CLOSE WINDOW

F275: 'phags pa tshangs pas zhus pa theg pa chen po'i mdo
Wyliee-texts produced with BDRC’s OCR application

བྱ་བྱ། རྒྱ་གར་སྐད་དུ། ཨརྱ་པྲ་བྷཱ་པ་རི་པྲིད་ཚྭ་ན་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཚངས་པས་ཞུས་པ་ཐེག་པ་ཆེན་པོའི་མདོ།། ། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཡངས་པ་ཅན་ན། ་ཚལ་ཆེན་པོ་ན་ཁང་པ་བརྩེགས་པའི་གནས་ན། དགེ་སློང་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ ་དག་དང་ཐབས་གཅིག་ཏུ་བཞུགས་ཏོ།། དེ་ནས་བཅོམ་ལྡན་འདས་མི་ཞལ་ཙམ་གྱི་གུང་ཐུན་ལ། དཀྱིལ་མོ་ཀྲུང་བཅས་ནས་དྲན་པ་མངོན་དུ་བཞག་སྟེ། རྟོག་པ་དང ་བཅས་པ། སྤྱོད་པ་དང་བཅས་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་སོ།། བཅོམ་ལྡན་འདས་དེ་ལས ་བཞེངས་ནས། རྟོག་པ་མེད་པ། སྤྱོད་པ་མེད་པ་དང་། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་ལ་སྒོམས་པར་ཞུགས་སོ།། ་བཅོམ་ལྡན་འདས་དེ་ལས་བཞེངས་ནས། དགའི་འདོད་ཆགས་དང་བྲལ་བ། བཏང་སྙོམས་པ། དྲན་པ་དང་ལྡན་པ་བདེ་བར་གནས་པ། བསམ་གཏན་གསུམ་པ་ལ་སྙོམས་པར ་ཞུགས་སོ།། བཅོམ་ལྡན་འདས་དེ་ལས་བཞེངས་ནས། བདེ་བ་ཡང་སྤངས།། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས་ཕྱིར ་སྡུག་བསྔལ་བ་ཡང་མེད། བདེ་བ་ཡང་མེད་པ། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ། བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་སོ།། དེ་ནས་བཅོམ་ལྡན་འདས ་བསམ་གཏན་བཞི་པ་ལས་བཞེངས་ནས། བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་སོ།། བསམ་གཏན་གསུམ་པ་ལས་བཞེངས་ནས། བསམ་གཏན་གསུམ ་པ་ལ་སྙོམས་པར་ཞུགས་སོ།། བསམ་གཏན་གསུམ་པ་ལས་བཞེངས་ནས། བསམ་གཏན་གཉིས་པ་ལ་ཞུགས་སོ།། བསམ་གཏན་གཉིས་པ་ལས་བཞེངས་ནས།། ་བསམ་གཏན་དང་པོ་ལ་ཞུགས་སོ།། བསམ་གཏན་དང་པོ་ལ་བཞེངས་ནས། གདུལ་བྱ་ཇི་ལྟ་བ་བཞིན་དུ་སེམས་ཅན་ལ་གཟུགས་ཀྱི་ལུས་ཀུན་དུ་སྟོན་པ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་སོ།། བཅོམ་ལྡན་འདས་གདུལ་བྱ་ཇི་ལྟ་བ་བཞིན་དུ་སེམས་ཅན་ལ་གཟུགས་ཀྱི་ལུས་ཀུན་དུ་སྟོན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག ་བྱང་དེ་ནས་མཅིག་དེ་ལ། བཅོམ་ལྡན་འདས་ཤིན་དུ་ལམ་མེ་ལྡན་ནེ་ལྗང་དེར་བཞུགས་ཏེ། མི་འཇེད་ཀྱི་བདག་པོ་ཚངས་པས་ཚངས་པའི་གནས་ན་འདུག་བཞིན་དུ། བཅོམ་ལྡན ་འདས་ཤིན་དུ་ལྷམ་མེ་ལྷན་ནེ་ལྷང་ངེ་བ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ་མཐོང་ངོ་།། མཐོང་ནས ་ཀྱང་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ནས། ཐམས་ཅད་དང་ལྡན་པའི་ཚལ་ཆེན་པོ་འོད་ཀྱིས་སྣང་བར་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཧ་ཅང་ཡང་མི་རིང་བ ་ཞིག་ཏུ་འདུག་གོ།། དེ་ནས་མི་འཇེད་ཀྱི་བདག་པོ་ཚངས་པས་འདི་སྙམ་དུ་བསམས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེན་པར་བཀའ་བ། རྣམ་པར་ཤེས་པ་དཀའ ་བ་ཡིན་ན། བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་བདག་གིས་ལུང་པ་བསལ་བའི་སྒྲ་འམ། སྨྲ་བ་ཙམ་གྱིས་བཞེངས་པར་གསོལ་བ་ནི་བདག་གི་ཆ་མ ་ཡིན་གྱིས། བདག་གིས་ཚིགས་སུ་བཅད་པ་དག་གིས།། བཅོམ་ལྡན་འདས་བཞེངས་པར་གསོལ། གོར་མ་ཆགས་སྙམ་དུ། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས། ་བླ་གོས་ཕྲག་པ་ཅིག་ཏུ་གཟར་ནས་འདུག་བཞིན་དུ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག ་གིས་བཞེངས་པར་གསོལ་ཏོ།། མགོས་དྲི་མ་མཆིས་རྣམ་པར་དག། ལྷ་དང་མི་མཆོག་རྣམས་དང་དྲི་ཟ་དང་། ཀླུ་དང་ལྷ་མིན་རྣམས་ཀྱིས་ལེགས་མཆོད་པ།། སེམས་ཅན ་སྨན་སླང་མགོན་པོ་ཁྱོད་ལ་མཆོད། དཔེར་ན་རི་ནི་རབ་ཏུ་མི་གཡོས་དང་།། ཇི་ལྟར་རྒྱ་མཚོ་གཏིང་མ་དཔོགས་ལྟར།། བདུད་རྣམས་ཐམས་ཅད་ཀྱིས་ཀྱང་མི་གཡོས་ལ། ཐུབ་པ ་སྐྱེས་བུ་མཆོག་ནི་བསམ་གཏན་མཛད།། ཟང་ཟིང་མི་མངའ་མཚན་མ་མི་མངའ་ཞིང་། ཐ་དད་མི་རྟེན་པ་མི་མངའ་ལ། གནས་མི་མངའ་ཞིང་སྣང་བ་མི་མངའ་བ།། ཐུབ་པ་སྐྱེས ་བུ་དམ་པ་བསམ་གཏན་མཛད། རྟོག་གེ་རྣམས་ཀྱི་ཡུལ་ནི་མ་ལགས་ཤིང་། བྱིས་པ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་ལ། སེམས་དང་སེམས་ལས་བྱུང་ལས་རབ་འདས་པ།། ་བསམ་གཏན་ཕ་རོལ་གཤེགས་པས་བསམ་གཏན་མཛད། མགོན་པོ་སེང་གེ་བཞིན་དུ་གསུང་ཡང་སྒྲོག། ཐུབ་པ་འབྲུག་བཞིན་སྒྲོག་པ་རབ་ཏུ་མཛད།། དཔའ་བོ་ཟླ་བ་བཞིན ་དུ་རབ་ཏུ་མཛེས།། སེམས་ཅན་དཀོན་མཆོག་ཁྱོད་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པས་བསྐུལ་བའི་ཚིགས་སུ་བཅད་པ་འདི ་ལྟ་བུ་འདི་དག་གིས་བསྐལ་པར་ཐུགས་སུ་ཆུད་ནས། ཇི་ལྟར་དཀྱིལ་མོ་དཀྲུང་བཅས་པ་དེ་ཉིད་ཀྱིས་བཞུགས་པར་མཐོང་ངོ་།། མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ།། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འདུག་གོ། ་ཕྱོགས་གཅིག་ཏུ་འདུག་ནས། མི་མཇེད་ཀྱི་བདག་པོ་ཚངས་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ན་ཞུ་བ་ལུང་བསྟན་པའི་སླད་དུ ་བཅོམ་ལྡན་འདུག་ལ་སྐབས་དབྱེ་བར་བདགན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་བཀའ་ཞིག་གུ་ལ་གསོན། ་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་བཞུ་བ་ལུང་བསྟན་པའི་ཕྱིར ་དེ་བཞིན་གཤེགས་པ་རྟག་ཏུ་ཁྱོད་ལ་སྐབས་ཕྱེའི་ཚངས་པ་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་ཞུས་ཅིག་དང་། ཞུས་པ་དེ་དང་དེ་ཉིད་ཀྱི་ལུང་བསྟན་པས་ངས་ཁྱོད་ཀྱིས་སེམས ་རངས་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་སྐབས་ཆེ་བས། མི་མཇེད་ཀྱི་བདག་པོ་ཚངས་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་དུ་དང་ལྡན་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ལགས། དེ་སྐད་ཅེས ་གསོལ་པ་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་དག་ཆོས་གཅིག་དང་ལྡན་ན། མྱུར་དུ་བླ་ན་མེད་པའི ་བྱང་ཆུབ་ཏུ་སངས་རྒྱ་བར་འགྱུར་རོ།། ཆོས་གཅིག་གང་ཞེ་ན། འདི་ལྟ་སྟེ། ལུས་ཀྱི་རྗེས་སུ་སོང་བའི་དྲན་པའོ།། ཚངས་པ་བྱང་ཆུབ་སེམས་དཔའ་ལུས་ཀྱི་རྗེས་སུ་སོང་བའི ་དྲན་པ་ཇི་ལྟ་བུ་ཡིན་ཞེ་ན། ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའ་ནི་འགྲོའོ་སྙམ་པའི་དྲན་པ་དང་ལྡན་པ་ཡིན་ཞིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། ལྡོག་གོ་སྙམ ་དུ་དྲན་པ་དང་ལྡན་པ་ཡིན་ཞིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། ཉལ་ལོ་སྐམ་པ་དང་། ལྡང་ངོ་སྙམ་པ་དང་། འཆག་གོ་སྙམ་པ་དང་། འདུག་གོ་སྙམ་པའི་དྲན ་བ་དང་ལྡན་པ་ཡིན་ཞིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། དེ་གཅིག་པུ་དབེན་པར་འདུག་སྟེ། ནང་དུ་ཡང་དག་པར་གཞག་ནས། འཁྲུལ་པ་མེད་པའི་ཡིད་ཀྱི་ལུས ་འདི་ཉིད་ལ་འདི་ལྟ་སྟེ། ཀྱེ་མ་ལུས་འདི་ནི་མི་རྟན་པ། མི་རྟག་པའི་རང་བཞིན་གྱིས་ཉམ་ཆུང་བའི་ངོ་བོ་མེད་པ། ཐེར་ཟུག་མ་ཡིན་པ། རྣམ་པར་འཐོར་བའི་ཆོས་ཅན། རྟེན ་ཅིང་འབྲེལ་པར་འབྱུང་བ་སྒྱུ་མ་དང་འདྲ་བ། ཟིལ་པའི་ཐིགས་པ་དང་འདྲ་བ། གཡོ་བ་མི་གནས་པ་མི་ཙང་བ། རྣག་གི་དྲི་ང་བ་ཅན། རླུང་དང་ཉི་མས་མཐར་གཏུགས་པ། མཐར ་འདྲུལ་པ། མཐར་རྡུལ་དུ་འགྱུར་བ། ངན་སྐྱུགས་ཀྱི་མཐར་ཐུག་པ། ནང་མང་བ་གནོད་པ་ཅན་འགྲོ་བའི་ནད་མང་བ། ན་བ་འཇིག་པའི་ངང་ཅན། རུས་པ་ལ་སོགས་པ་དྲི་ང་བ ་འཛག་པ་ཅན་བསྒྲིམས་ཏེ། རིམ་འགྲོ་བྱ་དགོས་པ་ཡིན་པར་ཡང་དག་པའི་དྲན་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་གོ། དེ་དེ་ལྟར་ཡང་དག་པའི་དྲན་པས་ལུས་ཀྱི་སྐྱོན ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་ལུས་ལ་ཆགས་པ་དང་། ལུས་ལ་ཀུན་དུ་འདོད་ཆགས་པ། ལུས་ལ་བདག་ཉིད་ཡིན་པར་མི་སྐྱེད་དོ།། དེ་ལུས་ལ་མི་ལྟ་བས ་སྲོག་ལ་ཆགས་པ་དང་། སྲོག་ལ་ཀུན་ཆ་འདོད་ཆགས་པ་དང་། སྲོག་ལ་བདག་གི་ཉིད་ཡིན་པ་མི་སྐྱེད་དོ།། དེ་ལུས་དང་སྲོག་ལ་མི་ལྟ་བས་ཆོས་གོས་ངན་དོན་དང་། ཁ་ཟས ་ངན་དོན་དང་། མལ་ཆ་དང་། ལྷན་ངན་དོན་དང་། ན་པའི་གམས་ལྡན་དང་། བྱང་ངན་ངན་རྒྱམ་ཀྱི་ཆོག་པར་འཛིན་པ་ཡིན་ནོ།། དེ་མངས་པར་རུངས་པར་སྤོ་བ་རྣམས་ས་བྱ་བ ་། དག་ཡིན་པ་དོན་དང་ལྡན་པ་རྣམས་སམ། དགེ་བ་དང་ལྡན་པ་རྣམས་ཀྱང་དེ་དག་ལ་སྟོན་པར་བྱེད་དེ། ཡོངས་སུ་མི་སྐྱོ་ཞིང་ཡོངས་སུ ་ཡིད་ཆད་མེད་ལ་ཡོངས་སུ་སྐྱོ་བའི་སེམས་མི་སྐྱེད་དོ།། དེ་མཁན་པོ་དང་སློབ་དཔོན་འགྲོ་ན་དྲན་པ་དང་ལྡན་ཞིང་འདི་སྙམ་དུ་སེམས་ཏེ།། མཁན་པོ་དག་ནི་བསྙེན་པར་དཀའ ་བ། སློབ་དཔོན་དག་ནི་བསྙེན་པར་བཀའ་བ་དག། བདག་དེར་སོང་བ་ན་སྡིག་པ་མི་དགེ་བ་ཀུན་དུ་སྤྱོད་པ་འགའ་ཞིག་གིས།། བདག་ལ་གླེངས་ཤིང་དྲན་པར་བྱས་ནས་མི་རུང་ངོ ་སྙམ་ནས། རྒྱུ་དེ་དང་རྐྱེན་དེ་དང་གཞིས་དེས་བསླབ་པ་རྣམས་ལ་གུས་པར་བྱེད་པར་འགྱུར་ཏེ། རྟུན་པར་བྱེད་པ་དང་། ལེགས་པར་བྱ་བ་བྱེད་པ་དང་། ཞི་བ་རྣལ་དུ་བྱེད་པ་དང་། ་ཤིན་དུ་ཡོངས་སུ་མཐར་ཐུག་པར་བྱེད་པ་ཉིད་ཀྱིས་མཁན་པོ་དང་སློབ་དཔོན་གྱི་གན་དུ་འགྲོ་བ་ན། བག་ཚ་བ་མེད་པ་དང་། བག་ཁུམས་པ་མེད་འགྲོ་ཞིང་མི་འཇིགས་པ་དང་། ་ལྷན་ཅིག་ཏུ་བྱུང་བའི་རྒོད་པ་ཡང་མི་རྟེན་ཏེ། དེ་ཅིའི་ཕྱིར་ཞེ་ན། གུས་པ་དང་བཅས་ཤིང་ཞེ་ས་དང་བཅས་ཤིང་ཞེ་ས་དང་བཅས་པ་ཡིན་ལ། རིགས་ཀྱི་བུ་བག་མ་བཞིན ་དུ་འཛེམ་པ་དང་ལྡན་པ་ཡིན་པའི་ཕྱིར་རོ།། དེ་ལ་འཛེམ་པ་དང་ལྡན་པ་ལུས་ཀྱི་སྐྱོན་དང་། ལུས་ཀྱི་ཉེས་པ་སྤྱོད་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱི་ཐམས་ཅད་ཏུ་ཡོངས་སུ ་སྤོང་ངོ་།། ཚངས་པ་བྱང་ཆུབ་སེམས་དཔའ་ལུས་ཀྱི་སྐྱོན་དང་། ལུས་ཀྱི་ཉེས་པར་སྤྱོད་པ་དེ་དག་གང་ཞེ་ན། ཚངས་པ་སྲོག་གཅོད་པ་ནི་བྱང་ཆུབ་སེམས་དཔའ་ལུས་ཀྱི་སྐྱོན ་དང་ལུས་ཀྱི་ཉེས་པར་སྤྱོད་པ་ཡིན་ནོ།། ཚངས་པ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་སྐྱོན་དང་ལུས་ཀྱི་ཉེས་པར་སྤྱོད་པ་ཡིན་ནོ།། ཚངས ་པ་བྱང་ཆུབ་སེམས་དཔའ་ཇི་སྲིད་སྲོག་གཅོད་པ་སྤོང་བ་ཡིན་ཞེ་ན། ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་ཀྱིས་དབང་གིས་སྲོག་ཆགས་ཀྱི་སྲོག་གཅོད་པར་མི་བྱེད། ་ཞེ་སྡང་གི་དབང་དང་། གཏི་མུག་གི་དབང་གིས་སྲོག་ཆགས་ཀྱི་སྲོག་གཅོད་པར་མི་བྱེད་དོ།། གཞན་དག་ཀྱང་སྲོག་གཅོད་པར་མི་འཇུག་གོ།། གཞན་དག་སྲོག་གཅོད་པ་ལ་ཡང་རྗེས་སུ ་ཡི་རང་བར་མི་བྱེད་དོ།། བདག་གིས་ཀྱང་མི་གཅོད་དོ།། གཞན་དག་ཀྱང་གཅོད་དུ་མི་འཇུག་གོ།། གཞན་དག་གཅོད་པ་ལ་ཡང་རྗེས་སུ་ཡི་རང་མི་བྱེད་དོ།། བདག་ཀྱང་མི ་རྡེག་གོ།། གཞན་དག་ཀྱང་རྡེག་ཏུ་མི་འཇུག་གོ།། གཞན་དག་རྡེག་པར་བྱེད་པ་ལ་ཡང་རྗེས་སུ་ཡི་རང་བར་མི་བྱེད་དོ།། ཇི་ལྟར་ན་མ་བྱིན་པ་ལེན་པ་སྤོངས་པ་ཡིན་ཞེ་ན། ཚངས ་པ་འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཀྱི་འཚོ་བའི་ཡོ་བྱད་གང་དག་ཡིན་པ་འདི་ལྟ་སྟེ། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན ་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲ་མ་དང་། དངུལ་ལ་སོགས་པ་དང་། གོས་དང་རྒྱན་གྱི་རྣམ་པ་དག་དང་། ནོར་བུ་དང་འབྲུ་དང་། བང་བའི་རྣམ་པ་དེ་དག་ལ་ཆགས་པ་མི་སྐྱེད། ་དེ་དག་ལ་རྣམ་པར་རྟོག་པར་མི་བྱེད་ཅིང་རྐུ་འཕྲོག་མི་བྱེད་དོ།། རྐུ་འཕྲོག་བྱེད་དུ་མི་འཇུད་དོ།། རྐུ་འཕྲོག་བྱེད་པ་རྣམས་རྗེས་སུ་ཡི་རང་བར་མི་བྱེད་དོ།། དེ་གྲོང་ན་ཡོད་པ་དང་། ་ཀྱ། དགོན་པ་ན་ཡོད་པ་མ་ཡིན་མ་གནོད་པ་རྩའི་འདབ་མ་ཙམ་ཡང་ལེན་པར་མི་བྱེད་དོ།། ཇི་ལྟར་ན་མི་ཚངས་པ་སྤྱོད་པ་སྤོང་བ་ཡིན་ཞེ་ན། ཚངས་པ། ་འདི་ལ་བྱང་ཆུབ་སེམས་དཔའ་དབང་པོ་རྣམས་ཀྱི་སྒོ་ལེགས་པར་སྲུངས་ཤིང་། གནས་པ་ཡིན། ལེགས་པར་བསྡམས་པ་ཡིན། འཐུན་པར་གནས་སུ་རྒྱུ་བ་ཡིན།། ཤིན་དུ ་སྲུངས་པའི་དྲན་པ་དང་ལྡན་པ་ཡིན། རྟག་ཏུ་སྲུངས་པའི་དྲན་པ་དང་ལྡན་པ་ཡིན། དེ་དྲན་པས་ཡིད་ཀུན་དུ་སྲུངས་པ་ཡིན། ལུས་དང་ངག་ཤིན་དུ་བསྡམས་པ་ཡིན་ནོ།། ་འཐུན་པའི་གནས་སུ་རྒྱུ་ལ་དྲན་པ་དང་ལྡན་པ་ཡིན་ཞིང་འདི་སྙམ་དུ་ཡང་སེམས་མི་བསྐྱེད་དོ།། མི་ཞིག་གིས་བྱེ་མ་ཞིབ་མོ་ཤིན་དུ་བསྲེགས་པ་ལག་པ་གཉིས་ཀྱི་སྐེམ་པས ་བླངས་ཏེ་མིག་གཉིས་བཀང་བ་ནི་བླའི།། ཆགས་པའི་སེམས་ཀྱིས་ཡུལ་གྱི་བཟང་མོ་ལ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བདག་ཡུལ་གྱི་བཟང་མོ་ལྟས་པས། ་ཡུན་རིང་པོར་ཕུང་ཞིང་བཅོམ་ལ་མ་རུངས་པར་འགྱུར་བའི་ཕྱིར་རོ་སྙམ་མོ།། དེ་དེ་ལྟར་ལུས་ཀྱི་རྗེས་སུ་ལྟ་ཞིང་བཟའ་བ་དང་། བཏུང་བ་དང་། གནས་དང་། མ་ལ་ཆ་དང་། ་བསྟན་རྣམས་ལ་དྲན་པ་ལེགས་པར་གནས་པ་ཡིན་ཏེ་དེ་དག་ལ་སྤྱོད་ན། རོ་མྱང་བར་མི་བྱེད་ཅིང་ཆགས་པའི་སེམས་མེད་པ་ཡིན་ནོ།། གལ་ཏེ་ཡོངས་སུ་སྤྱོད་པ་ན། བདེ་བ་སྐྱེ་བ ་ལྷ་ན་དེས་དེ་ལ་འདི་ལྟར་ཉེ་བར་བརྟག་པར་བྱ་སྟེ། བདེ་བར་སྣང་བ་འདི་ནི་བཟློག་པའི་སྒོ་ནས་སྡུག་བསྔལ་ཡིན་ཏེ། ཁམས་གསུམ་པ་འདི་ན་འདུས་བྱས་ཀྱི་དངོས་པོ་བདེ ་བ་གང་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། འདུས་བྱས་མི་རྟག་པའི་ཕྱིར་རོ།། མཁས་པའི་རང་བཞིན་ཅན་དག་དངོས་པོ་མི་རྟག་པ་རྣམས་ལ་བདེ་བའི་འདུ་ཤེས་ཇི་ལྟར་བསྐྱེད ་སྙམ་དུ་རྟག་པར་བྱའོ།། ཚངས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ཡོངས་སུ་སྤྱད་པ་ན། སྡུག་བསྔལ་ཁོ་ན་སྐྱེའི་བདེ་བ་ནི་མ་ཡིན་ཏེ། སྡུག་བསྔལ་དེས་ཀྱང་ཡོངས་སུ ་གནོད་ཅིང་ཉོན་མོངས་ནས། དེས་དེ་ལ་སེམས་འདི་ལྟར་ཉེ་བར་གཞག་པར་བྱ་སྟེ། ལུས་འདི་སྒྲིབས་ཏེ་ཡོངས་སུ་སྐྱོང་དགོས་པ། གསུག་གིས་སྒྲུབ་དགོས་པ་སྟེ། འདི་ནི ་སྡུག་བསྔལ་རྩོམ་པས་བཟུང་བར་མི་ནུས་ཀྱི། བདེ་བ་རྩོམ་པས་བཟུང་བར་བྱ་བ་ཡིན་ཏེ། བདག་གིས་ལུས་བརྟན་ཞིང་འཚེ་བ་འདིས་དགེ་བའི་ཆོས་རྣམས་སྒྲུབ་པར ་བྱའོ།། དཔེར་ན་བརྙེད་པ་འདོད་པའི་ཚོང་པ་ཁུར་ཁལ་རྣམས་སྟོང་བྲན་བྱེད། བཅོས་ལེགས་བྱེད་པ་ནི་ཁུར་ཁལ་རྣམས་བརྒྱན་པའི་མ་ཡིན་ཏེ། བདེ་བར་བྱ་བའི་ཕྱིར ་མ་ཡིན་གྱི། གཞན་གྱི་ན་ཇི་ཙམ་དུ་ཁལ་བཀལ་བ་བཀུལ་བའི་ཕྱིར་རོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཁ་ཟས་ཟ་བ་ཡང་ལུས་བརྒྱན་པའི་ཕྱིར་ཟས་ཟ་བ་མ་ཡིན།། ་ལུས་བདེ་བའི་ཕྱིར་མ་ཡིན་ཏེ། གཞན་དུ་ཇི་ཙམ་དུ་ལུས་དང་འབྲེལ་བའི་དགེ་བའི་ཕྱོགས་བསྒྲལ་བའི་ཕྱིར་རོ་སྙམ་དུ་སེམས་ཉེ་བར་གཞག་པར་བྱའོ།། ཚངས་པ་ག་ཏེ ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པས་གསུངས་པའི་གཉེན་པོས་སེམས་ཤེས་པར་བྱེད་མི་ནུས་ན། དེས་འདི་སྙམ་དུ་བསམ་པར་བྱས་ཏེ།། སེམས་ཤེས ་བྱ་བ་འདི་ནི་མཐར་ཕྱིན་པར་བཀའ་བ། མི་མཐུན་པར་འཛིན་པ། འཁོར་བ་ལ་མངོན་དུ་ཕྱོགས་པ། དགེ་བའི་ཕྱོགས་ལ་མི་ཕྱོ ་པ། ཡུལ་ལ་མངོན་དུ་ཕྱོགས་ལ་བདེན་པ་ལ་མི་ཕྱོགས་པ། བདེ་བ་ལ་མངོན་དུ་ཕྱོགས་པ། སྡུག་བསྔལ་ལ་མི་ཕྱོགས་པ། སྨྲ་བ་ལ་དགའ་བ་ལ་མངོན་དུ་ཕྱོགས་པ། ་དེ་ཁོ་ན་ལ་རྣམ་པར་ལྟ་བ་ལ་ཕྱོགས་པ། མི་གཙང་བ་ལ་མངོན་དུ་ཕྱོགས་པ། འདུལ་དཀའ་བ། བཟུང་དཀའ་བ། གནས་མེད་པ། རྟེན་མེད་པ། གསོག་གསོབ་སྐ་ཅིག ་རྒྱུ་དང་རྐྱེན་ཚོགས་པ་ལས་བྱུང་བ་ཡིན་ན། མཁས་པའི་རང་བཞིན་ཅན་སུ་ཞིག་འདི་ལྟ་བུའི་རང་བཞིན་ཅན་གྱི་སེམས་ཀྱི་དབང་དུ་འགྲོ་ཞིང་རྗེས་སུ་འཇུག་སྙམ་དུ་བསམ་མོ། ་དེ་དེ་ལྟར་སེམས་དྲན་པ་ཉེ་བར་གནས་པས་སེམས་གདུལ་བའི་ནན་ཏན་བྱེད་དོ།། དེ་སེར་སྣའི་སེམས་གདུལ་བའི་ཕྱིར་སྦྱིན་པ་བྱིན་པར་བྱེད་དེ། ཐ་ན་ཁམ་ཅིག་ཙམ ་འམ། རྒྱ་ཤུག་ཙམ་འམ། མོན་སྲེན་གྲེའུ་ཙམ་འམ། ཏིལ་འབྲུ་ཙམ་ཡང་རུང་། དེ་ཡང་ཐམས་ཅད་ལ་སྦྱིན་པ་བྱེད་ཀྱི་སྡུག་པ་རྣམས་ལ་མ་ཡིན། འདྲིས་པ་རྣམས ་ལ་མ་ཡིན་ནོ།། དེ་ལ་འཆལ་པའི་ཚུལ་ཁྲིམས་ཀྱིས་སེམས་གདུལ་བའི་ཕྱིར། ཚུལ་ཁྲིམས་སྲུང་སྟེ། ལུས་དང་ངག་དང་ཡིད་ཀྱིས་སྐྱོན་མེད་པར་བྱེད་པ་ཡིན། ་འདྲེས་མར་མི་བྱེད་པ་ཡིན། ནག་ནོག་ཅན་དུ་མི་བྱེད་པ་ཡིན་ཏེ། ཚུལ་ཁྲིམས་དེས་བདག་ལ་བསྟོད་པར་མི་བྱེད། གཞན་ལ་སྨོང་པར་མི་བྱེད་དོ།། དེ་གནོད་སེམས ་གདུལ་བའི་ཕྱིར་བཟོད་པ་བསྒོམས་ཏེ། དེ་གྲོང་ངམ། གྲོང་རྡལ་དུ་ཞུགས་པ་ན་ཀ་ཤེ་ཡང་ཅི་ཡང་མི་ཉམས་པ་བྱེད་དོ།། བརྒྱད་ཀྱང་རུང་། རྡེག་ཀྱང་རུང་། སྡིགས ་ཀྱང་རུང་། རྣམ་པར་འཇོམས་ཡང་རུང་། སྨོད་ཀྱང་རུང་སྟེ། ཅི་མི་ཉམས་པ་བྱེད་དོ།། ཀྱེ་མ་དགེ་སྦྱོང་འདི་ནི་མགོ་རེག་ངན་པའོ།། ཀྱེ་མ་དགེ་སྦྱོང་འདི་ན་མགོ་རེག ་ངན་པ་མི་སྡུག་པ་ངན་པའོ་ཞེས་འཇིག་རྟེན་གྱིས་དཔྱས་ཀྱང་ཅི་མི་ཉམས་པར་བྱེད་དོ།། ཡང་དག་པ་མ་ཡིན་པས་བསྐུར་ཀྱང་བཟོད་པར་བྱེད་ཅིང་དང་དུ་ལེན་ལ་ལས ་བདག་གིར་བྱ་བ་ཉིད་ལ་སྟོན་ཏེ། བཟོད་པ་དེས་ཀྱང་བདག་ལ་བསྟོད་པར་མི་བྱེད། གཞན་ལ་སྨོད་པར་མི་བྱེད་དོ།། དེ་ལེ་ལོའི་སེམས་གདུལ་བའི་ཕྱིར་དང་། བྱང་ཆུབ ་ཀྱི་ཕྱོགས་པའི་ཆོས་མ་ཐོབ་པ་རྣམས་ཐོབ་པར་བྱ་བའི་ཕྱིར་དང་། ཐོབ་པ་རྣམས་འཕེལ་བར་བྱ་བའི་ཕྱིར་དང་། འཕེལ་བ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང་། ་ཡོངས་སུ་སྨིན་པ་རྣམས་ཡང་དག་པར་བཟུང་བར་བྱ་བའི་ཕྱིར་དང་། ཡང་དག་པར་གཟུང་བ་རྣམས་རྣམ་པར་དབྱེ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ།། དེ་སེམས་ཅན་གྱི་ཆེད་རྣམས ་དང་། སེམས་ཅན་གྱི་བྱ་བ་རྣམས་ལ་ཡོངས་སུ་མི་སྐྱོ་ཞིང་། ཡོངས་སུ་སྐྱོ་བ་མི་འཆད་དེ། ཡོངས་སུ་སྐྱོ་བའི་སེམས་མི་སྐྱེད་དོ།། དེ་གདོལ་པ་ལ་ཕན་བཏགས་ཀྱང་རུང་།། ་རྒྱལ་པོ་ལ་ཕན་བཏགས་ཀྱང་རུང་། ཤིན་དུ་ལམ་རིང་པོར་ཡང་འགྲོ་སྟེ། ཐ་དད་པར་མི་དམིགས་ཤིང་། རྒྱུན་མི་གཅོད་པ་ཡིན་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ ་སྡུག་བསྔལ་ཞིང་བཀྲེན་པའི་སེམས་ཅན་གྱིས་དངོས་པོ་ཐམས་ཅད་ངན་པ་ཞིག་གིས་བསྟབས་སམ། འབྱོར་ཅིང་ནོར་ཆེ་བ་གང་ཡང་རུང་བ ་ཞིག་གིས། དངོས་པོ་བཟང་པོ་མཆོག་གྱ་ནོམ་པ་ཞིག་བསྟབས་ཀྱང་། དེ་ལ་བྱང་ཆུབ་སེམས་དཔས་སྙིང་པོའི་སེམས་གཞག་ལ་གུས་པར་བསྟོད་ཅིང་ཡང་དག་པར་གཟེངས ་བསྟོད་ལ། ཡང་དག་པར་འཛིན་དུ་འཇུག་ཅིང་དངོས་པོ་ངན་པ་དེ་བླང་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་སྡུག་བསྔལ་བའི་སྦྱིན་པ་འདི་ནི་སྦྱིན་པ་བྱ་དཀའ་བ་ཡིན ་པའི་ཕྱིར་རོ།། དེ་རྣམ་པར་གཡེང་བའི་སེམས་གདུལ་ཕྱིར་བསམ་གཏན་ལ་བསམ་གཏན་བྱེད་དེ།། ཇི་ལྟར་བསམ་གཏན་བྱེད་ཅེ་ན། ཚངས་པ་འདི་ལ་བྱང་ཆུབ་སེམས ་དཔའ་ནི་ཐོག་མ་ཁོ་ནར་ལུས་ལེགས་པར་བསྡམས་པ་ཡིན་ནོ། ལུས་དབེན་པར་གནས་པ་ཡིན་ནོ།། ལུས་ཀྱི་འདུ་འཛི་རྣམས་ཀྱང་ཡོངས་སུ་སྤོང་ངོ་།། ལུས་ལ་ལྷག ་པར་ཆགས་པ་ཡང་འདོར་རོ།། ལུས་དང་མཐུན་པ་དང་། ལུས་འཚོ་བ་དང་། ལུས་ཀྱི་སྟོབས་ཀྱང་རབ་ཏུ་ཤེས་སོ།། དག་ལེགས་པར་བསྡམས་པ་ཡིན་ཏེ། སྨྲ་བ་ཉང ་ཞིང་བརྗོད་པ་ཉུང་ངོ་།། དོན་སྨྲ་བ་ཡིན་རིགས་པར་སྨྲ་བ་ཡིན་ཏེ། བྲེ་མོའི་གཏམ་ལ་དགའ་བ་ཡོངས་སུ་སྤང་བ་ཡིན་ནོ།། དེ་ཡིད་ལེགས་པར་བསྡམས་པ་ཡིན་ཏེ།། ་མི་དགེ་བའི་བའི་རྣམ་པར་རྟོགས་པ་ཐམས་ཅད་ཡོངས་སུ་སྤངས་ཏེ། དེ་དེ་ལྟར་གནས་གསུམ་ཡོངས་སུ་དག་པས། སྔོན་པོ་དང་། སེར་པོ་དང་། དམར་པོ། དང་། ད་ཀར ་པོའི་གཟུགས་རྣམས་མི་སྣང་བར་བྱ་བའི་ཕྱིར་ནན་ཏན་བྱེད་དེ། དེ་དག་ལ་མཚན་མར་མི་འཛིན་མངོན་བརྟགས་སུ་མི་འཛིན་ཏོ།། རྒྱན་དང་གོས་ཀྱི་རྣམ་པ་སྣ་ཚོགས་དག་ལ ་ཡང་ས་མཚན་མར་མི་འཛིན་ཅིང་། མངོན་བརྟགས་སུ་མི་འཛིན་པ་ཡིན་ནོ།། གཟུགས་དང་སྐྲ་དང་། དྲི་དང་རོ་དང་། རེག་པ་སྣ་ཚོགས་དག་ལ་ཡང་མཚན་མར་མི་འཛིན་ཅིང་། ་མངོན་བརྟགས་སུ་མི་འཛིན་པ་ཡིན་ནོ།། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་རྣམས་ལ་ཡང་མཚན་མར་མི་འཛིན་ཅིང་། མངོན་རྟགས་སུ་མི་འཛིན་པ་ཡིན་ནོ།། ་དེ་ཅིག་པུ་དབེན་པར་འདུག་ནས་ནང་དུ་ཡང་དག་པར་འཇོག་ཅིང་། སེམས་གནས་པར་བྱ་བའི་ཕྱིར་ནན་ཏན་བྱེད་དེ། མི་སྡུག་པ་དམིགས་པ་འམ། བྱམས་པ་ལ་དམིགས་པ་འམ། ་སྙིང་རྗེ་ལ་དམིགས་པའམ། ཡིད་འབྱུང་བར་འགྱུར་བ་གང་ཡང་རུང་བས་ཇི་ལྟར་ལུས་ཁེངས་པར་མི་འགྱུར་བ་དེ་ལྟར་དམིགས་པར་བྱེད་དེ། དབུགས་རྔུབ་པ་དང་། འབྱུང ་བ་མི་འགག་གོ། རྒྱན་རྣམས་ཀྱང་མི་ཆད་དོ།། རླུང་འཁྲུགས་པར་མི་འགྱུར་རོ།། སེམས་ལོག་པར་རྣམ་པར་གཡེང་པར་མི་འགྱུར་རོ།། དེ་འཆག་གམ། ཉལ་ལམ། འགྲེང ་ངམ། འདུག་གམ། འདུག་ཀྱང་དམིགས་པ་དེ་ཉིད་ཀྱིས་འདུག་གོ།། དེ་ཉིད་ལ་སེམས་གཏོང་ངོ་།། ཚངས་པ་གང་གི་ཚེ་བྱང་ཆུབ་སེམས་དཔའ་དམིགས་བརྟེན་པར་གྱུར་པ་དེ ་ཚེ། སེམས་ལ་སེམ་མཉམ་པར་འཇོག་སྟེ། སེམས་ཀྱིས་སེམས་ཀྱང་མི་དམིགས་སོ།། གང་གིས་མཉམ་པར་འཇོག་པ་དེ་ཡང་མི་དམིགས་སོ།། གང་གི་ཕྱིར་མཉམ ་པར་འཇོག་པ་དེ་ཡང་མི་དམིགས་སོ། དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བྱིས་པ་སོ་སོ་སྐྱེ་བོ་འདི་དག་ནི་བསོག་གི་ཆོས་རྣམས་དང་། ་བསོབ་ཀྱི་ཆོས་རྣམས་ལ་མངོན་པར་ཞེན་ཏོ་སྙམ་དུ་སེམས་ཏེ། འདི་ནི་བྱང་ཆུབ་སེམས་ས་པའི་ལྷག་མཐོང་ཞེས་བྱའོ།། དེ་ལྟར་རྣམ་པར་མཐོང་བས་ཉོན་མོངས་པ ་རྣམས་ཀུན་དུ་མི་འབྱུང་ཞིང་མི་འཇུག་པ་དེ་ནི་ཞི་གནས་ཞེས་བྱའོ།། ཚངས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་གཅིག་པུ་དབེན་པར་འདུག་སྟེ། ནང་དུ་ཡང་དག ་གཞག་ནས་མིང་ཡང་ཡི་གེ་ཇི་ལྟར་ཐོས་པ་རྣམས་ངེས་པའི་ཆོག་གིས་གདགས་པས་ཡང་དག་པར་འཇོག་ཅིང་། ཡི་གེ་དེ་དག་ལ་ཉེ་བར་རྟོག་ཏེ། དེ་ལྟར་ཉེ་བར་རྟོག་པ ་ནི་ཡི་གེ་རྣམས་གསོག་དང་གསོབ་ཏུ་མཐོང་ངོ་།། དེ་ཡི་གེ་རྣམས་གསོག་དང་གསོ་བ་དུ་མཐོང་ངོ་།། མིང་རྣམས་ཀྱང་གསོག་དང་གསོབ་ཏུ་མཐོང་ངོ་།། གང་ལ ་མིང་དེ་འདོགས་པ་དེ་ཡང་གསོག་དང་གསོབ་ཏུ་མཐོང་ངོ་།། དེ་ལ་གཟུགས་གང་དང་གང་སྣང་བ་དེ་དག་ཡང་གསོག་གསོབ་དུ་མཐོང་ངོ་།། དེས་གསོག་དང་གཙེ ་དུ་མཐོང་བས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པར་འགྱུར་རོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པས། དེ་ལ་འདུ་བྱས་རྨི་ལམ་དང་འདྲ ་བར་སྣང་ངོ་།། དེ་ལ་བྱང་ཆུབ་སེམས་དཔའ་སོ་སོར་རྟགས་ནས་སེམས་ཅན་ལ་བལྟས་པས། སྙིང་རྗེ་ཆེན་པོས་སེམས་ཉེ་བར་གཞག་ནས་གནས་སོ།། དེ་འཚལ ་པའི་ཤེས་རབ་ཀྱི་སེམས་གདུལ་བའི་ཕྱིར་ཤེས་རབ་སྒོམ་པར་བྱེད་དོ།། ཇི་ལྟར་བསྒོམ་པར་བྱེད་ཅེ་ན། དེ་ཀུན་རྫོབ་ཀྱི་ཚུལ་དུ་བཤད་པའམ། དོན་དམ་པའི་ཚུལ་ཕྲ ་བཤད་པའི་མདོ་སྡེ་གང་དག་ཡིན་པ་དེ་དག་རྗོད་པ་གསལ་ཞིང་ཟུར་ཕྱིན་པ་དག་གིས་མ་ནོར་བར་འཛིན་ཏོ།། མ་ནོར་བར་ཆོས་སྟོན་པ་ལས་གཟུང་ནས་ཀྱང་མ་ནོར་བའི ་བསམ་པས་སེམ་པར་བྱེད་དོ།། བསྒོམ་པའི་རྣལ་འབྱོར་ལ་ཡང་བརྩོན་པར་བྱེད་དོ།། དེ་ཡེ་ཤེས་ཀྱི་སྟོབས་དང་། ཤེས་རབ་གི་བྱེ་བྲག་གིས་སེམས་ཅན་མི་དམིགས། ་སྲོག་མི་དམིགས། བསོ་བ་མི་དམིགས། སྐྱེས་བུ་མི་དམིགས། གང་ཟག་མི་དམིགས། ཤེད་ཅན་མི་དམིགས། ཤེད་བུ་མི་དམིགས་ཏེ། ཐམས་ཅད་ཀྱི་ཐམས་ཅད་དུ ་ཆད་པར་ལྟ་བར་ཡང་མི་ལྟུང་ངོ་།། བཏགས་པའི་ཐ་སྙད་རྣམས་ལ་ཡང་། ལེགས་པར་བསླབས་པ་ཡིན་ནོ།། དེ་ཟིན་པའི་སའི་ཁམས་དང་། མ་ཟིན་པའི་སའི་ཁམས ་ལ་ཡང་དག་པའི་ཤེས་རབ་ཀྱིས་ཚུལ་ཅིག་ཏུ་སོ་སོར་རྟོག་གོ།། ཟིན་པའི་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། མ་ཟིན་པ་ལ་ཡང་དག་པའི་ཤེས ་རབ་ཀྱི་ཚུལ་ཅིག་ཏུ་སོ་སོར་རྟོག་སྟེ། དེ་གཉིས་ཡང་གསོག་ཉིད་དང་། གསོབ་ཉིད་དུ་མཐོང་ཞིང་། བེམས་པོ་ཉིད་དང་སྙིང་པོ་མེད་པ་ཉིད་དང་། སྟོང་པ་ཉིད་དུ ་མཐོང་ངོ་།། དེས་དེ་ལྟར་མཐོང་བས་ཇི་ལྟར་ཕྱི་རོལ་གྱི་ཁམས་རྣམས་ལ་མངོན་པར་ཆགས་པ་མེད་དེ་ལྟར་ནང་གི་རྣམས་ལ་ཡང་ངོ་།། མིག་གི་རྣམས་པར་ཤེས ་པ་དང་། གཟུགས་རྣམས་ལ་ཡང་ཡང་དག་པའི་ཤེས་རབ་ཀྱིས་ཚུལ་ཅིག་ཏུ་སོ་སོར་རྟོག་གོ།། རྣ་བའི་རྣམ་པར་ཤེས་པ་དང་། ་སྒྲ་དྲུང་། དྲི་རྣམས། ལྕེའི་རྣམ་པར་ཤེས་པ་དང་། རོ་རྣམས་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། རེག་བྱ་རྣམས་ལ་ཡང་དག་པའི་ཤེས་རབ་ཀྱིས་ཚུལ ་ཅིག་ཏུ་སོ་སོར་རྟོག་གོ།། དེ་སའི་ཁམས་ལ་ནི་སྲ་བ་ཉིད་དུ་ཡང་རབ་ཏུ་ཤེས་ལ། གཤེར་བ་ཉིད་དང་། ཚ་བ་ཉིད་དང་གོང་སྟོང་པ་ཉིད་དུ་ཡང་རབ་ཏུ་ཤེས་སོ།། ཆུའི ་ཁམས་ལ་གཤེར་བ་ཉིད་དུ་ཡང་རབ་ཏུ་ཤེས་ལ། སྲ་བ་ཉིད་དང་། ཚ་བ་ཉིད་དང་། ཁོང་སྟོང་ཉིད་དུ་ཡང་རབ་ཏུ་ཤེས་སོ།། མེའི་ཁམས་ལ་ཚ་བ་ཉིད་དུ་ཡང་རབ་ཏུ ་ཤེས་ལ། སྲ་བ་ཉིད་དང་། གཤེར་བ་ཉིད་དང་། ཁོང་སྟོང་ཉིད་དུ་ཡང་རབ་ཏུ་ཤེས་སོ།། རླུང་གི་ཁམས་ལ་གཡོ་བ་ཉིད་དུ་ཡང་རབ་ཏུ་ཤེས་ལ། ཡངས་ཤིང་གཡོ ་བ་ཉིད་དུ་ཡང་རབ་ཏུ་ཤེས་སོ།། ནམ་མཁའི་ཁམས་ལ་ཁོང་སྟོང་དུ་ཡང་རབ་ཏུ་ཤེས་ལ། ཐམས་ཅད་དུ་སོང་བ་ཉིད་དུ་ཡང་རབ་ཏུ་ཤེས་སོ།། རྣམ་པར་ཤེས ་པའི་ཁམས་ལ་སྒྱུ་མ་ལྟ་བུ་ཉིད་དུ་ཡང་རབ་ཏུ་ཤེས་སོ།། ཕྱིན་ཅི་ལོག་ཉིད་དུ་ཡ་རབ་ཏུ་ཤེས་ལ། ཕྱིན་ཅི་ལྡོག་པ་ཉིད་ཡང་རབ་ཏུ་ཤེས་སོ།། དེ་མིག་གི་རྣམ ་པར་ཤེས་པ་ལ་སྟོང་པ་ཉིད་དང་། གཟུགས་ལ་མི་རྟག་པ་ཉིད་དུ་ཡང་རབ་ཏུ་ཤེས་སོ།། རྣ་བའི་རྣམ་པར་ཤེས་པ་སྟོང་པ་ཉིད་དང་། སྒྲ་མི་རྟག་པ་ཉིད་དང་། ་རྣ་བའི་རྣམ་པར་ཤེས་པ་ཉིད་དང་། དྲི་ལ་མི་རྟག་པ་ཉིད་དང་། ལྕེའི་རྣམ་པར་ཤེས་པ་སྟོང་པ་ཉིད་དང་། རོལ་མི་རྟག་པ་ཉིད་དང་། ལུས་ཀྱི་རྣམ་པར་ཤེས ་པ་སྟོང་པ་ཉིད་དང་། རེག་བྱ་ལ་མི་རྟག་པ་ཉིད་དུ་ཡང་རབ་ཏུ་ཤེས་སོ།། དེ་ལྟར་ཤེས་རབ་ལ་མཁས་པས་ཤིན་དུ་རྟོགས་པའི་ཤེས་རབ་དང་ལྡན་ཞིང་ཤེས་རབ་རྣོ་བ་དང ་ལྡན་ཏེ། མི་དགེ་བའི་ཆོས་རྣམས་ཀྱང་རབ་ཏུ་ཤེས་སོ།། དགེ་བའི་ཆོས་རྣམས་ཀྱང་རབ་ཏུ་ཤེས། ཉན་ཐོས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་ཀྱང་རབ་ཏུ ་ཤེས། རང་སངས་རྒྱས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའ་ཡང་དག་པར་འགྲུབ་པར་པར་བྱེད་པའི་ཆོས ་རྣམས་དང་། སངས་རྒྱས་ཉིད་ཡང་དག་པར་འགྲུབ་པར་བྱེད་ཆོས་རྣམས་ཀྱང་རབ་ཏུ་ཤེས་སོ།། དེ་མི་དགེ་བའི་ཆོས་རྣམས་ཀྱི་རྣམས་ཀྱི་རྣམ་པར་སྨིན་པ ་ཆུང་ངུ་དང་། འབྲིང་དང་། ཆེན་པོས་སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་རྣམས་དང་། ཡི་དགས་རྣམས་སུ་སྐྱེ་བ་ཡང་རབ་ཏུ་ཤེས་སོ།། ་དེར་སྐྱེས་རྣམས་ཀྱི་ཚོར་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་ཡང་རབ་ཏུ་ཤེས་སོ།། དགེ་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པར་ཆུང་ངུ་དང་།། ་འབྲིང་དང་། ཆེན་པོས་ལྷ་རྣམས་ཀྱི་ནང་དུའམ། མི་རྣམས་ཀྱི་ནང་དུ་སྨིན་པ་ཡང་རབ་ཏུ་ཤེས་སོ།། དེར་སྐྱེས་པ་རྣམས་ཀྱི་འབྲས་བུ་ཆུང་ངུ། ་འབྲིང་དང་། ཆེན་པོ་ཡང་རབ་ཏུ་ཤེས་སོ།། ཉན་ཐོས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱི་རྒྱུན་དུ་ཞུག ་པའི་འབྲས་བུ་མངོན་དུ་བྱ་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་བྱ་བ་དང་། ཕྱིར་མི་འོངས་པའི་འབྲས་མངོན་དུ་བྱ་བ་དང་། དགྲ ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ་བྱ་བའི་རྣམ་པ་ཡང་རབ་ཏུ་ཤེས་སོ།། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཉིད་དང་། གཉིས་གིས་ཚ་ལས་ནི ་པར་གྲོལ་བ་ཡང་རབ་ཏུ་ཤེས་སོ།། རང་སངས་རྒྱས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱི་ཡང་དག་པར་འགྲུབ་པ་ཡང་རབ་ཏུ་ཤེས ་འབྲས་བུ་དང་ཞི་བ་ཉིད་ཀྱང་རབ་ཏུ་ཤེས་སོ།། ཤེས་ནས་ཀྱང་ཚེགས་ཀྱི་ལམ་དང་། ཡེ་ཤེས་ཀྱི་ལམ་ལ་བརྩོན་པར་བྱེད་དོ།། སངས་རྒྱས་ཉིད ་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱི་རྫུ་འཕྲུལ་ཆེ་བ་ཉིད་ཀྱང་རབ་ཏུ་ཤེས་སོ།། མཐུ་ཆེ་བ་ཉིད་དང་། དམ་པ་ཉིད་དང་། རབ་མཆོག ་ཉིད་དང་། ཕུལ་དུ་བྱུང་བ་ཉིད་དང་། ཆེ་བ་ཉིད་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཐུན ་ཐུན་མོང་བ་ཡང་མ་ཡིན་ནོ།། གཞན་སེམས་ཅན་ཐམས་ཅད་ལྟ་སྨོས་ཀྱང་ཅི་དགོས་པའི་མཐུན་མོང་མ་ཡིན་པ་ཉིད་ཀྱང་རབ་ཏུ་ཤེས་སོ།། དེ་དེ ་ལྟར་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་།། དྲན་པ་ལེགས་པར་ཉེ་བར་གནས་ལ་སྡིག་པའི་ཆོས་ཐམས་ཅད་དང་མི་ལྡན། དགེ་བའི་ཆོས་ནི་ཡང་དག་པར ་ཐོབ། ལུས་ཀྱིས་གནོད་པ་ནི་མེད། རྣམ་པར་ཤེས་པས་འཕངས་པ་ནི་མེད། སེམས་ཀྱིས་འཕངས་པ་ནི་མེད་ལ། ཆོས་རྣམས་ཀྱི་རྒྱུའི་ཚོགས་དང་། ་འབྲས་བུ་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཤེས་པས། དབེན་ན་རྒྱ་མཚོའི་རླབས་བཞིན་དུ་དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་ཏེ། ཇི་ལྟར་རྒྱ་མཚམ ་རླབས་བྲི་ཞིང་ཡང་འབྱུང་བ་ལྟར། བྱང་ཆུབ་སེམས་དཔའ་ནི་ཆོས་རྣམས་ལ་དེ་ལྟ་མ་ཡིན་ནོ།། དེ་དཔེར་ན་ཟླ་བ་ཡར་གྱི་ངོའི་དཀྱིལ་འཁོར་དང་འདྲ་བར་ཆོས་རྣམས ་ཀྱིས་མངོན་པར་འཕེལ་ཏེ། ཇི་ལྟར་མར་གྱི་ངོ་ལ་ཟླ་བའི་དཀྱིལ་འཁོར་བྲི་བའི་ཆོས་ཅན་ཡིན་པ་ལྟར། བྱང་ཆུབ་སེམས་དཔའ་ནི་ཆོས་རྣམས་ལས་དེ་ལྟ་ཡིན་ནོ།། ། ་དེ་དཔེར་ན་དབྱར་གྱི་དུས་ཀྱི་ཕུ་ཆུ་འབྲུག་པ་ལྟར་དགེ་བའི་ཆོས་རྣམས་ཀྱིས་མངོན་པར་འཕེལ་ཏེ། ཇི་ལྟར་ཕུ་ཆུ་འབྲུག་པ་དབྱར་གྱི་དུས་ཟད་ན་བྲི་བའི་ཆོས ་ཅན་ཡིན་པ་ལྟར་བྱང་ཆུབ་སེམས་དཔའ་ནི་ཆོས་རྣམས་ལ་དེ་ལྟ་མ་ཡིན་ནོ།། ཚངས་པ་དེ་ལྟར་བསླབས་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུ་མངོན་པར་རྫོགས་པར་འཚང་རྒྱའོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ ་སྩལ་ཏོ།། ལུས་ཀྱི་སྐྱོན་རྣམས་རབ་ཤེས་ན།། ལུས་ཡོད་སྐྱོན་རྣམས་མི་རྟེན་ཏོ།། ལུས་ལ་དྲན་པ་ལེགས་གནས ་ན། སྐྱོན་མེད་ཞི་བའི་གནས་ཐོབ་པོ།། ལུས་ཀྱི་སྐྱོན་རྣམས་མི་ཤེས་ན། ལུས་ལ་ཡོད་པའི་སྐྱོན་མི་རྟོགས།། ལུས་ལ་དྲན་པ་མི་གནས་ན། སྡུག་བསྔལ་བཟོད ་དཀའ་གནས་ཐོབ་པོ།། སེམས་ཀྱི་སྐྱོན་རློམས་མི་རྟེན་ཏོ།། སེམས་ལ་དྲན་པ་ལེགས་གནས་ན།། སྐྱོན་མེད་ཞི་བའི་གནས་ཐོབ་པོ།། སེམས་ཀྱི་སྐྱོན ་རྣམས་མི་ཤེས་ན། སེམས་ལ་ཡོད་པའི་སྐྱོན་མི་རྟོགས།། སེམས་ལ་དྲན་པ་མི་གནས་ན། སྡུག་བསྔལ་བཟོང་དཀའ་གནས་ཐོབ་པོ།། དགེ་བའི ་ཆོས་རྣམས་རྟེན་བྱེད་པ། མི་དགེ་བའི་རྣམས་མི་རྟེན་པ། ཆོས་རྣམས་ལ་ནི་མཁས་པའི་མི། སྐྱོན་མེད་ཞི་བའི་གནས་ཐོབ་པ། དགེ་བའི ་ཆོས་རྣམས་མི་རྟེན་ཅིང་། མི་དགེ་ཆོས་རྣམས་རྟེན་བྱེད་པ།། ཆོས་རྣམས་ལ་ནི་མི་མཁས་མི།། སྡུག་བསྔལ་བཟོད་དཀའ་གནས་ཐོབ་པོ། དེ་ནས་མི་འཇེད ་ཀྱི་བདག་པོ་ཚངས་པས་ལྷའི་མེ་ཏོག་མན་ད་ར་བ་དག་མངོན་པར་སྤྲུལ་ཏོ།། བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏོ།། མངོན་པར་གཏོར་ནས་ཀྱང་བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ནས། བཅོམ་ལྡན་འདས་ལ་ལན་སུམ་བསྐོར་བ་བྱ་སྟེ། བཅོམ་ལྡན་འདས་ཀྱི་ཐང་ནས་སོ་ངོ་།། དེ་ནས ་བཅོམ་ལྡན་འདས་ཀྱི་ནམ་ལངས་པར་མཁྱེན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་བདན་བཤམས་པ་ལ་བཞུགས་སོ།། བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མ་དང་འདིར་མི་ཉལ་ཙམ་གྱི་གུང་ཐུན་ལ་ང་གཅིག་པུ་དབེན་པར་འདུག་སྟེ། ནང་དུ་ཡང་དག་གཞག་ན་མི་མཇེད་ཀྱི་བདག ་པོ་ཚངས་པས་ཐམས་ཅད་དང་ལྡན་པ་ཚལ་ཆེན་པོ་འོད་ཀྱིས་སྣང་བར་བྱས་ནས། ངག་ལ་བདེར་འོངས་ཏེ་ཕྱིན་ནས་ང་ལ་མངོན་པར་བསྟོད་ཏེ།། ལན་གསུམ་བསྐོར་བ ་བྱས་ནས་ཕྱོག་ཅིག་ཏུ་འདུག་གོ། ཕྱོགས་ཅིག་ཏུ་འདུག་ནས། མི་མཇེད་ཀྱི་བདག་པོ་ཚངས་པས་ང་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ན་ཞུ་བ་ལུང་བསྟན་པའི ་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་བར་གནང་ན། བཅོམ་ལྡན་འདས་དེ་བཞིན་གཤེག་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ ་ཕྱོགས་འགའ་ཞིག་ཞུ་ལགས་སོ།། དགེ་སློང་དག་དེ་སྐད་ཅེས་གསོལ་པ་དང་། ངས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ ་ཞུ་བ་ལུང་བསྟན་པའི་ཕྱིར་དེ་བཞིན་གཤེགས་པས་རྟག་ཏུ་ཁྱོད་ལ་སྐབས་ཕྱེས།། ཚངས་པ་ཁྱོད་ཅི་དང་འདོད་པ་ཞུས་ཤིག་དང་། ཞུས་པ་དེ་དང་དེ་ཉིད་ལུང་བསྟན ་བས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་ནས་ངས་སྐབས་ཕྱེ་བས་མི་མཇེད་ཀྱི་བདག་པོ་ཚངས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱ ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་དུ་དང་ལྡན་ན། མྱུར་དུ་བླ་ན་མེད་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོག ་པར་འཚངས་རྒྱ་ལགས། དགེ་སློང་དག་དེ་སྐད་ཅེས་གསོལ་པ་དང་། ངས་མི་མཇེད་ཀྱི་བདག་པོ་ཚངས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་དག་ཚེས་གཅིག་དང་ལྡན་ན།། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། ཆོས་ཅིག ་གང་ཞེ་ན། འདི་ལྟ་སྟེ།། ལུས་ཀྱི་རྗེས་སུ་སོང་བའི་དྲན་པའོ།། དགེ་སློང་དག་ངས་མི་མཇེད་ཀྱི་བདག་པོ་ཚངས་པ་དེ་ལ་ལུས་ཀྱི་རྗེས་སུ་སོང་བའི་རྒྱུ་དང་། ལ ་དང་། འབྲས་བུ་ཡང་སྟོན་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། ལེགས་སོ་ལེགས་སོ།། བཅོམ་ལྡན་འདས་ཀྱི་མི ་མཇེད་ཀྱི་བདག་པོ་ཚང་པ་ལ་གང་བསྟན་པ་དེ་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བར ་བགྱི་བའི་སླད་དུ་གསོལ།། དགེ་སློང་སར་པ་རྣམས་དང་།། ཆོས་འདུལ་བ་འདི་རབ་ཏུ་བྱུང་ནས་རིང་པོ་མ་ལགས་ཤིང་། མཆིས་ནས་རིང་བར་མ་ལགས་པ ་རྣམས་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སྐྱེས་བུ་དམ་པ་འདི་དག་གིས་ཐོས་ན་དགའ་བ་དང་དད་པར་འགྱུར། བསླབ་པ་དེ་ལ་སྦྱོར་བས་བརྩོམ་པར ་གནས་པར་འགྱུར་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་གང་བཤད་པ་དགེ་སློང་དེ་དག་ལ་ཡང་བཤད་དོ།། དེ་ནས་བཅོམ་ལྡན ་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལེགས་པར་བཀའ་སྩལ་ཏོ།། བདེ་བར་གཤེགས་ལེགས་པར་བཀའ་སྩ་ལ། ་ཏོ།། མི་མཇེད་ཀྱི་བདག་པོ་ཚངས་པ་མདོ་སྡེ་འདི་ལྟ་བུ་དག་ཡོངས་སུ་ཞུ་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་ཐར་དུ་མཆིས་ནས། ཞུས་པ་ལ་ཡང་ལེགས་པར་སྨྲས ་པ་ལེགས་སོ།། བཅོམ་ལྡན་འདས་མི་མཇེད་ཀྱི་བདག་པོ་ཚངས་པས་ལག་ཏེ་དགེ་བའི་རྩ་བ་གཞན་མ་མཆིས་ན་ཡང་། ཞུ་བ་ཞུས་པའི་མདོ་སྡེ་ལས་སྐྱེས་པའི ་དགེ་བའི་རྩ་བ་ཁོ་ན་ནས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན ་འདས་དགེ་བའི་རྩ་བ་དེའི་མཐའ་དང་། མུ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་རྟོགས་པར་རྔོ་མི་ཐོག་པའི་སླད་དུའོ།། དེ་ཅིའི་སླད་དུ ་ཞེ་ན།། བཅོམ་ལྡན་འདས་མི་མཛོད་ཀྱི་བདག་པོ་ཚངས་པ་ཞུ་བ་འདི་སེམས་ཅན་ཐམས་ཅད་ཀྱི་སྤྱིའི་དོན་དུ་ཞུས་པའི་སླད་དུའོ།། བཅོམ་ལྡན་འདས་ཀྱི ་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོས་འདི་སྐད་ཅེས་གསོལ ་བཅོམ་ལྡན་འདས་ཆོས་ཀྱི་རྣམས་གྲང་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན ་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་འདི་ཚངས་པས་ཞུས་པ་ཞེས་བྱ་བར་ཟུང་ཤིག། དྲན་པ་ཉེ་བར་གཞག་པའི་ཚུལ་བསྟན་པ་ཞེས་བྱ་བར་ཟུང་ཤིག། བག་ཡོད་པའི་ཚུལ ་བསྟན་པ་ཞེས་བྱ་བར་ཟུང་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་དེ་དག་དང་། བྱང་ཆུབ ་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་པ ་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། འཕགས་པ་ཚངས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། ། རྫོགས་སྤྱོ།། །། རྒྱ་གར་གྱི་མཁན་པོ ་པོ་འཛིན་ན་ནི་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཚ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ་