| Wylie | e-texts produced with BDRC’s OCR application |
། @6། རྒྱ་གར་སྐད་དུ།། ཙན་ཏྲ་སུ་ཏྲ། བོད་སྐད་དུ།། ཟླ་བའི་མདོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི ་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཙམ་པ་ཙན་ན།། འགྲོ་བ་པོའི་རྫིང་བུའི་འགྲམ་ན་བཞུགས་ཏེ།། དེའི་ལྷ་མ་ཡིན་གྱིས་དབང ་པོ་སྒྲ་གཅན་ཟིན་གྱིས་ཟླ་བའི་དཀྱིལ་འཁོར་ཐམས་ཅད་འོད་ཀྱིས་བཀང་བར་གྱུར་ཏོ།། དེ་ནས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ལྷ་གང་ཡིན་པ་དེ་སྐྲག་ཅིང་སྔ ་ལ་མི་དགའ་བར་གྱུར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས།། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།། ཕྱོགས་གཅིག ་དུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས་ལྷ་དེའི་ཚིགས་སུ་བཅད་དེ་གསོལ་པ།། ཀུན་ལས་རྣམ་པར་གྲོལ་བ་ཡིས།། སངས་རྒྱས་དཔའོ་ཁྱོད་ཕྱག་འཚལ། ་གནོད་པ་དག་དང་ཕྲད་པར་གྱུར་ཏེ།། བདག་གིས་བསྐྱབས་ནི་མཛད་པ་གསོལ།། འཇིག་རྟེན་དགྲ་བཅོམ་བདེ་གཤེགས་ལ།། ཟླ་བ་སྐྱབས་སུ་མཆིས་ལགས ་ཀྱིས།། སངས་རྒྱས་འཇིག་རྟེན་ཐུགས་བརྩེ་བ་རྣམས།། ཟླ་བ་ཐར་མཛོད་སྒྲ་གཅན་ལས།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ།། བསྒྲ་གཅན་ཟླ ་བ་མུན་སེལ་བ།། ནམ་མཁའ་དག་འོང་བྱེད་ཅིང་།། ལམ་མེར་འདུག་པ་ད་ཀར་བ་དང་།། རྣམ་པ་དག་པའི་འོད་ལྡན་པ།། བར་སྣང་བདག་ལ་མ་ཟུང་བར།། ་སྐྱེས་དགུའི་སྒྲོན་མེ་དེ་མྱུར་ཏུ་ཐོང་། དེ་ནས་རིངས་བཞིན་སྐག་གྱུར་ནས།། ནད་པ་བཞིན་དུ་བརྟད་པ་ཡིས།། ཟླ་བ་རྣམ་པར་གཏོང་བར་བྱེད། དེ་ནས་རྣམ ་པར་བྱེད་ཀྱིས་བུ་ཆེན་པོས་ལྷ་མ་ཡིན་གྱིས་དབང་པོ་སྒྲ་གཅན་རིངས་པར་ཟླ་བའི་དཀྱིལ་འཁོར་གཏོང་བ་མཐོང་ངོ་།། མཐོང་ནས་ཀྱང་དེའི་ཚེ་ཚིགས་སུ་བཅད་དེ ་སྨྲས་པ།། ཅིའི་ཕྱིར་ན་སྒྲ་གཅན་ཁྱོད།། ལུས་ཀྱང་འཛུལ་ཞིང་སྐྲག་གྱུར་ལ།། ནང་པ་བཞིན་དུ་བརྟད་པའི།། རིངས་པར་ཟླ་བ་གཏོང་བར་བྱེད།། སྒྲ ་སྒྲ་གཅན་དེ།། ལུས་ཀྱང་རྡུལ ་གཅན་གྱིས་སྨྲས་པ།། སངས་རྒྱས་ཚིག་ཅད་འདི་བརྗོད་པས།། གལ་ཏེ་ཟླ་བ་གཏང་ན།། བདག་གིས་མགོ་བོ་འཚལ་བདུན་འགགས། ་གསོན་ཡང་བདེ་བར་མི་འགྱུར་རོ།། རྣམ་པར་སྣང་བྱེད་ཀྱིས་བུ་ཆེན་པོས་སྨྲས་པ།། ཀྱེ་མ་བདེ་བ་གཟིགས་པའི།། སངས་རྒྱས་རྣམས་ནི་འབྱུང་བ་རྨད།། དེ་དག ་གིས་ནི་ཚིགས་སུ་བཅད།། བརྗོད་ན་གྲཅན་ཅན་ཟླ་བ་གཏོང་།། ། ཟླ་བའི་མདོ་རྫོགས་སྨྲ།། 6། རྒྱ་གར་སྐད་དུ། སབ་ཏ་གུན་པ ་