CLOSE WINDOW

F276: 'phags pa byams pas lung bstan pa
Wyliee-texts produced with BDRC’s OCR application

པོ་འཛིན་ན་ནི་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཚ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ་རྒྱ་གར་སྐད་དུ། ཨརྱ་མི་ཏྲ་ཡ་བྱ་ཀར་ན་མ། བོད་སྐད་དུ།། འཕགས་པ་བྱམས་པས་ལུང་བསྟན་པ།། འཕགས་པ་བྱམས་པ་ལ་ཕྱག་འཚལ ་ཆོས་ཀྱིས་སྡེ་དཔོན་ཁྱབ་བདག་དཔལ། ཤེས་རབ་ཆེན་པོ་ཤ་རིའི་བུས།། འཇིག་རྟེན་རྣམས་ལ་སྙིང་བརྩེའི་ཕྱིར་སྟོན་པ་ལ་ནི་ཡོངས་སུ་ཞུས། སྔོན་དང་ཕྱི་མ ་མདོ་ལས་ནི།། མ་འོངས་པའི་སངས་རྒྱས་གང་།། འཇིག་རྟེན་འདྲེན་པར་མཛད་པ་པོ།། བྱམས་པ་ཞེས་བྱ་བ་བསྟན་པ་དེ།། བདེན་པ་དག་ནི་དེ་མཐུ་དང་། ་རྫུ་འཕྲུལ་དང་ནི་དོན་ཐམས་ཅད། རྒྱལ་ལ་རབ་ཏུ་ཉན་མཚལ་ན།། དེ་ནི་མི་མཆོག་བདག་ལ་གསུངས།། དེ་ལ་སྟོན་པས་བཀའ་སྩལ་པ།། སངས་རྒྱས ་བྱམས་པ་མི་མཆོག་དེ།། འབྱོར་པ་བརྒྱས་པ་ཁྱོད་ལ་ངས།། ལུངས་བསྟན་བྱའི་ང་ལས་ཉོན།། དེའི་ཚེ་ནི་རྒྱ་མཚོ་ནི། ཁོང་ཡུག་དུ་ནི་དཔག་ཚད་བརྒྱ། ་སྐམས་པར་འགྱུར་ཏེ་དེ་ཡང་ནི། འཁོར་ལོ་བསྒྱུར་བའི་ལམ་བཟངས་ནི།། དེ་ཚེ་འཛམ་བུའི་གླིང་འདིར་ཡང་།། ཆུ་ཞིང་ཐག་གྲུ་མཉམ་པར་ནི། དཔག་ཚད་སྟོང་ཕྲག་བཅུ་པ་སྟེ། ་འབྱུང་པོ་ཀུན་གྱི་གནས་སུ་འགྱུར།། དེའི་ཚེ་ནི་ཡུལ་གྱིས་མི།། དར་ཅིང་འབྱོར་པ་ཆགས་པ་མེད།། འཚེ་མེད་མི་ནི་དེ་དག་ཀྱང་།། དགེ་བ་བྱེད་པ་དག་ཏུ་འགྱུར། ་ས་བཞི་ཚེར་མ་མེད་པ་དང་། གཉེན་ཞིང་སྡོང་སྔོ་དང་ལྡན།། འཕར་ཞིང་ནེམས་ཤེས་བྱེད་པ་སྟེ།། ཤིང་བལ་འདབ་མ་བཞིན་དུ་འཇམ།། མངར་ཞིང་དྲི་ནི ་ཞིམ་པ་ཡི།། ས་ལུམ་སྨོས་པར་སྐྱེའོ།། སྐྱེ་ཚོགས་ཚོན་གྱིས་མཛེས་བྱས་པའི།། གོས་ཀྱིས་ལྗོན་ཤིང་འབྱུང་བར་འགྱུར། མེ་ཏོག་ལོ་མ་འབྲས་ལྡན་པཱི། ་ལྗོན་ཤིང་འཕང་དུ་རྒྱང་གྲགས་འབྱུང་། དེ་དག་རྣམས་ཀྱིས་ཚེ་ལོ་ནི།། བརྐྱད་ཁྲི་ཁོ་ན་ཐུབ་པར་འགྱུར།། སེམས་ཅན་དེ་དག་སྐྱོན་མེད་ཅིང་།། ཉེས་བྲལ ་། སྤྲོ་བ་ཆེ་དང་ལྡན།། ལུས་ཆེ་ཁ་དོག་ལྡན་པ་སྟེ། མཚན་པོ་ཆེའི་སྟབས་དང་ལྡན།། ནང་ནི་གསུམ་ཞིག་འབྱུང་འགྱུར ་ཏེ། འདོད་དང་མི་ཟ་རྒའོ།། བུ་མོ་ལེ་ནི་ལྔ་བརྒྱ་དག། ལོན་ནས་བུ་མོ་བག་མར་འགྲོ།། དེ་ཚེ་ཏོག་ལྡན་ཞེས་བྱའི།། རྒྱལ་པོའི་ཕོ་བྲང་འགྱུར་ཏེ།། སྲེག ་ཆགས་དགེ་བའི་ལས་བྱེད་པ། སེམས་ཅན་རྣམས་ཀྱིས་གནས་ཡིན་ནོ།། ཆུར་ནི་དཔག་ཚད་བཅུ་གཉིས་ཏེ།། རྒྱར་ནི་དཔག་ཚད་བདུན་ཡོད་པ།། བསོད ་ནམས་བྱས་པ་རྣམས་དག་གིས།། གྲོང་ཁྱེར་ཡིད་འོང་འབྱུང་འགྱུར།། རིན་ཆེན་བདུན་ལས་བྱས་པའི་མཐོ།། ར་བ་འཕང་དུ་རྒྱང་གྲགས་ཙམ།། ཤིང་ཐག ་དང་ནི་སྒོ་གང་རྣམས།། རིན་ཆེན་སྣ་ཚོགས་དག་གི་བརྒྱན།། རིན་ཆེན་སོ་པག་གིས་བརྩིགས་ཤིང་།། པདྨ་ཨུད་དཔལ་གཅལ་དུ་བཀྲམ།། དུ་ར་བར་མ ་མཛེས་པས་བྱས་པ་ཡིས།། འོབས་ཀྱང་འབྱུང་བ་ཁོ་ནར་འགྱུར། འཁོར་ཡུག་དུ་ནི་ཏ་ལ་ཡི།། ཕྲེང་བ་བདུན་གྱིས་ཡོངས་སུ་བསྐོར།། དྲིལ་བུའི་དྲ་བས ་མཛེས་བྱས་པའི།། རིན་ཆེན་བཞི་རྒྱུའི་ཏ་ལ་དག། རླུང་བསྐྱོད་ཏ་ལ་དེ་དག་ལས།། སྙན་པའི་སྒྲ་ནི་འདི་ལྟར་འཔེར།། སིལ་སྙན་ཡན་ལག་ལྔ་ལྡན་བཞིན།། ་དེ་ལས་ཡིད་འོང་སྒྲ་གྲགས་འགྱུར། མི་རྣམས་གང་དག་གྲོང་ཁྱེར་དེར། རྩེ་དགའ་བདེ་དོན་གཉེར་བ་རྣམས་སོ།། དེ་དག་ཏ་ལའི་སྒྲ་དེ་ཡིས།། རབ་ཏུ ་མགུ་ཞིང་རྩེ་བར་བྱེད།། ཨུད་དཔལ་ཀུ་མུ་ཏས་གང་བའི།། རྫིང་བུ་དག་ཀྱང་འབྱུང་བར་འགྱུར། གྲོང་དེ་སྐྱེད་མོས་ཚལ་དང་ནི།། ནག་ཚལ་ཕུན་གསུམ ་ཚོགས་པར་འགྱུར།། དེར་ནི་དུང་ཞེས་བྱ་བའི།། རྒྱལ་པོ་གཟིའ་རྫིང་ཆེ་ལྡན་ཞིང་།། སྟོབས་ཆེ་གླིང་བཞི་དབང་ཕྱུག་ལ། མངལ་བདག་འཁོར་ལོས་བསྒྱུར་བ་འབྱུ ་དཔུང་གིས་ཡན་ལག་བཞི་འབྱོར་ཅིང་། རིན་ཆེན་བདུན་དང་ཡང་དག་ལྡན།། རྒྱལ་པོ་དེའི་སྲས་རྣམས་ནི།། སྟོང་དུ་ཚང་བ་འབྱང་བར་འགྱུར།། མའི་དབང་པོ་དེ ་པོ་དེ་ཡང་ནི།། ས་འདི་རྒྱ་མཚོ་མཐའ་ཀླགས་པར། ཆགས་པ་མེད་ཅིང་ཆོས་དང་ནི།། མཐུན་པར་ཡོངས་སུ་སྐྱོང་བར་འགྱུར།། དེ་ཚེ་དུང་ཞེས་བྱ་བའི་ས་བང ་རྒྱལ་པོ་དེ་ལ་ནི།། རིན་ཆེན་ཁྲག་ཁྲིག་བརྒྱས་མཚོན་པའི།། གཏེར་ཆེན་བཞི་ནི་འབྱུང་བར་འགྱུར།། སུའི་མཚན་ན་སེར་སྐྱ་སྟེ།། བཅོམ་བརླག་ན་ནི་དཀར ་པོ་ཡིན།། ས་འཛིན་ན་ནི་ཨེ་ལེའི་འདག། བ་ར་གནས་སེ་གྲོང་ཁྱེར་དྲུང་།། གཏེར་ནི་བཞི་པོ་ཁོ་ན་དང་།། རྒྱལ་པོ་ཡང་དག་ལྡན་པར་ནི།། འབྱུང་འགྱུར་དཔའ ་པོ་ཆེན་པོ་དེ།། བསོད་ནམས་བརྒྱའི་སྟོབས་ལས་སྐྱེས།། དེ་ཚེ་རྒྱལ་པོའི་མདུན་ན་འདོན།། བྲམ་ཟེ་ཚངས་རབ་ཅེས་བྱ།། ཐོག་མར་རིགས་བྱེད་བཞི་འདོ ་པའི།། མཁན་པོ་ཞིག་ནི་འབྱུང་བར་འགྱུར།། འདོན་དུ་འཇུག་དང་གསང་སྔགས་འཛིན།། དྲན་ལྡན་རིགས་བྱེད་གཞུང་འགྲེལ་དང་། སྒྲ་ངེས་སྦྱོར་བཅས་པ ་རོལ་ཕྱིན།། བརྡ་སྤྲོད་པ་དང་ཚིག་དང་ལྡན།། དེ་ཚེ་དེའི་ཆུང་མ་ནི།། ཚངས་ལྡན་མ་ཞེས་བྱ་བ་སྟེ།། མཛེས་ཤིང་ལྟ་ན ་བསྡུག་པ་དང་།། གཟུགས་བཟང་གྲགས་དང་ལྡན་པ་འབྱུང་།། བྱམས་པ་གང་ཟག་མཆོག་གྱུར་པ།། དགའ་ལྡན་གནས་ནས་ཤི་འཕོས་ནས། ་དེ་ཚེ་དེའི་ལྷུམས་སུ་ནི།། ངེས་པར་ཉིང་མཚམས་སྦྱོར་བར་འགྱུར།། གཟི་བརྗིད་ཆེན་པོ་ཟླ་བ་བཅུ།། ཚང་བར་ལྷུམས་ནས་བཞུགས་ནས་ཀྱང་།། ་བྱམས་པའི་ཡུལ་ནི་སྐྱེད་མོས་ཚལ།། མེ་ཏོག་བཟང་རྒྱས་ནང་གཤེགས་ནས།། ཆོས་སྤྱོད་མ་དེ་མི་འདུག་ཅིང་།། མི་ཉལ་འགྲེང་བཞིན་ངག་དུ་ནི།། ་ཤིང་གིས་ཡལ་ག་ལ་བཟུང་ནས། བྱམས་པ་ད་ལྟ་ཉིད་དུ་གྱུར།། མིའི་མཆོག་ཏུ་གྱུར་པོ་དེ།། བློ་གཡས་ན་ནི་འབྱང་འགྱུར་ཏེ།། དཔེར་ནི་སྤུན ་གྱིས་ཕུང་པོ་ནས།། ཉི་མ་འབྱུང་བ་བཞིན་དུ་གསལ།། ཇི་ལྟར་ཆུའི་པད་མ་བཞིན།། མངལ་གྱི་འདམ་གྱི་མི་གོས་སོ། ཁམས་ས་གསུམ་འདི་དག ་ཐམས་ཅད་དུ།། འོད་ཀྱིས་སངས་རྒྱས་པར་འགེངས་པར་འགྱུར།། དེ་ནས་བརྒྱ་བྱིན་ལྷའི་དབང་པོ།། བདེ་སོགས་མངའ་བདག་གྱུར་ནས་ཀྱང་།། ་བྱམས་པ་རྐང་གཉིས་མཆོག་གྱུར་པ། བྱམས། ལྷམ་པའི་ཚེ་ན་ལེན་པ་གྱུར།། དེ་ཚེ་བལྟམ་མ་ཐག་ཏུ་ཡང་། གོམ་པ་བདུན་དག་འདོར་བར་འགྱུར ་གོམ་པ་རེ་རེ་གཏེར་དང་ནི།། པད་མ་རེ་རེ་འབྱུང་བར་འགྱུར།། ཕྱོགས་བཞི་དག་ཏུ་གཟིགས་ནས་ནི།། བདག་གིས་སྐྱེ་བ་ཐ་མ་ནི།། འདི་ཡིན་ཡང་། ་སྲིད་ཡོད་མ་ཡིན། ཡང་དང་ཡང་དུ་ཕྱིར་མི་འོང་།། ཟག་མེད་མྱ་ངན་འདས་འགྲོ་ཞེས།། གསུང་ཡང་རབ་ཏུ་བཀའ་བསྐུལ་ཏོ།། ཀླུ་རྣམས ་ཀྱིས་ནི་ཆུའི་རྒྱུན།། བསིལ་དང་འཛེམ་པས་སྐུ་བསིལ་འགྱུར། ནམ་མཁའི་ངོས་ནས་ལྷ་རྫས་ཀྱིས། གོས་དང་མེ་ཏོག་འབབ་པར་འགྱུར། ་དེའི་དབུ་ལ་གདུགས་དཀར་པོ།། ལྷ་རྣམས་ཀྱིས་འཛིན་པར་འགྱུར། མཚན་མཆོག་སུམ་བཅུ་རྩ་གཉིས་མངའ།། བྱམས་པ་དཔལ་གྱི ་འབར་བ་དེ།། མ་ས་ཡང་དག་བླངས་ནས་སུ།། ཡུམ་གྱི་ཕྱག་དུ་འབུལ་བར་འགྱུར།། རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པའི། ཁྱོག་ནི་ཡིད་དུ་འོང ་བ་ལ།། སྲས་དང་བཅས་པ་བཞུག་གསོལ་ནས།། ལྷ་རྣམས་ཀྱིས་ནི་ཁྱེར་བར་འགྱུར།། སིལ་སྟོང་ཕྲག་དུ་མ་དག། སྒྲ་འབྱིན་ཁྲོལ་བའི་གྲོང་ཁྱེར ་དེར།། བྱམས་པ་གཤེགས་པ་ཙམ་གྱིས་ནི།། མེ་ཏོག་ཆར་བ་འབས་པར་འགྱུར།། དེའི་ཉིན་པར་སྦྲུམ་པའི།། བུད་མེད་རྣམས་ཀྱང་བཙས ་འགྱུར་ཏེ།། དེ་དག་ཐམས་ཅད་ཉམས་བདེ་ཞིང་།། བདེ་ལེགས་སུ་བཙས་པར་འགྱུར།། ཚངས་རབས་མཚན་མཆོག་སུམ་བཅུ་གཉིས།། ་ལྡན་པའི་སྲས་དེ་མཐོང་ནས་ནི།། གསང་སྔགས་དག་ལ་རབ་རྟགས་ནས།། དེའི་འོག་དུ་དགའ་བར་འགྱུར།། ཇི་ལྟར་བསྔགས ་ལས་འབྱུང་བ་བཞིན།། གཞོན་ནུའི་འགྲོ་བ་གཉིས་ཡིན་ཏེ།། མི་དབང་འཁོར་ལོས་བསྒྱུར་བ་འམ།། སངས་རྒྱས་རྐང་གཉིས་མཆོག་ཏུ་འགྱུར།། བྱམས་པ་རྐང ་གཉིས་མཆོག་དུ་འགྱུར།། དཔལ་དེ་ན་མཆོད་རྫོགས་ནས་ནི།། སྐྱེས་བུ་འདི་ནི་སྡུག་བསྔལ་མཉམ།། ཆོས་ཀྱིས་བདག་ཉིད་དགོངས་པར་མཛད།། དབྱངས ་ཆེ་ཚངས་པའི་དབྱངས་ད་།། དཔལ་དེ་ན་མཆོག་འོདེ་ཆེན་གསེར་གྱི་མདོག་དང་ལྡན།། སྟོད་ཕེལ་ཆེ་ཞིང་ཐལ་གོང་རྒྱས།། པད་མའི་འདབ་མ་འདྲ་བའི་སྤྱན།། ་དེའི་སྐུའི་ཁྲུན་དུ་ནི། ཁྲུ་ནི་བརྒྱད་བཅུ་དག་དུ་འགྱུར།། ཞེང་ནི་ཁྲུ་རྣམས་ཉི་ཤུ་སྟེ།། ཞབས་ཀྱི་དཀྱིལ་འཁོར་དེའི་ཕྱིར།། བྱམས་པ་དེ་ནི་བྲམ་ཟེའི་བུ།། སྟོང ་ཕྲག་བཞི་པོ་དག་དང་ནི།། བརྒྱད་བཅུས་མདུན་དུ་བདར་ནས་ནི།། གསང་སྔགས་དག་ཀྱང་འདོན་དུ་བཅུག། དེ་ནས་རྒྱལ་པོ་ཆེན་པོ་དང་།། སྦོམས་སུ་འདོམ ་ནི་དྲུག་བཅུ་བཞི་དག། འཕངས་དུ་འདོམ་ནི་སྟོང་ཡོད་པའི།། མཆོད་སྡོང་ཞིག་ནི་འཇུག་པར་འགྱུར།། མི་དབང་དེའི་མཆོད་སྡོང་དེ།། རིན་ཆེན་མཆོག་གིས་བརྒྱད ་པའི།། མཆོད་སྦྱིན་གྱིས་ནི་མདུན་དྲངས་ཏེ།། བྲམ་ཟེ་དག་ལ་རབ་ཏུ་འབུལ།། མཆོད་སྡང་མིང་འོང་རིན་ཆེན་རྒྱུན།། དེ་ནི་ས་ལ་མ་ཐག་དུའང་།། བྲམ་ཟེ ་སྟོང་པོ་རྣམས་ཀྱིས་ནི།། དེའི་མོད་ལ་འགེད་པར་འགྱུར།། བྱམས་དཔའ་མཆོད་སྡོང་དེ་ཡི་ནི།། མི་རྟག་ཉིད་དེ་མཐོང་ནས་ཀྱང་།། འཁོར་བ་མཐའ་དག་རྣམས་བསམ ་ཏེ།། རབ་ཏུ་འབྱུང་བ་འགྲོ་བར་འགྱུར།། འདི་བདག་རབ་ཏུ་བྱུང་ནས་ནི།། བདུད་རྩིའི་གོ་འཕངས་རིགས་གྱུར་དང་།། སྐྱེ་བོ་མཆི་བདག་ན་རྒ་བའི།། འཇིགས་ལས ་གྲོལ་བར་གྱུར་སྙམ་ཞིང་།། བྱམས་པ་གང་ཟག་མཆོག་འགྱུར་ཏེ། སྟོང་ཕྲག་བཞི་པོ་དག་དང་ནི།། བརྒྱད་བཅུ་དག་གིས་མདུན་ནས་ལ་བདར།། རབ་ཏུ་འབྱུང་བ་ངེས ་འབྱུང་འགྱུར།། དེ་ཚེ་བདག་གིས་བྱང་ཆུབ་ཤིང་།། ཀླུ་ཤིང་ཞེས་བྱང་འབྱུང་འགྱུར་ཏེ།། དེའི་ཡལ་ག་གནམ་འཕང་དུ། དཔག་ཆད་ཙམ་དུ་ཡང་དག་འཕགས།། ་དེ་ཚེ་བྱང་ཆུབ་ཤིང་དེ་ཡིས།། ཡལ་གག་འགེལ་བ་ཐམས་ཅད་དུ། འཁོར་ར་འཁོར་ཡུག་བརྒྱད་གྲགས་དྲུག། ཁེབས་པ་ཁོ་ན་དག་ཏུ་འགྱུར།། བྱམས་པ་རྐང ་གཉིས་མཆོག་གྱུར་དེ།། དེའི་དྲུང་ན་བཞུགས་ནས་སུ། བླ་མེད་བྱང་ཆུབ་བཞི་པ་ནི།། ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད།། གང་གིས་ནུབ་མོ་ཁོ་ན་ལ།། རབ་ཏུ ་འབྱུང་བར་མངོན་འབྱུང་བ།། དེའི་ནུབ་མོ་ཁོ་ན་ལ།། བྱང་ཆུབ་དམ་པ་ཐོབ་པར་འགྱུར།། དེའི་འོག་ཏུ་ཐུབ་མཆོག་དེ། དམ་ཆོས་བསྡུག་བསྔལ་ཀུན་སྤོང་ཞིང་། ་ཞི་བ་ཡན་ལག་པ་ཡི།། གསུང་གིས་སྟོན་པ་མཛད་པར་འགྱུར།། སྐྱེ་བོ་རབ་དག་ག་ཟགས་ནས་ནི།། བསྡུག་བསྔལ་བ་སྡུག་བསྔལ་ཀུན་འབྱུང་དང་། བདེ་བ་མྱ་ངན ་འདས་འགྲོ་བ།། འཕགས་ལམ་ཡན་ལག་བརྒྱད་པའི།། བདེན་པའི་ཀྱང་སྟོན་པར་འགྱུར།། དེའི་ཆོས་དེ་ཐོས་ནས་ཀྱང་།། ་བསྟན་པ་ལ་ནི་ནན་ཏན་བསྒྲུབ།། མེ་ཏོག་མཛེས་པས་རྒྱལ་པ་ཡིས། བསྐྱེད་མོས་འཚལ་དུ་དེའི་འཁོར།། དཔག་ཚད་རྒྱ་ཁྱོན་གང་དག་པ། 5། ཡང་དག ་འདུན་པ་ཁོ་ནར་འགྱུར།། དེ་ནས་མི་དབང་རྒྱལ་པོ་དྲུང་།། གྲགས་པ་ཆེན་པོ་ཐོས་ནས་ནི།། སྦྱིན་པ་གྲངས་མེད་བྱས་ནས།། རབ་ཏུ་འབྱུང་བ་འདོད་པར ་འགྱུར།། རྒྱལ་པོ་སྟོང་ཕྲག་བཞི་དང་ནི།། བརྒྱད་བཅུ་དག་གིས་མདུན་བདར་ཏེ། ཁྱིམ་ནས་ངེས་པར་འབྱུང་ནས་ནི།། རབ་ཏུ་འབྱུང་བར་འགྲོ་བར་འགྱུར ་བྱམས་པའི་ཡབ་ཀྱང་དེ་བཞིན།། དེའི་ཚེ་དང་མཉམ་པའི།། བྲམ་ཟེ་རྣམས་ཀྱིས་མདུན་བདར་ནས།། རབ་ཏུ་བྱང་བར་འགྲོ་བར་འགྱུར།། དེ་ན་དེ་ཚེ་ཁྱིམ ་བདག་ནི། ནོར་བཟང་ཞེས་ནི་རྣམས་གྲགས་པ།། ཆོས་ཀྱི་བདག་ཉིས་སྟོན་བདག་གིས།། བསྐོར་ནས་རབ་ཏུ་འབྱུང་བར་འགྱུར།། དུང་གིས་བུད་མེད་རིན ་པོ་ཆེ།། ས་གཞེས་ནི་རྣམ་གྲགས་པ།། བུད་མེད་སྟོང་ཕྲག་བཞི་དང་ནི།། བརྒྱད་བཅུ་དངག་གིས་མདུན་བདར་ཏོ།། དེའི་འོག་ཏུ་མངོན་འབྱུང་ནས།། རབ ་ཏུ་འབྱུང་ནས་འགྲོ་བར་འགྱུར།། དེའི་ཚེན་བྱམས་པའི།། བསྟན་པ་ལ་ནི་སྲོག་ཆགས་དང་། སྟོང་ཕྲག་དག་ནི་བརྒྱད་ཕྲག་རྣམས།། རབ་ཏུ་བྱུང་བར ་འགྲོ་བར་འགྱུར།། དེའི་འོག་དུ་ཐུགས་རྗེན།། སྟོན་པ་བྱམས་པ་རྐང་གཉིས་མཆོག། འཁོར་ལ་རྣམས་པར་གཟིགས་ནས་ནི།། ཤཱཀྱ་སེང་གེ་ཐུབ་པ། ་སྟེ།། གཙོ་བ་སྐྱོབ་པར་མཛད་པའི།། དམ་པའི་ཆོས་དབྱིངས་གཟིགས་གྱུར་པ།། འཇིག་རྟེན་མགོན་པོས་འདི་དག་ཀུན།། ཐར་པའི་ལམ་ནི་བསྐྱེད་ནས་ཀྱང་།། ་དོན་གྱིས་ངའི་བསྟན་ལ་བཏང་།། གདུགས་དང་བ་དན་རྒྱལ་མཚན་དང་།། དྲི་དང་ཕྲེང་བ་བྱུག་པ་དང་།། རོལ་མོ་སྒྲ་སྙན་སྒྲགས་པ་ཡིས།། ཤཀྱ་ཐུབ་ལ་མཆོད་ནས ་ནི།། ངའི་བསྟན་ལ་ལྷགས་པ་ཡིན།། གུར་གུམ་ཆུའི་གདབ་པ་དང་།། ཙན་ངན་དག་གིས་བྱུག་པ་ཡིས།། ཤཱཀྱ་ཐུབ་པའི་མཆོད་རྟེན་ལ།། མཆོད་ནས་ངའི་བསྟན ་ལ་ལྷགས།། དེ་ཚེ་སངས་རྒྱས་ཆོད་དང་ནི།། དགེ་འདུན་ལ་ཡང་སྐྱབས་སོང་ཞིང་།། དགེ་བའི་ལས་ཀྱང་ནས་ནི།། ངའི་བསྟན་ལ་ལྷགས་པ་ནི།། ཤཱཀྱ་སེང་གེས ་བསྟན་པ་ལ།། བསླབ་བཞི་ཡང་དག་བླངས་ནས་སུ།། ཇི་ལྟར་གསུང་ཞིག་བསྒྲུབ་ནས་སུ།། ངའི་བསྟན་ལ་ལྷགས་པ་ཡིན།། དགེ་འདུན་ལ་ཡང་ཆོས་གོས ་དང་། ཞལ་ཟས་དང་ནི་བཏུང་བ་དང་། བསྟན་གསོས་སྣ་ཚོགས་སྦྱིན་པ་རྣམས།། ཕུལ་ནས་ངའི་བསྟན་པ་ལྷགས།། བཅུ་བཞི་དང་ནི་བཅོ་ལྔའི་དང་། དེ་བཞིན ་ཟླ་གཅིག་ཆེ་བརྒྱད་དང་།། ཆོ་འཕྲུལ་གྱིས་ཟླ་བ་ལ།། ཡན་ལག་བརྒྱད་མཉམ་གཞག་ཅིང་།། བསྟན་གནས་གསོ་སྦྱངས་བྱས་ནས་ནི། ངའི་བསྟན་ལ་ལྷགས ་སོ།། དོན་འདིར་རབ་དུ་གསུང་བར་འགྱུར།། དེའི་ཉན་ཐོས་རྣམས་ཀྱང་ནི། ཆོས་འཕྲུལ་གསུམ་གྱིས་འདུལ་བར་འགྱུར།། དེ་ཚེ་དེ་དག་ཐམས ་ཅད་ནི།། ཟག་ཟད་འགྲོགས་ན་བདེ་བར་འགྱུར།། དེའི་འདུས་པ་དང་པོ་ནི།། ཉོན་མོངས་སྲེད་པ་བཅད་གྱུར་པ།། དུང་ཕྱུར་ཕྲག་དགུ་བྱེ་ཕྲག་དྲག། ཚངས་པ་ཉན་ཐོས ་འབྱུང་བར་འགྱུར།། དེའི་འདུས་པ་གཉིས་པ་ནི།། ཉན་ཐོས་འཆིང་བ་ལས་གྲོལ་བ།། དུང་ཕྱུར་ཕྲག་དགུ་བྱེ་ཕྲག་བཞི།། ཚངས་པའི་ཉན་ཐོས་འབྱུང་བར་འགྱུར།། ་དེའི་འདུས་པ་གསུམ་པ་ནི། སེམས་བཞི་རྣམ་པར་གྲོལ་གྱུར་པ།། དུང་ཕྱུར་ཕྲག་དགུ་བྱེ་བ་གཉིས།། ཚངས་པའི་ཉན་ཐོས་འབྱུང་བར་འགྱུར།། ཆོས་ཀྱི ་འཁོར་ལོ་རབ་སྐོར་ནས།། ལྷ་དང་མི་རྣམས་རྣམ་བཏུལ་ཏེ།། གྲོང་དུ་བསོད་སྙོམས་སྤྱོད་ལ་རྒྱུ།། དེ་ནས་རྟོག་ལྡན་དགའ་ལྡན་ལྷའི།། གྲོང་ཁྱེར་དེར་ནི་གཤེགས ་པ་ན། གྲོང་ཁྱེར་མཆོག་ཏུ་མན་དྷ་རའི།། མེ་ཏོག་ཆར་ཆེན་འབབ་པར་འགྱུར།། ཐུབ་པ་གྲོང་ཁྱེར་གཤེགས་པ་ན། ལྷའི་མེ་ཏོག་འཐོར་བར་འགྱུར། རྒྱལ་པོ་ཆེན ་པོ་བཞི་པོ་དག། བརྒྱ་བྱིན་སུམ་བཅུ་རྩ་གསུམ་དབང་།། ཚངས་པ་ལྷ་ཚོགས་ཐབས་གཅིག་དུ།། དེ་ལ་མཆོད་པ་བྱེད་པར་འགྱུར།། ལྷའི་བུ་ནི་མཐུ་ཆེན་གྱིས། ་ཨུད་དཔལ་པད་མ་ཀུ་མུ་ཏ།། པད་མ་དཀར་པོ་དྲི་ཞིམ་དང་།། ཨ་ག་རུ་དང་ཙན་དན་དང་།། དེ་བཞིན་ལྷ་རྫས་ཕྲེང་ཆེན་དང་།། ལྷ་རྫས་གས་ཀྱང་མཐོར་བར ་འགྱུར།། འཇིག་རྟེན་མགོན་པོ་གྲོང་ཁྱེར་གྱིས།། མཆོག་ཏུ་གཤེགས་པ་མཐོང་ནས་ནི།། ཤིང་ངལ་འདབ་ལྟར་འཇམ་པའི།། ས་དེར་གདིང་བ་མཆེན་འདིངས། ་དེ་དག་ལམ་དཀར་ཕྲེང་བ་ནི།། སྣ་ཚོགས་དག་ནི་རྣམ་པར་འགྲོམས།། ལྷའི་བུ་ནི་མཐུ་ཆེན་དང་།། མི་རྣམས་ཡིད་ནི་རབ་དང་བར།། གདུགས་དང་རྒྱལ་མཚན་པ ་དན་དང་།། སྤོས་དང་འཕྲེང་བ་བྱུག་པ་དང་།། རོལ་མོ་མོ་སྒྲ་གཉན་བསྒྲགས་པའི།། སྟོན་པ་ལ་ནི་མཆོད་པར་འགྱུར།། བརྒྱ་བྱིན་མིག་སྟོང་ལྷ་རྣམས་ཀྱིས།། ་རྒྱལ་པོ་བདེ་སོགས་བདག་པོ་དེ།། རབ་མགུ་ཐལ་མོ་སྦར་ནས་ནི།། འཇིག་རྟེན་མགོན་ལ་བསྟོད་པར་བྱེད།། སྐྱེས་བུ་བཅང་ཤེས་ཁྱོད་ལ་འདུད།། སྐྱེ་མཆོག ་ལ་ནི་ཕྱག་འཚལ་ལོ།། གང་ཟག་མཆོག་གྱུར་བཅོམ་ལྡན་འདས།། སྐེ་དགུ་ཀུན་ལ་ཐུག་རྩེར་མཛད།། དེའི་ཚེ་ན་འདི་ལྟ་བུ།། མཐུ་ཆེན་བདུད་ཅེས་བྱ་བ་འབྱུས ་དེ་ཡང་ཐལ་མོ་རབ་སྦྱར་ནས།། འཇིག་རྟེན་མགོན་ལ་བསྟོད་པར་བྱེད།། ཚངས་པའི་འཁོར་གྱིས་ཡོངས་བསྐོར་ཅིང་ཀྱ། ཚངས་པས་ཀྱང་ནི་མདུན་བདར་ཏོ།། ། ་ཚངས་པའི་དབྱངས་ནི་སྔགས་བཞིན་དུ།། དམ་པའི་ཆོས་ནི་གསུང་བར་འགྱུར།། ཟག་ཟད་ཉེས་པ་རྣམ་བྲལ་ཞིང་།། སྲིད་པའི་བཅིང་བ་རབ་སྤངས་པའི། ་དགྲ་བཅོམ་རྣམས་ཀྱིས་ས་འདི།། ཐམས་ཅད་ཀུན་གྱིས་གང་པར་འགྱུར།། ལྷ་དང་མི་དྲི་བ་དང་།། གནོད་སྦྱིན་དང་ནི་སྲིན་པོ་ཀྲུ།། མཐུ་ཆེན་རྣམས་ནི ་ཉོར་མོངས་མེད་ཅིང་ཐེ་ཚོམང་ཆད་། གང་དག་བྱམས་པའི་བསྐྱར་བ་ལ། ཚངས་པར་བྱེང་པ་སྤྱོད་འགྱུང་བ།། དེ་དག་ག ་མགུ་གྱུར་ནས།། སྟོན་པ་མཆོད་པ་བྱེད་པར་འགྱུར།། གང་དག་བྱམས་པའི་བསྟན་པ་ལ།། ཚངས་པར་སྤྱད་པ་སྤྱོད་འགྱུར ་པ།། དེ་དག་གདོན་མི་ཟ་བར་ནི།། སྲིད་པ་དྲ་བ་བཅད་པ་དང་།། བསམ་ཏན་རྫོགས་པར་བྱས་ནས་ནི།། དགའ་དང་བདེ་བ་ཡང་དག་ལྡན། འབྱུང ་པོ་ཀུན་ལ་ཐུགས་རྩེ་བ།། བྱམས་པ་རྐང་གཉིས་རྣམས་ཀྱི་མཆོག། ལོ་ནི་དྲུག་ཁྲི་བར་དུ་ཡང་།། དམ་པའི་ཆོས་སྟོན་པར་འགྱུར།། དེ་ནི་སྲོག་ཆགས ་བརྒྱ་སྟོང་དང་།། འབུམ་ཕྲག་རྣམ་པར་འདྲེན་སྟེ།། དམ་པའི་ཆོས་ལ་བཏུལ་ནས་སུ།། དེ་ནས་མྱ་ངན་འདའ་བར་འགྱུར།། ཐུབ་པ་ཆེན་པོ་བྱམས་པ་དེ། ་ཡོངས་སུ་མྱ་ངན་འདས་ནས་ཀྱང་།། དེ་ཚེ་དེའི་དམ་ཆོས་ནི།། ལོ་ཁྲི་དག་ཏུ་གནས་པར་འགྱུར།། རྒྱལ་བ་ཤཀྱ་ཐུབ་པ་དེ་ལ།། སེམས་ནི་རབ་ཏུ ་དང་བར་བགྱིས།། དེ་ནས་བྱམས་པ་རྐང་གཉིས་མཆོག། རྫོགས་སངས་རྒྱས་མཐོང་བར་འགྱུར།། དེ་ཕྱིར་སངས་རྒྱས་ཆོས་དག་དང་།། དགེ་འདུན ་ཚོགས་ཀྱིས་མཆོགས་བཅས་ལ།། སེམས་ནི་རབ་ཏུ་དང་བགྱིས་དང་།། དོན་ཆེན་རབ་ཏུ་གྲུབ་པར་འགྱུར།། ཐུགས་རྗེ་ཆེ་ལྡན་དེ་ལྟ་བུ།། བྱམས་པ་རྐང ་གཉིས་མཆོག་གྱུར་པ།། དེ་ཚེ་མཉེས་པར་བྱས་ནི།། དེ་ནས་མྱ་ངན་འདས་པར་འགྱུར།། ཡ་མཚན་འདི་དག་ཐོས་གྱུར་ཅིག། འབྱོར་པ་མ་ཉང་མཐོང་ན་ནི།། ་ནག་པའི་རིགས་ཀྱང་དང་འགྱུར་ན།། མཁས་པ་སུ་ཞིག་དང་མི་འགྱུར།། དེ་ཕྱིར་འདིར་དག་བདག་ཉིད་ཆེ།། འདོད་ཅིང་བདག་ལ་ལེགས་འདོད་པས། ་སངས་རྒྱས་བསྟན་པ་དྲན་བཞིན་དུ།། དམ་པའི་ཆོས་ལ་གུས་པར་བྱོས།། །། འཕགས་པ་བྱམས་པ་ལུང་བསྟན་པ་རྫོགས་སྷོ།། ། ་རྒྱ་གར་སྐད་དུ། ཨརྱ་ག་ར་ཨ་པ་ལམ་བི་ཀཱ་ན་མ་མ་ཧཱ་ཡ་ན་སུ་ཏྲ།། བོད་སྐད་དུ།། འཕགས་པ་གྲོང་ཁྱེར་གྱིས་མཚོ་བ་ཞེས་བྱ་ཐེགས་པ ་