CLOSE WINDOW

F281: mi rtag pa nyid kyi mdo
Wyliee-texts produced with BDRC’s OCR application

རྒྱ་གར་གྱི་མཁན་པོ་དྷརྨ་ཤཱི་རི་བྲང་དྲ་དང་།། ལཅུ་བདགེ་སློང་རིན་ཆེན་བཟང་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། ཨ་ནི་ཏྱ་ཏ་མུ་ཏྲ། ཟང ་སྐད་དུ། མི་རྟག་པ་ཉིད་ཀྱི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གཉེན ་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱིས་འཚལ་མགོན་མེད་ཟས་བྱིན་གྱིས་ཀུན་དགའ་ར་བ་ན། དགེ་སློང་གིས་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས ་དགེ་སློང་རྣམས་ལ་བཀའ་བསྩལ་པ།། དགེ་སློང་དག་བཞི་པོའི་དེ་དག་ནི་འཇིག་རྟེན་ཐམས་ཅད་ལ་བསྡུག་པ་དབེན་པ་ཕང་པ།། ཡིད་དུ་འོང་མངོན་པར་དགའ་བར་བྱའོ།། བཞི་གང ་ཞེ་ན་དགེ་སློང་དག་ནད་མེད་པ་ནི་འཇིག་རྟེན་ཐམས་ལ་བསྡུག་པ།། དབེན་པ་ཕངས་པ་ཡིད་དུ་འོངས་མངོན་པར་དགའ་བར་བྱའོ།། ནད་མེད་པ་དེའི་མཐའ་ཡང་ནད་ཡིན་ཏེ།། དགེ་སློང ་དག་ནད་ནི་འཇིག་རྟེན་ཐམས་ཅད་ལ་མི་བསྡུག་པ་མི་དབེན་པ་མི་ཕངས་པ་ཡིད་དུ་མི་འོངས་པ་མངོན་པར་དགའ་བར་བྱ་བ་ན་ཡིན་པའོ།། དགེ་སློང་དག་ལང་འཚོ་ནི་འཇིག་རྟེན་ཐམས་ཅད་ལ་སྡུག ་པ་དབེན་པ་ཡིད་དུའང་བ་མངངོན་པར་དགའ་བར་བྱ་བར།། ཡང་འཚོ་དེའི་མཐའ་ཡང་ན་པ་ཡིན་ཏེ།། དག་སློང་དག་དགའ་བ་ནི།། འཇིག་རྟེན་ཐམས་ཅད་ལས་མི་སྡུག་པ་མི་དབྱེན ་བཀྲི་འངས་པ་ཡིད་དུ་མ་འོངས་པ་མངོན་པར་དགའ་བར་བྱ་བ་མ་ཡིན་པའོ།། དགེ་སློང་དག་འབྱོར་པ་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ་དབེན་པ་འཕངས་པ་ཡིད་དུ་འང་བ། ་མངོན་པར་དགའ་བར་བྱ་བར།། འབྱོར་པ་དེའི་མཐའ་ཡང་ཆུད་པས། དགེ་སློང་དག་རྒུད་པ་ནི་འཇིག་རྟེན་ཐམས་ཅད་མི་བརྫུན་པ ་མི་ཁྱེན་པ་མི་ཕངས་པ་ཡིད་དུ་མི་འོང་བ་མངོན་པར་དགའ་བར་བྱ་བ་མ་ཡིན་པའོ།། དགེ་སློང་དག་སྲོག་ནི་འཇིག་རྟེན་ཐམས་ཅད་ལ་བསྡུག་པ་དབེན་པ་ཕངས་པ།། ཡིད་དུ་འོང་བ་མཛད ་པར་དགའ་བར་བྱའོ།། སྲོག་དེའི་མཐའ་ཡང་འཆི་བ་ཡིན་ཏེ།། འཆི་བ་ནི་འཇིག་རྟེན་ཐམས་ཅད་མི་སྡུག་པ་མི་ཕངས་པ། ཡིད་དུ་མི་ཡོང་བ་མངོན་པར་དགའ་བར་བྱ་བ་མ་ཡིན་པ ་འོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ཏོ།། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་བཀའ་བསྩལ་ཏོ།། ནད་མེད ་མི་རྟག་ལང་འཚོ་རྟག་མ་ཡིན།། འབྱོར་པ་མི་རྟག་སྲོག་ཀྱང་རྟག་མ་ཡིན།། སྐྱེ་བོ་མི་རྟག་ཉིད་ཀྱིས་ཉན་གྱུར་ན།། འདོད་པའི་ཡོན་ཏན་དགའ་བ་ཇི་ལྟར་སྐྱེས།། བ ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། དགེ་སློང་དེ་དག་ཡིད་རངས་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། མི་རྟག་པ ་ཉིད་ཀྱི་མདོ་རྫོགས་སྷོ། @། རྒྱ་གར་སྐད་དུ།། བཅོམ་ལྡན་འདས་ཀྱིས་གཙུག་གཏོར་ཆེན་པོ།། དེ་བཞིན་གཤེགས་པའི ་