| Wylie | e-texts produced with BDRC’s OCR application |
ཆེན་གྱིས་ལོ་ཙ་བ་བན་དྷེ་དེ་ཙན་ཏྲས་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ།། དེ་བ་སུ་ཏྲ།། བེད་སྐད་དུ།། ལྷའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན།། རྒྱལ་བུ་རྒྱལ་བྱེད་ཀྱིས་ཚལ་མགོན ་མེད་ཟས་སྦྱིན་གྱིས་ཀུན་དགའ་ར་བ་ན་བཞུགས་ཏེ།། དེ་ནས་མཚན་མོ་མི་ཉལ་ཙམ་ན།། ཁྱུ་མདོག་ཤིན་དུ་བཟང་བ་ཞིག། བཅོམ་ལྡན་འདས་གལ་བ་དེར་སོང ་སྟེ་ཕྱིན་ནས།། བཅོམ་ལྡན་འདས་ཀྱིས་ཞབས་མགོ་བོས་ཕྱག་འཚལ་ཏེ།། ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་ལྷའི་དེའི་མཐུས་རྒྱལ་བུ་རྒྱལ་བྱེད་ཀྱིས་ཚལ་བྲིས ་ཅད་སྣང་བས་ཁྱབ་པར་གྱུར་ཏོ།། དེ་ནས་དེའི་ཚེ། ལྷ་དེའི་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ།། མཚོན་ཆ་རྣོམ་པོའི་གང་ལགས།། ཧ་ལ་ཧ་ལའི་དུག་གང་ལགས ་རབ་ཏུ་འབར་བའི་མེ་གང་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཚིག་ཅུ་ཚོན་ཆ་རྣོན་པོ་ཡིན།། འདོད་ཆགས་ཧ་ལ་ཧ་ལའི་དུག། ཞེ་སྡང་རབ་དུ་འབར་བའི་ཚེ། ་མུན་པ་རབ་གནག་མ་རིག་པ།། ལྷས་གསོལ་པ།། མིའི་ཟིན་པ་དེ་གང་ལགས།། མི་ཤིས་གོ་ཆ་ཅི་ཞིགས་ལགས། འདི་ན་ཚོན་དུ་ཅི་རྣོ་ལགས། བཅོམ་ལྡན་འདས་ཀྱིས་བཀ ་བསྩལ་པ། བདག་གིས་གང་བྱིན་ཟིན་པ་ཡིན། ཁྱིམ་དུ་གང་བཞགས་འདིར་བོར་ཡིན།། མི་ཤིག་གོ་ཆ་བཟོད་པ་ཡིན།། འདི་ནི་མཚོན་དུ་ཤེས་རབ་ནོ།། ལྷས་གསོལ་པ། ་ཆོམ་རྐུན་ཞེས་བགྱི་དེ་གང་ལགས།། དམ་པ་རྣམས་ཀྱིས་རྣོར་གང་ལགས།། ལྷ་དང་བཅས་པའི་འཇིག་རྟེན་ལ།། བསླུས་ཤེས་བགྱིས་པ་གང་ལྷགས།། བཅོམ་ལྡན་འདས ་ཀྱིས་བཀའ་བསྩལ་པ།། རྣམ་རྟོག་ཆོམ་རྐུན་མཁས་པ་ཡིས།། ཚུལ་ཁྲིམས་དམ་པ་རྣམས་ཀྱིས་ནོར།། གང་དག་ཚུལ་ཁྲིམས་ལེག་ལྟུང་བྱས། དེ་དག་འཇིག་རྟེན་བསླུས ་པ་ཡིན།། ལྷས་གསོལ་པ།། བདེ་ཞེས་བགྱི་བདེ་གང་ལགས།། དབང་ཕྱུག་དམ་པ་དེ་གང་ལགས།། རྟག་ཏུ་རྣམ་པར་བརྒྱན་པ་གང་།། ཐོ་གཙམ་གང་ལག་བཀའ ་བསྩལ་གསལ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ།། འདོད་ཆུང་བདེཿ། ཤེས་པར་བྱས།། ཆོས་ཤེས་དབང་ཕྱུག་དམ་པ་ཡིན། ཁྲིམས་ལྡན་རྟག་ཏུ ་རྣམ་པར་བརྒྱན།། ཚུལ་ཁྲིམས་ཉམས་པ་ཐོབ་ཙམ་ཡིན།། ལྷས་གསོལ་པ། རྩ་ལག་མཉེས་ཤིང་དེ་གང་ལགས།། བསམ་པ་སྡང་བའི། ་དགྲ་གང་ལགས།། སྡུག་བསྔལ་མི་ཟད་དེ་གང་ལགས།། མཆོག་ཏུ་བདེ་བ་དེ་གང་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ།། རྩ་ལགས་གཉེན་གཤེན ་བསོད་ནམས་ཡིན།། སྡིག་པ་བསམ་པ་སྡང་བའི་དགྲ། དམྱལ་བའི་བསྡུག་བསྔལ་མི་ཟད་པ།། ཕུང་པོ་མེད་པ་བདེ་བ་མཆོག། ལྷས་གསོལ་པ།། བསྡུག་ལ ་མི་ཕན་དེ་གང་ལགས།། ཕན་ཡང་མི་སྡུག་གང་ཞིག་ལགས།། གནོད་པར་བགྱིད་པའི་ནང་གང་ལགས།། སྨན་པ་མཆོག་ཅིག་དེ་གང་ལགས། བཅོམ་ལྡན་འདས་ཀྱིས ་བཀའ་བསྩལ་པ།། འདོད་པ་སྡུག་ཀྱང་མི་ཕན་པ།། ཐར་པ་ཕན་ལ་མི་སྡུག་པ།། འདོད་ཆགས་གནོད་པ་བྱེད་པའི་ནད། སྨན་པ་མཆོག་ཅིག་སངས་རྒྱས་ཡིན།། ་ལྷས་གསོལ་པ།། གང་གིས་འཇིག་རྟེན་འདི་སྒྲིབ་ལགས།། གང་གིས་འདི་རྟེན་དབང་དུ་བགྱིས།། གང་གིས་འཛ་ཤེས་འབྱེད་པར་བགྱིད།། གང་ཞིག་མཐོ་རིས ་འཆི་མི་འགྱུར།། ལྷས་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ།། མི་ཤེས་པས་ནི་འཇིག་རྟེན་སྒྲིབས།། གཏི་མུག་གིས་དབང་དུ་བྱས།། ཞེན་པ ་མཛ་ཤེས་འབྱེད་པར་བྱེད།། ཆགས་པས་མཐོ་རིས་འགྲོ་མི་འགྱུར།། ལྷས་གསོལ་པ།། གང་གིས་འཛ་ཤེས་འཕེལ་བར་འགྱུར། གང་གིས་དགྲ་རྣམས་ཞི་བར ་བགྱིད།། གང་གིས་མཐོ་རིགས་ཐོབ་པར་བགྱིད།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ།། གཏོང་བས་འཇ་ཤེས་འཕེལ་བར་འགྱུར།། བྱམས་པས་དགྲ་རྣམ ་ཞི་བར་བྱེད།། ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་ཐོབ་ཏེ་ཤེས་པར་ཐར་པར་འགྲོ་བར་འགྱུར།། ལྷས་གསོལ་པ། རྒྱལ་པོ་དང་ནི་ཆོམ་རྒན་གྱིས།། ཤིན་དུ་སྒྲིམ་པར་བགྱིས ་གྱུར་ཀྱང་།། སྐྱེས་པའམ་བུད་མེད་གང་གིའང་རུང་།། དབྲོག་པར་མི་ཚུགས་ཚུལ་ཁྲིམས་སོ།། ལྷས་གསོལ་པ།། འཇིག་རྟེན་འདི་ནི་གང་གིས་འཆིང་།། གང་གིས ་འཇིག་རྟེན་རྣམ་པར་གྲོལ།། གང་ཞིག་རྣམ་པར་སྤངས་པས་ན། མྱ་ངན་འདས་ཤེས་བགྱི་བར་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ།། འདོད་པས་འཇིག ་རྟེན་འཆིང་བར་བྱེད།། འདོད་པ་མེད་པས་རྣམ་པར་གྲོལ།། སྲེད་པ་མེད་པས་རྣམ་པར་སྤངས་པས་ནས།། མྱ་ངན་འདས་ཤེས་བརྗོད་པ་ཡིན། ལྷས་གསོལ་པ།། ་རླུང་མར་གྱིས་ཀྱང་མི་ཤིས་ཤིང་།། ཞུགས་ཀྱིས་མི་ཚིགས་དེ་ཅི་ལགས། དོག་ས་ལྟམ་པར་བགྱི་བ་ཡིས།། ཆབ་ཀྱིས་མི་འདྲུ་ལ་ཅི་ཞིག་ལགས།། བཅོམ་ལྡན ་ཀྱིས་བཀའ་བསྩལ་པ།། རླུང་མར་གྱིས་ཀྱང་མི་ཤིག་ཤིང་།། མེས་ཀྱང་མི་ཤིང་བསོད་ནམས་ཡིན། ས་རྣམས་ཁེབས་པར་བྱེད་པ་ཡིན། ཆུས་ཀྱང་མི་འདྲུལ ་བསོད་ནམས་སོ།། ལྷས་གསོལ་པ།། སུ་ཞིག་ཤིན་ཏུ་བསླུས་གྱུར་གྱུར་ནས།། འཇིག་རྟེན་འདི་ནས་ཕ་རོལ་མཆིས། ད་རུང་བདག་གིས་དོགས་པ་འདི། ་ཁྱོད་ཀྱིས་གསལ་བར་མཛད་པའི་རིགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ།། གང་གིས་ལོངས་སྤྱོད་ཡོད་བཞིན་དུ།། ་བསོད་ནམས་བསགས་པ་མ་བྱས་པ།། དེ་ནི་ཤིན་དུ་སླུས་གྱུར་ནས།། འཇིག་རྟེན་འདི་ནས་ཕ་རོལ་སོང་།། ལྷས་གསོལ་པ། འཇིགས་པ་ཀུན་ལས་འདས་གྱུར ་ཅིང་།། རྒལ་བ་འཇིག་རྟེན་མཐུ་ལྡན་པའི།། བྲམ་ཟེ་མྱ་ངན་ཡོངས་འདས་པར།། ཀྱེ་མ་བདག་གིས་རང་ནས་མཐོང་།། བཅོམ་ལྡན་འདས་ཀྱིས་བཀའ ་བསྩལ་པ།། ལྷ་དེ་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།། རྗེས་སུ་ཡིད་རང་སྟེ། དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། ་ལྷའི་མདོ་རྫོགས་སྷོ།། །། རྒྱ་གར་གྱིས་མཁན་པོ་སུ་རེན་ཏ་བོ་དེ་དང་།། ཞུ་ཆེན་གྱིས་ལོ་ཙ་བ། བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ་