ཞིང་། ནམ་མཁའ་ལ ་སྔོན་པོ་ཤུར་ཤུར་པོ་ལྟ་བུར་སྣང་བ་འམ། སྒྲ་འབྱུང་བ་འམ། སྐར་མདའ་ལྟ་བུ་མེད་ལ་རླུང་མི་དྲག་པ་ལྡང་ཞིང་ཆུབ་མ་ལྟ་བུ་མི་སྡུག་པ་ནི་མེད། སྤྲིན་གྱིས་གཟུགས་བཀྲ་ཤིས་ཀྱིས ་རི་མོ་སྣ་ཚོགས་དང་། དབང་པོ་རྡོ་རྗེ་ལྟ་བུར་སྣང་བ་དང་། ནང་པར་ཉི་མ་ཆར་བ་དང་། ནམ་མཁའི་སྤྲིན་དེལ་སྙོམས་འཇམ་པའི་གཟུགས་རྒྱང་རིང་པོར་སོང་བ། གློག་ཕན་ཚུན ་ཕྲོ་བ་སྦྱིན་ཕྲོ་བ་དེ་ལྟ་བུ་ནི། དགེ་བའི་མཚན་མ་ཡིན་ནོ།། སྤྲིན་འཇིགས་ལ་དལ་སྙོམས་ཏེ། བར་ཆད་མེད་ཅིང་སྤྲིན་གྱིས་གཟུགས་མེ་སྡུག་པ་སྣང་བ་དེ་ལྟ་བུར་སྣང་ན། སྤྲིན་གྱིས ་མཚན་དེ་ལྟ་བུ་ནི། ལྷའི་དབང་པོས་ས་གཡོས་པར་སྙན་པ་ཡིན་ནོ།། དེ་ལྟར་གང་དང་གང་དུ་ས་གཡོས་པའི་ཕན་གནོད་གྱིས་འབྲས་བུའི་དམིགས་ནི། འཇིགས་ཤིང་སྔངས་པ། ་མེད་པར་ཡིད་མཏོན་ལ། ས་བོན་ཐམས་ཅད་ཐོབ་ཤིག། ལས་དང་སོ་ནམ་ཀྱང་བགྱིས་ཤིག། རྣམ་པར་རྒྱལ་བར་བསྟན་ཏོ།། ཚོང་པ་ཡང་གང་དུ་སོང་ཡང་འཇིགས་པ་མེདོ ་ཧཡོང་ས་གཡོས་པའི་རྗེས་ལ་ཞིག་བདུན་ཚུན་ཆད་དུ་ནམ་མཁའ་སྤྲིན་གྱིས་ཁྱེབས་ཏེ། ཐར་ཆགས་སུ་སྤྲིན་བལ་ལྟར་ངལ་སྙོམས་པར་སོང་ལ། ་ནུབ་ཕྱོགས་སུ་ནམ་མཁའ་ལ་ཆུ་སྲིན་གྱིས་བྱིས་པ་གསོད་པ་དང་། སྦལ་པ་རྣམས་དང་། ཉ་དང་ཆུ་སྲིན་གྱིས་འདྲ་བའི་གཟུགས་སྣང་ལ། ནང་ནུབ་དུ་ཉི་མ་དང་། ཟླ་བ་འཆར ་བའི་ཚེ། སྤྲིན་གྱིས་སྒྲིབས་པ་མེད་ཏེ། དེ་ལྟར་སྣང་བའི་མཚན་མ་ནི། ཆུའི་དཀྱིལ་འཁོར་གྱིས་ས་གཡོས་པ་ཞེས་བྱ་སྟེ། དེ་ལྟར་ས་གཡོས་པའི་ཕན་གནོད་ཀྱིས་འབྲས་ཡང ་དྲང་སྲོངས་ཆེན་པོས་ཇི་ལྟར་མཐོང་བ་བཞིན་བསྟན་པར་བྱ་སྟེ། ཟང་བུ་དང་། རི་ངོས་དང་། ཞིང་དང་། མཚོ་མགྲམ་དང་། དེ་དག་དུ་ས་བོན་ཐོབ་ཤིག་ས་སྨྲ་བ་དང་། ཧ ་ཅང་ཆུ་ཆེ་བའི་ས་དང་། འདམ་རྫབ་ཅན་དུ་བཏབ་པ་ན། མ་རུང་བར་འགྱུར་རོ།། ཚུལ་དེ་ལྟ་བུ་ས་གཡོས་པ་ནི། བཀྲ་ཤིས་ཏེ། ཆུའི་གཡོས་པ་ཞེས་བྱའོ།། ས་གམ ་པའི་རྗེས་ལ། ཞག་བདུན་ཚུན་ཆད་དུ། རླུང་དྲག་པོར་ལངས་ལ། ནང་པར་དང་། ནུབ་ཀའ་ཉི་མ་དང་། ཟླ་བ་དམར་སེར་དུ་སྣང་ན། དེ་ལྟ་བུའི་མཚན་མར་སྣང་བར་མཐོང ་བ་ནི། དེ་ནི་རླུང་གིས་གཡོས་པ་ཞེས་བྱའོ།། ། དེའི་ཕན་གནོད་ཀྱིས་འབྲས་བུ་བསྟན་པ་ཡན་ཉོན་ཅིག། དེའི་ཚེ་ཤེ་རབ་ཅན་བདག་གར་ཡང་མི་འགྲོ་བར་གོབ་སྟེ། འདུལ ་བ་ལ་མཚོན་ཆེ་བསྐྱབ་པའི་བརྩན་ཁང་བརྩིག་པ་དང་། འོབས་རྐོ་བ་གྱིས་ཤིག། རྒྱལ་པོ་ཕ་རོལ་པོ་དང་། འཚམས་གཅིག་ཏུ་འདུག་པ་དང་། བརྩོད་པར་འགྱུར་ཏེ། སྐྱེ་བ་ལ། ་འཇིག་འབྱུང་བར་འགྱུར་རོ།། དེ་ལྟར་ས་གཡོས་པ་ཐམས་ཅད་ནི། ལྷག་པར་མ་རྣམས་ལ་གནོད་པ་འབྱུང་བར་སྒྲགས་ཏེ། དེ་ལྟ་བུའི་རླུང་གིས་གཡོས་པ་ཞེས་བྱའོ།། ས་གཡོས ་པའི་རྗེས་ལ། ཞག་བདུན་ཚུན་ཆད་དུ་དེའི་ཚེ་སྐར་མདའ་ཤིང་དྲག་པོ་ལྡང་བ་དང་། ནང་ནུབ་ཀྱིས་ཚེ་དམར་པོར་གྱུར་ལ། ཉི་མ་དང་ཟླ་བ་ཡང་དམར་པོར་སྣང་སྟེ། ཚུལ་དེ་ལྟར་མཐོང ་ན་དེའི་ས་གཡོས་བྱེ་སྟེ། ཁྱིམ་རྣམས་བསྲུངས་ཀྱང་མེས་ཚིག་པར་འགྱུར། དུ་བ་དང་། མེ་དང་། མཚོན་རབ་ཏུ་འབྱུང་བར་འགྱུར། ཟླ་བ་དགུར་ཆར་མི་འབབ་སྟེ། ཞིང་ཐ་བར་ལྔས ་པར་འགྱུར་ཏེ། དེ་ལྟར་ས་གཡོས་པ་ནི་ངན་ཅིང་མི་དགེ་སྟེ། མེའི་ས་གཡོས་པ་ཞེས་བྱའོ།། དེ་ལ་སྔ་གྲོ་གཡོས་ན་རྒྱལ་པོ་དང་། དམག་མི་དང་ལྡན་པ་དང་། རྟ་དང་གླང་པོ ་ཆེ་དང་། དམག་དཔོན་དང་བློན་པོར་བཅས་པ་ལ་མི་དགེའོ།། ཉི་མའི་གུང་ལ་གཡོས་ན་ནད་ཀྱིས་འདེབས་སོ།། ཕྱེ་འཕྲེང་ས་གཡོས་ན། བ་གླང་ཕྱུགས་དང་རྨང་རིགས ་དང་། དེ་བཞིན་དུ་རྗེའུ་རིགས་རྣམས་ལ་གནོད་པར་འགྱུར། ནང་པར་དང་ཉི་མ་ནུབ་པ་དང་། ནམ་གྱིས་གང་ས་མཚམས་སུ་གཡོས་ན། རྐུན་པོ་དང་། གོས་དམར་པོ་གྱོན་པའི ་མི་རྣམས་ལ་མི་དགེའོ།། ཟླ་བ་མར་གྱི་དེའི་ནམ་ཅུང་ལས་གཡོས་ན། གཏུམ་པོ་དྲག་ཤུལ་ངན་བྱེད་པ་རྣམས་ལ་མི་དགེའོ།། ཟླ་བ་ཡར་གྱི་དེའི་ནམ་ཅུང་ལས་གཡོས་ན། ཆོས ་སྦྱིན་བྱེད་པའི་ཡོ་བྱད་དང་། བྲམ་ཟེ་མཆོད་སྦྱིན་བྱེད་པ་ལ་གནོད་པར་འགྱུར་རོ།། ། ཉི་མ་དང་ཟླ་བའི་འོད་དང་། གཟུགས་བརྙན་གྱི་མཚན་མ་བསྟན་པ་ཡུལ་གང་དུ ་མི་འཆར་བའི་ཚེ། ཉི་མ་འདྲ་བར་ནམ་མཁའ་ལ་སྣང་ན། དེའི་ལྷོ་བྱང་གིས་ཕྱོགས་ཀུན་ཏུ་ཉི་མིའི་དཀྱིལ་གྱིས་གཟུགས་རབ་ཏུ་གསལ་བ་ཡང ་མ་ཡིན། འོད་དང་ཟེར་ཀྱང་མི་གསལ་ལ། སྤྲིན་གྱིས་ཀྱང་ནམ་ཀུན་ཆོད་ན། དེ་ནི་ཆར་པ་འབབ་པ་ཡིན་ཏེ། དབྱར་ཀྱི་ཚེ་ནི་ཉི་མ་འདྲ་བ་རྟག་པར་ཡང་འབྱུང་ངོ་།། དུས་མ་ཡིན ་པ་དུས་གཞན་གྱིས་ཚེ་ཉི་མ་འདྲ་བ་སྣང་ན། འཇིགས་པ་འབྱུང་བར་འགྱུར་རོ།། ཡུལ་གང་དུ་ཉི་མ་འདྲ་བ་དཀར་པོ་ཤར་ན། ཡུལ་དང་བྲམ་ཟེ་རྣམས་ལ་མི་རུང་ངོ་།། ཉི་མ ་འདྲ་བར་ཁ་དོག་དམར་པོ་ཤར་ན། རྒྱལ་རིགས་རྣམས་དང་། མཚོན་ཆས་ཐོགས་པས་འཚོ་བ་ལ་གནོད་པར་ཤེས་པར་བྱའོ།། ཉི་མ་འདྲ་བར་ཁ་དོག་སེར་པོ་འམ། ཁ་དོག ་སྔོན་པོར་འགྱུར་ན། རྗེའུ་རིགས་རྣམས་དང་། བ་ལང་དང་ཕྱོགས་ཀྱིས་འཚེ་བའི་མི་རྣམས་ལ་གནོད་པར་ཤེས་པར་བྱའོ།། བར་སྣང་ནས། ཁ་དོག་ནག་པོར་ཤར་ན། རྨང་རིགས ་རྣམས་ལ་གནོད་པ་དང་ཆར་ཆེན་པོར་འགྱུར་རོ།། གལ་ཏེ་ཉི་མའི་གཡས་རོལ་དུ་ཉི་མ་འདྲ་བར་གྱུར་ན། ལྷ་ཕྱོགས་ལོགས་སུ་འཇིགས་པ་ཆེར་འབྱུང་ཞག་བདུན་ཚུན་ཆད་དུ་ཆར་བ ་ཆེར་འབབ་པར་བཤད་དོ།། ཉི་མའི་བྱང་ཕྱོགས་ནི་ཉི་མའི་དམར་བར་སྣང་ན། ཉི་མ་འདྲ་བར་ཁ་དོག་དཀར་པོ་འདྲ་བ་བྱུང་། བརྩོད་ཀྱིས་ཁ་དོག་ལྟར་དམར་ལ། གལ་ཏེ་སྔོན ་པོ་ཟླུམ་པོར་ཡང་སྣང་ན། ཟླ་བ་ལྔན་རྒྱལ་པོ་འཆི་བར་འགྱུར་རོ།། དེ་ལྟ་བུ་བྱུང་ན་དེའི་རྗེས་ལ་ལྟས་ངན་དྲག་པོ་འབྱུང་སྟེ། རྒྱལ་པོ་ནང་ཟབ་ཅིང་ནང་ཐབ་ཅིང་གསོད་པ་དང་། ་ཁྲག་འཁྲིས་པའི་ནད་རྣམས་ཀྱང་འབྱུང་བར་འགྱུར་རོ།། ནམ་ཉི་མའི་དཀྱིལ་འཁོར་གྱིས་ནང་ན། མི་སྐྱེས་པའི་གཟུགས་འདྲ་བ། འགོ་དང་བཅས་པ་གསལ་བར་སྣང་ན། ཟླ ་བ་བཞིན་མིའི་དབང་པོ་འཆི་བར་འགྱུར་རོ།། ཡུལ་དེར་རྒྱལ་སྡེ་དང་བཅས་ཏེ་མ་རུང་བར་འགྱུར་རོ།། ཉི་མའི་དཀྱིལ་འཁོར་གྱིས་ནང་ན། ཞགས་པ་སྔོན་པོ་དང་སེར་པོ་དང་། དམར ་པོ་ཤར་བར་ནམ་སྣང་བའི་ཚེ། ཟླ་བ་བཞི་ན་མིའི་དབང་པོ་མ་རུང་བར་འགྱུར་བ་དང་། ཡུལ་དུ་མི་ནད་ཀྱང་འབྱུང་བར་འགྱུར་ཏེ། འཇིགས་པ་ཆེན་པོར་ཤེས་པར་བྱའོ།། ནམ ་ཉི་མའི་དཀྱིལ་འཁོར་རལ་གྲི་གྱེན་དུ་འགྲེང་བ་ཨུད་དཔལ་སྔོན་པོའི་འདབ་མ་དང་། འདྲ་བ་ཆ་ཟུངས་དང་བཅས་པ་བསལ་བར་སྣང་བ་དང་། གོང་དུ་ཞགས་པར་སྣང་བ་དེ་ཉིད ་ཀྱིས་འབྲས་བུ་ཡུང་འདིར་བསྟན་ཏེ། ཁྱད་པར་དུ་མི་མང་པོ་མཚོན་གྱིས་འཆི་བར་འགྱུར་རོ།། ཉི་མའི་དཀྱིལ་འཁོར་གྱིས་ནང་ན། རིལ་པ་སྦྱིན་བླུགས་ལྟ་བུ་འམ། རེང ་རིང་པོ་འམ། ཕུལ་ལྟ་བུ་སྣང་ན། ཟླ་བ་གསུམ་ཚུན་ཆད་དུ་བྲམ་ཟེ་རྣམས་དང་། རྒྱལ་པོ་ལ་ཡང་གནོད་པ་འབྱུང་བ་བསྟེན་ཏེ། དེའི་ཚེ་ལོ་མ་རུང་བར་འགྱུར་བའི་ཆར་མོ ་ཆེ་འབབ་པ་དང་། མུ་གེ་འབྱང་བར་འགྱུར་རོ།། ཉི་མའི་དཀྱིལ་གྱིས་ནང་ན་བསིལ་ཡབ་འདྲ་བ་དང་། ཡང་ན་སྦྲུལ་འདྲ་བ་སྣང་ན། ཟླ་བ་གསུམ་ནས་ཡུལ་དུ་འཇིག་ནས ་ཡུལ་དུ་འཇིག་པ་དྲག་པོ་འབྱུང་བར་སྟོན། མི་སྦྲུལ་གྱི་ཟིན་པ་རྣམས་ཀྱང་། སྦྲུལ་གྱིས་དུག་གིས་ཕོག་པས་མི་འཚོ་བར་འགྱུར་རོ།། ཉི་མའི་དཀྱིལ་འཁོར་གྱིས་ནང་ན་གལ་ཏེ། ་བྱ་རོག་ལྟ་བུ་སྣ་བུ་ངམ། འོན་ཏེ་བྱ་སྣང་ན་བྲམ་ཟེ་རྣམས་དང་། རྒྱལ་པོ་ལ་གནོད་པ་ཟླ་ཕྱེད་དང་གསུམ་ན་འབྱུང་བར་འགྱུར་རོ།། ཡང་ཉི་མའི ་ནང་ན་བྱ་རྒོད་ཀྱིས་གཟུགས་དང་། གཅན་ཟན་མྲི་ག་ཏིཊཱི་གཟུགས་ལྟ་བུ་སྣང་ན། ཟླ་བ་ཕྱེད་དང་གཉིས་ནས་གནོད་པ་འབྱུང་བའོ།། ཝའི་གཟུགས་ལྟ་བུ་སྣང་ཟླ་བ་གཅིག་ན་གནོད ་པ་འབྱུང་ངོ་།། ལུང་བོད་གིས་གཟུགས་ལྟ་བུ་སྣང་ན། ཞག་བཅུ་གནོད་པ་འབྱུང་ངོ་།། ཡང་ཉི་མའི་དཀྱིལ་འཁོར་གྱིས་ནང་ན། དབྱིག་པ་ལྟ་བུ་འམ། གཏན་པ་སྦོམ་པོ ་ལྟ་བུ་ཉི་མའི་ནང་ན་སྣང་ན། རྒྱལ་པོ་ནང་ཕན་མཚན་གཅིག་པས་གཅིག་སྲིན་ཆེ་བས་བསྙེམས་པ་དང་། རྒྱ་མཚོའི་ལ་དབང་བའི་མིའི་དབང་པོ་དེ་ལྟ་བུ་མི་དགེ་སྟེ། འཇིགས ་པ་མངོན་དུ་འབྱུང་བར་འགྱུར་རོ།། དེ་ལྟར་ལྟས་ངན་གྱིས་འབྲས་བུ་འབྱུང་བར་འགྱུར་རོ།། དེ་ལྟར་ལྟས་ངན་གྱིས་འབྲས་བུ་འབྱུང་བའི་དུས་ངེས་པ་བསྟན་པ་ལས། དུས ་དེས་གནོད་པ་མ་བྱུང་སྟེ། མི་སྣང་ན། དེ་ནི་ལོ་གཅིག་ན་འབྲས་བུ་སུམ་འགྱུར་དུ་སྐྱེ་སྐེ་སྟེ། གནོད་པ་འབྱུང་བར་སྟོན་ཏོ།། ཟླ་བ་དུ་མ་བུར་ལྷགས་སམ། མདོག ་གྱུར་ཏམ། གས་པ་དང་། ཟླ་བའི་གཟུགས་ཆེན་པོར་གྱུར་ཏམ། འཕྲོ་བ་དང་། རབ་ཏུ་གཡོའ་བ་དང་། ཟླ་བ་ཚེས་པའི་རྭ་མི་གསལ་བ་འདི་རྣམས་ལྟར་སྣང་ན། སྐྱེ ་བོ་ལ་འཇིགས་པ་འབྱུང་ངམ། སྐྱེ་བོ་ལས་འཇིགས་པ་འབྱུང་བར་འགྱུར་རོ།། ཟླ་བ་དེ་ལ་གཟའ་སྦྱངས་ཐམས་ཅད་ཟིན་ན་ཡང་། སྐྱེ་བོ་ལ་འབྱུང་བར་བཤད་དོ།། ་ཚུལ་འདི་དང་འདྲ་བར་ཉི་མ་ལ་གཟའ་ཞུགས་ཏེ། ཉི་མ་ཤི་ན་ཡང་ཟླ་བ་འདྲ་བར་ལྟ་ཞིང་། བག་ཡོད་པར་ཡིད་ལ་བཟུང་ཞིང་ཤེས་པར་བྱའོ།། ཡང་ཟླ་བའི་མདོག་ཐལ ་བ་འདྲ་བར་དང་། སྔོ་རེངས་འདྲ་བ་དང་། ཟངས་འདྲིའི་མདོག་དང་། མདོག་སེར་པོ་དང་། སྐྱ་བོ་དང་། བྱེ་རུའི་མདོག་དུ་སྣང་བ་དང་། ཟླ་བའི་མདོག་མ་གསལ་བར་སྣང ་ནམིག་ནད་ཀྱི་འཇིགས་པ་འབྱུང་བ་དང་། མཚོན་གྱིས་བགྱེད་པ་དང་། ནད་ཀྱིས་འཇིགས་པ་འབྱུང་བ་དང་། གཞན་ཡང་གནོད་པ་འབྱང་བར་འགྱུར་རོ།། ་ཡང་ཟླ་བའི་མདོག་དཀར་ལ་སྣུམ་ཞིང་གསལ་བར་སྣང་ན། ཕྱོགས་སུ་བདེ་བ་དང་། ཆར་ཆེ་བ་དང་། ཞི་བར་འགྱུར་རོ།། དེ་ལྟར་ཟླ་བའི་འགྲོ་བ་དང་། བྱ་བ་དང་། ་གནས་དང་། ཟླ་བའི་མདོག་རྒྱུ་བ་དང་། ཚུལ་དང་ཟླ་བ་རྒྱུ་བ་ཡང་། སེམས་ཅན་གྱི་བསོད་ནམས་མ་ཡིན་པ། བྱས་པའི་འབྲས་བུ་མུ་གེ་དང་། མཚོན་དཀར་འགྱེད་པ་དང་། མཆི ་བ་དང་། ཚེགས་འབྱུང་བའི་གནོད་པ་འབྱུང་བར་སྟོན་ཏོ།། མཚན་མོ་ཟླ་བ་ཚེས་པ་ནས་གཟའ་རྣམས་ཀྱིས་ཟླའི་སྟེང་ནས་ཕར་ཐལ་ཏེ་སོང་ན། དེ་རྣམས་ཀྱིས་གནོད་པའི་དམིགས ་སོ་སོར་བསྟན་ཏེ། སྤོར་ནི་རྒྱལ་པོ་དང་། མི་དམ་པ་མ་རུངས་པར་འགྱུར། ཧ་ཅང་ཆར་པ་ཆེ་བ་དང་། བླ་མ་རུང་བར་སྤྱིར་སྟོན་ཏོ།། ཟླ་བའི་སྟེང་ན་པར་སྦ་བ་སེངས་ཀྱིས ་མནན་ཏེ་སོང་ན། རྒྱལ་པོ་ངན་པ་མ་རུང་བར་འགྱུར་རོ།། ཟླ་བའི་ཐོག་ནས་མིག་དམར་དང་། སྤེན་པས་ནོན་ཏེ་སོང་ན། སྐྱེས་པའི་འཇིགས་པ་དང་། ཁོན་དྲག་ཤུལ་ཅན་དུ་འབྱུང ་བ་དང་། རབ་ཏུ་འཇིགས་པ་འགྱུར་རོ།། ཟླ་བ་ལ་ཕོག་འཇུག་རིངས་གིས་ནོན་ཏེ་སོང་ན། མུ་གེ་དང་མཚོན་གྱིས་འགྱེད་པར་བསྟན་ཏོ།། ཟླ་བ་ལ ་གཟའ་ལག་གིས་ནོན་ཏེ་སོང་ན། ལོ་ལེགས་པ་དང་བདེ་བར་འགྱུར་རོ།། དེ་ལྟར་ཟླ་བའི་སྟེང་ན་པར་གཟའ་རྣམས་ཀྱི་ནོན་ཅིང་ཕུགས་ཏེ་སོང་བའི་འབྲས་བུ་དེ་ལྟར་བསྟན་པ་ཡིན་ནོ།། ་གཟའ་རྣམས་ཀྱིས་ཕུགས་ཏེ། སོང་བ་དེའི་འབྲས་བུ་ན་ཟླ་བས་གཟུགས་ཕུགས་པ་ལས། ཟླ་བའི་གཟུགས་ཆེར་སྐྱེས་ལ། འོད་ལྷག་པར་སྐྱེས་ནས་ཆེ་ན། དེ་ནི་རྒྱལ་བ་ཞེས་བྱའོ།། ་གལ་ཏེ་ཕམ་པར་གྱུར་ཏེ། མཐུ་བསྐུལ་བྲིས་ན་ཟླ་བ་འདར་ཞིང་གཡོན། ཕམ་པ་ཞེས་བྱའོ།། དེ་ལ་སྦ་བ་སེངས་ཀྱིས་ཕུགས་ཏེ་སོང་ན། ཡུལ་མན་ཏྲ་དང་། ཡུལ་ཕན་ཉྩ་ལ་དང་། ་ཡུལ་མ་གང་ད་དང་། ཡུལ་དྷ་མོ་ཏཱ་དང་། ཡུལ་ཀ་བེ་ར་དང་། མར་གྱི་ཡུལ་དང་། ཡུལ་སར་གར་དང་། ཡུལ་ཁ་ཤི་དང་། ཡུལ་བུ་ལིན་ཏྲ་དང་། ཡུལ་ཀེ་ཀ་ལ། ཁ་ཆེ་ཡུལ་དང ་པཔར་སིག་གི་ཡུལ་དང་། རི་ཁྲོད་ན་གནས་པ་རྣམས་དང་། བུད་མེད་རྒྱལ་མོ་བྱེད་པའི་ཡུལ་དང་། ཡུལ་ཨུ་པ་ཏྲི་ཏྲ་དང་། ཡུལ་ཨངད་ག་དང་། ཡུལ་ཨུ་རུ་ཀུ་ར་ཙ་དང་། ཡུལ ་སུ་ཤིན་ན་ར་དང་། ཡུལ་ཕུའུ་ཤ་དང་། ཡུལ་བུའུ་ཤ་ཏ་དང་། ཡུལ་པུ་ལི་ན་ཧ་དང་། བ་ཡུལ་དང་། བ་གླང་རྫི་ལས་རྟོགས་པ་རྣམས་དང་། ཡུལ་པྲ་སྟན་དང་། ཡུལ་ཏ་ལ་ད་ན་དང ་བཅུ་ལ་གནས་པའི་མི་རྣམས་དང་། གངས་རིའི་ལྷོ་ཕྱོགས་ཀྱིས་ངོས་ལ་གནས་པའི་མི་རྣམས་དང་། ཟླ་བདུན་ཚུན་ཆད་ཀྱིས་གཉེན་དང་། བཅས་པ་རྣམས་མ་རུང་བར་འགྱུར ་པའི་འབྲས་བུ་འབྱུང་བར་འགྱུར་རོ།། ནམ་ཟླ་བ་འོད་གསལ་བ་ལ་ཕུང་བུ་ཕོག་སྟེ་སྡོང་ན། ཡུལ་བས་ཏ་དང་། ཡུལ་སིན་དུ་དང་། ཡུལ་གན་ར་དང་། རི་ཁྲོད་ན་གནས་པ ་མི་རྣམས་དང་། བག་ལེའི་ཡུལ་དང་། སོ་ལེ་ཡུལ་གྱིས་ལུང་བའི་ལྗོངས་རི་ཁྲོད་པ་བརྒྱ་སྟོང་སྙིད་དང་། ཁ་ཆེ་ཡུལ་གྱིས་མི་ལ་ཟླ་བ་བཅུ་ཚུན་ཆད་ཀྱིས་གནོད་པ་ཐེ་ཚོམ་མེད་དོ།། ། ་ནམ་ཟླ་བའི་འོད་གསལ་བ་མིག་མར་གྱིས་ཕུག་ན། རྒྱལ་པོ་ཡུལ་གཞན་དུ་འགྲོ་བ་འམ། རྒྱལ་སྲིད་བྱ་བར་བརྩོན་པ་དང་། རྒྱལ་སྲིད་བྱེད་པ་ལ་ཞུགས་པ་མ་རུང་བར་འགྱུར་རོ།། ་གཞོན་པའི་རྟ་རྣམས་ཟད་པར་འགྱུར། ཕན་ཚུན་དུ་བྱ་ཞིང་གནོད་པ་དང་། དག་དང་མཚོན་མང་པོས་མས་སོས་མ་རུང་བར་འགྱུར། ཡུལ་ཨ་ཡོད་དང་། ཡུལ་པུ་ལིང་དང་། ་ཡུལ་ཀ་ལིང་ཀའི་རྒྱལ་པོ་རྣམས་དང་། ཡུལ་པུ་རི་དང་། ཡུལ་ཤག་ཏི་དང་། མ་ཏིའི་སྐྱེ་བོ་རྣམས་མ་རུང་བར་འགྱུར། ཡུལ་ཏྲེ་ཀར་ཏ་དང་། ཡུལ་མལ་ཡང་བ་དང་། ཡུལ་ཀུ ་ར་དང་། ཡུལ་པ་ཏད་ར་ཙེ་དང་། ཡུལ་ཤི་བ་ཡའི་མི་རྣམས་དང་། དམག་དཔོན་དང་། མིའི་ཚོགས་དང་། དཔུང་སེ་དང་ལྡན་པ་དང་། དུས་དང་། ངང་ཚུལས། བསོགས་པ་དང་། ་མི་རྣམས་དང་ནི། ཡུལ་ལྷ་ཕྱོགས་ན་གནས་ཤིང་རྟེན་པའི་མི་རྣམས་ལ། ཟླ་བ་དྲག་གིས་འཇིགས་པ་འབྱུང་བར་བསྟོན་ཏོ།། ནམ་ཟླ་བ་སྤེན་པས་ཕུགས་ཏེ་སོང་ན། བྲ་ཟེ ་གཙོ་བོ་དང་། རྒྱལ་པོ་གདུགས་ཐོགས་པ་འཐབ་མོའི་གཡུལ་དུ་འཇུག་པ་འཐབ་པར་བྱེད། བློན་པོ་དང་བཅས་སྡེའི་གཙོ་བོ་དཔོན་དང་མཚན་རྣམས་འཐབ་པར་འགྱུར། གྲོང ་བརྡལ་དང་། ཆོག་ལམ་དུ་ཞུགས་པ་དང་། ཡུལ་ཨ་ཙུ་ཏིའི་མི་དང་། ཡུལ་ཨ་པི་ཤ་ཧིའི་མི་དང་། ཡུལ་ག་ཤུད་ཏྲའི་མི་དང་། ཡུལ་མ་ལ་བ་དང་། ་ཡུལ་ཨ་པི་ར་དང་། མྱ་ངན་རྣམས་དང་། ཡུལ་མང་བ་རྣམས་དང་། བ་གླང་དང་། བོང་བུ་དང་། རྔ་མོ་དང་། འདི་རྣམས་རྒྱལ་མཚན་དུ་བྱེད་པའི་ཡུལ་རྣམས་མ་རུང་བ། ་དང་། ཡུལ་རུས་པ་ཅན་དུ་འགྱུར་རོ།། ཡུལ་དེ་རྣམས་ཀྱི་མི་ལ་ཟླ་བ་བཅུ་བཞི་ན་སྡིག་པ་ཞི་དང་ལྡན་པ་ཡིན་ནོ།། ནམ་གཟའ་ལག་གིས་ཟླ་བ་ཕུག་ན། ལོ་ལེགས་ནད་མེད། ་ཆར་པ་ལེགས་པར་འབབ། སྐྱེ་བོ་ལ་གནོད་པ་མེད་ཅིང་བདེ་བ་དང་། ཞི་བར་འགྱུར་རོ།། ཟླ་བ་ལ་ཕོད་འཇུག་རིགྲིས་ཕུག་སྟེ་སོང་ལ། གལ་ཏེ་སྐར་ཕོག་ལས་དུད་པ་འཐུལ ་ན། མི་དཔའ་བོ་དང་། མཚོན་གྱིས་འཚོ་བ་རྣམས་དང་། ཆོམ་རྐུན་བྱེད་པའི་མི་རྣམས་ཀྱིས་མཐུ་རྩལ་དང་། གནོད་པ་དང་དྲག་ཤུལ་གྱི་འཆི་བར་འགྱུར་རོ།། ཡང་གལ་ཏེ་ཟླ་བ་དེ ་ལ་གཟའ་གཞན་གྱིས་འབུགས་ཤིང་བླ་བའི་ངོས་ལ་འབུད་ཅིང་རེག་པར་སོང་ན། མཚོན་གྱི་གནོད་པ་སྣ་ཚོགས་མང་པོ་འབྱུང་ངོ་།། གལ་ཏེ་ཟླ་བའི་ནང་དུ་གཟའ་རྣམས་སོང་སྟེ་ནུབ་ན། ་རྒྱལ་པོ་འཆི་བ་དང་། ལུས་དང་། ནོར་ཡང་མ་རུང་བར་འགྱུར་རོ།། ཡང་བཙས་པའི་རྭ་སྐར་གྱི་ནང་དུ། གཟའ་སྤྲད་ཀྱི་ཞུགས་པ་འམ། ཟླ་བ་ལ་གཟའ་སྤང་གྱི་ཞུགས་ལ། ་མངའ་ཟླ་བ་ལ་ཕོག་ན། རྒྱལ་པོ་འཆིའོ།། ཟླ་བ་དང་གཟའ་གཉིས་ཀྱིས་འོད་ཟེར་ཕྲད་པ་དང་། གཟའ་ཟླ་བའི་ཐོག་ན་པར་ནོན་ཏེ། རེག་པར་སོང་ན། གསར་དུ་འོང་བ་ནས ་སྔ་ན་གནས་པ་རྣམས་ཕམ་པར་བྱེད་པ་དང་། རྒྱལ་བའི་སྐྱེ་བོ་རྣམས་ལ་འཇིགས་ཤིང་ཡང་ང་བཟ་བར་འགྱུར་རོ།། ཟླ་བ་མེ་ཏོག་པད་མ་ཀུ་ཏ་དང་འདྲ། ཚེས་གྲངས་བཞིན་དུ ་ཟླ་བ་སྐྱེས་ཤིང་ཆེ་བར་སྣང་ན། དཀྱིལ་འཁོར་འོད་ཟེར་ལྡན་ཏེ། ཉམས་པ་མེད་པར་འགྲོ་བ་ཡིན། དེ་ལྟར་ཟླ་བ་འོད་ཟེར་བསིལ་ལྡན་མི་རྣམས་རྒྱལ་བར་འགྱུར། ཟླ་བ་འཆར ་ཞིང་འགྲོ་བ་བཤད་པའོ།། རྒྱུར་སྐར་དང་། རྒྱུ་སྐར་གྱིས་ཁྱིམ་གྱི་ནང་དུ་དམིག་དམར་ཞུགས་པའི་མཚན་མ་སྙན་པ་རྒྱུ་སྐར་རམ་རྒྱུ་སྐར་གྱི་ཁྱིམ་གང་ཡང་རུང་བའི་ནང་དུ། གཟའ ་དམིག་དམར་འོད་ཀྱིས་མདོག་འཇམ་པ་དང་། ལྡན་ཞིང་ཆེད་པོར་གྱུར་ཏེ། ཟླ་བ་བརྒྱད་དམ་ཟླ་བ་བདུན་གྱི་བར་དུ་ཞུགས་ཤིང་འདུག་པ་ལས། འོད་ཀྱིས་ཁ་དོག་དང་བོང་ཆེ་བ་ཉམས་ན། ་དེ་ནི་དགེ་བ་ཡིན་ཏེ། རྒྱུ་སྐར་གང་གང་གིས་ནང་དུ་གཟའ་དམིག་དམར་ཞུགས་པ་ཉིད་ལ་གནོད་པར་འགྱུར་རོ།། གཟའ་དམིག་དམར་ཚུལ་དུ་ལྟ་བུར་ཞུགས་པ་ནི། སྐྱེ་བོ་རྣམས ་ལ་གནོད་པར་འགྱུར་རོ།། ཡང་གཟའ་དམིག་དམར་ཡོན་པར་འགྲོ་ཞིང་འཇུག་མ་པ་དང་། ཕྱིར་ཡང་འཁོར་ཞིང་ཞུགས་པ་དང་། མིག་དམར་གྱི་འོད་དང་། མདོག་ཉམས་པ་དང་། ་གཟའ་དམིག་དམར་རྒྱུ་སྐར་དང་། ཉེ་ཞིང་འདྲེས་པ་དང་། དམིག་དམར་ལས་དུད་པ་ཐུལ་བ་དང་། འབར་བ་དང་། དམིག་དམར་གྱིས་རྩེ་མོ་ལས་འོད་ཟེར་དང་ལྡན་པར་འགྱུ ་བ་དང་། ཕན་ཚུན་འཕོ་ཞིང་འགྲོ་འམ། ལན་གཅིག་ཏུ་འདུག་ལ་འོད་དམར་པོ་འམ། ཡང་ན་དུད་པ་མི་སྡུག་པ་ཚེར་ཐུལ་ན། གནོད་པ་བྱེད་འདོད་དེ་དེ་ནི། རྒྱལ་པོ་འཆི་བར ་འགྱུར་རོ།། ཡང་ན་གཟའ་དམིག་ར་འོད་མར་པོ་འབར་ན། འབྱུང་པོ་ཐམས་ཅད་ལ་མི་རུང་བར་འགྱུར་རོ།། ཡང་ན་གཟའ་དམིག་དམར་ནམ་མཁའ ་ལ་རྒྱུ་ཞིང་། ཤར་ནུབ་ལྟས་མི་སྣང་བར་འགྲོ་ན། མི་རིགས་བཞི་རྣམས་འཇིག་པར་འགྱུར། གང་དང་གང་གིས་རྒྱུ་སྐར་ནང་དུ་ཞུགས་སུ་དེ་ལྟར་བལྟར་མི་སྣང་ན། མི་དེ་དག ་ལ་གནོད་པར་འགྱུར་རོ།། ནམ་གཟའ་དམིག་དམར་རྒྱུ་སྐར་དང་། སྐར་མ་ཀུན་གྱི་ནང་དུ་འོད་ཀྱིས་མདོག་བཟང་པོར་སྣང་ན། མི་རིགས་བཞི་ཐམས་ཅད་ལ་ཕན་པར་འགྱུར།། ་དམིག་དམར་ལ་ཕན་པར་འགྱུར་རོ།། དམིག་དམར་གྱི་མདོག་དང་འདོ་ཉམས་ན། མི་དགེ་སྟེ་ངན་པར་ལྟའོ།། ཡང་གཟའ་དམིག་དམར་ཡོན་པོར་འགྲོ་ཞིང་འཇུག་པ ་བ་ཞེས་བྱ་བ་དང་། གདོང་འཆི་མ་ཅན་ཞེས་བྱ་བ་དང་། སྦྲུལ་ཞེས་བྱ་བ་དང་། གདོང་དམར་པོ་ཞེས་བྱ་བ་དང་། དམིག་དམར་ཡོན་པོར་འགྲོ་བ་དྲག་ཤལ་ཅན་ཞེས་བྱ་བ་དང་། དེ།། ་བཞིན་དུ་གཏུན་བུ་ཞེས་བྱ་བ་དང་། དམིག་དམར་ཤར་བ་རྒྱུ་སྐར་བདུན་གྱི་ནང་དུ་ཞུགས་པ་དང་། ཡང་ན་རྒྱུ་སྐར་བརྒྱད་ཀྱིས་ནང་དུ་ཞུགས་པ་ལས་ཕྱིར་ལོག་ན། དེ་ནི་ཡོན་པོར ་ཚང་བ་ཞེས་བྱའོ།། དམིག་དམར་དེ་ལྟར་ཞུགས་པ་ལ་དེའི་ཚེ། ཁོང་གིས་ཐོག་གིས་ཐད་ཀ་འམ། ནགས་ཚལ་གྱིས་ཏོར་ཏེའི་ཟད་ཀ་ནས་དམིག་དམར་རྟག་ཏུ་རྒྱལ་བ ་ཞེས་འདུག་ལ། ནགུ་རེང་རིང་པོ་ཞིག་དུ་གྱུར་ན། རིམས་ནད་ཀྱང་འབྱུང་། རབ་ཏུ་དགའ་བ་མེད་པར་བྱེད། གང་དག་མོའི་ལས་ཀྱིས་མཚོ་ཞིང་གཙོ་བ་དང་། བསྲེག་པ་བྱེདཔ ་དེ་དག་ཀྱང་། མེ་ཤོར་ཞིང་ཐར་པས་སྐྱེ་བོ་ཟང་པར་འགྱུར་རོ།། རྒྱུ་སྐར་བཅུ་གཅིག་གོ། ཡང་ན་རྒྱུ་སྐར་བཅུ་འམ། ཡང་ན་བཅུ་གཉིས་ཀྱིས་ནང་དུ་ཞུགས་ཏེ། འདུག་ན། དེ་ནི་གཞར ་དྲག་པོ་ཡོད་པོར་ཞུགས་པ་གདོང་འཆི་མ་ཅན་ཞེས་བྱ་སྟེ། དེ་ལྟར་གཟའ་ཞུགས་པ་ནི། སྤྲིན་འདུ་ཆར་པ་འབབ་སྟེ། ཆར་ལེགས་པར་ཀྱང་། གཞན་གྱིས་གནོད་པ་བྱས་ཕན་མི་འགྱུར། ་མིམིའི་ལུས་ཀྱིས་སྲོག་གཟུང་ལྔ་ཡང་ནད་ཅན་དུ་གྱུར་པས། དེའི་ཕྱིར་ན་ནད་མང་པོ་འབྱུང་བར་འགྱུར། མི་ཀུན་རིང་ཅིང་རྩེ་བ་དང་། འཇིག་རྟེན་དུ་མི་རྣམས་ལ་ནད་མང་པོ་འབྱུང ་བར་འགྱུར་རོ།། རྒྱུ་སྐར་བཅུ་གསུ་འམ། ཡང་ན་རྒྱུ་སྐར་བཅུ་བཞིའི་ནང་དུ། གཟའ་དམིག་དམར་ཞུགས་པ་ལས་སླར་ལོག་ནས། དེ་ནི་ཡོན་པོར་སྤྲུལ་ཞེས་བྱ་སྟེ། གླང་པོ ་ཆེ་རྣམས་དང་། སྦྲུལ་པོ་ཆེ་དང་། སྦྲུལ་རྣམས་ཀྱི་གནོད་པ་བྱེད་པར་འགྱུར། མཚོན་གྱི་རྨས་པ་རྣམས་མི་འཚོ། སྨན་དང་འབྲས་བུ་རྣམས་དང་། ལྡུམ་བུ་རྣམས་ལེག་པར་སྨིན ་ཅིང་འཁྲུག་པར་འགྱུར། ཆར་སྙོམ་པར་འབབ། ས་བོན་ཐམས་ཅད་རབ་ཏུ་འཁྲུག་གོ། ཡང་རྒྱུར་སྐར་བཅོ་ལྔ་འམ། བཅུ་དྲུག་གིས་ནང་དུ་གཟའ་ཞུགས་ན། གཟའ་དྲག་ཤུལ ་ཅན་དེ་གདོང་དམར་པོ་ཞེས་བྱ་སྟེ། རྒྱལ་པོ་ཕན་མཚུན་འཐབ་ཅིང་། གཡུལ་བཀྱེ་སྟེ། མཚོན་གྱིས་སྨྲས་པ། དེའི་ཚེ་ཁྲག་གིས་འདམ་དུ་འགྱུར་རོ།། ཡང་གཟའ་དམིག་དམ ་རྒྱུ་སྐར་བཅུ་བདུན་གྱིས་ནང་དུ་ཞུགས་ཏེ། ཕྱིར་ལོག་ན་བྲག་ཤུལ་ཅན་དང་། གཏུམ་པོ་དྲག་པོ་ཞེས་བྱ་སྟེ། དེའི་ཚེ་ནི་སྐྱེ་བོ་མང་པོ་ལ་སྙིང་རྗེ་མེང་། སྙིང་རྩེ་བ་མེད་བཀར་གྲིམས ་དང་། ཆོས་ལུགས་མེད་དེ། དེའི་དུས་ན་སྐྱེ་བོ་རྣམས་གཅིག་རལ་གྲི་དང་། མདུན་བུས་འདེབས་ཤིང་འཕེན་པར་འགྱུར་རོ།། གཞན་ཡང་གཟའ་དམིག་དམར ་གཟའ་དྲུག་དུ་འཕོ་ཞིང་འགྲོ་བ།། ཚངས་པ་སྐྱེ་རྒའི་བདག་པོ་ལྟར་རབ་ཏུ་སྟོན། དེ་ལྟ་བུ་ལ་གཟའ་དམིག་དམར་ཏེ་སོང་ངམ། འདུག་གམ་ཡོ་བྱད་མེད་དམ། བྱར་ཡང་མི་རུང་སྟེ། ་དེ་ལ་ཟླ་བ་གསུམ་གྱིས་བར་དུ་གཟའ་དམིགས་དེ་མོར་རབ་ཏུ་སོང་ན། དེའི་ཚེ་སྐྱེ་བོ་རིམས་ཀྱིས་མ་རུང་བ་དང་། སའི་བ་ཅུང་ཟད་པར་འགྱུར་རོ།། གཟའ་དམིག་དམར་པོང་ཆུང ་དུ་གྱུར། རྣམ་པར་གཟེངས་པར་གྱུར། རྣམ་པར་གནོད་པར་འགྱུར། དཀྱིལ་འཁོར་ཆུང་ངུར་གྱུར་པར་ཡུལ་ཕྱོགས་གང་ན་སྣང་བ་དེའི་ཚེ། དམིག་དམར་ཕམ་པ་ཞེས་བྱ་སྟེ། དེ ་ནི་ཡུལ་ཕྱོགས་སུ་གནོད་པར་འགྱུར་རོ།། གཟའ་དམིག་དམར་དེ་ལྟར་གྱུར་ན་མེའི་ལས་དང་། མེ་ལ་རྗེད་པའི་ལས་བྱེད་པའི་མི་དང་། ཡུལ་མ་ལེ་བྱ་བའི་ཡུལ་མ་དང་། ཡུལ་མ ་ཤའི་མི་དང་། ཡུལ་ཡི་ཏིའི་མི་དང་། ཡུལ་བན་ཏ་མའི་མི་རྣམས་དང་། ཡུལ་ལ་བའི་མི་དང་། ཡུལ་མོག་དུའི་མི་དང་། དེ་ལྷ་རྗེད་པའི་མ་དང་། ཡུལ་གུར་མོ་དང་། ཡུལ་གྱི ་དབང་པོ་ཞེས་བྱ་བ་དང་། ཡུལ་ས་ར་ཞེས་བྱ་བ་འདི་རྣམས་ལ་གཞན་གྱིས་གཟིགས་ནས་གཟའ་དམིག་དམར་ཕམ་པར་བྱས་ནས། ཡུལ་གྱིས་མི་ལ་གནོད་པར་འགྱུར་རོ།། ་གཟའ་དམིག་དམར་འཇུག་པ་བསྟན་པའོ།། ། ཨརྱ་ཤ་རུ་ལ་གར་རྣའི་ནང་ནས། གཟའ་སྐར་གྱིས་ལྟས་འབྱུང་བ་བཏུས་པ། ལྷས་དང་མཚན་མ་དགེ་བ ་གྱུར་ཅིག།། རྫོགས་སྷོ།། @ཟླ་བའི་ཁྱིམ་བརྩི་བ་དང་། རྒྱུ་སྐར་བཅི་བའི་མཆོག། མདོ་སྡེ་ལས་འབྱུང་བ། ཟླ་བའི་ཁྱིམ་བརྩིག་སྟོན་ཟླ། ་