| Wylie | e-texts produced with BDRC’s OCR application |
གྱུར་ཅིག།། རྫོགས་སྷོ།། @ཟླ་བའི་ཁྱིམ་བརྩི་བ་དང་། རྒྱུ་སྐར་བཅི་བའི་མཆོག། མདོ་སྡེ་ལས་འབྱུང་བ། ཟླ་བའི་ཁྱིམ་བརྩིག་སྟོན་ཟླ། ་ཐ་ཆུང་ཉ་ནས། དགུན་ཟླ་ར་ཉིར་བར་དུ་ཟླ་བ་གཅིག་སྟེ། ཁྱིམ་སྡིག་པ། དགུན་ཟླ་བ་ཉི་ནས་དགུན་ཟླ་འབྲིང་པོ་ཉི་བར་ཏ་ཟླ་བ་གཅིག་ཁྱིམ་གཞུ་དགུན་ཟླ་བ་འབྲིང་པོ་ཉ་ནས། ་དགུན་ཟླ་ཐ་ཆུང་ཉའི་བར་དུ་ལ་ཟླ་བ་གཅིག་ལ། ཁྱིམ་ཆུ་སྲིན། དགུན་ཟླ་ཐ་ཆུང་ཉ་ནས། སྤྲིང་ཟླ་རབ་ཉིའི་བར་དུ་ཟླ་བ་གཅིང་། ཁྱིམ་བུམ་པ། དཔྱིད་ཟླ་ར་བ་ཉ་ནས། དཔྱིད་ཟླ ་འབྲིང་པོ་ཉའི་བར་དུ་ལ་ཟླ་བ་གཅིག་ལ་ཁྱིམ་ཉ། དཔྱིད་ཟླ་འབྲིང་པོ་ཉ་ནས། སྤྲིང་ཟླ་ཐ་ཆུང་ཉའི་བར་དུ་ལ་ཟླ་བ་གཅིག་ལ། ཁྱིམ་ལུང་། དཔྱིད་ཟླ་བ་ཆུང་ཉ་ནས། དབྱར་ཟླ་ར་བ ་ཉིར་བུར་དུ་ཟླ་བ་གཅིག་ལ་ཁྱིམ་གླང་། དབྱར་ཪྴ་བ་ཉ་ནས་དབྱར་འབྲིང་པོ་ཉའི་བར་དུ་ཟླ་བ་གཅིག་ལ། ཁྱིམ་གླང་། དབྱར་འབྲིང་པོ་ཉ་ནས། དབྱར་ཐ་ཆུང་ཉའི་བར་ལ་ཟླ་བ་གཅིག ་ལ། ཁྱིམ་སྦལ་པ། དབྱར་ཟླ་ར་བ་ཉི་བར་དུ་ཟླ་བ་གཅིག་ལ། ཁྱིམ་སེང་གེ། སྟོན་ཟླ་ར་བ་ཉ་ནས། སྟོན་འབྲིང་པོ་ཉའི་བར་དུ་ཟླ་བ་གཅིག་ལ། ཁྱིམ་བུ་མོ།། སྟོན་ཟླ ་འབྲིང་པོ་ཉ་ནས། སྟོན་ཟླ་ཐ་ཆུང་ཉི་བར་དུ་ཟླ་བ་གཅིག་ཁྱིམ་སྲང་།། ། རྒྱུ་སྐར་རྩི་བ། སྟོན་ཟླ་ཐ་ཆུང་མར་གྱི་དོ་ལ། རྒྱུ་སྐར་སྨིན་དྲུག་དབང་། ཚེས་བཅུ་དྲུག་ལ་སྣར ་མ་དབང་། ཚེས་བཅུ་བདུན་པ་མགོ་དབང་། ཆེས་བཅོ་བརྒྱད་ལ་ལག་ཚེས་བཅུ་དགུ་ནམསོ།། ཚེས་ཉི་ཤུ་ལ་རྒྱལ། ཚེས་ཉི་ཤུ་གཅིག་ལ་སྐག་ཚེས་ཉི་ཤུ་གཉིས་ལ་མཆུ། ་ཚེ་ཉི་ཤུ་གསུམ་ལ་གྲེ། ཚེས་ཉི་ཤུ་བཞི་ལ་དབོལ། ཚེས་ཉི་ཤུ་ལྔ་ལ་མེ་བཞི། ཆོས་ཉི་ཤུ་དྲུག་ལ་ནག་པ། ཚེས་ཉི་བདུན་ལ་ས་རི། ཚེས་ཤུ་བརྒྱད་ལ ་ས་ག་ཚེས་ཉི་ཤུ་དགུ་ལ་ལྷ་འཚམས། ཚེས་སུམ་བཅུ་ལ་སྣརོན་དབང་། ཚེས་གཅིག་ལ་སྣརུམས་ཚེས་གཉིས་ལ་ཆུ་སྟོད། གསུམ་ལ་ཆུ་སྨད། བཞི་ལ་བྱི་བཞིན། ལྔ་ལ་གྲོ་བཞིན ་དྲུག་ལ་མོན་གྲུ། བདུན་ལ་མོན་གྲེ། བརྒྱད་ལ་ཁྲུམས་སྟོང་། དགུ་ལ་ཁྲུམས་སྨད། བཅུ་ལ་ནམ་གྲུ། བཅུ་གཅིག་ལ་ཐ་སྐར། བཅུ་གཉིས་ལ་བྲ་ཉེ། བཅུ་གསུམ་ལ་སྨིན་དྲུག ་བཅུ་བཞི་ལ་སྣར་མ། བཅོ་ལྔ་ལ་མགོ་དབང་ངོ་།། །། དགུན་ཟླ་ར་བ་མར་གྱིས་ངོ་ལ། ཚེས་བཅུ་དྲུག་ལག་བཅུ་བདུན་ལ་ནམ་སོ།། བཅཝོ་བརྒྱད་རྒྱལ། བཅུ་དགུ་ལ་སྣབས། སུམ ་བཅུ་ལ་ཆུ་སྟོད་དབང་། དགུན་ཟླ་འབྲིང་པོ་ཡར་གྱིས་ངོའི་ལ་ཚེས་གཅིག་ལ། ཆུ་སྨད་གཉིས་ལ་གྲོ་བཞིན། གསུམ་ལ་མོན་གྲུ། བཞི་ལ་མོན་གྲེ། ལྔ་ལ་ཁྲུམས་སྟོང། དྲུག ་ལ་ཁྲུམས་སྨད། བདུན་ནམ་གྲུ་བརྒྱད་ལ་ཐ་སྐར། དགུ་ལ་བྲ་ཉེ། བཅུ་ལ་སྨིན་དྲུག། བཅུ་གཅིག་ལ་སྣར་མ། བཅུ་གཉིས་ལ་འགོ། བཅུ་གསུམ་ལག། བཅུ་བཞི་ནམསོ།། བཅོ ་ལ་རྒྱལ། དགུན་ཟླ་འབྲིང་པོ་མར་གྱི་ངོ་ལ། ཚེས་བཅུ་དྲུག་ལ་སྐགས། བཅུ་བདུན་ལ་མཆུ། བཅཝ་བརྒྱད་ལ་གྲེ། བཅུ་དགུ་ལ་མེ་བཞི། ཉི་ཤུ་གཅིག་ལ་ནག་པ། གཉིས་ལས་རི ་གསུམ་ལ་ས་ག་ཉི་ཤུ་བཞི་ལ་ལྷ་འཚམས། ཉི་ཤུ་ལྔ་ལ་སྣརོན། ཉི་ཤུ་དྲུག་ལ་སྦུབས། ཉི་ཤུ་བདུན་ལ་ཆུ་སྟོང་། ཉི་ཤུ་བརྒྱད་ལ་མཆུ་སྤང་། ཉི་ཤུ་དགུ་ལ་བྱེ་བཞིན། ཚེས་སུམ ་བཅུ་ལ་གྲོ་བཞིན། དགུན་ཟླ་ཐ་ཆུང་ཡར་གྱིས་ངོ་ལ། ཚེས་གཅིག་ལ་མོན་གྲུ། གཉིས་ལ་མོན་དྲེན་གསུམ་ལ་ཁྲུམས་སྟོང་། བཞི་ལ་ཁྲུམས་སྨད། ལྔ་ལ་ནམ་གྲུ། དྲུག་ལ་ཐ་སྐ ་བདུན་ལ་བྲ་ཉེ། བརྒྱད་ལ་སྨིན་དྲུག་དགུ་ལ་བེའུ་བརྩི་བཅུ་ལ་མགོ། བཅུ་གཅིག་ལ་ལག་བཅུ་གཉིས་ལ་ནམསོ།། བཅུ་གསུམ་ལ་རྒྱལ། བཅུ་བཞི་ལ་སྐགས། བཅཝ་ལྔ་ལ ་མཆུ་དབང་། དགུན་ཟླ་ཐ་ཆུང་མར་གྱི་རོལ། ཚེས་བཅུ་དྲུག་ལ་གྲེ། བཅུ་བདུན་ལ་དཔེའོ།། བཅོ་བརྒྱད་ལ་མེ་བཞི། བཅུ་དགུ་ལ་ནག་པ། ཉི་ཤུ་ལ་ས་རི། ཉི་ཤུ་གཅིག་ལ་ས་ག ་ཉི་ཤུ་གཉིས་ལ་ལྷ་འཚམས། ཉི་ཤུ་གསུམ་ལ་སྣརོན།། ཉི་ཤུ་ལྔ་ལ་ཆུ་སྟེང་། ཉི་ཤུ་དྲུག་ལ་ཆུ་སྨད། ཉི་ཤུ་བརྒྱད་ལ་གྲོ་བཞིན། ཉི་ཤུ་དགུ་ལ་མོན་གྲུ།། ཚེས་སུམ་བཅུ ་ཅུ་སུམ་ལ་མོན་གྲེ་དབང་།། །། དཔྱིད་ཟླ་ར་བ་ཡར་གྱིས་ངོ་།། ཚེས་གཅིག་ལ་ཁྲུམས་སྟོང་། ཚེས་གཉིས་ཁྲུམས་སྨད། གསུམ་ལ་ནམ་གྲུ། བཞི་ལ་ཐ་སྐར། ལྔ་ལ་བྲ་ཉེ། དྲུག ་ལ་སྨིན་དྲག། བདུན་ལ་བེའུ་དདེ། བརྒྱད་ལ་འགོ། དགུ་ལ་ལག་བཅུ་ལ་ནམསོ།། བཅུ་གཅིག་ལ་རྒྱལ། བཅུ་གཉིས་ལ་སྐགས། བཅུ་གསུམ་ལ་མཆུ། ཅུ་བཞི་ལ་གྲེ་ཅུ་ལྔ་པ ་དཔོའ་དབང་། དཔྱིད་ཟླ་ར་བ་མར་གྱིས་ངོ་ལ། ཚེས་བཅུ་དྲུག་ལ་མི་བཞི། ཅུ་བདུན་ལ་ནག་པ་ཅོ་བརྒྱད་ལས་གཅུ་དགུ་ལ་ས་ག་ཉི་ཤུ་ལ་ལྷ་མཚམས། ཉི་ཤུ་གཅིག་ལ་སྣེ ་ཊཱི་ཤུ་གཉིས་སྣརུབས། ཉི་ཤུ་གསུམ་ལ་ཆུ་སྟོད། ཉི་ཤུ་བཞི་ལ་ཆུ་སྨད། ཉི་ཤུ་ལྔ་ལན་གྱི་བཞིན། ཉི་ཤུ་དྲུག་ལ་གྲོ་བཞིན། ཉི་ཤུ་བདུན་ལ་མནགྲུ། ཉི་ཤུ་བརྒྱད་ལ་མོན་དྲེ། ཉི ་དགུ་ལ་ཁྲུམས་སྟོང་། ཚེས་སུམ་ཅུ་ལ་ཁྲུམས་སྨད་དབང་། དཔྱིད་ཟླ་འབྲིང་པོ་ཡར་གྱིས་ངོ་ལ། ཚེས་གཅིག་ནམ་གྲུ། གཉིས་ལ་ཐ་སྐར། གསུམ་ལ། ་བྲ་ཉེ། བཞི་ལ་སྨིན་དྲག་ལྔ་ལ་བེའུ་དེང་། དྲུག་ལ་མགོ། བདུན་ལ་ལག་བརྒྱད་ལ་ནམ་སོ།། དགུ་ལ་རྒྱལ། བཅུ་ལ་སྐགས། བཅུ་ཅིག་ལ་མཆུ། བཅུ་གཉིས་ལ་གྲེ། ཙུ་སུཾ ་ལ་དབོ།། བཅུ་བཞི་ལ་མི་བཞི། བཅོ་ལྔ་ལ་ནག་པ་དང་། དཔྱིད་ཟླ་འབྲིང་པོ་མར་གྱི་ངོ་ལ། བཅུ་དྲུག་ས་རི། བཅུ་བདུན་ལ་སག་བཅོ་བརྒྱད་ལ་ལྷ་མཚམས། བཅུ་དགུ་ལ ་སྣརོན། ཉི་ཤུ་ལ་སྣརུམས། ཉི་ཤུ་གཅིག་ལ་ཆུ་སྟོད། ཉི་ཤུ་གཉིས་ལ་ཆུ་སྨད། ཉི་ཤུ་གསུམ་ལ་བྱི་བཞིན། ཉི་ཤུ་བཞི་ལ་གྲོ་བཞིན། ཉི་ཤུ་ལྔ་ལ་མོན་གྲ། ཉི་ཤུ་དྲུག་ལ་མོན་དྲེ། ་ཉི་ཤུ་བདུན་ལ་ཁྲུམས་བསྟོད། ཉི་ཤུ་བརྒྱད་ལ་ཁྲུམས་སྨད། ཉི་ཤུ་དགུ་ལ་ནམ་འགྲུ། ཚེས་སུམ་ཅུ་ལ་ཐ་སྐར་དབང་། དཔྱིད་ཟླ་ཐ་ཆུང་ཡར་གྱིས་ངོ་།། ཚེས་གཅིག་ལ་བྲ་ཉི། ་གཉིས་ལ་སྨིན་དྲུག། གསུམ་ལ་སྣར་མ། བཞི་ལ་མགོ། ལྔ་ལ་ལག་དྲུག་ལ་ནམ་སོ།། བདུན་ལ་རྒྱལ། བརྒྱད་ལ་སྐགས། དགུ་ལ་མཆུ། བཅུ་ལ་གྲེ་བཅུ་གཅིག་ལ་དཔོའ། ་བཅུ་གཉིས་ལ་མེ་བཞི། ཅུ་གསུམ་ལ་ནག་པ། བཅུ་བཞི་ལ་ས་རི། བཅོ་ལྔ་ལ་ས་ག་དབང་། དཔྱིད་བླ་ཐ་ཆུང་མར་གྱིས་ངོ་།། ཚེས་བཅུ་དྲུག་ལ་ལྷ་འཚམས། བཅུ་བདུན་ལ་སྣརོན ་བཅཝ་བརྒྱད་ལ་སྣརུམས། བཅུ་དགུ་ལ་ཆུ་སྟོང་། ཉི་ཤུ་གཅིག་ལ་བྱི་བཞིན། ལྕི་གསུམ་ལ་མོན་གྲུ། ཉི་ཤུ་བཞི་ལ་མོན་གྲེ། ཉི་ལྔ་ལ་ཁྲུམས་སྟོང་།། ཉི་ཤུ་དྲུག་ལ་ཁྲུམས་སྤ། ་ལྕི་བདུན་ལ་ནམ་གྲུ། ཉི་ཤུ་བརྒྱད་ཐ་སྐར། ཉི་ཤུ་དགུ་ལ་པྲ་ཉེ། སུམ་བཅུ་ལ་སྨིན་དྲུག་དབང་། དབྱར་ཟླ་ར་བ་ཡར་གྱིས་ངོ་ལ། ཚེས་གཅིག་ལ་སྣུན་མ། གཉིས་ལ་མགོ། གསུམ ་ལ་ལག་བཞི་ལ་ནམསོ།། ལྔ་ལ་རྒྱལ། དྲུག་ལ་སྐགས། བདུན་ལ་མཆུ། བརྒྱད་ལ་གྲི། བཅུ་ལ་མེ་བཞི། བཅུ་གཅིག་ལ་ནག་པ། བཅུ་གཉིས་ལས་རི། ཅུ་གསུམ་ལ་ས་ག ་བཅུ་བཞི་ལ་ལྷ་འཚམས། བཅཝ་ལྔ་ལ་སྣརོན་དབང་། དབྱར་ཟླ་ར་བ་མར་གྱིས་།། བཅུ་དྲུག་ལ་སྣརུམས། བཅུ་བདུན་ཆུ་སྟོད། བཅཝོ་བརྒྱད་ལ་ཆུ་སྨད། བཅུ་དགུ་ལ་བྱི་བཞིན ་ཉི་ཤུ་ལ་གྲོ་བཞིན། ཉི་ཤུ་གཅིག་ལ་མོན་བྲུ། ཉི་དགུ་གཉིས་ལ་མོན་བྲེ། ཉི་ཤུ་གསུམ་ལ་ཁྲུམས་སྟེ། ཉི་ཤུ་བཞི་ལ་ཁྲུམས་སྨད། ཉི་ཤུ་ལྡན་མ་གྲུ། ཉི་ཤུ་བདུན་ལ་པྲ་ཉེ། ་ཉི་ཤུ་བརྒྱད་ལ་སྨིན་དྲུག། ཉི་ཤུ་དགུ་ལ་སྣར་མ། ཚེས་སུམ་ཅུ་ལ་མགོ་དབང་། དབྱར་ཟླ་འབྲིང་པོ་ཡར་གྱི་ངོ་ལ། ཚེས་གཅིག་ལ་ལག། གཉིས་ལ་ནམ་སོ།། གསུམ་ལ་རྒྱལ ་བཞི་ལ་སྐགས། ལྔ་ལ་མཆུ། དྲག་ལ་གྲེ། བདུན་ལ་དཔོའ། བརྒྱད་ལ་མེ་བཞི། དགུ་ལ་ནག་པ། བཅུ་ལ་ས་རི། བཅུ་ཅིག་ལ་ས་ག་བཅུ་གཉིས་ལ་ལྷ་འཚམས། ཅུ་སུམ་ལ ་སྣརོན། ཅུ་བཞི་ལ་སྣབས། བཅོ་ལྔ་ལ་ཆུ་སྟོད། དབྱར་ཟླ་འབྲིང་པོ་མར་གྱི་ངོ་ལ། ཚེས་བཅུ་དྲུག་ལ་ཁྲུམས་སྨད། བཅུ་བདུན་ལ་བྱི་བཞིན། བཅཝོ་བརྒྱད་ལ་མོན་གྲུ། བཅུ་དགུ་ལ་མོན ་གྲུ། བཅུ་དགུ་ལ་མིན་གྲེ། ཉི་ཤུ་ལ་ཁྲུམས་སྟོང། ཉེར་གཅིག་ལ་ཁྲུམས་སྦ། ཉེར་གཉིས་ལ་ནམ་གྲུ། ཉེར་གསུམ་ལ་ཐ་སྐར། ཉེར་བཞི་ལ་བྲ་ཉེ། ཉེར་ལྔ་ལ་སྨིན་དྲུག ་ལ་སྣར་མ། ཉི་ཤུ་བདུན་ལ་མགོ། ཉི་ཤུ་བརྒྱད་ལ་ལག། ཉི་ཤུ་དགུ་ལ་ནམ་སོ།། སུམ་ཅུ་ལ་རྒྱལ་དབང་། དབར་ཟླ་ཐ་ཆུང་ཡར་གྱི་རོལ། ཚེས ་གཅིག་ལ་སྐགས། གཉིས་ལ་མཆུ། གསུམ་ལ་གྲེ། བཞི་ལ་དབོ།། ལྔ་ལ་མེ་བཞི། དྲུག་ལ་ནག་པ། བདུན་ལ་ས་རི། བརྒྱད་ལ་ས་ག། དགུ་ལ་ལྷ་འཚམས། བཅུ་ལ་སྣརོསྣོན། ་བཅུ་གཅིག་ལ་སྣརུབས། བཅུ་གཉིས་ཆུ་སྟེ། བཅུ་སུམ་ལ་ཆུ་སྨད། བཅུ་བཞི་ལ་བྱི་བཞིན། བཅོ་ལྔ་ལ་གྲོ་བཞིན། དབང་དབྱར། ཐ་ཆུང་མར་གྱིས་ངོ་ལ། ཚེས་བཅུ་དྲུག་ལ་མོན་གྲུ། ་བཅུ་བདུན་ལ་མིན་གྲི། བཅཝ་བརྒྱད་ལ་ཁྲུམ་སྟོད། བཅུ་དགུ་ལ་ཁྲུམས་སྨད་། ཉི་ཤུ་ལ་ནམ་གྲུ། ཉི་ཤུ་གཅིག་ལ་ཐ་སྐར། ཉི་ཤུ་གཉིས་ལ་བྲ་ཉེ། ཉི་ཤུ་གསུམ་ལ་སྨིན་དྲུག། ་ཉི་ཤུ་བཞི་ལ་སྣར་མ། ཉྩི་ལྔ་ལ་མགོ། ཉི་ཤུ་དྲུག་ལ་ལག་ཉི་ཤུ་བདུན་ལ་ནམ་སོ།། ཉི་ཤུ་བརྒྱད་ལ་རྒྱལ། ཉི་དགུ་སྐག། ཚེས་སུམ་ཅུ་ལ་ལ་མཆུང་དབང་། སྟོན་ཟླ་ར་བ་ཡང ་གྱི་ངོ་ལ། ཚེས་གཅིག་ལ་གྲེ། གཉིས་ལ་མཆུ། གསུམ་ལ་སྒོ། བཞི་ལ་ནག་པ་ལྔ་ལཱ་སྱ་ག། བདུན་ལ་ལྷ་མཚམས། བརྒྱད་ལ་སྣརོན། དགུ་ལ་སྣབས། བཅུ་ལ་ཆུ་སྟོད། བཅུ ་གཅིག་ལ་ཆུ་སྨད། བཅུས་ལ་ནུ་སྨོད། གྲོ་བཞིན་ཅུ་སུམ་ལ་བྱི་བཞིན། བཅུ་བཞི་ལ་མོན་གྲེ། བཅོ་ལྔ་ལ་ཁྲུམས་སྟོད། དབང་། སྟོན་ཟླ་རབ་མར་གྱིས་དོ།། ཚེས་བཅུ་དྲུག་ལ ་ཁྲུམས་སྨད་དབང་། བདུན་ལ་ནམ་གྲུ། བཅོ་བརྒྱད་ལ་ཐ་སྐར། བཅུ་དགུ་ལ་བྲ་ཉི། ཉི་ཤུ་ལ་སྨིན་དྲུག། ཉི་ཤུ་གཅིགས་སྣར་མ། ཉི་ཤུ་གཉིས་ལ་འགོ།། ཉི་ཤུ་སུམ་ལ་ལག། ་ཉི་ཤུ་བཞི་ལ་ནམ་སོ།། ཉི་ཤུ་ལྔ་ལ་རྒྱལ། ཉི་ཤུ་དྲུག་ལ་སྐགས། ཉི་ཤུ་བདུན་ལ་བཅུ། ཉི་ཤུ་བརྒྱད་ལ་གྲེ། ཉེ་ཤུ་དགུ་ལ་དབོ།། སུམ་ཅུ་ལ་མེ་བནི་དབང་། སྟོན་ཟླ་འབྲིང ་པོ་ཡར་གྱིས་ངོ་ལ། ཚེས་གཅིག་ལ་ནག་པ། གཉིས་ལ་ས་རི། གསུམ་ལ་ས་ག། བཞི་ལ་ལྷ་འཚམས། ལྔ་ལ་སྣརོན། དྲུག་ལ་སྣབས། བདུན་ལ་ཆུ་སྟོད། བརྒྱད་ལ་མཆུ་སྨད། དགུ་ལ ་གྲོ་བཞིན། བཅུ་ལ་མོན་གྲུ། བཅུ་གཅིག་ལ་མོན་གྲེ། བཅུ་གཉིས་ལ་མཁྲུམས་སྟོད། བཅུ་གསུམ་ལ་ཁྲུམས་སྨད། བཅུ་བཞི་ལ་ནམ་གྲུ། བཅོ་ལྔ་ལྔ་ཐ་སྐར་དབང་། སྟོན་ཟླ་འབྲིང ་བོ་མར་གྱི་ངོ་ལ། ཚེས་བཅུ་དྲུག་ལ་བྲ་ཉེ། བཅུ་བདུན་ལ་སྨིན་དྲུག། བཅོ་བརྒྱད་ལ་སྣར་མ། བཅོ་དགུ་འགྲོ། ཉི་ཤུ་གཅིག་ལ་ནམ་སོ།། ཉི་ཤུ་གཉིས་ལ་རྒྱལ། ཉི་ཤུ་གསུམ ་ལ་སྐག་ཉི་ཤུ་བཞི་ལ་མཆུ། ཉི་ཤུ་ལྔ་ལ་གྲོ། ཉི་ཤུ་དྲུག་ལ་དབོའ། ཉི་ཤུ་བདུན་ལ་མེ་བཞི། ཉི་ཤུ་བརྒྱད་ལ་ནག་པ། ཉི་ཤུ་དགུ་ལ་སག་སུམ་ཅུ་ལ་ས་ག་དབང་། སྟེན་ཟླ་ཐ ་ཆུང་ཡང་གྱིས་ངོ་ལ། ཚེས་གཅིག་ལ་ལྷ་མཚམས། གཉིས་ལ་སྣརོན། གསུམ་ལ་སྣབས། བཞི་ལ་ཆུ་སྟོང་། ལྔ་ལ་མཆུ་སྨད། དྲུག་ལ་བྱི་བཞིན། བདུན་ལ་གྲོ་བཞིན། དགུ ་ལ་མོན་གྲེ། བཅུ་ལ་ཁྲུམས་སྟོང་། བཅུ་གཅིག་ཁྲུམས་སྨད། བཅུ་གཉིས་ལ་ནམ་གྲུ། བཅུ་གསུམ་ཐ་སྐར། བཅུ་བཞི་ལ་བྲ་ཉེ། བཅོ་ལྔ་ལ་སྨིན་དྲུག་དབང་།། ་འཇིག་རྟེན་སྟོན་པའི་ལེའུ་ལས། ས་གཡོས་པ་ལ་སོགས་པའི་ལྷས་ཀྱིས་ལིའུ། འི་ཚེ་ལྐོག་ཤིག་ཏུ་ཕྱུང་བ། རྒྱུ་སྐར་ཉི་ཤུའི་གནས་བསྟན་པ། མདོ་སྡེ་རྟེ་སྣ་ཆེན་པོ་ལགས་ས། ་@དགུན་ཟླ་བ་ཆུང་གིས་ཚེས་བཅུ་དྲུག་གམ། བཅུ་དགུ་འམ། ཉི་མ་འཆར་གར་དུ་བ་ལྟ་བུ་འམ། ཆར་པ་འབབ་པར་སྣང་ངམ། སྤྲིན་གྱིས་ནང་ནས་གློག ་འབྱུང་སྔོན་ན། འཛད་ཤིང་མཁས་པ་རྣམས་འགྱུར་བར་ཤེས་པར་གྱིས་ཤིག། གཟའ་ཉི་མ་དང་། སྐར་མ་ཐ་སྐར་ལ། དུ་བ་ལྟ་བུ་བྱུང་སྟེ། ནམ་མཁའ་ཁྱེབས་ཏེ་བྱུང་ན་ལོ་བཅུ ་གཉིས་ཀྱིས་བར་དུ་ཐན་པ་འབྱུང་བར་ཤེས་པར་བྱའོ།། དགུན་ཟླ་ཐ་ཆུང་སྐར་མ་བྲ་ཉེའི་ཚེ། ཉི་མ་སེར་པོ་སྣང་ན། ཁོ་ར་ཁོར་ཡུག་ཏུ་སོང་བར་འགྱུར་ཞིང་། དབུས་སུ་ལྟོགས་ཏེ ་འཆི་བར་འགྱུར་རོ།། དཔྱིད་ཟླ་ར་བ་ལ། གཟའ་ཉི་མ་དང་། སྐར་མ་སྨིན་དྲུག་གིས་ཚེ། ས་གཡོས་པ་ལ། གལ་ཏེ་ཆར་འབབ་ན། དེའི་འཁོར་གྱི་མི་ཕུང་བར་འགྱུར་རོ།། སྤྲིད་ཟླ་འབྲིང ་བོ་སྐར་མ་རྒྱལ་གྱི་ཚེ། ཆུབ་ཀར་ཉི་མའི་མདོག་ནག་པོར་སྣང་ན་དེ་རྒྱལ་པོ་ལ་གནོད་དོ།། སྤྲིད་ཟླ་ཐ་ཆུང་སྐག་གིས་ཚེ། ཉི་མ་ཉི་རིམ་ད་སྣང་ན། དེར་གཡུལ་འབྱེད་པར་གྱུར་ཏོ།། ་རྒྱལ་པོ་གཉིས་གསོད་པར་འགྱུར་རོ།། དབྱར་ཟླ་ར་བ། སྣར་མིའི་ཚེ། ཉི་ཟླ་གཉིས་ཀ་སྤང་གུས་ཟིན་ན། བློན་པོ་དག་གིས་རྒྱལ་པོ་རྣམས་གསོད་དོ།། དབྱར་ཟླ་འབྲིང་པོ་སྐར་མ ་ཁྲུམ་སྟོད་ཀྱི་ཚེ། ཕྱེ་འབྲེད་མི་མེའི་དྲུག་དང་། ཉེས་འཁོར་དུ་འོད་དམར་པོ་བྱུང་ན། ཟླ་བ་དྲུག་ཚུན་ཆད་དུ། ཕ་རོལ་གྱིས་དམག་ཚོགས་ཀྱིས། ཡུལ་འཁོར་དེ་གསོད་པར་འགྱུར་ཏེ། ་རྒྱལ་པོ་དེ། བློན་པོ་དང་། ཆུང་མ་དག་དང་། བཅས་པ་དེར་གསོད་པར་འགྱུར་རོ།། གལ་ཏེ་དབྱར་ཟླ་འབྲིང་པོ་ཉ་ལ། ཟླ་བ་སྤྱང་གུས་ཟིན་ན། ཡུལ་འཁོར་དེ་མུ་གེ་དང་། འཐབ ་མོ་དང་ནད་འབྱུང་ངོ་།། དབྱར་ཟླ་ཐ་ཆུང་ལ། སྐར་མ་སྣབས་ཀྱིས་ཚེ་ཉི་མ་དང་། ཟླ་བ་མི་གསལ་ཞིང་དེར་མེ་ལྟ་བུ་སྣང་ན། ཡུལ་འཁོར་དེར་མི་བདེ་བ་དང་ནད་འབྱུང་ངོ་།། ་སྟོན་ཟླ་འབྲིང་པོ་ཟླ་བ་ཕྱེད་ཀྱི་བར་དུ། ཉི་མ་དང་ཟླ་བ་ལ་གནོད་པ་བྱུང་ན། རྒྱལ་བུ་སྟོང་གིས་ཁྲག་མཐུང་བར་འགྱུར་རོ།། སྟོན་ཟླ་ཐ་ཆུང་ཉེ་ལ་ཉི་མ་དང་ཟླ་བ་མཚན་དང་མི་ལྡན ་ཞིང་། མི་གསལ་ཏེ། འོ་ན་དེ་མེའི་མདོག་འདྲ་ཞིང་། ནམ་མཁའ་ཡང་མདོག་དེ་འདྲ་ན། རྒྱལ་པོ་གཉིས་གལ། རྟེན་པའི་ཡུལ་འཁོར་ཕྱིར་ཞིང་། འཕུང་བར་འགྱུར་ཏེ། ་བསད་ནས་མྱུར་དུ་འགྱེལ་ཅིང་། ས་ནི་ཁྲག་མཐུང་བར་འགྱུར་རོ།། དགུན་ཟླ་ཐ་ཆུང་ལ་སྐར་མ་བྲ་ཉེའི་ཚེ། རླུང་ནག་པོ་ལངས་ཤིང་ཉི་མ་དང་ཟླ་བ་སྤྱང་ཀིས་ཟིན་ན། ཡུལ ་འཁོར་དེར་དམིག་གིས་ཚོགས་ཀྱིས་ཕུད་པར་བྱེད་པར་འགྱུར་རོ།། དཔྱིད་ཟླ་ར་བ་ལ་རླུང་གིས་སའི་ཚར་འབེབས་ཞིང་། གློག་བྱུང་ན། དེར་རྒྱལ་པོ་རྣམས་གནོད་ཅིང་། གཞན ་དག་རྒྱལ་པོར་འཇུག་པར་འགྱུར་རོ།། དབྱར་ཟླ་འབྲིང་པོ་ལ། ཉི་མ་ལས་གཟའ་ཐལ་བྱུང་དུ་བྱུང་ན། ཉི་མ་ལས་ཐལ་བའི་གཟའ་དེས། ངེས་ཐམས་ཅད་དུ་གཟའི་གནོད་པ ་བྱང་ངོ་།། དབྱར་ཟླ་འབྲིང་པོ་ལ་སའི་ཆར་པ་འབབ་པ་དང་། ཉི་མ་འཁྱིམས་ན། རྒྱལ་པོ་སྟོང་གཅིག་ལ་གཅིག་བསོད་དོ།། དབྱར་ཟླ་འབྲིང་པོ་སྐར་མ་བྲ་ཉེའི་ཚེ། རླུང ་ལེས་ཤིང་འབྲུག་ཟེར་མ་རྫིང་རྣམས་མ་རུང་བར་འགྱུར་ཏེ། ལོག་ཏོག་ཐམས་ཅད་མ་རུང་བར་འགྱུར་རོ།། དབྱར་ཟླ་ཐ་ཆུང་ལ་རླུང་སེར་པོ་ལྡང་ཞིང་། ན་མཁའ་ནག་པོར ་འདུག་ན། དེར་འཁོར་ར་ཁོར་ཡུག་ན་གནས་པ་ལ་འཇིག་པ་འབྱུང་བར་ཤེས་པར་བྱའོ།། དབྱར་ཟླ་ཐ་ཆུང་ལ་སྐར་མ་ཁྲུམས་སྟོད་ཀྱིས་ཉིན ་བར་འབྲུག་མ་ཟེར་བར་སེར་བ་འབབ་ན། ནད་དང་མུ་གེ་འབྱུང་བར་སྟོན་ཏོ།། སྟོན་ཟླ་ར་བ་ལ་འབྲུག་མི་ཟེར་ན་ཕ་རོལ་གྱིས་དམག་ཚོགས་ཀྱིས་ཡུལ་འཁོར་ནོར་བསགས ་པ་འཕྲོག་པར་འགྱུར་རོ།། སྟོན་ཟླ་ར་བ་ལ་རྫི་ཚར་ལངས་ཏེ། བྱང་ཕྱོགས་སུ་སྡོང་ཆེན་འགྱེལ་ན། དེར་ཡུལ་འཁོར་ཐ་དག་ཕུང་བར་འགྱུར་རོ།། སྟོན་ཟླ་ཐ་ཆུང་ཚེས་བཅུ ་གསུམ་ལ་འཇའ་ཟུག་ན། ཡུལ་འཁོར་དེར་སྐྱེ་རྒུ། ཁོ་ར་ཁོར་ཡུག་འཕུང་བར་འགྱུར་རོ།། དབུ་ནི་ལྟོགས་ཏེ་འཆའོ།། དགུན་ཟླ་ར་བ་ལ་ཐ་སྐེར་གྱིས་ཚེ། སྐར་མདའ་ལྟུང་ངམ། ་སེར་བ་འབབ་ན། ཡུལ་འཁོར་མཐའ་དག་འཕུང་བར་འགྱུར་རོ།། ཡུལ་འཁོར་དེར་སྐྱེ་རྒུ་ཀུན་དབུགས་མི་བདེ་བས་འཆི་བར་འགྱུར་རོ།། དབྱར་ཟླ་ར་བ་ལ་སྐར་མེ་ལག་གི ་ཆེ་ཉ་ནམ་མཁའ་ལ་མེ་ཏོག་ལྟ་བུ་སྣང་ངམ། ནམ་མཁའ་ལ་སྒྲ་གྲག་ན། ཡུལ་འཁོར་དེར་མྱུར་དུ་འཕུང་བར་འགྱུར་རོ།། དཔྱིད་ཟླ་འབྲིང་པོ་ལ་སྐར་མ་ས་རིའི་ཚེ། རླུང ་མ་ལངས་པར་ཆར་མ་འབབ་བམ། འཇར་ཟུག་ན། གྲོང་ཁྱེར་མཐའ་དག་ཚིག་པར་འགྱུར་རོ།། དབྱར་ཟླ་ར་བ་ལ། སྐར་མ་བྲ་ཉེའི་ཚེ། བྱང་ཕྱོགས་སུ་སྒྲ་བྱུང་ངམ། ན་མཁའ ་ཁ་དོག་སེར་པོར་སྣང་ན་ཕ་རོལ་གྱིས་དམག་ཚོགས་དག་དང་འཕྲད་དོ།། དབྱར་ཟླ་འབྲིང་པོ་ལ་སྐར་མ་རྒྱལ་གྱིས་ཚེ། ནམ་མཁའ་ལ་གློག་བྱུང་ངམ། སྒྲ་དང་ཆར་ཆུ་འབབ་ན། ་འགྲོ་བ་སུམ་ཆ་ཞེས་བྱའོ།། དབྱར་ཟླ་ཐ་ཆུང་ལ་སྐར་མ་སྣརུམས་ཀྱིས་ཆེ། ཆར་ལན་མང་དུ་འབབ་བམ། འཇའ་ཐུག་ན། རྒྱལ་རིགས་རྣམས་ལ་འཇིགས་པ་འབྱུང་ངོ་།། ་སྟོན་ཟླ་རབ་སྐར་མ་ནམ་སོའི་ཆེ། གནམ་གྲུམ་མམ། རླུང་ཤིན་ཏུ་ནག་པོ་ལངས་ན་དེར་ནད་ཆེན་པོ་འབྱུང་བར་སྟོན་ཏོ།། སྐར་མ་རྒྱལ་གྱིས་ཚེ། ཕྱོགས་འཚམས་སུ་བྱུང ་ན། རྒྱལ་རིགས་མྱུར་དུ་འཁྲུག་ཅིང་། སྐྱེ་རྒུ་ཕྱོགས་གཉིས་སུ་འཆད་པར་འགྱུར་རོ།། སྟོན་ཟླ་ཐ་ཆུང་སྐར་མ་ལག་གིས་ཚེ། ནམ་མཁའ་ལ་རྔ་སྒྲ་ལྟ་བུ་བྱུང་ན། དེར ་རྐང་བཞི་པ་རྣམསའོ།། དགུར་ཟླ་ར་བ་ལ་སྐར་མ་མོན་གྲེའི་ཚེ། ན་མཁའ་ལ་རོལ་མོ་སིལ་སྙན་གྱིས་སྒྲ་ལྟ་བུ་གྲག་ན། ལོ་ཏོག་ལ་འབྱུང་པོ་གནོད་པ་བྱེད་ཅིང་། དྲག་པོ ་འབྱུང་ངོ་།། དགུན་ཟླ་འབྲིང་པོ་སྐར་མ་ས་རི་ལ་སྒྲ་གྲག་པོ་བྱུང་ངམ། ནམ་མཁའ་ལ་གློག་རྒྱུན་དུ་བྱུང་ན། མཁས་པ་རྣམས་ལ་འཇིགས་པ་ཆེན་པོར་འབྱུང་ངོ་།། དགུཿ ་ཟླ་ར་བ་ཡར་གྱིས་ངོ་ལ་རྒྱུན་དུ་གཡོལ་ན། ལོག་སུམ་ལོན་ནས། ཡུལ་འཁོར་མཐའ་དག་ཕྲེང་བར་འགྱུར་རོ།། དཔྱིད་ཟླ་འབྲིང་པོ་ལ་སྐར་མ་སྣོ་རེའི་ཚེ་ཙཱ་དང་བཅས ་བའི་རླུང་འཁྲུགས་སམ། རྒྱུན་དུ་གཡོན། ཚངས་པར་སྤྱོད་པ་རྣམས་ལ་འཇིགས་པ་ཆེན་པོ་འབྱུང་ངོ་།། དཔྱིད་ཟླ་འབྲིང་པོ་ལ་སྐར་མ་ཁྲུམས་སྟོད་ཀྱིས་ཚེ། ས་གཡོས ་ན་འཇིགས་པ་ཆེན་པོ་འབྱུང་ངོ་།། དཔྱིད་ཟླ་འབྲིང་པོ་ལ་སྐར་མ་མཆུ་སྟོད་ཀྱི་མཚན་མོ་ས་གས་ནི། བློན་པོ་རྣམས་ཀྱིས་རྒྱལ་པོ་གསོད་ཅིང་། མི་མང་དུ་གསོད་དོ།། ་དཔྱིད་ཟླ་ཐ་ཆུང་མར་གྱིས་ངོ་ལས་རྒྱུན་དུ་གཡོ་འམ། ཟླ་བ་དྲུག་གིས་བར་དུ་ཆར་མི་འབབ་ན། དེར་མུ་གེ་འབྱུང་བར་སྟོན་ཏོ།། དབྱར་ཟླ་བ་སྐར། ་མ་པྲ་ཉེའི་ཉིན་པར་ས་གཡོས་ན། མི་དཔའ་བོ་སྟོང་མཆི་ཞིང་ས་ནི་ཁྲག་མཐུང་ངོ་།། དབྱར་ཟླ་ར་བ་ལ་སྐར་མ་སྣབས་ཀྱིས་མཚོན་མོ་ས་གཡོས་ན། མཐའ་ཁོབ་ཀྱིས། ་ཡུལ་འཁོར་གསོད་པ་འབྱུང་ཞིང་། ཡུལ་དུ་འཐབ་མོ་འབྱུང་ངོ་།། དབྱར་ཟླ་འབྲིང་པོ་ལ་སྐར་མ་རྒྱལ་གྱིས་ཚེས་གཡོས་ན། ཡུལ་དེར་ལོ་ཏོག་མ་རུངས་པར་འགྱུར་རོ།། ་སྟོན་གྱི་བྱ་བའི་ལས་ཀྱང་གཡོས་པར་འགྱུར་རོ།། སྐར་མ་ལག་གིས་ཚེ་གང་དུ་རླུང་ལངས་ཏེ། མཆོད་རྟེན་གཡོ་འམ། འབར་རམ་འགྱེལ་ན། ཡུལ་འཁོར་དེར་མྱུར་དུ་ཕུང་བར ་འགྱུར་རོ།། གང་དུ་མཆོད་རྟེན་གྲུབ་འམ་འགྱེལ་ན། རྒྱལ་པོ་དེ་ཡུལ་འཁོར་དང་བཅས་དེ། གཞན་གྱིས་ཁྱེར་བར་འགྱུར་རོ།། དབྱར་ཟླ་འབྲིང་པོ་སྐར་མ་ཁྲིམས་སྟོད་ཀྱིས་ཚེས ་གཡས་ན། རྒྱལ་པོ་རྟག་ཏུ་ས་ཞིང་ཆོམ་ཀུན་དག་གིས་ཡུལ་འཁོར་དེ་བཅོམ་པར་འགྱུར་རོ།། སྟོན་ཟླ་ཐ་ཆུང་ལ་ས་གཡོས་ན། གྲོང་ཁྱེར་གྱིས་སྒོ་གཡོན་ཞིག་གམ། མཆོད ་རྟེན་གཡོ་འམ་ཞིག་དེར་མ་ལུས་པ་ཕུང་བར་འགྱུར་རོ།། ཟླ་བའི་རྩེ་མོ་གཡོན་དུ་གཟའ་ཕུར་བུ་ཞུགས་ན། རྒྱལ་པོའི་ས་གསྨ་ན། གྲོང་ཁྱེར་གྱི་སྒོ།། སའི་དབང་ཕྱུགས་ལོང ་སྤྱོད་ཆེན་པོ་མ་རུངས་པར་འགྱུར་རོ།། ཉི་མ་དང་ཟླ་བ་ཉི་མའི་རྩེ་མོར་གཟའ་དམིར་ཞུགས་ན། མཐའ་འཁོར་ན་གནས་པའི་རྒྱལ་འཕྲན་རྣམས་ཀྱིས་ཁོ་ར་ཁོར་ཡུག་དུ་གནོད་པ ་འབྱུང་ངོ་།། ཟླ་བའི་རྩེ་མོར་སྤེན་པ་ཞུགས་ན། འཇིགས་ཚིག་མ་འགྲིག་མུ་གེ་འབྱུང་བར་སྟོན་ཏོ།། ཟླ་བ་སྤྱད་གུས་ཟིན་ཏན། སྐར་མདའ་ལྷང་ན་ཟླ་བ་དྲུག་ཚུན་ཚད་དུ་འབྱུང་། ་བར་སྟོན་ཏོ།། བརླ་སྐར་ལ་བབས་པའི་ཚེ། ཟླ་བ་སྤྲད་གུས་ཟིན་ན། རྒྱལ་པོ་དང་ཡུལ་འཁོར་དུ་གནོད་པ་མི་ཟད་པ་འབྱུང་ངོ་།། རྒྱལ་པོའི་རླ་སྐར་ལ་བབ་པའི་ཚེ། ཟླ་བ་ལ ་གཟའ་འཇུག་རིངས་ཞུགས་ན། འཐའ་ཁོབ་ཀྱིས་རྒྱལ་པོ་དག་དང་འཐབ་ཅིང་མཚོན་གྱི་ས་རྒྱལ་བར་འགྱུར་རོ།། དཔྱིད་ཟླ་ར་བ་སྐར་མ་མཆུའི་ཚེ། ཟླ་བ་གཟའ་འཇུག་རིངས ་ཞུགས་ན། འབབ་མཆུ་ཐམས་ཅད་སྐམས་པར་འགྱུར། རྐྱེ་དགུ་ནད་ཀྱིས་མཆི་བར་འགྱུར་རོ།། ཕུར་བུ་འམ། སྦ་བ་སངས་ངམ། དམིག་དམར་རམ། སྤེན་པ་ཟླ་བའི ་རྩེ་མོར་ཞུགས་ན་ཡང་། འཇིགས་པ་ཆེན་པོ་འབྱུང་བར་ཤེས་པར་བྱའོ།། སྐར་མ་རྒྱལ་ལ་གཟའ་འཇུག་རིངས་ཞུགས་ནས་འདུག་ན། རིང་པོར་མི་ཐོགས་པར་དེར་ཕྱོགས་བཞི ་ནས་དམག་ཚོ་གས་འོང་ངོ་།། སྐར་མ་མཆུ་ལི་དམིག་དམར་ཞུགས་སམ། གྲོ་བཞིན་ལ་གཟའ་ཕུར་པ་ཞུགས་ན། ལོ་གསུམ་ཁྱང་གོང་དུ་འཇིགས་པ་རྟག་ཏུ་འབྱུང་ངོ་།། ་དབྱར་ཟླ་ར་བ་སྐར་མ་སྣ་ར་མ་ལ་པ་བ་སངས་ཞུགས་ཏེ། ཕྱིར་ལོག་ན་འབྱུང་པོ་ཐམས་ཅད་དང་། རྒྱལ་རིགས་རྣམས་འཇིགས་པ་ཆེན་པོ་འབྱུང་ངོ་།། སྐརཱ་ས་ག་ལ་ཕུར་བུ ་འམ། སྤེན་པའམ། ཟླ་བ། ཉི་མ་ཞུགས་ན། སྐྱེ་རྒུ་འཁོར་ལོས་བསྣུན་པ་བཞིན་དུ་འཕུང་བར་འརྒྱུར་རོ།། ཡང་དང་གོང་སྐར་དང་། ཡང་གོལ་ལ་སོགས་པའི་སྐར་མེ་ལ ་འདོར་བསྡུས་པ། ལྷ་དང་གཡང་མཆོད་པ། གཉིན་སྦྱར་བ་དང་། ལམ་དུ་འཇུག་པ་དང་། ཤིང་གཏང་བ་རྣམས་ཀྱིས་སྐར་མ་བཟང་ན་སྦྱར། ་པ་ལ། ལྷ་མཆོད་ཅིང་དཔལ་དང་ཀ་ཡང་བགྱི་བའི་སྐར་མ་བཟང་དུ་གདམས་པ། འགོ་དང་། བྲེ་དང་། མི་བཞི་དང་། མོན་གྲུ་སྣམས་སོ།། འབྲིང་སྨད་དུ་བགྱི ་བ་ལ། བྱི་བཞིན། གྲོ་བཞིན། སྨིན་དྲུག། སྣར་མ། ལག་རྒྱལ། ཆུ་སྟོད། མཆུ་སྨད་རྣམས་སོ།། སྐར་མ་དེ་དག་ལ་མ་གཏོགས་པ། གཞན་ནི་བགྱི་བར་མི་རུང་སྟེ་ངནོ།། ་གཉེན་སྦྱོར་བྱ་བའི་སྐར་མ་བཟང་པོ་གདམ་པ་ལ། དབོའ། ལྷ་འཚམས། མེ་བཞི་དང་སྣམས། ཆུ་སྟོད། ཆུ་སྨད། ནམ་གྲུ་རྣམས་ཏེ། སྐར་མ་འདི་དག་ལ། བག་མ་ཚུར་ལ་བླང ་ཀྱང་རུང་། བུ་སྲིངད་པར་ལ་གཏད་ཀྱང་རུང་སྟེ། ལོ་དང་གནད་འཕྲོག་པ་དང་། བཀྲ་ཤིས་སོ།། ངན་རབ་སྟེ་མི་རུང་བ་ལ། སྣར་མ་དང་། ནག་པ་ལ་སོགས་པ་གཞན་ནི་ངན ་ཏེ་བྱེ་བར་འགྱུར་རོ།། ཞིང་ལ་ས་བོན་གདབ་པ་ལ། སྐར་མ་བཟང་དུ་བ་དམ་པ། ནམས་སོ་དང་། ལྷ་འཚམས་དང་། ཆུ་སྟོང་དང་། ཆུ་སྨང་དང་། བྱི་བཞིན་ནམས་སོ།། ་མཆོག་ཏུ་ངན་པ་ལ། སྨིན་དྲུག་དང་། རྒྱལ་དང་བྲ་ཉེ་རྣམས་སོ།། ལམ་དུ་འཇུག་ཅིང་དོན་གཉེར་བའི་སྐར་མ་བཟང་ངན་ལྟ་བ། སྐར་མ་ཤར་ཕྱོགས་དང་། བྱང་དབང་བའི ་སྐར་མ་ལ། འགོ་ལག་ནམ་སོ།། རྒྱལ་མོན་གྲུ། མོན་གྲེ། ཁྲུམ་སྟོང། ཁྲུམས་སྤད། ནམ་ཐུ་ཐ་སྐར་རྣམས་ཡིན་ཏེ། ཤར་ཕྱོགས་དང་བྱང་ཕྱོགས་སུ་མཚོན། སྐར་མ ་འདི་དག་གིས་ཉིན་མ་ལ། ལམ་དུ་འཇུག་སྟེ་སོང་ན་ངོན་གྲུབ་ཅིང་། མི་ཕྱག་གཉི་གར་ལ་ཉེ་ཞི་མི་འབྱུང་ངོ་།། སྐར་མ་དེ་དག་ལ་བབས་པའི་ཉིན་པར་ལྷོ་དང་ནུབ་དུ་མཆི་ན། ་མི་འཕྲོད་ཀྱིས་མ་འགྲོ་ཞིག་སྐར་མ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དབང་བའི་སྐར་མ་ལ། གྲེ། དཔོའ། མེ་བཞི་ལྷ་འཚམས་སྟོན།། སྣབས། ཆུ་སྟོད། ཆུ་སྨད། བྱི ་བཞིན། རྣམས་ཡིན་ཏེ། ལྷོ་དང་ནུབ་ཕྱོགས་སུ་མཆི་ན། སྐར་མ་དེ་དག་གི་ཉི་མ་ལ། ལམ་དུ་ཞུགས་ཏེ་སོང་ཤིག། འདྲོན་གྲོག་ཅིང་ཉི་ཞོ་མེད་དེ་སླར་འཁོར་རོ།། ་སྐར་མ་དེ་དག་ལ་བབ་པའི་ཉིན་པར་ཤར་དང་བྱང་ཕྱོགས་སུ་འཆི་ན། དོར་མི་གྲུབ་ཅིང་ཉེ་ཞོ་འབྱུང་སྟེ། སླར་ཡང་མི་འཁོར་བས་མ་འགྲོ་ཤིག་ཕྱོགས་གར་མཆི་ཡང་རུང་སྟེ། ་སྐར་མ་འདི་རྣམས་ལ་བབ་ན། འགྲོར་མི་རུང་བ་ལ། ནགས་པས་རི་བྲ་ཉེ། སྨིན་དྲུག། སྐགས་འདི་བདུན་ལ་བབས་ན། ཕྱོགས་འཚམས་མདོ་གཙོང་གར་ཡང་འགྲོ་མི་རུང ་སྟེ་མའི་ཕྲོད་པས་ཞག་མགའ་བ་ཞོལ་ན་ལེགས་སོ།། སྐར་མ་འདི་རྣམས་ཀྱིས་ནང་ན་མཆོག་དུ་གདམས་པ་ལ། ཤར་དང་བྱང་ཕྱོགས་སུ་རྒྱལ། ཁྲུམས་སྟོང་། ཐ་སྐར ་ལ་བཟང་བར། ལྷོ་དང་ནུབ་ཕྱོག་སུ་འགྲོ་ན། ལྷ་འཚམས་མེ་བཞིན་འགྲོ་ན་བཟང་བར། ཡང་དོན་གཉེར་བའི་ལམ་སྐར་རྣམས་གཅིག་ལ། སྐར་མ་རྒྱལ་དང་། ཐ་སྐར ་གཉིས་ནི་ཉི་མ་འཆར་བའི་ཡུལ་དང་། མདོ་སྨད་དང་། བྱང་ཕྱོགས་སུ་འགྲོ་ན་དོན་གྲུབ་ལ། མི་བྱུག་གཉིས་གར་གང་ཡང་རུང་། ནོར་ཡོད་དང་། ཟེང་གྲུམ་གང་ཡང་མི ་@#འཆིའོ།། ནུབ་ཕྱོགས་དང་ལྷོ་ཕྱོགས་སུ་དོན་ཆེན་པོ་ཞིག་གཉེར་ཞིང་འགྲོ་སྟེ། སྐར་མ་བཀྲ་ཤིས་སུ་བདམ་པ་ན། ལྷ་མཚམས་མེ་བཞི་ལ་ལམ ་དུ་ཞུགས་ན། མི་ཕྱག་གཉིས་ཀ་ལ་ཉེ་ཞོ་དང་ཐེང་གྲམ་མི་འཆིའོ།། ཡང་ཉེ་རིང་དང་ཕྱོགས་འཚམས་གར་མཆི་ཡང་རུང་སྟེ། འགྲོར་མི་རུང་བའི་སྐར་མ་ངན་པ་རྣམས་ལ། ་ནག་པ་དང་། ས་ག་དང་། བྲ་ཉེ་དང་། མཆུ་སྨད་དང་། སྤྲིན་དྲུག་དང་། སྣར་མ་དག་སྟེ། འདི་རྣམས་ནི་ངན་ཅིང་འགྲོར་མི་རུང་བའི་སྐར་མའོ།། ཡང་ཕྱོགས་བཞིར་འགྲོ་བའི་སྐར ་རྣམས་གཅིག་བསྟན་པ་ལ། འཕྲོད་ཅིང་བཟང་བའི་སྐར་མ་ལ། གྲེ་དང་། དབོ་དང་། མེ་བཞི་ནང་། ལྷ་མཚམ་དང་། སྣརོན་དང་། སྣབས་དང་། ཆུ་སྟོད་དང་། ཆུ་སྨད་དང་། བྱི།། ་བཞིན་དང་། གྲོ་བཞིན་ཏེ། སྐར་མ་འདི་བཅུ་ནི་ལྷ་ཕྱོགས་དང་། མདོ་གཙང་ཕྱོགས་སུ་དོན་གཉིར་ཞིང་འགྲོན་པོར་འཆི་ན། འདི་རྣམས་གང་ལ་བབས་ཀྱང་རུང་འཕོད་ཏེ་བཟང་ངོ་།། ་དོན་གྲུབ་ལ་སླར་མྱུར་དུ་འཁོར་ཅིང་ན་ཚ་དང་། རླག་པོར་དང་། ཟེང་གྲུམ་ལ་སོགས་ནོང་ཞིང་ཉེ་ཞོ་མི་མཆིའོ།། ཤར་དང་བྱང་ཕྱོགས་མཆི་ན། སྐར་མ་འདི་རྣམས་ལ་བབས་ན་ངན ་དོན་མི་གྲུབ་ཅིང་སླར་མི་ཁོར་ཏེ། ཉེ་ཞོ་མཆིའོ།། སྐར་མ་འགྲོ་ལག་སྣར་མ་ནམ་སོ།། རྒྱལ་མོན་དྲེ། མོན་གྲུ་ཁྲུམས་སྟོད། ཁྲུམས་སྨད། ནམ་གྲུ་ཐ་སྐར། སྐར་མ་བཅུ ་གཅིག་པོ་འདི་ནི། ཤར་དང་བྱང་ཕྱོགས་སུ་མཆི་ན། སྐར་མ་འདི་རྣམས་གང་ལ་བབས་ཀྱང་སྟེ། དོན་གྲུབ་ཅིང་ན་ཆ་དང་སྟོར་རླག་སོགས་པ་མི་འབྱུང་ངོ་།། ནུབ་དང་ལྷོ་ཕྱོགས་སུ་མཆི ་ནི་སྐར་མ་འདི་དག་ལ་བབ་ན་དོན་མི་འགྲུབ་ཅིང་སླར་མི་འཁོར་རོ།། ན་ཚ་དང་། རླག་སྟོར་དང་། གོད་ཚབས་ཚེར་མཆི་སྟེ། སྐར་མ་དིང་རྣམས་ལ་མ་འགྲོ་ཤིག། ལམ་དུ་འཇུག ་པའི་ཚེས་གྲངས་དང་། ཆོ་ག་བསྟན་པ། ཡང་ལམ་དུ་འཇུག་པའི་ཚེས་དང་། གཟའ་དང་། རྒྱུ་སྐར་དུ་ལྡན་ན་ལེགས། དེ་ལྟར་དུ་མ་ལྡན་ན་ཚེས་གྲངས་དང་། ཚེས་གྲངས་བཟང ་པོ་བདམས། ལམ་དུ་ཞུགས་ན་ཤིས་པར་འགྱུར་ཏེ། ཚེས་གསུམ་དང་། བདུན་དང་། བཅུ་གཅིག་དང་། བཅུ་བདུན་དང་། བཅུ་དགུ་དང་། ཉི་ཤུ་གསུམ་དང་། ཉི་ཤུ་བདུན་ཏེ། ་འདི་རྣམས་ཀྱིས་ཉིན་པར་ཞུགས་ན། ཉི་རིང་གར་འགྲོ་ཡང་བཟང་ངོ་།། དེ་ལྟར་མ་ལྡན་ན་རིངས་པར་ཞིག་ཡོད་ན། ཤར་ཕྱོགས་སུ་འགྲོ་ན་ལྕགས་ཆེ་ཆུང་ཚོན་དོ་པ་གཅིག་ཕག ་ན་བཟུང་བར་བྱའོ།། ལྷོ་ཕྱོགས་སུ་མཆི་ན་ཆུ་ཕོར་གང་བཟུང་བར་བྱའོ།། ནུབ་ཕྱོགས་སུ་འགྲོ་ན་སོལ་བ་མཚོན་གསུམ་པ་ཞིག་བཟུང་བར་བྱ། བྱང་ཕྱོགས་སུ་འགྲོ་ན་ས ་ཕུལ་གང་བཟུང་སྟེ། རྒྱང་གྲགས་སུ་དོར་བར་བྱའོ།། ཉེས་པ་མི་འབྱུང་ངོ་།། སྒོ་ནས་ཆས་པའི་ཚེ། ཁྱི་འཐབ་མཐོང་ན་འགྲོ་བ་མི་རིགས་ཀྱིས། རེ་ཤིག་མ་འགྲོ་ཤིག ་ལམ་དུ་ཞུགས་པའི་ཚེ། མཚོན་ཚར་བག་ཁ་ནས་བརྗོད་ཅིང་འབྱུང་ངོ་།། བོ་རླག་ཅེས་བརྗོད་དུ་མི་རུང་ངོ་།། སྒོའི་ཐད་ཀ་ནས་ཕྱི་རོལ་དུ་གཏམ་མི་བྱ་བ་ཆས་ཏེ་སོང་བའི ་འོག་སླར་སྒོ་ལོགས་སུ་ལྟ་བར་མི་བྱ། དེ་ལྟར་བྱས་ན་ཉེ་ཞོ་འབྱུང་ངོ་།། ཤིང་བྱེད་པའི་སྐར་མ་ལ་གཟའ་བཟང་པོར་བརྩི་བ་ནི། འགྲོ་དང་། མེ་བཞི་དང་། མོན་གྲེ་དང ་ཁྲུམས་སྤང་དང་། ནམ་གྲུ་དང་། ཐ་སྐར་རྣམས་སོ།། འབྲིང་དུ་བགྱི་ན། བྱི་བཞིན། གྲོ་བཞིན། སྣར་མ། ལག་རྒྱལ་མཆུ་སྟོད་རྣམས ་སོ། ཤིན་ཏུ་ངན་པ་སྐར་མ་བདུན་ཡོད་དེ། ཅིའི་ཕྱིར་ཞེ་ན། རེས་གསུམ་དུ་འགྱུར་བའི་ཕྱིར་རོ།། དེ་དག་གང་ཞེ་ན། བྲ་ཉེ་སྨིན་དྲུག་ནམ་སོ།། དབོའ་ས་ག། ཆུ་སྨད་ཁྲུམས ་སྟོང་རྣམས་ཏེ། དེ་རྣམས་ཀྱིས་ཉི་མ་ལ་ཤིང་བྱེད་ཅིང་རོ་བསྐྱོད་དུ་མི་རུང་ངོ་།། དེའི་ཉིན་པར་སྙིང་དགའ་བ་ཞིག་གམ། ནོར་བཟང་པོ་ཞིག་ཐོབ་ན་ཡང་། རེས་གསུམ་དུ ་བརྡུང་མར་ཐོབ་སྟེ་དགའོ།། ཞལ་མཆུ་ཞིག་གིས་བཏབ་འམ། དགྲ་ཞིག་ཟུས་ཏེ། སྙིང་མི་དགའ་བར་གྱུར་ན་ཡང་། རེས་གསུམ་དུ་བརྡུང་བར་འབྱུང་ངོ་།། ་གཟེའ་བརྩི་བ། དཔྱིད་ཟླ་ར་བ་དང་། དབྱར་ཟླ་འབྲིང་པོ་དང་། སྟོན་བླ་འཐ་ཆུང་འདྲ་བར་སྨོན་པས་ཆོས། དབྱར་ཟླ་ར་བ་དང་། སྟོན་ཟླ་འབྲིང་པོ་དང་། དགུན་ཟླ་ཐ་ཆུང ་འདྲ་བར་ཕུར་བུས་ཚེས། སྟོན་ཟླ་ར་བ་དང་། དགུན་ཟླ་འབྲིང་པོ་དང་། དཔྱིད་ཟླ་ཐ་ཆུང་འདྲ་བར་དམིག་དམར་ལ་ཚེས། དགུན་ཟླ་ར་བ་དང་། དཔྱིད་ཟླ་འབྲིང་པོ་དང་། ་དབྱར་ཟླ་ཐ་ཆུང་འདྲ་བར་ཟླ་བས་ཆེས།། །། ཟླ་ཤོལ་དོར་བ་ནི་ལོ་ངོ་མཐོང་གསུམ་ཞིག་དོར་ཤོལ་ལན་ཅིག་དོར་ཏེ། ཡང་ལྀ་ཚུལ་དུ་ན། སྐར་མ་ཁྱིམ་བཅུ་གཉིས་ལྷོ ་བྱང་ཤར་ནུབ་ཕྱོགས་བཞིན་ཚིས་པ་ལ། ཕྱོགས་ཀྱི་ར་ཤིའི་དཀྱིལ་དང་པོ་ལ་ཤོལ་དོར་ཏེ། ལོ་སྐོར་བཅུ་གཉིས་ལ་ཤོལ་ལན་བཞི་དོར་བར་བཅི། རྒྱལ་བའི་ལྟར་ན་ཡང ་འདི་དང་མཐུན་ཏེ། ཕྱོགས་བཞིའི་ལོ་སྟོང་། ཤར་དྲང་པོ་ན་ཡོས་བུ། ལྷོ་དྲང་པོ་ནརྟ། ནུབ་དྲང་པོ་ན་བྱ། བྱང་དྲང་པོ་ན་བྱི་བ་རྣམས་ཏེ། བྱི་བའི་ལོ་ལ་དཔྱིད་ཟླ་འབྲིང་པོ་གཉིས ་ཏེ་ཤོལ་དོར། ཡོས་བུའི་ལོ་ལ་དབྱར་ཟླ་འབྲིང་པོ་ལ་ཤོལ་དོར། རྟའི་ལོ་ལ་རྟོན་ཟླ་འབྲིང་པོ་ལ་ཤོལ་དོར།། ཕྱོ་ལ་ཀུར་ཆུ་ཚིང་པོ་ལ་སོ་ལླ། ག་རུ་རའི་རྒྱུད་ཀར་ཀ་སང་ཀ་ཧ་ཞེས་བྱ་བ་ལས ་གཟའ་ཆེན་པོ་བདུན་རེས་ཀྱིས་ཉིན་ཞག་རེ་ལ་དབང་བྱེད་པའི་ཚེ། གཟའ་གཅིག་ལ་དབང་བའི་ཞག་གཅིག་ལ་ཡང་ཉིན་མོ་ཐུན་བརྒྱད། མཚན་མོ་ཐུན་བརྒྱད་ལ། ཀླུའི་རྒྱལ ་པོ་བརྒྱལ་པོ་བརྒྱད་དབང་བྱེད་པའི་གོ་རིམས་དང་། བཟང་ངན་རྟག་པའི་མདོར་བསྡུས་པ། གཟའ་བདུན་པོ་ནི། ཉི་མ་དང་། ཟླ་བ་དང་། དམིག་དམར་དང་། ལག་པ་དང་། ་ཕུར་པ་དང་། སྤ་སང་དང་། སྤེན་པའོ།། ཀླུའི་རྒྱད་ལ་དང་པོ་བདུན་ནི། མཐའ་ཡས་དང་། ནོར་རྒྱས་དང་། འཇོག་པོ་དང་། པད་མ་ཆེན་པོ་དང་། དུང་སྐྱོང་ངོ་།། ་ཀླུའི་རྒྱལ་པོ་བརྒྱད་ནི། རིགས་ལྡན་ཞེས་བྱའོ།། དེ་ལ་གཟའ་ཆེན་པོ་བདུན་པོ་དེ་དག་ནི་རེས་ཀྱི་གོ་རིམས་བཞིན་དུ་ཉིན་ག་རེ་རེ་ལ་དབང་ངོ་།། དེ་དག་གིས་ཉིན་ཞག་གཅིག་ལ། ་ཉོན་མོ་ལ་ཡང་ཐུན་བརྒྱད། མཚན་མོ་ལ་མཐུན་བརྒྱད་དུ། བཅས་པ་ལ། ཀླུའི་རྒྱལ་པོ་ལྔ་མ་བདུན་གྱི་སྟེང་དུ། ཀླུའི་རྒྱལ་པོ་རིགས་ལྡན་གྱིས་བསྟན་ཏེ། བརྒྱད ་གོ་རིམས་བཞིན་དུ་དབང་བྱེད་པ་ཡང་ཡོད་དེ། གཟའ་ཉི་མའི་ཞག་གཅིག་ལ་མཐུན་བརྒྱ་དྲུག་ལ་ནི། ཀླུའི་རྒྱལ་པོ་རིགས་ལྡན་རང་གིས་སྐལ་བ་དང་། ཀླུའི་རྒྱལ་པོ་པད ་མ་ཆེན་པོ་དང་། སྟོབས་ཀྱི་རྒྱུའི་སྐལ་པ་ལ་ཡང་དབང་དབྱེད་དོ།། གཟའ་ཟླ་བའི་ཉིན་ཞག་གཅིག་གིས་ཐུན་བཅུ་དྲུག་ལ་ནི། ཀླུའི་རྒྱལ་པོ་རིགས ་ལྡན་རང་གི་སྐལ་པ་དང་། ཀླུའི་རྒྱལ་པོ་བད་མ་དང་། པད་མ་དང་དུང་སྐྱོང་གི་སྐལ་པ་ལ་ཡང་དབང་བྱེད་དོ།། གཟའ་དམིག་དམར་གྱིས་ཉིན་ཞག་གིས་ཐུན་བཅུ་དྲུག ་ལ་ནི། ཀླུའི་རྒྱལ་པོ་རིགས་ལྡན་རང་གིས་བསྐལ་དང་། ཀླུའི་རྒྱལ་པོ་པད་མ་དང་། དུང་སྐྱོང་གིས་སྐལ་བ་ལ་དབང་བྱེད་དོ།། གཟའ་ཕུར་བུའི་ཉིན་ཞག་ལ་ནི། རིག ་ལྡན་རང་གིས་སྐལ་པ་དང་། འཇོག་པོ་དང་། པད་མ་དང་དྲང་སྐོང་དང་གིས་སྐལ་པ་ལ་ཡང་དབང་བྱེད་དོ།། གཟའ་སྦ་བ་བཟང་གིས་ཉིན་ཞག་ལ་ནི། རིགས་ལྡན་རང་གིས ་སྐལ་པ་དང་། དུང་སྐྱོང་ལ་ཡང་དབང་བྱེད་དོ།། གཟའ་སྲིན་པོའི་ཉིན་ཞག་གི་ཐུན་བཅུ་དྲུག་ལ་ནི། རིགས་ལྡན་རང་གིས་སྐལ་པ་དང་། སྟོབས་ཀྱི་རྒྱུ་དང་། དུང་སྐྱོང་གིས ་སྐལ་བ་ལ་དབང་བྱེད་དོ།། དེ་ལ་གཟའ་བདུན་པོའི་ཉིན་མཚན་གྱིས་མཐུན་གང་ལ། རིགས་ལྡན་རང་དང་། གཞན་གྱིས་སྐལ་པ་ལ་ཡང་བྱེད་པའི་ཐུན་དེ་དག་ལ། མི་དེ་དག་ལ ་སོགས་པ་འདུག་པས་ཟིན་པ་ལ་གློས་པ་ནི་གཤིན་རྗེས་པ་དང་། འདྲ་སྟེ་མའི་འཚོའོ།། ཚེར་མ་དང་། རྩ་ཤིང་ལ་སོགས་པ་རྨ་མཆེད་ཅིང་། ནད་ཆེན་པོར་འགྱུར་ཏེ་མའི་ཚེའོ།། ་ནད་ཀྱི་བཏབས་པ་དང་། གྲོང་ཁྱེར་ལ་ཐོགས་པ་དང་། མི་འཚོ་མི་ཐར་རོ།། དོན་དུ་འགྲོ་བ་དང་། དོན་འགྲུབ་པ་ཡང་ཉེ་ཞོ་འབྱུང་ཞིང་དོན་མི་འགྲུབ་པོ།། ཀླུའི་རྒྱལ་པོ་གཞན ་གྱིས་དུས་ལ་ནི། ཅི་བྱ་བར་བཟང་ངོ་།། །། ནོར་བུ་རིན་པོ་ཆེ་བཟང་ངན་བརྟགས་པའི་གཞུང་དང་ཐབས། ཡོངས་ཡང་ནོར་བུ་རིན་པོ་ཆེ་བཙལ་ན། ཐོག་མ་བྱུང་ཁངས་ནི། ་འཛམ་བུ་གསེར་གླིང་གིས་ཕ་རོལ་ན། རིན་པོ་ཆེ་སྣ་ཚོགས་ཀྱི་རི་ཡོད་པ་ལས། གཡུ་རྡོ་དང་། དངུལ་རྡོ་རྐོ་བ་བཞིན་དུ་རིན་པོ་ཆེའི་རྡོ་བ་འབྱུང་བའི་མིས་རྐོས་ནས། སིང་ག་ལ ་ཏི་བའི་རྒྱལ་པོ་ལ། གསེར་གྱིས་གཞོང་བའི་ནང་དུ་བླུགས་ཏེ། ཕུལ་ནས། རྒྱལ་པོ་ལ་ཆག་ཤིང་གིས་དེའི་ནང་ནས་བཏོན་ཏེ། བློན་པོ་རྣམས་ཀྱིང་ལྔ་བཅུ་མན་ཆད། རྒྱ ་བཅུ་ཡན་ཅད་ས་སོར་བྱ་དགར་གསོལ་ཞིང་འཐོར། རྒྱ་གར་གིས་མཁན་པོ་མཁན་པོ་ནི་ན་ཏྲ་སི་ནས་ཀྱང་། འདི་བཞིན་དུ་མཐོང་སྟེ། རྒྱ་ཡུལ་ནས་དར་རྙེད་པས། བློན ་པོ་དེ་དག་ལས་ཉོས་ཏེ། ཡེ་ཞོ་བར་མ་ལའམ་བདུན་ཞིག་ཕུལ་རིན་པོ་ཆེ་བཙལ་ན་རྙེད་པའི་ཁུངས་ནི། མཚོང་པ་ཕྱུག་པོ་མང་པོ་ཡུལ་གྲུ་མང་པོར་རྒྱུ་རྒྱུ་བ་མགའ་ཙམ་ལ ་བཟང་པོར་བདོག། མི་ངན་པ་ལ་ནི། རིན་པོ་ཆེ་བདོག་ཀྱང་མི་བདོག་ཁ་ཅིག་ལ་ནི་རིན་པོ་ཆེ་མཆི་ཡང་། རིན་པོ་ཆེ་མ་ལགས། རིན་པོ་བཟང་ངན་རྩི་བའི་རྟགས་ནི། མུ་ཏིག་རྟག་པ། ་ཟླུམ་པ་དང་། མདོག་ཉི་མའི་ཁ་དོག་ལྟར་དཀར་ཞིང་འཚེར་བ། ལྟེང་མཆིས་ན་བཟང་། པད་མར་དང་། ཨན་ད་རྙིལ་བ་ལ་སོགས་པ་བརྟག་ན། སྤྱིར་ལྕི་བ་དང་། གསལ ་ལ་དེའི་ནང་ན་ཡང་སྙིང་པོ་འདྲ་བའི་ལྷང་ལྷུང་པོ་མཆིས་ན། བུ་ག་མ་མཆིས་པ་བཟང་། མུ་ཏིག་དབུག་པ་ནི། རག་ཤིག་ངེས་པའི་རྣམས་བུ་ག་དབུག་པོ་ནི་ཆབ་དུ་བསྔལ་ཀྱང་། ་གར་དབུག་པ་འདོན་ཏེ། དེ་ནས་ཕྱིར་ཆབ་ནས་ཕྱངས་སྟེ། བུག་དེ་ནས་ཡང་རིན་པོ་ཆེ་བརྟག་པའི་ཐབས་གཅིག་ལ། ཤོག་ཤོག་དྲིལ་བ་འཛུག་མོ་ག ་ཙམ་ལ། ཡུང་བ་བརྟགས་པའི་འ་གུས་ཤོག་ཤོག་དྲིལ་བ་ལ། བསྐས་ལ། དེའི་སྟེང་དུ་སྲོས་པ་ཁམ་ཅིག་གིས་ཀླན་ཏེ། དེ་ལ་ནོར་བུ་རིན་པོ་ཆེ་གཙུགས་ལ། རིན་པོ་ཆེའི ་མཆུག་མ་གཉིས་ག་ལྡོགས་སུ་བསྟན་དེ། དེའི་ཁ་དོག་གིས་ཤོག་ཤོག་ཡུ་ར་བ་ལ་བསྐས་པ་ལ། སྔོན་པོ་འམ་དམར་པོར་གྱུར་ན་བཟང་བ།། ། དོང་རྩེ་ཨི་པན་ཞེས ་བྱ་བ་འཕྲེང་གཅིག་གྲངས་སྟོང་། རྒྱལ་ཞོ་བཅུ་ལ་སྲང་གཅིག་ཏུ་རྩིས་པ། དོང་རྩེ་གཅིག་ལ་ཞོ་གཅིག་དོང་རྩེ་བཅུ་ལ་སྲང་གཅིག་འབྱུང་། སྟག་གཟིག་ཡུལ་ན་རྒྱལ་པོའི་དཀོར་དང་། ་བྱ་དགར་སྤྲུལ་པ། བོད་ཀྱི་མི་དང་འདྲ་བར། དོང་རྩེ་གཅིག་ལ་ཞོ་བརྒྱ། ཞོ་བརྒྱད་ལ་གསེར་སྲང་ཕྱེད་དང་བཅུ་གསུམ་ལ་བརྒྱད། སྟེང་གི་རི་མོ་དང་། ཡི་གེ་ནི་རབ་རྒྱལ ་པོ་རེ་རེ་ཞིང་འགྱུར། དོང་རྩེ་ཆུ་དུ་ནི་ཀུན་ཀྱང་འདྲ་སྟེ། ཞོ་གཅིག་གིས་ཚད་ནི་བརྒྱད་ལ་ནི་སྲང་གཅིག་འབྱུང་། དངུལ་ནི་ནམ་གཉིས་ལ་བགྱིད། ཟ་ཏིག་ནི་གསེར་དང ་དངུལ་ཟངས་གསུམ་ལ་བགྱིད། གསེར་གྱིས་དོང་རྩེ་ཞོ་གཅིག་པ་གཅིག་ལ་དངུལ་གྱིས་ཡ་ག་མ་ནམ་གཉིས་པ་ཉི་ཤུས་འཇལ། དངུལ་གྱི་ཡ་གམ། གཅིག་ལ ་ཟངས་གིས་དོང་རྩེ་ནི། ཚོད་མ་དང་ག་གོན་དང་། སྦྱིན་གཏོང་འཕྲེང་ཚོགས་ཀྱིས་གཏོར་དུ་བགྱིད། རྒྱ་གར་གྱིས་ཚེནི་གསེར་དང་། དངུལ་དང་། རགན་དང་། ཁར ་བ་བཞི་བསྲེས་ཏེ། མིང་ནི་ངོ་ལོངས་བགྱི་སྟེ། གསེར་དང་དངུལ་ནི་ཆུང་ར་གན་དང་། ཁར་བ་ནི་ཆེ་སྟེ། གཅིག་ལ་ཞོ་གཉིས་མཆིས་ཏེ། ལྟར་ལྷན་གཅིག་དུ་བཞུ་ཡང་། ་མི་འདྲ་སྟེ། སོ་སོ་ན་ཚིག་གཅིག་པོར་གདབ། བལ་པོ་ནི་པ་ན་སེས་བགྱི་སྟེ། ཟངས་མ་གཅིག་པུ་ལ་ཡང་བགྱིས་སྟེ། ཟངས་མ་དང་ཞ་ནེ་དང་མཁར་བ་ལ་སྲེས་པ ་ཡང་བགྱིད། དེ་གཅིག་ལ་ཞོ་གཉིས་ཀྱིས་ཚང་དུ་ཡུལ་ག་ན་སྟེ། དོང་རྩེ་རྒྱལ་པོའི་བླའི་དཀོར་དུ་བརྡུངས་ཏེ། འོག་མ་གཞན་བགྱིད་དུ་མི་གནང་། རྒྱ་ཡུལ་ན་གླང ་གསད་པ་དང་། དོང་རྩེ་ལྡུགས་པ་ནི་འདྲ་སྟེ། བཅད་པར་ནི་འགུན། ཏི་ཟིག་དང་། པར་ཡུལ་ན་ནི། དོང་རྩེ་ལྡུགས་པའི་མགར་བ་རྣམས་ལག་པ་བླ་རྒྱས་འདེབ། ་འོག་མ་དག་གིས་བླུགས་ན་ལག་པ་གཅོད།། །། འཕྲ་མེད་ཡིན་ནམ་མེན་བརྟག་པ། མིག་ལས་མངོན་ཏེ། འབྲས་བུའི་ནང་དུ། མིའི་གཟུགས་རྙན་འབྱུང་སྟེ། ་གཟུགས་དེ་ལ་རྐང་པ་ལ་ལྟ་ལ་འགོ་ཡང་ལྟ་ན་ནི། འཕྲ་མེན་མ་ཡིན། འགྲོ་མར་ལྷ་ལ། རྐང་པ་གྱིད་དུ་སོང་བ་དྲན་ན། འདུག་ན་ཕྲ་མེན་མས་མི་ལས་ཕྱུགས ་སུ་བསྒྱུར་བ་ནི། འཕྲ་མེན་མའི་ཚོགས་བྱི་བ་གཉིས་ལ། གཉའ་ཤིང་དང་། གཤོལ་གཅུགས་ཏེ། ཞིང་རྨོ་ས་བོན་ཏིལ་བཏབ་པ་དང་། དེ་མ་ཐག་ཏུ་ལྗང་བུ་དེ་མ ་ཟག་ཏུ། སྙེ་མ་དེ་མ་ཐག་དུ་འབྲས་བུ་སྨིན་ནས་བརྔས་ཏེ་བརྡུངས་ཏེ། བརྩིར་བའི་མར་གྱིས། ཐིག་ལེ་རེ་རེ་བསྐྱེད་སོ་གཅིག་བྱོལ་སོང་དུ་འགྱུར། གནའ་ཕྲ་མེད ་མ་གཅིག་ནས་བརྔོས་ཕུང་པོའི་དྲུང་ན། མི་རྒན་རྒོན་གསུམ་ཞིག་འདུག་པ་ལས་འཕྲ་མེན་མ་གཅིག་མཚན་མོ་ནས་ཀྱིས་ཕུང་པོའི་སྟེང ་དུ་འོངས་ནས། མི་གསུམ་དེ་ནས་དུག་པ་ནི་མཚེར། མོས་ལྕག་གཅིག་གིས་ནས་ཀྱི་ཕུང་པོ་གཞུ་བ་ལྟར། བྱས་པ་དང་། ནས་ཀྱིས་ཕུ་པོ་དང་། མི་གསུམ་དང ་བཅས་ཏེ། ཞག་བཅཝོ་བརྒྱད་ཀྱིས་ལམ་དུ་ཕྱིན་ཏེ། ལན་ཅིའི་རི་ཞིག་ལ་ཐུགས་པ་དང་། འཕྲ་མེ་ན་མ་དེ་ནི་དེ་ནས་ཀྱང་འཕུར་ཏེ། གར་སོང་གི་ཏོལ་མེད་ཕྱིན། རྒད ་པོས་རྒན་མོ་ལ་གཏམ་དུ་ཟེར་བ། རུ་བུ་ཅག་ཀྱང་ཕྲ་མེན་མས་མཚར་གྱིས་བྱད་སྡེམས་འམ་ཅིག་བྱས་ཏེ། ལན་ཙིའི་རི་ལ་ཐུག་ན། ལན་ཙ་མང་ཞིག་ནས་ཀྱིས་ཕུང ་པོའི་ནང་དུ་སྦའོ།། ཞེས་མཚོ་ནས། ཀུན་སྔ་མའི་ས་ཕྱིན་པ་དང་། དེ་ནས་བྱ་ཟེར་བ་དང་། བྱས་ནོན་ནས་ཕྲ་མོན་མས་འཕྲུལ་བྱེད་མས་ནུས་ནས། འགུལ་ཡང ་མ་ནུས་པ་དང་། དུག་པ་དང་། རྒན་རྒོན་ན་རེ། ཁྱེད་ཕྲ་མེན་ཡིན་གྱིས། རྒྱལ་པོ་ལ་གསོལ་ཏེ། གསད་དོ་ཞེས་བྱས་པ་དང་། འཕྲ་མེན་མས་ཀྱང་ཡིན་པར་ཁས ་བླངས། ནོར་གསུག་མང་པོ་ཞིག་སྦྱིན་པར་བྱས་ནས། རྒན་རྒོན་གྱིས་ཀྱང་བཏང་། ཡང་འཕྲ་མེན་མས་ཀྱང་མ་ནི་མཚན་རྗེ་མ་དང་། ཕྱགས་མ་དང་། སྒོང་ང་ལ ་ཞོན་ཏེ། ནམ་མཁའ་ལ་འགྲོ།། འཕྲོ་མེན་མ་ནི་སྒོང་ང་ཡང་བྱེད་ཅིང་། ཚོང་དུས་སུ་མཆོང་སྟེ། དེ་ལ་མིས་སྒོང་ཡང་དག་པ་ཡིན་ནམ། གང་ཞིག་བརྟག་ན། སྒོད ་ང་བཙོས་ཏེ། ཤུན་སྦགས་བཤུས་ནས། དྲིས་རྒས་པར་བཅད་པ་དང་། གྲིའི་ཁ་ལ་སྐུ་གཅིག་བྱུང་ན་ནི། འཕྲ་མེན་མ་ཡིན་ཏེ། མི་ཉོ་གྲོས་བཅད་ནས་སྦྲུ་མ་བྱུང་། ་ན་ནི། མི་ཐ་མལ་པས་བཙོངས་པའི་སྒོང་ང་ཡིན་ཏེ། ཉོ་ཞིང་བཙལ་ཞེས་མཆི།། བརྟག་སྣ་དང་ལོ་རྒྱུས་རྫོགས་སྷོ།། ་