CLOSE WINDOW

F280: yon tan bdun pa'i gtam
Wyliee-texts produced with BDRC’s OCR application

གཅན་གྱིས་སྨྲས་པ།། སངས་རྒྱས་ཚིག་ཅད་འདི་བརྗོད་པས།། གལ་ཏེ་ཟླ་བ་གཏང་ན།། བདག་གིས་མགོ་བོ་འཚལ་བདུན་འགགས། ་གསོན་ཡང་བདེ་བར་མི་འགྱུར་རོ།། རྣམ་པར་སྣང་བྱེད་ཀྱིས་བུ་ཆེན་པོས་སྨྲས་པ།། ཀྱེ་མ་བདེ་བ་གཟིགས་པའི།། སངས་རྒྱས་རྣམས་ནི་འབྱུང་བ་རྨད།། དེ་དག ་གིས་ནི་ཚིགས་སུ་བཅད།། བརྗོད་ན་གྲཅན་ཅན་ཟླ་བ་གཏོང་།། ། ཟླ་བའི་མདོ་རྫོགས་སྨྲ།། 6། རྒྱ་གར་སྐད་དུ། སབ་ཏ་གུན་པ ་ནན་ཀ་ཐ། བོད་སྐད་དུ། ཡོན་ཏན་བདུན་པའི་གཏམ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ནད་གཡོག་བྱེད་ཅིང་སྨན་པ་དང་།། སྨན་རྣམ་སྦྱིན་པར་བྱས་པ་དང་། ་སྲོག་ཆགས་རྣམས་ལ་རྡོད་དབྱིག་སོགས།། འཆེ་བ་སྤངས་པས་ནད་མེད་འགྱུར།། ཁྲོ་བ་མེད་དང་རྒྱན་རྣམས་ནི།། སྦྱིན་པ་བཏང་བས་གཟུགས་བཟང་ཉིད།། པྲ་དོག། ་མེད་པའི་འབྲས་བུ་འདིར།། བསྐལ་པ་བཟང་པོར་ཡོངས་སུ་བསྒྲགས།། ང་རྒྱལ་སྤངས་དང་དམ་པ་རྣམས།། བསྙེན་བསྐུར་བྱས་པས་རིགས་མཐོར་འགྱུར།། སྦྱིན ་ད་རྐུ་བ་ལ་སོགས་ན།། ལོངས་སྤྱོད་ཕུན་སུམ་ཚོགས་ཐོབ་འགྱུར།། གང་ཞིག་སྡིག་མིན་དགེ་བ་ཡིན།། ཡང་དག་འབྲི་ལ་བརྩོན་པ་དང་། ཆོས་ཀྱིས་བསྟན ་ཆས་བྱིན་པས་ནི། བློ་ཟླས་རྒྱ་ཆེན་ཐབ་པར་འགྱུར།། ཡན་ཏན་བདུན་པ་བསྟན་པའི་གཏམ།། སྤ་དཔ་ན་དབྱིག་ཉེན་གྱིས་མཛད་པ། རྫོགས་སུ། ་རྒྱ་གར་གྱི་མཁན་པོ་དྷརྨ་ཤཱི་རི་བྲང་དྲ་དང་།། ལཅུ་བདགེ་སློང་རིན་ཆེན་བཟང་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། ཨ་ནི་ཏྱ་ཏ་མུ་ཏྲ། ཟང ་སྐད་དུ། མི་རྟག་པ་ཉིད་ཀྱི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གཉེན ་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱིས་འཚལ་མགོན་མེད་ཟས་བྱིན་གྱིས་ཀུན་དགའ་ར་བ་ན། དགེ་སློང་གིས་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས ་དགེ་སློང་རྣམས་ལ་བཀའ་བསྩལ་པ།། དགེ་སློང་དག་བཞི་པོའི་དེ་དག་ནི་འཇིག་རྟེན་ཐམས་ཅད་ལ་བསྡུག་པ་དབེན་པ་ཕང་པ།། ཡིད་དུ་འོང་མངོན་པར་དགའ་བར་བྱའོ།། བཞི་གང ་ཞེ་ན་དགེ་སློང་དག་ནད་མེད་པ་ནི་འཇིག་རྟེན་ཐམས་ལ་བསྡུག་པ།། དབེན་པ་ཕངས་པ་ཡིད་དུ་འོངས་མངོན་པར་དགའ་བར་བྱའོ།། ནད་མེད་པ་དེའི་མཐའ་ཡང་ནད་ཡིན་ཏེ།། དགེ་སློང ་དག་ནད་ནི་འཇིག་རྟེན་ཐམས་ཅད་ལ་མི་བསྡུག་པ་མི་དབེན་པ་མི་ཕངས་པ་ཡིད་དུ་མི་འོངས་པ་མངོན་པར་དགའ་བར་བྱ་བ་ན་ཡིན་པའོ།། དགེ་སློང་དག་ལང་འཚོ་ནི་འཇིག་རྟེན་ཐམས་ཅད་ལ་སྡུག ་པ་དབེན་པ་ཡིད་དུའང་བ་མངངོན་པར་དགའ་བར་བྱ་བར།། ཡང་འཚོ་དེའི་མཐའ་ཡང་ན་པ་ཡིན་ཏེ།། དག་སློང་དག་དགའ་བ་ནི།། འཇིག་རྟེན་ཐམས་ཅད་ལས་མི་སྡུག་པ་མི་དབྱེན ་བཀྲི་འངས་པ་ཡིད་དུ་མ་འོངས་པ་མངོན་པར་དགའ་བར་བྱ་བ་མ་ཡིན་པའོ།། དགེ་སློང་དག་འབྱོར་པ་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ་དབེན་པ་འཕངས་པ་ཡིད་དུ་འང་བ། ་