CLOSE WINDOW

F271: mdo kun las bsdus pa
Wyliee-texts produced with BDRC’s OCR application

། རྒྱ་གར་སྐད་དུ།། སཱུ་ཏྲ་ས་མུད་ཙ་ཡ། བོད་སྐད་དུ། མདོ་ཀུན་ལས་བསྡུས་པ།། ། བམ་པོ་དང་པོའོ།། སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། སངས་རྒྱས་འབྱུང་བ་ཤིན་དུ་རྙེད་པར་དཀའ་སྟེ། སངས་རྒྱས་འབྱུང་བ་དེ་ཤིན་དུ་རྙེད་པར་དཀའ་བར་ཅི་མངོན་ཞེ་ན། མདོ་སྡེ་དུ་མ་ཚད་མར ་གྱུར་པ་ལས་ཏེ།། དམ་པའི་ཆོས་པད་མ་དཀར་པོ་ལས་འབྱུང་བ།། དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འབྱུང་བ ་རྙེད་པར་དཀའ་སྟེ།། བསྐལ་པ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོར་ཡང་། འཇིག་རྟེན་དུ་དེ་བཞིན་གཤེགས་པ་མཐོང་ཡང་སྲིད། མི་མཐོང་ཡང་སྲིད་དེ།། དཔེར་ན ་ཨུ་དུམ་པར་རིའི་མེ་ཏོག་བཞིན་ནོ།། ཞེས་གསུངས་སོ།། རྣམ་པར་གཏན་ལ་དབབ་པའི་རྒྱལ་པོའི་མདོ་ལས་བྱུང་། ཀུན་དགའ་བོ་འདི་ལྟ་སྟེ་ཨུ་དུམ་པ་རིའི་མེ་ཏོག་ནི་སངས། ་རྒྱས་སྐྱེ་བ་དང་དུས་ཅིག་དུ་འབྱུང་སྟེ། ཁ་དོག་དང་ལྡན་ཞིང་གསལ་ཏེ་འོད་བཟང་ལ་དྲིས་ནི་དཔག་ཚད་ཅིག་ཁོར་ཡུག་དུ་ཁྱབ་པར་བྱེད་དོ།། མེ་ཏོག་ནི་རབ་རིབ་མེད་པར་བྱེད། ་དྲན་པ་ཡོངས་སུ་སྦྱོར་བར་བྱེད། ནད་ཀྱང་རབ་དུ་ཞི་བར་བྱེད།། དྲི་ང་བ་ཡང་སེལ་ཅིང་སྣང་བར་ཡང་བྱེད། དྲི་ཞིམ་པོ་ཡང་འབྱིན་ཏོ།། དྲི་དེས་ཁམས་བཞི་དང་བར ་འགྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐམས་ཅད་ལ་ཡང་མེ་ཏོག་དེ་མི་འབྱུང་ན།། སེམས་ཅན་ཚུལ་ཁྲིམས་འཆལ་པ་རྣམས་ལ།། སངས་རྒྱས་འབྱུང་བ་དང་།། ་མཚུངས་པའི་མེ་ཏོག་འབྱུང་བར་ལྟ་ག་ལ་འགྱུར། ཞེས་གསུངསོ།། མེ་ཏོག་དེ་ཅི་འདྲ་གང་དུ་ནམ་སྐྱེ་ཞེ་ན།། རྟོགས་པ་བརྗོད་པ་ལས་འབྱུང་བ། མཚོ་ཆེན་པོ་མ ་དྲོས་པ་འདས་པའི་བྱང་ཕྱོགས་ན།། རི་རྩེ་ལྔ་ཞེས་བྱ་བ་དེའི་ཕ་རོལ་ན། ཨུ་དུམ་བ་རིའི་ཚལ་ཡོད་དེ།། ནམ་སངས་རྒྱས་བཅོམ་ལྡན་འདས་དག། དགའ་ལྡན་གྱི ་ལྷའི་རིས་ནས་བབས་ཏེ། ཡུམ་གྱིས་ལྷུམས་ཞུགས་པ་དེའི་ཚེ།། ཚལ་དེ་ལ་འདུ་བར་འགྱུར་རོ།། ནམ་ཡུམ་གྱི་ལྷུམས་ནས་བལྟམ་པ་དེའི་ཚེ།། ཚྭ་དེ་ཁ་འབྱེ་བར ་འགྱུར་རོ།། ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་པའི་དེའི་ཚེ།། ཚལ་དེའི་མེ་ཏོག་ཀྱང་རབ་ཏུ་རྒྱས་པར་འགྱུར་རོ།། ནམ་ཚེའི་དུས་བྱེད་བོར་བ་དེའི་ཚེ། ་ཚལ་དེ་རྙེད་པར་འགྱུར་རོ།། ནམ་ཡོངས་སུ་མྱ་ངན་འདས་པའི་ཚེ། ཚལ་དེའི་ལོ་མ་དང་།། མེ་ཏོག་དང་།། འདབ་མ་དང་།། འབྲས་བུ་ཡང་ལྷག་པར་འགྱུར་རོ།། ་ཨུ་དུམ་བ་རིའི་མེ་ཏོག་དེའི་ཚད་ནི་ཤིང་རྟའི་འཕང་ལོ་ཙམ་མོ།། ནམ་སངས་རྒྱས་བཅོམ་ལྡན་འདས་དག་རྒྱལ་རིགས་ཀྱི་ནང་དུ་འབྱུང་བ་དེའི་ཚེ།། ་མེ་ཏོག་ཁ་དོག་དཀར་པོར་རབ་དུ་འགྱུར་རོ།། ནམ་བྲམ་ཟེའི་ནང་དུ་འབྱུང་བ་དེའི་ཚེ་མེ་ཏོག་དམར་པོར་འགྱུར་རོ་ཞེས་གསུང་སོ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་།། ཀྱེ ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་ནི་རྙེད་པར་དཀའ་སྟེ། མཆོག་ཏུ་རྙེད་པར་དཀའོ་ཞེས་གསུང་སོ།། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཤིན་དུ་རྒྱས་པའི་མདོ་ལས།། བྱང་ཆུབ ་སེམས་དཔའི་རྒྱལ་པོའི་དྲང་སྲོང་སྙན་པ་ཆེན་པོས་བསྟན་པ། གྲོགས་པོ་དག་དེ་བཞིན་གཤེགས་པ་གང་བྱེད་པ་དང་ལྡན་པའི་ཆོས་སྟོན་པ་དག་ནི་རྒྱ་ལམ་རྒྱ་ལམ་ན་འཇིག ་རྟེན་དུ་འབྱུང་ངོ་།། ཞེའོ།། ཟླ་བའི་སྙིང་པོའི་ལེའུ་ལས་ཀྱང་བསྟན་སྟེ། སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བ་ནི་རྙེད་པར་དཀའ་སྟེ། ཨུ་དུམ་བ་རིའི་མེ་ཏོག་དཔེར ་བརྗོད་པ་དང་མཚུངསོ།། འཕགས་པ་སྡོང་པོར་བཀོད་པའི་མདོ་ལས་ཀྱང་།། གང་དག་མཐོང་ཞིང་ཐོས་པ་དང་།། བསྙེན་བཀུར་བྱས་པ་དོན་ཡོད་པ།། འཇིག་རྟེན ་འདྲེན་པ་འཇིག་རྟེན་ན། བསྐལ་པ་བྱེ་བར་རྙེད་པར་དཀའ། ཞེས་གསུངསོ།། སྐལ་པ་བཟང་པོའི་མདོ་ལས་ཀྱང་། བསྐལ་པ་བཟང་པོའི་འོག་དུ། སངས་རྒྱས་མེད་པའི ་བསྐལ་པ་དྲུག་བཅུ་འབྱུང་ངོ་།། དེའི་འོག་དུ་བསྐལ་པ་བསྙེན་པ་ཆེན་པོ་ཞེས་བྱ་བ་འབྱུང་སྟེ། བསྐལ་པ་གཅིག་པོ་དེ་ལ་སངས་རྒྱས་ཁྲི་འབྱུང་ངོ་།། བསྐལ་པ་བསྙེན ་པ་ཆེན་པོ་དེའི་འོག་ཏུ་སངས་རྒྱས་མེད་པའི་བསྐལ་པ་བརྒྱ་ཁྲི་འབྱུང་ངོ་།། དེའི་འོག་ཏུ་བསྐལ་པ་སྐར་མ་ལྟ་བུ་ཞེས་བྱ་བ་འབྱུང་སྟེ། བསྐལ་པ་གཅིག་ལ་སངས་རྒྱས ་བརྒྱད་ཁྲི་འབྱུང་ངོ་།། བསྐལ་པ་སྐར་མ་ལྟ་བུ་དེའི་འོག་ཏུ་བསྐལ་པ་སུམ་བརྒྱར་སངས་རྒྱས་མི་འབྱུང་ངོ་།། དེའི་འོག་ཏུ་ཡོན་ཏན་བཀོད་པ་ཞེས་བྱ་བའི་བསྐལ་པ་འབྱུང་སྟེ།། ་བསྐལ་པ་གཅིག་ལ་སངས་རྒྱས་ཁྲི་བཞི་སྟོང་འབྱུང་ངོ་ཞེས་གསུང་སོ།། མི་འགྱུར་བ་ཤིན་དུ་རྙེད་པར་དཀའ་སྟེ། ཇི་ལྟ་ཞེ་ན། ཡང་དག་པར་ལྡན་པའི་ལུང་ལས ་འབྱུང་བ། དགེ་སློང་འདི་ལྟ་སྟེ། དཔེར་ན་ས་ཆེན་པོ་འདི་ཆུ་འབའ་ཞིག་དུ་གྱུར་ལ། དེའི་ནང་དུ་མི་ཞིག་གི་ཤིང་བུ་གཅིག་པ་ཞིག་བོར་ཏེ། དེ་ཤར་གི་རླུང་གིས་ནི ་ནུབ་ཕྱོག་སུ་ཕུལ། བྱང་གི་རླུང་གིས་ནི་ལྷོ་ཕྱོགསུ་ཕུལ།། ལྷོའི་རླུང་གིས་ནི་བྱང་ཕྱོགས་སུ་ཕུལ་ཏེ།། དེ་ནས་རུས་སྦལ་ཞར་བ་ཆེ་ལོ་བརྒྱ་ཕྲག་དུ་མ་ཐུབ་པ། ལོ ་རྒྱ་ཕྲག་དུ་མར་འཚོ་བ་ལ་ལོ་རྒྱ་ཕྲག་འདས་ཤིང་ལན་གཅིག་སྟེང་དུ་འབྱུང་བ་དེང་།། བུ་ག་གཅིག་པའི་ཤིང་དེར་མགྲིན་པ་འཇུག་ན། དགེ་སློང་དག་འདི་སྙམ་དུ་སེམས། ་རུས་སྦལ་ཞར་བ་དེ་ཚེ་ལོ་རྒྱ་ཕྲག་དུ་མ་ཐུབ་པ།། ལོ་རྒྱ་ཕྲག་དུ་མར་འཚོ་བ་དེ། ལོ་རྒྱ་འདས་ཤིང་ལན་གཅིག་དུ་འབྱུང་བ་དེས་ཤེས་ཤིང་བུ་གཅིག་པ་དེར་འགྲིན་པ་ཆུད ་དས། བཅོམ་ལྡན་འདས་ལ། དགེ་སློང་དེ་དག་གིས་གསོལ་པ།། བཅོམ་ལྡན་འདས་སྟེས་ན་འགྱུར་ལགས་སོ།། བདེ་བར་གཤེགས་པ་སྟེན་འགྱུར་ལགས་ཏེ། ་ནུབ་ཀྱི་རླུང་གཱི་ཤེར་ཕྱོགས་སུ་ཕུལ ་@རུས་སྦལ་ཞར་བ་ཚེ་ལོ་བརྒྱ་ཕྲག་དུ་མ་ཐུབ་པ། ལོ་བརྒྱ་ཕྲག་དུ་མར་འཚོ་བ།། ལོ་བརྒྱ་འདས་ཤིང་ལན་ཅིག་སྟེང་དུ་འབྱུང་བ་དེས་ཤིང་བུ་གཅིག ་པ་དེར་མགྲིན་པ་ཆུད་ཀྱང་གདའ།། མི་ཆུད་ཀྱང་གདའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་རྒྱལམ ་རྒྱ་ལམ་ན་འཇིག་རྟེན་དུ་འབྱུང་ཞིང་། ཞི་བར་མ་གྱུར་པ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ།། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། བདེ་བར་གཤེགས་པས ་རབ་ཏུ་བསྟན་པའི་ཆོས་སྟོན་ཏོ།། མིར་གྱུར་པ་ཡང་རྒྱ་ལམ་རྒྱ་ལམ་ན་སྟེས་ན་ཐོབ་སྟེ། ཤིན་དུ་རྙེད་པར་དཀའོ་ཞེས་གསུངསོ།། དལ་བ་འབྱོར་པ་རྙེད་པར་དཀའ་སྟེ། དལ་བ ་འབྱོར་པ་རྙེད་པར་དཀའ་བ་ཅི་མངོན་ཞེ་ན། མདོ་སྡེའི་བྱེ་བྲག་མང་པོ་བརྗོད་པ་ལས།། མཐོང་བས་མངོན་ཏེ།། གཅིག་ལས་འཕྲོས་པའི་ལུང་ལས་འབྱུང་བ། དགེ་སློང ་དག་མི་ཁོམ་པ་བརྒྱད་པོ་འདི་དག་ནི།། གང་ཟག་ཚངས་པར་སྤྱོད་པ་ལ་གནས་པའི་དུས་མ་ཡིན་ནོ།། བརྒྱད་པོ་གང་ཞེ་ན། དགེ་སློང་དག་འདི་ལ་དེ་བཞིན་གཤེག ་པ་འཇིག་རྟེན་དུ་འབྱུང་སྟེ། ཞི་བར་འགྱུར་བ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ། རྫོགས་པའི་བྱང་ཆུབ་དུ་འགྲོ་བར་བྱེད་པ། བདེ་བར་གཤེགས་པས ་རབ་དུ་བསྟན་པའི་ཆོས་ཀྱང་སྟོན་ན། གང་ཟག་དེ་སེམས་ཅན་དམྱལ་བར་སྐྱེས་པ་ཡིན་ཏེ། དེ་ནི་གང་ཟག་ཚངས་པར་སྤོད་པར་གནས་པའི་དུས་མ་ཡིན་པ་མི་ཁོམ་པ་དང་། ་པོའོ།། དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་ཚེ་རིང་པོ་དང་། མཐའ་ཁོབ་ཀྱི་མི་དང་། རྐུ་འཕྲོག་བྱེད་པ་དང་། ཀླ་ཀློ་དང་། ་བརྣབ་སེམས་ཅན་དང་།། གནོད་སེམས་ཅན་གང་དུ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་མ་མེ་འོབ་ནང་དུ་སྐྱེས་པ་ཡིན་ནོ།། འཇིག་རྟེན་འདིར་དེ་བཞིན ་གཤེགས་པ་བྱུང་སྟེ། ཆོས་ཀྱང་སྟོན་པ་གང་ཟག་དེ་དབུས་ཀྱི་མིའི་ནང་དུ་སྐྱེས་ན། དེ་གླེན་ཅིང་ལུག་ལྟར་ལྐུགས་ལ་ལག་བརྡ་བྱེད་ཅིང་། ལེགས་པར་སྨྲས་པ་དང་། ་ཉེ་བར་སྨྲས་པའི་དོན་གོ་བའི་མཐུ་མེད་པ་ཡིན་ནོ།། དེ་བཞིན་གཤེགས་པ་འཇིག་རྟེན་འདིར་འབྱུང་སྟེ།། ཆོས་ཀྱང་སྟོན་ལ། གང་ཟག་དེ་དབུས་ཀྱི་མིའི་ནང་དུ་སྐྱེས་ཤིང་།། ་དེ་གླེན་པ་མ་ཡིན་ལ་ལུག་ལྟར་ལྐུག་པ་མ་ཡིན་པ་ནས་དོན་གོ་བའི་མཐུ་ཡོད་པའི་བར་དུ་ཡང་གྱུར་ན།། དེ་ལོག་པར་ལྟ་ཞིང་ཕྱིན་ཕྱི་ལོག་དུ་མཐོང་སྟེ། དེ་འདི་ལྟར་སྦྱིན ་པ་ཡང་མེད་མཆོད་སྦྱིན་ཡང་མེད། སྦྱིན་བསྲེག་བྱས་པའང་མེད། ལེགས་པར་བྱས་པ་དང་། ཉེས་པར་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པའང་མེད།། འཇིག ་རྟེན་འདི་ཡང་མེད། འཇིག་རྟེན་ཕ་རོལ་ཡང་མེད།། ཕ་རོལ་ཡང་མེད། མ་ཡང་མེད། འཇིག་རྟེན་ན་དགེ་སྦྱོང་དང་། བྲམ་ཟེ་ཡང་དག་པར་སོང་བ་དང་། ཡང་དག་པར ་ཞུགས་པ་དང་། དགྲ་བཅོམ་པ་འཇིག་རྟེན་རིག་པ་གང་རང་གི་མངོན་པར་ཤེས་པས་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་མངོན་སུམ་དུ་བྱས་ཏེ། ཁོང་དུ་ཆུད་པར་བྱེད ་པ་ཡང་མེད་པར་ལྟ་བར་ཡིན་ནོ།། གཞན་ཡང་གང་ཟག་དེ་དབུས་ཀྱི་མི་རྣམ་ཀྱི་ནང་དུ་སྐྱེས་ཏེ། གླེན་པ་མ་ཡིན་པ་ནས་ལེགས་པར་སྨྲས་པ་དང་། ་ཉེས་པར་སྨྲས་པ་རྣམ་ཀྱི་གོ་བའི་མཐུ་ཡོད་པའི་བར་དུ་གྱུར་ལ།། དེ་ཡང་དག་པར་ལྟ་ཞིང་ཕྱིན་ཅི་ལོག་དུ་མཐོང་བར་མ་གྱུར་ཏེ།། དེ་འདི་ལྟར་སྦྱིན་པ་ཡང་ཡོད་པ་ནས། ་མངོན་སུམ་དུ་བྱས་ཏེ་ཁོང་དུ་ཆུད་པར་བྱེད་པ་ཡང་ཡོད་པའི་བར་དུ་ལྟ་ན། དེ་བཞིན་གཤེགས་པ་འཇིག་རྟེན་དུ་མ་བྱུང་སྟེ། ཞི་བར་འགྱུར་བ། ཡོངས་སུ་མྱ་ངན ་ལས་འདས་པར་འགྱུར་བ། རྫོགས་པའི་བྱང་ཆུབ་དུ་འགྲོ་བར་བྱེད་པ། བདེ་བར་གཤེགས་པས་རང་དུ་བསྟན་པའི་ཆོས་མ་སྟོན་པ་ཡིན་ནོ།། གང་ཟག་ཚངས་པར ་སྤྱོད་པ་ལ་གནས་པའི་དལ་བའི་དུས་ནི་གཅིག་སྟེ། དེ་བཞིན་གཤེགས་པ་འཇིག་རྟེན་འདིར་འབྱུང་ལ།། ཆོས་ཀྱང་སྟོན་ཏེ། ཚངས་པར་སྤྱོད་པར་ཐོག་མར་དགེ་བ། ་ཁར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ།། མ་འདྲེས་པ་ཡོངས་སུ་རྫོགས་པ། ཡོང་སུ་དག་པ། ཡོངསུ་བྱང་བར་ཡང་དག་པར་རབ་ཏུ ་སྟོན་ལ། གང་ཟག་དེ་ཡང་དབུས་ཀྱི་མིའི་ནང་དུ་སྐྱེས་ཏེ། དེ་གླེན་པ་མ་ཡིན་ཞིང་ལུག་ལྟར་ལྐུགས་པ་མ་ཡིན་པས་ནས་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི ་དོན། གོ་བའི་མཐུ་ཡོད་པའི་བར་འགྱུར། དེ་ཡང་དག་པར་ལྟ་ཞིང་མ་ལོག་པར་མཐོང་སྟེ། དེ་འདི་ལྟར་སྦྱིན་པ་ཡང་ཡོད། སྦྱིན་བསྲེག་བྱས་པ་ཡང་ཡོད། ལེགས ་པར་བྱས་པ་དང་། ཉེས་པར་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་ཡོད་དོ།། འཇིག་རྟེན་འདི་ཡང་ཡོད། འཇིག་རྟེན་ཕ་རོལ་ཡང་ཡོད། པ་ཡང་ཡོད། ་མ་ཡང་ཡོད། འཇིག་རྟེན་ན་དགེ་སྦྱོང་དང་། བྲམ་ཟེ་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་དང་། དགྲ་བཅོམ་པ་འཇིག་རྟེན་རིག་པ། རང་གི་མངོན་པར ་ཤེས་པས། འཇིག་རྟེན་འདི་དག་འཇིག་རྟེན་ཕ་རོལ་མངོན་དུ་བྱས་ཏེ། ཁོང་དུ་ཆུད་པར་བྱེད་པ་ཡང་ཡོད་པར་ལྟའོ་ཞེས་གསུང་སོ།། ཟླ་བའི་སྙིང་པོ་ལེའུ་ལས་ཀྱང་། གྲོག ་པོ་དག་དལ་བ་འབྱོར་པ་རྙེད་པར་དཀའ་སྟེ། སྤོས་ཀྱི་ཤིང་དུས་ཀྱི་རྗེས་སུ་འབྲང་བ་དཔེར་བརྗོད་པ་བཞི་ནོ།། ཞེས་གསུང་སོ།། ཡང་དེ་ཉིད་ལས་བྱུང་བ། དེ་ལ་རྣམ་པར ་དག་པ་མཉམ་པ་ཉིད་གང་ཞེ་ན། རྣམ་པར་དག་པ་ཞེས་བྱ་བ་ནི་མིར་སྐྱེ་བ་ཐོབ་པ་སྟེ། གང་ཡོན་ཏན་བཅུ་ཡོངསུ་རྫོགས་པའི་མིར་འགྱུར་བ་ཐོབ་པའོ།། བཅུ་གང་ཞེ་ན། ་རིགས་དམའ་བ་སྤངས་པ་དང་། མི་གླེན་པ་དང་། དབང་པོ་མཉམ་པ་དང་། པོར་སྐྱེ་བ་དང་། གཟུགས་བཟང་བ་དང་། མི་སྙས་པ་དང་། ཚིགས་སྙན་པ་དང་། སྐྱེ་བོ་མང ་བོས་ལྟའོ་ཞེས་གསུང་སོ།། དེ་བཞིན་གཤེགས་པའི་བསྟན་པ་ལ། དད་པ་སྙེད་པ་དཀའ་སྟེ། དད་པ་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས ་བྱུང་བ། གྲོགས་པོ་དག་འདི་ལ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དགེ་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ་དད་པ་ཡིན། དད་པ་མང་ཞིང་འཕགས་པ་རྣམས་ལ་ལྟ་བར་འདོད་པ་དང་། དམ་པའི་ཆོས་ཉིན་པར་འདོད་དང་། སེར་སྣ ་མེད་ཅིང་ལྷུག་པར་གཏོང་བ་དང་། ལག་ཀྱང་སྟེ་གཏོང་བ་ལ་དགའ་བ་དང་། མཆོད་སྦྱིན་བྱིན་པའི་ངང་ཚུལ་ཅན། གཏོང་བ་ཕུན་སུམ་ཚོགས་པ་དང་། སྦྱིན་པ་གཏོང ་བ་ལ་དགའ་བ་དང་། ཁོང་ཁྲོ་བ་མེད་པའི་སེམས་དང་ལྡན་པ་དང་། ལས་དང་ལས་ཀྱི་རྣམ་པར་སྨིན་པ་དང་། ཡིད་ཆེས་པ་དང་། མོས་པ་དང་། རྟོག་པ ་དང་། སོམ་ཉི་མེད་ཅིང་ཐེ་ཚོམ་མི་ཟ་ཞིང་། ཡིད་གཉིས་མི་ཟ་བ་ཡིན་ཏེ། དེ་དཀར་པོ་དང་ནག་པོའི་ལས་རྣམས་ཀྱིས་རྣམ་པར་སྨིན་པ་ཆུད་མི་ཟ་བར་རིག་ནས། ་སྲོག་གི་ཕྱིར་ཡང་མི་བྱ་བ་མི་བྱེད་དོ་ཞེས་གསུང་སོ།། ཡང་དེ་ཉིད་ལས་བྱུང་བ། དད་པ་གང་ཞེ་ན། དད་པ་གང་གི་འཕགས་པའི་དྲུང་དུ་ཉེ་བར་འགྲོ་བ་དང་། བྱ་བ ་མ་ཡིན་པ་མི་བྱེད་པའོ་ཞེས་གསུངས་སོ།། ཡིད་གཉིས་ཡང་དག་པར་འཇོམས་པའི་མདོ་ལས་ཀྱང་། དད་པ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་མངོན་དུ་འགྲོ་བ ་སྟེ། དེ་ལ་དད་པ་གང་གིས་དད་པར་འགྱུར་བ་གང་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་པ་དང་ལྡན་ཏེ། དེས་ཆོས་བཤད ་པ་ནི་མཐོང་བར་དཀའ་བ་ཤེས་པར་དཀའ་བ། ཟབ་རྒྱུ་བ་ཆད་པ་སྟེ། མིག་ཀྱང་མེད། མིག་འགགས་པ་ཡང་མེད།། རྣ་བ་ཡང་མེད། སྣ་ཡང་མེད། ལྕེ་ཡང ་མེད། ལུས་ཀྱང་མེད། ཡིད་ཀྱང་མེད། ཡིད་འགགས་པ་འང་མེད། གནས་པ་ཡང་མེད། མི་གནས་པ་ཡང་མེད། གྲགས་པ་ཡང་མེད། མ་གྲགས་པ་ཡང ་མེད། ཡན་ལག་དྲུག་བཅུ་དང་ལྡན་པའི་དབྱངས་ཀྱི་སྙན་པའི་ཚིག་དང་། ཡི་གེ་དང་།། ངག་གི་ལས་ཡོངས་སུ་དག་པ་དང་། སེམས་རྣམ་པར་དང་བ་དང་། ་ལུས་ཡོངས་སུ་སྦྱངས་པ་དང་། ཁ་དོག་སྣ་ཚོགས་སྟོན་པས།། དེ་བཞིན་གཤེགས་པ་ལ་མ་མཁྱེན་པ་འམ། མ་གཟིགས་པ་འམ།། མ་བསན་པ་འམ། ་མངོན་སུམ་དུ་མ་མཛད་པ་འམ། མངོན་པར་རྫོགས་པར་སངས་རྒྱས་མ་རྒྱས་པ་མེད་དོ།། དེ་བཞིན་གཤེགས་པ་དེ་ནི་སྤྱན་ཡོངསུ་དག་པ་སྟེ། ཀུན་ནས ་སྤུན་དང་ལྡན་པ།། འདོད་ཆགས་དང་བྲལ་བ། ཞེ་སྡང་སྤངས་པ། སྲེད་པ་མེད་པར་གྱུར་པ། གཏི་མུག་ལེགས་པར་བཅོམ་པ་ཤའི་སྤྱན་དཔག་དུ་མེད་པ་སྤྱི ་གཙུག་ལྟར་མི་སྣང་བར་མངོན་པར་འཕགས་པ། སྒྲ་དབྱངས་ཟབ་པ། དོན་དམ་པ་སྟོན་པ། སངས་རྒྱས་ཀྱིས་ཆོས་ཐམས་ཅད་ཀྱི་བླ་ན་མེད་པར་གྱུར་པ་སྟེ། གང ་འདི་ལྟ་བུའི་སངས་རྒྱས་ཀྱི་ཆོས་དེ་དག་ལ་རྟོག་པ་དང་། ཡིད་ཆེས་པ་དང་། མི་སྤོང་བ་དེའི་དང་པོའི།། ཞེས་གསུང་སོ།། དད་པའི་སྟོབས་སྐྱེད་པའི་མདོ་ལས ་བྱུང་བ། འཇམ་དཔལ་དེ་དང་པའི་སྟོབས་གང་ཞེ་ན། དད་པ་གང་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་པར་དད་པ་དང་། མོས་པ་དང་། ཡིད་ཆེས་པ ་དང་།། ཐེ་ཚོམ་མི་བཞིང་ནེམ་ནུར་མེད་པ་ནི་དད་པའོ།། ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་མངོན་པར་དད་པའོ།། རྙོག་པ་མེད་པའི་སེམས་ལ་དང ་པའོ།། ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་ལ་དད་པའོ།། སྦྱིན་པ་དང་སྦྱིན་པའི་འབྲས་བུ་དང་། ཚུལ ་ཁྲིམས་དང་ཚུལ་ཁྲིམས་ཀྱི་འབྲས་བུ་དང་། བཟོད་པ་དང་བཟོད་པའི་འབྲས་བུ་དང་། བརྩོན་འགྲུས་དང་བརྩོན་འགྲུས་ཀྱི་འབྲས་བུ་དང་། བསམ་གཏན་དང་བསམ་གཏན ་གྱི་འབྲས་བུ་དང་། ཤེས་རབ་དང་ཤེས་རབ་ཀྱི་འབྲས་བུ་ལ་དད་པའོ།། ཞེས་གསུང་སོ།། ཡང་དེ་ཉིད་ལ་འབྱུང་བ། དང་བའི་མཚན་ཉིད་ནི་དད་པ་དེ། གང་ཐེག་པ་ཆེན ་པོ་ལ་མོས་པ་འདི་ནི་དད་པའི་སྟོབས་ཤེས་བྱའོ།། གང་ཆགས་པ་མེད་པ་ཁོང་དུ་ཆུད་པ་ལ་དད་པའི་དབང་པོ་དང་།། དད་པའི་སྟོབས་ནི་དད་པ་ཞེས་བྱའོ།། གཞན་ཡང ་དད་པའི་སྟོབས་ནི་དད་པ་གང་གིས་གཞན་གྱི་སྒྲ་ལ་དད་པ་སྟེ།། བྱང་ཆུབ་སེམས་དཔའི་གཞན་གྱི་སྒྲ་དེ་གང་ཞེ་ན། གང་གཞན་ལས་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན ་དུ་འཇུག་པ་ཐོས་པའོ།། གཞན་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། བྱང་ཆུབ་ཀྱི་སེམས་དང་། བསམ་པ་དང་། སྦྱོར་བ་དང་། ཕ་རོལ་དུ་ཕྱིན་པ་དང་། ཐབས་མཁས ་བ་དང་། བསྡུ་བའི་དངོས་པོ་དང་། སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་ཐོས་པ་སྟེ། གཞན་གྱི་སྒྲ་ཐོས་ནས་མངོན་པར་དད་པ་འདི་ནི་དད་པ་ཞེས་བྱ ་ཞེས་གསུང་སོ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་། ཤ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔས་ལྷག་པའི་བསམ་པས་བྱང་ཆུབ་སེམས་བསྐྱེད་ནས། དད་པ་ཡིན་ཏེ། ་དད་པ་མང་བ་དག་འཕགས་པ་རྣམས་ལྟ་འདོད་པ་དང་། དམ་པའི་ཆོས་ཉན་པར་འདོད་པ་ཡིན་ནོ།། དེ་ལ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་མངོན་པར་ཡིད་ཆེས་སོ།། ། ་མི་དགེ་བ་བཅུའི་ལས་ཀྱི་ལམ་སྤོང་ཞིང་། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་ནས་གནས་སོ།། དད་པ་ཅན་དགེ་སྦྱོང་ངམ། བྲམ་ཟེ་ཡང་དག་པར་སྤོང་བ་དང་། ་མང་དུ་ཐོས་པ་དང་།། ཐོས་པ་ལ་བརྩོན་པ་དང་། ཚུལ་ཁྲིམས་ཡིད་ལ་བྱེ་བ་ལ་རབ་དུ་བརྩོན་པ་དང་། ཐེ་ཚོམ་ལས་རྒལ་བ་དང་། ཡང་འབྱུང་བ་ཟད་པ་དང་། རྫོགས་པའི ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་ཉན་ཐོས་དེ་དག་དགེ་བའི་བཤེས་གཉེན་པར་ཤེས་ནས། ཡིད་ཆེས་ཤིང་རྟེན་དེ་མཉེན་པར་བྱེད་དོ།། དགེ ་བའི་བཤེས་གཉེན་དེ་དག་ཀྱང་། དེ་ལ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་སྟོན་ཏོ།། སྣོད་དུ་རིག་ནས་ཟབ་མོའི་གཏམ་འདི་ལྟ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། ་སྨོན་པ་མེད་པ་དང་།། མངོན་པར་འདུ་མི་བྱེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བའི་གཏམ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། ་གང་ཟག་མེད་པའི་གཏམ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་གཏམ་བརྗོད་དེ། ཐོས་ནས་ཀྱང་ཐེ་ཚོམ་མི་བཞིང་། ཆོས་ཐམས་ཅད་ལ་ཆགས་པ་མེད་པར་འཇུག ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་ཡང་མི་ཆགས། ཆོས་ཐམས་ཅད་སྟོང་རང་བཞིན་གྱིས་སྟོང་པར་ཡང་ཡིད་ཆེས་ཏེ། སངས་རྒྱས ་ཀྱི་ཡེ་ཤེས་ཚོལ་ཞིང་བག་ཡོད་པ་ལ་གཞོལ་བ་ཡིནོ།། བག་ཡོད་གང་ཞེ་ན། གང་གི་དབང་པོ་སྡོམ་པ་དང་། རང་གི་སེམས་འདུལ་བ་དང་། གཞན་གྱིས་སེམས་བསྲུང་བའོ།། ། ་ཞེས་གསུངསོ།། ཟླ་བ་སྙིང་པོའི་ལེའུ་ལས་ཀྱང་། དཀོན་མཆོག་གསུམ་ལ་སེམས་ཅན་དད་ཅིང་དད་པ་ནི། དཀོན་ཏེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དཔེར་བརྗོད་པ ་བཞིན་ནོ།། ཞེས་གསུང་སོ།། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས་ཀྱང་།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་ལྔ་དང་ལྡན་པ་དག་ནི་དད་པ་ཅན་ཡིན་ཏེ། ལྔ་གང་ཞེ་ན། ་ལས་ཀྱི་རྣམ་པར་སྨིན་པ་ལ་འཇུག་པའི་སྟོབས་དང་། བྱང་ཆུབ་ཀྱི་སེམས་མི་འདོར་བའི་སྟོབས་དང་། ཡིད་དམ་ལ་བརྟན་པའི་སྟོབས་དང་། མི་དགེ་བའི་ཆོས་ཐམས་ཅད་སྤངས ་པའི་སྟོབས་དང་། ཉེས་པ་བྱས་པ་ཐམས་ཅད་བཟོད་པའི་སྟོབས་དང་ལྡན་པའོ།། ཞེས་གསུངསོ།། དེ་བཞིན་གཤེགས་པའི་ཡོན་ཏན་དང་། ཡེ་ཤེས་བསམ་གྱིས་མི ་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་མདོ་ལས་ཀྱང་། འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲུབ་པ་ཐམས་ཅད་རྣམ་པར་སེལ་བས་སྨྲས་པ། འཇམ ་དཔལ་ཆོས་ལྔ་པོ་དེ་དག་ལ་མོས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་གྱི་རྣམ་པ་འདི་དག་དང་། གཞན་གྲངས་མེད་པ་ཡང་ཐོབ་པར་འགྱུར་རོ།། ་ལྔ་གང་ཞེ་ན། ཆོས་ཐམས་ཅད་གཉེན་པོ་མེད་པ། མ་སྐྱེས་པ་དང་། མ་འགགས་པ་དང་། བརྗོད་དུ་མེད་པར་མོས་པ་དང་། ལྷུན་གྱིས་གྲུབ་ཅིང་རྣམས་པར་མི་རྟོགས་པར ་དེ་བཞིན་གཤེགས་པའི་སྤྱོད་པ་དང་། སྤྱོད་ལམ་དང་། བྱ་བ་དང་། འཇུག་པ་དང་། གནས་འཛམ་བུའི་གླིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་ལས་ཀྱང་ཆེས་ལྷག་པ་རྣམས་སེམས་ཅན་གྱི ་བསམ་པའི་དབང་གི། སྐད་ཅིག་སྐད་ཅིག་ལ་རྟག་དུ་འཇུག་པར་མོས་པ་དང་། སེང་གེ་མདངས་བཟངས་ཀྱི་རྟོགས་པ་བརྗོད་པ་ལས་གང་སེམས་ཅན་ཡོངས་སུ་སྨིན་པར་བྱས་པ་དེ། ་བསྐལ་པ་གང་གའི་ཀླུང་གི་བྱེ་མ་རྙེད་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ནས། བསྟན་པར་མོས་པ་དང་། མར་མེ་མཛད་ནས་བཟུང ་སྟེ། མངོན་པར་རྫོགས་པའི་བྱང་ཆུབ་པ་དེའི་བར་དུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བྱང་ཆུབ་སེམས་དཔའ་སྤྱོད་པ་གང་ཡིན་པ་དེ། སངས་རྒྱས་ཀྱི་ཡུལ་གྱི་བསྐལ་པ་མུ་མེད ་པ་ནས་མངོན་པར་རྫོགས་པར་སངས་རྒྱས་ནས། བསྟན་པར་མོས་པ་དང་། གང་ཤཱཀྱ་ཐུབ་པས་བསྟན་པ། སེམས་ཅན་ཡོངས་སུ་སྨིན་པར་བྱས་པ་དེ་ཡང་། བཅོམ་ལྡན་འད ་ཤཱཀྱ་ཐུབ་པས། སངས་རྒྱས་ཀྱི་ཡུལ་གྱི་བསྐལ་པ་མུ་མེད་པ་ནས། མངོན་པར་རྫོགས་པར་སངས་རྒྱས་ནས། བསྟན་པར་མོས་པའོ་ཞེས་གསུང་སོ།། འདི་དག་པས་ཀྱང ་གང་དག་བྱང་ཆུབ་དུ་སེམས་བསྐྱེད་པའི་སེམས་ཅན་དེ་དག་ནི་ཤིན་དུ་རྙེད་པར་དཀའོ།། བྱང་ཆུབ་དུ་སེམས་བསྐྱེད་པར་དཀའ་བ་ཅི་མངོན་ཞེ་ན། མདོ་མང་པོས་ལས་ཐོས་ཏེ། ་སྡོང་པོ་བཀོད་པའི་མདོ་ལས་འབྱུང་བ།། གང་དག་འཇིག་རྟེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངུ་སེམས་བསྐྱེད་པའི་སེམས་ཅན་དེ་དག ་ནི་ཤིན་དུ་རྙེད་པར་དཀའོ།། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱིས་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ།། འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང ་ལྟ་བུའོ།། ཉེས་པར་བྱས་པ་ཐམས་ཅད་སྲེག་པས་སྲེག་པའི་བསྐལ་པའི་མེ་ལྟ་བུའོ།། མི་དགེ་བ་ཆོས་ཐམས་ཅད་ཟད་པར་བྱེད་པའི་ཕྱིར་སའི་ཁམས་ལྟ་བུའོ།། དོན ་ཐམས་ཅད་ཡོངསུ་བསྒྲུབ་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ།། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ།། འཁོར་བའི་ཚུལ ་རྒྱུ་བ་འདོན་པས་ལྕགས་ཀྱུ་ལྟ་བུའོ།། ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལྟ་བུའོ།། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་ཡོན ་ཏན་ཐམས་ཅད་ཇི་སྙེད་ཡོད་པ་བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་དང་། ཕན་ཡོན་ཡང་དེ་སྙེད་ཡོད་དོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར ་ཐམས་ཅད་ཀྱང་འདི་ལས་འབྱུང་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འདི་ལས་སྐྱེས་སོ།། རིགས་ཀྱི་བུ་འདི་ལྟ ་སྟེ་དཔེར་ན། དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་ཡོད་དོ།། དེ་ནི་སྲང་གཅིག་གིས་ཀྱང་ལྕགས་སྲང་སྟོང་གསེར་དུ་འགྱུརརོ།། དངུལ་ཆུ་སྲང་གཅིག་པོ་དེ་ནི་ལྕགས ་སྲང་སྟོང་པོ་དེ་ཟད་པར་བྱ་བ་འམ། ལྕགས་སུ་སྒྱུར་བ་མི་ནུས་སོ།། དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་པའི་དབུས་ཆུའི་ཁམས་དགེ་བའི་རྩ་བ་ཡོངས། ་སུ་བསྔོས་པའི་ཡེ་ཤེས་ཀྱིས་བཟུང་བ་ནི། ལས་དང་ཉོན་མོངས་པའི་སྒྲིབ་པ་ལྕགས་ཐམས་ཅད་ཟད་པར་བྱས་ཏེ། ཆོས་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག ་དུ་བྱེད་ཀྱང་། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རོའི་ཁམས་ཅིག་པོ་དེ་ནི་ལས་དང་ཉོན་མོངས་པའི་ལྕགས་ཐམས་ཅད་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པར ་བྱ་བ་འམ། ཟད་པར་མི་ནུས་སོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྒྲོན་མེ་གཅིག་ཁྱིམས་འམ།། ཁང་བུ་ཇི་ལྟ་བུའང་རུང་སྟེ། དེར་ཕྱུང་ན་ཕྱུང་མ་ཐག་དུ་ལོ་བརྒྱ་སྟོང ་དུ་མ་བསགས་པའི་མུན་པ་མུན་ནག་བསལ་ཅིང་སྣང་བར་བྱེད་དོ།། དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་དུ་སེམས་བསྐྱེད་པའི་སྒྲོན་མེ་གཅིག་གིས་སེམས ་ཅན་གྱི་བསམ་པའི་ཁྱིམས་ཐེབས་པོ་མ་རིག་པའི་མུན་ནག་དང་ལྡན་པ་ཇི་ལྟ་བུར་ཡང་རུང་བ་དེར་བྱུང་ན་དེ་ཕྱུང་མ་ཐག་ཏུ་བསྐལ་པ་བརྗོད་དུ་མེད་པ་བརྒྱ་སྟོང་ནས་བསག་པའི ་ལས་དང་ཉོན་མོངས་པའི་སྒྲིབ་པའི་མུར་ནག་ཀྱང་སེལ་ཅིང་ཡེ་ཤེས་ཀྱི་སྡང་བའང་བསྐྱེད་དོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ ་བོའི་ཅོད་པན་ཐོགས་པའི་ཀླུའི་རྒྱལ་པོ་ཆེན་རྣམ་ལ། གཞན་གྱི་གནོད་པར་བྱ་བའི་འཇིགས་པ་མེད་དོ།། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོའི་ནོར་བུ་རིན་པོ་ཎ། ་ཡིད་བཞིན་གྱི་རྒྱལ་པོའི་ཅོད་པན་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ངན་སོང་དང་ངན་འགྲོས་གནོད་པར་བྱ་བའི་འཇིགས་པ་མེད་དོ།། ་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་འོད་ཀྱི་ཇི་ཙམ་སྣང་བར་བྱས་པ་དེའི་བར་གྱི་གང་འབྲུ། རིན་པོ་ཆེ་དང་། གསེར་དང་། དངུལ་དང་། མེ་ཏོག ་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། གོས་དང་། ལོངས་སྤྱོད་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་རིན་དུ་མི་ཆོག་གོ། དེ་བཞིན་དུ ་ཇི་སྲིད་དུས་གསུམ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ཀྱི་ཡུལ་སྣང་བར་མཛད་པའི་དེ་སྲེད་དུ།། ལྷ་དང་མི་ཐམས་ཅད་དང་ཉན་ཐོས་དང་། རང་སངས་རྒྱས ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟབ་པ་དང་བཅས་པ་དང་། ཟག་པ་མེད་པ་གང་གི་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་དབང ་གི་རྒྱལ་པོ་རིན་དུ་མི་ཆོག་གོ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་དང་། མ་ཧེ་དང་། རའི་འོ་མས་ཡོངས་སུ་གང་བའི་ནང་དུ་སེང་གེའི་འོ་མ་ཐིགས་པ ་གཅིག་དྲུག་པས་འོ་མ་དེ་ཐམས་ཅད་འགྱེས་པར་འགྱུར་ཏེ་འདུས་མ་བཏུབ་བོ།། དེ་བཞིན་དུ་བསྐལ་པ་བརྗོད་དུ་མེད་པ་བརྒྱ་སྟོང་དུ་བསགས་པའི་ལས་དང་། ཉོན ་མོངས་པ་ཀུན་གྱི་འོ་མའི་རྒྱ་མཚོ་ཡང་། དེ་བཞིན་གཤེགས་པ་སྐྱེས་བུའི་སེང་གེ་ཆེན་པོ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་འོ་མའི་ཐིགས་པ་ཅིག་བླུགས ་པས་དེ་ཐམས་ཅད་མ་ལུས་པར་ཟད་པར་འགྱུར་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་ཐར་པ་རྣམས་ཀྱང་མི་གནས་མི་འདུའོ།། རིགས་ཀྱི ་བུ་འདི་ལྟ་སྟེ་དཔེར་ན། དཔའ་བོ་ལ་རྟེན་པའི་མི་ནི་དགྲ་ཐམས་ཅད་ཀྱི་མི་འཇིགས་སོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས ་བསྐྱེད་པ་དཔའ་བོ་ལ་རྟེན་པ་ཡང་། སྤྱོད་པ་ངན་པའི་སྒྲ་ཐམས་ཅད་ཀྱི་མི་འཇིག་སོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་རིན་པོ་ཆེ་ནི་ཆགས་ཀྱང་ཐམས་ཅད ་ལས་ཁྱད་པར་དུ་འཕགས་པའི་གསེར་གྱིས་རྒྱན་ཟིལ་གྱིས་གནོན་ཏོ།། དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ། རྡོ་རྗེ་རིན་པོ་ཆེ་བསམ་པ ་ལོག་པར་ཞུགས་པ་ཆག་པར་གྱུར་ཀྱང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་རྒྱན་ཟིལ་གྱིས་ནོན་ཅིང་། བྱང་ཆུབ་སེམས་དཔའི་མིང་དེ་ཡང་མི་འདོར་ཏེ། ་འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་ཟློག་གོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། གསལ་རྒྱལ་གྱིས་ཞུས་པ་ལས་ཀྱང་། རྒྱལ་པོ་ཆེན་པོ་ཁྱོད་དམ ་པའི་ཆོས་ཁོ་ན་ཚོལ་བ་དང་། རྒྱལ་པོ་ཆེན་པོ་ཁྱོད་ཇི་ལྟ་བུར་ཡུལ་གོས་ལའི་མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་ཞུགས་པ་དེ་བཞིན་དུ། འཇིག་རྟེན་ཐམས ་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བ་དང་། སྦལ་བ་དང་། སྒྲོལ་བ་དང་། དབུགས་འབྱུང་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་ཞུགས་ཤིང་ཁྱོད ་ཐམས་ཅད་མཁྱེན་པ་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱིས་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ། རྒྱལ་པོ་ཆེན་པོ་ཁྱོད་ལེག་སོ་ལེགས་སོ།། ཡང་རྒྱལ་པོ་ཆེན་པོ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་འདི་ན་ལྷ་བརྒྱ་སྟོང་དུ་མ་ལུས་མི ་སྣང་བར་བྱས་ཏེ་གནས་ནས། ངལ་བསྙེན་བཀུར་བྱེད་པ་ཡོད་དོ།། དེ་དག་ཀྱང་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་མོས་པ་དང་། དད་པ་དང་། ཚོལ ་བ་དང་། སྨོན་པ་ལ་བསྔག་སོ།། བསྟོད་དོ།། རྗེས་སུ་ཡི་རང་ངོ་།། རྒྱལ་པོ་ཆེན་པོ་དེ་དག་ཤིར་དུ་དགའ་བ་སྐྱེས་ཏེ། མོས་པ་སྐྱེས་ཏེ། ཡིད་དང་འཐུན་པར་གྱུར་ཏོ།། ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྒྱལ་པོ་ཆེན་པོ་སུ་བྱང་ཆུབ་ལ་མདུན་པ་བསྐྱེད་པ་དང་།། དང་བ་དང་། འདོད་པ་དང་། སྨོན་པ་བསྐྱེད་པ་དང་། སངས་རྒྱས་བརྒྱ་ཕྲག ་དུ་མ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་བརྒྱ་ཕྲག་དུ་མ་དང་། འཕགས་པའི་དགེ་འདུན་གྱི་རྒྱུན་བརྒྱ་ཕྲག་དུ་མ་དང་། སངས་རྒྱས་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ནས ་གང་གའི་ཀླུང་གིས་བྱེ་བ་སྦེད་པས་ཀྱང་མང་བའི་བར་གྱི་སངས་རྒྱས་འབྱུང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། འཕགས་པའི་དགེ་འདུན་གྱི་རྒྱུན་མི་འཆད་པར ་འབྱུང་བ་དང་། སྐྱེ་བར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ།། ཞེས་གསུངསོ།། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་ཀྱང་། ནམ་བྱང་ཆུབ་སེམས་དཔའ། ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་འབྲལ་ཞིང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་ཀྱིས་སྐབས་མི་འབྱེད་པ་དང་། སེམས་གཞན་ཡིད་ལ་མི་བྱེད་པ་ཐམས ་ཅད་མཁྱེན་པ་ཉིད་ལ་དམིགས་པའི་སེམས་ཀྱི་ཉོན་མོས་པ་ཐམས་ཅད་ཀྱི་སྐབས་མི་འབྱེད་ཅིང་། ཕ་རོལ་ཏུ་ཕྱིན་པ་དྲུག་མི་འདོར་ལ། སེམས་ཅན་ཐམས་ཅད་ལ་བྱམས ་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་ལྡན་ཞིང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཡིད་ལ་བྱེད་པས་གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་སེམས་ཀྱི་རྒྱུན་ནོ་ཞེས་གསུང ་སོ། འཕགས་པ་མ་སྐྱེས་པའི་ལེའུ་ལས་ཀྱང་། འཕགས་པ་འོད་བསྲུང་ཆེན་པོས་སྨྲས་པ། འཇམ་དཔལ་དཔེར་ན། སེང་གེ་ཕྲུ་གུ་སྐྱེས་ནས་རིང་པོ་མ་ལོན་པ་སྟོབས ་དང་རྩལ་མ་རྫོགས་པས་ཀྱང་། གང་ནས་གང་དུ་སེང་གེའི་ཕྲུ་གུའི་དྲི་རྫིས་ཁྱེར་བ་དེ་དང་དེ་ལོགས་སུ། རི་དགས་ཀྱི་ཚོགས་གཅད་ཐམས་ཅད་ཀྱིས་དྲི་དེ་མི་བཟོད་ནས ་འབྲོས་སོ།། གླང་པོ་ཆེན་པོ་གང་དག་འབྲེང་བས་དམ་པོར་བཅིང་པ་དེ་དག་ཀྱང་སེང་གེའི་ཕྲུ་གུའི་དྲི་ཚོར་ན་སྤངས་ཤིང་འབྲོགས་ནས། བཅིང་བའི་འབྲེང་བ་དེ་དག་ཀྱང ་བཅང་དེ་གར་དགའ་བར་འབྲོས་སོ།། རིའི་སུལ་ན་གནས་པ་ནི་རི་སུལ་དུ་ཁུང་ན་གནས་པ་ནི་ཁུང་དུ། ཆུ་ན་གནས་པ་ནི་ཆུར་འཇུག་གོ།། བྱ་ནི་ནམ་མཁར་འབུརོ།། འཇམ ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་སྟོབས་བསྐྱེད་པ་མ་རྫོགས་ཀྱང་།། སེམས་བསྐྱེད་མ་ཐག་ཏུ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས ་གནོན་ཏེ། བདུད་ཐམས་ཅད་རང་གི་གནས་ན་སྔངས་སྐྲག་ཅིང་རང་གི་གནས་སུ་མི་དགའོ་ཞེས་གསུངས་སོ།། རིན་པོ་ཆེ་ཕུང་པོའི་མདོ་ལས་ཀྱང་། ་ཀུན་དགའ་བོ་འདི་སྙམ་དུ་སེམས། མི་རྐང་ལགས་གཅད་པ་འཚོ་འམ། གསོལ་པ། བཅོམ་ལྡན་འདས་འཚོའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར ་སྙིང་ཕྱུང་ན་འཚོ་འམ་གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འཚོའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རྐང་པ་དང་ལག་པ་ལྟ་བུ་ནི་ངའི་ཤ་རིའི་བུ་དང་། ་མེའུ་འགལ་གྱི་བུ་ལྟའོ།། སྙིང་ལྟ་བུར་ནི་བྱང་ཆུབ་སེམས་དཔའ་རྣམས་ལྟའོ།། ཀུན་དགའ་བོ་གལ་ཏེ་བྱང་ཆུབ་སེམས་དཔའ་ཤིང་རྟའི་ནང་དུ་ཞུགས་ཏེ། འདོད་པའི་ཡོན་ཏན་ལྔ ་རྩེ་དགའ་ཞིང་། དགའ་གུར་སྤྱོད་པའི་དེའི་ཤིང་རྟ་འདྲེན་པ་གཞན་མེད་ན་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དེའི་ཤིང་རྟ་ནི་དེ་བཞིན་གཤེགས་པའི་དབུ་ལ་ཡང་བསྐུར་རོ།། ་གལ་ཏེ་གནས་རྟེན་ཤ་རིའི་བུ་དང་། མིའུ་འགལ་གྱི་བུ་རྣམ་པར་ཐར་པའི་སྒོ་གསུམ་ལ་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་གནས་ཀྱང་། དེ་བཞིན་གཤེགས་པ་རིམ ་གྲོ་དང་གཡོག་བྱ་བར་བརྩོན་པར་མཛད་དོ།། ཞེས་གསུངས་སོ།། འོད་བསྲུང་གི་ལེའུ་ལས་ཀྱང་འོད་སྲུང་འདི་ལྟ་སྟེ་དཔེར་ན། ཟླ་བའི་དཀྱིལ་འཁོར་བཏང་སྟེ། སུ་ཡང ་སྐར་མའི་གཟུགས་ལ་ནམ་ཡང་ཕྱག་མི་འཚལ་ལོ།། འོད་བསྲུང་དེ་བཞིན་དུ་མཁས་པ་རྣམས་ཀྱང་། ངའི་བསླབ་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་བཏང་སྟེ། ་ཉན་ཐོས་ལ་ན་ཡང་ཕྱག་མི་འཚལ་ལོ།། འོད་སྲུངས་དཔེར་ན་ཟླ་བ་ཆེས་པ་ལ་ཕྱག་བྱ་བ་དེ་ལྟར་ཟླ་བ་ཉ་བ་ལ་མ་ཡིན་ནོ།། འོད་སྲུང་དེ་བཞིན་དུ་གང་དག་གང་ལ་རབ་ཏུ་དད ་པ་དེ་དག་གི་བྱང་ཆུབ་སེམས་དཔའ་རྣམ་ལ་ཕྱག་བྱའི།། དེ་བཞིན་གཤེགས་པ་རྣམས་ལ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལ་ནི་དེ་བཞིན་གཤེགས ་པ་རྣམས་སྐྱེ་འམ། དེ་བཞིན་གཤེགས་པ་དག་ལ་ནི། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་སྐྱེའོ།། ཞེས་གསུང་སོ།། ཡང་དང་སྲས་འཇལ་བའི་མདོ་ལས་ཀྱང་། ་དགེ་སློང་དག་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པའི་ཡོན་ཏན་གྱི་ཚོགས་ནི། དེ་བཞིན་གཤེགས་པ་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པ་གང་གའི་ཀླུང ་གི་བྱེ་མ་སྙེད་དུ་བརྗོད་པར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་སྔོན་བྱང་ཆུབ་སེམས་དཔའི་སྤད་པ་སྤྱོད་པ་ན། སེམས་ཅན་ཇི་ཙམ་དུ་བསྡུ་བར་བསྡུས་པས ་སེམས་ཅན་དེ་དག་ཐམས་ཅད་ལ་ཕན་པ་དང་། མི་ལྡན་པའི་སེམས་ཅིག་ཀྱང་མ་སྐྱེས།། སེམས་ཅན་གྱི་ཁམས་ཚད་མེད་དེ། སེམས་ཅན་གྱི་སེམས་ཅན་གྱི་ཁམས་ཇི་སྙེད ་པ། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སེམས་བསྐྱེད་པ་རེ་རེ་ལས་བསོད་ནམས་ཀྱི་ཕུང་པོ་དེ་སྐྱེའོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག ་སེམས་ཅན་གྱི་ཁམས་ནི་མི་ཟད་པ་སྟེ། ཇི་ལྟར་སེམས་ཅན་གྱི་ཁམས་མི་ཟད་པ་དེ་བཞིན་དུ་། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སེམས ་@བསྐྱེད་པ་རེ་རེ་ལས་ཀྱང་བསོད་ནམས་ཀྱིས་ཕུང་པོ་མི་ཟད་པར་སྐྱེའོ།། ཞེས་གསུངས་སོ།། དེ་བཞིན་གཤེགས་པའི་མདོ་ལས་ཀྱང་། བྱང་ཆུབ ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཚོགས་ནི། དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་འགྱུར་ཞེས་གསུངསོ།། ཡང་དེ་ཉིད་ལས་འབྱུང་བ། བྱང་ཆུབ ་སེམས་དཔའི་བསོད་ནམས་གང་། དེ་ལ་གལ་ཏེ་གཟུགས་མཆིས་ན། ན་མཁའི་ཁམས་ནི་ཀུན་གང་སྟེ། དེ་ནི་དེ་བས་ལྷག་པར་འགྱུར།། སེམས་ཅན་ཀུན་གྱི་བསོད་ནམས ་ཀྱི་ཕུང་པོ་ཇི་སྙེད་ཡོངསུ་བཟུང་བ། དེ་སྙེད་བྱང་ཆུབ་སེམས་པ་ཡི། བྱང་ཆུབ་སེམས་ལས་རབ་ཏུ་བྱུང་། ཞེས་གསུངསོ།། ཆོས་ཡང་དག་པར་བསྡུད་པའི་མདོ་ལས་ཀྱང ་བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་སེམས་ལས་ཆོས་ཐམས་ཅད་ཁོང་དུ་ཆུད་པར་རིག་པར་བྱའོ།། ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་དང་མཉམ་པ་སྟེ། ཤེས་བྱ་ཙམ་དུ་ཟད ་པ་དང་། ཡེ་ཤེས་སྟོང་པར་བྱ་བའི་ཕྱིར། ཆོས་ཐམས་ཅད་བློ་བུར་དུ་བྱུང་བ་གནས་མ་ཡིན་པ། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པ་སྟེ། སེམས་ཅན་གང་དག་ཀྱང་འདི ་ལྟ་བུའི་ཆོས་ཉིད་འདི་རྟོགས་པར་བྱའོ་སྙམ་དུ། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་གང་ཡིན་པ་འདི་ནི།། བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་སེམ་སོ།། བླ་ན་མེད་པའི་སེམས་སོ།། བྱམས་པས་རླན་པའི་སེམས་སོ།། སྙིང་རྗེས་ཡོངས་མི་སྐྱོ་བའི་སེམ་སོ།། དགའ ་བ་ཆེན་པོས་འགྱོད་པ་མེད་པའི་སེམ་སོ།། བཏང་སྙོམས་ཀྱི་དྲི་མ་མེད་པའི་སེམ་སོ།། སྟོང་པ་ཉིད་ཀྱི་མི་འགྱུར་བའི་སེམ་སོ།། མཚན་མ་མེད་པས་དམིགས་པ་མེད་པའི་སེམ་སོ།། ། ་སྨོན་པ་མེད་པས་གནས་པ་མེད་པའི་སེམས་སོ་ཞེས་གསུངསོ།། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ཆུང་ངུ་ཡང་། བྱང་ཆུབ་ཀྱི་སྙིང་པོ་ལ་འདག ་གི་བར་དུ་བར་མ་དོར་ཟད་པར་མི་འགྱུར་ཏེ། འཕགས་པ་བློ་གྲོས་མི་ཟད་པར་བསྟན་པའི་མདོ་ལས་འབྱུང་བ། བཙུན་པ་ཤཱ་ར་དྭ་ཏིའི་བུ་དཔེར་ན། རྒྱ་མཚོ་ཆེན་པོར་ཆུའི ་ཐེག་པ་གཅིག་ལྷུང་བ་ནི། བསྐལ་པ་ཆེན་པོ་མ་བྱུང་གི་བར་དུ་ཟད་ཅིང་སྐམ་པར་མི་འགྱུརརོ།། དེ་བཞིན་དུ་བྱང་ཆུབ་དུ་ཡོང་སུ་བསྔོས་པའི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སྙིང ་པོ་ལ་འདུག་གི་བར་དུ་བར་མ་དོར་མི་ཟད་པར་འགྱུར་ཞེས་གསུང་སོ།། ཐབས་ལ་མཁས་པའི་མདོ་ལས་ཀྱང་།། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་གལ་ཏེ་བརྒྱ་ལ ་དབུལ་པོར་གྱུར་ན། དེ་ཐ་ན་ཁ་ཟས་གཟར་བུ་གང་ཞིག་སྦྱིན་ན་ཡང་འདི་ལྟར་སློབ་སྟེ།། བཅོམ་ལྡན་འདས་ཀྱིས་ཀྱང་། སེམས་ནི་རྒྱ་ཆེའི་སྦྱིན་པ་ནི་མི་ཆེའོ་ཞེས་གསུངས་པ་ནས། ་བདག་གི་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏང་བ་ཆུང་མོད་ཀྱི། ཐམས་ཅད་མཁྱེན་པའི་སེམས་ཚད་མེད་པར་འགྱུརརོ།། སྙམ་དུ་སེམས་སོ་ཞེས་གསུང་སོ།། བསྐལ་པ་བཟང་པོ ་མདོ་ལས་ཀྱང་། དེ་བཞིན་གཤེགས་པ་སྐར་མའི་རྒྱལ་པོ་བ་ལང་རྗེར་གྱུར་ན། དེ་བཞིན་གཤེགས་པ་སྒྲས་བྱིན་ཞེས་བྱ་བ་དེ་ལ་སོ་ཅིའི་འདབ་མ་ཕུལ་ཏེ། དང་པོ་བྱང་ཆུབ ་མཆོག་དུ་སེམས་བསྐྱེད་དོ།། དེ་བཞིན་གཤེགས་པ་གྲགས་པ་ཐ་ག་པར་གྱུར་པ་ན། དེ་བཞིན་གཤེགས་པ་ཀློག་གི་སྒྲོན་མེ་ཞེས་བྱ་བ་དེ་ལ་རས ་ཀྱི་ཁ་ཚར་ཅིག་ཕུལ་ཏེ། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།། དེ་བཞིན་གཤེགས་པ་འོད་འཕྲོ་ཅན་གྲོང་གི་སྤྲང་པོར་གྱུར་པ་ན། དེ་བཞིན་གཤེགས་པ་འོད་མཐའ ་ཡས་དེ་ལ་རྩའི་མེ་སྒྲོན་ཕུལ་ཏེ། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།། དེ་བཞིན་གཤེགས་པ་འདུལ་ཀའི་ཤིང་ཐུན་དུ་གྱུར་ན། དེ་བཞིན་གཤེགས་པ་རྣམ་པར ་གནོན་པ་བརྟན་པ་ཞེས་བྱ་བ་དེ་ལ་སོ་ཤིང་ཕུལ་ཏེ། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དོ། དེ་བཞིན་གཤེགས་པ་ཡོན་ཏན་གྱི་རྒྱལ་མཚན་ཆུ་སྦྱིན་པའི་བདག་པོར་གྱུར ་ན། དེ་བཞིན་གཤེགས་པ་འཇམ་དཔལ་གྲགས་ཞེས་བྱ་བ་དེ་ལ་ཆུ་བོར་བུ་གང་ཕུལ་ཏེ། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།། དེ་བཞིན་གཤེགས་པ་སྟོབས་ཀྱི ་སྡེ་སྨན་པའི་རྒྱལ་པོར་གྱུར་ན། དེ་བཞིན་གཤེགས་པ་ཕྱག་ཆེན་པོ་དེ་ལ་ཀྱུ་རུ་ར་གཅིག་ཕུལ་ཏེ། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།། ཞེས་གསུངས་སོ།། ཡང་རིན ་པོ་ཆེ་ཕུང་པོའི་མདོ་ལས། དགྲ་བཅོམ་པའི་འབྲས་བུ་འདོད་པའི་མི་གང་ལ་ལ་ཞིག་གི་ནོར་བུ་རིན་པོ་ཆེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་བཀང་སྟེ། སྦྱིན་པ་བྱིན ་པས་བྱང་ཆུབ་སེམས་དཔའ་གང་གིས་བྱང་ཆུབ་སེམས་དཔའི་ཐེག་པའི་གང་ཟག་མཐོང་ནས། ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱི་རྗེས་སུ་ཡིད་རང་བ་དང་། ་བསོད་ནམས་འདི་ལ་སྔ་མའི་སྦྱིན་པའི་བསོད་ནམས་ཀྱི་ཕུང་པོ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ་ཞེས་གསུང་སོ།། བྱང་ཆུབ་སེམས་དཔའ། ་ཐམས་ཅད་མཁྱེན་པར་ཡོངསུ་བསྔོ་བས་སྦྱིན་པ་དེ་ཇི་ལྟར་ཟིལ་གྱིས་གནོན་ཅེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ། ཤ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་རྗེས་སུ་ཡིད་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྦྱིན་པ་དང་།། ཚུལ་ཁྲིམས་དང་། བཟོད་པ་དང་། ་བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་རྣམ་ཟིལ་གྱིས་གནོན་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ།། ཞེས་གསུངས་སོ།། ་སེམས་ཅན་རྣམས་ལ་སྙིང་རྗེ་བ་ནི་རྙེད་པར་དཀའ་སྟེ། སེམས་ཅན་རྣམས་ལ་སྙིང་རྗེ་ཆེ་བ་ནི་རྙེད་པར་དཀའ་བར་ནི་ཅི་མངོན་ཞེ་ན། མདོ་སྡེ་མང་པོ་ལས་ཐོས་པའི་ཕྱིར་ཏེ། ་ཟླ་བའི་སྙིང་པོའི་ལེའུ་ལས་འབྱུང་བ། གྲོགས་པོ་དག་སེམས་ཅན་རྣམས་ལ་སྙིང་རྗེ་བ་དང་།། སྙིང་བརྩེ་བ་ནི་རྙེད་པར་དཀའ་ཏེ། དགྲ་དཔའོ་ལག་ན་རྡོ་རྗེ་ཐོགས་ཤིང ་དྲག་དུ་འདེབས་པའི་ནང་ནས་གྲོལ་བ་བཞིན་ནོ་ཞེས་གསུངས་སོ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས་འབྱུང་བ། འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན ་པོ་ཡང་དག་པར་བསྒྲུབ་པའི་བསྔོན་དུ་འགྲོ་བ་ནི་སྙིང་རྗེ་ཆེན་པོའོ།། དཔེར་ན་འཁོར་ལོ་བསྒྱུར་བའི་རྒྱལ་པོ་རིན་པོ་ཆེ་ཐམས་ཅད་ཀྱི་མངོན་དུ་འགྲོ་བ་ནི་འཁོར་ལོ་རིན་པོ ་ཆེའོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ཡང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོའོ།། ཞེས་གསུང་སོ།། ཡང་དེ ་ཉིད་ལས་བདག་གི་འཁྲུལ་པ་ལ་སོ་སོར་རྟོག་ཅིང་གཞན་གྱི་འཁྲུལ་པ་ལ་སྙིང་རྗེ་བའོ་ཞེས་ཀྱང་གསུངསོ།། ཁྱིམ་བདག་དཔལ་སྤྲིན་གྱིས་ཞེས་པ་ལས་ཀྱང་། ཁྱིམ་བདག ་རྣམས་འདི་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དོ།། ལུས ་དང་སྲོག་ལ་མ་ཆགས་པར་བྱའོ།། ནོར་དང་། འབྲུ་དང་། ཁྱིམས་དང་། ཆུང་མ་དང་། བུ་མོ་དང་། བུ་པོ་དང་། ཟས་དང་། སྐོམ་དང་། ནོར་དང་། གཞོན་པ་དང་། ་མལ་ཆ་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཡོ་བྱད་ཐམས་ཅད་ལ་མ་ཆགས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་རྣམས་སེམས ་ཅན་དག་ནི་ཕལ་ལུས་དང་སྲོག་ལ་སོགས་པ་ཆགས་ཏེ། སྡིག་པའི་ལས་བྱས་པས། ངན་འགྲོ་རྣམས་སྐྱེ་ལ། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད ་ནས། ལུས་སྲོག་ལ་སོགས་པ་ལ་མ་ཆགས་པ་ནི་བདེ་འགྲོར་སྐྱེ་ཏེ། དེས་སེམས་ཅན་ཐམས་ཅད་ཡིད་ལ་བྱས་ལ་སྦྱིན་པ་ལ་སོགས་པ་དགེ་བའི་ཆོས་ཐམས ་ཅད་ལ་བརྩོན་པར་བྱའོ་ཞེས་གསུངསོ།། བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེ་བའི་བདག་ཉིད་ཅན་ཡིན་ཏེ། ཇི་ལྟ་ཞེ་ནོ། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ ་ལས་འབྱུང་བ་རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའི་སྙིང་རྗེའི་བདག་ཉིད་ཅན་རྣམས་ཡིན་ནོ།། བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་སྡུག ་བསྔལ་བ་དང་། སྐྱབས་མེད་པ་དང་། མགོན་མེད་རྟེན་མེད་པ་དང་། དཔུང་གཉེན་མེད་པ་དག་མཐོང་ན། བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བྱང་ཆུབ་དུ་སེམས་བསྐྱེད་ནས། ་ཆོས་ཉིད་ཐོབ་པར་བྱ་བའི་ཕྱིར། འབད་རྩོལ་བརྩོན་འགྲུས་བརྩོམ་ཏེ། དཀའ་བ་སྤྱོད་པ་བརྒྱད་དང་ཀྱང་བྱེད་དོ།། དེ་དག་ཆོས་ཉིད་ཐོབ་ནས་སེམས་ཅན་རྣམས་ལ་ཕན་པར ་བྱེད་དེ། འདི་ལྟ་སྟེ་སེམས་ཅན་སེར་སྣ་ཅན་རྣམས་རྣམ་པར་སྦྱིན་པ་ལ་བཞོག་པ་བྱེད། ཚུལ་ཁྲིམས་འཆལ་བ་རྣམས་ཚུལ་ཁྲིམས་ལ། གནོད་སེམས་ཅན་རྣམས་བཟོད ་པ་ལ། ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ། སེམས་འཁྲུགས་པ་བསམ་གཏན་ལ། སེམས་ཅན་ཤེས་རབ་འཆལ་པ་རྣམས་མཐོང་ནས་ཤེས་རབ་ལ་གཞོག་པར་བྱེད་ཀྱང་། ་སེམས་ཅན་གྱི་སྡུག་བསྔལ་མི་ཟད་པ་རྩུབ་པ་ཚ་བ་དག་གི་ཉན་ཅིང་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ།། རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས ་དཔའ་སྙིང་རྗེའི་བདག་ཉིད་ཅན་རྣམས་ཡིན་ནོ།། ཞེས་གསུངས་སོ།། གཟུགས་ཀྱི་དབང་ཕྱུག་གི་རྒྱལ་པོས་ཞུས་པ་ལས། ཀྱང་། ཀྱེ་མ་སེམས་ཅན་འདི་དག་ནི་འཁོལ་པོ ་ཆུང་མ་དང་། བུ་བོ་དང་། བུ་མོ་ལ་ཡོངས་སུ་ཞེན་པས་སྤགས་པ་རང་དབང་མེད་པ། བདག་ལ་མི་འབོངས་པ་དག་སྟེ། རང་དབང་ཡོད་ཅིང་བདག་ལ་འབོང་བར་བྱ་བ་དང་། ་གང་དགར་འགྲོ་བར་བྱ་བའི་ཕྱིར། དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་དག་ནི་སྡིག་པའི་གྲོགས་པོས་ཡོངསུ་ཟིན་པ། དགེ་བའི་བཤེས་གཉེན་དང་བྲལ་བ། སྡིག་པའི་ལས་བྱེད་པ་དག་སྟེ། དགེ་བའི་བཤེས་གཉེན ་གྱིས་ཡོངས་སུ་ཟིན་པ་དང་། སྡིག་པའི་གྲོགས་པོ་ཡོངས་སུ་སྤང་བར་བྱ་བའི་ཕྱིར། དེ་དག་ལ་ཆོས་སྟོན་པར་བྱའོ།། སྙམས་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི ་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་སྐམ་པ། ཆགས་པའི་ཟིལ་གྱི་གནོན་པ། ཆོ་ག་མི་ཤེས་ཤིང་འཕགས་པའི་ཤེས་རབ་ཀྱི་གནས་པ་དང་བྲལ་བ་དག་སྟེ། ་ཆགས་པ་སྤངས་པ་དང་། འཕགས་པའི་ཤེས་རབ་བསྐྱེད་པའི་ཕྱིར། དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་ལས་ཀྱི་རྣམ་པར་སྨིན་པ་ལ་མི་ལྟ་ཞིང་རྟགས་པ་དང་ཆད་པ་ལ་གནས་པ་དག་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་དང་། ་ལས་དང་བྱ་བ་ལ་བཟུད་པའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ། སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི ་དག་ནི་མི་རིག་པ་དང་གཏི་མུག་གིས་ལྡོངས་པ། བདག་དང་སེམས་ཅན་དང་། སྲོག་དང་། བསོ་བ་དང་། སྐྱེས་བུ་གང་ཟག་ལ་མངོན་པར་ཞེན་པ་དག་སྟེ། འཕགས་པའི ་ཤེས་རབ་ཀྱི་མིག་རྣམ་པར་དག་པར་བྱས་པ་དང་། ལྟ་བར་འགྱུར་བ་ཐམས་ཅད་སྤངས་པའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ།། སྙམ་དུ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན ་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་འཁོར་ལ་མངོན་པར་དགའ་བ། ཕུང་པོ་ལྔའི་གཤེད་མས་ཡོངསུ་ཟིན་པ་དག་སྟེ། ཁམས་གསུམ་ཐམས་ཅད་ལས་འབྱུང ་བའི་ཕྱིར་དེ་དག་ཆོས་བསྟན་པར་བྱའོ་སྙམ་དུ། སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་ནི་བདུད་ཀྱི་ཞགས་པས ་བཅིངས་པ། གཡོ་བ་དང་། རློམ་སེམས་ལ་གནས་པ་དག་སྟེ། བདུད་ཀྱི་ཞགས་པས་བཅིངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་དང་། གཡོ་བ་དང་རློམ་སེམས ་སྤང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའི་སྙམ་དུ། སེམས་ཅན་རྣམ་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་མྱ་ངན་འདས ་པའི་སྒོ་བཅད་ཅིང་། ངན་འགྲེའི་སྒོ་ནི་ཕྱེ་བ་དག་སྟེ། མྱ་ངན་ལས་འདས་པའི་སྒོ་དབྱེ་བ་དང་། ངན་འགྲོའི་སྒོ་གཅད་པའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ ་སེམས་ཅན་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་གསུང་སོ།། འདི་དག་པས་ཀྱང་གང་དག་བྱང་ཆུབ་སེམས་དཔའ་ལ་རྨ་འབྱིན་པའི་ལས་ཀྱི་སྒྲིབ་པ་དང་། བདུད ་ཀྱི་ལས་དང་། སྦས་པའི་སེམས་དང་། དམ་པའི་ཆོས་སྤངས་པ་ལ་སོགས་པའི་བར་དུ་བཅོད་པའི་ཆོས་རྣམས་ཡོངས་སུ་སྤོང་བའི་སེམས་ཅན་དག་ནི་ཆེས་རྙེད་པ་དག་པོ།། ་དེ་ལ་བྱང་ཆུབ་སེམས་དཔའ་ལ་རྨ་འབྱིན་པ་ནི། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་འབྱུང་བ། འཇམ་དཔལ་གང ་ལ་ལ་ཞིག་གི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་རྡུལ་སྙེད་ཀྱི་སེམས་ཅན་རྣམ་ཀྱི་དགེ་བའི་བར་ཆད་བྱས་པ་བས། གང་གཞན་ཞིག་གིས་དགེ་བསྙེན་སྟོན ་པ་གཞན་ལ་མི་སྟོན་པ། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་ཅིག་གི་དགེ་བའི་རྩ་བ་གཅིག་གི་བར་ཆད་བྱས་ན། དེ་ནི་དེ་བས་སྡིག་པ་ཆེས་གྲངས་མེད་པར་བསྐྱེད་དོ།། ། ་གང་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་རྡུལ་གྱིས་དགེ་བསྙེན་རྣམས་ཀྱི་དགེ་བའི་རྩ་བའི་བར་ཆད་བྱས་པ་བས། གང་གཞན་ཞིག་གིས་དགེ ་སློང་གཅིག་གི་དགེ་བའི་རྩ་བ་གཅིག་གིས་བར་ཆད་བྱས་ན། དེ་ནི་དེ་བས་སྡིག་པ་ཆེས་གྲངས་མེད་པར་བསྐྱེད་དོ།། དེ་ལྟར་རིམས་བཞིན་དུ་དད་པས་རྗེས་སུ་འབྲང་བ་དང་། ་ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། ་བྱང་ཆུབ་སེམས་དཔའ་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བ་དང་། ཟླ་བ་ཉི་མ་ལྟ་བུར་འགྲོ་བ་དང་། ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བ་སྟེ། གང་ལ་ལས་འཇིག་རྟེན་གྱི་ཁམས ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ཉན་ཐོས་ཀྱི་རྫ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགེ་བའི་རྩ་བའི་བར་ཆད་བྱས་པ་བས། གང་གཞན ་རྩ་བའི ་གྱིས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་ཅིག་གིས་དགེ་བའི་བར་ཆད་བྱས་སམ། ཁྲོས་སམ་བསྡུས་པའི་སེམས་བསྐྱེད་ན། དེ་ནི་དེ ་བས་སྡིག་པ་ཆེས་གྲངས་མེད་པར་བསྐྱེད་དོ།། གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་སེམས་ཅན་རྣམས་ཀྱི་མིག་ཕྱུང་སྟེ། བདོག ་པ་ཐམས་ཅད་ཕྲོག་པ་བས། གང་གཞན་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་བརྙས་པའི་སེམས་བསྐྱེད་ནས། དེ་ལ་བཅོས་ཤིང་བརྒྱད་དེ་ཉམས་ང་བར་བྱ་ན། དེ་ནི ་དེ་བས་སྡིག་པ་ཆེས་མང་དུ་བསྐྱེད་དོ།། གང་ལ་ལ་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་སྐྱེན་གང་ཡང་རུང་བས་ཁྱད་དུ་བསད་དེ་སྤྱོད་ན། དེའི་སྡིག་པའི་ལས་ཀྱི་སེམས ་ཅན་དམྱལ་བ་ངུ་འབོད་ཆེན་པོར་སྐྱེ་སྟེ། ལུས་དཔག་ཚད་ལྔ་བརྒྱ་པ་ལ་མགོ་ལྔ་བརྒྱ་ཡོད་དེ། མགོ་རེ་རེ་ལ་ལྕེ་བརྒྱ་བརྒྱ་ལྕེ་རེ་རེ་ལ་ལྕགས་ཀྱི་ཐོང་གཤོལ་འབར་བ་ལྔ་བརྒྱ་ལྔ ་བརྒྱས་རྨོའོ།། གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམ་སུ་སྐྱེས་པའི་སེམས་ཅན་ཐམས་ཅད་ལ། དབྱུག་པས་བརྡེགས་པ་དང་། མཚོན་གྱིས ་གདབ་པ་བྱས་ཏེ། བདོག་པ་ཐམས་ཅད་ཕྲོགས་པ་བས། གང་གཞན་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་རྙས་པའི་སེམས་བསྐྱེད་དེ། ཁྲོས་ཤིང་གནོད་སེམས་དང་། ་འཐབ་པ་དང་། ཁྲོ་བའི་སེམས་བསྐྱེད་ན། དེ་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པར་བསྐྱེད་དོ།། གཏུམ་སེམས་ཅན་གནོད་པར་དགའ་བ་གང་ལ་ལས་གང་གའི་ཀླུང་གི ་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམསུ། འཇིག་རྟེན་གྱི་ཁམས་རེ་རེ་ཞིང་ཡང་། གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་དགྲ་བཅོམ་པའི་སྲོག་གཅད ་པ་དང་། གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་རིན་པོ་ཆེའི་མཆོད་རྟེན་རིན་པོ་ཆེའི་སྟེགས་དབུས་བསྐོར་ཏེ། གདུགས་དང་རྒྱལ་མཚན་དང་། བ་དན་སྒྲེང་བ་བཤིག་པ་བས།། ་གང་གཞན་ཞིག་གིས་ཐེག་པ་ཆེན་པོ་ལ་དད་པའི་བྱང་ཆུབ་སེམས་དཔའ་ལ། ཐེག་པ་ཆེན་པོ་ཉིད་ལས་གཞི་བླངས་ཏེ། རུས་པའི་སེམས་བསྐྱེད་པ་དང་། རྐྱེན་གང ་ཡང་རུང་བས་ཁྲོ་ཞིང་བཤེ་བ་དང་། བཅོས་ཤིང་ཉམ་བར་བྱས་ན། དེ་ནི་དེ་བས་ཀྱང་སྡིག་པ་ཆེས་གྲངས་མེད་པར་སེམས་བསྐྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་ག ་པ་རྣམ་ནི་བྱང་ཆུབ་སེམས་དཔའ་ལས་སྐྱེས་པའི་ཕྱིར་ཏེ་གང་བྱང་ཆུབ་སེམས་དཔའ་ལ་སྐུར་པ་འདེབས་པ་ནི། སངས་རྒྱས་ཀྱི་རིགས་སྤྱོད་པར་ཞུགས་པ་ཡིན་ནོ།། ཡང་བྱང ་ཆུབ་སེམས་དཔའ་ལ་སྐུར་པ་འདེབས་པ་དེས་དམ་པའི་ཆོས་སྤངས་པ་ཡིན་ནོ།། ཆོས་གཞན་མ་ཡིན་ཆོས་ཡོངས་སུ་འཛིན་པ་གཞན་མ་ཡིན་ཏེ། ཆོས་ཡོངས་སུ ་འཛིན་པ་དེ་ཉིད་ཆོས་སོ།། གང་ལ་ལ་ཞིག་ཁྲོས་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་མུན་ནག་དུ་བཅུག་པ་བས། གཞན་གང་ཞིག་ཁྲོས་ཏེ ་བྱང་ཆུབ་སེམས་དཔའ་ལ་རྒྱབ་ཀྱི་ཕྱོགས་ཤིང་། མ་རུང་བ་དེ་མ་མཐོང་ཡང་སླ་སྙམ་ན་དེ་བས་སྡིག་པ་ཆེས་གྲངས་མེད་པར་བསྐྱེད་གང་ལ་ལ་ཞིག་གིས་འཛམ་བུ་གླིང་གི་སེམས ་ཅན་རྣམ་ཀྱིས་སྲོག་བཅད་དེ། འདོག་པ་ཐམས་ཅད་ཕྲོགས་པ་བས། གང་གཞན་ཞིག་གིས་བྱང་ཆུབ་སེམས་དཔའ་ཅི་འདྲ་ཡང་རུང་བ་ལ་སྨད་པ་དེ་ནི། དེ་བས་ཆེས ་སྡིག་པ་གྲངས་མེད་པར་བསྐྱེད་དོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། འཕགས་པ་བྱམས་པས་ཁུ་ཚུར་གྱིས་བརྡེགས་པ་དེ་ཙམ་གྱི་བྱང་ཆུབ་སེམས་དཔའ་ལ་རྨ་ཕྱུང་ཞིང་རྨས ་པར་མི་འགྱུར་གྱིས། བྱང་ཆུབ་སེམས་དཔའ་གང་ཟག་གིས་བྱང་ཆུབ་སེམས་དཔའ་གཅིག་ལ་ཐ་ན་གནོད་སེམས་དང་། བརྒྱད་པ་དང་། དབྱུག་པ་དང་། བསྐྱེད་པ ་དེ་ཙམ་གྱིས། བྱང་ཆུབ་སེམས་དཔའ་ལ་རྨ་ཕྱུང་ཞིང་རྨས་པར་འགྱུརརོ།། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་དེས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཡོངས་སུ་མ་གཏང་ན། ་བྱང་ཆུབ་སེམས་དཔའ་དེས་བྱང་ཆུབ་སེམས་དཔའ་ཅིག་ཤོས་ལ།། གནོད་སེམས་དང་ཐ་བ་དང་། ཞེ་སྡང་གི་སེམས་ཇི་སྙེད་དུ་སྐྱེད་པ་དེ་སྙེད་ཀྱི་བསྐལ་པར། གོ་ཅ ་ཟོད་ཡང་བགོ་དགོས་སོ་ཞེས་གསུང་སོ།། འཕགས་པ་འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་ཀྱང་། ཁོང་ཁྲོ་བ་ཁོང་ཁྲོ་བ་ཞེས་བྱ་བ་དེ་ནི་འཇམ་དཔལ་གང་དགེ་བའི ་རྩ་བ་བསྐལ་པ་རྒྱར་བསགས་འཇོམས་པར་བྱེད་པ་སྟེ། དེ་བས་ཁོང་ཁྲོ་བ་ཞེས་བྱའོ་ཞེས་གསུངསོ།། འཕགས་པ་ཟླ་བའི་སྒྲོན་མེའི་མདོ་ལས་ཀྱང་། ཕན་ཚུན་གནོད ་སེམས་སུ་ནི་གང་བྱེད་པ། དེ་ལ་ཁྲིམས་ཐོས་པ་སྐྱོབ་མི་བྱེད། བསམ་གཏན་དང་ནི་དགོན་གནས་མི་སྐྱོབ་སྟེ། སྦྱིན་དང་སངས་རྒྱས་མཆོད་པས་འང་སྐྱོབ་མི་བྱེད་ཞེས ་གསུངས་སོ།། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་དང་། བཅོམ་ལྡན་འདས་ལ་གནོད་པར་བྱ་བའི་སྡིག་པ་ཆེ་བ་ནི་བཤད་ཟིན་ཏེ། ་དེ་དག་ལ་ལེགས་པར་བྱས་པའི་བསོད་ནམ་ཤིན་དུ་ཆེ་བ་བསྟན་ཏོ།། ངེས་པ་དང་མ་ངེས་པར་འཇུག་པའི་ཕྱག་རྒྱའི་མདོ་ལས་འབྱུང་། འཇམ་དཔལ་ཡོང་སུ་རྟག ་པ་བཟུང་ནས། གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་ཕྱུང་བར་འགྱུར་ལ། ཡོངས་སུ་རྟག་པ་བཟུང་སྟེ། ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས་སེམས་ཅན་དེ་དག་ནི་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་དེ་དག་གི་མིག་སྐྱེད་པས། འཇམ་དཔལ་རིགས་ཀྱི་བུ་འམ ་རིགས་ཀྱི་བུ་མོ་གང་གཞན་ཞིག་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དད་པའི་སེམས་ཀྱི་ལྟ་ན་འདི་ནི་དེས་བསོད་ནམས་ཆེས་གྲངས་མེད་པར ་བསྐྱེད་དོ།། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བཙོན་ར་ར་བཅུག་པ ་བཙོན་ར་ནས་བཏོན་ཏེ། འཁོར་ལོས་བསྒྱུར་བའི་བདེ་བ་ལ་བཀོད་པ་བས། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གཞན་ཞིག་གི་ཐེག་པ་ཆེན་པོ་ལ ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དད་པའི་སེམས་ཀྱི་ལྷ་འདོད་ཅིང་བསྔགས་པ་བརྗོད་ན། འདི་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པར་བསྐྱེད་དོ།། ་ཞེས་གསུངསོ།། །། མདོ་ཀུན་ལས་བཏུས་པ།། ། བམ་པོ།། ། དད་པའི་སྟོབས་བསྐྱེད་པ་ལས་འཇུག་པའི་ཕྱག་རྒྱའི ་མོད་ལས་ཀྱང་། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས ་ཅན་རྣམས་ལ་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་དུ་ཉིན་རེ་ཞིང་། ལྷའི་ཟས་རོ་སྣ་བརྒྱ་པ་བྱིན་པ་དང་། ལྷའི་གོས་སྦྱིན་པ་བྱིན་པ་བས། གང་གཞན་ཞིག ་གིས་སྟོན་པ་གཞན་ལ་མི་རྟོག་པའི་དགེ་བསྙེན་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་གཅིག་ལ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསླབ་པ་ལ་སློབ་པ་ཡིན་ནོ།། ། ་སྙམ་དུ་བསམས་ནས་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པར་བསྐྱེད་དོ།། དེ་བཞིན་དུ་དགེ་སློང་དད་པས་རྗེས་སུ་འབྲང་བ་དང་། ་ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དག་སྟེ། ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་རྙེད་ཀྱི་རང་སངས་རྒྱས་རྣམས་ལ་བསྐལ་པ་གང་གའི་ཀླུང་གི་བྱེ ་མ་རྙེད་དུ་ཉིན་གཅིག་བཞིན་དུ་ཟས་རོ་སྣ་བརྒྱ་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གཞན་ཞིག་གིས་དེ་བཞིན ་གཤེགས་གཟུགས་རི་མོར་བྲིས་པ་དང་། འཇིམ་པ་ལ་བྱས་པ་མཐོང་བ་འདི་ཡང་དེ་བས་བསོད་ནམས་ཆེས་གྲངས་མེད་པར་སྐྱེད་ན། ཐལ་མོ ་སྦྱར་བ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མར་མེ་ཕུལ་ན། བསོད་ནམས་དེ་བས་ཆེས་གྲངས་མེད་པར་བསྐྱེད་པ་ལྟ་ཅི་སྨོས།། གང་ལ་ལ་ཞིག་གིས ་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་དུ་ཉིན་གཅིག་བཞིན་དུ་ལྷའི ་ཟས་རོ་སྣ་བརྒྱ་པ་ཕུལ་བ་དང་། དེ་བཞིན་དུ་ལྷའི་ན་བཟའ་ཕུལ་བ་བས། གང་གཞན་ཞིག་གིས་ཕྱུགས་ཀྱི་ཤིང་རྟག་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་བསམ་པ ་ཕུལ་སུམ་ཚོགས་པ་ཅིག་ལ། སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་གང་ཡང་རུང་བས་བསྡུས་པ་བྱས་ཏེ། ཐ་ན་ཉིན་ཅིག་ཟན་ཅིག་བྱིན་ན། དེ་ནི་དེས་བསོད་ནམས་ཆེས ་གྲངས་མེད་པ་བསྐྱེད་དོ།། གང་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་རྙེད་ཀྱི་ཕྱོགས་ཀྱི་ཤིང་རྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས ་ལ་དེ་ཙམ་དུ་བསྟི་སྟང་བྱས་པ་བས། གང་གཞན་གྱི་གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་གཅིག་ལ། ཉིན་གཅིག་ཟན་ཅིག་བྱིན་ན། དེ་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པར ་བསྐྱེད་དོ།། གང་ལ་ལ་ཞིག་གིས་གླང་པོ་ཆེའི་ཤིང་ན་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་ཙམ་དུ་བསྟི་སྟང་བྱས་པ་བས། གང་གཞན་ཞིག་གིས་ཟླ་བ་དང་། ་ཉི་མ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་ལ་གཅིག་ཟན་ཅིག་བྱིན་ན། དེ་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་བསྐྱེད་དོ།། གང་ལ་ལ་ཞིག་གིས་ཟླ་བ་དང་ཉི ་མ་ལྟ་བུས་འགྲོ་བ་དེ་རྣམས་ལ་དེ་ཙམ་དུ་སྟི་སྟང་བྱས་པ་བས། གང་གཞན་ཞིག་གིས་ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་ཅིག་ལ་ཉིན་གཅིག་ཟན་ཅིག ་བྱིན་ན། དེ་ནི་དེས་པས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ།། གང་གིས་དེ་ཙམ་དུ་ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྟི་སྟང ་བྱས་པ་བས། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུའི་འགྲོ་བའི་བྱང་ཆུབ་སེམས་དཔའི་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན་དེ་བས་བསོད་ནམས་ཆེས་གྲངས་མེད་པར ་སྐྱེད་དོ།། ཞེས་གསུངས་སོ།། དེ་ལ་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་ནས། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུའི་འགྲོ་བའི་བར་དུ་གང་ཞེ་ན། ་ངེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་འབྱུང་བ། འཇམ་དཔལ་བྱང་ཆུབ་སེམས་དཔའ་འདི་ལྟ་སྟེ། ལྔ་གང་ཞེ་ན་འདི་ལྟ་སྟེ། ཕྱུགས་ཀྱི་ཤིང་རྟ་ལྟ་བུས ་འགྲོ་བ་དང་། གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་དང་། ཟླ་བ་དང་། ཉི་མ་ལྟ་བུས་འགྲོ་བ་དང་། ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བ་དང་། དེ་བཞིན་གཤེགས་པའི་རྫུ ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་ལས་ཕྱིར་མི་ཟློག་གོ། དེ་ལ་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། དཔེར ་ར་སྐྱེས་བུ་ལ་ལ་ཞིག་སངས་རྒྱས་ཀྱི་ཞིང་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདའ་བར་འདོད་ནས་དེ་ཕྱུགས་ཀྱི་ཤིང་ན་ལ་ཞོན་ཏེ། ་ལམ་དུ་ཞུགས་ནས། དེ་ཡུན་རིང་ཞིག་ལོན་དཔག་ཚད་བརྒྱར་ཕྱིན་པ་ལས་དེ་ལས་དེ་རླུང་གི་དཀྱིལ་འཁོར་ཆེན་པོས་ཟློག་ན། དཔག་ཚད་བརྒྱད་བཅུར་དེ་ཕྱིན་ཕུལ་ན་སྐྱེས་བུ ་དེ་ཕྱུགས་ཀྱི་ཤིང་རྟས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བ་འམ། བསྐལ་པ་ནས་བརྗོད་དུ་མེད་པའི་ཡང་བསྐལ་པར་ཡང་འཇིག་རྟེན་གྱི་ཁམས་ཅིག་ཀྱང་འདའ་བར་ནུས་སམ ་གསོལ་པ། བཅོམ་ལྡན་འདས་དེ་ནི་གནས་མ་ལགས་ཏེ། གོ་སྐབས་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གང་ལ་ལ་ཞིག་གིས་བྱང་ཆུབ ་སེམས་བསྐྱོད་པ་ལ་ཐེག་པ་ཆེན་པོའི་མདོ་མི་འཛིན་མི་ཀློག། ཁ་དོན་དུ་མི་བྱེད་ཚུལ་བཞིན་དུ་ཡིད་ལ་མི་བྱེད་པར། ཉན་ཐོས་ཀྱི་ཐེག་པ་རྣམ་ལ། སྙེན་ཅིང་དེ་དག་ལྷན་ཅིག ་དུ་སྟེན་པར་བྱེད། ཉན་ཐོས་ཀྱི་ཐེག་པ་ཀློག་ཅིང་ཁ་དོན་བྱེད། སྤྱོད་ཅིང་ཀུན་ཆུབ་པར་བྱེད་ལ་གཞན་ཡང་ཀློག་དུ་འཇུག་པ་ནས། ཁོང་དུ་ཆུད་པའི་བར་དུ་དེ་ནི་དེས་ཤེས་རབ ་རྟུལ་པོར་འགྱུར་ཏེ། དེ་བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་སླར་དྲངས་ནས་ཕྱིར་ལོག་གོ།། བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱི ་དབང་པོ་དང་། ཤེས་རབ་ཀྱི་མིག་གང་ཡིན་པ་དེ་ཡང་། རྟུལ་པོར་སྦྱར་ཞིང་ཉམས་པར་བྱེད་དེ། འདི་ནི་ཕྱུགས་ཀྱི་ཤིང་ན་ལྟ་བུ་འགྲོ་བའི་བྱང་ཆུབ་སེམས་དཔའོ།། ། ་དེ་ལ་གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན་དཔེར་ན་མི་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་དེ་སྙེད་འདའ་བར་འདོད་ཏེ། ཡན་ལག་བརྒྱད་དང ་ལྡན་པའི་གླང་པོ་ཆེའི་ཤིང་རྟ་ལྟ་བུ་ལ་གཞོན་ནས་ལམ་དུ་ཞུགས་ཏེ། དེས་ལོ་བརྒྱས་དཔག་ཚད་ཉིས་སྟོང་དུ་སྟོན་པ་ལས། རླུང་གི་དཀྱིལ་འཁོར་ཆེན་པོས། ལམ་དེ་ནས་ཕྱིར ་འདས་ཏེ་ལྡོག་པ་ནས་གོ་སྐབས་མ་ཡིན་པའི་བར་དུ་སྟེ། དེ་བཞིན་དུ་གང་བྱང་ཆུབ་དུ་སེམས་བསྐྱེད་ནས། ཐེག་པ་ཆེན་པོ་ཡང་འཆང་ཞིང་ཀློག་ལ་ཁ་དོན་བྱེད་ཅིང་ཚུལ ་བཞིན་ཡིད་ལ་བྱེད་ལ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་ཡང་རྟེན་པ་ནས། ཉན་ཐོས་ཀྱི་ཐེག་པ་ཀློག་ཅིང་ཤེས་པར་བྱེད་པའི་བར་འདི་ནི། གླང་པོ་ཆེའི་ཤིང་རྟ ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའོ།། བཟླ་བ་དང་ཉི་མ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། དཔེར་ན་ལ་ལ་ཞིག་དེ་རྙེད་ཀྱི་འཇིག་རྟེན་གྱི་ཁམས ་འདའ་བར་འདོད་དེ། དེ་ཟླ་བ་དང་། ཉི་མ་ལྟ་བུས་འགྲོ་བས་ལམ་དུ་ཞུགས་ནས་དེས་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་ལས་འདས་པར་ནུས་སམ། གསོལ ་པ་བཅོམ་ལྡན་འདས་དུས་རིང་པོ་ཞིག་ནས་འདའ་བར་རྔོ་ཐོག་གོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དེ་བཞིན་དུ་གང་ལ་ལ་ཞིག་བྱང་ཆུབ་དུ་སེམས ་བསྐྱེད་དེ། ཉན་ཐོས་ཀྱིས་ཐེག་པ་པ་རྣམས་ལ་མི་རྟེན་པ་ནས། ཁོང་དུ་ཆུད་པར་བྱེད་པ་མ་ཡིན་པའི་བར་དུ་སྟེ།། ཐ་ན་ཉན་ཐོས་ཀྱིས་ཐེག་པའི་ཚིག་བཅད། ་ཙམ་ཡང་མི་ཀློག་པར་ཐེག་པ་ཆེན་པོ་ཉིད་ཀློག་པ་ནས། ཐེག་པ་ཆེན་པོ་ཉིད་ཁོང་དུ་ཆུད་པར་བྱེད་པའི་བར་འདི་ནི་ཟླ་བ་དང་ཉི་མ་ལྟ་བུའི ་འགྲོ་བའི་བྱང་ཆུབ་སེམས་དཔའོ།། ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། དཔེར་ན་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་དེ་སྙེད་འདའ་བར ་འདོད་ན། ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་དེས་འཇིག་རྟེན་གྱི་ཁམས་དེ་དག་ལས་འདའ་བར་ནུས་སམ། གསོལ་པ། བཅོམ་ལྡན་འདས་རྔོ་ཐོག་སྟེ། མྱུར་དུ་ནི་མི་འདསོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གང་ལ་ལ་ཞིག་བྱང་ཆུབ་དུ་སེམས་བསྐྱེད་དེ། ཐེག་པ་ཆེན་པོ་ལ་མོས་པ། ཐེག་པ་ཆེན་པོ་ཡོངས་སུ་འཛིན་པའི ་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པ་དང་། བཅས་པ་དེ་ལ་གཞོལ་ཞིང་དེ་འབབ་སྟེ། དེ་དག་དང་རྟེན་ཅིང་ཐེག་པ་ཆེན་པོ་ཡོངས་སུ་ཚོལ་བ་དང་། ཀུན་འཛིན ་ཅིང་འཆང་བ་ཡིན་ཏེ། སྲོག་གི་ཕྱིར་ཡང་ཐེག་པ་ཆེན་པོ་མི་གཏོང་ཞིང་། རབ་དུ་གུས་པས་མེ་ཏོག་དང་། བ་དན་གྱི་བར་གྱིས་མཆོད་པ་བྱེད་པ་དང་། བྱང་ཆུབ་སེམས ་དཔའ་མི་སློབ་པ་རྣམས་ལ་མ་རྙས་པ་འདི་ནི་ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའོ།། དེ་ལ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའི ་བྱང་ཆུབ་སེམས་དཔའ་གང་ཞེ་ན། དཔེར་ན་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་དེ་རྙེད་འདའ་བར་འདོད་དེ། དེས་དེ་བཞིན་གཤེགས་པ་རྫུ་འཕྲུལ་གྱིས་འཇིག་རྟེན་གྱིས་ཁམ ་རྣམསུ་འགྲོ་ན། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་ནུས་སམ། གསོལ་པ། བཅོམ་ལྡན་འདས་རྔོ་ཐོག་སྟེ། ་སེམས་ཀྱི་སྐད་ཅིག་གཅིག་ཙམ་གྱིས་འདའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གང་ལ་ལ་བྱང་ཆུབ་དུ་སེམས་བསྐྱེད་དོ།། རབ་ཏུ་ཟབ་ཅིང་རྒྱ་ཆེ་བ་ལ ་མོས་པ། ཐེག་པ་ཆེན་པོའི་མདོ་ལས་མོས་པ་མཁས་པ། རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི་སྐྱབས་བྱ་བའི་ཕྱིར། བྱང་ཆུབ་ཀྱིས་སེམས་དང་། བྱམས་པ་དང་། ་སྙིང་རྗེ་དང་། ཕ་རོལ་དུ་ཕྱིན་པ་དྲུག་དང་། སྟོན་པ་བཞི་དང་། བསྡུ་བའི་དངོས་པོ་ལ་བརྩོན་པ་ཡིན་ཏེ། གཞན་ཡང་དེ་ལ་རབ་ཏུ་འགོད་པ་དེ་ནི། དེ་བཞིན་གཤེགས ་པའི་རྫུ་འཕྲུལ་ལྟ་བུའི་འགྲོ་བའི་བྱང་ཆུབ་སེམས་དཔའོ།། ཞེས་གསུང་སོ།། དམ་པའི་ཆོས་སྤོང་བའི་ཁ་ན་མ་ཐོབ་པ་དང་བཅས་པ་བཤིན་དུ་ཆེན་པོ་དང་སྟེ། བར་དུ ་བཅོད་པའི་ཆོས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ། བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་སངས་རྒྱས་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་མཐོང་བར་གྱུར་ཏེ། ་དམིགས་པའི་ཚུལ་གྱིས་དེ་དག་ལ་སྦྱིན་པ་ཡང་སྦྱིན་པར་གྱུར་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུའང་སྒོམ་པར་ཡང་འགྱུར་ལ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ཟབ་མོ་འདི་ལ་རི་མོར་མི་བྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པའི་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་འཁོར་དུ། ་འོངས་ན་ཡང་། ལུས་དང་སེམས་ཀྱི་མཐུན་པར་མི་བྱེད་ན། དེ་དག་ནི་འཆལ་པའི་ཤེས་རབ་དུ་འགྱུར་བའི་ལས་རྣམས་སོགསོ།། དེ་དག ་ནི་ལས་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདོར་བར་འགྱུར་རོ།། དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བོར་བས། འདས་པ་དང་། མ་འོང་བ ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་བོར་བ་ཡིན་ནོ།། དེ་དམ་པའི་ཆོས་ཀྱི་ཕོངས་པར་འགྱུར་བའི་ལས་དེ་ལོ་བྱེ་བ ་ཕྲག་ཁྲིག་བརྒྱ་སྟོང་དུ་མའི་བར་དུ་སེམས་ཅན་དམྱལ་བར་བཅོས་ཏེ། འཇིགས་པ་དང་། འཆགས་པའི་བསྐལ་པ་མང་པོར་སེམས་ཅན་དམྱལ་བ་ཆེན་པོ་ནས་དམྱལ་བ ་ཆེན་པོས་ཁ་འཁོར་བར་འགྱུར་རོ།། དུད་འགྲོའི་གནས་དང་། གཤིན་རྗེའི་འཇིག་རྟེན་དུའང་དེ་བཞིན་ནོ།། ཤ་ར་དྭ་ཏིའི་བུ་མཚམས་མེད་པ་ལྔ་དང་འདྲ་ཞེས་མི་བྱའོ།། ། ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། བྱང་ཆུབ་སེམས་དཔའ་རྣམ་ཀྱི་བདུད་ཀྱི་ལས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ། རབ་འབྱོར་གཞན་ཡང་མིང་ལ ་གནས་པས་བདུད་ཀྱི་ལས་སུ་རིགས་པར་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་ལ་བདུད་ཀྱི་འདི་སྐད་ཅེས་སྨྲ་སོ།། ཁྱོད་བྱང་ཆུབ་མངོན་པར་རྫོགས་པར་སངས ་རྒྱས་པ་ན་མིང་འདི་ཞེས་བྱ་བར་འགྱུརརོ།། ཞེས་བྱ་བས་དང་། བྱང་ཆུབ་སེམས་དཔའ་དེ་དེའི་རྗེས་སུ་རྟོག་པར་འགྱུར་ཏེ། དེ་ལ་ཕྱིར་མི་ལྡོག་པའི་ལྟས་གང་ཡིན ་པ་དེ་མེད་པར་ཡང་དེས་བདག་ལུང་བསྟན་པ་སྙམ་དུ་རློམ་སེམས་སུ་བྱེད་དོ།། དེ་དེས་རློམ་སེམས་བསྐྱེད་ཅིང་། བྱང་ཆུབ་སེམས་དཔའ་གཞན་ལ་ཡང་རྙས་པར་འགྱུར་རོ།། ། ་དེ་ཐབས་མི་མཁས་ཤིང་ཤེས་རབ་དང་བྲལ་ཏེ། དགེ་བའི་ཤེས་གཉེན་གྱིས་མ་ཟིན་ཅིང་། སྡིག་པའི་གྲོགས་པོའི་ལག་དུ་སོང་བ་ལས། ཉན་ཐོས་ཀྱི་ས་འམ། ་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར། རློམ་སེམས་དང་ལྡན་པའི་སེམས་བསྐྱེད་པ་འདི་ནི་ལྷུང་བའི་རྩ་བ་བཞིན་པས་ཀྱང་། ཆེས་ལྕི་སྟེ། འདི་ཡང་བྱང་ཆུབ་སེམས ་དཔས་བདུད་ཀྱི་ལས་སུ་རིགས་པར་བྱའོ།། ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། འཇམ་དཔལ་རྣམ་པར་འཕྲུལ་པའི་ལེའུ་ལས་ཀྱང་། འཇམ་དཔལ་གྱིས་སྨྲས་པ། ་ལྷའི་བུ་ཇི་ཅི་ཙམ་དུ་ལས་འཇུག་པ་དེ་ཙམ་དུ་བདུད་ཀྱི་ལས་སོ།། ཇི་ཙམ་དུ་སྨོན་པ་དང་། ཇི་ཙམ་དུ་འཛིན་པ་དང་། ཇི་ཙམ་དུ་འཛིན་པ་དེ་ཙམ་དུ་བདུད་ཀྱི་ལས་སོ།། ་ཇི་ཙམ་དུ་འདོད་པ་དང་། ཇི་ཙམ་དུ་འདུ་ཤེས་པ་དང་། ཇི་ཙམ་དུ་རློམ་སེམས་པ་དང་། ཇི་ཙམ་དུ་ཡོངས་སུ་རྟོགས་པ་དེ་ཙམ་དུ་བདུད་ཀྱི་ལགསོ།། ལྷའི་བུ་གཞན ་ཡང་བྱང་ཆུབ་ཀྱི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ།། སྦྱིན་པའི་སེམས་ལ་མངོན་པ་ཡང་བདུད་ཀྱི་ལསོ།། དེ་བཞིན་དུ་ཚུལ་ཁྲིམས་དང་། ་བཟོད་པ་དང་། བརྩོན་འགྲུས་དང་། བསམ་པ་དང་། ཤེས་རབ་ཀྱི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལ་སོ།། སྦྱིན་པ་རློམ་སེམས་སུ་བྱེད་པ་དང་། ་ཚུལ་ཁྲིམས་མཆོག་དུ་འཛིན་པ་དང་། བཟོད་པ་འཛིན་པ་དང་། བརྩོན་འགྲུས་ལེན་པ་དང་། བསམ་གཏན་ལ་མཚན་མ་དང་། ཤེས ་རང་རྒྱུ་བ་ཡང་བདུད་ཀྱི་ལ་སོ།། དགོན་པ་པ་ལ་དགའ་བའི་མོས་པའི་སེམས་དང་། གཏང་སྙོམ་སུ་ལྟུང་བ་ཡང་བདུད་ཀྱི་ལ་སོ།། འདོད་པ་ཉུང་བ། ཆོག་ཤེས་པ ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྲུངས་པ་རློམ་སེམས་དུ་བྱེད་པ་ཡང་བདུད་ཀྱི་ལ་སོ།། བདག་ནི་སྟོང་པ་ཉིད་ལ་གནས་པ། བདག་ནི་མཚན་མ་མེད ་པ་ལ་གནས་པ། བདག་ནི་སྨོན་པ་མེད་པ་ལ་གནས་པ། བདག་ནི་སྤྲོས་པ་མེད་པ་ལ་གནས་པ། བདག་ནི་རབ་དུ་དབེན་པ་ལ་གནས་པ། བདག་ནི་དེ་བཞིན ་གཤེགས་པའི་བཀའ་སྒྲུབ་ཅིང་གནས་པའོ་སྙམ་དུ་རློམ་སེམས་སུ་བྱེད་ཅིང་། རྣམ་པར་རྟོགས་པ་ཡང་བདུད་ཀྱི་ལསོ།། ལྷའི་བུ་ཇི་ཙམ་དུ་རྟོག་པ་དང་། རྣམ་པར་རྟོག ་པ་དང་། ཡོངས་སུ་རྟོག་པ་དང་། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་བྱེད་པ་དང་། རྣམ་པར་ཤེས་པའི་གནས་ཇི་ཙམ་དུ་བདུད་ཀྱི་ལ་སོ།། ལྷའི་བུས་སྨྲས་པ། འཇམ ་དཔལ་བདུད་ཀྱི་ལས་ག་ལས་བྱུང་། འཇམ་དཔལ་གྱི་སྨྲས་པ། ལྷའི་བུ་བདུད་ཀྱི་ལས་ནི་བརྩོན་པ་ལས་བྱུང་ངོ་།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་བརྩོན་པ་ལ་བདུད་གླགས་ཚོལ ་གྱི་མི་བརྩོན་པ་ལ་བདུད་ཀྱི་ཅི་ཞིག་བྱ་བར་འགྱུར་ཏེ། དེ་ཉིད་བདུད་ཀྱི་ལས་ཡིནོ།། སྨྲས་པ་བྱང་ཆུབ་སེམས་དཔའ་ཇི་ལྟར་ན་བརྩོན་པ་ཡིན། ཇི་ལྟར་མི་བརྩོན་པ་ཡིན།། སྨྲས་པ། ་ལྷའི་བུཇི་ཙམ་དུ་གཉིས་སྤོང་བ་དེ་ཙམ་དུ་མི་བརྗོད་པའོ།། དེ་ཅིའི་ཕྱིར་ཤེ་ན། འཇིག་རྟེན་གནས་པ་ནི་གཉིས་ལ་སྦྱོར་བ་དང་གནས་པའོ།། མི་བརྗོན་པ་ཞེས་བྱ་བ་འདི་ནི་སྦྱོར་བ་ཡང་དག ་པའི་ཚིག་བླ་དག་སོ། སྦྱོར་བ་ཡང་དག་པར་ཞེས་བྱ་བ་འདི་ནི་སྦྱོར་བ་མེད་པའི་ཚིག་བླ་དག་སོ།། སྦྱོར་བ་མེད་པ་ཞེས་བྱ་བ་འདི་ནི་སྤྲོས་པ་མེད་པའི་ཚིག་བླ་དག་སོ།། སྤྲོས་པ་མེད་པ ་ཞེས་བྱ་བ་འདི་ནི་སྦྱོར་བ་མེད་པའི་ཚིག་བླ་དག་སོ།། ལྷའི་བུ་གང་ན་མིག་ལ་མི་སྦྱོར་བ་དང་། གཟུགས་ལ་མི་སྦྱོར་བ་དང་། ཆོས་ཀྱི་བར་ལ་མི་སྦྱོར་བ་འདི་ནི་བྱང་ཆུབ་སེམས་དཔའི ་སྦྱོར་བ་ཡང་དག་པ་ཞེས་བྱའོ་ཞེས་གསུང་སོ།། ཡང་དེ་ཉིད་ལས་འབྱུང་བ། ལྷའི་བུ་ཤུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཡང་དག་པའི་ཡང་དག ་པའི་ཕུལ་ཡིན་ནོ།། ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། རྣལ་འབྱོར་སྤྱོད་པ་རྣམ་པར་གྲོལ་བ་འདོད་ཅིང་འཁོར་བས་སྐྲག་པ་རྣམས་ལ་རྟེན་པ་དང་། བསྙེན་པ་དང་། བསྙེན་བཀུར་བྱེད ་པ་ནི་བདུད་ཀྱི་ལསོ།། སྟོང་པ་ཉིད་ལ་སོ་སོར་རྟོག་ཅིང་། སེམས་ཅན་ཡལ་བར་འདོར་བ་ཡང་བདུད་ཀྱི་ལ་སོ།། འདུས་མ་བྱས་ལ་སོ།། སོར་རྟོག་ཅིང་། འདུས་བྱས་ཀྱི་དགེ ་བའི་རྩ་བས་ཡོངས་སུ་སྐྱོབ་པ་ཡང་བདུད་ཀྱི་ལསོ། བསམ་གཏན་བསྐྱེད་ཅིང་བསམ་གཏན་ལས་རྣམ་པར་ལྡོག་པ་ཚོལ་བ་ཡང་བདུད་ཀྱི་ལསོ། ཆོས་སྟོན་ཀྱང་ཞན་པ་རྣམས་ལ ་སྙིང་རྗེ་ཆེན་པོ་མི་སྐྱེད་པ་ཡང་བདུད་ཀྱི་ལས་སོ།། ཡོན་གན་དང་ལྡན་པ་དང་། ཡོན་ཏན་གྱི་གནས་ཚུལ་ཁྲིམས་ངན་པ་ཅན་དེ་རྣམས་ལ་ཁྲོ་བ་ཡང་བདུད་རྩི། ཅན་ཐོས་དང་རང ་@སངས་རྒྱས་ཀྱི་གཏམ་སྟོན་ཅིང་། ཐེག་པ་ཆེན་པོའི་གཏམ་འཆབ་པ་ཡང་འདུད་ཀྱི་ལ་སོ།། ཟབ་མོའི་གཏམ་འཆབ་ཅིང་གཏམ་སྣ་ཚོགས་སྟོན་པ་ཡང ་བདུད་ཀྱི། བྱང་ཆུབ་སེམས་དཔའི་གཏམ་ཤེས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ལམ་ཡོངས་སུ་མི་ཚོལ་བ་ཡང་བདུད་ཀྱི་ལ་སོ།། རབ་ཏུ་བརྩོན་པའི་བསྔགས་པ་བརྗོད་ཀྱང་། སེམས ་ཅན་མི་བརྩོན་པ་རྣམས་མངོན་པར་མི་སྦྱོར་བ་ཡང་བདུད་ཀྱི་ལ་སོ།། དགེ་བའི་རྩ་བ་སོགས་ཀྱང་། བྱང་ཆུབ་ཀྱི་སེམས་མངོན་དུ་མི་བྱེད་པ་ཡང་བདུད་ཀྱི་ལསོ།། ལྷག་མཐོང་གི ་རྣལ་འབྱོར་དང་ལྡན་པར་གནས་ཀྱང་སེམས་ཅན་རྣམས་ལྷག་མཐོང་ཡང་དག་པར་འཛིན་དུ་མི་བཅུག་པ་ཡང་བདུད་ཀྱི་ལསོ།། ཉོན་མོངས་པ་མ་ལུས་པར་ཟད་པར་ཚོལ་ཞིང ་འཁོར་བའི་རྒྱུན་གྱི་ཉོན་མོངས་པ་རྣམས་ལ་སྨོད་པ་ཡང་བདུད་ཀྱིས་ལས་ཀྱིས་ལ་སོ།། ཤེས་རབ་ཀྱི་རྣམ་པར་སྤྱོད་ཅིང་སྙིང་རྗེ་ཆེན་པོ་ལ་དམིགས་པ་མི་འཛིན་པ་ཡང་བདུད་ཀྱི ་ལ་སོ།། ཐམས་ཅད་མི་ལྡན་པར་དགེ་བའི་ཆོས་ལ་སྤྱོད་པ་ཐམས་ཅད་ཀྱང་བདུད་ཀྱི་ལ་སོ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་ཚོལ་གྱི།། འཇིག་རྟེན་བརྒྱད་ཕན་པའི་གསང ་ཚིགས་འཛིན་པ་ཡང་བདུད་ཀྱི་ལསོ།། མང་དུ་ཐོས་ཀྱང་གཞན་གྱི་ཤེས་དོགས་ཏེ། སློབ་དཔོན་ཆོས་འཆབ་པ་ཡང་བདུད་ཀྱི་ལ་སོ།། འཇིག་རྟེན་པའི་དགོན་པའི་ཞལ་ལྟ ་བྱེད་ཅིང་། མང་དུ་ཐོས་པ་མི་ཚོལ་བ་ཡང་བདུད་ཀྱི་ལསོ།། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ། ཐེག་པར་ཆེན་པོ་ལ་ཡང་དག་པར་ཞུགས་པ་བསྐལ་པ་མཉམ་པ་རྣམས ་ལ་མི་རྟེན་མི་བསྙེན་བསྙེན་བཀུར་མི་བྱེད་ཅིང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེགས་པ་ལ་ཡང་དག་པར་ཞུགས་པ་བསྐལ་པ་མི་མཉམ་པ་ལ་དགའ་བ་ཡང་བདུད་ཀྱི་ལ་སོ།། ། ་གང་གི་ཚེ་བརྒྱ་བྱིན་ནམ། ཚངས་པ་འམ། འཇིག་རྟེན་སྐྱོང་བ་འམ། རྒྱལ་པོ་འམ། ཚོང་དཔོན་ནམ། ཁྱིམ་བདག་གི་ལོངས་སྤྱོད་དང་། ནོར་དང་རིན་པོ་ཆེ་དང་། ་དབང་ཕྱུགས་གི་ཆེ་བ་ཉིད་ཐོབ་པར་གྱུར་པ་དེའི་ཚེ། ཆོས་ཀྱི་ཆེ་བ་ཉིད་དང་ལྡན་པ་རྣམས་ལ་མི་རྟེན། མི་བསྙེན་བསྙེན་བཀུར་མི་བྱེད་པ་འདི་དག་ནི། ལྷའི་བུ་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་བདུད་ཀྱི་ལས་འདི་དག་ཕུལ་ཉི་ཤུའོ་ཞེས་གསུངསོ།། བློ་གྲོ་རྒྱ་མཚོས་ཞེས་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་གཟུགས་བཟང་ཞིང་མཛེས ་ལ་ཕྱུང་ཅིང་ནོར་ཆེ་བ་དང་། མཛོད་དང་བང་བ་མང་པོ་ཕུན་སུམ་ཚོགས་པར་གྱུར་ཏེ། གཟུགས་དང་ལོངས་སྤྱོད་དང་། རུས་དང་རིགས་དང་། གཡོག་འཁོར་དང་། ་བསོད་ནམས་ཀྱི་ཚོགས་ཀྱི་བརྟན་པར་གྱུར། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་ཞིང་།། དེ་གཟུགས་དང་། ལོངས་སྤྱོད་དང་། གཡོག ་འཁོར་དང་། དབང་ཕྱུག་གི་སྟོབས་ཀྱི་རྒྱགས་ཤིང་བག་མ་མཆིས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་གང་དག་རབ་དུ་འབྱུང་བར་རྟོགས་པ། ཁྱིམ་གྱི་གནས་ནས ་མངོན་པར་འབྱུང་བ། ཡེ་ཤེས་ཀྱི་ཚོགས་ཡོང་སུ་ཚལ་བ་ལ་བརྩོན་པ། གདུགས་དང་གསེར་མས་ཤ་དང་ཁྲག་སྙམ་པ། ནེ་བུ་ཉམས་ཆུང་བ་དང་། ལུས་བཅས། ་གཡོག་པ། མགོ་དང་གོས་ལ་ཞུགས་འབར་བ་བཞིན་དུ་གདུགས་མཚན་དུ་བརྩོན་འགྲུས་བརྩམས་པ། དགེ་བའི་ཆོས་ཡོངས་སུ་བཙལ ་བ་ལ་རྟག་དུ་བརྩོན་པ་དང་ལྡན་པ་དེ་དག་ལ་རྐེ་ཞིང་ཉམས་ཆུང་ལ་མདོག་ངན་ཅིང་མི་གདུག་པར་རིག་ནས་བསྐས་པར་བྱའོ།། སྙམ་དུ་སེམས་ཤིང་དེ་དག་ལས་ལེགས་པར ་བཤད་པ་ཉན་མི་འཚལ་གྱི། དེ་དེ་བས་ཤས་ཆེར་ལྡན་ཞིང་ཆེས་རྨུགས་པར་འགྱུར་བ་འདི་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་བརྒྱགས་པ་དང་། བག ་མ་མཆིས་པ་དང་། རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུས་ཞེས་གསུང་སོ།། ཡང་དེ་ཉིད་ལས་འབྱུང་བ། ཐེག་པ་ཆེན་པོའི་བར་དུ་གཅོད་པར་འགྱུར་བའི་ཆོས ་བཞི་སྟེ། བཞི་གང་ཞེ་ན། བདག་གི་ཡོན་ཏན་བརྗོད་པ་དང་། གཞན་གྱི་ཡོན་ཏན་ལ་ལོག་པར་བརྗོད་པ་དང་། ངའོ་སྙམ་པའི་ང་རྒྱལ་འབར་བ་དང་། ཁྲོ་བ ་བརྟན་པའོ་ཞེས་གསུངསོ།། འདི་དག་པས་ཀྱང་གང་དག་ཁྱིམ་པར་གྱུར་ཀྱང་། ཆོས་རྣམས་ལ་ནན་ཏན་གྱིས་བསྒྲུབ་པའི་སེམས་ཅན་རྣམས་ནི་ཆེས་སྙེད་པར་དཀའོ།། ། ་དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་ཀྱི་བསྒྲུབ་པ་ཅི་འདྲ་ཞེ་ན། དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་འབྱུང་བ། ཁྱིམ་བདག་ཡང་བྱང་ཆུབ་སེམས་དཔའ ་ཁྱིམ་པ་ཁྱིམ་ན་གནས་པ་ནི། སྐྱེས་བུ་དམ་པའི་ལས་རྣམས་བྱེད་ཀྱི་སྐྱེས་བུ་ངན་པའི་ལས་རྣམས་མི་བྱེད་དོ།། ཆོས་ཀྱི་ལོངས་སྤྱོད་ཚོལ་གྱི། ཆོས་མ་ཡིན་པ ་མི་ཚོལ་ལོ།། འཐུན་པས་ཚོལ་གྱི་མི་འཐུན་པས་མ་ཡིན་ནོ།། ཡང་དག་པས་ཚོལ་བ་ཡིན་གྱིས། ལོག་པས་ཚོལ་བ་མ་ཡིན་ཏེ། དེ་ཆེས་ཀྱི་ལོང་སྤྱོད་ཐོབ་དེ་དག་གི ་གཞན་གྱི་འཚེ་བར་མི་བྱེད། མི་རྟག་པའི་འདུ་ཤེས་སྒོམ་པ་མང་ཞིང་། སྙིང་པོ་ལེན་ཏོ།། འདི་ལྟ་སྟེ། ཕ་མ་ལ་བསྙེན་བཀུར་བྱེད་པ་དང་། བྱ་དང་། ཆུང་མ་དང་། ་བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པའི་མི་དང་། ཞོ་ཤས་འཚོ་བ་རྣམས་ཡང་དག་པའི་ལོངས་སྤྱོད་དང་། འཛའ་བོ་དང་། བློན་པོ་དང་། ཉེ་དུ་དང་། རྣག་གི་ཉེན ་འཚམས་རྣམས་ལ་བཀུར་བསྟི་དང་། གོང་དུ་ཡང་ཆོས་ལ་འཛུད་པས།། གཏོང་བ་འཕེལ་བར་བྱེད་དོ་ཞེས་གསུངས་སོ།། ཁྱིམ་པ་རྣམས་ཀྱི་ལོག་པར་བསྒྲུབ་པར ་གང་ཞེ་ན། རབ་དུ་འབྱུང་བའི་བར་དུ་གཅོད་པའི་མདོ་ལས་འབྱུང་བ། མི་ཆེན་ཆོས་བཞི་དང་ལྡན་ན། ཁྱིམ་པ་མི་ཁོམ་པར་འགྱུར་བ་ཡིན་ཏེ། སྐྱེ་བ་དེ་དང་དེར་དམུས ་ལོངས་དང་། བླུན་པ་དང་། ལྐུགས་པ་དང་། རྡོལ་བ་ནམ་དུ་ཡང་བདེ་བ་མི་མྱོང་བར་འགྱུར། སྐུར་པ་འདེབས་པ་མང་བ་དང་། མ་ནིང་དང་། ཟ་མ་དང་། རྟག་ཏུ་བྲན ་དང་བུད་མེད་དུ་འགྱུར། ཁྱི་དང་། བག་དང་། བོང་བུ་དང་། རྔ་མོ་དང་། སྦྲུལ་གདུག་པར་འགྱུར་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་ནན་ཏན་དུ་མི་བྱེད་དོ།། བཞི་གང ་ཞེ་ན། མིང་ཆེན་འདི་ལ་ཁྱིམ་པས་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པའི་སེམས་ཅན་རྣམས་ཀྱི་མངོན་པར་འབྱུང་བའི་སེམས་དང་། རབ་དུ་འབྱུང་བའི་སེམས་དང་། ་འཕགས་པའི་ལམ་གྱི་སེམས་ཀྱི་བར་བྱེད་པ་འདི་ནི་དང་པོའོ།། གཞན་ཡང་ཁྱིམ་པ་དབང་ཕྱུག་གི་གནས་ན་འདུག་ཅིང་། ནོར་ལ་ཆགས་པ་དང་།། ་བུ་ལ་ཆགས་པས། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་ཤིང་། བུ་པོ་དང་། བུ་མོ་འམ། ཆུང་མ་འམ། གཉེན་གྱི་ཚོགས་རབ་དུ་བྱུང་བའི་བར་ཆད་བྱེད་པ་འདི་ནི ་གཉིས་པའོ།། གཞན་ཡང་ཁྱིམ་པ་དམ་པའི་ཆོས་སྤོང་བ་ཡིན་ཏེ། དེས་མ་ཐོས་པའི་ཆོས་རྣམས་ཐོས་མ་དད་ཅིང་། སྤོང་བར་བྱེད་པ་འདི་ནི་གསུམ་པའོ།། གཞན ་ཡང་ཁྱིམ་པ་ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ་ལ་ཀུན་ནས་མནར་སེམས་དང་ཐ་བའི་སེམས་མང་བ་ཡིན་ཏེ། འདི་ནི་བཞི་པའོ།། བཞི་པོ་འདི་དག་ལས ་ཆོས་གང་ཡང་རུང་བ་བཞིན་དང་ལྡན་ན། ཁྱིམ་པ་མི་ཁོམ་པར་གྱུར་པ་ཡིན་ཏེ། སྐྱེ་བ་དེ་དང་དེར་ཞེས་བྱ་བ་ནས། སངས་རྒྱས་ཀྱི་བསྟན་པ་ལ་ནན་ཏན་མི་བྱེད་དོ།། ་ཞེས་བྱ་བའི་བར་དུ་འགྱུ་རོ།། དཔེར་ན་མི་ལ་ལ་ཞིག་མི་གཙང་བའི་དོང་དུ་ལྷུང་ནས། མི་གཞན་ལ་ཡང་འདི་སྐད་དུ་ཨ་ལེ་ལ་འདི་ལྟར་ཆུ་འདི་ཤིན་དུ་དང་ང་ངོ་མཚར་ཏོ།། ་ཞེས་ཟེར་བ་དེ་ནི་རྒྱུ་མ་ཡིན་པ་ལ་ཆུར་འདུ་ཤེས་བསྐྱེད་དེ། དད་པའི་ཆུང་འདུ་ཤེས་པ་དེ་བཞིན་དུ། སེམས་ཅན་གང་ལ་ལ་བདག་ཉིད་འདོད་པའི་འདམ་དུ་བྱིང་བཞིན་དུ། ་གཞན་ཡང་འདོད་པའི་འདམ་དུ་འཇུག་པར་བྱེད་དོ།། བདག་ཉིད་འདོད་ཆགས་ཀྱི་གཡང་སར་ལྟུང་བར་བྱས། ཞེས་སྡང་གི་གཡང་ས་དང་། གཏི་མུག་གི་གཡང་སར ་ལྟུང་བྱས་ལ། གཞན་ཡང་དེ་དག་དུ་ལྟུང་བར་བྱེད་དོ།། དཔེར་ན་མི་ལ་ལ་ཞིག་གི་དགྲ་བོ་བཟུང་སྟེ། མེ་མེད་པ། དུབ་མེད་པ་འདོས་འདུན་པའི་ནང་དུ་བཅུ་པ་དེ་བཞིན་དུ། ་གང་ལ་ལ་མེ་དང་མཚུངས་པའི་འདོད་པ་དང་། མེ་དང་ཚུངས་པའི་བུད་མེད་དང་། རྟེན་ཅིང་འདོད་པ་སྔགས་པ་སྟེ། གཞན་ཡང་འདོད་པ་དག་ལ་འཇུག་པར་བྱེད་པ ་དེ་དག་ནི་གཞན་ཡང་མེ་རླུབས་དུ་ལྷུང་བར་བྱེད་དོ།། དེ་དག་ནད་དང་མྱ་ངན་དེ་རྣམས་ལ་ཉེ་བར་སྦྱོར་རོ།། དཔེར་ན་མི་ལ་ལ་ཞིག་གིས་མི་གཞན་ལ་ཡང་བདེ་བ་ཡང་བདེ་བ ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར། སཱུ་སྒྲིའི་རི་ལ་འཛེག་དུ་བཅུག་པ་འདི་ལྟ་སྟེ། སྤུ་སྒྲིའི་སོ་ལྟ་བུའི་རི་མཉམ་ཞིང་མི་མཉམ་པ་མེད་པ་འདི་ནི། བདེ་བའི་ལོངས་སྤྱོད་དོ། ་ཞེས་ཟེར་བ་དེ་བཞིན་དུ། ཕལ་ཆེར་པ་མ་བུ་ལ་བྱམས་པ་དང་ལྡན་པས། བྱ་དེའི་ཆུང་མ་ལེན་ཏེ། དེ་དག་གི་འདོད་པ་སྔགས་ནས་འདོད་པ་ལ་བཅུག་པ་དེ་ལྟ་བུ་ནི ་འཛའ་བའི་གཟུགས་ཀྱི་སྦྲུལ་གདུག་པ་དྲག་ཅིང་ཆེ་བ་སྟོན་ཏོ།། གཡང་ས་སྐྲོད་དཀའ་བ་འཇིགས་འཇིགས་ལྟར་འདུག་པ་ཡང་སྟོན་ཏོ།། སེམས་ཅན་དམྱལ་བ་དང ་དུད་འགྲོ་དང་། ཡི་དགས་ཀྱི་འཇིག་རྟེན་དུ་འགྲོ་བའི་ལམ་ཡང་མཚོན་ཏོ་ཞེས་གསུངས་སོ།། བང་ས་ལའི་རྒྱལ་པོ་ཆར་བྱེད་ཀྱི་ཞུས་པའི་མདོ་ལས་ཀྱང་། རྒྱལ་པོ་ཆེན་པོ་འདི་ལ ་སྐྱེས་པ་འདོད་པ་རྣམས་ལ་ཆགས་པར་འགྱུར་ཅིང་། དེ་འདོད་པ་རྣམས་ལ་བག་མེད་པར་འགྱུར་ནས། ཕྱིར་ཞིང་བུད་མེད་ལ་ལྟ་འདོད་དེ། ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན ་དང་ལྡན་པ། ཤེས་རབ་དང་ལྡན་པའི་དགེ་སློང་དང་། བྲམ་ཟེ་དག་ལ་ལྟ་བར་མི་འདོད་ཅིང་། ངེས་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན ་དང་ལྡན་ལ། ཤེས་རབ་དང་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ་དག་མཐོང་ན། སྤེན་པར་མི་བྱེད། བསྟེན་པར་མི་བྱེད། བསྙེན་བཀུར་མི་བྱེད། ཚུལ་ཁྲིམས་དང་ལྡན་པ། ་ཡོན་ཏན་དང་ལྡན་པ། ཤེས་རབ་དང་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ་དག་གིས་ཡོངས་སུ་སྤངས་པས་དད་པ་ལས་ཡོངས་སུ་ཉམས། ཚུལ་ཁྲིམས་ལས་ཡོངས་སུ་ཉམས།། ་གཏོང་བ་ལས་ཡོངས་སུ་ཉམས། ཤེས་རབ་ལས་ཡོངས་སུ་ཉམས་ཤིང་། དད་པ་དང་བྲལ། ཚུལ་ཁྲིམས་འཆལ་པ་དང་། ཐོས་པ་ཉུང་བ། སེར་སྣ་ཅན་དུ་གྱུར་པ། ་ཡི་དགས་ཀྱི་ཡོན་ཏན་གྱི་ཆོས་ལ་ཀུན་དུ་སྤྱོད། ཤེས་རབ་འཆལ་པ། རྨ་ལ་ཆགས་པ། བསོག་པོའི་སྤྱོད་ཡུལ་ཅན། བཤུལ་བར་མནམ་པ་ལ་མངོན་པར་དགའ་བ། ་མི་གཙང་བ་ལ་དགའ་བ། བུད་མེད་ལ་དད་ཆེ་བ། ཞི་བ་ཡོངས་སུ་མི་ཚོལ་བ། ཆགས་པའི་སྤྱོད་ཡུལ་ཅན། འགྲོ་བར་བྱ་བ་མ་ཡིན་པར་སོང་བ། རྨད་པར་འོས་པ། ་མི་གཙང་བའི་སྲིན་བུ་འདྲ་བ། སྙིག་མ་ལེན་པ། འདོད་པ་ལ་སྐམ་པ། ཁྲེལ་དང་ངོ་ཚ་བར་བོར་བ། ལྷ་དང་མིའི་ཆོས་ལས་ཉམས་པ། ངན་པར་སྨད་པའི་འཚོ་བས ་འཚོ་བ། མཁས་པས་སྨད་པ། བྱིས་པའི་སྐྱེ་བོ་ལ་རྟེན་པ། སྡིག་པའི་བསམ་པ་དང་ལྡན་པ། སྡིག་པའི་གྲོགས་པོ་ལ་སྟེན་པ། སྡིག་པ་ལ་ཀུན་དུ་འཇུག་པ། སྡིག ་ཕ་མ་གཞོལ་བ། བུད་མེད་ཀྱི་ཐུལ་འོག་དུ་ཆུད་པ། བུད་མེད་ཀྱིས་འཁོར་བ། བུད་མེད་ཀྱི་དབང་དུ་སོང་བ། བུད་མེད་ལ་གཞོལ་བ། བུད་མེད་དང་གནས་པ། མའི་སྒོར། ་སྤྱོད་ཡུལ་ཅན། རྨའི་སྒོ་ལ་གནས་པ། ཁ་ཆུ་དང་། སྣབས་དང་། མཆིལ་མ་དང་། ངར་སྣངས་དང་། རྣག་དང་། ཤེའུ་རུལ་དང་། གླད་རྒྱས་དང་། མི་གཙང་བའི ་སྤྱོད་ཡུལ་ཅན། ལུག་དང་། བ་གླང་དང་། བྱ་གག་དང་། ཁྱི་དང་། ཕག་དང་། ཝ་དང་། བོང་བུའི་ཆོས་སྤྱོད་པ། གནོད་པས་འཚོ་བ། ཕ་མ་ཕངས་པར་མི་འཛིན ་ཁ་དགེ་སྦྱོང་དང་། བྲམ་ཟེ་དང་། སྦྱིན་གནས་ལ་ཕངས་པར་མི་འཛིན་པ། སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་དད་པ་ཡོངས་སུ་ཉམས་པ། མྱ་ངན་ལས ་འདས་པ་ལས་ཡོངས་སུ་ཉམས་པ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེས་གནས་དང་། གཤིན་རྗེའི་འཇིག་རྟེན་ལ་ཞུགས་ཤིང་གཞོལ་བ། སེང་གེ་དང་། ་ནམཁའ་ལྡིང་གི་ལུས་ལ་ཡང་དག་པར་ཞུགས་པ། ལྕགས་ཀྱི་ཤིང་ཤལ་མ་ཡི་མཐོན་པོར་དང་། མེ་མུར་ལ་གཞོལ་བ། སེམས་ཅན་དམྱལ་བ་ཡང་སོས་དང་། ཐིག་ནག ་དང་། བསྡུས་འཇོམས་དང་། དུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་དུ་ཚ་བ་དང་། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ཞུགས་པ་ནི། བུད ་མེད་ཀྱི་སྒོན་འདི་ལ་བུ་འདི་དག་ཐོས་པང་། བུད་མེད་ལ་ཆགས་ཤིང་བུད་མེད་དང་རྗེ་པས་ནང་པ་དང་། དུས་པ་དང་། བཅོ་འདོན་པ་དང་། བྲོ་བདུང་བ་དང་། བྲུ་བླངས་པ་དང ་རོལ་མོ་བྱས་པ་ལ་སོགས་པ་རྗེས་སུ་དྲན་པར་བྱེད་ཅིང་། སློབ་མི་སྐྱེད། ཡིད་འབྱུང་བར་མི་བྱེད་དེ། བྱིས་པའི་ཆོས་ལ་ཀུན་དུ་སྤྱོད་ཅིང་། ཀུན་དུ ་སྤྱོད་པ་དེ་དག་དང་ལྡན་པའི་སེམས་སྐྱེས་པ་ནི་ངན་སོང་རྣམས་སུ་སྐྱེ་བར་འགྱུར་ཞེས་བྱ་བ་དང་། མིའི་ཕ་མ་དག་ནི་དཀའ་བ་བྱེད་པ་ཡིན་ཏེ། ཟླ་བ་དགུ་འམ། ཟླ་བ་བཅུར ་མངལ་ན་བཟུངས་སྟེ། ཤིན་དུ་སྡུག་བསྔལ་བར་བསོས་ཤིང་། བཅིན་དང་ཕྱིས་ཡང་ཕྱི་བར་བྱེད། ཕང་དུ་བླངས་ནས་ནུ་ཞོ་ལྡུད་པར་བྱེད། ཕུང་པོ་རྣམས་སྐྱེད་པར་བྱེད།། ་ཁམས་རྣམས་བསོ་བར་བྱེད། འཇིག་རྟེན་སྟེན་པར་བྱེད། འཛམ་བུ་གླིང་དུ་སྣ་ཚོགས་སྟོན་པར་བྱེད། དོན་དུ་འདོད། ཕན་པར་འདོད། གྲུབ་པ་དང་། བདེ་བར་འདོད།། ་འཇིག་རྟེན་ལ་ཡང་ཕན་པར་འདོད་པ་སྟེ། སྦྱིན་པའི་གནས་ཡིན་ལ། བུ་ལ་ཕན་པ་དང་བདེ་བར་འདོད་པས་དེ་དག་གི་རང་གི་ནོར་གྱི་ཚོགས་ཀྱིས། གཞན་གྱི་ཁྱིམ ་ནས་གཞན་གྱིས་བུ་མོ་བླངས་པ་དང་། དེ་དེ་ལ་ཆགས་ཤིང་མྱོས་ལ། རྒྱམས་ཤིང་བརྒྱལ་བ་དང་། ལྤགས་པར་ཞེན་པ་དང་། ལྷག་པར་ཞེན་ཅིང་འདུག་པར་གྱུར་ནས། ་གཞན་གྱི་ཁྱིམ་ན་བླངས་པའི་བུད་མེད་དེ་ལ་ཆགས་ཤིང་མྱོས་པས་སྦྱིན་པའི་གནས་པ་མ་རྒས་འཁོགས་འཏུགས་ལ་ལུས་ཉམས་ཤིང་མི་མཐོང་བ་དག་ལ་བརྙས་ཤིང་། ་ལོངས་སྤྱོད་པ་དང་། ནོར་མེད་པར་བྱས་ནས། རང་གི་ཁྱིམ་ནས་ཕྱིང་སྟེ་སྤོད་པར་བྱེད།། རྒྱལ་པོ་ཆེན་པོ་འདི་ལྟར་པ་མ་དཀའ་བར་བྱེད་པ། སྦྱིན་པའི་གནས་ལ་ནན ་དུརྒྱུན་མི་འཆང་པར་ཡང་དག་པའི་བུད་མེད་ཀྱི་སྣང་དུཿ། བླ་མར་བྱ། བརྗོད་ཟེརས་\ུ0f7f། མཆོད་པར་བྱ་བའི་རིགས་ནས། དེས་དེའི་ཚེ་བ་མ་ག་རང་གི་ཁྲིམ་ནས ་ཕྱོང་སྟེ་སྐུད་ནས། གཞན་གྱི་ཁྱིམ་ནས་བླངས་པའི་བུད་མེད་ལ་བཟའ་དང་། གཏུང་བ་དང་། གོས་རྣམས་ཀྱི་བསྙེན་བཀུར་བྱེད་ཅིང་བསྟི་སྟང་དུ་བྱེད་གཅེས་སུ་བྱེད། ་རིམ་གྲོ་བྱེད། མཆོད་པ་བྱེད་ཅིང་། ཡང་དག་པའི་བདེ་བས་བསྙེན་བཀུར་བྱེད་ཀྱི། ཕ་མ་ལ་མི་བྱེད་པའི་མིའི་སྙིང་རྩེ་བ་མེད་པ་དང་། མི་ལྟ་བ་དང་། ངན་པའི་སེམས་དང ་ལྡན་པ་ལ་ལྟོས། རྒྱལ་པོ་ཆེན་པོ་དེས་བདེ་འགྲོར་འགྲོ་བའི་ཆོས་གང་ཡིན་པ་དེ་ནི་སྤངས་ལ། ངན་འགྲོར་འགྲོ་བའི་ཆོས་གང་ཡིན་པ་དེ་ནི་ཡང་དག་པར་བླངས་ཏེ། འདུག ་པའི་མི་དེ་ལ་ཡང་ལྟོས་ཤེས་ཀྱང་གསུངས་སོ།། ཟླ་བ་སྒྲོན་མའི་མདོ་ལས་ཀྱང་། འདོད་པའི་ཕྱིར་ནི་བྱིས་པ་རྣམས་བུད་མེད་རུལ་ལ་རྟེན་བྱེད་དེ། འགྲོ་བ་རུལ་པར་འགྲོ་འགྱུར ་ཞིང་། ངན་འགྲོ་རྣམ་སུ་ལྟུང་བར་འགྱུར།། འཇིགས་པ་ཆེན་པོའི་ཞགས་པ་ནི། བུད་མེད་ཞགས་པ་མི་ཟད་པས། སངས་རྒྱས་རྣམས་ཀྱི་འདོད་པ་དང་། བུད་མེད་སྟེན་པའང་མ་སྔག་སོ།། ་ལས་འདི་བྱང་ཆུབ་མི་འགྱུར་རོས། བུད་མེད་རྣམས་པ་མསྟོན་པར། སྦྲུལ་གདུག་ཤིན་དུ་ཐོས་པ་ལྟར། མཁས་པས་དོན་རྣམས་པར་སྤོད། སངས་རྒྱས་ཀུན་གྱིས་བརྟན་པ་ཡིན ་བྱང་ཆུབ་ལམ་ལ་སྒོམ་པར་བྱེད།། ལམ་དེ་གོས་པར་སྒོམས་བྱས་ནས། ཐ་མེད་སངས་རྒྱས་འགྲུབ་པར་འགྱུར།། ཞེས་གསུངས་སོ།། མི་སྡུག་པ་ལའང་སྦྱར་བར་བྱའོ།། ་འདི་ལྟ་སྟེ། སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་ལ་སོགས་པ་མི་འདོད་པའི་འབྲས་བུ་རྣམ་པར་སྨིན་པར ་འགྱུར་བ་ནི།། བྱང་ཆུབ་སེམས་དཔའ་ཉི་ཚེ་ལ་ལོག་པར་སྒྲུབ་པ་བསྟན་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་དང་ཐུན་མོང་ཡིན་ཏེ། འདི་ལྟ་སྟེ། དམ་པའི་ཆོས་དྲན་པ་ཉེ ་བར་བཞག་པའི་མདོ་ལས་གསུངས་པ། སེམས་ཅན་དམྱལ་བ་པ་དེ་གང་སེམས་ཅན་དམྱལ་བའི་བསྲུངས་མ་དེ་དག་གི་ཐོ་ཙམ་ཞིང་བདག་གིས་ལས་བྱས་པ་བརྒྱའི་འབུར་ལྟར་བསྟན ་ནས། ཁས་ལེན་དུ་བཅུག་སྟེ་རྣམ་པ་དུ་མར་ཉེས་པ་སྣ་ཚོགས་པ། དེ་བཞིན་དུ་སྡུག་བསྔལ་དུ་མ་ཡང་ཚོར་བར་བྱེད་དོ།། རྒྱུ་དང་འདྲ་བའི་འབྲས་བུ་དང་། ས་བོན་དང་འདྲ ་བའི་འབྲས་བུར་འགྱུར་ཏེ། ཇི་ལྟ་མི་དགེ་བའི་ལས་རྫོགས་པར་བྱས་པ་བཞིན་དུ། རབ་ཏུ་ཚ་བའི་སེམས་ཅན་དམྱལ་བ་ཆེན་པོར་མི་དགེ་བའི་ལས་རྫོགས་པའི་འབྲས་བུ་རྫོགས ་པར་མྱོང་ངོ་།། དེ་བཞིན་དུ་ལོ་བརྒྱ་སྟོང་མའི་བར་དུ། སྡིག་པའི་ལས་དགྲར་གྱུར་པ། ཕན་པར་མི་འདོད་ཅིང་། མི་ཕན་པ་དེས་སེམས་ཅན་དམྱལ་བ་པ་དེ་སེམས་ཅན་དམྱལ་བར ་བསྲེག་གོ།། བརྒྱ་ལ་སྟེ། དེ་ལ་ཐར་ན་ཡང་། སྐྱབས་ཚོལ་དཔུང་གཉེན་ཚོལ་ཞིང་རྒྱུགས་པ་དང་། དེས་མཐོང་བ་རྒྱང་རིང་པོ་ནས། ཁྱིམ་བླུགས་ནས་ཁ་གདེངས་ཏེ། སྟོབས ་ཆེ་ཞིང་ཤིན་དུ་འགྱོགས་པ། རྡོ་རྗེའི་ཁ་ཤིན་དུ་འཇིགས་པར་ཟུག་པ། ཁྱི་ཁྲོ་བོས་བདག་སྐོར་བ་མཐོང་ནས། སེམས་ཅན་དམྱལ་བ་པ་དེ་འབྲོས་པར་བཙལ་བ་དང་། ཁྱི ་ཐམས་ཀྱི་སྔགས་ཏེ། དེ་དག་གི་བཟུང་ངོ་།། བཟུང་ནས་ཀྱང་ཁམ་བུ་རེ་རེ་དང་། ཆུ་རྒྱས་ནས་ཆུ་རྒྱུས་དང་། བཤིས་ཀྱི་དམིགས་དང་། རུས་པའི་ཚིགས་དང་། ཡན་ལག་དང ་ཉིན་ལག་ཐམས་ཅད་ཀྱང་དེ་བཞིན་དུ་འཆོས་ཏེ། ཡུངས་འབྲུ་ཙམ་གྱི་ཤ་ཡང་མ་ལུས་པར་བྱས་ནས། དེ་ནས་ཡང་ཕྱིར་སྐྱེས་ཏེ། དེ་བཞིན་དུ་ཡུན་རིང་པོར་ཁྱི་དེ་དག་འཆའོ།། ། ་དེ་ལས་གང་གི་འབྲས་བུ་ཡིན་ཞེ་ན། དེ་ནི་སྲོག་གཅོད་པའི་འབྲས་བུ་སྟེ། དེས་ཤ་ཟ་བའི་ཕྱིར་སེམས་ཅན་གྱི་སྲོག་གཅོད་པས་དེ་ནི་དེའི་འབྲས་བུ་ཡིན་ནོ།། མ་བྱིན་པར་ལེན ་པའི་འབྲས་བུར་གྱུར་པ་ནི་ཇི་ལྟར་སེམས་ཅན་དམྱལ་བ་དེས། ལས་ཀྱི་སྦྱར་བའི་ནོར་མང་པོ་དག་མཐོང་ནས། ལས་ཀྱི་རྒྱུས་རྨོངས་ཏེ། བདག་གི་ནོར་དེ་དག་གཞན་གྱིས་ཁྱེར་བ ་སུམ་ཞིག་ནས། དེས་དེར་སྙེགས་པ་དང་། དེ་གཤིན་རྗེའི་མི་དག་གིས་གཟུངས་ནས་བརྒྱངས། མཚོན་གྱིས་གཅད་ཅིང་ཚིགས་སུ་བཏུབས་ཀྱང་ཕྱིར་ཡང་འབྱོར་ཏོ།། སེམས ་ཅན་དམྱལ་བ་པ་དེ་སེམས་ཅན་དམྱལ་བ་པ་གཞན་དག་གིས་ཀྱང་མཐོང་ནས། རྒྱགས་པ་དང་། དེ་དག་གཤིན་རྗེའི་མིག་དག་གིས་བཟུང་སྟེ། རལ་གྲི་དང་། མདུང་ཐུང་དང ་མཚོན་རྩེ་གཉིས་པ་དང་། རྟུན་འབར་བ་རྣམས་ཀྱི་དམྱལ་ནས་དེ་དག་མ་བྱིན་པ་བླངས་པའི་འབྲས་བུས། ལོ་བརྒྱ་བསྟོང་དུ་མར་མ་བྱིན་པར་བླངས་པའི་འབྲས་བུ་མ་ཟད་མ་བྱང ་མེད་པར་མ་གྱུར་གྱི་བར་དུ་མྱོང་ནས། དེ་ཕྱིས་དེ་ལ་ཐར་འགྱུར་རོ།། འདོད་པ་ལ་ལོག་པར་གཡེམ་པ་ནི་ཐལ་ཚན་གྱིས་རླུང་གི་བུད་མེད་ཁྱེར་ནས་ཁྱོག་ལ་འབོད་ཅིང་ཆུའི་དབས ་གཡེང་སྟེ། ཕྱེད་ནི་བྱུང་ཕྱེད་ནི་བྱིང་ནས། སེམས་ཅན་དམྱལ་བ་ལ་འབོད་དེ། ང་ནི་ཐལ་ཚན་གྱི་ཆུ་རླུང་གི་ཁྱེར་ཏེ། མགོན་མེད་ཅིང ་ཉམ་ཉེས་པ་ལ། སྐྱབས་ཀྱི་ཞེས་ཟེར་ཞིང་། བུད་མེད་དེ་དུ་བའི་སྒྲ་དེ་ལས་ཀྱིས་སྐྱེས་རྨོངས་པ་ཐོས་ནས། ཐལ་མཚན་གྱི་ཆུ་རླུང་དེར་ཞུགས་པ་དང་། ཞུགས་མ ་ཐག་དུ་དེའི་ལུས་ཀྱང་། ཐལ་ཚན་གྱི་རྣོ་བས་རུས་པ་ལ་ཤ་རུས་ཡོངས་འབྲུ་ཙམ་གྱི་ལྷག་པ་ཡང་མ་ལུས་པར་དེ་ཞིག་པ་དང་། ཡང་ཕྱིར་སྐྱེསོ།། དེས་ནས་ཡང་བུད་མེད ་རྒྱང་པོ་ནས་ཐལ་མཚན་གྱིས་ཆུ་རླུང་གིས་ཁྱེར་ཏེ། བདག་ལ་སྐྱབ་མེད་ཀྱི་སྐྱོབས་ཤིག་ཅེས། སྤྱི་ཕོ་ལ་སྨྲ་བ་མཐོང་ནས་སེམས་ཅན་དམྱལ་བ་པ་དེ་འདོད་ཆགས་ཀྱི ་ཟིལ་གྱིས་གནོན་ཏེ། ཡང་བུད་མེད་དེ་ལ་བཟུང་བ་དང་། དེས་ལྕགས་ཀྱིས་མཚོན་ཆའི་སེན་མོ་རྣོན་པོས་ཁྱོ་ག་དེ་ལ་བཟུངས་ཏེ། ཕྲད་ནས་དེའི་ལུས་ལ་ཤ་གཡུང ་འབྲུ་ཙམ་ཡང་མ་ལུས་པར་གྱུར་ནས། ལུས་ཀུན་ཁྲིགས་ཡོགས་ཏེ། ལུས་ལ་ནི་རྒྱས་པའི་དྲ་བ་འབའ་ཞིག་ལུསོ།། དེ་བུད་མེད་ལ་ཆགས་པས་ཟིལ་གྱིས་ནོན་ནས ་ཡང་རྒྱུག་སྟེ། དེ་སྡིག་པའི་ལས་དེ་མ་ཟད་མ་བྱང་མེད་པར་མ་གྱུར་གྱི་བར་དུ་བརྒྱ་སྟོང་དུ་མར་ཐལ་ཚན་གྱི་ཆུ་རླུང་དེས་གཡེངས་ནས། དེ་ཕྱི་སེམས་ཅན་དམྱལ་བ་དེ ་ལས་ཐར་ནས་ཀྱང་། ཡང་སླར་སྐྱེས་སོ།། ཞེས་རྒྱ་ཆེར་གསུང་སོ།། ལོངས་སྤྱོད་དང་སྲོག་ལ་ཆགས་པ་ཡང་ཁྱིམ་རྣམས་ཀྱི་ལོག་པར་སྒྲུབ་པ་ཡིན་ཏེ། གསལ་རྒྱལ ་གྱིས་ཞུས་པའི་མདོ་ལས་འབྱུང་བ།། རྒྱལ་པོ་ཆེན་པོ་དཔེར་ན། སྐྱེས་པ་འམ་བུད་མེད་གཉིད་ལོག་པའི་རྨི་ལམ་ན། ཀུན་དགའ་ར་བ་ཉམས་དགའ་བ་འམ། ་རི་དང་རྫིང་བུ་དང་། འབང་ཆུ་དང་། ནགས་ཚལ་དང་། ལྗོངས་དང་། མཚེའུ་དང་། ཆུ་མིག་ཉམས་དགའ་བ་མཐོང་བ་ལས། དེ་སད་མ་ཐག་དུ་ཅིའང་མ་མཐོང་ངོ་།། ་རྒྱལ་པོ་ཆེན་པོ་དཔེར་ན། ཤིང་དག་ལའང་མེ་ཏོག་བྱུང་ནས་འབྲས་བུ་འབྱུང་ངོ་།། འབྲས་བུ་ཡང་མེད་དོ།། འདབ་མ་སྔོན་པོ་བྱུང་ནས་ཀྱི་བོར་འགྱུར་རོ།། སྐྱ་བོ་ལ་ནི ་ཡོང་མེད་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་བཞིན་དུ་གང་རྒྱལ་སྲིད་ཀྱི་བདེ་བ་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་གི་བདེ་བ་དང་། འདོད་པའི་བདེ་བ་དང་། འདོད་པའི་ལོང ་སྤྱོད་ལ་དབང་བའི་བདེ་བ་འདི་ལྟ་སྟེ། གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། དཔུང་བུ་ཆུང་དང་། སྲས་དང་། བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། ་རྩིས་པ་དང་། སྣ་ཆེན་པོ་ལ་རྟོགས་དང་། སྒོ་བ་དང་། འཁོར་དང་། ཕ་མ་དང་། སྤུན་དང་། སྲིང་མོ་དང་། ཆུང་མ་དང་། བུ་ཕོ་དང་། བུ་མོ་དང་། རྟེན་གྲོགས ་དང་། བྲན་པོ་དང་། བྲན་མོ་དང་། ལས་བྱེད་པ་དང་། གོ་རེ་ལོངས་དང་། ཞོ་ཤས་འཚོ་བ་དང་། ཡུལ་མི་དང་། དངུལ་དང་། གསེར་དང་། ནོར་བུ་དང་། ་རིན་པོ་ཆེ་དང་། གོས་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བ་ལ་སོགས་པ་དེ་དག་ཐམས་ཅད་ནི་མི་རྟག་པ། མི་ནོན་པ། ཡིད་བརྟན་དུ་མི་རུང་བ། ་རྣམ་པར་འགྱུར་བའི་ཆོས་ཅན་ཡུན་ཐུང་བ། མི་གནས་པ་གཡོ་བ་འགུལ་བ། མཐར་འཇིག་པ། སྐད་ཅིག་པ། མཐར་སྡིག་པ། ཟད ་ཅིང་འཇིག་པའི་སྒོ། མཐར་འགྱེད་པའི་ཆོས་ཅན། འཇིགས་པ་དང་བཅས་པ། འཚེ་བ་དང་བཅས་པ། མྱ་ངན་དང་། འཁྲུག་པ་མང་བ། འགྲུལ་བ། ་འཇིག་པ་འཆད་པ། འགྱེས་པ། འཐོར་བ། རྣམ་པར་འཇིགས་པའི་ཆོས་ཅན་ཏེ། དེ་ལྟ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་མི་རྟག་པར་ལྟ་བ་དང་། ཟད་པ་དང་། འཇིག ་པར་ལྟ་ཞིང་ཆོས་ཀྱི་རྒྱལ་པོ་གྱིས་ལ། འཇིག་པར་ལྟ་ཞིང་ཆོས་ཀྱིས་རྒྱལ་པོ་གྱིས་ལ། ཆོས་མ་ཡིན་པ་མ་བྱེད་ཅིག། ཆོས་ཀྱི་རྗེསུ་འཇུག་པར་གྱིས་ལ། ཆོས་མ་ཡིན ་པའི་རྗེས་སུ་འཇུག་པར་མ་བྱེད་ཅིག། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། ཕྱོགས་བཞི་ནས་རི་ཆེན་པོ་སྲ་བ། སྙིང་པོ་དང་ལྡན་པ། མ་ཞིག་པ། མ་གས་པ། ཁོང ་སྟོང་མ་ཡིན་པ། ཤིན་དུ་ཁྲེགས་པ། གཅིག་དུ་འདུས་པ། གཞི་གནས་ལ་རེག་ཅིང་ས་ལྡོག་སྟེ། རྩཝ་དང་། ཤིང་གྱེལ་བ་དང་། ཡལ་ག་དང་། ལོ་མ་ཐམས་ཅད་དང་། ་སེམས་ཅན་སྲོག་ཆགས་ཀྱི་འབྱུང་པོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོངས་ན། དེ་ལས་འགྱོགས་པས་འབྲོས་པ་དང་། སྟོབས་ཀྱི་ཟློག་པ་འམ། རྫས་དང་། སྔགས ་དང་། སྨན་རྣམས་ཀྱིས་བཟློག་པར་སླ་བ་མ་ཡིན་ནོ།། རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཇིགས་པ་ཆེན་པོ་བཞི་པོ་འདི་དག་འོངས་ཏེ། དེ་དག་ལས་འགྱོགས་པས་འབྲོས་པ་འམ། ་སྟོབས་ཀྱིས་བཟློག་པ་འམ། ནོར་གྱིས་བཟློག་པ་འམ། རྫས་དང་། སྔགས་དང་། སྨན་རྣམས་ཀྱིས་བཟློག་པར་བྱ་བ་མ་ཡིན་ནོ།། རྒྱལ་པོ་ཆེན་པོ་བཞི་གང་ཞེ་ན། ་འདི་ལྟ་སྟེ། རྒ་བ་དང་། ན་བ་དང་། འཆི་བ་དང་། རྒུད་པའོ།། རྒྱལ་པོ་ཆེན་པོ་རྒ་བ་ནི་དར་བ་ལ་བབ་པ་འཇོམ་ཞིང་འོང་། ནད་ནི་ནད་མེད་པར་འཇོམས་ཤིང་འོང་།། འཆི ་བ་ནི་འཇོམས་ཤིང་འོང་། རྒུད་པ་ནི་ཕུན་སུམ་ཚོགས་པ་འཇོམས་ཞིང་འོང་། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། རི་དགས་ཀྱི་རྒྱལ་པོ་སེང་གེ་རི་དགས་ཀྱི་ཚོགས་ཀྱི་ནང་དུ ་ཞུགས་ནས། རི་དག་བཟུང་སྟེ་ཇི་ལྟར་འདོད་པ་བཞིན་དུ་བྱ་བ་བྱེད་དོ།། རི་དགས་དེ་ནི་སྟོབས་པོ་ཆེའི་ཁ་མི་ཟད་པས་བཟུང་བས་དབང་མེད་པར་འགྱུར་རོ།། རྒྱལ་པོ་ཆེན་པོ ་དེ་བཞིན་དུ་འཆི་བདག་གི་གསལ་ཤིང་གིས་ཟུག་སྟེ། རྒྱགས་པ་དང་ནི་བྲལ། མགོན་ནི་མེད། སྐྱབས་ནི་མེད། དཔུང་གཉེན་ནི་མེད། གཤིས་ནི་འཇིག། ཚིག་ནི་བྱེ་བྲལ། ་ཤ་དང་ཁྲག་ནི་སྐམས། ལུས་ནི་ནད་ཀྱི་གདུངས་སྐོམ་ནི་སྐོམ། བཞིན་ནི་འགྱུར། རྐ་ལག་ནི་གཡོ་བ། ལས་ནི་མི་ནུས། མཐུ་ནི་མེད། ཁ་ཆུ་དང་སྣབས་དང་། ་གཅིན་དྲང་ངན་སྐྱུགས་ཀྱིས་ནི་ལུས་ལ་གོས། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དབང་པོ་དག་ནི་འགག། སྐྱེགས་བུ་ནི་འབྱུང་། སྒྲ་ངར ་ངར་པོ་ནི་འདོན། སྨན་པས་ནི་བོར། སྨན་ཁ་ཟས་དང་། བཟའ་བ་དང་། བཅའ་བ་དང་། ཐུག་པ་ཐམས་ཅད་ཀྱི་ནི་སྡེས་ལ་བོར་ཏེ། འགྲོ་བ་གཞན་དག་དུ་འགྲོ་བར ་མལ་གྱི་ཐ་མ་ལ་ནི་ཉལ། ཐོག་མ་མེད་པའི་སྐྱེ་བ་དང་། རྒ་བ་དང་ན་བ་དང་། འཆི་བའི་འཁོར་བའི་རྒྱུད་དུ་ནི་ནུབ། སྲོག་ནི་ཆུད་ཟད་ཅིག། ་གཤིན་རྗེའི་མི་ནི་འཇིགས་སྐྲག། བྱུར་གྱི་དབང་དུ་ནི་སོང་།། དབུགས་རྒྱུ་བ་ནི་འཆད། ཁ་དང་སྣ་ནི་གདུངས། སེ་ནི་རྩེགས་སྦྱིན་པ་ནི་སྦྱིན་ནོ་ཞེས་དེ་སྐད་ཅེས་གསོལ་བར ་འདེབས་པ་ལས་ཀྱི་སྲིད་པ་ནས་ཡང་སྲིད་པ་ལ་ནི་འཇུག། གཅིག་པུ་གཉིས་སུ་མེད་ཅིང་གྲོགས་ནི་མེད་དེ། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་དུ་ནི་འགྲོ། ་སྐྱེས་ཆེན་ནི་འདེགས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྷུང་། ཁྲོད་གཏུག་པོར་ནི་འཇུག། དགོན་པ་ཆེན་པོར་ནི་འགྲོ།། རྒྱ་མཚོ་ཆེན་པོས ་ནི་ཁྱེར། ལས་ཀྱིས་རླུང་གིས་ནི་བརྡས། ས་ཚུགས་མེད་པའི་ཕྱོགས་སུ་འགྲོ། གཡུལ་ངོ་ཆེན་པོར་ནི་འཇུག། གདོན་ཆེན་པོས་ནི་ཟིན། ནམ་མཁའ་ལ་ནི་འཆེལ་པ་མ་དང ་པུ་ནུ་དང་། སྲིང་མོ་དང་། བུས་ནི་བསྐོར། དབུགས་ནི་འཆད། ནོར་བགོ་ཤ་བྱ་ཞེས་ནི་ཟེར།། ཀྱི་ཧུད་མ། ཀྱི་ཧུད་པ། ཀྱི་ཧུད་ནི་བུ། སྐྲ་ནི་ཤིགས་ཏེ། སྦྱིན་པ་དང་། ་དཀའ་ཐུབ་དང་། ཆོས་འབའ་ཞིག་གྲོག་སུ་གྱུར་པ་ནི། ཆོས་མ་གཏོགས་པར་སྐྱབས་གཞན་མེད། མགོན་གཞན་མེད། གནས་གཞན་མེད། དཔུང་གཉེན་གཞན ་མེད་དོ།། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན། ཆོས་ནི་གླིང་དང་། གནས་དང་། དགོན་དང་སྟོན་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་བས་ན། ཁྱོད་ཀྱིས་མི་རྟག ་པར་ལྟ་ཞིང་ཟད་པ་དང་། དེངས་པར་ལྟ་བར་བྱ་སྟེ། འཆི་བས་འཇིགས་སྐྲབ་པར་བྱའོ།། ཆོས་ཀྱིས་རྒྱལ་སྲིད་གྱིས་ཤིག། ཆོས་མ་ཡིན་པས་ནི་མི་བྱའོ།། ་ཁྱོད་ཆོས་དང་འཐུན་པར་གྱིས་ཤིག། ཆོས་དང་། མི་མཐུན་པར་ནི་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ལུས་འདི། ཇི་ལྟར་ལེགས་པར ་ཡོངསུ་བསྲུངས། ལེགས་པར་ཡོངས་སུ་བཙས་པ་ཡང་། འཆི་བའི་དུས་བྱེད་པར་འགྱུར་རོ།། ཡོན་ཏན་ཐམས་ཅད་ལྡན་ཞིང་ཤིན་དུ་ཡུན་རིང་པོར་བཟའ ་བ་དང་། བཅའ་བ་དང་། མྱང་བ་དང་། ངོམས་པར་འགྱུར་བ་བསོད་པ་དང་། གཙང་མ་མང་པོས་ཚིམ་པར་བྱས་ཏེ། བསྐྱེད་བསྐྱེད་པ་ཡང་ཐ་མའི་མལ་ན་འདུག ་པའི་ཚེ། སྨན་པས་བོར་ཞིང་སྨན་དང་། ཁ་ཟས་དང་། བཟའ་བ་དང་། ཐུག་པས་ཀྱང་སྲེས་ལ་བོར་ནས། བཀྲེས་པ་དང་། སྐོམ་པས་ཉེན་ཅིང་ཡིད་མི་བདེ་བར ་འཆི་བའི་དུས་བྱེད་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་ཀྱི་ལུས་བསྲུངས་ཤིང་བཀྲུས་ཏེ། བདུགས་པས་སྒོས། མེ་ཏོག་དྲི་ཞིམ་པོས་བསྒོམ་ཀྱང་། གདོན་མི ་ཟ་བར་དུས་སུ་རང་བཞིན་གྱིས་ལྷན་ཅིག་བསྐྱེས་པའི་དྲི་ང་བ་འབྱུང་བར་འགྱུར་རོ།། རྒྱལ་པོ་ཆེན་པོ་འདི་ལྟར་ཡུལ་ཀ་ཤིའི་རས་དང་། མོན་དར་དང་། དུ་གུ་ལའི་རས ་དང་། དང་དང་། ཁ་ཆེ་དང་དང་། བལ་དང་། ཟར་མའི་རས་ལ་སོགས་པའི་གོས་ཀྱི་བྱེ་བྲག་གིས་གཡོགས་ཀྱང་ཐ་མའི་མལ་ན་འདུག་པའི་ཚེ། སྣུམ་རྣམ ་པ་མང་པོ་དང་། ཆུས་རེག་ཅིང་གོས་དྲི་མ་ཅན་གྱོན་ཞིང་། འཆི་བའི་དུས་བྱེད་པར་འགྱུརརོ།། རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་ཁྱིམ་ན། བུད་མེད ་ཀྱི་ནང་ན་འདུག། བཙུན་མོའི་འཁོར་གྱི་ནང་ན་འདུག་སྟེ། བུད་མེད་ཀྱི་ཚོགས་ཀྱིས་བསྐོར་ཅིང་། གར་དང་། གླུ་དང་། རོལ་མོ་སིལ་སྙན་བྱེད། ཕེག་རྡོབ། པི་ཝང ་བྱེད། གླིང་བུ་ལེན། རྔ་བརྡུང་ཞིང་ཡིད་བདེ་བར་རྩེ་དགའ་ཞིང་དགའ་འགུར་སྤྱོད་པ་ཡང་། འཇིགས་སྐྲག་ནས་ཤིན་དུ་ཡིད་མི་བདེ་ཞིང་འཆི་བའི་དུས་བྱེད་པར་འགྱུརརོ།། ་རྒྱལ་པོ་ཆེན་པོ་དེ་ལྟར་ཁྱོད་ཁྱིམ་གྱི་ནང་ན་སྤོས་དྲི་ཞིམ་པོའི་སྐྱབས་ནི་བསྐུས། བརྟན་པ་བཅུག། སྐར་ཁུང་ལེགས་པར་བཅད། བྱུག་པ་མང་པོས་ནི་བྱུགས། ་འབྲུ་མར་ཞིམ་པོ་དང་ལྡན་པའི་མར་མེ་ནི་བར། དར་གྱི་ལྡ་ལྡི་མང་པོ་ནི་བྲིས། མེ་ཏོག་དྲི་ཞིམ་པོའི་སིལ་མ་མང་པོས་ནི་ཆལ་པར་བཀང་། པོག་བོར་ནས་ནི་བདུགས ་ཁཱིའི་རྩ་བ་གསེར་དང་། དངུལ་དང་། བཻ་དཱུརྱ་ལས་ནི་བྱས། པ་ཏི་ཀ་དང་། དྲེའུ་རྡོག་གི་སྟན་དང་། སྟན་ནང་ཚང་ཅན་དང་། ཟེ་བུག་གི་སྟན་དང་། ཡུལ་ཀ་ལིང ་ཀའི་སྟན་དང་། སྟེང་དུ་གདིང་བ་དང་། དེའི་སྟོང་དུ་གདིང་བས་ནི་བཀབ། གཡས་གཡོན་དུ་དང་དམར་པོའི་སྔས་ནི་བཞག་པའི་ཁྲི་ལ་ཉལ་བ་ཡང་། བྱ་རོག་དང་། ་བྱ་རྒོད་དང་། ཝ་དང་། རོ་དང་། ཤ་དང་། རུས་པ་དང་། སྒྲ་དང་ཁྲག་དང་ཞག་དང་ཆུ་སེར་དང་། རྣག་གི་གནས་མཆོག་དུ་འཇིགས་སུ་རུང་བའི་དུར་ས་ཆེན་པོ ་བོར་ནས་ལུས་གཡོ་བ་མེད་ཅིངས་ལ་ཉལ་དུ་གདོན་མི་ཟའོ།། རྒྱལ་པོ་ཆེན་པོ་འདི་ལྟར་ཡང་ཁྱོད་གླང་པོ་ཆེའི་བྱ་ལ་ཁ་འམ། རྟའི་རྒྱབ་བམ། ཤིང་རྟ་ལ་གཞོན ་ཏེ་དུང་དང་རྔ་དང་། རྫ་རྔ་དང་། ཁར་རྔ་དང་། རོལ་མོའི་སིལ་སྙན་གྱི་བྱེ་བྲག་ལེན་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དར་དང་། རྣམ་པར་རྒྱལ ་བའི་བ་དན་ནི་སྦེང། སིལ་གཡབ་ནོར་བུའི་ཡུ་བ་ཅན་དང་། རྔ་ཡང་དང་། ཤིང་ན་ལ་ལས་བྱས་པ་ནི་གཡོབ་ཅིང་གླང་པོ་ཆེ་དང་། རྟ་དང་། དཔུང་བུ་ཆུང་ངུ་མནི ་ཕྱི་བཞིན་འབྲང་། རྒྱལ་བུ་དང་བྲམ་ཟེས་བསླབ་པ་ཕོག་པའི་བློན་པོ་དང་། མདུན་ན་འདོན་དང་། སྐྱེ་བོ་ཐལ་མོ་སྦྱར་བ་བརྒྱ་སྟོང་དུ་མས་ནི་ཕྱག་བྱ་ཞིང་རྒྱལ་བར་སྨོན ་ཅིག། རྒྱལ་བར་སྤྱོན་ཅིག་ཅེས་སྙན་པ་བརྗོད་དེ་ཕྱིར་འབྱུང་མྱོང་བ་ཡང་རིང་པོར་མི་ཐོག་པར་གཡོ་བ་མེད་ཅིང་། མལ་དུ་ཤི་ནས། མི་བཞིས་རྟེན་ཏེ། ཕ་དང་མ་དང ་ཕུ་ནུ་དང་། སྲིང་མོ་དང་། ཆུང་མ་དང་བུ་ཕོ་དང་བུ་མོ་དང་། བསྟེན་གྲོགས་དང་། བློན་པོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། བློན ་པོ་དང་། གྲོང་ཁྱེར་བའི་སྐྱེ་བོ་དག་མྱ་ངན་གྱི་དབང་དུ་སྟོང་སྟེ། ལག་པ་རྟེན་ནས་བྲང་བརྡུང་ཞིང་། མཆོག་དུ་སྙིང་རྗེ་བར་གྱི་ཧུད་བུ་ཀྱི་ཧུད་མགོན་པོ་ཀྱི་ཧུད་ཕུ་བོ།། ་ཀྱི་ཧུང་རྔོབ་ཞེས་ངུ་ཞིང་ཤམ་རིང་བ་དང་། གྲོང་ཁྱེར་བའི་སྐྱེ་བོ་དག་གིས་འཇིགས་པ་དང་བཅས་པར་མཐོང་སྟེ། གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྒོར་བྱང་ནས། སའི་འོ།། ་དུ་བཅུག་གམ། འབྲོག་དགོན་པར་སའི་འོག་དུ་བཅུག་ཀྱང་། བྱ་རོག་དང་། བྱ་རྒོད་དང་། ཝ་ལ་སོགས་པས་ཟོས་ཤིང་རུས་པ་དེ ་དག་མེས་སྲེགས་སམ། ཆུར་སྦྱར་རམ། སའི་འོག་དུ་བཅུག་ཀྱང་ཉི་མ་དང་། ཆར་པས་ཕྱེ་མར་བྱས་ཏེ། ཕྱོགས་ཕྱོགས་སུ་འཐོར་ཞིང་དེ་ཉིད་དུ་རུལ་བར་འགྱུར་རོ།། ་རྒྱལ་པོ་ཆེན་པོ་དེ་ལྟར་ཐམས་ཅད་ཀྱི་ལུས་ཀྱི་རང་བཞིན་ནི་འདི་ཡིན་ཏེ། འདི་ལྟར་མི་རྟག་པ། འདི་ལྟར་མི་བརྟན་པ། འདི་ལྟ་ཡིད་བརྟན་དུ་མི་རུང་བ། འདི་ལྟར ་རྣམ་པར་འཇིག་པའི་ཆོས་ཅན། ཡུན་ཐུང་བ་མི་གནས་པ། གཡོ་བ་འགུལ། མཐར་འཇིག་པ། སྐད་ཅིག་པ་དང་། མཐར་སྡིག་པ། ཟད་ཅིང་འཇིག་པའི་སྒོ། ་མཐར་འགྱེད་པའི་ཆོས་ཅན། འཇིགས་པ་དང་བཅས་པ། འཚེ་བ་དང་བཅས་པ། མྱ་ངན་དང་འཁྲུག་པ་མང་བ། འབྲུལ་བ་འཇིག་པ་འཆད་པ། འགྱེས་པ། ་འཐོར་བ། རྣམ་པར་འཇིག་པའི་ཆོས་ཅན་ཏེ། དེ་ལྟ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་མི་རྟག་པར་ལྟ་བ་དང་། ཟད་པ་དང་། འཇིག་པར་ལྟ་བ་དང་། འདོད་ཆགས་ཀྱི ་ཆགས་པ་མེད་པ་དང་། ཞེ་སྡང་གི་སྡང་བ་མེད་པ་དང་། གཏི་མུག་གི་རྨོངས་པ་མེད་པ་དང་། ང་རྒྱལ་གྱི་དབང་ཕྱུག་དང་། འདོད་པའི་ལོང་སྤྱོད་ཀྱི་བདེ་བ་རྣམས་ལ་ཡང ་མི་ཆགས་པར་བྱའོ།། སྲོག་དང་ནད་པའི་རྒྱགས་པས་རྒྱགས་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་འདོད་པ་རྣམས་རྙེད་པའམ། བཅགས་པ་འམ། ར ་དུ་བསགས་པ་འམ། བསྟེན་པས་ནི་འདོད་པ་རྣམས་ཀྱིས་ངོམས་པར་འགྱུར་ཞེས་ང་མི་སྨྲའོ།། གང་དག་ངོམས་པ་མེད་པ་དེ་དག་ནི་འཕགས་པའི་ཤེས་ཀྱིས་ངོས་སོ་ཞེས ་གསུངསོ།། རྟག་དུ་ལུས་ལ་མི་སྡུག་པར་སྒོམ་པ་དང་ལྡན་པར་བྱ་སྟེ། དཀོན་མཆོག་སྤྲིན་གྱི་མདོ་ལས་འབྱུང་བ། ལུས་འདི་ལ་སྐྲ་དང་། སྤུ་དང་། སེན་མོ་དང་། ་སོ་དང་དངུལ་དང་། དྲི་མ་དང་སྤགས་པ་དང་། ཤ་དང་རུས་པ་དང་། རྒྱུས་པ་དང་། རྩ་དང་། མཁལ་མ་དང་། སྙིང་དང་། མཆིན་པ་དང་། གློ་བ་དང་། རྒྱུ་མ ་དང་། གཉེ་མ་དང་། ཕོ་བ་དང་། སུལ་མང་དང་། ལོང་ག་དང་། མཆེར་བ་དང་། ཕྱི་ས་དང་། མཆི་མ་དང་། རྡུལ་དང་། སྐབས་དང་། ངར་སྣབས་དང་། ་ཞག་དང་། ཆུ་སེར་དང་། རྐང་དང་ཚིལ་དང་། འཁྲིས་པ་དང་། བད་ཀན་དང་། རྣག་དང་། ཁྲག་དང་། ཀླད་པ་དང་། གླང་རྒྱས་དང་། གཅིན་དག་ཡོད་དེ། ་དངོས་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཡོངས་སུ་རྟོག་པའི་རང་བཞིན་ཅན་ཡིན་ཏེ། ཡོང་སུ་རྟོགས་པའི་རང་བཞིན་ཅན་དེ་འདི་སྙམ་དུ་གང་ཡང་བྱིས་པ་བླུན་པོ་མི་སྩལ་བ་མི ་མཁས་པ་དེ་ཡང་། དངོས་པོ་འདི་དག་ཤེས་ནས་འདོད་ཆགས་ཀྱི་སེམས་མི་སྐྱེད་ན། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་ལྟ་སྨོས་ཀྱང་ཅི་དགོས། སྙམ་དུ་སེར་སོ།། ། ་ཞེས་ཇི་སྐད་གསུངས་པ་ལྔ་དོན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡིན་རྣམ་པར་ངེས་པའི་མདོ་ལས་འབྱུང་སྟེ། དགེ་སློང་དག་འདི་ལ་དགེ་སློང་དགོན་པ་ན་འཇུག་ཀྱང་རུང་། ་ཤིང་དྲུང་འདུག་ཀྱང་རུང་། ལུས་འདི་ཉིད་ལ་འོག་གི་རྐང་འཐིལ་ཡན་ཆད། སྐྲ་དང་། ཀླད་པ་ལ་ཐུག་པའི་བར་དུ་མི་གཙང་བ་རྣམ་པ ་སྣ་ཚོགས་ཀྱི་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་སྟེ། ལུས་འདི་ལ་ཡོད་པ་སྐྲ་དང་། སྤུ་དང་། སེན་མོ་དང་། སོ་དང་། རྡུལ་དང་། དྲི་མ་དང་། ལྤགས ་པ་དང་། ཤ་དང་། རུས་པ་དང་། རྒྱུས་པ་དང་། རྩ་དང་། མཁལ་མ་དང་། སྙིང་གྲོ་བ་དང་། མཆིན་པ་དང་། ཕོ་བ་དང་། ལོང་ག་དང་། གཉེ་མ་དང་། སྐད་པ ་དང་། སུལ་མང་དང་། མཆེར་པ་དང་། ཕྱི་ས་དང་། མཆིལ་མ་དང་། རྡུལ་དང་། ངར་སྣབས་དང་། ཞག་དང་། ཆུ་སྡེར་དང་རྐང་དང་། ཚིལ་དང་། རྣག་དང་། ་བད་ཀན་དང་། འཁྲིས་པ་དང་། ཀླད་པ་དང་། ཀླད་རྒྱས་དང་། གཅིན་དང་། མིག་རྡུལ་དང་། རྣ་ལྤགས་དང་། སོའི་དྲི་མ་དང་། ལྕིའི་དྲི་མ་དག་ཡོད་དེ། ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱི་གང་བར་ཡང་དག་པར་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་གོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། འབྲས་ས་ལུ་དང་། འབྲུ་དང་། ་ནས་དང་། བྲོ་དང་། མོན་སྲན་གྲེའུ་དང་། རྒྱ་སྲན་དང་། འབྲས་སོ་བ་དང་། སྲན་ཆུང་དང་། མོན་སྲན་ན་གུ་དང་། ཡུང་དཀར་དང་། འབྲུ་རྣམ་པ་སྣ་ཚོགས་ཀྱི ་གང་བའི་སྤྱང་ཞིག་ཥ་གཉིས་ཀ་ཕྱེ་བ་དེ་ལ་མིག་དང་ལྡན་པའི་མི་ཞིག་གིས་བླུག་ནས་སོ་སོར་རྟོག་སྟེ། སོ་སོར་བརྟགས་ནས་འདི་དག་ནི་འབྲས་ས་ལུའོ།། འདི་དག ་ནི་འབྲུའོ།། འདི་དག་ནི་ནསོ།། འདི་དག་ནི་གྲོའོ།། འདི་དག་ནི་མོན་སྲ་གྲེའུའོ།། འདི་དག་ནི་མོན་སྲན་རྡེའུའོ།། འདི་དག་ནི་རྒྱ་སྲན་ནོ།། འདི་དག་ནི་འབྲས ་སོ་བའོ།། འདི་དག་ནི་སྲན་ཆུང་ངོ་།། འདི་དག་ནི་མོན་སྲན་ནགུའོ།། འདི་དག་ནི་ཏིལ་ལོ།། འདི་དག་ནི་འབྲུའོ།། འདི་དག་ནི་ཡུང་དཀར་རོ་ཞེས་བྱ་བར་ཤེས་སོ།། ་དགེ་སློང་དག་དེ་བཞིན་དུ་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་།། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ལུས་འདི་ཉིད་ལ་འོག་གི་རྐང་འཐིལ་ཡན་ཆད། ་སྐྲ་དང་། ཀླད་པ་ལ་ཐུག་གི་བར་དུ་མི་གཙང་བ་རྣམས་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པར་ཇི་ལྟ་བ་བཞིན་དུ་སོ་སོར་རྟོགས་ཤིག་ཅེས་གསུང་སོ།། དཔའ་སྦྱིན་གྱིས ་ཞེས་པའི་མདོ་ལས་ཀྱང་འབྱུང་བ། འདི་ལས་བྱང་ཆུབ་སེམས་དཔའ་ལུས་འདི་ཐོག་མ་དང་།། ཐ་མའི་རྒྱུ་ལས་སོ་སོར་རྟག་པར་བྱའོ།། ཕ་མའི་ཁུ་ཆུ་དང་། ་ཁྲག་འདུས་པ་ལས་འབྱུང་སྟེ། ལུས་འདི་ལ་ཁུ་ཆུ་དང་། ཁྲག་ནི་ལུས་ཀྱི་ཐོག་མའི་རྒྱུ་ཡིན་ནོ།། ཐ་མའི་རྒྱུ་ནི་ཟས་འཇུག་ལ་སོགས་པ་སྟེ། ཁམ་གྱི་བཟའ་བའི ་ཟས་ཟོས་མ་ཐག་དུ་བདཀར་གྱི་གནས་སུ་འགྲོའོ།། བད་ཀན་གྱི་གནས་སུ་ཕྱིན་ནས།། བད་ཀན་གྱིས་རྒྱང་ཆུང་པོར་བྱས་ཏེ། ཤིན་དུ་མི་གཙང་བར་འགྱུར་རོ།། ་དེའི་འོག་དུ་འཁྲིས་པའི་གནས་སུ་འགྲོ་སྟེ། འཁྲིས་པས་གནས་སུ་ཕྱིན་པས་ཞུ་ཞིང་སྦྱར་པོར་གྱུར་ཏེ། རླུང་གི་གནས་སུ་འགྲོའོ། ཞུ་སྟེ་རླུང་གི་གནས་སུ་ཕྱིན་ནས ་རླུང་གི་ཚིགས་མ་ལོག་ཤིག། དངས་མ་ལོགས་ཤིག་དུ་རྣམ་པར་འབྱེད་དེ་ཚིགས་མ་ལས་ནི་གཅིན་དང་། ་ངན་སྐྱུགས་ལ་སོགས་ཏེ་དྲི་མ་རྣམས་འབྱུང་། དངས་མ་རྣམས་ཁྲག་དུ་འགྱུར་ཏེ། ཁྲག་ལས་ཤའོ།། ཤ་ལས་ཚིལ་ལོ།། ཚིལ་ལས་རུས་པའོ།། རུས་པ་ལས་རྐང་ངོ་།། ་རྐང་ལས་ཁུ་ཆུའོ།། ཁུ་ཆུ་ལས་འདི་ལྟ་སྟེ། དེ་ལྟར་ཐོག་མ་དང་ཐ་མའི་མི་གཙང་བའི་ཕྱིར། ལུས་མི་གཙང་བར། བྱང་ཆུབ་སེམས་དཔའ་བསམ་པར་བྱའོ་ཞེས ་གསུངསོ།། ཡང་དེ་ཉིད་ལས་འབྱུང་བ། འདི་ལྟར་མི་གཙང་ཕུང་པོ་པོའི་ལུས་ནི། གཟུགས་མངོན་ང་རྒྱལ་ཅན་གང་གུས་བྱེད་པ། བྱིས་པའི་བློ་ཅན་དེ་ནི་མངོན ་བཞིན་དུ། མི་ཤེས་སྐྱུགས་བུམ་པ་ཐོགས་ཤིག་འགྲོ། དེ་ནི་སྣ་ནས་རྣག་རྣམས་པར་འཛག། ཁ་ནས་དྲི་མི་ཞིམ་པ་རྟག་དུ་འབྱུང་། མིག་དུ་ཆགས་ཤིང་སྐྱེ་བོ་སྲིན་བུ ་ཅན། དེ་ལ་སུ་ཞིག་ཆག་ཤིང་གུས་པར་བྱེད། དཔེར་ན་བྱིས་པས་སོལ་བ་ཐོགས་ནས་སུ། འདི་ནི་བཀར་པོར་བྱ་ཞེས་བདར་བྱེད་ཅིང་། བཀྲུས་ཕྱིས་འབབ་སྟེ ་བརྒྱར་ནི་ཁྲུས་བྱས་ཀྱང་། འཆི་བདག་དབང་གིས་ཟད་འགྱུར་གཙང་མི་འགྱུར། ཞེས་གསུངས་སོ།། འདི་ནས་འཕགས་པ་དྲི་མ་མེད་པར་གྲགས་པས་བསྐུས་ཕྱིས ་འབབ་སྟེ་བརྒྱར་ནི་ཁྲུས་བྱས་ཀྱང་། འཆི་བདག་དབང་གིས་ཟད་འགྱུར་གཙང་མི་འགྱུར།། ཞེས་གསུངསོ།། འཕགས་པ་དྲི་མ་མེད་པར་པས་ལུང་བསྟན་པ་ལས་ཀྱང་། ་དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས་ཚད་བ་ཐབས་མཁས་པའི་ཡེ་ཤེས་དང་ལྡན་ཏེ། ཡང་པའི་གྲོང་ཁྱེར་ཆེན་པོ་ན་གནས་ཤིང་འདུག་གོ།། དེ་ལ་ཐབས་མཁས་པས།། ་བདག་ཉིད་རབ་ལྟ་བུར་བསྟན་ནས། དེ་ལ་ནད་འདྲི་བའི་ཕྱིར་ཡང་བའི་གྲོང་ཁྱེར་ཆེན་པོ་ནས་རྒྱལ་པོ་དང་། བློན་པོ་དང་། གཞོན་ནུ་དང་། འཁོར་དང་། བྲམ་ཟེ་དང་། ཁྱིམ ་བདག་དང་། ཚོང་དཔོན་དང་། གྲོང་ཁྱེར་དང་། ཡུལ་མི་དང་། དེ་མ་ཡིན་པ་སྲོག་ཆགས་སྟོང་ཕྲག་མང་པོ་ནད་འདྲེར་འོངས་ཏེ། དེར་ལྷག་པ་དེ་དག་ལ། ལི་ཙ་བྱི་དྲི་མ ་མེད་པར་གྲགས་པས་འབྱུང་བ་ཆེན་པོ་བཞིའི་འདི་ཉིད་ལ་བརྩམ་ནས་ཆོས་སྟོན་ཏེ། གྲོགས་པོ་རྣམས་ལུས་འདི་ནི་འདི་ལྟར་མི་རྟག་པ། འདི་ལྟར་མི་བརྟན་པ། འདི་ལྟར ་ཡིད་བསྟར་དུ་མི་རུང་བ། འདི་ལྟར་ཉམས་ཆུང་བ། འདི་ལྟར་སྙིང་པོ་མེད་པ། འདི་ལྟར་ཞིག་པ། འདི་ལྟར་ཡུན་ཐུང་བ། འདི་ལྟར་སྡུག་བསྔལ་བ། འདི་ལྟར་ནད ་མངབ། འདི་ལྟར་འགྱུར་བའི་ཆོས་ཅན་ནོ།། གྲོགས་པོ་དག་འདི་ལྟར་ལུས་འདི་ནི་ནད་མང་པོའི་སྣོད་དེ། མཁས་དེ་དག་ལ་གནས་པར་མི་བྱའོ།། གྲོགས་པོ་དག་ལུས ་འདི་ནི་བཅང་གཉེར་མི་བཟོད་པ་སྟེ་ལྦུ་བ་རྡོས་པ་ལྟ་བུའོ།། ལུས་འདི་ནི་རིང་དུ་མི་གནས་པ་སྟེ། ཆུའི་ཆུ་བུར་ལྟ་བུའོ།། ལུས་འདི་ནི་ཉོན་མོངས་པའི་སྲེད་པ་ལས་བྱུ་སྟེ ་མིག་རྒྱུ་ལྟ་བུའོ།། ལུས་འདི་ནི་སྙིང་པོ་མེད་པ་སྟེ། ཆུ་ཤིང་གི་ཕུང་པོ་ལྟ་བུའོ།། ཀྱེ་མ་ལུས་འདི་ནི་རུས་པ་ལ་རྒྱས་པས་སྦྲེལ་བས་ཏེ། འཁྲུལ་འཁོར་ལྟ་བུའོ།། ་ལུས་འདི་ནི་ཕྱིན་ཅི་ལོག་པ་ལས་བྱུང་བ་སྟེ། སྒྱུ་མ་ལྟ་བའོ།། ལུས་འདི་ནི་ཡང་དག་པར་མ་མཐོ་བ་སྟེ། རྨི་ལམ་ལྟ་བུའོ།། ལུས་འདི་ནི་སྔོན ་གྱི་ལས་ཀྱིས་གཟུགས་བསྟན་བསྟན་པ་སྟེ། གཟུགས་བརྙན་ལྟ་བུའོ།། ལུས་འདི་ནི་རྐྱེན་ལ་རག་ལས་པའི་ཕྱིར་བྲག་ཆ་ལྟ་བུའོ།། ལུས་འདི་ནི་སེམས་ཆགས་ཅིང ་འགྱེས་པའི་མཚན་མ་དེ་སྤྲིནཱ་བུའོ།། ལུས་འདི་ནི་སྐད་ཅིག་དུ་འཇིག་པ་དང་ལྡན་ཞིང་མི་གནས་པ་སྟེ། གློག་དང་མཚུངས་སོ།། ལུས་འདི་ནི་རྐྱེན་སྣ་ཚོགས་ལས་བྱུང་བ་སྟེ། བདག་པོ ་མེད་པའོ་ལུས་འདི་ནི་ས་དང་འདྲ་སྟེ། བྱེད་པ་མེད་པའོ།། ལུས་འདི་ནི་ཆུ་དང་འདྲ་སྟེ་བདག་མེད་པའོ།། ལུས་འདི་ནི་མེ་དང་འདྲ་སྟེ་སྲོག་མེད་པའོ།། ལུས་འདི་ནི་རླུང་དང་འདྲ་སྟེ་གང ་ཟག་མེད་པའོ།། ལུས་འདི་ནི་ན་མཁའ་དང་འདྲ་སྟེ་རང་བཞིན་མེད་པའོ།། ལུས་འདི་ནི་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་ཏེ་ཡང་དག་པ་མ་ཡིན་པའོ།། ལུས་འདི་ནི་བདག་དང ་བདག་གི་མེད་པ་སྟེ་སྟོང་པའོ།། ལུས་འདི་ནི་ཙཱ་དང་ཤིང་དང་། རྩིག་པ་དང་། བོང་བ་དང་། མིག་ཡོར་ལྟ་བུ་སྟེ་བེར་པོའོ།། ལུས་འདི་ནི་རླུང་གི་འཁྲུལ་འཁོར་ལྡན་པས ་འབྱུང་སྟེ་ཚོར་བ་མེད་པའོ།། ལུས་འདི་ནི་རྣག་དང་མི་གཙང་བ་བསགས་པ་སྟེ་སྡོག་གོ། ལུས་འདི་ནི་རྣག་དུ་བྱུག་པ་དང་མཉེ་བ་དང་འཇིག་པ་དང་། འགྱེས་པའི་ཆོས་ཅན ་ཧེ་བསོབ་པོ། ལུས་འདི་ནི་ནད་གཞི་བརྒྱ་རྩ་བཞིས་བཙས་པའོ།། ལུས་འདི་ནི་རྟག་དུ་རྒས་པས་ཟིལ་གྱིས་གནོན་པ་ཏེ། ཁྲོན་པ་ཞིང་པ་དང་འདྲའོ།། ལུས་འདི་ནི་འཆི ་བའི་མཐར་ཐུག་པ་སྟེ་གནས་པའོ།། ལུས་འདི་ནི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཀྱིས་ཡོངས་སུ་ཟིན་པ་སྟེ། བཤད་པ་དང་། དུག་དྲུག་པོ་དང་། གྲོང་ཁྱེར་སྟོང་པ་ལྟ་བུའོ།། ་ཁྱེད་ཀྱི་དེ་ལྟ་བུའི་ལུས་དེ་ལ་སུན་པ་དང་། སྐྱོ་བ་སྐྱེད་ཅིང་དེ་བཞིན་གཤེགས་པའི་སྐུ་ལ་མོས་པ་སྐྱེད་པར་བྱའོ།། གྲོགས་པོ་རྣམས་དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ ་སྟེ། བསོད་ནམས་ལས་སྐྱེས་སོ།། དེ་བཞིན་གཤེགས་པའི་སྐུ་ནི་སྦྱིན་པ་ལས་སྐྱེས་པ། ཚུལ་ཁྲིམས་ལས་སྐྱེས་པ། ཏིང་ངེ་འཛིན་ལས་སྐྱེས་པ། ཤེས་རབ་ལས་སྐྱེས ་པ། རྣམ་པར་གྲོལ་བས་སྐྱེས་པ། རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བ་ལས་སྐྱེས་པ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། གཏང་སྙོམས་ལས་སྐྱེས་པ། ་སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་ལས་སྐྱེས་པ། དགེ་བ་བཅུའི་ལས་ཀྱིས་ལམ་ལས་སྐྱེས་པ། བཟོད་པ་དང་ངེས་པ་ལས་སྐྱེས་པ། བརྩོན་འགྲུས་བརྟན ་པའི་དགེ་བའི་རྩ་བ་ལས་སྐྱེས་པ། ཞི་གནས་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལས་སྐྱེས་པ་དང་། ཐོས་པ ་དང་། ཤེས་རབ་དང་། ཐབས་ལས་སྐྱེས་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ལས་སྐྱེས་པ།། ཞི་གནས་དང་ལྷག་མཐོང་ལས་སྐྱེས་པ། སྟོབས་བཅུ་ལས། ་སྐྱེས་པ། མི་འཇིགས་པ་བཞི་ལས་སྐྱེས་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝོ་བརྒྱད་ལས་སྐྱེས་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལས་སྐྱེས་པ། མངོན་པར་ཤེས ་ཤེས་པ་དང་། རིགས་པ་ལས་སྐྱེས་པ། མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་ལས་སྐྱེས་པ། དགེ་བའི་ཆོས་ཐམས་ཅད་ཡང་དག་པར་བསྡུད་པ ་ལས་སྐྱེས་པ། བདེན་པ་ལས་སྐྱེས་པ། ཡང་དག་པ་ཉིད་ལས་སྐྱེས་པ། བག་ཡོད་པ་ལས་སྐྱེས་པ། གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་དགེ་བའི་ལས་ཚད་མེད ་པ་ལས་སྐྱེས་པ་སྟེ། ཁྱེད་ནི་དེ་ལྟ་བུའི་སྐུ་དེ་ལ་མོས་པ་བསྐྱེད་པར་བྱའོ་ཞེས་གསུངསོ།། །། མདོ་ཀུན་ལས་བསྡུས་པ། ་། བམ་པོ་གསུམ་པའོ།། །། དབང་པོ་དབང་ཕྱུག་གི་གནས་རྙེད་ན་ཡང་། སུས་ཀྱང་ལོག་པར་སྒྲུབ་པར་མི་བྱ་སྟེ། ་ཡང་དག་པར་སྒྲུབ་པ་ལ་ནན་དུ་བྱའོ།། དེ་ལ་ཡང་དག་པའི་སྒྲུབ་པ་ནི། བདེན་པའི་ལེའུ་ལས་འབྱུང་བ། སྐྱེ་དགུ་སྦྱང་བ་ལ་བརྩོན་པའི་ཆོས་ཀྱི་རྒྱལ་པོས་འདུ་ཤེས་པ་བརྒྱད་ཀྱི ་ས་གནས་པར་བྱའོ།། བརྒྱད་གང་ཞེ་ན། སྐྱེ་དགུའི་རིགས་སུ་གཏོགས་པའི་སེམས་ཅན་རྣམ་ལ་བུས་འདུ་ཤེས་དང་། འཛའ་བ་རྣམས་ལ་རྗེས་སུ་བསྲུང་བའི་འདུ་ཤེས་དང་། ་ལོངས་སྤྱོད་རྣམས་ལ་སྨན་གྱི་འདུ་ཤེས་དང་། བདེ་བ་རྣམས་ལ་དགའ་བའི་འདུ་ཤེས་དང་། མི་མཛའ་བ་རྣམས་ལ་དེའི་གཞི་སྐྱེ་དགུའི་རིས་སུ་གཏོགས་པའི་སེམས་ཅན ་རྣམས་ལ་བུའི་འདུ་ཤེས་ཀྱི་གནས་པ་ནི། རྒྱལ་པོ་དེ་པས་བུ་བཅོས་པ་ལྟར། མི་བསྲུན་པ་མཚར་གཅད་པ་ལ་འཇུག་ཀྱང་སྙིང་རྗེའི་བསམ་པ་མི་གཏོང་བའོ།། མི་བསྲུན ་པ་རྣམས་ལ་ནད་པའི་འདུ་ཤེས་ཀྱིས་གནས་པ་ནི་སྨན་པ་ལྟར་གནོད་པ་བྱེད་པ་ལ་མི་ཁྲོ་ཞིང་སྐྱོན་རབ་ཏུ་སྩལ་བའི་ཕྱིར་སྦྱོར་བའོ།། སྡུག་བསྔལ་བ་རྣམས་ལ་སྙིང་རྗེའི་འདུ་ཤེས ་ཀྱིས་གནས་པ་ནི་གནོད་པ་ཐམས་ཅད་ཡོངས་སུ་སྤོང་ཞིང་ཕན་པ་བསྒྲུབ་པའི་ཕྱིར་འཇུག་པའོ།། བདེ་བ་རྣམ་ལ་དགའ་བའི་འདུ་ཤེས་ཀྱི་གནས་པ་ནི་གཞན་གྱི་ནོར་དང་། ཡོ་བྱད ་ལ་རྣབ་སེམས་དང་། པྲ་དོག་གི་སེམས་མི་སྐྱེད་པའོ།། མ་བཟའ་བ་རྣམས་ལ་དེའི་གཞི་ལ་ཉེས་པར་ལྟ་བའི་འདུ་ཤེས་ཀྱིས་གནས་པ་ནི་དེའི་གཞི་ཡོངས་སུ་སྤོང་བ་སྟེ། ་དེས་སྐྱེ་བོ་གཞན་ལྟ་ཅི་སྨོས་ཀྱི། དགྲ་རྣམས་དང་ཡང་འཛའ་བར་བྱེད་པའོ།། འཛའ་བ་རྣམས་ལ་རྗེས་སུ་བསྲུང་བའི་འདུ་ཤེས་ཀྱིས་གནས་པ་ནི་འཛའ་བ་བསྟན་པ་དང་། ཐམས ་ཅད་འཛའ་བའོ།། ལོངས་སྤྱོད་རྣམས་ལ་སྨན་གྱི་འདུ་ཤེས་ཀྱི་གནས་པ་ནི། འདོད་པ་ལ་ལོག་པར་གཡེམ་པ་ལ་ཡོངས་སུ་མི་སྤྱོད་ཅིང་། ལོངས་སྤྱོད་རྣམས་ལ་མ་ཆགས་པར ་ཡོངས་སུ་སྤྱོད་པའོ།། བདག་ལ་བདག་མེད་པའི་འདུ་ཤེས་ཀྱི་གནས་པ་ནི། ཆོས་དོན་དུ་གཉེར་ཅིང་དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱི་དྲུང་དུ་སོང་སྟེ། རྗེས་སུ་འཐུན་པའི ་ཆོས་བསྒྲུབ་པ་འཇུག་པ་སྟེ། རྒྱལ་པོ་ཆེན་པོ་འདུ་ཤེས་ལ་གནས་པ་བརྒྱད་པོ་དེ་དག་གིས་གནས་པའི་ཆོས་དང་ལྡན་པའི་རྒྱལ་པོ་ནི་སྐྱེས་ཕུལ་བ་ཙམ་གྱིས་ཀྱང་ལོངས ་སྤྱོད་རྣམས་ཤིན་ཏུ་མང་དུ་འཕེལ་བར་འགྱུར་གྱི། ཆོས་དང་མི་ལྡན་པས་ནི་གཡོའི་སྦྱོར་བ་དང་། འདུན་པ་རྣམས་པ་ཐམས་ཅད་ཀྱི་བསྒྲུབས་ཀྱང་དེ་ལྟར་འཕེལ་བར་མི ་@འགྱུར་རོ།། ཞེས་གསུངསོ།། ཡིད་གཉིས་ལེགས་པར་འཇོམས་པའི་མདོ་ལས་ཀྱང་ཆོས་གཞི་དང་ལྡན་ན། རྒྱལ་པོ་རིགས ་སྤྱི་བོ་ནས་དབང་བསྐུར་བ། ལོག་པར་མི་ལྟུང་བའི་ཆོས་ཅན་དུ་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱུར་དུ་མཉེས ་པར་བྱེད་ཅིང་། ལོངས་སྤྱོད་ཆེན་པོ་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་འཛིན་ཏོ།། གཞི་གང་ཞེ་ན་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བའི་ཕྱིར ་གནས་པ་ཡིན། སྡིག་པ་མི་དགེ་བའི་ཆོས་ལ་སྨོད་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པའི་ཆོས་ཡོངས་སུ་འཛིན་པ་དང་། བླ་ན་མེད་པ་ཡང ་དག་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམསབསྐྱེད་པའོ་ཞེས་གསུངས་པའོ།། མི་དགེ་བ་ཡོངས་སུ་སྤང་གང་ཞེ་ན་ཉི་མའི་སྙིང་པོའི་ལེའུ་ལས་འབྱུང་བ། ་མ་འོངས་པའི་དུས་ན་རིགས་དང་། བྲམ་ཟེའི་རིགས་དང་། རྗེའུ་རིགས་དང་། དམང་རིགས་དག་ཆོས་ཀྱིས་གནས་པའི་དགེ་སློང་རྣམས་ལ་སྦྱིན་པའི་ཁྱིམ་གྱི་གཞི་དང་། ་ཞིང་གི་གཞི་དང་། ཀུན་དགའ་ར་བའི་གཞི་དང་། སྐྱེད་མོས་ཚལ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་དང་། མལ་ཆ་དང་། སྟན་དང་། ན་བའི་བསོས་སྨན ་དང་། ཡོ་བྱད་ནས་རྐང་འགྲོས་ཀྱི་བར་དུ་ཡང་། དེ་བཞིན་དུ་བྱིན་པ་དང་། རྐུ་བ་དང་། རིལ་གྱི་འཕྲོག་པ་དག་འབྱུང་བར་འགྱུར་ཏེ། རྒྱལ་རིགས་ནས་དམང་རིགས་ཀྱི་བར ་དུ་དེ་དག་ཚེ་འདི་ལ། མི་འདོད་པའི་ཆོས་ཉི་ཤུ་དང་མྱུར་དུ་ལྡན་པར་འགྱུར་རོ།། ཉི་ཤུ་གང་ཞེ་ན། ལྷ་འཕང་བར་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་སུ་དེའི་མི་སྐན ་པ་གྲགས་པར་འགྱུར་བ་དང་། དེ་འཛའོ་དང་། ཉེ་དུ་དང་། རྣག་གི་གཉེན་མཚམས་ཀྱི་བོར་བར་འགྱུར་བ་དང་། དེ་ལ་དགྲ་མང་བར་འགྱུར་བ་དང་། ནོར་དང་འབྲུ་དང་། ་ཡོ་བྱད་འགྲིབ་པར་འགྱུར་བ་དང་། གཡེང་བ་མང་བར་འགྱུར་བ་དང་། ཡན་ལག་འཚང་བར་འགྱུར་བ་དང་། དེ་གཉིད་མེད་པར་འགྱུར་བ་དང་། དེ་རྟགས་དུ་སྐོམ་པས ་ཉེན་པར་འགྱུར་བ་དང་། དེ་ལ་གཏུང་བ་ཡང་དུག་དུ་འགྱུར་བ་དང་། འཛའ་བ་ཡིད་དུ་འཐད་པ་དང་ཡང་མྱུར་དུ་འབྲལ་བར་འགྱུར་བ་དང་། རྟག་ཏུ་གཞན་དང་འཐབ ་པར་འགྱུར་བ་དང་། པ་མ་དྲང་ཆུང་མ་དང་། བུ་ཕོ་དང་། བུ་མོ་དང་། བྲན་པོ་དང་། བྲན་མོ་དག་སྒོ་བའི་རྗེས་སུ་འཐུན་པར་མི་བྱེད་པར་འགྱུར་བ་དང་། དེའི་ཚིག ་གསང་བ་དང་། བཙུན་མོའི་འཁོར་གསང་བ་དང་། ནོར་གསང་བ་དང་། གསང་སྔགས་གསང་བ་དང་། དེའི་གསང་བའི་དངོས་པོ་ཐམས་ཅད་སྣང་ཞིང་མངོན ་པར་འགྱུར་བ་དང་། སྒོ་སྐལ་པ་ལ་སྤྱོད་པ་མི་སྡུག་པ་དག་གིས་ལོངས་སྤྱོད་རྣམས་ཆུད་གསོན་པར་འགྱུར་བ་དང་། མྱུར་དུ་ནད་དྲག་པོས་བཏབ་པར་འགྱུར་བ་དང་། ་སྲན་དང་རང་གཡོག་མེད་ཅིང་ཤ་དང་འགསསས་ལ་སྡུག་པསྔལ་མྱང་བར་འགྱུར་བ་དང་། བདག་གི་གཅིན་ཅག་གིས་རིག་ནི། འཆི་བའི་དུས་བྱེད་པར་འགྱུར་ཏེ། ་རྒྱལ་པོ་ཆེན་པོ་མི་འདོད་པའི་ཆོས་ཉི་ཤུ་འདི་དག་དང་མྱུར་དུ་ཕྲད་པར་འགྱུར་རོ།། གང་ཆོས་ཀྱི་གནས་པའི་དགེ་སློང་རྣམས་ལ་བྱིན་པའི ་ལོངས་དང་། ཡོངས་སུ་སྤྱོད་པ་དང་། ནོར་དང་། ཡོ་བྱད་ཕྲོགས་སམ། བདག་སྤྱོད་དམ། གཞན་སྤྱོད་དུ་བཅུག་ན་འཆི་བའི་དུས་བྱས་ནས། མནར་མེད་པའི ་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ། དེ་ན་ཚེ་བསྐལ་པའི་བར་དུ་ཟངས་ཞུན་མའི་ཁུ་བ་འཐུང་ཞིང་། ལྕགས་ཀྱིས་ཐུ་ལུམ་ཟ་ལ་མེའི་གོས་གྱོན་ཅིང་། ཤིན་དུ་མི ་ཟད་པའི་སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་རོ།། བསྐལ་པ་འདུག་པའི་ཚེ་ཟད་ནས། མྱ་ངན་དགོན་པ་ཆུ་ཁྱེར་ན། ལམ་གོལ་བའི་ཡི་དགས་དང་སྐལ་བ ་མཉམ་པར་སྐྱེས་ནས་ཡང་། རྐང་པ་དང་ལྡན་པ་དང་། མིག་མེད་པར་སྐྱེའོ།། དེ་ནས་ཕྱོགས་བཞིའི་རླུང་ཚབས་སྲེག་ཅིང་སྤུ་གྲི་འདྲ་བའི་ས་ལ་འགྲེ་སྟེ། དེ་ལོ་བརྒྱ ་སྟོང་དུ་མའི་བར་དུ་དེ་ན་འདི་འདྲ་བའི་སྡུག་བསྔལ་མྱོང་བར་འགྱུར་རོ།། དེ་བརྒྱ་ལ་ཇི་སྙེད་དེ་ནས་ཤི་འཕོས་ན་ཡང་རྒྱ་མཚོ་ཆེན་པོར་ཤ་སཱ་གུའི་ལུས་དཔག་ཚད་བརྒྱ་པར་སྐྱེས་ཏེ། ་དེ་ནི་མངོན་གྱིས་ལས་ཀྱི་རྒྱུས་དཔག་ཚད་བརྒྱ་འཁོར་ཡུག་དུ། ཆུ་ཟངས་བཞུ་པའི་ཁུ་བ་འདྲ་བ་འདྲ་བ་བྱུང་ནས། དེ་ཆུའི་ནང་ན། ལོ་བརྒྱ་སྟོང་དུ་མའི་བར་དུ་སེམས་ཅན་དམྱལ ་བ་པ་གནོད་པ་མྱོང་བར་འགྱུར་རོ།། དེ་ནས་ཤི་འཕོས་ནས་ཀྱང་མྱ་ངན་དགོན་པར་རྫུས་ཏེ་སྐྱེས་ནས། ཤ་སྣ་གུ་ཆེན་པོ་རི་རབ་ཙམ་དུ་འགྱུར་ཏེ། དེ་ཕྱོགས་བཞི་ཀུན་ནས ་རླུང་ཤིན་དུ་ཚབས་བསྲེག་ཅིང་དེར་ཕྱོགས་གཞི་ནས་གཅན་ཟན་དང་བྱ་ཀུན་ལྷགས་ཏེ་ཟའོ།། དེ་རྒྱལ་ཇི་སྟེ་ཡུན་རིང་མོ་ཞག་ན་དེ་ནས་ཤི་འཕོས་ནས་ཀྱང་། ཡང་སེམས ་ཅན་དམྱལ་བ་ཆེན་པོར་སྐྱེའོ།། དེ་ནས་ཤི་འཕོས་ནས་ཀྱང་ཡང་རྣམ་པ་འདི་ལྟ་བུའི་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ།། ཡོངས་སུ་རྟག་པ་བཟུང་སྟེ། དེ་བརྒྱ་ལ་ཇི ་སྟེ་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ནས་ཡང་། སངས་རྒྱས་མེད་པའི་སངས་རྒྱས་ཀྱི་ཞིང་སྡིག་མ་ལྔ་ཅན་དུ་སྐྱེ་ཞིང་མིག་མེད་ལ་མི་གདུག་པར་འགྱུར་ཏེ། རྒྱལ ་པོ་ཆེན་པོ་ཆོས་ཀྱིས་གནས་པའི་དགེ་སློང་རྣམ་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་དང་། ནོར་དང་། ཡོ་བྱད་ཕྲོགས་ན་དེ་ལྟ་བུར་སྡུག་བསྔལ་བར་འགྱུར་རོ་ཞེས ་གསུངས་སོ།། ན་མཁའི་སྙིང་པོའི་ལེའུ་ལས་ཀྱང་། རིགས་ཀྱི་བུ་རྒྱལ་པོ་རྒྱལ་རིགས་སྤྱི་བོས་ནས་དབང་བསྐུར་བའི་རྩ་བ་ལྔ་སྟེ། ལྟུང་བའི་རྩ་བ་དེ་དག་གིས་རྒྱལ ་རིགས་སྤྱི་བོས་ན་ས་དབང་བསྐུར་བའི་དགེ་བའི་རྩ་བ་སྔོན་སྐྱེད་པ་ཐམས་ཅད་ཆུད་བསན་ཏེ། ཕམ་ཞིང་ལྷ་དང་མིའི་བདེ་བའི་གནས་ཐམས་ཅད་ནས་ལྷུང་ནས་ངན ་སོང་དུ་འགྲོ་བར་འགྱུརརོ།། ལྔ་གང་ཞེ་ན། རིགས་ཀྱི་བུ་རྒྱལ་རིག་སྤྱི་བོ་ནས་དབང་བསྐུར་བ་མཆོད་རྟེན་གྱི་རྫས་འཕྲོགས་གམ། དགེ་འདུན་གྱི་དང་། ཕྱོགས་བཞིའི ་དགེ་འདུན་ལ་ཕུལ་འཕྲོག་གམ་འཕྲོག་དུ་འཇུག་པ་ཉིད་ནི་ལྟུང་བའི་རྩ་བ་དང་པོའོ།། གང་ཡང་ཆོས་སྤོང་ཞིང་འགོག་དུ་འཇུག་སྟེ། ཉན་ཐོས་ངེས་པར ་འབྱུང་བ་བཤང་པ་འམ། རང་སངས་རྒྱས་ལ་ངེས་པར་འབྱུང་བ་བཤད་པ་འམ། ཐེག་པ་ཆེན་པོས་ངེས་པར་འབྱུང་བཤད་པ་སྤོང་ཞིང་འགོག་དུ། ་འཇུག་པ་འདི་ནི། ལྟུང་བའི་རྩ་བ་གཉིས་པའོ།། གང་ཡང་ངའི་ཕྱིར་རབ་དུ་བྱུང་སྟེ། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་མིག་གྱོན་པ་བསླབ་པ་བཟུང་ཡང་རུང་། བསླབ་པ་མ ་བཟུང་ཡང་རུང་སྟེ། ཚུལ་ཁྲིམས་འཆལ་པ་ཡང་རུང་། ཚུལ་ཁྲིམས་དང་ལྡན་པ་ཡང་རུང་། གོས་ངུར་སྨྲིག་འཕྲོག་གམ་ཁྱིམ་ན་གནས་པར་བྱེད་དུ་འཇུག་གམ། ལུས་ཀྱི་ཆད་པ ་བཞུ་རྡེག་བྱེད་དམ། ཆད་པར་ནོར་འབུལ་དུ་འཇུག་གམ། གཙོན་རར་འཇུག་གམ། སྲོག་དང་བྲལ་བར་བྱེད་དུ་འཇུག་པ་འདི་ནི་ལྟུང་བའི་རྩ་བ་གསུམ་པའོ།། རྒྱལ་རིགས ་གང་ཡང་ཆེད་དུ་བསམ་ཏེ། མའི་སྲོག་གཅོད་པ་དང་། པ་དང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་དགྲ་བཅོམ་པའི་སྲོག་གཅོད་པ་དང་། དགེ་འདུན་འདུམ་པ་བྱེད་པ་དང་། ཆེད ་དུ་བསམ་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་སྟེ། མཚམས་མེད་པའི་ལས་ལྔ་པོ་འདི་དག་ལས་གང་ཡང་རུང་བའི་ལས་བྱེད་པ་འདི་ནི། ལྟུང་བའི ་རྩ་བ་བཞི་པའོ།། རྒྱལ་རིགས་གང་ཡང་རྒྱུ་མེད་པར་སྨྲས་པར་འགྱུར་ལ། འཇིག་རྟེན་ཕ་རོལ་ལ་གཡེལ་ཏེ་མི་དགེ་བ་བཅུའི་ལས་ཀྱི་ལ་ཡང་དག་པར་བཟུང་ནས་གནས་ཤིང་། སེམས ་ཅན་གཞན་མང་པོ་དག་ཀྱང་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་བཅུག་སྟེ། འདུལ་ཞིང་འཛུད་ལ་འགོད་པ་འདི་ནི་ལྟུང་བའི་རྩ་བ་ལྔ་པའོ།། ཡང་བློན་པོའི་རྫ་བ་ལྔ ་སྟེ། ལྔ་གང་ཞེ་ན། བློན་པོ་གང་མཆོད་རྟེན་གྱི་རྫས་སམ། དགེ་འདུན་གྱི་དང་། ཕྱོགས་བཞིའི་དགེ་འདུན་གྱི་རྫས་བྲོག་པ་ནི་ལྟུང་བའི་རྩ་བ་དང་པོའོ།། གང་ཡང་གྲོང་འཇོམ ་པ་དང་། ལྗོངས་འཇོམས་པ་དང་། གྲོང་འཇོམས་པ་དང་། ཡུལ་འཁོར་འཇོམ་པར་བྱེད་པར་བྱེད་པ་འདི་ནི་ལྟུང་བའི་རྩ་བ་གཉིས་པའོ།། ཡང་བློན་པོ་གང་ཡང་ཆོས་སྤོང ་སྟེ། ཉན་ཐོས་ངེས་པར་འབྱུང་བའི་བཤད་པ་འམ། རང་སངས་རྒྱས་ངེས་པར་འབྱུང་བ་བཤད་པ་འམ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ངེས་པར་འབྱུང་བའི་བཤད་པ ་སྤོང་ཞིག་འགོག་ལ་སྲུབས་པའི་བྱེད་པ་འདི་ནི་ལྟུང་བའི་རྩ་བ་གསུམ་པའོ།། ཡང་བློན་པོ་གང་བཅོམ་ལྡན་འདས་ཀྱི་ཕྱིར་རབ་ཏུ་བྱུང་བ། ཚུལ་ཁྲིམས་དང་ལྡན་པ་ཡང་རུང་། ་ཚུལ་ཁྲིམས་དང་མི་ལྡན་པ་ཡང་རུང་བ་ལ་འཚེ་སྟེ། གོས་ངུར་མྲིག་འཕྲོག་གམ། ཁྱིམ་ན་གནས་པར་བྱེད་དུ་འདུག་གམ། གཙོན་རར་འཇུག་གམ། ཆད་པར་ནོར་འཕྲོག ་གམ། སྲོག་དང་བྲལ་བར་བྱེད་དུ་འཇུག་པ། འདི་ནི་ལྟུང་བའི་རྩ་བ་བཞི་པའོ།། ཡང་བློན་པོ་གང་འཚམ་མེད་པ་ལྔ་ལས་གང་དེ་རུང་བས་སྡིག་པའི་ལ་སོགས་པ་འདི་ནི་ལྷུང ་བའི་རྩ་བ་ལྔ་པའོ།། ཡང་བློན་པོ་གང་གིས་ལྟུང་བའི་རྩ་བ་ལྔ་པོ་འདི་དག་ལས་གང་ཡང་རུང་ཞིག་བྱས་ནས། བློན་པོ་དེ་དགེ་བའི་རྩ་བ་སྔོན་སྐྱེད་པ་ཐམས་ཅད་ཆུད་ཟས ་པ་ཡིན་ནོ།། ཞེས་གསུངས།། ཟླ་བའི་སྙིང་པོའི་ལེའུ་ལས་ཀྱང་། གྲོགས་དག་གང་སུ་ངའི་ཕྱིར་རབ་དུ་བྱང་སྟེ། ཁ་ན་མ་ཐོ་བ་དང་བཅས་པ་ཆེན་པོ་སྲོག་གཅོད་པ་བྱེད་ད། ་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲས་པ་དང་། མི་རིགས་པའི་དགེ་བ་གནན་པ་དེ། རྒྱལ་པོ་རྒྱལ་རིགས ་ནས་གྲོང་ཁྱེར་དང་། གྲོང་གི་གཙོ་བོས་གྲོང་ཁྱེར་དང་། གཙུག་ལག་ཁང་ནས་བསྐྲད་དེ། ལོངས་སྤྱོད་དང་བྲལ་ལ། རྗེས་སུ་འཐུན་པའི་ངག་གི་ཆད་པས་བཅད་པར་བྱའི། ་ལུས་ལ་ནི་ཆད་པས་མི་གཅོད་དོ།། སུ་ཞིག་ལུས་ཀྱི་ཆད་པ་གཞུ་བརྡེག་བྱེད་ན། དེ་ནི་བདེ་བ་ཐམས་ཅད་ལས་ཉམས་པར་འགྱུར་རོ།། ལྷ་དང་མིའི་ནང་དུ་སྐྱེ་བ་དང་བྲལ་ཏེ། ་མནར་མེད་པར་སྐྱེ་བར་འགྱུར་རོ།། དེ་ནས་ལྷ་ཐམས་ཅད་ནས་ལུས་སྲུལ་པོའི་བར་དུ་ཇི་སྙེད་འདུས་པ་ཐམས་ཅད་དང་ལྡན་པའི་འཁོར་དེ། དཀོན་མཆོག་གསུམ་ལ་ཤིན་དུ ་དད་ཅིང་རབ་དུ་ཆེར་གུས་ཏེ་ངོ་མཚར་དུ་འཛིན་ཅིང་འདི་སྐད་ཅེས་གསོལ་ཏོ།། དེར་སླན་ཆད་བདག་ཆག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་བསྲུང་བར་བགྱིའོ།། ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ཐ་ན་བཅོམ་ལྡན་འདས་ཀྱི་སླད་དུ་སྐྲ་དང་ཁ་སྤུ་བྲེག་ཏེ། ངུར་མིག་གི་ཚལ་བུ་འཚལ་ཞིང ་བསླབ་པ་བཞིར་མི་བགྱིད་དེ། ཡོངས་སུ་འཛིན་པ་མ་མཆིས་ན་ཡང་བདག་གིས་དེ་ལ་སྟོན་པའི་འདུ་ཤེས་ཀྱིས་བསྲུང་ཞིང་ཡོངས་སུ་སྐྱབ་པར་བགྱིའོ།། ཡོ་བྱད ་ཐམས་ཅད་སྦྱར་བར་བགྱིའོ།། གལ་ཏེ་རྒྱལ་པོས་ངུར་མྲིག་གིས་ཚལ་བུ་འཚལ་བ་དེ་ལྟ་བུ་ལ། རྐྱེན་གང་ཡང་རུང་བས་ལུས་ལ་གཞུ་བརྡེག་གྱིས་ནས། བདག་ཅག ་གིས་རྒྱལ་པོ་དེ་ལ་མི་བསྲུང་ངོ་།། མི་སྐྱོང་ངོ་།། དེའི་ཡུལ་འཁོར་དུ་བགྱི་བ་ཐམས་ཅད་ཀྱང་ཡལ་བར་འདོད་དོ།། དེའི་ཡུལ་འཁོར་དུ་གཡོ་སྣ་ཚོགས་དང་། འཐབ་མོ་དང་། ་རྩོད་པ་དང་། མི་ངས་དང་། ནད་དང་། མུ་གེ་དང་། འཁྲུག་པ་དང་། དུས་མ་ལགས་པར་རླུང་ལྡང་བ་དང་། དུས་མ་ལགས་པར་ཆར་འབབ་པ་དང་། ཆར་མི་འབབ་ཅིང ་ལོ་མ་རུང་བར་འགྱུར་བའི་རྐྱེན་གནོད་པ་ཞིག་བྱུང་ན་ཡང་། བདག་ཅག་གིས་བཟློག་པར་མི་བགྱིའོ།། དེའི་ཡུལ་ནས་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱང་ཡུལ་གཞན་དུ ་མཆིས་པར་བགྱིའོ།། ཡང་དེ་ནི་སྦྱིན་གནས་ཀྱང་མ་མཆིས་པར་བགྱིའོ།། བདག་ཅག་ཀྱང་དེ་ནས་མཆིས་པར་བགྱིའོ།། ཞེས་འབྱུང་ངོ་།། འཕགས་པ་སའི་སྙིང ་པོའི་མདོ་ལས་ཀྱང་། སའི་སྙིང་པོ་སྔོན་བྱུང་བ། ཡུལ་ལྔ་ལེན་གྱི་རྒྱལ་པོ་སྡེ་རྣམ་པར་རྒྱལ་བ་ཞེས་བྱ་བའི་འབངས་གསད་པ་ལ་ཐུག་པ་ཞིག་ཡོད་པ་དེ་སྲོག་གི་ཕྱིར་སྐུ ་དང་ཁ་སྤུ་བྲེག་ཏེ། ངུར་མིག་གི་ཚུལ་བྱ་མགུལ་དུ་བཏགས་སོ།། དེ་ནས་གསད་པ་ལ་ཐུག་པའི་མི་དེ་གཤེད་མས་བཅིང་བཅིང་པ་ལྔས་དམ་པོར་གཅིང་ནས་དུར་ཁྲོད་ཆེན ་པོ་འབི་ཏི་ཁ་ལམ་ཁ་བ་ཞེས་བྱ་བོར་རོ།། དེ་ནས་དེའི་མཚན་མོ་དུར་ཁྲོད་ཆེན་པོ་དར་སྲིན་མེ་ཆེན་པོ་མིག་མི་བཟང་མ་ཞེས་བྱ་བ་གཡོག་ལྔ་སྟོང་དང་། འོངས་ནས་དེས ་བཅིངས་པ་ལྔས་བཅིངས་པའི་མི་ཞིག་གི་མགོ་བྲེགས་ཏེ། གོས་ངུར་ཁྲིག་གྱོན་པ་མཐོང་ནས། དེས་དེ་ལ་བསྐོར་དེ་ཕྱག་འཚལ་ནས་སླར་སོང་ངོ་།། དེ་བཞིན་དུ ་གཉིས་པ་སེང་སྡེང་སོ་ཅན་ཞེས་བྱ་བ་འཁོར་ལྔ་སྟོང་དང་། དེ་བཞིན་དུ་གསུམ་པ་ཁྲོ་གཉེར་སྒྲ་ཅན་ཞེས་བྱ་བ། བཞི་པ་རལ་གྲི་ཁ་ཞེས་བྱ་བ་དེ་དག ་གི་མགོ་བྲེག་ཏེ། ངུར་མྲིག་གི་ཚུལ་དུ་གྱོན་པ་དེ་མཐོང་ནས། བཀྲེས་བཞིན་ནུ་མ་ཟོས་པར་ཕྱིར་དོང་ངོ་།། སའི་སྙིང་པོ་སྔོན་བྱུང་བ་རྒྱལ་བ་རབ་དུ་བསོད་ནམས་ཅན་ཞེས་བྱ་བ། ་དེའི་བློན་པོས་མི་གསད་པ་ལ་ཐུག་པ་ཞིག། གླང་པོ་ཆེ་རྒྱགས་པ་གསོད་དུ་བཅུག་པ་དང་། གླང་པོ་ཆེ་དེས་མི་དེའི་རྐང་པ་གཉིས་ནས་བཟུང་སྟེ། མཐུ་ཐམས་ཅད་ཀྱིས ་ས་ལ་བརྡབ་པར་བྱ་བ་དང་། མི་དེ་གོས་དམར་པོ་གྱོན་པ་ཞིག་ནས། གླང་པོ་ཆེ་དེ་གཏུམ་པས་ཀྱང་གོས་དམར་པོ་གྱོན་པ་མཐོང་བ་དང་། སེམས་དད་ནས་མི་དེ་དལ་གྱིས་ས ་ལ་བཞག་སྟེ། དུས་བཞིན་དུ་མདུན་ན་འདུག་ཅིང་། སྔས་དེའི་རྐང་པ་གཉིས་ལ་ཞུགས་པའོ།། དུད་འགྲོའི་སྐྱེ་གནས་སུ་སོང་བ་མི་ཁོམ་པར་གྱུར་པ། ལོག་པར་ལྟུང ་བ་དེ་ལྟ་བུ་གོས་དམར་པོ་གྱོན་པ་མཐོང་ནས། བཟོད་ཅིང་སྡིག་པ་མ་བྱས་པར་གྱུར་པ་ལ་ལྟོས། ཡང་མ་འོངས་པའི་དུས་ན་རྒྱལ་པོ་རྡོལ་པ་དང་། བློན་པོ་དང་། བཀྲབ ་པ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། ཁྱིམ་བདག་རྡོལ་པ་བླུན་ཀྱང་མཁས་སོ་ཞེས་ང་རྒྱལ་བྱེད་ཅིང་ཚུལ་འཆོས་པ་དང་། གཡོ་དང་རྒྱའི་ཚིག་གིས་འཇིག ་རྟེན་བྲུ་སྟེ། ངེད་ནི་བླ་ན་མེད་པའི་ཐེག་པ་ཆེན་པོ་ཚོལ་ལོ།། ཞེས་ཟེར་ལ། བླུན་ཞིང་གཏུམ་སྟེ། འཇིག་རྟེན་ཕ་རོལ་གྱི་འཇིགས་པ་ལ་མི་ལྟ་བ་དག་འབྱུང་སྟེ། ་དེ་དག་ནི་ངའི་ཕྱིར་རབ་ཏུ་བྱུང་བ་སྣོད་དུ་གྱུར་པ་དང་། སྣོད་དུ་མ་གྱུར་པའང་རུང་བ་ལ། རྐྱེན་སྣ་ཚོགས་ལས་སྐད་བཏགས་ཏེ། འཚེ་ཞིང་ལུས་ཀྱི་ཆད་པ་འམ། གཙོན ་རང་བཞུགས་པའི་ཆད་པའི་ཆད་པ་འམ། ལོང་སྤྱོད་དང་། ཡོངསུ་སྤྱོད་པའི་བར་དུ་དང་བྲལ་བའི་ཆད་པ་འམ། ཁྱིམས་པའི་ལས་སྣ་ཚོགས་བྱེད་དུ་བཞུགས་པའི་ཆད་པ་འམ། ་རྨ་དབང་པའི་ཆད་པ་འམ། བསྙེན་བཀུར་བྱེད་དུ་བཅུག་པའི་ཆད་པ་འམ། ཆད་པས་སྡིག་པས་ནས། སྲོག་དང་བྲལ་བའི་བར་དུ་བྱེད་པར་འགྱུར་ཏེ། དེ་དག་ཐམས ་ཅད་ནི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ས་ལ་རབ་དུ་ཉེས་པ་བྱས་པར་འགྱུར་བ། མནར་མེད་པ་གཞོལ་བའི་དགེ་བའི་རྩ་བ་ཆད་པ། ་སེམས་ཀྱི་རྒྱུད་བསྲེགས་པ་མཁས་པ་ཀུན་གྱི་ཡོངས་སུ་སྤོང་བའོ།། གཞན་ཡང་རྒྱལ་རིགས་རྡོལ་པ་ནས་ཁྱིམ་བདག་རྡོལ་པའི་བར་དུ་གང་དག་ཕྱོགས་བཞིའི་དགེ་འདུན ་ལ་ཕུལ་བ། གཙུགས་ལག་ཁང་གི་ས་གཞི་འམ། ཀུན་དགའ་ར་བའི་གཞི་འམ། ཁྱིམ་གྱི་གཞི་འམ་མི་འམ་དུད་འགྲོའི་སྐྱེ་ནས་སུ་སོང་བ་འམ། གོས་སམ། བཟའ ་བའམ། གཏུང་བ་འམ། མལ་ཆ་འམ། ན་བའི་བསོས་སྨན་དང་། ཡོ་བྱད་དང་། ལོངས་སྤྱོད་དང་། ཀུན་སྤྱོད་པ་སྣ་ཚོགས་སམ། མེ་ཏོག་དང་། འབྲས་བུའི ་ཤིང་ངམ། ཤིང་བཅུད་ཅན་ནམ། སྤོས་ཀྱི་ཤིང་ངམ། ཚོན་གྱིས་ཤིང་ངམ། གྲིབ་ཤིང་ཡང་རུང་སྟེ། དགེ་སློང་རྣམས་ལ་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པའི ་ཕྱིར་བྱིན་པ་འཕྲོག་པ་དང་། འཕྲོགས་དུ་འཇུག་པ་དང་། བདག་ཉིད་སྤྱོད་པ་དང་། གཞན་སྤྱོད་དུ་འཇུག་པ་དང་། ངའི་ཕྱིར་རབ་དུ ་བྱུང་བ་ལ་ཤེ་བ་དང་། བཙོ་བ་དང་། སྨྲས་པ་དང་། ཆོས་ཀྱི་བར་ཆད་བྱེད་པ་དང་། ཆོས་སྨྲ་བའི་དགེ་སློང་རྣམས་གནོད་པར་བྱེད་པ་དག་འབྱུང་བར་འགྱུར་ཏེ།། ་དེ་དག་ཐམས་ཅད་ནི་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ནས། མཁས་པ་ཐམས་ཅད་ཀྱིས་སྤང་བའི་བར་དུ་ཞེས་གསུངས་སོ།། དེ ་ཉིད་ལ་བཅོམ་ལྡན་འདས་གསུངས་པ། བཟོད་པ་ཐོབ་པའི་སེམས་ཅན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྣམས་ལ་ནི། གནས་དང་ལོངས་སྤྱོད་དང་། ་ཡོངས་སུ་སྤྱོད་པ་དང་། དབང་ཕྱུག་གི་གནས་ངས་གནང་ངོ་།། བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་རྒྱལ་པོ་རྒྱལ་རིགས་སྤྱི་བོ ་ནས་དབང་བསྐུར་བ་ནི། གང་བཟོད་པ་མ་ཐོབ་པ་དེ་ཇི་ལྟར་ངན་སོང་དུ་མི་འཆི་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟོད་པ་མ་ཐོབ་ཀྱང་དེ་དགེ ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་སྟེ་གནས་ན། དེ་ལ་ཡུལ་འཁོར་གྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་དང་། དབང་ཕྱུག་གི་གནས་ངས་གནང་ངོ་།། ་བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་གང་དག་བཟོད་པ་མ་ཐོབ་ལ། དགེ་བ་བཅུའི་ལས་ཀྱིས་ལམ་དང་མི་ལྡན་པ། དེ་དག་ནི་རྒྱལ ་རིགས་རྡོལ་བ་དག་སྟེ། བཅོམ་ལྡན་འདས་ཀྱིས་བསྟན་པ་ཟབ་མོ་འདི་འཇིག་པར་བགྱིད་པར་འགྱུར་ཞིང་། དེ་དག་ནི་མནར་མ་མཆིས་པར་འགྱུར་བ་ལགས་ན། དེ་དག་ཇི ་ལྟར་ཐར་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དང་། དད་པའི་སྟོབས་ཀྱི་གོ་ཆ་བགོས་ཏེ། དཀོན ་མཆོག་ལ་དད་པ་མང་ཞིང་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་ཆོས་མི་སྤོང་ལ། ཐ་ན་ཚིག་སུ་བཅད་པ་གཅིག་ཀྱང་མ་རུང་བ་མི་བྱེད་དེ། ཚུལ་ཁྲིམས་དང་ལྡན་པ ་དང་། ཚུལ་ཁྲིམས་དང་མི་ལྡན་འཆལ་བ་ལ་ཡང་རྣམ་པར་མི་འཚེ།། ཐ་ན་མགོ་བྲེགས་གོས་ངུར་མྲིག་གྱོན་པ་ལ་ཡང་གནོད་པ་མི་བྱེད་པ་དང་། དགེ་འདུན་དང་། ་མཆོད་རྟེན་གྱི་རྫས་མི་འཕྲོག་པ་དང་། དགེ་སློང་ལ་འཚེ་ཞིང་ལོངས་སྤྱོད་འཕྲོག་པ་ལས་བཟློག་པ་དང་། ཐེག་པ་གསུམ་གྱིས་ངེས་བྱུང་བའི་ཆོས་ཀྱི་གཏམ་ཉན་ཅིང་ཇི་ལྟར ་ཐོས་པ་ཉམས་ཀྱིས་ཅི་ནུས་སུ་བསྒྲུབ་པ་དང་། ཐེག་པ་གསུམ་ལ་ནན་ཏན་བྱེད་པའི་དགེ་སློང་རྣམས་དང་། རྟེན་པ་དང་། བསྙེན་བཀུར་བྱེད་པ་དང་། ཡིད་དམ་ལ་བརྟན ་པ་དང་། མི་སླུ་བའི་སེམས་དང་ལྡན་པ་དང་། སེམས་ཅན་རྣམས་ཐེག་པ་ཆེན་པོ་ལ་ཡང་དག་པར་འཛིན་དུ་འཇུག་པ། འཇུག་པ་དང་། རབ་ཏུ་བགོད་པར་བྱེད་པ་དེ་ལྟ་བུའི ་རྒྱལ་རིགས་དགེ་བ་དེ་ལ་གན། སྔོན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་། ཡུལ་འཁོར་གྱི་ཟས་ཀྱི་ལོང་སྤྱོད་དང་། ཡོངས་སུ་སྤྱོད་པ་དང་། དབང་ཕྱུག་གི་གནས ་རྒྱ་ཆེན་པོ་ནི་ལོག་པར་མི་ལྟུང་བར་མི་འགྱུར་བར་ངས་གནང་སྟེ། ངས་ཀྱང་དེ་དག་ལ་གནང་ངོ་ཞེས་གསུང་སོ།། ཡང་དེ་ཉིད་ལས་འབྱུང ་བ། རྒྱལ་རིགས་ནས་ཁྱིམ་བདག་གི་དགེ་བ་གང་ལ་ཞིག་ད་ལྟར་དང་། མ་འོངས་པའི་དུས་ལྔ་བརྒྱ་ཐ་མའི་བར་དུ་བདག་དང་། གཞན་དང་འཇིག་རྟེན་ཕ་རོལ་བསྲུང་བ་དང་། ་བཅོམ་ལྡན་འདས་ཀྱིས་བསྟན་པ་བསྲུང་བ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་གང་ཟག ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་གྱི་ཕྱག་པ་དང་། སྣོད་དུ་གྱུར་པ་དང་། སྣོད་དུ་མ་གྱུར་པ་ནས་མགོ་བྲེགས་ཏེ། ངུར་མྲིག་གི་ཚུལ་དུ་གྱོན་པའི་བར་ལ་བསྲུང་བར་བྱེད། ་སྐྱོང་བར་བྱེད། མཆོད་པར་བྱེད་པ་དང་། མཆོད་རྟེན་དང་། དགེ་འདུན་ལ་ཕུལ་བ་ལ། བདག་ཀྱང་མི་སྨོད་ལ་གཞན་ཀྱང་སྤོད་དུ་མི་འཇུག་པ་དང་། འཕྲོག་ན་ཡང ་འོངས་པ་བྱེད་པ་དེ་ནི། བསོད་ནམས་ཀྱི་ཕུང་པོ་ཚད་མེད་གྲངས་མེད་དཔག་དུ་མེད་པར་སྐྱེད་དོ།། དེ་ནས་ལྷོའི་དབང་པོ་ཐམས་ཅད་ནས་ཤ་ཟའི་རྒྱལ་པོའི་བར་གྱིས་འདི ་སྐད་ཅད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱལ་རིགས་དགེ་བ་ནས་ཁྱིམ་བདག་དགེ་བའི་བར་དུ་གང་ཞིག་ཡོན་ཏན་འདི་ལྟ་བུ་དང་། ལྡན་པ་དེ་བདག་ཅག་གི ་རྣམ་པ་བཅུས་བསྲུང་བར་འགྱིའོ།། བཅུ་གང་ཞེ་ན་འདི་ལྟ་སྟེ། དེའི་ཚེ་བསྲིང་བར་བགྱི་བ་དང་། དེའི་བར་ཆུང་ངུ་འགྱུར་བ་དག་ཆོས་ཀྱི་བཟློག་པར་གྱི་བ་དང་། ཟོ་ནད ་མ་མཆིས་པར་བགྱི་བ་དང་། གཡོག་དང་། ལོང་སྤྱོད་དང་། ཀུན་སྤྱོད་པ་དང་། དབང་ཕྱུག་དང་། སྙན་པ་དང་། གྲགས་པ་དང་། དགེ་བའི་བཤེས་གཉེན་དང་། ཤེས་རབ ་ཕུན་སུམ་ཚོགས་པ་ཡང་བསྐྱེད་པར་བགྱིའོ།། རྒྱལ་རིགས་དགེ་བ་དེ་འཁོར་དང་བཅས་པ་དང་། ཡུལ་འཁོར་མཐའ་དག་བདག་གི་རྣམ་པ་བཅུས་བསྲུང་བར་བགྱིའོ།། བཅུ ་གང་ཞེ་ན། འདི་ལྟ་སྟེ་གཞན་གྱི་དམག་ཚོགས་དང་། ནད་ཀྱི་དམག་ཚོགས་དང་། སྡིག་པ་དང་། འཆི་བ་དང་། ཆར་མི་འབབ་པ་དང་། ཆར་ཆེས་པ་དང་། དུས་མ ་ལགས་པར་རླུང་ལྡང་བ་དང་། ཚ་བ་དང་། གཟའ་དང་། རྒྱུ་སྐར་གནོད་པ་དང་། མུ་གེ་འབྱུང་བ་དང་། གློ་བུར་གྱི་བྲོ་ནད་ཀྱི་འགུམ་པ་དང་། ལོག་པར་ལྟུང་བ་རྣམས ་ལས་བཟློག་པར་བགྱིའོ།། ཞེས་འབྱུང་ངོ་།། འཕགས་པ་ཟླ་འོད་ཀྱི་ལེའུ་ལས་ཀྱང་། གཏོང་བ་པོ་དང་། སྦྱིན་བདག་དང་། ལྷ་དང་ཀླུ་དང་གནོད་སྦྱིན་གང་དག་ངའི་བསྟན ་པ་འཛིན་པ་དང་། གང་དག་ངའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བྱ་དང་། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་འཆད་པར་བྱ་བའི་ཕྱིར་བརྩོན་པ་དང་། གང་དག ་ངའི་བུ་དག་ལས་སྐྱེས་པ། ཆོས་ལས་སྐྱེས་པ། ཆོས་ཀྱིས་སྤྲུལ་པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། གཞན་དད་པའི་རིགས ་ཀྱི་བུ་དང་། རིགས་ཀྱི་བུ་མོ་དང་། གང་དག་དོན་དམ་པས་བདེན་པས་ཡང་དག་པར་རྫོགས་པར་བྱང་ཆུབ་ཀྱི་བར་དུ་ཡོངས་སུ་ཚོལ་བ། ཡོངས་སུ་གཏོང་བའི་གཏོང ་པོ་དང་། སྦྱིན་བདག་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དེ་དག་ངས་བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལག་དུ་གཏདོ།། ཞེས་གསུངས་སོ།། ཆོས་བསྒྲུབ་པ་ལ་གནས་པར་འདོད་པས། སེམས་ལ་མཁས་པར་བྱའོ།། ཇི་ལྟར་ན་སེམས་ལ ་མཁས་པ་ཡིན་ཞེ་ན། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས་འབྱུང་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ལ་མཁས་པར་བྱའོ།། ཇི་ལྟར་ན ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ལ་མཁས་པ་ཡིན་ཞེ་ན། དེ་ལུས་དང་སེམས་རབ་ཏུ་དབེན་པས་སེམས་ལ་མཁས་པ་ཡིན་ཏེ། དེ་སེམས་ལ ་འདི་སྙམ་དུ་བདག་གི་སེམས་འདི་ཅི་དགེ་བ་ལ་སྤྱོད་དམ། དེ་སྟེ་མི་དགེ་བ་འམ། འོན་ཏམ་ལུང་མ་བསྟན་པ་འམ། ཆོས་གང་ལ་སྤྱོད་ཅེས་རྣམ་པར་སྤྱོད་དེ། གལ་ཏེ་དགེ ་བ་ལ་སྤྱོད་ན། དེ་ལ་སེམས་དགའ་བ་དགའ་བ་དང་། རངས་པ་དང་། མོས་པ་བསྐྱེད་དོ།། དགེ་བའི་ཆོས་དེ་དག་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱིས ་ཆོས་སུམ་བཅུ་རྩ་བདུན་ནོ།། འོན་ཏེ་མི་དགེ་བ་ལ་སྤྱོད་ན། དེ་ལ་སྐྱོ་བ་མང་བ་དང་། རྟོག་པ་མང་བ་ཡིན་ཏེ། མི་དགེ་བའི་ཆོས་དེ་དག་སྤོང་བ་ལ་བརྩོན་པ་ཡིན་ནོ།། ་ཞེས་གསུངས་སོ།། མ་སྐྱེས་དགྲའི་མདོ་ལས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་པ་གང་ལ་བདུད་སྡིག་ཅན་གྱིས་གླགས་མི་སྙེད་པ་དང་། ་དེ་བཞིན་གཤེགས་པ་མཉེས་པར་འགྱུར་བ་དང་། ལྷ་རྣམས་དགའ་བ་དགའ་བ་དང་། བདག་གི་དགེ་བའི་ཕྱོགས་དབྲི་བར་མི་འགྱུར་བའི་སེམས་བསྐྱེད་པར་བྱ་སྟེ། དེ་ལྟར་ཞུག ་པ་དེའི་སེམས་བསྐྱེད་པ་ཐམས་ཅད་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ནོ།། ཞེས་གསུངས་སོ།། སྨྲས་པ་ལ་དགའ་བར་མི་བྱ་སྟེ། ལྷག་པའི་བསམ་པས་སྐུལ་པའི་མདོ ་ལས་འབྱུང་བ། བྱམས་པ་འདི་ལ་དགེ་སློང་སྨྲ་བ་ལ་དགའ་བར་ནི་མི་བཙུན་ཏེ། མང་དུ་ཐོས་པས་རྒྱགས་ཤིང་། དྲེགས་ནས་བརྗེད་ངེས་པ་ཡིན། ནང་དུ་ཚུལ་བཞིན་ཡིད་ལ ་བྱེད་པ་དང་བྲལ་ཞིང་སེམས་ཀྱིས་རྒྱུད་དམུ་རྒོད་དུ་གྱུར་པ་ཡིན་ཞི་གནས་དང་། ལྷག་མཐོང་ཡོངས་སུ་སྤངས་ལ། ལྷ་དང་ཀླུ་དང་། གནོད་སྦྱིན་གྱི་ཀྱང་དམ་པར་མི་བཀུར་ཞིང་། ་འགྱོད་པ་དང་ལྡན་པ་ཡིན། བསླབ་པ་མི་གནས་པ་ཡིན་ནོ་ཞེས་གསུངས་སོ།། དམིགས་པར་སྤྱོད་པ་ལ་བསྒྲུབ་པ་མེད་དེ། སྒྲུབ་པ་ཤེས་པར་འདོད་པས་མང་དུ་ཐོས་པ་དང་། ་ནང་དུ་ཡང་དག་པར་འཇོག་ལ་བརྩོན་པར་བྱ་སྟེ། དེ་ཉིད་ལས་འབྱུང་བ། གལ་ཏེ་ཞལ་ཏ་བྱེད་པ་བརྩོན་པའི་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་གྱི་སྟོང་གསུམ ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཀང་ན། དེས་མི་མཉེས་ཀྱི། གལ་ཏེ་ཕ་རོལ་དུ་ཕྱིན་པ་དང་ལྡན་པའི་ཚིག་སུ་བཅད་པ་ཅིག་བཟུང་ན། དེས་ངས་སྟི་སྟངས་བྱས་པར ་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། བྱམས་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་ཀྱིས་བྱང་ཆུབ་ནི་མང་དུ་འོས་པ་ལས་སྐྱེས་ཀྱི། ་དངོས་པོ་ཡོངསུ་འཛིན་པ་ལས་ནི་མ་སྐྱེས་སོ།། གལ་ཏེ་ཞལ་ཏ་བྱེད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ལུང་འབོག་པ་དང་། ་འདོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ལ་དེ་བསོད་ནམས་འདོད་པའི་ཞལ་ཏ་ཡི་ཀུན་སྤགས་པས་སྔགས་ན་བསོད་ནམས་མ་ཡིན་པའི་ཕུང་པོ་ཆེར་འཕེལ་ཏེ། ལས ་ཀྱིས་སྒྲིབ་པ་ཡང་བཟུང་བར་འགྱུར་རོ།། གལ་ཏེ་ཞལ་ཏ་བྱེད་པ་ལ་བརྟོན་པར་རི་བྱང་ཆུབ་སེམས་དཔའ་འཛམ་བུའི་གླིང་ཡོངས་སུ་གང་བར་གྱུར་ཀྱང་། དེ་དག་ཐམས ་ཅད་ཀྱི་ལུང་འབོག་པ་དང་། ཁ་ཏོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་གཅིག་ལ་བསྙེན་བཀུར་དང་གཡོག་བྱའོ།། འཛམ་བུའི་གླིང་གི་ཚད་ཙམ་གྱི་ལུང་འབོག་པ་དང་། ་ཁ་དོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ཅིག་ལ་བསྙེན་བཀུར་གཡོག་བྱའོ།། དེ་ལྟར་ན་དེ་བཞིན་གཤེགས་པས་རྗེས་སུ་ཡིད་རང་ཞིང་གནང་བ་ཡིན་ནོ།། དེ་ཅིའི་ཕྱིར ་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ལས་འདི་ནི་དཀའ་བའི་ལས་ཏེ་བླ་ན་མེད་པ་ཁམས་གསུམ་ཐམས་ཅད་ལས་ཁྱད་པར་ཅན་དུ་གྱུར་པ། མངོན་པར་འཕགས་པའོ་ཞེས ་གསུངསོ།། ཡང་ཆོས་སྒྲུབ་པ་ནི་རིན་པོ་ཆེའི་ཕུང་པོའི་མདོ་ལས་འབྱུང་བ། འོད་བསྲུང་འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོར་འཇུག་པར་འདོད་པའི་ཚོང་པ་རིན་པོ་ཆེའི ་གླིང་ནས། བདག་གིས་ཡུལ་དུ་བདེ་བར་ཕྱིན་གྱི་བར་དུ། དེ་གྲུལ་ཤིན་དུ་རྟོག་པར་བྱེད་དོ།། འོད་བསྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པའི་རྒྱ ་མཚོ་ལས་འཇུག་པར་འདོད་པས་ཇི་ཙམ་བྱིས་པ་སོ་སོའི་སྐྱེས་པོ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ས་ལ་འདས་ཏེ། བདག་གི་པའི་སྤྱོད་ཡུལ་ལ་འཇུག་པར ་གྱུར་པའི་བར་དུ་ཕ་རོལ་དུ་ཕྱིན་པ་དྲུག་གི་གྲུ་ལ་ཤིན་དུ་རྟོག་པར་བྱའོ།། ཞེས་གསུངས་སོ།། མ་སྐྱེས་དགྲའི་མདོ་ལས་ཀྱང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱི་སེམས ་ཀྱི་རྩ་བ་མི་གཅོད་པ་ནི་རྩ་དེ་ཡང་དག་པར་འཛིན་དུ་འཇུག་པ་སྟེ། བརྩོན་འགྲུས་སོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་བསྔོ་བའི་ཕྱིར།། སྦྱིན་པས་ཆོག་གི་ཤེས་པ ་དང་། སེམས་ཅན་ཐམས་ཅད་ཀྱི་སྐྱབས་བྱ་བའི་ཕྱིར། ཚུལ་ཁྲིམས་ཀྱི་ཚོགས་མི་ཤེས་པ་དང་། སངས་རྒྱས་ཀྱི་སྐུ་ཚོལ་བའི་ཕྱིར་བཟོད་པས་ཆོག་མི་ཤེས་པ་དང་། ་དགེ་བའི་རྩ་བ་ཐམས་ཅད་བསྒྲུབ་པའི་ཕྱིར། བརྩོན་འགྲུས་ཀྱིས་མཆོག་མི་ཤེས་པ་དང་། མི་དམིགས་པའི་རྣལ་འབྱོར་གྱི་བསམ་གཏན་ཆོག་མི་ཤེས་པ་དང་། ཐམས་ཅད ་ལ་རྣམ་པར་སྤྱོད་པའི་ཕྱིར། ཤེས་རབ་ཀྱི་མཆོག་མི་ཤེས་པའོ།། ཆོས་ཀྱི་ཕྱིར་ལོངས་སྤྱོད་དང་། འཚོ་བ་ཐམས་ཅད་ནི་ཁ་ན་མ་ཐོ་བ་མེད་པའོ་ཞེས་གསུངས་སོ།། སྒྲུབ་པ་དོན ་དུ་གཉེར་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། འཕགས་པ་ཟླ་བའི་སྒྲོན་མའི་མདོ་ལས་འབྱུང་བ། ཀྱེ་གཞོན་ནུ་བྱང་ཆུབ ་སེམས་དཔའ་ཆོས་ཅིག་དང་ལྡན་ན་ཡོན་ཀན་འདི་རྙེད་དེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་བརྒྱའོ།། ཆོས་ཅིག་འོགང ་ཞེ་ན། གཞོན་ནུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། ཕན་པའི་སེམས་དང་། ཁོང་ཁྲོ་བ་མེད ་བའི་སེམས་དང་། མི་མཉམ་པ་མེད་པའི་སེམས་ཡིན་དེ། ཆོས་ཅིག་པོ་འདིའོ་ཞེས་གསུངས་སོ།། བསམ་གཏན་དང་ཁ་ཏོན་གྱི་བར་དུ་གཅོད་པའི་ཆོས་རྣམས་ཀྱང་ཡོངས་སུ ་སྤང་བར་བྱ་སྟེ། དམ་པའི་དྲན་པ་ཉེ་བར་བཞག་པའི་མདོ་ལས་འབྱུང་བ། རིགས་ཀྱི་བུ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམ་ཀྱི་བསམ་གཏན་དང་། འ་ཏོན་གྱི ་བར་དུ་བཅོད་པར་བྱེད་དོ།། བཅུ་གང་ཞེ་ན་འདི་ལྟ་སྟེ། འདུ་འཛིའི་གཏམ་ཉན་པ་དང་། རི་མི་འདྲི་བ་དང་། སྙམ་དག་སྦྱོར་བ་དང་། བཟའི་ཚོགས་དང་། རྒྱུ་སྐར ་སེམས་པ་དང་། ཟས་རྙེད་པ་བདག་གིར་བྱེད་པ་དང་། ཤ་ཟ་མོ་ལྟར་ནོར་སྒྱུར་བར་སེམས་པ་དང་། རྒྱལ་པོ་ལ་བསྟེན་པ་དང་། མཁས་པ་རྣམ་ལ་མི་འདྲི་བ་དང་། བདེན ་པ་ལ་འགྲོན་དུ་འབོད་པ་དང་། འདྲི་ཞིང་གནས་པ་སྟེ། བཅུ་པོ་འདི་དག་གོ་ཞེས་གསུངས་སོ།། འཕགས་པ་ཚངས་པས་ཞུས་པའི་མདོ་ལས་ཀྱང་། ལྷའི་བུ་ཆོས ་སྒྲུབ་པ་ཞེས་བྱ་བ་ནི། གང་ཆོས་ཐམས་ཅད་མི་སྒྲུབ་པ་འདི་ནི་ཆོས་སྒྲུབ་པའོ།། དེ་ཅིའི་ཕྱིར་ཞེ་ན། གང་ཆོས་མི་སྒྲུབ་པ་དེ་ནི་ཆོས་མི་བྱེད་དོ།། གང་མི་བྱེད་ཅིང ་རྣམ་པར་མི་བྱེད་པ་དེ་ནི་ཆོས་བསྒྲུབ་པ་ཞེས་གསུངས་སོ།། ཆོས་རྣམས་བསྒྲུབ་པར་འདོད་པར་རྙེད་པ་དང་། བཀུར་སྟི་ཡོངས་སུ་སྤར་བར་བྱ་སྟེ། ལྷག་པའི་བསམ་པ ་བསྐུལ་བའི་མདོ་ལས་བྱུང་བ། སྙེད་དང་བསྐུར་སྟི་ནི་གཏི་མུག་སྐྱེས་པས་དྲན་པ་འཇོམས་པར་བྱེད་པ་དང་། བདག་གི་དོན་སྒྲུབ་པར་འདོད་པའི་ཕྱིར་གསོ་སྐྱེད་པ་དང་། ་རྒྱགས་པ་དང་། རེག་པ་སྐྱེད་པ་དང་། སངས་རྒྱས་ཐམས་ཅད་ཀྱི་གནང་བ་མ་ཡིན་པར་རིག་པར་བྱའོ།། སྙེད་པ་དང་། སྐ་སྟི་ནི་གདོན་མི་ཟ་བར་ལྟུང་བའི་རྩ་བ་སྟེ། དགེ་བའི ་རྩ་བ་སྟོང་པར་བརྟག་པར་བྱའོ།། སྙེད་པ་དང་བཀུར་སྟི་ནི་སྔར་བཀུར་སྟི་བྱེད་པ་ལ། ཕྱིས་བཀུར་སྟི་མི་བྱེད་པ། བསམ་གཏན་དང་ཚད་མེད་པ་ཡོངས་སུ་སྤངས་པ། སེམས ་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས། གཤིན་རྗེའི་འཇིག་རྟེན་དུ་ལྟུང་བར་བྱེད་པ། ལྷག་སྤྱོད་ཀྱི་སྤྱོད་པ་དང་། མཚུངས་པར་གནས་པ་ཡིན་པར་སོ་སོར་རྟོག་པར་བྱའོ།། ། ་རྙེད་པ་དང་བཀུར་སྟི་ནི། མྱུར་དུ་ཟུག་པར་བྱེད་པའི་ཕྱིར་ཚེར་མ་དང་འདྲ་བར་བརྟགས་པར་བྱའོ།། རྙེད་པ་དང་བཀུར་སྟི་ནི་ཐར་པར་དཀའ་བའི་ཕྱིར་འདམ་དང་འདྲ་བར་རྟགས ་པར་བྱའོ།། ཞེས་གསུངས་སོ།། སོ་སོར་བརྟགས་ནས་འདོད་པ་ཉུང་བ་ལ་སེམས་གཞོལ་བར་བྱ་སྟེ། ཡང་དག་པར་ལྡན་པའི་ལུང་ལས་འབྱུང་བ། ཤིང་ནྱ་གྲོ་ད་ཞིག ་གི་དྲུང་ན། ལུག་ཁྱུ་ཆེན་པོ་ཞིག་འཁོད་དེ། ལུག་ཁྱུ་དེའི་ནང་ནས། ཕྱིས་ཟ་བའི་ལུག་ཅིག་ཕྱི་ས་ཁུང་དུ་ཕྱི་ས་ཟར་སོང་སྟེ། བྱི་ས་ལ་ཅི་འདོད་པ་ཟོས་ནས། མདུན་དུ ་ཕྱི་སའི་ཕུང་པོ་བཞག་སྟེ་འདུག་ནས་མོག་སྦྱར་ཞིང་དེ་དེས་དེ་ཙམ་གིས་ལུག་གཞན་དག་ལ་ནུས་པར་བྱེད་དོ།། དེ་བཞིན་དུ་དགེ་སློང་ལ་ལ་ཞིག་རྙེད་པ་དང་། བཀུར་སྟི་དང་། ་གྲགས་པས་ནོན་ནས། སེམས་ཟིན་པ་སྟེ། གྲོང་དང་ཁྱེར་དང་། གྲོང་བརྡལ་ཞིག་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། དེ་དེར་ཟས་གཙང་མ་ཞིམ། ་པ་ཅི་འདོད་པ་ཟོས་ནས་ཕྱི་དེ་ཉིད་ཡང་ཟས་ལ་བོས་པའི་ཟས་ཁྱེར་སྟེ། འོངས་ནས་དགེ་སློང་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁོ་བོས་ཟས་གཙང་མ་ཞིམ་པོ་ཅི་འདོད་པ ་ཟོས་ནས། ཟས་འདི་མི་དགོས་ཏེ། ལྷག་མ་གཏོང་བར་རིགས་ན། ཁྱོད་འདོད་པ་འདི་ཟོ་ཅིག། ཅེས་དེ་དེས་དེ་ཙམ་གྱི་དགེ་སློང་རུང་བ། ངེས་པ་གཞན་དག་ལ་རྙས་པར ་བྱེད་དོ།། དགེ་སློང་དག་དེ་བཞིན་དུ་རྙེད་པ་དང་། བཀུར་སྟི་དང་གྲགས་པ་ནི་མི་ཟད་པའོ།། ཞེས་རྒྱ་ཆེར་གསུངས་སོ།། གཡོ་དང་རྒྱུ་ཡོངསུ་སྤང་བར་བྱ་སྟེ། མ་དྲོས་པའི ་ལས་བྱུང་བ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་པ་དེའི་བར་དུ་གཅོད་པ་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། གཡོ་དང་སྐྱའོ།། བཞི་ཡང་གཉིས་ཏེ། ་དྲང་པོ་དང་གཡོ་མེད་པའོ།། ཞེས་གསུངསོ།། ནན་ཏན་དུ་སྒྲུབ་པར་འདོད་པས། དགེ་བ་ཤེས་གཉེན་ལ་བསྟན་པར་བྱ་སྟེ། སྒྲུབ་པ་ནི་དགེ་བའི་བཤེས་གཉེན་གྱི་ཁ་ན ་རག་ལས་སོ།། ཇི་ལྟར་ཞེ་ན། མདོ་ལས་བྱུང་བའི་ཕྱིར་ཏེ། དཔལ་འབྱུང་དང་། དཔལ་གྱི་བློ་གྲོས་ཀྱི་རྣམ་པར་ཐར་པ་ལས་བྱུང་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང ་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཐོས་པ་ནི། དགེ་བའི་བཤེས་གཉེན་ལ་རག་ལས་པའོ།། བྱང་ཆུབ་སེམས་དཔའི་ཡོན་ཏན་ཡོངས་སུ་རྫོགས་པར་བྱ་བ་ཐམས་ཅད་ནི།། ་དགེ་བའི་བཤེས་གཉེན་ལས་འབྱུང་བའོ།། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་བསྐྱེད་པའོ།། བྱང་ཆུབ་སེམས་དཔའི་བསླབ་པ་ལ ་ནན་ཏན་དུ་བྱ་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པའོ།། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཡོངསུ་དག་པ་ཐམས་ཅད་ལ་ནི་དགེ་བའི་བཤེས་གཉེན ་རྩ་བར་གྱུར་པའོ།། བྱང་ཆུབ་སེམས་དཔའི་བསོད་ནམས་བསགས་པ་ཐམས་ཅད་ནི་དགེ་བཤེས་གཉེན་གྱིས་བསྲུངས་པའོ།། དགེ་བའི་བཤེས་གཉེན་མགུ་བར་བྱས་ན། ་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཐོབ་པ།། དགེ་བའི་བཤེས་གཉེན་གྱི་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་སོང་དུ་མི་ལྟུང་ངོ་།། དགེ་བའི་བཤེས ་གཉེན་གྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའི་རྣམས་ཀྱི་ནི་ཐེག་པ་ཆེན་པོ་ལས་མི་ལྡོག་གོ། དགེ་བའི་བཤེས་གཉེན་གྱི་ཡོངས་སུ་བསམ་པའི་བྱང་ཆུབ་སེམས་དཔའ ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བར་མི་བྱེད་དོ།། དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་སེམས་དཔའ་རྣམས་ནི་སོ་སོའི་སྐྱེ་བོ་ས་ལ་ཡོངས ་གདའོ།། དགེ་བའི་བཤེས་གཉེན་གྱི་ཡོངས་སུ་བསྲུང་བའི་བྱང་ཆུབ་སེམས་དཔའ་རྣམས་ནི། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ངེས་པར་གྱུར་པ་ལ་མི་འཇུག་གོ།། ་དགེ་བའི་བཤེས་གཉེན་ནི། ལམ་གོལ་བ་ལས་སྐྱེད་པས་མ་ལྟ་བུ། ཡོངསུ་བསྲུངས་པའོ།། ཆོས་ཐོས་པར་འགྱུར་བའི་སྤྲིན་གྱི་ཆར་རབ་དུ་འབེབས་པའོ།། ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གནས་པར་བྱེད་པའོ།། འདི་ལྟར་ཡང་རིགས་ཀྱིས་དགེ་བའི་བཤེས་གཉེན་ནི། སངས་རྒྱས ་ཀྱི་རིགས་སུ་སྐྱེད་པས་མ་ལྟ་བུའོ།། དགེ་བའི་བཤེས་གཉེན་ནི་ཕན་པ་རྒྱ་ཆེན་པོ་སྒྲུབ་པས་པ་ལྟ་བུའོ།། དགེ་བའི་བཤེས་གཉེན་ནི་སྡིག་པ་ཐམས་ཅད་ལས་བསྲུང་བས ་མ་ལྟ་བུའོ།། དགེ་བའི་བཤེས་གཉེན་ནི་འཁོར་བའི་ཆུ་བོ་ཆེན་པོ་ལས་སྒྲོལ་བས་སྙན་པ་ལྟ་བུའོ།། དགེ་བའི་བཤེས་གཉེན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རིན་པོ་ཆེའི ་གླིང་དུ་ཕྱིན་པར་བྱེད་པས་ཐོས་པ་འཛིན་པ་ལྟ་བུའོ།། རིགས་ཀྱི་བུ་དེ་ལྟ་བས་ན་དེ་ལྟར་ཡིད་ལ་བྱ་བ་རྒྱུན་མ་ཆད་པས་ཁྱོད་ཀྱི་དགེ་བའི་བཤེས་གཉེན་བསྟེན་པར་གྱིས་ཤིག། ་ཁུར་ཐམས་ཅད་བཀུར་བས་ཡོངས་སུ་མི་སྐྱོ་བའི་ཕྱིར། ས་ལྟ་བུའི་སེམས་དང་། མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྟ་བུའི་སེམས་དང་། སྡུག་བསྔལ་ཐམས་ཅད་ཀྱི་མི་སྒྲལ་བའི ་ཕྱིར་ཁོར་ཡུག་གི་རི་ལྟ་བུ་སེམས་དང་། ཅི་དགའ་བར་བཀའ་ཉན་པས་བྲན་ལྟ་བུའི་སེམས་དང་། མི་ཁྲོ་བས་ཁྱི་ལྟ་བུའི་སེམས་ཀྱི་དགེ་བའི་བཤེས་གཉེན་ལ་བསྟན་པར ་བྱའོ།། རིགས་ཀྱི་བུ་ཁྱོད་ཀྱི་བདག་ལ་ནི་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ།། དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང་། གདམ་ངག་ལ་ནི་སྨན་གྱི་འདུ ་དང་། ནན་ཏན་ཉམ་སུ་བླང་བ་ལ་ནི་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་ལྟར་དགེ་བའི་བཤེས་གཉེན་ལ་ལྷག་པའི་བསམ ་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། དགེ་བའི་བཤེས་གཉེན་གྱི་ངག་ཐམས་ཅད་ཉམ་སུ་ལེན་པའི་ཚེ། གང་གྲིབ་རི་ལ་རྟེན་པ་རྩ་དང་། ཤིང ་དང་གེལ་བ་དང་། སྨན་དང་ནགས་ཚལ། ལྟ་བུར་དགེ་བའི་རྩ་བ་ཐམས་ཅད་ཀྱིས་རྣམ་པར་འཕེལོ།། རྒྱ་མཚོ་ཆེན་པོ་ཆུ་སྣོད་དུ་གྱུར་པ་ལྟར་སངས ་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྣོད་དུ་འགྱུར་རོ་ཞེས་འབྱུང་ངོ་།། མདོར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད ་རབ་དུ་ཐོབ་ཅིང་། ཡོངས་སུ་འགྲུབ་པ་ནི་དགེ་བའི་བཤེས་གཉེན་གྱི་ཁ་ན་རག་ལ་སོ།། དགེ་བའི་བཤེས་གཉེན་ལས་བྱུང་ངོ་།། རིན་པོ་ཆེའི་མདྨོ་ལས་ཀྱང་། འོད་བསྲུང་། ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོའི་ནང་དུ་གྲུ་ཞིག་ན། གཞན་ཅི་ཡང་རུང་བ་ཞིག་ལ་རྟེན་ན། དེ་དག་ནི་བདེ་བར་འགྲམ་དུ་ཕྱིན་པར་འགྱུ་རོ།། འོད་བསྲུང་དེ་བཞིན་དུ་བྱང ་ཆུབ་སེམས་དཔའི་ཐེག་པ་པ་ཐམས་ཅད་མཁྱེན་པའི་སེམས་ཀྱི་གྲུ་ཞིག་སྟེ། བྱང་ཆུབ་ལས་རབ་ཏུ་ཉམས་ཀྱང་། གང་དགེ་བའི་བཤེས་གཉེན་གྱི་ཤིང་ལེབ་ལ་རྟེན་པ། ་དེ་དག་ནི་ཡང་ཐམས་ཅད་མཁྱེན་པའི་སེམས་རབ་དུ་ཐོབ་སྟེ། ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་སོང་ནས་ཆོས་ཀྱི་དབྱིངས་ཀྱི་གླིང་དུ་ཕྱིན་ཏོ།། དེ་བས་ན་འོང་བསྲུང་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། དགེ་བའི་བཤེས་གཉེན་རྟེན་ཏོ་ཞེས་གསུང་སོ།། བླ་ན་མེད་པའི་དགེ་བའི་བཤེས་གཉེན་དེ་བཞིན་གཤེགས་པ་བཞུགས ་པ་འམ། ཡོངས་སུ་མྱ་ངན་འདས་པ་རྣམས་ལ་མཆོད་པ་དང་རིམ་འགྲོ་བྱས་ཏེ། དེ་ལས་བསོད་ནམས་ཚོགས་དཔག་དུ་མེད་པ་ཡོངས་སུ་རྫོགས་ཤིང ་རྣམ་པར་སྨིན་པ་འང་མི་ཟད་པ་འགྲུབ་པོ།། ཇི་ལྟར་མེ་ཏོག་བརྩེགས་པའི་མདོ་ལས། སེང་གེ་རྣམ་པར་རྩེན་པ་གང་ཞིག་གིས་དེ་བཞིན་གཤེགས་པ་མཐོང་སྟེ། སེམས་དང་བས་མཆོད ་པ་དང་། གང་ཞིག་དེ་བཞིན་གཤེགས་པས་ཡོངས་སུ་མྱ་ངན་ལས་འདས་པའི་རིང་སྲེལ་ཡོངས་འབྲུ་ཙམ་རྣམས་ལ་མཆོད་པ་བྱེད་པ་ནི། རྣམ་པར་སྨིན་པ་མ་ཉམས་པར་ཤེས་པར ་བྱ་སྟེ། བྱེ་བྲག་གམ་ཐ་དད་དུ་བྱ་བ་མེད་དོ།། ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། སྙིང་རྗེ་ཆེན་པོའི་མདོ་ལས་ཀྱང་། ཀུན་དགའ་བོ་གང་ང་ལ་མངོན་དུ་སྟི་སྟང་བྱེད་པ་ལྟ་འང་ཞོག། ་ངའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་དང་། རིང་སྲེལ་ཡོངས་འབྲུ་ཙམ་ལ་མཆོད་པ་ལྟ་ཡང་ཞོག། ངའི་ཕྱི་མཆོད་རྟེན་བྱས་པ་རྣམས་ལ་སྟི་སྟང་བྱེད་པ་ལྟ་ཞོག་སྟེ། ཀུན་དགའ ་བོ་གང་ལ་ལ་སངས་རྒྱས་ལ་དམིགས་ནས། ཐ་ན་མེ་ཏོག་གཅིག་ན་མཁའ་འདོར་ན། བསོད་ནམས་ཕུང་པོ་དེའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ནི། ཀུན་དགའ་བོ་ཇི་ཙམ ་དུ་ཐོག་མ་མེད་པའི་འཁོར་བ་དེའི་སྔོན་གྱི་མཐའ་མངོན་པ་དེ་ཙམ་གྱི་བསྐལ་པར་འཁོར་བའི་ཚེ། བརྒྱ་བྱིན་ཉིད་དང་། ཚངས་པ་ཉིད་དང་། འཁོར་ལོས་བསྒྱུར་བའི་རྒྱལ་སྲིད ་རྣམས་ཀྱི་མཐའ་རྙེད་པར་མི་ནུས་སོ།། སངས་རྒྱས་ལ་དམིགས་ནས་ན་མཁ་ལ་མེ་ཏོག་གཏོར། ན་མཁའ་ལ་མེ་ཏོག་ཅིག་འདོར་ན། དགེ་བའི་རྩ་བ་དེ་ཡང་ཐ་མ་མྱ་ངན་ལས ་འདས་པར་འགྱུར་བང་སྨྲའོ།། གལ་ཏེ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་རྣམས་ཀྱི་སངས་རྒྱས་ལ་དམིགས་པའི་དྲན་པ་རྙེད་ནས་དེ ་དག་གི་དགེ་བའི་རྩ་བ་དེ་ཡང་ཐ་མ་མྱ་ངན་ལས་འདའ་བའི་བར་དུ་འགྱུར་བ་ང་སྨྲའོ།། ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་ལ་ཡོན་ཕུ་ལ་ཇི་ཙམ་དུ་མཐུ་ཆེ་བ་དང་། སེམས་དང ་བ་ཇི་ཙམ་དུ་མཐུ་ཆེ་བ་ལ་ལྟོས།། ཀུན་དགའ་བོ་འདི་ལྟར་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་ཟེར་ན། ཀུན་དགའ་བོ་ཚིགས་དེའི་དོན་ནི་འདི་ཡིན་ཏེ་འདི་ལྟ་སྟེ། སངས་རྒྱས་བཅོམ ་ལྡན་འདས་རྣམས་ཀྱི་སྒྲ་ནི་དོན་མེད་པ་ཡིན་ཏེ། གང་འདི་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་ཟེར་ན། དེ་དོན་མེད་པར་མི་འགྱུརརོ།། དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ ་བ་ཇི་ཙམ་ཆུང་ངུ་བསྐྱེད་པ་ཡང་ཆུད་ཟ་བར་མི་འགྱུར་ཏེ། ཐ་ན་སེམས་དང་བ་ཅིག་སྐྱེད་པ་དེ་ཐམས་ཅད་ཀྱང་ཐ་མ་མྱ་ངན་ལས་འདའ་བའི་བར་དུ་འགྱུར་རོ།། འདི་ལྟ་སྟེ་དཔེར་ན། ་ཉ་པ་མཆིས་པ་ཐོགས་པས་ཉ་བཤོར་བའི་ཕྱིར་ཚིལ་མ་གཟན་མ་དང་བཅས་པ་མཚོ་ཆུ་ཆེན་པོར་བཅུག་ལ། བཅུག་མ་ཐ་མ་ཐག་དུ་ཉེས་མེད་པར་གྱུར་ན། ཉ་དེ་མཚོ་ཆུའི་ན་འཕྱོ ་ཡང་།། དེ་སྲད་བུ་དྲ་བ་ཡུ་བ་སྐམ་པ་ལ་བཏགས་པས་བཏོད་པ་ཞེས་བྱ་སྟེ། ཉ་པ་མཆིལ་པས་མཚོར་འོངས་ནས་སྲང་བུ་ཐང་ཞེས་བྱེད་པ་ལས་ཞ་ཟིན་པར་ཤེས་ནས། དེ་སྲད་བྱ་དང ་ནས་སྐམས་པར་བྱུང་སྟེ། དགའ་མགུར་སྤྱོད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་གང་དག་སངས་རྒྱས་བཅོམ་ལྡན་འདས་ལ་དད་པའི་སེམས་ཀྱིས་དགེ་བའི་རྩ་བ་བསྐྱེད་ན། ་ཐ་ན་དད་པའི་སེམས་ཅིག་བསྐྱེད་ན་ཡང་སེམས་ཅན་དེ་དག་ཉེས་པར་བྱས་པའི་ལས་ཀྱི་སྒྲིབ་པ་ལས་མི་ཁོམ་པ་རྣམས་སུ་སྐྱེས་བུ་ཟིན་ཀྱང ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡེ་ཤེས་དང་། བསྡུ་བའི་དངོས་པོའི་སྲང་བུས་སེམས་ཅན་དེ་དག་བཟུང་ནས་འཁོར་བའི་མཚོ་རྒྱ་ནས་སྟོན་ཏེ། ་མྱ་ངན་ལས་འདས་པའི་ཐང་ལ་འཇོག་གོ་ཞེས་གསུངསོ།། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་བརྒྱད ་དདང་ལྡན་ན། རྟག་ཏུ་རྒྱུན་མི་འཆད་པར་སངས་རྒྱས་དང་ཕྲད་པ་ཐོབ་པོ།། བརྒྱད་གང་ཞེ་ན། སངས་རྒྱས་ཀྱི་སྐུ་གཟུགས་ལ་ལྟ་བ་ཡང་དག་པར་འཛིན་དུ་བཅུག་པ ་དང་། དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱེད་པ་དང་རྒྱུན་མི་འཆད་པར་དེ་བཞིན་གཤེགས་པའི་སྔགས་པ་རྣམས་བརྗོད་པ་དང་། དེ་བཞིན་གཤེགས་པའི་སྐུ་བྱེད ་པ་དང་། གཟུགས་བྱང་བ་དང་། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ལ་ལྟ་བ་ཡང་དག་པར་འཛིན་དུ་བཅུག་པ་དང་། སངས་རྒྱས་ཀྱི་ཞིང་གང་ན་དེ་བཞིན ་གཤེགས་པ་རྣམས་ཀྱི་ཞིང་དེར་སྨོན་ལམ་འདེབས་པ་དང་། རྒྱུན་དུ་ཞུམ་པ་མེད་པ་དང་། རྒྱུན་དུ་རྒྱ་ཆེན་པོར་གྱུར་ནས། སངས་རྒྱས་ཀྱི་ཡེ་ཤེས་ཚོལ་བའི་ཞེས་གསུངས་སོ།། ། ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་། དེ་བཞིན་གཤེགས་པའི་མཆོད་རྟེན་བྱི་དོར་བྱེད་པ་དེ་སྨོན་ལམ་རྣམ་པར་དག་པ་ཕྱོགས་བཞི་རབ་ཏུ་ཐོབ་པོ།། བཞི་གང་ཞེ་ན། ་མཚན་ཕུན་སུམ་ཚོགས་པའི་གཟུགས་སྨོན་ལམ་རྣམ་པར་དག་པ་མཆོག་དང་། ཡིད་དམ་ལ་བརྟན་པ་སྨོན་ལམ་རྣམ་པར་དག་པ་མཆོག་དང་། དེ་བཞིན་གཤེགས་པ་མཐོང། ་བ་སྨོན་ལམ་རྣམ་པར་དག་པ་མཆོག་དང་། འཁོར་ཆེན་པོ་ཕུན་སུམ་ཚོགས་པའི་གཟུགས་སྨོན་ལམ་རྣམ་པར་དག་པ་མཆོག་གོ།། ཞེས་གསུངསོ།། ཡང་དེ་ཉིད་ལས ་དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་ལ་མེ་ཏོག་འབུལ་ལམ། སྤོས་རིས་འདྲི་ན། མ་ཚང་བ་མེད་པ་བརྒྱད་ཐོབ་སྟེ། བརྒྱད་གང་ཞེ་ན། གཟུགས་མ་ཚང་བ་མེད ་པ་དང་། ལོངས་སྤྱོད་མ་ཚང་བ་མེད་པ་དང་། གཡོག་འཁོར་མ་ཚང་བ་མེད་པ་དང་། ཚུལ་ཁྲིམས་མ་ཚང་བ་མེད་པ་དང་། ཏིང་ངེ་འཛིན་མ་ཚང་བ་མེད་པ་དང་། ཐོས་པ ་མ་ཚང་བ་མེད་པ་དང་། ཤེས་རབ་མ་ཚང་བ་མེད་པ་དང་། སྨོན་ལམ་མ་ཚང་བ་མེད་པའོ།། ཞེས་གསུངས་སོ།། དེ་བཞིན་གཤེགས་པ་གཟུགས་ཀྱི་ལེའུ་ལས་ཀྱང་། ས་འམ ་དོ་ཐལ་ལམ། ཤིང་ངམ་རྡོ་འམ། རུ་གར་རམ། ལྕགས་སམ། གསེར་རམ། དངུལ་ལམ། བཻ་ཏུརྱ་འམ། ཤེལ་ལམ། མུ་ཏིག་དམར་པོ་འམ། རྡོའི་སྙིང་པོ་འམ། ་སྡུག་གམ། དུང་ངམ། མན་ཤེལ་ལམ། ཤིང་ལེབ་འམ། རྩིག་དོས་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་བྲི་བར་བྱ། རལ་པ་བསོ་བར་བྱ། གྲུབ་པ་བཅོས་པར་བྱ་ཏེ། ་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན། རིགས་དཔའ་བ་རྣམས་དང་། སྡིག་པ་བྱེད་པའི་རིགས་རྣམས་དང་། ལོག་པར་ལྟ་བའི་རིགས་རྣམས་སུ་མི་སྐྱེ་སྟེ། ཡན་ལག ་གང་ཡང་རུང་བ་མ་ཚང་བ་མེད་པར་འགྱུར་རོ།། གལ་ཏེ་མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང་། དེ་བཞིན་གཤེགས་པ་ལ་དད་པ་རྙེད་དོ།། དེ་བཞིན ་གཤེགས་པའི་སྐུ་གཟུགས་བྱས་ན། ལས་དེས་སེམས་ཅན་དམྱལ་བའི་ཚོར་བ་མྱོང་བ་ཡང་ཆུང་ངུ་མྱོང་ཏེ། ཐེག་པ་གསུམ་ལས་ཐེག་པ་གང་ཡང་རུང་བས་ངེས་པར་འབྱུང་བར་འགྱུརརོ།། ་དཔེར་ན་མི་ཞིག་མི་གཙང་བས་རེག་པ་ལས་རབ་དུ་དག་པར་བཀྲུས་ཏེ། སྤོས་ཀྱིས་བྱུགས་ནས། དེའི་མི་ཞིམ་པ་མེད་པར་འགྱུར་རོ།། དེ་བཞིན་དུ་མཚམས་མེད་པ་བྱས་པ་དེའི ་སྡིག་ཀྱང་མེད་པར་འགྱུར་རོ།། གང་མི་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་ཡང་། དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ། དེ་བཞིན་གཤེགས་པའི་སྐུ་གཟུགས་ནས། ་དེའི་སྡིག་པ་དེ་ཇི་ལྟར་མེའི་ཕུང་པོས་མར་ཚིག་སྟེ། དུ་བ་ཡང་མི་མངོན་པ་བཞིན་དུ་དེའི་སྡིག་པ་ཡང་མི་སྣང་བར་འགྱུར་རོ།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་དང་ལྡན་པ། ་ཁྱིམ་ནས་བྱུང་བ། ཚུལ་ཁྲིམས་དང་ལྡན་པ། ཁྱད་པར་དུ་འཕགས་པ་ལྟ་སྨོས་ཏེ། རིན་པོ་ཆེ་ཕྱུང་པོའི་མདོ་ལས། སེམས་ཅན་གང་དག་སྡིག་པ་གསུམ་དུ་གཏོགས་པ་དེ་དག ་ཐམས་ཅད་ཀྱི་སོ་སོར་ནས་དེ་བཞིན་གཤེགས་པའི་མཆོད་རྟེན་འཕང་དུ་རིའི་རྒྱལ་པོ་རི་རབ་ཙམ་བྱས་ཏེ། དེ་དག་ལ་བསྐལ་པ་གང་གའི་བྱེ་མ་སྙེད་དུ་སོ་སོ་ནས་སྟི་སྟང་དུ་བྱ་བ་ཐམས ་ཅད་ཀྱི་སྟི་སྟང་བྱས་པ་བས། བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་གང་གིས་མེ་ཏོག་ཅིག་ཕུལ་ན། དེ་ནི་བསོད་ནམས་ཆེས་མང་དུ་སྐྱེད་དོ་ཞེས ་ཇི་སྐད་གསུངས་པ་ལྟ་བུའོ།། ཡང་རིན་པོ་ཆེའི་ཕུང་པོའི་རདོ་ཉིད་ལས་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ཐེག་པ་ཆེན་པོ་ལ་ཡང ་དག་པར་ཞུགས་ཏེ། ཐམས་ཅད་འཁོར་ལོ་བསྒྱུར་བའི་རྒྱལ་སྲིད་དང་ལྡན་པར་འགྱུར་ལ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རེ་རེས་ཀྱང་རྒྱ་མཚོ་ཆེན་པོ་ཙམ་གྱི་མར་མེའི་སྣོད་བྱས་ཏེ། ་རི་རབ་ཙམ་གྱི་སྙིང་པོ་བསྲེག་ལ། སོ་སོ་ནས་འདི་འདྲ་བའི་མར་མེས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱས་པ་བས། གང་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བའི་བྱང ་ཆུབ་སེམས་དཔས་མར་མེའི་སྙིང་པོས་ཡུངས་མར་གྱི་བསྐུས་ཏེ། དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་དྲུང་དུ་གཟུགས་ནས། མར་མེ་ཕུལ་བས་སྔ་མ་བས་སྙིང་པོ་ཡུངས་མར་གྱི ་བསྐུས་པ་དེའི་བརྒྱའི་ཆར་ཡང་མི་ཆོག་པ་ནས་རྒྱུའི་བར་དུ་ཡང་མི་ཆོག་གོ། གང་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་དག་གིས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ ་འདུན་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱི་སྟི་སྟང་བྱས་པ་བས། གང་ཡང་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བའི་བྱང་ཆུབ་སེམས་དཔས་བསོད་སྙོམས་བླངས་ཏེ། ལྷུང་ཟེད་དུ ་འོངས་པ་གཞན་དང་སྒོས་ཏེ་ཟས་ན། དེ་ནི་དེ་བས་ཆེས་ཆེས་འཕག་སོ་གང་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་དག་གི་རི་རབ་ཙམ་གྱི་ཆོས་ཀྱི་ཕུང་པོ།། སངས་རྒྱས་ལ་སོགས ་པ་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་ཡང་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བའི་བྱང་ཆུབ་སེམས་དཔས་ཆོས་གོས་གསུམ་པོ་མེ་ཏོགས་པར་གཞན་ཐེག་པ་ཆེན་པོ ་ལ་ཡང་དག་པར་ཞུགས་པ་དང་། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕུལ་ན། སྔ ་མའི་ཆོས་གོས་ཀྱིས་ཕུང་པོ་དེ་དགེ་སློང་ལ་ཆོས་གྱིས་བྱིན་པ་འདིའི་ཟིལ་དུ་རླག་གོ། གང་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་དག་རེ་རེས་འཛམ་བུའི་གླིང་ཐམས་ཅད་མེ ་ཏོག་གིས་བཀང་སྟེ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕུལ་བ་བས། གང་ཡང་ཁྱིམ་གྱི་གནས་ནས་མངོན་པར་བྱང་བའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས ་པའི་མཆོད་རྟེན་ལ་ཐ་ན་མེ་ཏོག་ཕུལ་ན། སྦྱིན་པ་སྔ་མ་བས་སྦྱིན་པ་འདི་ནི་བརྒྱའི་ཆར་ཡང་མི་ཆོག་པས་ནས། རྒྱའི་བར་དུ་མི་ཆོག་གོ།། ཞེས་གསུངས་སོ།། མཐར་གྱི ་ཡང་དག་འཕགས་པའི་མདོ་ལས་ཀྱང་བཟང་པོ་ཕན་ཡོན་བཞི་པོ་འདི་ཡང་དག་པར་རྗེས་སུ་མཐོང་ནས། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་མཆོད་པ་ལ ་སྤྲོ་བ་ཡིན་ནོ།། བཞི་གང་ཞེ་ན། སྦྱིན་གནས་མཆོག་ལ་བདག་མཆོད་པར་འགྱུར་བ་དང་། བདག་ལས་ཟླ་ལྟས་ཏེ། སེམས་ཅན་གཞན་ཡང་དེ་བཞིན་དུ་མཆོད་པ ་བྱེད་པར་འགྱུར་བ་དང་། ཡང་དེ་བཞིན་གཤེགས་པ་མཆོད་ནས། བྱང་ཆུབ་ཀྱི་སེམས་བརྟན་པར་འགྱུར་བ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་མངོན་དུ ་མཐོང་ནས། དགེ་བའི་རྩ་བ་བརྩེགས་པར་འགྱུར་བ་དེ། བཞི་པོ་འདི་དག་གསུངས་སོ།། འདི་ཡང་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བ་བླ་ན་མེད ་པ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་འབྱུང་བ། བློ་གྲོས་རྒྱ་མཚོས་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བ་བླ་ན་མེད ་པའོ།། གསུམ་གང་ཞེ་ན། གང་བྱང་ཆུབ་དུ་སེམས་བསྐྱེད་པ་དང་། གང་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། གང་སེམས་ཅན ་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེས་པའོ།། ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། དོན་དམ་པའི་མཆོད་པ་ལ་ཡང་རྟག་དུ་བརྩོན་པར་བྱ་སྟེ། བྱམས་པ་སེང་གེ་སྒྲའི་མདོ་ལས་བྱུང་བ། ་སངས་རྒྱས་སུ་འདུ་ཤེས་པ་ལ་སངས་རྒྱས་མཐོང་བ་ཡང་མེད་ན། སངས་རྒྱས་སུ་མཆོད་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མ་ཡིན་ནོ།། དེ་ལ་སངས་རྒྱས་ལ་མཆོད ་པ་གང་ཞེ་ན། གང་འདུ་ཤེས་ཀྱི་མཚན་མ་མི་སྐྱེད་པའོ།། གང་ལ་སེམས་མེད་པ་དང་། སེམས་ལས་བྱུང་བ་ཡིད་ལ་མི་བྱེད་པ་དང་། སངས་རྒྱ་སུ་འདུ་ཤེས་མེད་པ་དང་། ་ཆོས་སུ་འདུ་ཤེས་མེད་པ་དང་། དགེ་འདུན་དང་གང་ཟག་དང་བདག་དང་། ཕ་རོལ་དུ་འདུ་ཤེས་མེད་པ་འདི་ནི་དེ་བཞིན་གཤེགས་པ་ལ་མཆོད་པའོ་ཞེས་གསུངས་སོ།། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་ལག་ཏེ་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་རྙེད་དེ་བཞིན་གཤེགས་པའི་རིང་སྲེལ་གྱིས་ཁ་བཅིང་དུ་རུང་བ་ཙམ་དུ་གང ་ཁར་འགྱུར་བ་དང་། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་ལ་བྲིས་པ། ཆ་དེ་གཉིས་ལས་གཅིག་སྩལ་ན། བཅོམ་ལྡན་འདས་བདག་གིས་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་འདི་ཉིད་བླང་ངོ་།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་རིང་སྲེལ་དག་ལས་བྱུང་བས་ན། མཆོད་རྟེན་དེ་བཞིན་གཤེགས ་པའི་རིང་སྲེལ་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་སྒོམ་པའོ།། ཞེས་གསུངས་སོ།། གང་དག་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་མྱ་ངན་ལས་འདས ་པ་ལ་ཡང་དག་པར་ཇི་ལྟ་བ་བཞིན་དུ་མོས་པའི་སེམས་ཅན་དེ་དག་ནི་ཤིན་དུ་རྙེད་པར་དཀའོ།། དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཡང་དག་པ ་ལྟ་བ་བཞིན་ཅི་འདྲ་ཞེ་ན། མདོ་སྡེ་དུ་མ་ལས་ཐོས་ཏེ། དེ་བཞིན་གཤེགས་པ་སྐྱེ་བ་སྲིད་པའི་མདོ་ལས་འབྱུང་བ། ཀྱེ་རྒྱལ་བའི་བསྲས་འདི་ལ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོར་ཁོང་དུ་ཆུད་པར་འདོད་པས། ་རང་བཞིན་གྱི་ངོ་བོ་ཉིད་ལ་བློ་ཡོངས་སུ་བཏང་སྟེ། དེས་དེ་བཞིན་ཉིད་ཀྱིས་ཡོངསུ་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱའོ།། ཡང་དག་པའི་མཐའི་ཡོངས་སུ་མྱ་ངན་ལས ་འདས་པ་ཇི་ལྟ་བ་དང་། དབྱིངས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང་། ན་མཁའི་དབྱིངས་ཀྱི་ཡོངསུ་མྱ་ངན་འདས་པ་ཇི་ལྟ་བ་དང་། རང་བཞིན་གྱིས་ཡོངས་སུ ་མྱ་ངན་འདས་པ་ཇི་ལྟ་བ་དང་། འདོད་ཆགས་དང་བྲལ་བའི་མཐའ་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང་། རྨི་ལམ་གྱི་མཐའི་ཡོངས་སུ་མྱ་ངན་འདས་པ་ཇི་ལྟ་བ་དང་།། ་མཚན་ཉིད་མེད་པའི་མཐའི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང་། འདོད་ཆགས་དང་བྲལ་བའི་མཐའ་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་བདག་གི་རང་བཞིན་གྱི ་མཐའ་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་མཐའི་ཡོངསུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དེ་བཞིན་དུ། དེ་བཞིན་གཤེགས་པའི ་ཡོངས་སུ་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་དེ་དག་ཐོག་མ་ནས་མ་སྐྱེས་མ་བྱུང་བ་དེ་ལ་འབྲལ་བར་འགྱུར་བ་གང་ཡང་མེད་དོ།། ཀྱེ་རྒྱལ ་བའི་སྲས་གཞན་ཡང་དེ་བཞིན་གཤེགས་པ་རྣམས་ནི། བྱང་ཆུབ་སེམས་དཔའ་རྣམས་ལ་ཡོངས་སུ་མྱ་ངན་ལས་འདའ་བ་ཤིན་དུ་མཐར་ཐུག་པ་མི་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། ་དེ་དག་གིས་ནི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ད་ལྟར་བྱུང་བ་དེ་བཞིན་དུ་འདས་པ་དང་། མ་བྱོན་པའི་རྣམས་ཀྱང་སྐད་ཅིག་ཅིག་ལ་མངོན་དུ་བྱས་ཏེ། སྐད་ཅིག་ཀྱང ་ཡེ་ཤེས་ཀྱི་སྐད་ཅིག་གི་རྗེས་སུ་འབྲང་བར་བྱ། སྐ་ཅིག་དེ་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་སྔོན་དུ་ལྟ་བར་བྱ། དེ་བཞིན་གཤེགས་པའི་མངོན་པར་བསྒྲུབ་པ་ཐམས ་ཅད་ཀྱང་དེས་མངོན་པར་བསྒྲུབ་པར་བྱ་སྟེ། དེས་ནི་གཉིས་ཀྱི་འདུ་ཤེས་ཀྱང་སྐྱེད་པར་མི་བྱ། མི་གཉིས་པའི་འདུ་ཤེས་ཀྱང་མ་ཡིན། སེམས་ཅན་གྱི་འདུ་ཤེས་ཀྱང་མ ་ཡིན། བདག་གི་འདུ་ཤེས་ཀྱང་མ་ཡིན་པར་བྱ་བའི་ཕྱིར་རོ།། ཀྱེ་རྒྱལ་བའི་སྲས། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་མངོན་པར་ཞེན་པའི་ལམ་ཐམས་ཅད ་དང་བྲལ་ཞིང་འདུ་ཤེས་ཐམས་ཅད་དང་བྲལ་བར་བྱ་དགོས་པའི་ཕྱིར་རོ།། ཀྱེ་རྒྱལ་བའི་སྲས་གཞན་ཡང་དེ་བཞིན་གཤེགས་པ་འབྱུང ་བ་འདི་ནི་སེམས་ཅན་ཕ་རོལ་ཡོངས་སུ་ཚིམ་པར་འགྱུར་བའི་ཚིག་གོ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ནི། སེམས་ཅན་ཕ་རོལ་གྱི་སྒོ ་བསྐྱེད་པའི་ཚིག་སྟེ། ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་རྣམས་ལ་སྐྱེ་བ་མེད་དེ། ཡོངས་མྱ་ངན་ལས་མི་འདའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས ་ནི་ཆོས་ཀྱི་དབྱིངས་ལ་ཞུགས་པའི་ཕྱིར་ཏེ། སེམས་ཅན་ཕ་རོལ་གྱི་སེམས་དང་། བསམ་པ་ཡོངསུ་སྐྱོང་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པས་ཡོངས་སུ་མྱ་ངན་ལས ་འདས་པར་སྣང་ངོ་།། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་ཉི་མའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཀྱི་ཚད་དང་མཉམ་པ་ཞིག་ཤར་ན། དེ་ཤར་ནས་ཀྱང་འཇིག་རྟེན ་གྱི་ཁམས་ཐམས་ཅད་ཆུ་ཡོངསུ་དང་བའི་སྣོད་ཐམས་ཅད་དུ་གཟུགས་བརྙན་ཕྱིན་པར་སྣང་ཞིང་མངོན་ལ། ཉི་མའི་དཀྱིལ་འཁོར་འཕོས་པ་མེད་ཅིང་། ཉི་མའི་དཀྱིལ ་འཁོར་ཀུན་དུ་ཕྱིན་པར་སྣང་བར་གྱུར་ཀྱང་། དེའི་ནང་ན་ཆུའི་ནང་ན་སྣོད་ཅིག་ཆག་གམ། དེ་ནས་ལོགས་ཤིག་དུ་ཕྱུང་ངམ། སྟོང་པར་བཞགས་པར་གྱུར་ན། ཉི་མའི ་གཟུགས་བརྙན་ཡང་སྣང་བར་མི་འགྱུར་ན། ཀྱེ་རྒྱལ་བའི་སྲས་དེ་ཇི་སྙམ་དུ་སེམས། ཉི་མའི་དཀྱིལ་འཁོར་རམ་ཅིག་གི་ཉེས་ཏེ། སྣོད་དེར་ཉི་མའི་གཟུགས་བརྙན་མི ་སྣང་བར་གྲང་ངོ་།། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རིས་སུ་འབྱུང་བའི་དཔལ་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་མ་ཡིན་ཏེ། སྣོད་དང་མི་ལྡན་པའི ་ཕྱིར། ཉི་མའི་གཟུགས་བརྙན་མི་སྣང་གི། ཉི་མའི་དཀྱིལ་འཁོར་གྱི་ཉེས་པ་མ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་བཞིན ་དུ་དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་འཁོར་འཆར་བར་གྱུར་པའི་ཚེ་ཡང་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་དབྱིངས་ཀུན་དུ་སྔ་ཕྱི་མེད་པར་འཆར་ཏེ། ་དེ་ནི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཀུན་གྱི་སེམས་ཅན་སེམས་རྙོག་པ་མེད་པ་དང་ལྡན་པའི་ཆུའི་སྣོད་ཐམས་ཅད་ལ་གཟུགས་བརྙན་སྣང་བར་འགྱུར་རོ།། སེམས་ཀྱི ་རྒྱུད་རྙོག་པ་མེད་པའི་ཕྱིར་རྟག་དུ་རྒྱུན་མི་འཆད་པར་དེ་བཞིན་གཤེགས་པར་སྐུ་ཉི་མའི་དཀྱིལ་འཁོར་སྣང་ཡང་སེམས་ཅན་སེམས་རྙོག་པ་དང་ལྡན་ཞིང་། སྣོད་ཆག ་པར་གྱུར་པ་རྣམས་ཀྱིས་ནི་དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་འཁོར་མཐོང་བར་མི་འགྱུར་ཏེ། དེ་བཞིན་གཤེགས་པ་ལ་འཕོ་བ་མི་མངའ་ཡང་ཐམས་ཅད ་དུ་སྐྱེ་བར་སྣང་སྟེ། འཇིག་རྟེན་གྱི་ཁམས་རབ་འབྱམ་ལ་ལ་ཞིག་གིས་སེམས་ཅན་སྣོད་ཆག་ལྟ་བུར་གྱུར་པ་འམ། སེམས་རྙོག་པ་དང་ལྡན་ཞིང་ལས་དང་། ཉོན་མོངས་པས་སྒྲིབ ་པ་ཞིག་ཡོད་པར་གྱུར་ན་ཡང་། དེང་ནི་དེ་བཞིན་གཤེགས་པ་རྣམས། མྱ་ངན་ལས་འདའ་བར་སྣང་ན། ཀྱེ་རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས ་@ཞེས་ཏེ། དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་འདའ་བ་གཅིག་དུ་མ་གྱུར་གྲང་ངོ་།། སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་ལྟ་མ་ཡིན་ཏེ། དེ་བཞིན ་གཤེགས་པ་རྣམས་ནི་སེམས་ཀྱི་རྒྱུད་དགེ་བའི་རྩ་བ་དང་མི་ལྡན་པས། ཡོངས་སུ་མྱ་ངན་ལས་འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཉེས་པའི་ཕྱིར་ཞེས་ནི་མི་བརྗོད་དོ།། ་སྨྲས་པ། ཀྱེ་རྒྱལ་བའི་སྲས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་འདས་པ་ཡང་དེ་ལྟ་བའི་ཤེས་པར་བྱའོ།། ཀྱེ་རྒྱལ ་བའི་སྲས་གཞན་ཡང་ཡོངསུ་མྱ་ངན་ལས་འདའ་བས་འདུལ་བའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་ཏེ། དེ་བཞིན་གཤེགས ་པ་རྣམས་ནི་འབྱུང་བ་ཡང་མེད། ཡོངས་སུ་མྱ་ངན་ལས་འདའ་བ་ཡང་མེད་དོ།། ཀྱེ་རྒྱལ་བའི་སྲས་དེའང་འདི་ལྟ་སྟེ། དཔེར་ན་མེ་ནི་འཇིག་རྟེན་ཐམས་ཅད་ནའང་མེའི་དགོས ་པ་བསྒྲུབ་པོ།། དེ་ལས་གྲོང་ངམ་གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་ལམ། ཕོ་བྲང་འཁོར་ཏམ། རྒྱལ་པོའི་གནས་ཤིག་དུ་མེ་ཤི་བར་གྱུར་ན། ཀྱེ་རྒྱལ་བའི་སྲས་དེ་ལ ་ཇི་སྙམ་དུ་སེམས། དེས་འཇིག་རྟེན་ཐམས་ཅད་དུ་མེ་ཐམས་ཅད་ལྷག་མ་མེད་པ་འམ། ཅིག་དུ་ཤི་སྟེ། ཞི་བར་མ་གྱུར་གྲོང་ངོ་།། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས ་པའི་རིག་སུ་བྱུང་བའི་དཔལ་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་ལ་དེ་ལྟ་མ་ཡིན་ནོ།། སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་ཀྱང་འཇིག་རྟེན་གྱི་ཁམས་རབ་འབྱངས་མ་ལུས་ཐམས་ཅད་ན། དེ་བཞིན་གཤེགས་པའི་ཕྲིན་ལས་མཛད་པ་ལས་དུས་གཞན་ཞིག་ན། དེ་བཞིན་གཤེག། ་པའི་ཕྲིན་ལས་ཡོངས་སུ་རྫོགས་པར་གྲུབ་ནས། ཞིང་གི་གྲངསུ་བྱ་བ་ལ་ལ་ཞིག་ནས་ཡོངས་སུ་མྱ་ངན་ལས་འདའ་བ་བསྟན་པར་འདོད་ན། ཀྱེ་རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ ་སེམས་འཇིག་རྟེན་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་འམ། ཅིག་ཡོངས་སུ་མྱ་ངན་ལས་འདས་པར་མ་གྱུར་གྲོང་ངོ་།། སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་ལྟ་མ་ཡིན་ནོ།། ་སྨྲས་པ། ཀྱེ་རྒྱལ་བའི་སྲས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ ་མྱ་ངན་ལས་འདས་པ་ཆེན་པོ་ཡང་དེ་ལྟ་བུར་ཁོང་དུ་ཆུད་པར་བྱའོ།། ཀྱེ་རྒྱལ་བའི་སྲས་གཞན་ཡང་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་མཁས་པ་ལོབས་པ་ཤིན་ཏུ་བྱང་བ ་ཞིག་གིས་སྔགས་དང་རིག་སྔགས་ཀྱི་སྟོབས་དང་ཤུགས་ལ་རྟེན་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྒྱུ་མའི་རྣམ་པ་མང་པོ་བསྟན་ཅིང་གྲོང་དང་། ་གྲོང་ཁྱེར་དང་། ལྗོངས་དང་། ཕོ་བྲང་འཁོར་དང་། རྒྱལ་པོའི་གནས་ཐམས་ཅད་དུ་རང་གི་ལུས་བསྟན་ཏེ། སྒྱུ་མ་དེ་དག་ཀྱང་བསྐལ་པར་གནས་པར་བྱིན་གྱིས་བརླབས་པ་ལས། ་གྲོང་ངས་གྲོང་ཁྱེར་རམ། ལྗོངས་སམ། ཡུལ་ལམ། ཕོ་ཟང་འཁོར་རབ། རྒྱལ་པོའི་གནས་གང་དག་དུ་གུས་པ་རྫོགས་པར་ཟིན་ནས་སྒྱུ་མའི་མཁན་པོ་དེ་རང་གི་ལུས་མི་སྔ ་བར་བྱ་ན། ཀྱེ་རྒྱལ་བའི་སྲས་ཇི་སྙམ་དུ་སེམས། འཇིག་རྟེན་ཐམས་ཅད་ཀྱང་སྒྱུ་མའི་རྣམ་པ་མང་པོས་ཡོངསུ་ནུབ་པ་འམ་ཅིག་དུ་མ་གྱུར་གྲོང་ངོ་།། ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རིགསུ་བྱུང་བའི་དཔལ་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་ལྟ་མ་ཡིན་ནོ།། སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་དེ་བཞིན་གཤེག ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་ཀྱི་སྒྱུ་མའི་ཚད་མེད་པ་ལ་ཤིན་དུ་བྱུང་བ། ཐབས་དང་ཤེས་རབ་དང་། ཡེ་ཤེས་དང་ཤེས་རབ་དང་། ཡེ་ཤེས་ཀྱི ་རིག་སྔགས་ཀྱི་ཤིན་དུ་བྱུང་བ་ཡང་ཆོས་ཀྱི་དབྱིངས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་སྐུའི་རྣམ་པ་ལྟ་བུའི་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་གནས་པ། ན་མཁའི་ཁམས་ཀྱི་མཐར ་ཐུག་པར་མི་འཇིགས་པར་བསྟན་ལ། སེམས་ཅན་གྱི་མོས་པ་བཞིན་ཕྲིན་ལས་རྫོགས་པར་ཟིན་ནས་ཞིང་རབ་འབྱམས་ལ་ལ་ཞིག་ནས་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་ཀྱང་། ་ཞིང་གཅིག་ནས་ཡོངས་སུ་མྱ་ངན་ལས་འདས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་དེ་ལྟ་བུར་ཁྱོད་དུ་ཆུད་པར་བྱའོ།། ཀྱེ་རྒྱལ་བའི་སྲས། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བ་ཚད་མེད་པའི་རྗེས་སུ་སོང་བ། ཆགས་པ་མེད། ་པའི་མཐར་ཐུག་པ། ཆོས་ཀྱི་དབྱིངས་ལྟར་མཐའ་དང་དབུས་མེད་པ། ན་མཁའི་དབྱིངས་ཀྱི་རང་བཞིན་ཅི་ན། དེ་བཞིན་ཉིད་ཀྱིས་མི་སྐྱེ་མི་འགག་པ། ཡང་དག་པའི་མཐའ་ལ ་དམིགས་པ་དུས་སུ་རབ་ཏུ་སྟོན་པ། འགྲོ་བ་ཐམས་ཅད་དུ་རྒྱུན་མི་འཆད་པ། སྔོན་གྱི་བྱིན་གྱིས་བརླབས་ཀྱིས་ཤིནྡ་བྱིན་གྱིས་བརླབས། འགྲོ་བའི་ཞིང་ཐམས་ཅད་ཀྱི་དབྱིངས ་ཐམས་ཅད་ལས་མི་འདའ་བར་ཁོང་དུ་ཆུད་པར་བྱའོ།། ཞེས་གསུངས་སོ།། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་ཀྱང་། རབ་འབྱོར་མྱ་ངན་ལས་འདས་པ་འདི་ལྟ་སྟེ། རང ་བཞིན་གྱི་སྟོང་པ་ཉིད་དོ་ཞེས་གསུངསོ།། །། མདོ་ཀུན་ལས་བསྡུས་པ།། ། བམ་པོ་བཞི་པ།། ་དམ་པའི་ཆོས་པད་མ་དཀར་པོའི་མདོ་ལས་ཀྱང་། འོད་བསྲུང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་ནི་མྱ་ངན་ལས་འདའ་བའོ་ཞེས་གསུང་སོ།། ཡང་དེ་ཉིད་ལས ་རིགས་ཀྱི་བུ་གང་ཡང་དེ་བཞིན་གཤེགས་པས་མཛད་པས་དེ་དེ་བཞིན་གཤེགས་པ་མཛད་ཅིང་ཡུན་རིང་པོ་དེ་སྲིད་ནས་མངོན་པར་རྫོགས་པར་སངས་རྒྱས་ནས། ཚེ་དཔག་ཏུ་མེད ་པར་དེ་བཞིན་གཤེགས་པ་རྟག་ཏུ་བཞུགས་ཤིང་ཡོང་སུ་མྱ་ངན་ལས་མི་འདའ་བ་སྟེ། འདུལ་བའི་དབང་གིས་ཡོང་སུ་མྱ་ངན་ལས་འདའ་བ་སྟོན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ་ངས་རྣམ་གྲངས་དེས་སེམས་ཅན་རྣམས་ཡོངས་སུ་སྨིན་པ་བྱེད་པའི་ཕྱིར་རོ།། ཤེས་གསུངས་སོ།། སྙིང་རྗེ་ཆེན་པོའི་མདོ་ལས་ཀྱང་། ཚངས་པ་འདི་ལྟར་འཇིག་རྟེན་འདི་ལས ་ཟད་པ་དང་། ཉོན་མོངས་པ་ཟད་པ་དང་། སྡུག་བསྔལ་ཉེ་བར་ཞི་བས། ཞི་ཞིང་བྱང་སྟེ། རྣམ་པར་ཞི་བ་ནི་ཡོངསུ་མྱ་ངན་ལས་འདས་པའོ།། ཚངས ་པ་འདི་ལས་གང་ཡིན་པ་དེ་ཟད་པ་དང་། ཉོན་མོངས་པ་གང་ཡིན་པ་དེ་དང་བྲལ་ཞིང་ནུབ་པ་མ་རྟོགས་པར་མྱ་ངན་ལས་འདས་པ་གང་ཡང་མེད་དོ།། ། ཞེས་གསུངས་སོ།། འཇིག ་རྟེན་ལས་འདས་པའི་ལེའུ་ལས་ཀྱང་། སངས་རྒྱས་རྣམས་ཀྱི་མྱ་ངན་ལས་འདས་ཀུན་དུ་བསྟན་པ་ལས་འཇུག་པའི་མཐའ་ཡས་པའོ།། ། ཞེས་གསུངསོ།། འཕགས་པ ་ཚངས་པས་ཞུས་པའི་མདོ་ལས་ཀྱང་། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བགྱི་བ་ནི། གང་མཚན་མ་ཐམས་ཅད་རབ་དུ་ཞི་བ་དང་། གཡོ་བ་ཐམས ་ཅད་དང་བྲལ་བའོ།། ། ཞེས་གསུངསོ།། ཡང་གསུངས་པ། ཚངས་པས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཕན་ཚུན་དུ་རྐྱེན་གྱི་སྒྲོ་བཏགས་པ་མེད་པའོ་ཞེས་འབྱུང་།། ་ཡང་དག་པར་ལྡན་པའི་ལུང་ལས་ཀྱང་། དགེ་སློང་དག་ཁྱོད་མྱ་ངན་ལས་འདས་པ་དང་། མྱ་ངན་ལས་འདས་པར་འགྲོ་བའི་ལམ་བཤད་པར་བྱའོ།། དེ་ལ་མྱ་ངན་ལས ་འདས་པ་གང་ཞེ་ན། འདི་ལྟ་སྟེ་འདོད་ཆགས་ཟད་པ་དང་། ཞེ་སྡང་ཟད་པ་དང་། གཏི་མུག་ཟད་པའོ།། དེ་ལ་མྱ་ངན་འདའ་བར་འགྲོ་བའི་ལམ་གང་ཞེ་ན། འཕགས ་པའི་ལམ་ཡན་ལག་བརྒྱད་པ་ཉིད་དོ།། ཞེས་གསུང་སོ།། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཤིན་དུ་རྒྱས་པའི་མདོ་ལས་ཀྱང་། མེའུ་འགལ་གྱི་བུ་སྔོན་བྱུང་དེ་བཞིན་གཤེགས།། ་པ་ལ་སྙན་པ་བརྗོད་པ་ཞེས་བྱ་བ་བྱུང་སྟེ། དེའི་ཉན་ཐོས་འདུས་པ་ཡང་བྱུང་ངོ་།། དེའི་ཚེ་ན་སངས་རྒྱས་ཀྱི་ཞིང་དེ་ན། དགེ་སློང་དམིགས་པ་ཀུན་ལ་མཚུངས་པར་ལྟ་ཞེས ་བྱ་བ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཅིག་ཡོད་དེ། སངས་རྒྱས་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དཔག་དུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ཀྱང་། དེ་དེ་སྲིད་ཀྱི ་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ལ་མ་ཞུགས་ཀྱི་ཐེག་པ་ཆེན་པོ་བླ་ན་མེད་པ་ལ་ཡང་དག་པར་ཞུགས་ཏེ། སངས་རྒྱས་ཀྱི་ཞིང་བརྗོད་པ ་ཡོངས་སུ་སྦྱོང་བར་འདོད་དོ།། ཡང་དེའི་ཚེ་ན་སངས་རྒྱས་ཀྱི་ཞིང་དེ་ན་དགེ་སློང་ཅིག་པོ་མ་རྟོགས་པར་སེམས་ཅན་གཞན་གང་གིས་ཀྱང་བྱང་ཆུབ་ཀྱི་ཕྱིར་བྱང་ཆུབ་དུ་སེམས ་མ་བསྐྱེད་དེ། དེ་ཆོས་ཟབ་མོ་ཐམས་ཅད་ལ་དབང་བཟས་པས་ལྷ་ཚེ་རིངས་པོ་རྣམས་ཀྱི་ནང་དུ་སྐྱེས་སོ།། དེ་ནས་དེ་བཞིན་གཤེགས་པ་སྙན་པ་བརྗོད་པ་སངས་རྒྱས་ཀྱི ་མཛད་པ་མཛད་ནས། སེམས་ཅན་ཆེན་པོ་གང་ལ་སངས་རྒྱས་ཀྱི་མཛད་པ་མཛད་ཅེས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གཟིགས་པ་དང་། དེས་དེ་ཐེག་པ་ཆེན་པོ་ལ་ཡང་དག ་པར་ཞུགས་པའི་སེམས་ཅན་ཅིག་པོ་དེ། བྱང་ཆུབ་ཀྱི་སྣོད་ན་གྱུར་ན། དེ་ཡང་མི་དལ་བ་སྙེད་ནས། དེ་ལུས་དེ་ཉིད་ཀྱིས་བྱང་ཆུབ་དུ་དགེ་བའི་རྩ་བ་བསྐྱེད་པའི་བསྐལ་པ ་མེད་དེ། དེ་ནས་ཤི་འཕོས་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་སྟེ། དེ་དེ་ན་ཡང་བྱང་ཆུབ་དུ་དགེ་བའི་རྩ་བ་བསྐྱེད་པའི་བསྐལ་པ་མེད་ལ། མནར ་མེད་པ་ནས་ཤི་འཕོས་ཏེ། མི་རྣམས་ཀྱི་ནང་དུ་སྐྱེས་ཀྱང་བླུན་པ་ལུག་ལྟར་ལྐུགས་པ་ལག་བརྡ་བྱེད་པ། ཆོས་གོ་བའི་མཐུ་མེད་པར་གཟིགས ་ནས། དེར་དེ་བཞིན་གཤེགས་པ་དེ་སྤྲུལ་ཏེ། སེམས་ཅན་དེ་ཡོངསུ་སྨིན་པར་མཛད་དོ།། སྤྲུལ་པས་དེ་ཡོངས་སུ་སྨིན་པར་མཛད་པ་ན་སྐྱེ་བ་བྱེ་བ་ཕྲག་ཁྲིག་ཕྲག་དྲུག་བཅུར་དེ ་བཞིན་གཤེགས་པ་མི་བདེ་བ་མྱོང་ངོ་།། མེའུ་འགལ་གྱི་བུ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་ལ་ལྟོས། སེམས་ཅན་ཅིག་གི་ཕྱིར་ཡང་དག་བསྐལ་པ་གྲངས་མེད་པར་མི ་བདེ་བ་མྱོང་ཞིང་། གང་ཟག་དེ་ཡོངས་སུ་སྨིན་པར་མཛད་ནས། ཕྱིར་མི་ལྡོག་ལམ་ལ་བཞག་གོ། མེའུ་འགལ་གྱི་བུ་ཇི་སྙེད་དུ་སེམས། དེའི་ཚེ་དེའི་དུས་ན། དེ་བཞིན ་གཤེགས་པ་སྙན་པ་བརྗོད་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པ་སྙམ་ན་དེ་ལྟར་མི་ལྟའོ།། མེའུ་འགལ་གྱི་བུ་འདི་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་དམིགས་པ་ཀུན་ལ ་མཚུངས་པར་ལྟ་བར་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་སྙམ་ན་དེ་ལྟར་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་འོད་དཔག་མེད་པའི་ཚེ། དགེ་སློང་དག ་དམིགས་པ་ཀུན་ལ་མཚུངས་པར་ལྟ་བ་ཞེས་བྱ་བར་གྱུར་ཏེ་ཞེས་གསུངསོ།། ཡབ་དང་སྲས་མཇལ་བའི་མོ་ལས་ཀྱང་། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་བསྐལ ་པ་དཔག་དུ་མེད་པ་བགྲང་དུ་མེད་པ། བསམ་གྱིས་མི་ཁྱབ། མཚུངས་པ་མེད་པ། གཞལ་དུ་མེད་པ། བརྗོད་དུ་མེད་པ། འདས་པའི་དེའི་ཚེ་དེའི་དུས་ན། དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་རྟོག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་།། དེའི་ཚེ་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་དེ་བཞིན་གཤེག། ་པ་དེའི་ཞིང་ཅིག་དུ་གྱུར་ཏོ།། སངས་རྒྱས་ཀྱི་ཞིང་དེ་ན་འཁོད་པའི་སེམས་ཅན་རྣམས་ཀྱང་བདེ་བ་ལྔ་ཐོབ་པར་གྱུར་ཏེ། འདི་ལྟར་ལ་ལ་ནི་འདོད་པའི་བདེ་བ་དང་ལྡན་པར་གྱུར་ཏོ།། ་འདི་ལྟར་ལ་ལ་ནི་ཁྱིམ་ནས་བྱུང་བའི་བདེ་བ་དང་ལྡན་པར་འགྱུར་རོ།། ལ་ལ་ནི་བསམ་གྱི་བདེ་བ་དང་ལྡན་པར་གྱུར་ཏོ།། ལ་ལ་ནི་སྙོམས་པར་འཇུག་པའི་བདེ་བ་དང་ལྡན་པར ་གྱུར་ཏོ།། ལ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་དང་ལྡན་པར་གྱུར་ཏེ། དེ་དག་བདེ་བ་ལ་ཡང་སྦྱོང་ལ། དེ་དག་ལ་ཡང་མངོན་པར་ཞེན་པ་མེད ་པར་གྱུར་ཏོ།། འདི་ལྟ་སྟེ་དཔེར་ན། བྱུང་བ་མེ་ཏོག་གི་ཁུ་བས་ཉེ་བར་འཚོ་ཡང་། དེ་ལ་མངོན་པར་ཞེན་པ་མེདདོ།། དེ་བཞིན་དུ་སེམས་ཅན་དེ་དག་ཀྱང་བདེ་བ་ལ་ཡོངས་སུ ་སྤྱོད་ཀྱང་། དེ་ལ་མངོན་པར་ཞེན་པ་མེད།། འདི་ལྟ་སྟེ་དཔེར་ན། བར་སྣང་ལ་རྒྱུ་བའི་བྱ་ནི་བར་སྣང་ལ་ཡང་རྒྱུ་ལ་དེ་མངོན་པར་ཆགས་པ་མེད་དོ།། དེ་བཞིན་དུ་སེམས ་ཅན་དེ་དག་ཀྱང་བདེ་བ་ལ་ཡོངས་སུ་སྤྱོད་ཀྱང་། དེ་ལ་མངོན་པར་ཞེན་པ་མེད་དོ།། འཇམ་དཔལ་གྱིས་གསོལ་པ། དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དབང ་པོའི་རྟོག་ཅེས་བགྱི་བར་གྱུར་པ་དེ་ནི། བཅོམ་ལྡན་འདས་ཉིད་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དབང་པོའི་ནོག་ཅེས་བགྱི་བར་འཚལ་ཏོ་ཞེས ་གསུང་སོ།། ཡང་དཀར་བཤགས་པའི་མདོ་ལས་ཀྱང་། བྱ་བ་དང་ནི་མཚན་ཉིད་དང་། དངོས་པོ་རྟོག་པས་མི་འདའོ།། རྣམ་རྟོག་རྣམ་པར་ཤེས ་པ་ལས། ཟློག་པས་མྱ་ངན་ང་འདས་སོ།། ། ཞེས་གསུངས་སོ།། ཐེག་པ་ཅིག་ལ་མོས་པའི་སེམས་ཅན་དེ་དག་ནི་ཤིན་དུ་རྙེད་པར་དཀའ་སྟེ། ཐེག་པ་ཅིག་དུ་ཟད་པར་ནི། མངོན ་མདོ་སྡེ་དུ་མ་ལས་གསུངས་པའི་ཕྱིར་རོ།། འཕགས་པ་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་བྱུང་བ། ང་ཡང་ཐེག་པ་ཅིག་ལ་བརྩམས་ཏེ། སེམས་ཅན་རྣམས་ལ་ཆོས་འཆད ་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་དག་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་སྟེ། ཐེག་པ་གཉིས་སམ་གསུམ་ཞེས་བྱ་བ་བདག་ཀྱང་མེད་དོ།། ཕྱོགས་བཅུའི་འཇིག་རྟེན་གྱི ་ཁས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཐེག་པ་ཅིག་པུ་ལ་བརྩམས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།། དེ་རྣམ་གྲངས་འདིས་དེ་ལྟར ་རིག་པར་བྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་ན་ཡང་ཐེག་པ་གཉིས་སུ་བཏགས་ཡང་མེད་ན། གསུམ་དུ་ལྟ་ཅི་སྨོས་ཤེས་གསུང་སོ།། འཕགས་པ་བདེན་པ་པོའི ་ལེའུ་ལས་ཀྱང་། འཇམ་དཔལ་ཐེག་པ་ཅིག་གི་ངེས་པར་འབྱུང་བའི་ཕྱིར་ཏེ། སངས་རྒྱས་ཀྱི་ཞིང་དེ་ནི་ཐེག་པ་ཆེན་པོའི་སྙིང་པོ་དང་ལྡན་པ་ཡིན་ནོ།། དེ་ལ་ཉན་ཐོས་དང་རང་སངས ་རྒྱས་ཀྱི་ཐེག་པ་རྣམ་པར་བགོད་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་འདུ་ཤེས་སྣ་ཚོགས་མེད་པའི་ཕྱིར། འཇམ་དཔལ་གལ་ཏེ་དེ་བཞིན་གཤེགས ་པས་ལ་ལ་དག་ནི་ཐེག་པ་ཆེན་པོའོ།། ལ་ལ་དག་ནི་རང་སངས་རྒྱས་ཀྱི་ཐེག་པ་ལ་ལ་དག་ནི་ཉན་ཐོས་ཀྱི་ཐེག་པ་བཤད་པར་གྱུར་ན། དེ་ནི་དེ་བཞིན་གཤེགས་པའི་སེམས ་ཡོངས་སུ་མ་དག་པར་འགྱུར་ཏེ། མངོན་པར་ཞེན་པའི་སྐྱོན་དུ་ཡང་འགྱུར། སྙིང་རྗེ་ཆེན་པོ་ཉི་ཆེ་བར་ཡང་འགྱུར། འདུ་ཤེས་ཐ་དད་པའི་སྐྱོན་དུ་ཡང་འགྱུར། ང་ཆོས་ལ་སློངབ ་དཔོན་གྱི་དཔེ་མཁྱུད་བྱས་པར་ཡང་འགྱུར་རོ།། འཇམ་དཔལ་ངས་སེམས་ཅན་རྣམས་ལ་གང་དང་གང་བསྟན་པ་དེ་ཐམས་ཅད་ནི་འདི་ལྟ་སྟེ། ཐམས་ཅད་ཤེས་པ་ཉིད་ཡེ་ཤེས ་ཐོས་པར་བྱ་བའི་ཕྱིར་བྱང་ཆུབ་ལ་གཞོལ་བ། ཐེག་པ་ཆེན་པོ་ལ་འབབ་པ་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པ། ཡུལ་ཅིག་དུ་ཡང་དག་པར་ཕྱིན་པར་བྱེད་པ་སྟེ། དེ་བས་ནང ་ལ་ཐེག་པར་རྣམ་པར་འགོད་པ་ཞེས་བྱ་བ་དེ་ནི། དེ་བཞིན་གཤེགས་པས་ས་རྣམ་པར་བགོད་པར་མཛད་པའོ།། དེ་ནི་གང་ཟག་རྣམ་པར་བཀོད་པར་མཛད་པའོ།། ཚོགས ་ཆུང་ངུ་དང་། ཚོགས་ཚད་མེད་པ་རྣམ་པར་བགོད་པ་མཛད་པ་སྟེ། ཆོས་ཀྱི་དབྱིངས་ཐ་དད་པའི་ཕྱིར། འདི་ལ་ཐེག་པ་ཐ་དད་པ་མེད་དེ། འདི་ནི་ཀུན་རྫོབ་དུ་འཇུག་པ་བསྟན་པ། ་འཇུག་པའི་སྒོ་ཙམ་དུ་བརྗོད་པའོ།། གང་དམ་པ་ཆོས་ཡོངསུ་བཟུང་བ་གང་ཞེ་ན། དད་པའི་སྟོབས་བསྐྱེད་པའི་མདོ་ལས་འབྱུང་བ་འཇམ་དཔལ་དེ་ལ་དམ་པའི་ཆོས ་ཡོངས་སུ་བཟུང་ན། སེམས་ཅན་ཐམས་ཅད་ཡོངསུ་བཟུང་བ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ཡོངས་སུ་བཟུང་ན། དམ་པའི་ཆོས་ཡོངསུ་བཟུང་བ་ཡིན་ནོ།། དམ་པའི་ཆོས ་@#ཡོངས་སུ་བཟུང་ན། སེམས་ཅན་ཐམས་ཅད་ཡོངསུ་བཟུང་བ་ཡིན་ནོ།། སེམས་ཅན་ཐམས་ཅད་ཡོངས་སུ་བཟུང་ན། སངས་རྒྱས་ཀྱི་རིགས་མི་འཆད་པས ་བྱ་བ་ཡིན་ནོ།། སངས་རྒྱས་ཀྱི་རིགས་མི་འཆད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་འཇོམས་པར་བྱེད་པར་འདོད་པ་དང་། ངན་འགྲོ་ཀུན་གྱི་སྒོ་གཅོད་པར་འདོད ་པ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བདེ་བ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བའི་བདེ་བ་གྲངས་མེད་དཔག་དུ་མེད་པ་མྱོང་བར་འདོད་པ་དང་། བདུད ་ཀྱི་ཞགས་པ་ཐམས་ཅད་གཅོད་པར་འདོད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་པར་འདོད་པའི་བར་གྱིས། ཐ་ན་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ ་ལ་ཡང་ཡོངས་སུ་བཟུང་བ་ཇི་ཙམ་ཆུང་ངུ་ཡང་བྱའོ།། ཞེས་གསུངས་སོ།། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་། བློ་གྲོས་རྒྱ་མཚོས་བྱང་ཆུབ་སེམས་དཔའ ་རྣམས་ཀྱི་ཐེག་པ་ཆེན་པོ་བསྡུད་པར་འགྱུར་བའི་ཆོས་ནི་གཅིག་ཏེ། ཇི་ལྟར་བྱང་ཆུབ་ཀྱི་སེམས་མི་བརྗོད་ཅིང་བག་ཡོད་པའོ།། གཞན་ཡང་ཆོས་གཅིག་སྟེ། འདི་ལྟར་བདག ་བདེ་བ་ལ་མི་ཆགས་པའི་སྙིང་རྗེ་ཆེན་པོའོ།། གཞན་ཡང་ཆོས་གཅིག་སྟེ། ཇི་ལྟར་ཆོས་སྨྲ་བ་རྣམས་ལ་སྟོན་པ་དང་བླ་མ་ལྟར་འཕངས་པར་རིམ་གྲོ་བྱེད་པའོ།། གཞན་ཡང་ཆོས ་ཅིག་སྟེ། འདི་ལྟར་དེ་བཞིན་གཤེགས་པ་བཞུགས་པ་རྣམས་སམ། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་མཆོད་པ་དང་། རིམ་གྲོ་བྱེད་པས་མཆོག་མི་ཤེས་པའོ།། ་གཞན་ཡང་ཆོས་གཅིག་སྟེ། འདི་ལྟར་ཆོས་ཐམས་ཅད་དང་རང་བཞིན་གྱིས་མ་སྐྱེས་པ་དང་། མ་བྱུང་བར་རིག་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པ་ཞེས་གསུངས་སོ།། ། ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། བྱང་ཆུབ་ལས་མི་ཉམས་ཏེ། རྗེས་ནས་ཀྱང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བྱེད ་ཅིང་ཇི་ལྟར་སྨོན་པ་བཞིན་དུ་དགེ་བའི་རྩ་བ་ཐམས་ཅད་ཀྱང་རྗེས་སུ་འཐུན་པར་འགྱུར་ལ། སྟོབས་ཆེ་ཞིང་མཐུ་བོ་ཆེ། དེ་ལྟར་ལུས་མི་ཤིགས་པར་གྱུར་ཏེ། འཁོར་ལོས ་བསྒྱུར་བའི་རྒྱལ་པོའི་སྲིད་ཀྱང་རབ་ཏུ་ཐོབ། ཚངས་པའི་གནས་པ་བཞི་ཡང་ཐོབ་སྟེ། ཚངས་པའི་འཇིག་རྟེན་དུ་སྐྱེས་ནས། ཚངས་པའི་དབང་ཡང་རབ་ཏུ་ཐོབ་པོ།། ། ་བཞི་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མཆོད་རྟེན་ཞིག་པ་མཆོད་ན་སླར་བསོ་བར་མོས་ཏེ། དེ་ལ་འཇིམ་པའི་རིལ་ལུ་འགས་སྨན་པ་ཡིན། ་ལམ་གྱི་བཞི་མདོ་ཆེན་པོ་སྐྱེ་བོ་མང་པོ་འདུ་བའི་གནས་སུ་དེ་བཞིན་གཤེགས་པའི་མཆོད་རྟེན་བརྩིགས་སམ། མཆོད་རྟེན་ནམ། ཁང་པ་བརྩིགས་པ་འམ། རྡོ་རིངས་སམ ་དེ་བཞིན་གཤེགས་པའི་སྐུ་གཟུགས་སམ། དེ་བཞིན་གཤེགས་པའི་ཡོན་ཏན་གཞན་དང་། གཞན་རྗེསུ་དྲན་པར་བྱ་བ་འདི་ལྟ་སྟེ། ཆོས་ཀྱི་འཁོར་ལོ་རབ་དུ་བསྐོར་བ་འམ ་མངོན་པར་འབྱུང་བ་འམ། བྱང་ཆུབ་ཀྱི་ཤིང་ངམ། བདུད་འདུལ་བ་འམ། ཆོས་འཕྲུལ་ཆེན་པོ་འམ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་འམ། ལྷ་ཡུལ་ནས ་@#འབབ་པ་འམ། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་པ་མཐོང་ན། སྡུམ་བྱེད་པ་ལ་བརྩོན་པ་ཡིན། དེ་བཞིན་གཤེགས་པའི ་བསྟན་པ་ལ། དམ་པའི་ཆོས་རབ་དུ་རྣམ་པར་འཇིག་པ་ན། ཚིགས་སུ་བཅད་པ་ཅིག་བསྲུང་བ་ལ་མི་བརྩོན་པ་ཡིན། ཆོས་སམ་ཆོས་སྨྲ་བ་ཡོངས་སུ་འཛིན་ཅིང་། ལུས་དང ་སྲོག་ཀྱང་འདོར་བར་ཆོས་མི་གཏོང་བ་སྟེ།། བཞི་པོ་དེ་དག་ཞེས་གསུངསོ།། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང་། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན། བྱང ་ཆུབ་སེམས་དཔའི་ཆོས་ཡོངས་སུ་འཛིན་པ་རྣམས་ཡི་ནོ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་ཐ་མ་དམ་པའི་ཆོས་རྣམ་པར་འཇིག་ཅིང་བསྟན་པ ་འཁྲུག་པར་གྱུར་པ་དང་། སེམས་ཅན་རྣམས་ལམ་ངན་པར་ཞུགས་པ་དང་། ཡེ་ཤེས་ཀྱི་སྒྲོན་མ་མྱ་ངན་ལས་འདས་ཏེ། སྟོན་པ་མེད་པའི་ཚེ་མདོ་སྡེ་རྒྱ་ཆེན་པོ་དོན་ཆེ་ཞིང་མཐུ ་ཆེ་བ། དམ་པའི་ཆོས་ཐམས་ཅད་ཀྱི་མ་མོ་དང་འདྲ་བ་དག་འཛིན་ཅིང་ཀློག་ལ། ཁ་ཏོན་བྱེད་ཅིང་ཀུན་ཆུབ་པར་བྱེད་པ་དང་། གཞན་ལ་ཡང་བརྗོད་ཅིང་སྟོན་ལ་ཡང་དག་པར ་སྟོན་ཅིང་གསལ་བར་བྱེད་པ་དང་། དེ་ལ་ཞུགས་པའི་གང་ཟག་རྣམས་ལ་དགའ་བ་དང་། དད་པ་དང་། རངས་པར་བྱེད་ཅིང་དེ་དག་ལ་ཕན་འདོགས་པ་དང་། ཟང་ཟིང་མེད ་བའི་སེམས་ཀྱི་དམ་པའི་ཆོས་ཉན་པ་དང་། ཆོས་སྨྲ་བའི་གང་ཟག་རྣམས་ལ་སྟོན་པར་འདུ་ཤེས་བསྐྱེད་པ་དང་། བཅུང་གསོལ་དུ་འདུ་ཤེས་བསྐྱེད་པ་དང་། རྩིའི་འདུ་ཤེས ་བསྐྱེད་པ་དང་། ལུས་དང་སྲོག་ལ་མི་ལྟ་བར་དམ་པའི་ཆོས་ཡོངས་སུ་ཚོལ་བ་དང་། བཙལ་ནས་ཀྱང་ནན་ཏན་གྱིས་བསྒྲུབ་པོ།། ཞེས་གསུངསོ།། རབ་དུ་ཞི་བ་རྣམ་པར་ངེས ་པའི་ཆོ་འཕྲུལ་གྱི་མདོ་ལས་ཀྱང་། བཟང་སྐྱོང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་དམ་པའི་ཆོས་ཡོང་སུ་འཛིན་ཏེ། བཞི་གང་ཞེ་ན། བདག་བདེ་བ་ལ་མི་ཆགས་པ་དང་། ་གཞན་བདེ་བ་སྟོབས་པ་དང་། སྙིང་རྗེ་ཆེན་པོ་རབ་དུ་ཐོབ་པའི་ཆོས་ཡོངས་སུ་ཚོལ་བས་མ་ངོམས་པ་སྟེ། བཞི་པོ་དེ་དག་གོ་ཞེས་གསུང་སོ།། ཡང་མདོ་སྡེ་ཉིད་ཀྱི་ཚུལ་ཁྲིམས ་ཀྱི་ལེའུ་ལས་ཀྱང་། རྒྱལ་བུ་དྲི་མ་མེད་པའི་གཟི་བརྗིད་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རི་རབ་ཆེན་པོ་དགེ་སློང་བརྒྱད་ཁྲི་བཞི་སྟོང་དང་བཅས་པ་ལ། ལོ་སྟོང་གི ་བར་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཡོ་བྱད་ཐམས་ཅད་ཀྱི་བསྙེན་བཀུར་བྱས་པར་འགྱུར་རོ།། དེ་ནས་ལོ་སྟོང་ལོན་པ་དང་། བཅོམ་ལྡན་འདས་རི་རབ་ཆེན་པོ་དེ ་བཞིན་གཤེགས་པ་དེས། རྒྱལ་པོ་དྲི་མ་མེད་པའི་གཟི་བརྗིད་དེ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱང་། གང་སྦྱིན་པའི་ཆོས་ཡོངསུ་བཏང་སྟེ། དེ་བཞིན་གཤེགས ་པ་ལ་ཕུལ་བའི་སྦྱིན་པའི་ཆོས་ཡོངསུ་བཏང་བ་དེ་ཐམས་ཅད་བསྡུས་ཀྱང་། ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའི་དབུགས་ལན་ཅིག་རྒྱུ་བའི་དགེ་བའི་རྩ ་བའི་རྒྱུའི་ཆར་ཡང་མི་ཆོག་པ་ནས་རྒྱུའི་བར་དུ་ཡང་མི་མཆོག་ན། གང་ལུང་འབོག་པ་དང་། ཁ་དོན་ལ་བརྩོན་པ་དང་། ཚིག་བཞི་པའི་ཚིགས་སུ་པ་ཕ་རོལ་དུ་ཕྱིན་པ་དང་རབ་དུ ་ལྡན་པ་ཅིག་ཙམ་རབ་ཏུ་སྟོན་པ་ལྟ་ཅི་སྨོས་ཏེ། དེའི་བསོད་ནམས་ཀྱི་ཕུང་པོའི་མཐའ་མེད་དོ།། སྦྱིན་པའི་ཆོས་ཡོངས་སུ་གཏོང་བ་ལྟ་ཞོག ་སྟེ་རྒྱལ་པོ་ཆེན་པོ་ཁྱོད་ཀྱི་གང་ལོ་སྟོང་གི་བར་དུ་རྒྱུ་བཀོད་པ་ཐམས་ཅད་བསྡུས་ནས། དགེ་སློང་ཅིག་ལ་སྦྱིན་པར་གྱུར་ལ། དེ་བཞིན་དུ་སོ་སོར་དགེ་སློང་ཐམས་ཅད་ལ ་བྱིན་པ་བས། གང་བྱང་ཆུབ་སེམས་དཔའ་ལུང་འབོག་པ་དང་། ཁ་དོན་བྱེད་པ་ལ་བརྩོན་པ་དང་། གུས་པ་དང་། བཅས་པས་ཆོས་འདོད་པས་དད་པས་བྱིན། ཟས་བླངས་ནས ་འདི་སྙམ་དུ་བདག་གིས་ཁ་ཟས་བླངས་ནས་ཆོས་ཡོངས་སུ་བཙལ་བར་བྱའོ་སྙམ་དུ་སེམས་བསྐྱེད་ནས། སྦྱིན་པའི་ཆོས་ཡོངས་སུ་གཏོང་བ་དེས། དགེ་བའི་རྩ་བ་དེའི་བརྒྱའི་ཆར་ཡང ་མི་ཕོད་པ་ནས། རྒྱུའི་བར་དུ་ཡང་མི་ཆོག་གོ་ཞེས་གསུངས་སོ།། འཕགས་པ་དེ་བཞིན་གཤེགས་པ་གསང་བའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཕུང་པོ་ཇི ་སྙེད་བརྗོད་པ་བས། དམ་པའི་ཆོས་ཡོངསུ་འཛིན་ན། དེ་བས་བསོད་ནམས་ཆེས་མང་ངོ་།། དམ་པའི་ཆོས་ཡོངསུ་འཛིན་པའི་བསོད་ནམས་ནི། སངས་རྒྱས་ཀུན་གྱི་ནན་ཏན་དུ། ་བསྐལ་པ་བྱེ་བར་བརྗོད་མཛད་ཀྱང་། མཐར་མ་ཕྱིན་པར་འགྱུར་མ་ལགས། ཞེས་འབྱུང་ངོ་།། དམ་པའི་ཆོས་གང་ཞེ་ན། དཔལ་གྱི་ཕྲེང་བ་སེང་གེའི་སྒྲའི་མདོ་ལས་གསུངས་པ ་དམ་པའི་ཆོས་ཤེས་བྱ་བ་ནི། ཐེག་པ་ཆེན་པོའི་ཚིག་བླ་དག་སོ།། དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི ་དགེ་བའི་རྩ་བ་ཐམས་ཅད་ཀྱང་ཐེག་པ་ཆེན་པོས་རང་དུ་ཕྱེ་བའི་ཕྱིར་རོ་ཞེས་སོ།། ཆོས་ཡང་དག་པར་བསྡུད་པའི་མདོ་ལས་ཀྱང་། དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་འདི་ལྟ་སྟེ། ་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཟབ་མོ་རྣམས་ལུང་ནོད་པ་དང་། འཛིན་པ་དང་། ཁ་ཏོན་བྱེད་པ་དང་། སེམས་དཔའོ་ཞེས་གསུངསོ།། བྱང་ཆུབ་སེམས་དཔའ ་གང་དམིགས་པའི་སྤྱོད་པ་ལ་གནས་ཏེ། དུས་དཔག་ཏུ་མེད་པར་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ཀྱང་། དེ་དག་ལུང་བསྟན་པ་ཡང་ཐོབ་པར་མི་འགྱུར་ན། བྱང་ཆུབ་ལྟ་ཐོབ ་པར་ག་ལ་འགྱུར་ཏེ། ཚངས་པའི་ཞུས་པའི་མདོ་ལས་འབྱུང་བ་འམ། ཚངས་པ་ངས་བསྐལ་པ་འམ། བསྐལ་པ་ལྷག་པར་དེ་བཞིན་གཤེགས་པ་དེ་དག་གིས་མཚན་ནས་བརྗོད ་ཅིང་། གང་དག་ངས་མཆོད་དེ། གང་ལ་ང་ཚངས་པར་སྤྱོད་པ་སྤྱད་ཅིང་། ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པའི་དེ་བཞིན་གཤེགས་པ་དེ་དག་གིས་ང་ལ་ལུང་མ་བསྟན་ཏོ།། དེ་ཅིའི་ཕྱིར ་ཞེ་ན། འདི་ལྟར་ཚངས་པ་ང་སྤྱོད་པ་ལ་གནས་པར་གྱུར་པའི་ཕྱིར་རོ།། ནམ་ངས་དེ་བཞིན་གཤེགས་པ་མར་མེ་མཛད་མཐོང་མ་ཐག་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་རང་དུ་ཐོབ་ནས། ་དེ་ནས་གདོང་ང་ལུང་བསྟན་ཏེ། དེ་ནང་སྤྱོད་པ་ཐམས་ཅད་ལས་ཡང་དག་པར་འདས་སོ།། དེ་ན་ཕ་རོལ་དུ་ཕྱིན་པ་དྲུག་ཡོང་སུ་རྫོགས་སོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། ་བྱང་ཆུབ་སེམས་དཔའ་ཆོས་ཟབ་མོ་ལ་མོས་པ་དང་། མི་ལྡན་པ་རྣམས་བདག་དང་གཞན་གྱི་དོན་བྱ་བ་ཡོངས་སུ་རྫོགས་པར་མི་འགྱུར་ཏེ། ཟླ་བ་སྙིང་པོའི་ལེའུ་ལས་འབྱུང་བ། ་དོན་དམ་པའི་བདེན་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོངས་པ་མ ་ཡིན་ནོ།། དེ་བས་ཀྱང་ཀུན་རྫོབ་ཀྱི་བདེན་པ་གང་གི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་དགེ་བའི་རྩ་བའི་ཚོགས་མཆོག་བསྒྲུབ་མི་ནུས་སོ།། ཟླ་བའི་སྙིང་པོ ་འདི་ལྟ་སྟེ་དཔེར་ན། མེ་སྟག་གང་གིས་ཀྱང་། རྒྱ་མཚོ་ཆེན་པོ་ཟབ་མོ་སྐེམ་མི་ནུས་སོ།། ཟླ་བའི་སྙིང་པོ་དེ་བཞིན་དུ་ཀུན་རྫོབ་ཀྱི་བདེན་པ་གང་གིས་ཀྱང་། རང་གི་ཉོན་མོངས ་པའི་རྒྱ་མཚོ་སྐེམས་པར་ཡང་མི་ནུས་སོ།། སེམས་ཅན་གཞན་རྣམས་ཀྱི་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངསོ།། གང་ཆོས་ཟབ་མོ་ལ་མོས་པ་ནི་ཇི་ལྟ་བུ་ཡིན་ཞེས། ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འབྱུང་བ། འཕགས་པའི་ཡང་དག་པར་ལྟ་བ་འབྱུང་བ། རྒྱུ་གཉིས་དང་རྐྱེན་གཉིས་ཏེ། གཉིས་གང་ཞེ་ན། གཞན་གྱི་སྒྲ་དང་། ་བདག་ཚུལ་བཞིན་ཡིད་ལ་བྱེད་པའོ།། དེ་འདི་སྙམ་དུ་སེམས་ཏེ། གང་གི་སྒྲ་གང་བདག་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ་གང་ཞེ་ན། དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད ་པ་ནི། འདི་སྙམ་དུ་སེམས་པར་འགྱུར་ཏེ། རྣལ་འབྱོར་སྤྱོད་པ་གང་དག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་རྣམ་གྲངས་འདི་མ་ཐོས། འཕགས་པའི་ཆོས་འདུལ་བ་མ ་ཐོས་པར་ཏིང་ངེ་འཛིན་ཇི་ཙམ་གྱི་དགའ་བ་རྙེད་ནས། ང་རྒྱལ་གྱི་དབང་གིས་ཆེ་བའི་ང་རྒྱལ་ལྟུང་བ་དེ་དག་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། ་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངསུ་མི་ཐར། སྡུག་བསྔལ་གྱི་ཕུང་པོ་ལས་ཡོངས་སུ་མི་ཐར་ཏེ། དེ་བཞིན ་གཤེགས་པས་དེ་ལ་དགོངས་ནས་འདི་སྐད་ཅེས་གསུང་སོ།། ཕ་རོལ་ལས་རྗེས་སུ་འཐུན་པ་ཐོས་པ་ནི། རྒ་བ་དང་འཆི་བ་ལས་རྣམ་པར་གྲོལ་བའོ།། འདི་ལྟར་སློབ་སྟེ། ་བྱང་ཆུབ་སེམས་དཔའི་ཚུལ་ནི་གང་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་བཞིན་སྦྱོར་བ་ཡིན་སྙམ་ནས། དེ་འདི་ལྟར་སློབ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི ་ཆོས་གང་ལ་ཡང་སྦྱོར་བ་མི་བྱེད། རབ་དུ་སྦྱོར་བ་མི་བྱེད་དོ།། ཚུལ་བཞིན་དུ་སྦྱོར་བ་ཞེས་བྱ་བ་དེ་ནི་མི་སྦྱོར་བའི་ཚིག་བླ་དགས་སོ།། གཞན་ཡང་བྱང་ཆུབ་སེམས་དཔའ་ཚུལ ་བཞིན་དུ་སྦྱོར་བ་ནི་སྒྲ་འབྱིན་པར་མི་བྱེད། ཟློས་པ་འབྱིན་པར་མི་བྱེད། གང་ནས་སྒྲ་འབྱུང་བ་དེ་ཡང་མི་དམིགས་ཏེ། སྒྲ་དེ་ཉིད་གང་ནས་བྱུང་། གང་དུ་འགག་ཆེས་སྔོན་མཐའ ་དང་ཕྱི་མའི་མཐའ་ལ་རྟོག་པར་བྱེད་དེ། གང་སྨྲས་པ་དང་།། གང་སྨྲ་བར་འགྱུར་བ་དང་། གང་གི་སྨྲ་བ་དང་། གང་གིས་སྨྲས་པར་འགྱུར་བ་དང་། གང་སྤོང་བའི་ཕྱིར་སྨྲས ་པ་དང་། གང་སྤོང་བའི་ཕྱིར་སྨྲ་བར་འགྱུར་བ་དང་། གང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨྲས་པ་དང་། གང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨྲ་བ་དང་། གང་ཁོང་དུ་ཆུད་པར་བྱ་བའི ་ཕྱིར་སྨྲ་བར་འགྱུར་བ་དེ་དག་ཐམས་ཅད་ཡོངས་སུ་བཙལ་ན། འདས་པའི་རྣམ་པ་དང་། མ་འོངས་པའི་རྣམ་པ་དང་། ད་ལྟར་བྱུང་བའི་རྣམ་པར་མི་དམིགས་པ་དེ་ནི་དེའི་ཚུལ ་བཞིན་སྦྱོར་བའོ་ཞེས་དེ་དེ་ལྟར་སློབ་པོ།། བྱང་ཆུབ་སེམས་དཔའ་དེ་ལྟར་བཞིན་སྦྱོར་བས་ཇི་ལྟར་ཚུལ་བཞིན་དུ་མཐོང་ཞེ་ན། དེ་འདི་ལྟར་སློབ་སྟེ། ་གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རང་བཞིན་གྱི་འགག་པར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ་།། གང་གི་ཚེ་ཆོས་ཐམས་ཅད་རང་བཞིན་གྱིས་ཉེ་བར་ཞི་བར ་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ་།། གང་གི་ཚེ་ཆོས་ཐམས་ཅད་རྣམས་པར་ཞི་བར་མཐོང་བའི་ཚེ་ཚུལ་བཞིན་མཐོང་ངོ་།། གང་གི་ཚེ་ཆོས་ཐམས་ཅད་རང་བཞིན་གྱིས་སྙོམས ་པར་ཞུགས་པར་མཐོང་བ་དེ་ཚེ་ཚུལ་བཞིན་མཐོང་ངོ་།། གང་གི་ཚེ་ཆོས་ཐམས་ཅད་སྐྱེས་པར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ་།། གང་གི་ཚེ་ཆོས་ཐམས་ཅད་མ་བྱུང་བར་མཐོང ་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ་།། གང་གི་ཚེ་ཆོས་ཐམས་ཅད་ཤིན་དུ་ཡང་དག་པར་མ་བྱུང་བ་མ་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ་།། གང་གི་ཚེ་ཆོས་ཐམས་ཅད་མྱ་ངན་ལས ་འདས་པར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ་།། དེ་གང་གི་མཐོང་བ་དེ་ལ་ཡང་རྟོག་སྟེ། ཅི་ནས་ཀྱང་མི་མཐོང་བ་དང་། མི་རྟོག་པ་དེ་ལྟར་མཐོང་སྟེ། དེ་ལྟར་མཐོང་ན་ཚུལ ་བཞིན་དུ་མཐོང་བ་ཞེས་བྱའོ།། ཡང་འདི་ལྟར་སློབ་སྟེ། བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་སྦྱོར་བ་ནི་ཆོས་གང་ལ་ཡང་ཐེ་ཚོམ་དང་རྨོངས་པ་མེད་དོ།། ཚུལ་བཞིན་དུ་སྦྱོར ་བ་ནི་ཆོས་གང་ལ་ཡང་སྒྲིབ་པ་མེད་དོ།། ཚུལ་འདི་བཞིན་དུ་སྦྱོར་བ་ནི་ཆོས་གང་ལ་ནི་གང་ལ་ཡང་གང་ཐར་པའི་སྒོར་མི་འགྱུར་བ་མེད་དོ།། ཚུལ་བཞིན་དུ་སྦྱོར་བ་ནི་ཆོས་གང་ལ ་ཡང་སྤང་བར་བྱ་བའི་ཕྱིར་འདོད་པ་མེད་དོ།། ཚུལ་བཞིན་དུ་སྦྱོར་བ་ནི་ཆོས་གང་ལ་ཡང་རྟོགས་པར་བྱའི་ཕྱིར་འབད་པ་མེད་དོ།། གང་ཆོས་ཐམས་ཅད་ཡང་དག་པར་མཐོང་བ་དང་། ་ཇི་ལྟ་བ་བཞིན་དུ་མཐོང་བ་ནི་ཡང་དག་པར་ལྟ་བའོ།། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཐོང་བ་གང་ཞེ་ན། འདི་ལྟ་སྟེ་མ་མཐོང་བའོ།། མ་མཐོང་བ་ཞེས་བྱ་བ་དེ་ནི་མ་སྐྱེས་པའི ་ཚིག་བླ་དག་སོ།། མ་སྐྱེས་པ་ཞེས་བྱ་བ་དེ་ནི་ཡང་དག་པར་མ་བྱུང་བའི་ཚིག་བླ་དག་སོ།། ཡང་དག་པར་མ་བྱུང་བ་ཞེས་བྱ་བ་གང་ཞེ་ན། དེ་ནི་མི་སྣང་བའི་ཚིག་བླ་དགས་ཏེ། དེ་བཞིན ་གཤེགས་པ་དེ་ལ་དགོངས་ནས། འདུ་བྱེད་ཐམས་ཅད་ཀྱི་མ་སྐྱེས་པར་མཐོང་ན། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་སྟེ། འདི་ལྟ་སྟེ། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག ་པ་དེ་ན་ཡང་དག་པར་ལྟ་བའོ་ཞེས་དེ་སྐད་གསུངསོ།། དེ་འདི་སྙམ་དུ་སེམས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པ་ཞེས་འདི་ལྟར་སློབ་སྟེ། ཆོས ་ཐམས་ཅད་གང་དང་མཉམ་པ་སངས་རྒྱས་ཀྱི་ཆོས་དེ་དང་མཉམ་སྟེ། དེ་བས་ན་ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པའོ།། ཞེས་གསུང་སོ།། ཡབ་དང་སྲས་མཇལ་བའི ་མདོ་ལས་ཀྱང་། རྒྱལ་པོ་ཆེན་པོ་འཇིག་རྟེན་གནས་པ་འདི་ན་མཁའ་གྱུར་པ་ལ་ཚངས་པའི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་གྲུབ་པ་གནས་པའི་དུས་དེ་ཡོད་དེ། ་རྒྱལ་པོ་ཆེན་པོ་དེའི་སྲ་བ་དེ་འབྱུང་བ་དེའི་ཚེ། གང་ནས་ཀྱང་མི་འོང་ངོ་།། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་གྱི་རྒྱ་ལས་གྲུབ་པ་བྱུང་ཡང། ་རྒྱལ་པོ་ཆེན་པོ་དེའི་སྲ་བ་དེ་འབྱུང་བའི་ཚེ། གང་ནས་ཀྱང་མི་འོང་ངོ་།། ཁོར་ཡུག་དང་། ཁོར་ཡུག་ཆེན་པོའི་རི་རྡོ་རྗེའི་རྒྱུ་ལས་གྲུབ་པ། ་སྲ་ཞིང་བསྟན་ལ་ལྷུན་སྡུག་པ་རྣམས་གནས་པར་གྱུར་ཀྱང་། དེ་དག་གི་སྲ་བ་དེ་འབྱུང་བའི་ཚེ། གང་ནས་ཀྱང་མི་འོང་ངོ་།། རིའི་རྒྱལ་པོ་རི་རབ་དག་དང་། གཉའ་ཤིང ་འཛིན་དག་དང་། མུ་ཁྱུད་འཛིན་དག་དང་། གཤོལ་མདའ་འཛིན་དག་དང་། རྡོ་རྗེ་འཛིན་དག་དང་། སེང་ལྡེང་ཅན་དག་དང་། རྣམ་པར་འདུད་པ་དག་དང་། ཤིང་རྟ ་ན་དག་དང་། བལྟ་ན་བསྡུག་དག་དང་། བལྟ་ན་སྡུག་ཆེན་པོ་དག་དང་། ཐེར་སྐྱེ་དག་དང་། སྤོས་ཀྱི་ངད་ལྡན་དག་དང་། གངས་རི་དག་དང་། དེ་མ་ཡིན་པའི་རི་ནག་པོ་དག ་གནས་པ་དང་། ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གནས་པ་དང་། རྔམས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་ལ། རྒྱར་དཔག ་ཚད་དྲུག་ཁྲི་ཡོད་པའི་ས་ཆེན་པོ་གནས་པར་གྱུར་ཀྱང་རྒྱལ་པོ་ཆེན་པོ་སྲ་བ་དེ་ལྟ་བྱུང་བའི་གང་ནས་ཀྱང་མི་འོང་ངོ་།། རྒྱལ་པོ་ཆེན་པོ་ལ་འཇིག་རྟེན་འདི་འཇིག་པར ་འགྱུར་བའི་ཚེ་ས་ཆེན་པོ་འདི་མེས་ཚིག་པ་འམ། ཆུས་བཤིག་པ་འམ། རླུང་གིས་གཏོར་བར་འགྱུར་བའི་དུས་དེ་ཡོད་དེ། དེ་མེས་ཚིག་ན་ནི་དུ་བ་ཡང་མི་མངོན་ཐལ ་བའི་ལྷག་མ་ཡང་མི་མངོན་པར་འགྱུར་རོ།། འདི་ལྟ་སྟེ་དཔེར་ན། ན་མཁའ་ལ་མར་རམ། འབྲུ་མར་གྱི་མེས་བསྲེགས་ན། དུ་བ་འང་མི་མངོན་ཞིང་ཐལ་བའི་ལྷག ་མའང་མི་མངོན་པར་འགྱུར་རོ།། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མེ་ཡི་ཚིག་པའི་ཚེ། དུ་བ་ཡང་མི་མངོན་ཞིང་། ཐལ་བའི་ལྷག་མ་ཡང ་མི་མངོན་པར་འགྱུར་རོ།། ཆུས་བཤིག་པའི་ཚེ་ཡང་ལྷག་པ་ཅི་ཡང་མི་མངོན་པར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན། ལན་ཚ་ཆུའི་ནང་དུ་ཞུ་བ་ནི། ལྷག་མ་ཆུང་ཟད་ཀྱང་མི ་མངོན་པར་འགྱུར་རོ།། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཆུས་བཤིགས་པའི་ཚེ་ཡང་ལྕུག་མ་ཅི་ཡང་མི་མངོན་པར་འགྱུརརོ།། རླུང་གཏོར ་བའི་ཚེ་ཡང་ལྷག་མ་ཆུང་ཟད་ཀྱང་མི་མངོན་པར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན། རྣམ་པར་འཐོར་རླུང་གིས་འདས་པའི་བེའུ་ནི་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ།། ་དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རླུང་གི་གཏོར་བའི་ཚེ། ལྷག་མ་ཆུང་ཟད་ཀྱང་མི་མངོན་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལྟར་སའི ་ཁམས་དེ་འབྱུང་ཡང་སྟོང་། སའི་ཁམས་འཇིག་པ་དང་། འབྱུང་བ་ཡང་ངོ་བོ་ཉིད་ཀྱིས་སྟོང་ངོ་།། དེ་བཞིན་དུ་ནང་གི་སའི་ཁམས་དང་། ནང་གི་ཁམས་ལྷག་མ་རྣམས་དང་། ་ཆོས་ཐམས་ཅད་སྐྱེ་བ་ན་ཡང་། གང་ནས་ཀྱང་མི་འོང་ལ། འགགས་པ་ན་ཡང་གང་དུ་ཡང་མི་འགྲོ་སྟེ། དེ་དག་ནི་སྐྱེ་བ་ཡང་སྟོང་ལ། སྐྱེས་པ་ལ་ཡང་བཞིན་གྱིས ་སྟོང་ངོ་ཞེས་གསུངས་སོ།། མ་སྐྱེས་དགྲའི་ལེའུ་ལས་ཀྱང་། དེ་ནས་རྒྱལ་པོ་ཆེན་པོ་མ་སྐྱེས་དགྲས་རང་གི་ཁྱིམ་ནས་བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས ་ཆེན་པོ་དེ་དག་ལྷུང་ཟེད་དང་། ལག་པ་བཀྲུས་པར་རིག་ནས། ཆོས་ཉན་པའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པའི་མདུན་དུ་འདུག་སྟེ། ་འཇམ་དཔལ་བདག་གི་འགྱོད་པ་དེ་བསལ་དུ་གསོལ། འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་འགྱོད་པ་ནི་སངས་རྒྱས་བཅོམ་ལྡན་འདས་གང་གའི་ཀླུང ་གི་བྱེ་མ་སྙེད་ཀྱིས་ཀྱང་བསལ་བར་མི་བྱེད་དོ།། དེ་ནས་རྒྱལ་པོ་མ་སྐྱེས་དགྲ་སྐྱབས་མ་རྙེད་ནས། ཤིང་གཅད་པ་ལྟར་ས་ཆེན་པོ་ལ་འགྱེལ་ཏོ།། དེ་ནས་གནས་བརྟན་འད ་བསྲུང་ཆེན་པོས། རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ།། རྒྱལ་པོ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལྡེམ་པོ་དག་དུ་སྟོན་པ་ལ་མཁས་ཀྱིས་མ་འཇིགས ་མ་སྐྲག་པར་འདི་ཅི་ལ་དགོངས་ཏེ་གསུངས་ཤིང་དྲིས་ཤིག། དེ་ནས་རྒྱལ་པོ་མ་སྐྱེས་དགྲ་སླར་ལངས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། ་འཇམ་དཔལ་ཅི་ལ་དགོངས་ལ་དགོངས་ཏེ་དེ་སྐད་སྨྲ། འཇམ་དཔལ་ཅི་ལས་དགོངས་ཏེ་དེ་སྐད་གསུང་། འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ཇི་སྙམ ་དུ་སེམས། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཀྱི་དམིགས་པས། རབ་དུ་ཕྱེ་བ་ཡིན་དམ། དོན་དམ་པར་ཐེག་པ་ཅིག་པ་ནི་གཉིས་པ་མ་ཡིན་ཞེས་གསུངསོ།། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། ལྷའི་བུ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་སེམས་མ་སྐྱེད་པ་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་བསྐྱེད་པར་བྱའོ།། གང་དག་ཡང་དག་པ་ཉིད་དུ་ངེས་པར་ཞུགས་པ་དེ་དག་ནི་བྱང་ཆུབ་དུ་སེམས་བསྐྱེད་པའི་མཐུ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་འཁོར། ་བའི་རྒྱུན་གྱི་འཚམས་བཅད་པའི་ཕྱིར་རོ།། དེ་དག་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་ནི་དེ་ཡང་རྗེས་སུ་ཡི་རང་ཞིང་། ང་དེ་དག་གི ་དགེ་བའི་རྩ་བ་ལ་བར་ཆད་མི་བྱེད་དེ། ཁྱད་པར་འཕགས་པ་བས་ཀྱང་ཤིན་དུ་ཡང་དག་པར་འདྲ་བ་ནི། ཐེག་པ་ཐམས་ཅད་ཐེག་པ་ཅིག་དུ་མཉམ་པ་ཉིད་དུ་ཡང་དག་པར ་འདྲ་སྟེ། ཆོས་ཀྱི་དབྱིངས་དབྱེར་མེད་པ་ལ། འཇུག་པར་ཚུལ་ཅིག་གོ་ཞེས་གསུངསོ།། འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས་ཀྱང་།། ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཏམ་སྣ་ཚོགས་ཀྱི་ཆེད་དུ་འབྱུང་བ་མ་ཡིན་ཏེ། ཆོས་ཀྱི་རོ་གཅིག་པ། སྒྲིབ་པ་མེད་པ། སེམས་ཅན་ཐམས་ཅད་ལ་གོ་སྐབས། ་འབྱེད་པ། མངོན་པར་རྫོགས་པར་སངས་རྒྱས་ན། སེམས་ཅན་རྣམས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འདི་ལྟ་སྟེ། ཕྱིར་མི་ལྡོག་པའི་འཁོར་ལོ་རབ་དུ་བསྐོར་རོ།། ་རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། ནོར་བུ་མཁན་གྱི་ནོར་བུའི་རིགས་ལས་བྱ་བར་མ་བྱས་པའི་ནོར་བུ་རིན་པོ་ཆེ་བླངས་ནས། བུལ་ཏོག་གི་ཆུ་རྣོན་པོས་བཀྲུས་ཏེ། ་སྨ་ནག་པོའི་ལི་བས་བྱི་དོར་བྱ་བས་བྱི་དོར་བྱེད་ཀྱང་། དེ་ཙམ་གྱིས་བརྩོན་འགྲུས་ཀྱི་རྒྱུན་མི་གཅོད་ཀྱི། དེའི་འོག་དུ་རྡུལ་ཏུ་རྣོན་པོ་དང་འཀྲུས་ཏེ། ཤིང་དང ་སྣམ་བུས་བྱི་དོར་བྱེད་དོ།། དེ་ཙམ་གྱིས་ཀྱང་བརྩོན་འགྲུས་རྒྱུན་མི་གཅོད་དོ།། དེའི་འོག་དུ་ཡང་སྨན་ཆེན་པོའི་ཁུ་བས་བཀྲུས་ཏེ། རས ་ཕྲ་མོས་བྱི་དོར་བྱས་པས་བྱི་དོར་བྱེད་དོ།། བྱི་དོར་བྱས་ཏེ་ནོར་བུ་འཆིང་བུའི་རིགས་དང་བྲལ་ནས་བཻ་དཱུརྱ་ཞེས་བྱའོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་ཡོངསུ་མ་དག་པའི ་སེམས་ཅན་གྱི་ཁམས་རིགས་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པར་ཡིད་འབྱུང་བར་འགྱུར་བའི་གཏམ་གྱིས་འཁོར་བ་ལ ་མངོན་པར་དགའ་བའི་སེམས་ཅན་རྣམས་ཡིད་འབྱུང་བར་བྱེད། འཕགས་པའི་ཆོས་འདུལ་བ་ལ་འཇུག་པར་བྱེད་དོ།། དེ་ཙམ་གྱིས་དེ་བཞིན་གཤེགས་པ་ལ་བརྩོན ་འགྲུས་རྒྱུན་མི་གཅོད་ཀྱི། དེའི་འོག་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་གཏམ་གྱི་ཚུལ་ཁོང་དུ་ཆུད ་པར་བྱེད་དོ།། དེ་ཙམ་གྱིས་ཀྱང་དེ་བཞིན་གཤེགས་པ་བརྩོན་འགྲུས་རྒྱུན་མི་གཅོད་ཀྱི། དེའི་འོག་དུ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་དང་། འཁོར་གསུམ ་ཡོང་སུ་དག་པའི་གཏམ་གྱིས་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཛུད་དོ།། སེམས་ཅན་དང་རང་བཞིན་སྣ་ཚོགས་པ་དེ་དག་མཉམ་དུ ་ཞུགས་ནས། དེ་བཞིན་གཤེགས་པའི་ཆོས་ཉིད་ཁོང་དུ་ཆུད་པས་སྦྱིན་གནས་བླ་ན་མེད་པ་རྣམས་ཞེས་བྱའོ་ཞེས་གསུང་སོ།། ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས ་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་ཇི་ཙམ་ཞིག་འཐུན། བཀའ་སྩལ་པ། སངས་རྒྱས་བཅོམ ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་ནི་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་འཐུན་ནོ།། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བཅོམ་ལྡན་འདས་དེ་ཐེག་པ་གསུམ་ལ་བརྩམས ་ཏེ་དེ་ལྟར་སོ་སོར་བསྟན། བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཅན་དེ་དག་ནི་སྨན་པ་ལ་མོས་པ་དག་སྟེ། དེ་དག་ཐེག་པ་ཅིག་ལ་མི་འཇུག་པས་ན་ཐབས་མཁས་པ། ་དེ་དག་དེ་ལྟར་ཉེ་བར་ཁྲིད་དེ་རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐབས་མཁས་པ་ཆེན་པོ་དང་ལྡན་ནོ།། བཅོམ་ལྡན་འདས་དེ་ནི་སྙིགས་མ་ལྔའི་དུས་ན་བྱུང ་སྟེ། དེ་དག་ནི་ཐེག་པ་གཅིག་ལ་མ་མོས་པ་དག་གོ་ཞེས་གསུངས་སོ།། འཕགས་པ་དཔལ་གྱི་ཕྲེང་བ་སེང་གེའི་སྒྲའི་མདོ་ལས་ཀྱང་། ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ ་བ་འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐབ་སོ།། ཐེག་པ་གསུམ་པ་གསུམ་པོ་ཐམས་ཅད་ཀྱང་ཐེག་པ་ཅིག་ཁོ་ནའི་གྲངས་སུ་འགྲོ་སྟེ། ཐེག་པ་གཅིག་ཁོང་དུ་ཆུད་པས། བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཁོང་དུ་ཆུད་དོ།། ཞེས་གསུངས་སོ།། འཕགས་པ་ལང་ཀར་བཤགས་པའི་མདོ་ལས་ཀྱང་། ཉན་ཐོས་དང་རང་སངས་རྒྱས་རྣམས ་བག་ཆགས་ཀྱི་ཉེས་པ་དང་། ཏིང་ངེ་འཛིན་གྱི་མྱོས་པ་མེད་པར་གྱུར་ནས། ཟད་པ་མེད་པའི་དབྱིངས་ནས་སླར་སད་ཏེ། ཡང་འཇིག་རྟེན་གྱི་དང་། འཇིག་རྟེན་ལས་འདས ་པ་ཟག་པ་མེད་པའི་དབྱིངས་སུ་གཏོགས་པའི་ཚོགས་རྣམ་སུ་བསྐང་ནས། ཆོས་ཀྱི་སྐུ་བསམ་གྱི་མི་ཁྱབ་པ་ལ་དབང་བྱེད་པ། རང་དུ་ཐོབ་པར ་འགྱུར་རོ་ཞེས་གསུངསོ།། དེ་ལྟ་མོད་ཀྱི་སེམས་ཅན་གྱི་དགེ་བའི་ཚོགས་སྤྱོད་པ་ཐ་དད་པ་དང་། འདུལ་བའི་དབང་དང་། ཐེག་པའི་ཚོགས་ཀྱི་སྒོ་སྟོན་པས་ཀྱང་། འཇིག་རྟེན་གྱི་ཁམས ་ཐ་དད་པ་རྣམས་སུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་སྟོན་པ་ལ་འཇུག་གོ།། ཐེག་པ་གསུམ་དུ་ཡང་མ་ཟད་དོ།། སྡོང་པོ་བཀོད་པའི་མདོ་རྣམ་པར་ཐར་པ་ལས། རྣམ་པར ་སྣང་བྱེད་དཔལ་གྱི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་ཀུན་ནས་ཡེ་ཤེས་རིན་ཆེན་འོད་འཕྲོ་དཔལ། ཡོན་ཏན་གྱི་རྟོག་གི་རྒྱལ་པོ། མངོན་པར་རྫོགས་པར་སངས་རྒྱས ་མ་ཐག་དུ་སེམས་ཅན་དཔག་ཏུ་མེད་པ་དག་ནི་ཉན་ཐོས་ཀྱི་ས་ལ་བཀོད། སེམས་ཅན་དཔག་དུ་མེད་པ་དག་ནི་རང་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་དུ་མེད་པ་དེ་དག་ནི་ཤུགས ་དང་ལྡན་པའི་སྤོབས་པས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་ཕ་རོལ་གནོན་པ་དྲི་མ་མེད་པའི་རྒྱལ་མཚན་གྱི་བྱང་ཆུབ་ལ་བཀོད། ་སེམས་ཅན་དཔག་དུ་མེད་པ་ཆོས་ལ་སྤོབས་པས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་དུ་མེད་པ་དག་ནི་དབང་པོ་ཡོངས་སུ་དག་པ་སྤོངས་པས་ངེས་པར ་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་དུ་མེད་པ་དག་ནི་སྟོབས་མཉམ་པ་ཉིད་ཡང་དག་པའི་སྤྱོད་པའི་རྗེསུ་འགྲོ་བས་ངེས་པར་འབྱུང་བའི་བྱང་ཆུབ་ལ་ཡོངས་སུ ་སྨིན་པར་བྱས། སེམས་ཅན་དཔག་དུ་མེད་པ་དག་ནི་ཆོས་ཀྱི་གྲོང་ཁྱེར་ལ་མངོན་པར་ཕྱོགས་པའི་ཡུལ་གྱི་ཐེག་པ་སྲིད་པ་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན ་དཔག་དུ་མེད་པ་དག་ནི་ཐམས་ཅད་དུ་སོང་བའི་རྫུ་འཕྲུལ་མི་ཕྱེད་པའི་ཚུལ་གྱིས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་དུ་མེད་པ་ལ་ནི་སྤྱོད་པའི་སྦྱོར་བ་ཚད ་མེད་པ་དང་། དག་པར་འདུ་བས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་དུ་མེད་པ་དག་ནི་ཏིང་ངེ་འཛིན་ལ་གནས་པའི་ཚུལ་གྱིས་ངེས་པར་འབྱུང་བའི་བྱང ་རྒྱབ་ལ་བཀོད། སེམས་ཅན་དཔག་དུ་མེད་པ་དག་ནི་དམིགས་པ་ཐམས་ཅད་ཀྱི་ཡུལ་ཡོངས་སུ་དག་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད་ལ། ་སེམས་ཅན་དཔག་དུ་མེད་པ་དག་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་དུ་སེམས་བསྐྱེད། སེམས་ཅན་དཔག་དུ་མེད་པ་དག་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་བཀོད་པ་ནས། བྱང ་ཆུབ་སེམས་དཔའི་ས་བཅུའི་བར་ལ་བཀོད། སེམས་ཅན་དཔག་དུ་མེད་པ་དག་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྨོན་ལམ་གྱི་ཁྱད་པར་གྱུར་པ་ལ་ཚུད། སེམས་ཅན་དཔག་དུ་མེད་པ ་དག་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྨོན་ལམ་རྣམ་པར་དག་པ་ལ་བཀོད་དོ་ཞེས་གསུངས་སོ།། སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔས ་དམ་པའི་ཆོས་རྟག་དུ་ཡོངས་སུ་བཟུང་བར་བྱའོ།། ཞེས་ཁ་རབ་དུ་ཕྱེ་བ་ཡིན་ནམ་སྨྲས་པ། འཇམ་དཔལ་དེ་མ་ལག་སོ།། འཇམ་དཔལ་གྱིས་སྨྲས་པ། འོ་ན་དེ་སེམས་བསྐྱེད ་@པས་རའ་དུ་བྱེ་བ་ཡིན་ནས། སྨྲས་པ། འོ་ན་འདུས་བྱས་ཀྱི་སྲེད་པས་རབ་དུ་བྱེ་བ་ཡིན་ནམ། སྨྲས་པ། དེ་ལགསོ།། སྨྲས་པ། སངས་རྒྱས་བཅོམ། ་ལྡན་འདས་རྣམས་འདུས་བྱས་རྣམ་པར་རིགས་པར་རབ་དུ་ཕྱེ་བ་ཡིན་ནམ། སྨྲས་པ་དེ་མ་ལག་སོ།། འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། ་ཆོས་གང་ཆོས་གང་གིས་ཀྱང་རབ་དུ་ཕྱེ་བར་མི་འགྱུར་བ་དེས་ཆོས་གང་ཡང་གསལ་བར་ནུས་སམ། སྨྲས་པ་དེ་མ་ལགསོ།། འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་འདི ་ལ་བསམ་ནས། ཁྱོད་ཀྱི་འགྱོད་པ་དེ་སངས་རྒྱས་བཅོམ་ལྡན་འདས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཀྱང་གསལ་བར་མི་སྤྱོད་དོ།། ཞེས་སྨྲས་སོ།། གཞན་ཡང་རྒྱལ་པོ་ཆེན ་པོ་གང་ལ་ལ་ཞིག་ན་མཁའ་བར་སྣང་འདིའི་རྡུལ་ལམ། དུ་བ་འམ་མུན་པས་ཀུན་ནས་ཉོན་མོངས་པར་བྱེད་འདོད་ན། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། ན་མཁའ་བར ་སྣང་ཀུན་ནས་ཉོན་མོངས་པར་བྱེད་ནུས་སམ། སྨྲས་པ། འཇམ་དཔལ་མི་ནུས་སོ།། འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་གང་འདི་སྐད་ཅེས་ངས་ན་མཁའ་བར་སྣང ་འདི་རྣམ་པར་སྦྱང་ངོ་ཞེས་ཟེར་ན། ན་མཁའ་བར་སྣང་སྦྱང་བར་ནུས་སམ། སྨྲས་པ། འཇམ་དཔལ་མི་ནུས་སོ།། འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་བཞིན ་དུ། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་མེད་ཅིང་ན་མཁའ་དང་འདྲ་བར་ཐུགསུ་ཆུད་དེ། དེ་དག་གིས་སྩལ་བར་བྱ་བའི་ཆོས་ཀུན་ནས་ཉོན ་མོངས་པ་དང་། རྣམ་པར་བྱང་བ་གང་ཡང་མི་དམིགས་སོ།། རྒྱལ་པོ་ཆེན་པོ་ངས་དོན་གྱི་དབང་འདི་མཐོང་ནས། ཁྱོད་ཀྱི་འགྱོད་པ་སངས་རྒྱས་བཅོམ་ལྡན་འདས་གང་གའི ་ཀླུང་གི་བྱེ་མ་སྙེད་ཀྱིས་ཀྱང་བསལ་བར་མི་སྤྱོད་དོ་ཞེས་དེ་སྨྲས་སོ།། གཞན་ཡང་རྒྱལ་པོ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གང་ཀུན་ནས་ལྡང་བའི ་སེམས་ནང་ནས་ཀྱང་མི་དམིགས། གང་ཀུན་ནས་ལྡང་བའི་ཆོས་རྣམས་ཕྱི་རོལ་ནས་ཀྱང་མི་དམིག་སོ།། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རང་བཞིན ་གྱི་ཀུན་ནས་ལྡང་བ་མེད་པའི་ཕྱིར་རོ།། རང་བཞིན་གང་ཡིན་པ་དེ་ནི་ཀུན་ནས་ལྡང་བ་མེད་པ་སྟེ། གང་ཀུན་ནས་ལྡང་བ་ནི་གནས་མེད་ཅིང་གོ་སྐབས་མེད་པའོ།། དེ་ཅིའི ་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་དབེན་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ཡོངས་སུ་གྲུབ་པ་མེད་པས་ངོ་བོ་ཉིད་མེད་པའོ།། ་རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་འདྲེས་པ་མེད་པས་ཡོངས་སུ་གྲུབ་པ་མེད་པོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་འབྱུང་བ་མེད་པས་འདྲེ་བ་མེད་པའོ།། རྒྱལ་པོ ་ཆེན་པོ་ཆོས་ཐམས་ཅད་དངོས་པོ་དང་བྲལ་བས་འབྱུང་བ་མེད་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་བྱ་བའི་མཐུ་མེད་པས་དངོས་པོ་མེད་པའོ།། རྒྱལ་པོ་ཆེནཔོ ་ཐམས་ཅད་རང་བཞིན་གྱིས་མི་འཕོ་བས་རྣམ་པར་རིག་པ་མ་ཡིན་པའོ།། རྒྱལ་པོ་ཆེན་པོ་ཐམས་ཅད་འགྲོ་བ་ལས་ལོག་པས་འཕོ་བ་མེད་པའོ།། རྒྱལ་པོ་ཆེན་པོ་ཐམ ་ཅད་མི་འགྱུར་བའི་ཆོས་ཅན་ཡིན་པས་འགྲོ་བ་མེད་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་སྐྱེ་བ་མེད་པས་མི་འགྱུར་བའི་ཆོས་ཅན་ནོ།། རྒྱལ་པོ་ཆེན ་པོ་ཆོས་ཐམས་ཅད་འབྲེལ་བ་མེད་པས་སྐྱེ་བ་མེད་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བས་འབྲེལ་བ་མེད་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས ་ཅད་དག་པས་རང་བཞིན་གྱིས་འོད་གསལ་བའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་བླ་གབས་མེད་པ་དང་འདྲ་བ་སྟེ་དག་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་གཉེན ་པོ་མེད་པས་བླ་གབ་མེད་པ་དང་འདྲའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་གཉིས་དང་བྲལ་བས་གཉེན་པོ་མེད་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་མཐའ་ཐུག ་པ་མུ་མེད་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་མཐའ་རྣམ་པར་སྤངས་པས། གཉིས་དང་བྲལ་བའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་མཐའ་མེད་པས ་མཐའ་རྣམ་པར་སྤངས་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་མུ་མེད་པས་མཐའ་ཡས་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་མཐར་ཐུག་པ་མེད་པས་མུ ་མེད་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་དམིགས་པ་མེད་པས་མཐར་ཐུག་པ་མེད་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ཕྱིན་ཅི་ལོག་པ་མེད་པར་སོ ་སོར་ཉེ་བར་གནས་པའི་ཕྱིར་དམིགས་པ་མེད་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་མི་རྟག་པ་དང་། སྡུག་པ་དང་། བདེ་བ་དང་། བདག་མི་དམིགས་པས ་ཕྱིན་ཅི་ལོག་མེད་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་འབྲལ་བ་མེད་པའི་ཚུལ་གྱིས་རྟོག་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རང་བཞིན་གྱི་འོད་གསལ། ་བའི་ཕྱིར་སྡུག་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རྣམ་པར་རྟོག་པ་མེད་པའི་ཚུལ་གྱིས་བདེ་བའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་བདག་མེད་པར་ཡོངས ་སུ་སྟོན་པའི་ཚུལ་གྱིས་བདག་གི་ངོ་བོ་ཉིད་དོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནང་ཉེ་བར་ཞི་བས་འགྱོད་པ་མེད་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་དོན་དམ ་པའི་བདེན་པར་རྣམ་པར་བཞག་པ་མེད་པས་རྫུན་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རབ་ཏུ་ཞི་བའི་མཚན་ཉིད་པས་ཞི་བའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས ་ཅད་བདག་གིར་འཛིན་པ་དང་། བྲལ་བས་ང་ཡི་ར་བ་མེད་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རྣམ་པར་གྲོལ་བའི་མཚན་ཉིད་པས་རོ་མྱང་བ་མེད་པའོ།། ་རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་མིང་དུ་བཏགས་པ་མེད་པས་མིང་མེད་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ཐ་དད་པ་མ་ཡིན་པས་དབྱེར་མེད་པའོ།། རྒྱལ་པོ་ཆེན ་པོ་ཆོས་ཐམས་ཅད་རྣམ་པར་གྲོལ་བར་ཡང་དག་པར་འདུ་བས་རོ་ཅིག་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་མཚན་མ་མེད་པའི་མཐའ་སྟེ་དབེན་པའི་མཚན་ཉིད་དོ།། ། ་རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་འཇུག་པ་མེད་པས་དམིགས་པ་རྣམ་པར་དག་པའི་ཕྱིར་མཚན་མ་མེད་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ལྟ་བར་གྱུར་པ་ཐམས་ཅད ་དང་འབྲལ་བས་དག་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་དུས་གསུམ་གསུམ་ལས་ཤིན་དུ་འདུས་པས་སྨོན་པ་མེད་པའོ།། རྒྱལ་པོ་ཆེན་པོ ་ཆོས་ཐམས་ཅད་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་མེད་པས་གསུམ་ཡོངས་སུ་ཆད་པའོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ཤིན་དུ་མ་སྐྱེས་པས་མྱ་ངན་ལས ་འདས་པར་ཡང་དག་པར་འདུའོ།། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། ཆོས་གང་མ་སྐྱེས་མ་བྱུང་བ་དེ་ཉོན་མོངས་པར་བྱ་ནུས་སམ། སྨྲས་པ་དེ་ནི་མི་ནུས་སོ།། འཇམ ་དཔལ་གྱིས་སྨྲས་པ། དེ་གསལ་བར་ནུས་སམ། སྨྲས་པ་འཇམ་དཔལ་དེ་ནི་མི་ནུསོ།། འཇམ་དཔལ་གྱིས་སྒྲ་སྦ། རྒྱལ་པོ་ཆེན་པོ་དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས ་ཆོས་ཐམས་ཅད་མྱ་ངན་ལས་འདས་པ་དང་། མཚུངས་པར་མཁྱེན་ཏོ།། དེ་བས་ན་དེ་དག་གི་ཐེ་ཚོམ་གསལ་བར་མི་སྤྱོད་དོ།། དེ་ལྟ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཚུལ་བཞིན ་ལ་བརྩོན་པར་བྱའོ།། ཁྱོད་ཕྱིན་ཅི་ལོག་མེད་པའི་ཚུལ་སེམས་ཀྱིས་ཡང་དག་པར་སོ་སོར་རྟོག་པར་བྱའོ།། ཇི་ལྟར་སོ་སོར་བརྟགས་ན་ཆོས་གང་ཡང་མི་ལེན་མི་འདོར་ལ། ་ཆོས་གང་དག་གང་དང་ཡང་ལྷན་ཅིག་མི་གནས་པ་དེ་ལྟར་ཁྱོད་ཀྱིས་སོ་སོར་བརྟགས་པར་བྱའོ།། གང་ཆོས་ཐམས་ཅད་དང་མི་གནས་པ་དེ་ནི་ཤིན་དུ་སྦྱང་བ་ཞེས་བྱའོ།། ། ་གང་ཤིན་དུ་སྦྱངས་པ་དེ་རབ་དུ་ཞི་བའོ།། གང་རབ་དུ་ཞི་བ་དེ་རང་བཞིན་ནོ།། རང་བཞིན་གང་ཡིན་པ་དེ་རང་བཞིན་མེད་པའོ།། རྒྱལ་པོ་ཆོས་ཐམས་ཅད་དང་ནི་བདག ་བོ་མེད་པ་བསམ་པས་བྱས་པ་ཡིན་གྱི། དེ་ལ་ཁྱོད་ཀྱིས་བཟོད་པར་གྱིས་ཤིག། ཁྱོད་ཀྱི་ཆོས་གང་ཡང་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་མྱ་ངན་ལས ་འདས་པ་ནི་བྱ་བ་མེད་པ་སྟེ། དེ་ལ་བྱ་བ་དང་འགྱུར་བར་མི་བྱ་བའི་ཆོས་གང་ཡང་མེད་དོ།། གང་ཡང་བྱ་བ་མེད་ཅིང་འགྱུར་བ་མེད་པ་དེ་མྱ་ངན་ལས་འདས་པ་ཞེས་བྱའོ།། ་དེ་ནས་རྒྱལ་པོ་མ་སྐྱེས་དགྲས་བརྒྱ་སྟོང་རི་བའི་རས་བཅོས་བུ་ཟུང་ཅིག་བླངས་ཏེ། སྟན་ལས་ལངས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕུལ་བ་དང་། དེས་མ་བླང་སོ།། ་དེ་ནས་མ་སྐྱེས་དགྲས་རས་བཅོས་མ་ཟུང་དེ་འཇམ་དཔལ་གཞོན་ནུར་གྱུར་པའི་ལུས་ལ་བོར་རོ།། རས་བཅོས་མ་ཟུང་དེ་འཇམ་དཔལ་གཞོན་ནུར་གྱུར་པའི་ལུས་ལ་ཇི ་ལྟར་བོར་མ་ཐག་དུ། དེ་ནས་དེའི་མོད་ཁོ་ན་ལ་འཇམ་དཔལ་གྱིས་རང་གི་ལུས་ལ་མི་སྣང་བར་བྱས་སོ།། དེ་ནས་རྒྱལ་པོས་འཇམ་དཔལ་མ་མཐོང་གི། སྟོང་གི ་བར་སྣང་ལས་རྒྱལ་པོ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པའི་ལུས་ཇི་ལྟར་མ་མཐོང་བ་དེ་བཞིན་དུ་འགྱོད་པ་དེ་ལ་ལྟོས་ཤིག། འགྱོད་པ་དེ་ཇི་ལྟ་བ་བཞིན ་དུ་ཆོས་ཐམས་ཅད་ཇི་ལྟར་མཐོང་བ་དེ་བཞིན་དུ་གོས་ལ་ལྟོས་ཤིག། གང་གིས་མཐོང་བ་དེ་ལ་ཡང་དེ་བཞིན་དུ་ལྟོས་ཤིག། རྒྱལ་པོ་ཆེན་པོ་སུས་ལུས་མཐོང་བ་དེ་ལ་རས་བཅོས་བུ ་ཟུང་དེ་ཕུལ་ཅིག་ཅེས་སྒྲ་ཞིག་ཐོས་པ་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། ཀླས་དང་། བུད་མེད་ཀྱི་འཁོར་ཇི་སྙེད་པ་དེ་ཐམས་ཅད་ཀྱི་ལུས་ལ་རས་བཅོས་བུ་ཟུང་དེ ་@དབུལ་བར་བྱས་པ་དང་། དེ་དག་ཀྱང་མ་མཐོང་ནས་ཏིང་ངེ་འཛིན་ལྟ་བུ་དེ་ལ་མངོན་སུམ་དུ་གྱུར་ཏེ། རང་གི་ལུས་ལ་འདུ་ཤེས་འབྱུང་བ་མ་གཏོགས་པར། ་གཟུགས་ཅི་ཡང་མིག་གིས་མཐོང་བ་ལ་སྣང་བར་འགྱུར་རོ།། ཡང་སུས་ལུས་མཐོང་བ་འདི་ལ། རས་བཅོས་མའི་ཟུང་དེ་བྱིན་ཅིག་ཅེས་དེ་སྐད་གྱིས་ཤིག་ཀྱང་ཐོས་ནས། དེས་རས ་བཅོས་མ་ཟུང་དེ་འགོའོ་སྙམ་པ་དང་། རང་གི་ལུས་ཀྱང་མ་མཐོང་ནས། གཟུགས་ཀྱི་འདུ་ཤེས་ཐམས་ཅད་དང་བྲལ་ལོ།། ཡང་རྒྱལ་པོ་ཇི་ལྟར་གཟུགས་རགས་པ་འམ། ་ཕྲ་བ་ཅི་ཡང་མ་མཐོང་བ་དེ་བཞིན་དུ་འགྱོད་པ་དེ་ལ་ལྟོས་ཤིག། འགྱོད་པ་ཇི་ལྟར་མཐོང་བ་དེ་བཞིན་དུ་ཆོས་ཐམས་ཅད་བལྟར་བར་བྱ་སྟེ། གང་གི་མཐོང་བ་དེ་ཡང་དེ་བཞིན་དུ ་ལྟའོ།། ཇི་ལྟར་གང་མཐོང་བ་དང་། གང་གིས་མཐོང་བ་ཡང་མི་མཐོང་། རྣམ་པར་མི་མཐོང་བ་དེ་ལྟར་གྱིས་ཤིག། རྒྱལ་པོ་ཆེན་པོ་གང་ཆོས་ཐམས་ཅད་མི་མཐོང་བ་དེ་ནི་ཡང ་དག་པའི་མཐོང་བ་སྟེ། རྒྱལ་པོ་ཆེན་པོ་ཡང་དག་པའི་མཐོང་བ་ནི་མཐོང་བ་མེད་པའོ་ཞེས་དེ་སྐད་ཀྱི་སྐྲ་ཞིག་ཀྱང་ཐོས་སོ།། དེ་ནས་རྒྱལ་པོ་ཆེན་པོ་མ་སྐྱེས་དགྲས་རློམ ་སེམས་དང་། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ནས། ཏིང་ངེ་འཛིན་དེ་ལས་ལངས་པ་དང་། སྒྱུ་མའི་བཟང་པོའི་མདོ་ལས་ཀྱང་། བཟང་པོ་བཞི་པོ་འདི་དག་ནི ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་སེམས་པའོ།། བཞི་གང་ཞེ་ན། ཆོས་རྣམས་རྟེན་ནས་འབྱུང་སྟེ། རྒྱུ་མེད་པ་མ་ཡིན་པ་དང་། གང་ཟག་མེད་པའི་ཕྱིར་ཆོས ་གང་ཡང་སྐྱེ་བ་མེད་པ་དང་། ཆོས་གང་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་མ་སྐྱེས་པ་དང་། གང་མ་སྐྱེས་པ་དེ་དངོས་པོ་མེད་པ་དང་། དངོས་པོ་མེད་པ་དེ་བྱང་ཆུབ་ཡིན་མས།། ་རྣམ་པར་མི་འཇོག་པའོ་ཞེས་གསུངསོ།། རྣམ་གྲངས་གཞན་གྱི་ནས་ཀྱང་། ཆོས་ཉིད་ཟབ་མོ་འདི་སྟན་ཏེ། གང་མ་སྐྱེས་པ་དེ་དངོས་པོ་མེད་པ་དང་། གང་དངོས་པོ་མེད ་པ་དེ་བྱང་ཆུབ་ཡིན་པས། དོན་དམ་པར་ཐེག་པ་ཅིག་ཡིན་གྱི་གཉིས་པ་ནི་མ་ཡིན་ཞེས་བྱ་བ་ནས། འདུས་པ་ཆེན་པོའི་མ་ཡིན་མི་འགལ་ཀྱང་། སངས་རྒྱས་པལ་པོ་ཆེའི ་མདོ་ལས་ཀྱང་། དེ་བཞིན་གཤེགས་པས་བཀའ་སྩལ་པ། འཇམ་དཔལ་དབུགས་འབྱིན་པ་ལྔ་པོ་འདི་དག་རྙེད་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངསུ ་སྦྱང་བར་འགྱུར་རོ།། ལྔ་གང་ཞེས་ན་འདི་ལྟ་སྟེ། བདག་ནི་དམིགས་པ་མེད་པའི་རྣམ་པར་ཐར་པའི་ཡེ་ཤེས་ལ་གནས་པ་སྟེ། གཞན་དག་ཀྱང་དམིགས་པ་མེད་པའི་རྣམ ་བར་ཐར་པ་ལ་བགོད་དོ་སྙམ་ན། དབུགས་འབྱིན་པ་རབ་དུ་རྙེད་དེ། དེ་ལ་དམིགས་པ་མེད་པའི་རྣམ་པར་ཐར་པའི་ཡེ་ཤེས་ནི་གང་གཉིས་པ་དང་། མི་གཉིས་པ་དང་། ་མི་གཉིས་རྣམ་པ་རྣམ་པར་དག་པའོ།། བདག་ནི་ཆོས་རྣམས་རྟེན་ཏེ་མ་འབྱུང་བར་མོས་པ་ལ་གནས་པ་སྟེ། གཞན་དག་ཀྱང་ཆོས་རྣམས་རྟེན་ཏེ་མི་འབྱུང་བར་མོས་པ་ལ ་བགོད་པར་བྱའོ་སྙམ་ནས་དབུ་གས་འབྱིན་པ་རབ་དུ་རྙེད་དེ། དེ་ལ་རྐྱེན་རྣམས་སྐྱེ་བ་མེད་པའི་རང་བཞིན་ཅན། ཆོས་རྣམས་རྟེན་ཏེ་མི་འབྱུང་ཞེས་བྱའོ།། བདག་གི་ཆོས ་ཐམས་ཅད་ཀྱི་གནས་མེད་པར་མོས་པ་ལ་གནས་པ་སྟེ། གཞན་དག་ཀྱང་ཆོས་ཐམས་ཅད་ཀྱི་གནས་མེད་པར་མོས་པ་ལ་བགོད་དོ།། ། ་སྙམ་ནས་དབུགས་འབྱིན་པ་རབ་དུ་རྙེད་དོ།། དེ་ལ་ཕྱོགས་ཐ་དད་པའི་རང་བཞིན་མེད་པས་ཆོས་ཐམས་ཅད་ཀྱི་གནས་མེད་པ་ཞེས་བྱའོ།། བདག་ནི་སངས་རྒྱས་ན་མཁའ ་དང་འདྲ་བར་མོས་པ་ལ་གནས་པ་སྟེ། གཞན་ཡང་སངས་རྒྱས་ན་མཁའ་ན་མཁའ་དང་འདྲ་བར་མོས་པ་བགོད་དོ་སྙམ་ནས། དབུགས་འབྱིན་པར་རབ་དུ་རྙེད་དོ།། ་དེ་ལ་ཐ་དད་པ་ལ་མི་ཆགས་པས། སངས་རྒྱས་ན་མཁའ་དང་འདྲ་ཞེས་བྱའོ།། བདག་ནི་སངས་རྒྱས་སེམས་དང་ཡིད་རྣམ་པར་ཤེས་པ་དང་བྲལ་བར་མོས་པ་ལ་གནས། ་པ་སྟེ། གཞན་དག་ཀྱང་སངས་རྒྱས་སེམས་དང་ཡི་དང་རྣམ་པར་ཤེས་དང་བྲལ་བར་མོས་པ་ལ་བགོད་དོ།། སྙམ་ནས་དབུགས་འབྱིན་པར་རབ་དུ་རྙེད་དོ།། དེ་ལ་ཡེ ་ཤེས་ལཱུ་གྱིས་གྲུབ་པ་རབ་དུ་རྙེད་པས། སངས་རྒྱས་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བའོ་ཞེས་བྱ་སྟེ། ལྔ་པོ་དེ་དག་གོ།། ཞེས་གསུངས་སོ།། ། ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། དྲ་བ་ཅན་གྱི་འོད་ཀྱིས་སྨྲས་པ། ཚངས་པ་ཆོས་ཐམས་ཅད་ནི་ཚུལ་བཞིན་ནོ།། ཆོས་ཐམས་ཅད་ནི་ཚུལ་བཞིན ་མ་ཡིན་ནོ།། སྨྲས་པ། ཚངས་པ་ཆོས་ཐམས་ཅད་ནི་ཚུལ་བཞིན་གྱི། ཆོས་ཐམས་ཅད་ནི་ཚུལ་བཞིན་མ་ཡིན་ཞེས་བྱ་བ་དེ་ཇི་ལྟ་བུ། སྨྲས་པ། སྙད་དུ་མེད་པ ་ཆོས་ཐམས་ཅད་ནི་ཚུལ་བཞིན་ནོ།། གང་བསམ་དུ་མེད་པའི་ཆོས་རྣམས་ལ་སེམས་དང་ལྡན་པའི་དེ་དག་ནི་ཚུལ་བཞིན་མ་ཡིན་ནོ།། ཆོས་ཐམས་ཅད་ནི་དབེན་པའི་མཚན ་ཉིད་འདི་ནི་ཚུལ་བཞིན་ནོ།། གང་དབེན་པ་ལ་མངོན་པར་མི་བརྩོན་པ་དེ་དག་ནི་ལྷག་པའི་བྱེད་པ་ལ་བརྩོན་པའོ།། གང་ལྷག་པ་ལ་བརྩོན་པ་དེ་ནི་འདི་སྙམ་དུ་ལྷག་པར་བྱེད་པ ་ལ་བརྩོན་པའོ།། ། གང་ལྷག་པ་ལ་བརྩོན་པ་དེ་དག་ཇི་སྲིད་དུ་ལྷག་པར་བྱེད་པ་དེ་སྲིད་དུ་ཚུལ་བཞིན་མ་ཡིན་ནོ། སྨྲས་པ། ཚངས་པ་ཆོས་རྣམས་ཀྱི་རྒྱུ་གང་ཡིན་སྨྲས་པ། ་རིགས་ཀྱི་བུ་རང་གི་ཡུལ་དབེན་པ་འདས་དང་བྲལ་བའི་མཐའ་ནི་ཆོས་རྣམས་ཀྱི་རྒྱུ་ཡིན་ནོ་ཞེས་འབྱུང་ངོ་།། བདུན་བརྒྱ་པ་ལས་ཀྱང་། འཇམ་དཔལ་ཁྱོད་གང་གི་ཚེ། ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྒོམ་པ་ན། གང་ལ་གནས་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྒོམ། འཇམ་དཔལ་གྱིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་གང ་གི་ཚེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། གནས་མ་མཆིས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསྒོམ་མོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་མི ་གནས་པར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྒོམ་པ་གང་། འཇམ་དཔལ་གྱིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་གང་ཅི་ལང་མི་གནས་པར་དེ་ཤེས་རབ་ཀྱི་ཕ ་ཕ་རོལ་དུ་ཕྱིན་པ་ལ་སྒོམ་པ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔའ་ཁྱོད་གང་གི་ཆེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམ་པ་དེའི་ཚེ། ་ཁྱོད་ཀྱི་དགེ་བའི་རྩ་བ་གང་འཕེལ་བར་འགྱུར། གང་འདྲི་བར་འགྱུར། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེའི་ཚེ་བདག ་གི་དགེ་བའི་རྩ་བ་འཕེལ་བར་འགྱུར་བ་འམ། འབྲི་བར་འགྱུར་བ་གང་ཡང་མ་མཆིས་སོ།། བཙུན་པ་བཅོམ་ལྡན་འདས་གང་གི་ཆོས་འཕེལ་བ་དང་། འབྲི་བར་འགྱུར ་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་མ་ལགསོ།། ཞེས་གསུངསོ།། འཇམ་དཔལ་རྣམ་པར་སྤྲུལ་པའི་ལེའུ་ལས་ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཇི ་ལྟར་འདིར་འདུ་ཤེས་པ་ཆུང་བར་འགྱུར་བ་དེ་ལྟ་བུར་སྟོན་ཏམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སངས་རྒྱས་ཀྱི་ཡེ་ཤེས་ནི་ཆགས་པ་མེད་པ་རྣམ་རྟོག་མེད་པ། ་བརྗོད་དུ་མེད་པ། བསྐད་དུ་མེད་པ། སྦྱོར་བ་མེད་པ། ཚིག་མེད་པ། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ་སྟེ། དེ་སུས་ཀྱང་ཀུན་ཤེས་པར་འགྱུར་རམ། རྣམ ་པར་ཤེས་པར་མི་ནུས་སོ།། ལྷའི་བུས་སྨྲས་པ། འཇམ་དཔལ་གལ་ཏེ་སངས་རྒྱས་ཀྱི་ཡེ་ཤེས་ཀུན་ཤེས་པར་བྱ་བ་མ་ཡིན་ནོ།། ཉན་ཐོས་འདི་དག་གིས་ཀུན་ཤེས་པར་ག ་ལ་འགྱུར། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཕྱིར་མི་ལྡོག་པ་ལ་གནས་པ་ག་ལ་འགྱུར། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་ཡི་གེ་རྣམས་ཀྱི་ཡེ་ཤེས་དེ་བསྟན་པ ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བབས་ཏེ་ཡེ་ཤེས་དེ་ནི་ཡི་གེ་མེད་པའོ།། ལྔའི་བུ་འདི་ལྟ་སྟེ། དཔེར་ན་མེ་གཅུགས་པ་ལས་མེ་མི་འབྱུང་གི། བཙུབས་ཤིང་བཙུབས་པ ་ལས་མེ་འབྱུང་བ་དེ་བཞིན་དུ། ལྷའི་བུ་དེ་བཞིན་གཤེགས་པས་གལ་ཏེ། ཐོག་མ་ཁོ་ནར་སངས་རྒྱས་ཀྱི་ཡེ་ཤེས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ན། སེམས་ཅན་གང་གིས། ་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ཀུན་ཤེས་པར་མི་འགྱུར་བས། དེ་བཞིན་གཤེགས་པས་བཙུབ་ཤིང་གི་གཏམ་གྱི་ཡེ་ཤེས་དེ་བསྟན་ཏེ། ཡེ་ཤེས་དེ་ནི་ཡི་གེ་མེད་པའོ།། ། ་ལྷའི་བུས་སྨྲས་པ། འཇམ་དཔལ་བཙུབ་ཤིང་གི་གཏམ་གང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་ཅི་ཡང་རུང་། སྡོམ་པ་དང་ཡོ་བྱད་བསྙུངས་པའི་གཏམ་དང་། ཕ་རོལ ་དུ་བྱིན་པ་ལ་གཏམ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་འཇུག་པའི་གཏམ་འདི་ནི་བཙུབ་ཤིང་གཏམ་ཞེས་བྱའོ།། ལྷའི་བུས་སྨྲས་པ། འཇམ་དཔལ་བཙུབ་ཤིང་གི་གཏམ་མ ་ཡིན་པའི་གཏམ་གང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གཏམ་གང་སྐྱེ་བ་དང་། འཇིག་པ་དང་། གནས་པའི་གཏམ་མ་ཡིན་པ་དང་། འདྲེན་པ་དང་། སེམས ་དཔའི་གཏམ་མ་ཡིན་པ་དང་། གཏམ་གང་ཀུན་ནས་ཉོན་མོངས་པ་ཡོངས་སུ་བརྗོད་པའི་གཏམ་མ་ཡིན་པ་དང་། རྣམ་པར་བྱང་བའི་ཕན་ཡོན་གྱི་གཏམ་མ་ཡིན་པ་དང་། ་གཏམ་གང་འཁོར་བ་ལ་ཡིད་འབྱུང་བར་བྱ་བའི་གཏམ་མ་ཡིན་པ་དང་། མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བར་བྱ་བ་མ་ཡིན་པའི་གཏམ་དང་། གཏམ་གང་ཡང ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་མ་ཡིན། སྤང་བར་བྱ་བའི་ཕྱིར་མ་ཡིན། སྒོམ་པར་བྱ་བའི་ཕྱིར་མ་ཡིན། སྒོམ་སུམ་བྱ་བའི་ཕྱིར་མ་ཡིན་པ་དང་། གཏམ་གང་ཐོབ་པར ་བྱ་བའི་ཕྱིར་མ་ཡིན། མངོན་པར་རྟོགས་པར་བྱ་བའི་ཕྱིར་མ་ཡིན་པ་འདི་ནི་ལྷའི་བུ་དག་སྙིང་པོ་ཡོང་བའི་གཏམ་མོ།། ཞེས་གསུང་སོ།། ཆོས ་ཐམས་ཅད་སྨིག་སུ་མེད་ཅིང་སེམས་པ་མེད་པ། རིན་པོ་ཆེ་བསགས་པ་བསྟན་པའི་མདོ་ལས་ཀྱང་དེ་བཞིན་གཤེགས་པས། འཇམ་དཔལ་བསམ་གྱི་མི་ཁྱབ་པའི་དབྱིངས། ་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བགྱི་བ་ནི། དབྱིངས་གང་སེམས་མ་མཆིས་པ། སེམས་འགྲོ་བར་བགྱི་བ་མ་ལགས་པ། སེམས་ཀྱི་དཔག་པར་བགྱི་བ་མ་ལགས ་པ། བསམ་པས་དབྱེ་བར་བགྱི་བ་མ་ལགས་མོད་ཀྱི། བཅོམ་ལྡན་འདས་སེམས་ཅན་ཉིད་ལ་བསམ་པའི་དབྱིངས་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། སེམས་ལ་སེམས་མ ་མཆིས་པ་མ་ལགས་ཀྱི།། སེམས་ཉིད་སེམས་མ་ལགས་པས། སེམས་ནི་ངོ་བོ་ཉིད་ཀྱིས་མ་མཆིས་པའོ།། སེམས་ཇི་ལྟ་བ་བཞིན་པས་སེམས་མི་མཆིས་པ་ཉིད་སེམས ་ལགས་ཏེ། བཅོམ་ལྡན་འདས་འདི་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ལགས་སོ་ཞེས་འབྱུང་།། ཡང་མདོ་དེ་ཉིད་ལས། དེ་བཞིན་གཤེགས་པས་བཀའ་སྩལ་པ། ་འཇམ་དཔལ་ཁྱོད་ཀྱིས་འདི་ལྟར་བདག་གིས་སེམས་ཅན་འདུལ་ལོ་སྙམ་པའི་གོ་ཆ་བགོས་སམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་གྱི ་ཁམས་ནི་འབྲི་བ་འམ་གང་བར་མི་འདའ་ན། དེ་ཇི་ལྟར་སེམས་ཅན་རྣམས་འདུལ་བར་འགྱུར། ཡོངས་སུ་མྱ་ངན་ལས་ཟླ་བར་འགྱུར། བཅོམ་ལྡན་འདས་གང་དག ་སེམས་ཅན་གྱི་ཁམས་གདུལ་བའི་སླད་དུ། ཡང་དག་པར་ཞུགས་པ་དེ་དག་ནི་ནམ་མཁའ་འདུལ་བར་ཡང་དག་པར་ཞུགས་ལགསོ།། གང་དག་སེམས་ཅན་གདུལ་བར་སྦྱོར་བ ་དེ་ནི་བྱང་ཆུབ་གདུལ་བར་འཚལ་ལོ།། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བྱང་ཆུབ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་ནི་ཉོན་མོངས་པ་འམ། རྣམ་པར་བྱང་བ ་མ་ལགས་སོ།། དེ་ཅིའི་སླད་དུ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ཁྱོད་ཀྱི་སེམས་ཅན་གདུལ་བའི་ཕྱིར་ཡང་དག་པར་མ་ཞུགས་སམ། ཞེས་དེ་སྐད་ཅེས ་བཀའ་སྩལ་ཏོ།། བཅོམ་ལྡན་འདས་བདག་ནི་སེམས་ཅན་གདུལ་བའི་སླད་དུ་འམ། སེམས་ཅན་ཀུན་ནས་ཉོན་མོངས་པར་བགྱི་བའི་སླད་དུ་ཡང་དག་པར་མ་ཞུགས་སོ།། ་དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སེམས་ཅན་ཞིག་ནི་མཆིས་སེམས་ཅན་ཀུན་ནས་ཉོན་མོངས་པ་དང་། སེམས་ཅན་རྣམ་པར་བྱང་བས་རབ་ཏུ་ཕྱེ་བར་ཡང ་འགྱུར་རོ།། བཅོམ་ལྡན་འདས་སེམས་ཅན་མ་མཆིས་སེམས་ཅན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བས་རབ་དུ་ཕྱེ་བ་མ་ལགས་སོ།། བཅོམ་ལྡན་འདས ་དེ་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མི་འགལ་བ་ལག་སོ།། བཅོམ་ལྡན་འདས་མ་མཆིས་པ་ནི་ཀུན་ནས་ཉོན་མོངས་པ་མ་ལགས། རྣམ་པར་བྱང་བ་མ་ལགས ་ཏེ། བཅོམ་ལྡན་འདས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་ཉིད་མ་མཆིས་པའོ།། བཅོམ་ལྡན་འདས་གང་ཀུན་ནས་ཉོན་མོངས་པ་འམ། རྣམ ་པར་བྱང་བ་དེ་ནི་རྟེན་ནས་བྱུང་བའི་དོན་དུ་མཁས་པ་རྣམས་ཀྱི་རྟོག་སྟེ། མཁས་པ་རྣམས་ནི་མ་མཆིས་པ་རྟེན་ཏེ་འབྱུང་བའི་དོན་ན ་སྙམ་དུ་དེ་ལྟར་རྣམ་པར་མི་རྟོག་གོ།། གང་ལ་རྣམ་པར་མི་རྟོག་པའི་དོན་དེ་ལ་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་མ་མཆིས་སོ།། བཅོམ་ལྡན་འདས་འདི ་ལྟ་སྟེ་དཔེར་ན། སྒྱུ་མ་བགྱིད་པ་འམ། སྒྱུ་མ་བགྱིད་པའི་སློབ་མས་ཁང་པརྩེགས་པ་འམ། ཁང་པ་བརྩེགས་པ་རྒྱུད་མོ་འབར་རབ་དུ་འབར་ཀུན་དུ་འབར་སྟེ། ་མེ་ལྕེ་མཆེད་པར་གྱུར་པ་མངོན་པར་སྤྲུལ་པ་དེ་ལ། མི་ལ་ལ་ཞིག་འདི་ལྟར་བདག་གི་ཁང་བརྩེགས་པ་འམ། ཁང་པ་བརྩེགས་པ་རྒྱུད་མོས་འབར་རབ་ཏུ་འབར་ཀུན ་དུ་རབ་ཏུ་འབར་སྟེ། མེ་ལྕེ་མཆེད་པར་གྱུར་པ། འགུམ་མར་བགྱིའོ།། སྙམ་ནས་གོ་ཆ་འཚལ་ན། བཅོམ་ལྡན་འདས་གང་མི་དེ་འདི་ལྟར་བགེགས་དང་། ཉོན ་མོངས་པའི་བསྐལ་པ་ཅན་དུ་མི་འགྱུར་ལགས་སམ། བཅོམ་ལྡན་འདས་དེ་དེ་ལྟར་ལགས་ཏེ། གང་སེམས་ཅན་གདུལ་བའི་སླད་དུ་གོ་ཆ་འཚལ་བ་དེ་ནི་བགེགས་དང ་ཉོན་མོངས་པའི་བསྐལ་པ་ཅན་དུ་འགྱུར་ལགས་སོ།། ཞེས་འབྱུང་ངོ་ཡང་མདོ་དེ་ཉིད་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཡང་དག་པར་སོ་སོར་རྟོག་པ ་ཞེས་བྱ་བ་དེ་ཆོས་གང་གི་ཚིག་བླ་དགས་ཡིན། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཡང་དག་པར་སོ་སོར་རྟོག་པ་ཞེས་བགྱི་བ་ནི། སོ་སོར་རྟོག་པ་གང་ལ་ཡང ་ཐ་དད་པར་མི་བགྱིད། གཅིག་ཏུ་ཡང་མི་བགྱིད་དེ། བཅོམ་ལྡན་འདས་ཡང་དག་པར་སོ་སོར་རྟོག་པ་ཞེས་བགྱི་བ་ནི། སོ་སོར་རྟོག་པ་གང་ཆོས་གང་ལ་ཡང་ཐ་དད་པར་ཡང་མི ་བགྱིད་ཅིག་དུ་ཡང་མི་བགྱིད་དེ། བཅོམ་ལྡན་འདས་འགྱུར་བ་མ་མཆིས་པ་རྣམ་པར་མི་རྟོག་པ་སྟེ། བཅོམ་ལྡན་འདས་ཡང་དག་པར་སོ་སོར་རྟོག་པ། ཡང་དག་པར་སོ་སོར ་རྟོག་པ་མ་མཆིས་པའི་ཚིག་བླ་དགས་སོ།། བཅོམ་ལྡན་འདས་ཡང་དག་པར་སོ་སོར་རྟོག་པ་ལ་རྟེན་ཏེ། བདག་ནི་སོ་སོའི་སྐྱེ་བོ་འམ། འཕགས་པ་ཉན་ཐོས་སྙམ་དུ་དེ་ལྟར་མི ་སེམས་སོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཆོས་གང་སོ་སོའི་སྐྱེ་བོ་འམ། འཕགས་པར་འགྱུར་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་བའི་སླད་དུའོ།། བཅོམ་ལྡན ་འདས་ཡང་དག་པར་སོ་སོར་རྟོག་པ་ལ་རྟེན་ནས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་དེ་ལྟར་གནས་པ་ལགས་ཏེ། ཆོས་གང་ལ་ཡང་མཉམ་པ་ཉིད་དུ ་ཡང་མི་བགྱིད་མི་མཉམ་པར་ཡང་མི་བགྱིད། སོ་སོ་སྐྱེ་བོའི་ཆོས་ནི་མི་མཉམ་པའོ།། ཞེས་རྣམ་པར་རྟོག་པར་མི་བགྱིད། འཕགས་པའི་ཆོས་ནི་མཉམ་པའོ།། ཞེས་རྣམ་པར ་རྟོག་པར་མི་བགྱིད། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དམིགས་པ་གང་། མཉམ་པ་མི་མཉམ་པར་བགྱིད་པ་དེ་ལ་མི་དམིགས་པའི་སླད་དུའོ།། གང་གི་མཉམ་པ་འམ་མི་མཉམ ་པར་བགྱིད་པ་དེ་ཡང་དགེ་སློང་དེ་ལ་མ་མཆིས་སོ།། དེ་ལྟར་རྣམ་པར་མི་རྟོག་པའི་དགེ་སློང་ནི་བདག་རྣམ་པར་མི་རྟོག་གོ་མཉམ་དུ་དེ་ལྟར་འཛིན་པ་ཡང་མ་མཆིས། ཞེས་འབྱོའོ།། ་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་། ནང་བཞི་དེ་གང་ཞེ་ན། འདི་ལྟ་སྟེ། ལྷག་པར་དམིགས་པ་ནི་བཞིའོ།། ལྷག ་པར་དམིགས་པའི་བཞི་ལ་ཇི་ཙམ་དུ་དམིགས་པ་དེ་ཙམ་དུ་ནད་ཀྱི་བཞིའོ།། ཅི་ལ་ལྷག་པར་དམིགས་ཤེ་ན། ཁམས་གསུམ་ལྔ་བུ་ལ་ལྷག་པར་དམིགས་སོ།། ལྷག་པར་དམིགས ་པའི་བཞི་ཡོངས་སུ་ཤེས་པ་གང་ཤེ་ན། དམིགས་པ་མེད་ཅིང་མི་དམིགས་པའོ།། གང་མི་དམིགས་པ་ནི་ལྷག་པར་མི་དམིགས་པའོ།། ཅི་མི་དམིགས་ཤེ་ན། འདི་ལྟ་སྟེ་བདག ་དུ་ལྟ་བ་དང་། ཕ་རོལ་ལྟ་བ་དང་། ལྟ་བ་གཉིས་སུ་མི་དམིགས་ཏེ། དེ་བས་ན་མི་དམིགས་པ་ལ་བྱའོ།། ཞེས་གསུང་སོ།། ཡང་དེ་ཉིད་ལས་བྱང་ཆུབ་སེམས་དཔའ་མཐོང ་དགས་སྨྲས་པ། གཟུགས་ཉིད་སྟོང་པ་སྟེ། གཟུགས་བཤིགས་པས་སྟོང་པ་ཉིད་མ་ཡིན་གྱི་གཟུགས་གྱི་རང་བཞིན་ནི་སྟོང་པ་ཏེ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་ཅེས་བྱ་བ་ནི་གཉིས་ཏེ། རྣམ་པར་ཤེས་པ་ནི་སྟོང་པ་ཉིད་དེ་རྣམ་པར་ཤེས་པ་བཤིགས་པས་སྟོང་པ་མ་ཡིན་གྱིས་རྣམ་པར ་ཤེས་པའི་རང་བཞིན་སྟོང་པ་ཉིད་དོ།། འདི་ལ་གག་གིས་ལེན་པའི་ཕུང་པོ་ལྔ་ལ། དེ་བཞིན་དུ་ཤེས་ཤིང་དེ་ལྟ་བུར་ཡེ་ཤེས་ཀྱི་རིགས་དེ་ནི་གཉིས་སུ་མེད་པར་འཇུག་པའོ།། ། ་ཞེས་གསུངས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། འཕགས་པ་ཤཱ་རིའི་བུས་དྲིས་པ། བཙུན་པ་རབ་འབྱོར།། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་སྤྱོད་པ་ཇི་ལྟར་ཐབས་མཁས་པར་རིག་པར་བྱ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། གཟུགས་ལ་མི་སྤྱོད། ཚོར་བ་ལ་མ་ཡིན། འདུ་ཤེས་ལ་མ་ཡིན། འདུ་བྱེད་རྣམས་ལ་མ་ཡིན། རྣམ་པར་ཤེས་པ་ལ་མ་ཡིན། གཟུགས་ཀྱི་མཚན ་ཉིད་ལ་མ་ཡིན་པ་ནས་རྣམ་པར་ཤེས་པའི་བར་དུ་མཚན་མ་ལ་མ་ཡིན། གཟུགས་རྟག་པ་མ་ཡིན། མི་རྟག་པ་མི་ཡིན། བདེ་བར་མ་ཡིན། སྡུག་བསྔལ་གྱི་མཚན་ཉིད་དུ ་མ་ཡིན། བདག་དུ་མ་ཡིན། བདག་མེད་པར་མ་ཡིན། ཞི་བར་མ་ཡིན། མ་ཞི་བར་མ་ཡིན། སྟོང་པར་མ་ཡིན། མི་སྟོན་པར་མི་ཡིན། མཚན་མར་མ་ཡིན། མཚན་མ ་མེད་པར་མ་ཡིན། སྨོན་པ་མ་ཡིན། སྨོན་པ་མེད་པར་མ་ཡིན། དབེན་པར་མ་ཡིན། མི་དབེན་པར་ཡང་མི་སྤྱོད་དོ།། རྣམ་པར་ཤེས་པའི་བར་ལ་རྟག་པར་མ་ཡིན། མི་རྟག ་པར་མ་ཡིན་པ་ནས།། དབེན་པར་མ་ཡིན་ཞིང་། མི་དབེན་པར་ཡང་མི་སྤྱོད་པའི་བར་བྱའོ།། དེ་བཞིན་དུ་ཁམས་དང་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་པར་འབྱུང་བ ་དང་། བྱང་ཆུབ་ཀྱི་ཕྱོགས་དང་། མངོན་པར་ཤེས་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས ་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཡང་མི་སྤྱོད་པ་ནས། དབེན་པའམ། མི་དབེན་པ་ཞེས་བྱ་བའི་བར་མི་སྤྱོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བྱ ་གང་གཟུགས་ཀྱི་སྟོང་པ་ཉིད་དེ། གཟུགས་མ་ཡིན་པ་ལ་སྟོང་པ་ཉིད་ལས་གཟུགས་གཞན་ཡང་མ་ཡིན་ཏེ། གཟུགས་ཉིད་སྟོང་པ ་ཉིད་དོ།། སྟོང་པ་ཉིད་གཟུགས་མ་ཡིན་པ་ནས། རྣམ་པར་ཤེས་པ་ཉིད་ལ། རྣམ་པར་ཤེས་པ་ཉིད་ལ། སྟོང་པ་ཉིད་རྣམ་པར་ཤེས་པའི་བར་དུའོ།། དེ་བཞིན་དུ ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་གྱི་སྟོང་པ་གང་ཡིན་པ་དེ་དག་སངས་རྒྱས་ཀྱི་ཆོས་རྣམས་མ་ཡིན། སྟོང་པ་ཉིད་ལས་སངས་རྒྱས་ཀྱི་ཆོས་རྣམས་གཞན ་པ་ཡང་མ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཉིད་ལ་སྟོང་པ་ཉིད་སངས་རྒྱས་ཀྱི་ཆོས་རྣམ་སོ།། དེ་ལྟར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ནི ་ཐབས་ལ་མཁས་པར་རིགས་པར་བྱའོ།། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།། ཞེས་ཀྱང་ཁས་མི་ལེན། སྤྱོད་ཀྱང་སྤྱོད་ལ། མི་སྤྱོད་ཀྱང་མི་སྤྱོད་དོ་ཞེས ་ཀྱང་ཁས་མི་ལེན། སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ནོ་ཞེས་ཀྱང་ཁས་མི་ལེན་ཏོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད ་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ་ཞེས་འབྱུང་ངོ་།། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀིའུ་ཤི་ཀ་འདི་ལ་རིགས་ཀྱི་བུ ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིར་བ་ལྟར་བཅོས་པ་སྟོན་པ་ཡོད་དོ།། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔར་བཅོས་པ་ནི་འདི་ཡིན་ཏེ། དེ་དག་གཟུགས་མི ་རྟག་པར་སྟོན་ཏོ།། དེ་བཞིན་དུ་སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པར་སྟོན་ཏོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར ་ཤེས་པ་དང་། དེ་བཞིན་ཁམས་དང་། སྐྱེ་མཆེད་དང་། བསམ་གཏན་དང་། ཚད་མེད་པ་དང་། དྲན་པ་ཉེ་བར་བཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ ་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱིས་ཆོས་མ ་འདྲེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པར་སྟོན་ཏོ།། གང་དེ་ལྟར་སྤྱོད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ལ་སྤྱོད་པའོ།། ཞེས་དེ་སྐད་སྟོན་པ་འདི་ནི་ཀེའུ་ཤི་ཀ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པའོ།། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་མ ་ཡིན་པ་གང་ཞེ་ན། དེ་དག་འདི་ལྟར་སྟོན་ཏེ། རིགས་ཀྱི་བུ་ཚུར་ཤོག། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་ལ། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི ་བར་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པ་ཡང་དག་པར་རྗེས་སུ་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་གཟུགས་ཀྱི་ངོ ་བོ་ཉིད་ཀྱིས་སྟོང་སྟེ། གཟུགས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ།། གང་དངོས་པོ་མེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་དེ་ལ་ནི་གཟུགས་རྟག་པ་ཞེས་འམ། མི་རྟག་པ་ཞེས་བྱ་བར་མི་དམིགས་ཏེ། དེ་ལ་གཟུགས་ཉིད་ཀྱང་མེད་ན། རྟག་པ་འམ་མི ་རྟག་པ་ལྟ་ག་ལ་ཡོད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བཞིན་ནོ།། གང་དེ་ལྟར་སྟོན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་མ་ཡིན་པ་སྟོན་པའོ།། ་ཡང་འདི་སྐད་སྟོན་ཏོ།། རིགས་ཀྱི་བུ་ཚུར་ཤེག། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་ལ། ཆོས་གང་ལས་ཀྱང་ཤིན་ཏུ་མ་འདའ། ཆོས་གང་ལ་ཡང་མ་གནས ་ཤིག། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་གང་ལ་ཤིན་ཏུ་འདའ་བར་བྱའམ། གང་ལ་གནས་པར་བྱ་བའི་ཆོས་དེ་མེད་པའི་ཕྱིར་རོ།། ། ་འདི་ལྟར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱི་སྟོང་པ་སྟེ། གང་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། གང་ངོ་བོ་ཉིད་ཀྱི་སྟོང་པ་དེ་དངོས་པོ་མེད་པའོ།། གང་དངོས་པོ་མེད་པ་དེ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་ནི་བླང་བར་བྱ་བ་འམ། དོར་བར་བྱ་བ་འམ། སྐྱེད་པར་བྱ་བ་འམ། འགག་པར་བྱ་བའི་ཆོས ་གང་ཡང་མེད་དོ།། ཞེས་དེ་ལྟར་ཉེ་བར་སྟོན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་མ་ཡིན་པ་སྟོན་པའོ།། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས ་ཀྱི་སམ་གྱིས་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དམིགས་པ་ལགས། ཇི་ཙམ་གྱིས་ན་མི་དམིགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ཙམ་དུ ་གཉིས་པ་དེ་ཙམ་དུ་དམིགས་པའོ།། མི་གཉིས་པ་ནི་མི་དམིགས་པའོ།། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གཉིས་ཤེས་བགྱི་བ་གང་ལགས། བཅོམ། ་ལྡན་འདས་ཀྱིས་བཀའ་སྩལ་པ། མིང་དང་གཟུགས་ནས། ཡིད་དང་ཆོས་ཀྱི་བར་དང་། བྱང་ཆུབ་དང་སངས་རྒྱས་ཀྱི་བར་ཇི་ཙམ་དུ་གཉིས་སོ།། རབ་འབྱོར་གྱི་གསོལ ་བ། བཅོམ་ལྡན་འདས་ཅི་དམིགས་པར་བགྱི་བ་མི་དམིགས་སམ། འོན་ཏེ་མི་དམིགས་པར་བགྱི་བ་མི་དམིགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་རབ་འབྱོར་དམིགས་པར་བྱ་བ་མི་དམིགས་པ་འང་མ་ཡིན་ལ། མི་དམིགས་པར་བྱ་བ་མི་དམིགས་པ་ཡང་མ་ཡིན་ཏེ། རབ་འབྱོར་དམིགས་པ་དང་། མི་དམིགས་པ ་མཉམ་པ་ཉིད་ནི་མི་དམིགས་པའོ་ཞེས་འབྱུང་ངོ་།། ཡང་དེར་འཕགས་པ་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དོན་དམ་པ་ལ་རྟེན་ནས། བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ།། རབ་འབྱོར་གྱིས་གསོལ་པ། ་དེ་ལས་བཟློག་པ་ལ་གནས་པས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་མ་ཡིན་ནོ།། རབ་འབྱོར་གྱིས་གསོལ་པ། གལ་ཏེ་དོན་དམ་པ་ལ་གནས་པས། ་ཀྱང་མ་ལགས། བཟློག་པ་ལ་གནས་ཀྱང་མངོན་པར་རྫོགས་པར་སངས་རྒྱས་པ་མ་ལགས་ན། འོ་ན་དེ་བཞིན་གཤེགས་པས་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས ་པ་འམ། ཅིག་དུ་མ་གྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ཡང ་འདུས་བྱས་ཀྱི་ཁམས་སམ། འདུས་མ་བྱས་ཀྱི་ཁམས་གང་ལ་མི་གནས་སོ།། ཞེས་གསུངསོ།། ཡང་དེ་ཉིད་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དངོས ་པོ་མེད་པས་དངོས་པོ་མེད་པ་མངོན་པར་རྫོགས་པར་སངས་རྒྱས་པར་མི་ནུས་སོ།། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་དངོས་པོ་མ་མཆིས་པས་དངོས་པོ་མ ་མཆིས་པ་མངོན་པར་རྫོགས་པར་སངས་རྒྱས་པར་ནུས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མི་ནུས་སོ།། རབ་འབྱོར་གྱིས་གསོལ་པ། ་དངོས་པོ་མ་མཆིས་པས་དངོས་པོ་མ་མཆིས་པ་མངོན་པར་རྫོགས་པར་སངས་རྒྱས་པར་ནུས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ ་ལག་སོ།། རབ་འབྱོར་གྱིས་གསོལ་པ། འོ་ན་དངོས་པོས་དངོས་པོ་མངོན་པར་རྫོགས་པར་སངས་རྒྱས་པར་ནུས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་རབ་འབྱོར་དེ་ནི་མི་ནུས་སོ།། རབ་འབྱོར་གྱིས་གསོལ་པ། འོ་ན་དངོས་པོ་མ་མཆིས་པས་དངོས་པོ་མཆིས་པ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་ལགས་སམ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མི་ནུས་སོ།། གསོལ་པ། བཅོམ་ལྡན་འདས་འོ་ན་ཐོབ་པ་མ་མཆིས་པ་དང་། མངོན་པར་རྟོགས་པར ་མ་མཆིས་པར་མི་འགྱུར་ལགས་སམ། བཀའ་སྩལ་པ། མངོན་པར་རྟོགས་པ་ཡོད་དེ། མངོན་པར་སྒྲུབ་པ་བཞི་པོ་འདིས་ནི་མ་ཡིན་ནོ།། གསོལ ་པ། བཅོམ་ལྡན་འདས་འོ་ན་མངོན་པར་རྟོགས་པ་ཅི་འདྲ་བ་ཞིག་ལགས།། བཀའ་སྩལ་པ། གང་ལ་སྤྲོས་པ་འདི་དག་མེད་པ་སྟེ། མངོན་པར་རྟོགས་པ ་ནི་མ་སྤྲོས་ཤིང་སྤྲོས་ཤིང་སྤྲོས་མེད་དོ།། གསོལ་པ། བཅོམ་ལྡན་འདས་སྤྲོས་པ་གང་ལགས། བཀའ་སྩལ་པ། གཟུགས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བ་ནི ་སྤྲོས་པའོ།། གཟུགས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཅེས་བྱ་བ་དང་། བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། མ་ཞི་ཞེས ་བྱ་བ་ནི་སྤྲོས་པ་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་བར་དུ་གསུངསོ།། ཡང་དེ་ཉིད་ལས་འབྱུང་བ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། བྱ་འདབ་ཆགས་པར་སྣང་ལ་རྒྱུ་བ ་ས་ལ་མི་ལྟུང་སྟེ། ན་མཁའ་ལ་གནས་ཀྱང་། དེར་མི་འདུག་ཅིང་གནས་འཆའ་བར་མི་བྱེད་དོ།། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང ་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་གནས་ཀྱང་མངོན་སུམ་དུ་བྱེད་པ་གང་གིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བས། སྟོང་པ་ཉིད་དང ་མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་གནས་ཀྱང་མངོན་སུམ་དུ་མི་བྱེད་དོ་ཞེས་གསུང་སོ།། ། མདོ་ཀུན་ལས་བཏུས་པ་བམ་པོ་ལྔ་པ་སྟེ་ཐ་མའོ།། ་། སུམ་བརྒྱས་པ་ལས། དེ་བཞིན་གཤེགས་པས་གསུངས་ཏེ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས། ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡང་མངོན་པར་རྫོགས་པར་སངས་རྒྱས་སམ། དེ་བཞིན་གཤེགས་པས་ཆོས་གང་ཡང་བསྟན་ཏམ། རབ ་འབྱོར་གྱིས་གསོལ་པ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་དེ་བཞིན་གཤེགས་པས་གང་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་གང་མ་མཆིས་སོ།། དེ་བཞིན་གཤེགས་པས་གང་སྟོན་པའི་ཆོས་དེ་གང་ཡང་མ་མཆིས་སོ།། དེ་ཅིའི ་ཕྱིར་ཞེ་ན། འཕགས་པའི་གང་ཟག་རྣམས་ནི་འདུས་མ་བྱས་ཀྱི་བར་དུ་སྐྱེ་བའོ་ཞེས་གསུངས་སོ།། དེ་བཞིན་གཤེགས་པ་འདུལ་བའི་དབང་གིས་ཐེག་པའི་སྒོ་སྣ ་ཚོགས་ཉེ་བར་སྟོན་པས། ཆོས་ཉིད་ཟད་འདི་སྟོན་ཏེ། ཇི་ལྟར་ལང་ཀར་བཤགས་པ་ལས། བློ་གྲོས་རྒྱ་མཚོས་ཞུས་པ། བཅོམ་ལྡན་འདས་ཀྱིས་མདོ་བཞིན ་བརྗོད་པ་ལས། དེ་བཞིན་གཤེགས་པས་སྙིང་པོ་གསུངས་པ་དེ། བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ་བ། རྣམ་པར་དག་པ་ཐོག་མ་ནས ་རྣམ་པར་དག་པ་ཉིད་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དོ།། བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངསུ་བཀྲིས་པ་ལྟར། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་བཀྲིས་པ། འདོད་ཆགས་དང་། ཞེ་སྡང་དང་། ་གཏི་མུག་གིས་ཟིལ་གྱིས་ནོན་པ། ཡོངས་སུ་རྟོག་པ་དྲི་མས་དྲི་མ་ཅན་དུ་གྱུར་པ། རྟག་པ་བརྟན་པ། ཐེར་ཟུག་པར་མི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན ་གཤེགས་པའི་སྙིང་པོར་སྨྲ་བར་འདི། མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་། ཇི་ལྟར་མི་འདྲ་བ་ལགས། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་རྟག་པར་བྱེད ་པ་ཡོན་ཏན་མེད་པ། ཁྱབ་པར་མི་འཇིགས་པའོ།། ཞེས་བདག་དུ་སླ་བ་སྟོན་པར་བགྱིད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོའི་ངའི ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཅན་གྱི་བདག་དུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང་། ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པའི་མཐའ་དང་། མ་སྐྱེས་པ་དང་། མཚན་མ་མེད ་པ་དང་། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པར་བྱས་ནས་བྱིས་པ་རྣམས་བདག་མེད་པས་འཇིགས་པར ་འགྱུར་བའི་གནས་ནས་པར་སྤང་བའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པས། རྣམ་པར་མི་རྟོག་པའི་གནས་སྡང་བ་མེད་པའི་སྤྱོད་ཡུལ་སྟོརན་ཏེ། ་འདི་ལ་བློ་གྲོས་ཆེན་པོ་མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བདག་དུ་མངོན་པར ་ཞེན་པར་མི་བྱའོ།། བློ་གྲོས་ཆེན་པོ་དཔེར་ན། རྫ་མཁན་ནི་རྫས་སའི་རྡུལ་གྱི་ཕུང་པོ་གཅིག་ལས་ལག་པ་དང་། བཟོ་དང་། ལག་གཟུངས་དང་། ཆུ་དང་། ་སྲང་བུ་དང་། ནན་ཏན་དང་ལྡན་པ་ལས། སྡོད་རྣམ་པ་སྣ་ཚོགས་བྱེད་དོ།། བློ་གྲོས་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱང་། ཆོས་ལ་བདག་མེད་པ་རྣམ ་པར་རྟོག་པའི་མཚན་ཉིད་ཐམས་ཅད་རྣམ་པར་ལོག་པ་དེ་ཉིད་ཤེས་རབ་དང་ཐབས་ལ་མཁས་པ་དང་། ལྡན་པ་རྣམ་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི ་སྙིང་པོར་བསྟན་པ་འམ། བདག་མེད་པ་བསྟན་པས་ཀྱང་རུང་སྟེ། རྫ་མཁན་བཞིན་དུ་ཚིགས་དང་ཡི་གེ་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་སྟོན་ཏོ།། དེས་ན་དེའི ་ཕྱིར་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་སྙན་པ། མུ་སྟེགས་བྱེད་ཀྱི་བདག་དུ་སྨྲ་བ་དང་། མི་འདྲའོ་བློ་གྲོས་ཆེན་པོ་དེ་ལྟར་དེ་བཞིན་གཤེགས་པ་རྣམས་ནི། མུ་སྟེག ་བྱེད་པ་བདག་དུ་ལ་མངོན་པར་ཞེས་པ་རྣམས་དྲང་བའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོ་བསྟོན་ཏེ། ཡང་དག་པར་མ་ཡིན་པའི་བདག་དུ་ལྟར་བར་ལྷུང་བའི་བསམ ་པ་ཅན་དག་རྣམ་པར་ཐར་པ་གསུམ་གྱི་སྤྱོད་ཡུལ་ལ་གནས་པའི་བསམ་པ་དང་ལྡན་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང ་རྒྱ་བར་ཇི་ལྟར་འགྱུར་ཞེ་ཏེ། བློ་གྲོས་ཆེན་པོ་དེ་ནི་དོན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ ་མཛད་དོ།། དེ་ལྟ་བས་ན་འདི་ནི་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་དང་། མཚུངས་པ་མ་ཡིན་ནོ།། བློ་གྲོས་ཆེན་པོ་དེ་ལྟ་བས་ན། མུ་སྟེགས་བྱེད་ཀྱི་ལྟ་བ་རྣམ་པར་བཟློག་ཕྱིར། ་དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་པའི་རྗེས་སུ་འཇུག་པར་བྱའོ།། འདི་ལྟ་སྟེ། ཆོས་སྟོང་པ་ཉིད་དང་། སྐྱེ་བ་མེད་པ་དང་། གཉིས་མ་ཡིན་པ་དང་། རང ་བཞིན་མེད་པ་བསྟན་པ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲུབ་པའི་མཐའ་བླ་ན་མེད་པའོ།། ཆོས་ཟབ་མོ་བསྟན་པ་འདི་ཡོངས་སུ་བཟུང་བས་ཐེག་པ་ཆེན་པོའི་མདོ ་སྡེ་ཐམས་ཅད་ཀྱི་ནང་དུ་འདུས་སོ།། ཞེས་གསུངས་སོ།། ཡང་བཅོམ་ལྡན་འདས་ཀྱི་ལང་ཀར་བཤགས་པ་འདི་ཉིད་ལས་བཀའ་སྩལ་པ། བློ་གྲོས་ཆེན་པོ་སྟོང་པ་དང་། ་སྐྱེ་བ་མེད་པ། གཉིས་མ་ཡིན་པ་དང་། རང་བཞིན་མེད་པའི་མཚན་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་མདོ་སྡེའི་ནང་དུ་འདུས་སོ་ཞེས་གསུངས་སོ།། ཟླ་བ་སྒྲོན་མདོ་ཆགས ་སུ་བཅད་པ་བསྟན་པ་ལས་ཀྱང་། འཇིག་རྟེན་ཁམས་ནི་སྟོང་དག་དུ། ངས་ནི་མདོ་སྡེ་གང་བཤད་པ། ཚིག་འབྲུ་ཐ་དད་དོན་གཅིག་སྟེ། ཐམས་ཅད་བརྗོད་པར་ནུས་མ ་ཡིན། ཚིག་གཅིག་རྣམ་པར་བསྒོམས་ན་ནི། དེ་དག་ཐམས་ཅད་སྒོམ་པར་འགྱུར། སངས་རྒྱས་ཇི་སྙེད་ཐམས་ཅད་སྒོམས་པར་འགྱུར། སངས་རྒྱས་ཇི་སྙེད་ཐམས་ཅད ་ཀྱི། ཆོས་རྣམས་མང་པོ་རབ་བཤད་པ། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། མི་གང་དོན་ལ་མཁས་པ་དག། ཚིག་འདི་སླབ་པར་གྱུར་པ ་ལ། སངས་རྒྱས་ཆོས་རྣམས་དཀོན་མ་ཡིན། ཞེས་གསུངས་སོ།། ཆོས་ཟབ་མོ་ལ་མོས་པས་བསོད་ནམས་ཐམས་ཅད་བསྡུད་པ་ཡིན་ཏེ། སངས་རྒྱས་སུ་མ་གྲུབ་ཀྱི་བར ་དུ་འཇིག་རྟེན་པ་དང་།། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པར་འགྱུར་ཏེ། ཁྱེའུ་རིན་པོ་ཆེས་བྱིན་པའི་མདོ་ལས་འབྱུང་བ། འཇམ ་དཔལ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་བྲལ་བས་བསྐལ་པ་བརྒྱ་སྟོང་དུ་ཕྱིན་པ་དྲུག་ལ་སྤྱད་པ་བས། གང་གི་ཆོས་ཀྱི་རྣམ་གྲངས་འདི་ཐེ་ཚོམ་དང་བཅས ་པས་ཉན་པ་འདི་དེ་བསོད་ནམས་དེ་བས་ཆེས་མང་དུ་བསྐྱེད་ན། གང་ཐེ་ཚོམ་མེད་པར་ཉན་པ་ལྟ་ཅི་སྨོས། གང་བྲིས་ནས་ལུང་འབོག་པ་དང་། འཆང་བ་དང་། གཞན ་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་ལྟ་ཅི་སྨོས་ཞེས་གསུངས་སོ།། རྡོ་རྗེ་གཅོད་པ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ ་སེམས། གང་གའི་ཀླུང་གི་བྱེ་མ་སྙེད་པ་གང་གཱའི་ཀླུང་གི་བྱེ་མ་རྙེད་པ་གང་གའི་ཀླུང་ཡང་དེ་སྙེད་དུ་གྱུར་ན། གང་དེ་དག་གི་བྱེ་མར་གྱུར་པ་དེ་མང་བ་ཡིན་ནམ། རབ ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་གའི་ཀླུང་དུ་གྱུར་པ་དེ་ཉིད་ཀྱང་མང་བ་ལགས་ན། དེ་དག་གི་ཕྱེ་མ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ལ་སྒོའོ།། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ།། གང་གའི་ཀླུང་དེ་དག་གི་བྱ་མ་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁས་ཀྱི་སྐྱེས་པ་འམ ་བུད་མེད་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། དེ་བཞིན་གཤེགས་པ་ལ་བྱིན་པ་བྱིན་ན། སྐྱེས་པ་འམ་བུད་མེད་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་དམ། ་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ།། བདེ་བར་གཤེགས་པ་མང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་ཆོས ་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་དེ་ཙམ་བཟུང་སྟེ། གཞན་དག་ལ་ཡང་བསྟན་པ་ན་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དོ།། ། ཞེས ་གསུངས་སོ།། ཚངས་པས་ཞུས་པ་ལས་ཀྱང་། དེ་བཞིན་གཤེགས་པས་གསུངས་ཏེ། གྲོགས་པོ་དག་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་བསོད་ནམས་འདོད་པ ་དང་། དེ་བཞིན་དུ་རྙེད་པ་དང་། གཟུགས་དང་། ལོངས་སྤྱོད་དང་། གཡོག་འཁོར་དང་། ཆོས་ཀྱི་དབང་ཕྱུག་དང་། ལྷ་དང་མིའི་ཕུན་སུམ་ཚོགས་པའི་བར་ཐམས ་ཅད་འདོད་པས་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱ་བར་མོས་པར་བྱ། གཟུང་བར་བྱའོ།། ཞེས་གསུངསོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཤ་རིའི་བུས ་གསོལ་པ། བཅོམ་ལྡན་འདས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་མོས་པའི་སེམས་ཅན་དེ་དག་བྱང་ཆུབ་དུ་ངེས་པར་འགྱུར་བ་ལགས་སོ།། ་བྱམས་པས་གསོལ་པ། བཅོམ་ལྡན་འདས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་མོས་པའི་སེམས་ཅན་སེམས་དཔའ། ་དེ་དག་ནི། བྱང་ཆུབ་ལ་ཉེ་བར་འགྱུར་བ་ལགསོ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་མོས ་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི། སངས་རྒྱས་ཉིད་དུ་ལྟ་བར་བགྱིའོ།། ཞེས་འབྱུང་ངོ་།། ཆོས་ཟབ་མོ་ལ་མོས་པ་ནི་ལྟུང་བ་དང་འགྱོད་པ་ཐམས་ཅད་སེལ་བ་དང་། ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བར་འགྱུར་ཏེ། དེ་བཞིན་གཤེགས་པའི་མི་འཇེད་ཀྱི་མདོ་ལས་འབྱུང་བ། འོད་སྲུང་འདི་ལྟ་སྟེ། ཕ་ཡང་ཡིན་ལ་རང་སངས ་རྒྱས་ཀྱང་ཡིན་པ་དེ་སྲོག་གཅོད་ན། དེ་ནི་སྲོག་གཅོད་པའི་ནང་ན་ཆེན་པོའོ།། འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་བཀོར་རྐུ་བ་འདི་ནི་མ་བྱིན་པ་ལེན་པའི་ནང་ན་ཆེན ་བོའོ།། འདི་ལྟ་སྟེ། མ་ཡང་ཡིན་ལ་དགྲ་བཅོམ་པ་ཡིན་པ་དེ་ལ་ལོག་པར་སྤྱད་པ་འདི་ནི་འདོད་པ་ལ་ལོག་པར་གཡེམ་པ་རྣམས་ཀྱི་ནང་ན་ཆེན་པོའོ།། འདི་ལྟ་སྟེ། ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ནི་རྫུན་དུ་སྨྲ་བའི་ནང་ན་ཆེན་པོའོ།། འདི་ལྟ་སྟེ། འཕགས་པའི་དགེ་འདུན་མི་སྙན་པ་བརྗོད་པ་འདི་ནི་ཕྲ་མའི་ནང་ན། ཆེན ་པའོ།། འདི་ལྟ་སྟེ། འཕགས་པ་རྣམས་ལ་ཅོ་འདྲི་བ་འདི་ནི་ངག་རྩུབ་པོའི་ནང་ན་ཆེན་པོའོ།། འདི་ལྟ་སྟེ། ཆོས་འདོད་པ་རྣམས་ལ་རྣམ་པར་གཡེང་བའི་བྱེད་པ་འདི་ནི ་ཚིག་ཀྱལ་པའི་ནང་ན་ཆེན་པོའོ།། འདི་ལྟ་སྟེ། མཚམས་མེད་པར་བྱེད་པར་ཤོམ་པ་འདི་གནོད་སེམས་ཀྱི་ནང་ན་ཆེན་པོའོ།། འདི་ལྟ་སྟེ། ཡང་དག་པར་སོང་བ་དང་། ་ཡང་དག་པར་ཞུགས་པ་རྣམས་ཀྱི་རྙེད་པ་འཕྲོག་པ་ནི་བརྣབ་སེམས་རྣམས་ཀྱི་ནང་ན་ཆེན་པོའོ།། འདི་ལྟ་སྟེ། ལྟ་བས་གཟིངས་པ་འདི་ནི་ལོག་པར་ལྟ་བའི་ནང་ན་ཆེན ་པོའོ།། འོད་བསྲུང་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཐམས་ཅད་ནི་ཁ་ན་མ་ཐོབ་ཆེན་པོ་དང་བཅས་པའོ།། འོད་སྲུང་གལ་ཏེ་སེམས་ཅན་ཅིག་མི་དགེ་བ་བཅུའི ་ལས་ཀྱི་ལམ་ཁོ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་འདི་དག་དང་ལྡན་པར་གྱུར་ལ་དེ་ཡང་དེ་བཞིན་གཤེགས་པས་རྒྱུ་དང་རྐྱེན་དུ་ལྡན་པའི་ཆོས་པ་ལ་འཇུག་པ་སྟེ། འདི ་ལ་གང་བྱེ་བ་འམ། གང་ཚོར་བ་བྱེད་པའི་བདག་གམ། སེམས་ཅན་ནམ། སྲོག་གམ། གང་ཟག་གང་ཡང་མེད་དོ།། ཞེས་དེ་ལྟར་མ་བྱས་པ། མངོན་པར ་འདུ་མི་བྱེད་པ། སྒྱུ་མའི་ཆོས་ཉིད་ཀུན་ནས་ཉོན་མོངས་པ་མེད་པ། རང་བཞིན་གྱི་འོད་གསལ་བའི་ཆོས་ཐམས་ཅད་ལ་འཇུག་ཅིང་ཐམས་ཅད་སྐྱེས་ནས་འཇིག་ཅིང་འཇུའོ།། ་རྒྱུ་དང་རྐྱེན་ཚོགས་པའི་འདུ་འཕྲོད་ལས་སྐྱེས་ཏེ། སྐྱེས་མ་ཐག་ཏུ་འགག་གོ།། གང་སེམས་ཅན་སྐྱེ་བའི་འཇིག་པ་དེ་ཉིད་ཉོན་མོངས་པ་ཐམས་ཅད་ཀྱི་འཇིག་པ་སྟེ། ་གང་དེ་ལྟར་མོས་པ་དེ་ལ་ལྟུང་བ་གང་ཡང་མེད་ཅིང་ལྟུང་བའི་གནས་མེད་དོ།། གནས་མ་ཡིན་ཞིང་སྐབས་མེད་དེ། གང་སྒྲིབ་མེད་པ་ལ་ལྟུང་བ་མེད་པ་དེ་ནི་གནས་མ་ཡིནོ།། ། ་ཞེས་པ་ནི་ང་མི་སྨྲས་སོ།། ཞེས་གསུངས་སོ།། བདུད་འདུལ་བའི་ལེའུ་ལས་ཀྱང་། འདུལ་བ་འཛིན་པ་ཉེ་བར་འཁོར་གྱིས་དྲིས་པ། ་སྡིག་ཅན་ཇི་ལྟར་དགེ་སློང་འདུལ་བ་འཛིན་པ་ཡིན། བདུད་ཀྱིས་སྨྲས་པ། བཙུན་པ་ཉེ་བ་འཁོར་དགེ་སློང་ནམ་ཆོས་ཐམས་ཅད་ཤིན་དུ་དུལ་བར་ཤེས་ཏེ། ཉེས་པ ་རྣམས་ཀྱི་ཐོག་མའི་སྔོན་གྱི་མཐའ་ཡང་དབེན་པའི་མཐར་ཤེས་ཏེ། ཉེས་པ་བྱུང་བ་རྣམས་ཀྱི་འགྱོད་པ་ཡང་སེལ་ཅིང་བརྟན་པོར་མི་བྲེད་ཅི་དེ། དེ་དག་ལ་གང ་གིས་མཚམས་མེད་པ་རྣམ་པར་གནོན་ན། ཆོ་ག་དང་ཚུལ་ཁྲིམས་ལ་ལོག་པར་ཞུགས་པའི་ཕྲན་ཚེགས་ལྟ་སྨོས་ཀྱང་ཅི་དགོས་པ་དེ་ལྟ་བུའི་ཆོས་ཀྱི་ཚུལ་གྱིས་རྣམ་པ་ཉེ་བར ་བསྒྲུབ། ཉོན་མོངས་པ་འདུལ་བར་ཡང་མཁས་བློ་བུར་གྱི་ཉོན་མོངས་པ་རྣམས་ལ་ཡང་ཀུན་ནས་ཉོན་མོངས་པ་གྱུར་པ་མ་ཡིན་པ་དང་། འབྱུང་བར་འདུ་ཤེས། ཉོན་མོངས ་པ་ནང་དུ་ཡང་མི་སྟོན། ཕྱི་རོལ་དུ་ཡང་མ་ཡིན། གཉིས་ཀ་མེད་པར་ཡང་མ་ཡིན་ཏེ། ཉོན་མོངས་པ་ཁོང་དུ་ཆུད་པ་ཉིད་ཉོན་མོངས་པ་མེད་པར་ཤེས་ཤིང་ཉོན་མོངས་པ ་ཡང་མི་སེལ། ཉོན་མོངས་པ་མེད་པར་ཡང་མི་བསྒྲུབ། ཉོན་མོངས་པ་ཐམས་ཅད་ཀྱང་སྤྲིན་དང་ཆར་སྤྲིན་འདྲ་བར་ཤེས་ཏེ། ཡེ་ཤེས་དང་ལྷག་མཐོང་གི་རླུང་གི་གཏོར་ནས ་ཕྱོགས་དང་ཡུལ་དུ་འགྲོ་བ་ཡང་མེད། གནས་པ་ཡང་མེད་པ་དང་། ཉོན་མོངས་པ་རྣམས་ནི་ཆུ་ཟླ་དང་འདྲ་སྟེ། ཡོངས་སུ་རྟོག་པའི་གཟུགས་བརྙན་གྱིས་བཞིན་ཉེ་བར ་སྟོན་པ་དང་། ཉོན་མོངས་པ་རྣམས་ནི་མུན་པའི་སྤྱོད་ཡུལ་ཏེ། ཤེས་རབ་ཀྱི་སྒྲོན་མས་མི་སྣང་བར་སྣང་བར་བྱེད་པ་དང་། ཉོན་མོངས་པ་རྣམས་རྐུན་པོ་དང་མཁའ་གྲོ་མ་དང་། ་གནོད་སྦྱིན་དང་། སྲིན་པོ་དང་། འདྲ་སྟེ་ཚུལ་བཞིན་ཡིད་ལ་བྱེད་པས། བརྟགས་ན་གནས་པ་མ་ཡིན་པ་དང་། ཉོན་མོངས་པ་ནི་གླགས་ཚོལ་བ་སྟེ། ཚུལ་བཞིན་མ ་ཡིན་པ་ཡིད་ལ་བྱེད་པས་འབྲེལ་བ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཤེས་པས་ཡིད་ལ་འཇུག་པར་མི་བྱེད་པར་སུས་ཉོན་མོངས་པ་རྣམས ་འདི་འདྲ་བར་ཤེས་ཏེ། སེམས་ཅན་ཉོན་མོངས་པས་ཀུན་ནས་ཉོན་མོངས་པར་གྱུར་པ་རྣམས་ལ་སྙིང་རྗེ་ཞིང་བདག་མེད་པ་དང་། སེམས་ཅན་མེད་པར་མངོན་སུམ་དུ་གྱུར་པ། ་འདུལ་བ་འཛིན་པ་ཡང་དག་པ་ཞེས་བྱའོ།། ཞེས་འབྱུང་ངོ་།། འཕགས་པ་མ་སྐྱེས་དགྲས་མདོ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའོ་ཁྱོད ་ལ་སྒོའོ།། ཁོང་དུ་ཆུད་པར་བྱའོ།། གལ་ཏེ་མེད་པ་བྱེད་པས་དམ་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་འཇུག་ཅིང་མོས་ན་དེའི་ལས་དེ་ལས་ཀྱི་སྒྲིབ་པ་ཡིན་ནོ།། ཞེས ་ང་མི་སྨྲའོ།། ཞེས་གསུངས་སོ།། འདི་ཆོས་ཟབ་མོ་ལ་མོས་པའི་ཕན་ཡོན་མདོར་བརྗོད་པ་ཡིན་ཏེ། རྒྱས་པར་ནི་ཐེག་པ་ཆེན་པོའི་མདོ་སྟེ་དང་དེ་དག་ལས་མཉན་པར ་བྱའོ།། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་བྲལ་བར་ཆོས་ཉིད་ཟབ་མོ་ལ་སྦྱོར་བར་མི་བྱ་སྟེ། འདི་ལྟར་ཐབས་དང་ཤེས་རབ་ཟུང་དུ་འབྲལ་བ་ནི། བྱང་ཆུབ ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ཡང་དག་པའོ།། དེ་སྐད་དྲི་མ་མེད་པར་གྲགས་པའི་བསྟན་པ་ལས་འབྱུང་སྟེ། ཐབས་མེད་པས་ཟིན་པའི་ཤེས་རབ ་བཅིངས་པ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་ངེས་པར་རྟོག་ཅིང་། མཚན་དང་དཔེ་བྱད་བཟང་པོ་དང་། སངས་རྒྱས་གི ་བརྒྱན་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ངེས་པར་མི་རྟོག་པ་འདི་ནི། ཐབས་མེད་པའི་ཟིན་པའི་ཤེས་རབ་ཏེ་བཅིངས་པའོ།། ཐབས་ཀྱི་ཟིན་པའི་ཤེས་རབ ་གྲོལ་བ་གང་ཞེ་ན། འདི་ལྟ་སྟེ། མཚན་དང་དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་དང་། སེམས་ཡོངས་སུ་སྨིན་པར་བྱ་བ་ལ་ངེས་པར་རྟོག་ཅིང་སྟོང་པ ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པར་ཡང་འདྲིས་པར་བྱེད་ལ། ཡོངས་སུ་མི་སྐྱོ་བ་འདི་ནི་ཐབས་ཀྱི་ཟིན་པའི་ཤེས་རབ་སྟེ་གྲོལ་བའོ།། ཤེས་རབ་ཀྱིས ་མ་ཟིན་པའི་ཐབས་བཅིངས་པ་གང་ཞེ་ན། འདི་ལྟ་སྟེ་ལྟ་བ་ཐམས་ཅད་དང་། ཉོན་མོངས་པ་ཀུན་ནས་ལྡང་བ་དང་། བག་ལ་ཉལ་བ་དང་། རྗེས་སུ་ཆགས་པ་དང་། ་ཁོང་ཁྲོ་བ་ལ་གནས་ཏེ། དགེ་བའི་རྩ་བ་རྩོམ་པ་ཐམས་ཅད་བྱང་ཆུབ་དུ་མི་བསྔོ་བ་འདི་ནི་ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ཏེ་བཅིངས་པའོ།། ཤེས་རབ་ཀྱི་ཟིན ་པའི་ཐབས་གྲོལ་བ་གང་ཞེ་ན། འདི་ལྟ་སྟེ་ལྟ་བ་ཐམས་ཅད་དང་། ཉོན་མོངས་པ་ཀུན་ནས་ལྡང་བ་དང་། བག་ལ་ཉལ་བ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོད ་སྤངས་པས་དགེ་བའི་རྩ་བ་བཅོམ་པ་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ལ་དེ་དང་མི་སྙེམས་པ་དེ་ནི་ཤེས་རབ་ཀྱིས་ཟིན་པའི་ཐབས་ཏེ་གྲོལ་བའོ་ཞེས་གསུངས་སོ།། ། ་ཐབས་དང་ཤེས་རབ་དང་ལྡན་པ་འདི་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གང་ཞེ་ན། དེ་ཉིད་ལས་འབྱུང ་བ། གང་སོ་སོ་སྐྱེ་བོའི་སྤྱོད་ཡུལ་ཡང་མ་ཡིན། འཕགས་པའི་སྤྱོད་ཡུལ་ཡང་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། བྱང་ཆུབ་སེམས་དཔས་འཁོར། ་བར་ཡོངས་སུ་རྒྱུ་བ་སྤྱོད་ཡུལ་ལ་ཉོན་མོངས་པ་ཡང་སྤྱོད་ཡུལ་མ་ཡིན་པ་དང་། གང་མྱ་ངན་ལས་འདས་པར་རྟོག་པ་ཡང་སྤྱོད་ཡུལ་ལ་ཤིན་དུ་མྱ་ངན་ལས་འདས་པ ་ཡང་སྤྱོད་ཡུལ་མ་ཡིན་པ་དང་། གང་བདེན་པ་བཞིའི་ཡེ་ཤེས་ཀྱང་སྤྱོད་ཡུལ་ལ་དུས་མ་ཡིན་པར་བདེན་པ་རྟོག་པར་བྱེད་པ་ཡང་སྤྱོད་ཡུལ་མ་ཡིན་པ་དང་། གང་ནང ་དུ་སོ་སོར་རྟོགས་པ་ཡང་སྲོད་ཡུལ་ལ་བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་ཡང་སྤྱོད་ཡུལ་དང་། གང་མི་སྐྱེ་བར་དུ་རྟོག་པ་ཡང་སྤྱོད་ཡུལ་ལ་ངེས་པར་གྱུར ་པ་ལ་འཇུག་པ་ཡང་སྤྱོད་ཡུལ་མ་ཡིན་པ་དང་། གང་སེམས་ཅན་ཐམས་ཅད་ཀྱི་འདུ་འཛི་ཡང་སྤྱོད་ཡུལ་ལ་ཉོན་མོངས་པའི་བག་ལ་ཉལ་ཡང་སྤྱོད་ཡུལ་མ་ཡིན་པ་དང་། ་གང་སྟོང་པ་ཉིད་ཀྱང་སྤྱོད་ཡུལ་ལ། རྣམ་པ་ཐམས་ཅད་དུ་ཡོན་ཏན་ཡོངས་སུ་ཚོལ་བ་ལ་ཡང་སྤྱོད་ཡུལ་བ་དང་། གག་མངོན་པར་འདུ་མི་བྱེད་པ་ཡང་སྤྱོད་ཡུལ་ལ། ་དགེ་བའི་རྩ་བ་ཡང་ཐམས་ཅད་མངོན་པར་འདུ་མི་བྱེད་དེ། རྒྱུན་མི་བཅོད་པ་ཡང་སྤྱོད་ཡུལ་བ་དང་། གང་ཞི་གནས་དང་། ལྷག་མཐོང་།། ་གི་ཚོགས་ཐམས་ཅད་ཡོངས་སུ་ཚོལ་བ་ཡང་སྤྱོད་ཡུལ་བ་ཤིན་དུ་ཞི་བར་མི་ལྷུང་བ་ཡང་སྤྱོད་ཡུལ་དང་། གང་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། གང་ཡོངསུ ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་ཡང་སྤྱོད་ཡུལ་མི་གཏོང་ལ། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་མི་གཏོང་བ་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ་ཞེས ་གསུངས་སོ།། བདུད་འདུལ་བའི་མདོ་ལས་ཀྱང་། ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ཡང་དག་པ། ཡང་དག་ཕུལ་ནི་གང་ཤེས་རབ ་ཀྱི་ཤེས་བརྩོན་པ་ཡང་མེད་ལ་ཐབས་ཀྱི་ཤེས་རབ་དགེ་བའི་ཆོས་ཐམས་ཅད་སྡུད་པར་ཡང་སྦྱོར་བ་དང་། ཤེས་ཀྱི་ཤེས་པས་བདག་མེད་པ་དང་། སེམས་ཅན་མེད་པ ་དང་། སྲོག་མེད་པ་དང་། བསོ་བ་མེད་པ་དང་། གང་ཟག་མེད་པར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པར་ཡང་སྦྱོར ་བ་དང་། ཤེས་རབ་ཀྱི་ཤེས་པས་བདག་མེད་པ་དང་། ཆོས་ཐམས་ཅད་བླང་བ་མེད་པ་དང་། དོར་བ་མེད་པར་ཡང་སྦྱོར་བ་ཐབས་ཀྱི་ཤེས་པས་ཆོས་ཐམས་ཅད་ཡོངས་སུ ་འཛིན་པར་ཡང་སྦྱོར་བ་དང་། ཤེས་རབ་ཀྱི་ཤེས་པས་སངས་རྒྱས་ཐམས་ཅད་ལ་བླ་མར་བྱ་བ་དང་། གུས་པར་བྱ་བ་དང་། མཆོད་པ་དང་། རིམ་གྲོ་བྱེད་པར་ཡང ་སྦྱོར་བ་དང་། ཤེས་རབ་ཀྱི་ཤེས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་མཁའི་ཞིང་དུ་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ། ་ཡོངས་སུ་སྦྱོར་བའི་རྒྱན་ལ་ཡང་སྦྱོར་བ་དང་། ཤེས་རབ་ཀྱི་ཤེས་པས་འཕགས་པ་ཐམས་ཅད་འདུས་མ་བྱས་ཀྱི་རབ་ཏུ་ཕྱེ་བར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས ་འཕགས་པ་ཐམས་ཅད་ལ་བླ་མ་དང་། གུས་པ་དང་། རིམ་གྲོ་བྱེད་པར་ཡང་སྦྱོར་བ་དང་། ཤེས་རབ་ཀྱི་ཤེས་པས་སངས་རྒྱས་ཀྱི་སྐུ་ཟག་པ་མེད་པར་སོ་སོར་རྟོག ་པར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་མཚན་དང་དཔེ་བྱད་བཟང་པོ་དང་། རྒྱན་ལ་ཡང་སྦྱོར་བ་དང་། ཤེས་རབ་ཀྱི་ཤེས་པས་འདུ་བྱེད་ཐམས་ཅད་མ་སྐྱེས་པ་དང་། ་མ་བྱུང་བར་སོ་སོར་རྟོག་པར་ཡང་སྦྱོར་ལ། ཐབས་ཀྱི་སྦྱོར་བས་བསམ་བཞིན་དུ་སྲིད་པ་ལས་སྐྱེ་བ་ཡོངས་སུ་འཛིན་པར་ཡང་སྦྱོར་བའོ་ཞེས་གསུངས་སོ།། འཕགས ་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་ཀྱང་། དེ་ལ་བྱང་ཆུབ་སེམས་དཔའི་ཐབས་ནི་གང་ཤེས་རབ་མངོན་པར་སྒྲུབ་པ་ནི་གང་ཞེ་ན། གང་སྙོམས་པར་འཇུག་པ་ན ་སེམས་ཅན་ལ་ལྟ་བས་སྙིང་རྗེ་ཆེན་པོའི་དམིགས་པ་ལ་སེམས་འདོགས་པ་འདི་ནི་དེའི་ཐབས་སོ།། གང་ཞི་ཞིང་རབ་ཏུ་ཞི་བ་ལ་སྙོམས་པར་འཇུག་པ་ལ་སྙིང་རྗེ་ཆེན་པོ ་དང་། སངས་རྒྱས་ཀྱི་ཡེ་ཤེས་ལ་རྟེན་པ་འདི་ནི་དེའི་ཐབས་སོ།། གང་ཅི་ལ་ཡང་མི་གནས་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་པོ།། གང་སྙོམས་པར་འཇུག ་པ་ན་ཆོས་ཐམས་ཅད་ཡོངས་སུ་འཛིན་པ་ལ་ལྟ་བ་འདི་ནི་དེའི་ཐབ་སོ།། གང་ཆོས་ཀྱི་དབྱིངས་དབྱེར་མེད་པར་བསམ་གཏན་བྱེད་པ་འདི་ནི་དེའི ་ཤེས་རབ་པོ།། གང་སྙོམས་པར་འཇུག་པ་ལས་སངས་རྒྱས་ཀྱི་རྒྱུན་སྔོན་དུ་བྱེད་པ་འདི་ནི་དེའི་ཐབས་སོ།། གང་ཆོས་ཀྱི་སྐུ་གནས་པས་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ ་པོ་ཞེས་གསུངས་སོ།། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་། བྱམས་པ་བྱང་ཆུབ་སེམས་དཔའ་ནི་ཕྱག་རྒྱ་ནི་འདི་གཉིས་ཏེ། གཉིས་གང་ཞེ་ན། ་ཚིག་དང་འབྲུ་སྣ་ཚོགས་ལ་དང་པའི་རྒྱ་དང་། ཆོས་ཀྱི་ཚུལ་ཟབ་མོས་མི་སྐྲག་ཅིང་ཡང་དག་པ་ཉིད་ཇི་ལྟ་བ་བཞིན་དུ་འབབ་པ་དང་། འཇུག་པའི་ཕྱག་བརྒྱ་དེ་གཉིས་ནི ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་རྒྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་འགག་ཡི་གེ་ཚིག་དང་། འབྲུ་སྣ་ཚོགས་ལ་དད་ཅིང་ལྷུར་བྱེད་པ་དེ་དག་ནི་ལས་དང་པོའོ།། ་གང་དག་མདོ་ཟབ་མོ་གོམ། པ་ཕྲུགས་དང་སྣརེལ་ཞིའི་རྒྱུད་ཀྱི་ཚིག་དང་རིམ་པ་རབ་དུ་གསལ་བ་འདི་འདོན་པ་དང་། ཞན་པ་དང་། མོས་པ་དང་། སྟོན་པར་འགྱུར ་བའི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཡུན་རིང་པོ་ནས་ཚངས་པར་སྤྱོད་པ་སྤྱད་པར་རིག་པར་བྱའོ།། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ནི་རྒྱུ་གཉིས་ཀྱི་བདག་ལ ་རྨ་འབྱིན་ཏེ། ཆོས་ཟབ་མོ་ལ་ངེས་པར་སེམས་པར་མི་འགྱུརརོ།། གཉིས་གང་ཞེ་ན། སྔོན་མ་ཐོས་པའི་མདོ་སྡེ་ཟབ་མོ་ཐོས་ན་སྐྲག་ཅིང་ཐེ་ཚོམ་དུ་གྱུར་ནས། རྗེས ་ཡི་རང་བར་མི་བྱེད་ཀྱི་སྟེང་དུ་འདི་ལྟ་བུ་བདག་ཅག་གི་སྔོན་མ་ཐོས་ནས་དེ་གནས་འོངས་ཤེས་སྤོང་བར་བྱེད་པ་དང་། རིགས་ཀྱི་བུ་གང་མདོ་ཟླབ་མོ་འདི་འཛིན་པ་དང་། ཆོས ་ཟབ་མོའི་སྣོད་དུ་གྱུར་པ་དང་། ཆོས་ཟང་མོ་སྟོན་པ་དེ་དག་ལ་མི་སྙེན་མི་འགྲོགས་བསྙེན་བཀུར་མི་བྱེད་ཅིང་། དེ་དག་ལ་སྟི་སྟང་མི་བྱེད་ཅིང་། དེ་དག་ལ་སྟི་སྟང་མི་བྱེད་པར ་གྱུར་སྟེ། བར་བར་དུ་དེ་ལ་མི་སྙན་པ་ཡང་བརྗོད་པའོ།། རྒྱུ་གཉིས་ཀྱི་ཟབ་མོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་བདག་ཉིད་ལ་རྨ་བྱིན་ཏེ། མ་སྐྱེས་པའི་ཆོས་ལ་ཡང ་བཟོད་པ་མྱུར་དུ་ཐོབ་པར་མི་འགྱུར་རོ།། གཉིས་གང་ཞེ་ན། ལས་དང་པོ་སྤྱོད་ནས་རིང་པོར་མ་ལོན་པར་བྱང་ཆུབ་སེམས་དཔའ་རྣམས་ལ་བརྙས་ཤིང་ཁྱེད་དུ་བསོད་དེ ་འཛིན་དུ་མི་འཇུག་མི་འབྱེད་མི་སྟོན་པ་དང་། གང་ཟབ་མོ་ལ་མོས་པས་བསླབ་པ་ལ་རི་མོ་མི་བྱེད་ཅིང་། འཇིག་རྟེན་གྱི་ཟང་ཟིང་སྦྱིན་པས་ནི་སེམས་ཅན་ཕན་འདོགས་ཤིང ་ཆོས་ཀྱི་སྦྱིན་པས་མ་ཡིན་པས་ཏེ། རྒྱུ་གཉིས་པོ་དེ་དག་གོ།། ཞེས་གསུངས་སོ།། གང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆེ་བ་ཉིད་རྒྱ་ཆེན་པོ་ལ་འཇུག་པའི ་སེམས་ཅན་དེ་དག་ནི་ཤིན་དུ་རྙེད་པར་དཀའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེ་བ་ཉིད་རྒྱ་ཆེན་པོ་གང་ཞེ་ན། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན ་པ་ལས་འབྱུང་བས། བཙུན་པ་འོད་བསྲུང་ཆེན་པོས་ཕྱོགས་བཅུའི་འཇིག་རྟེན་གྱི་འམས་དཔས་ཏུ་མེད་པ་དང་། བྱང་ཆུབ་སེམས་དཔའ་ལ་སློབ་པའི་ལག་པ་འམ། ་རྐང་པ་འམ། རྣ་བ་དང་། སྣ་འམ། ཁྲག་གམ། རྒྱུས་པ་འམ། རུས་པ་འམ། རྐང་ངམ། མིག་གམ། རོ་སྟོད་དམ། མགོ་འམ། ་ཡན་ལག་དང་། ཉིང་ལག་གམ། རྒྱལ་པོའི་སྲིད་དམ། ཡུལ་འཁོར་དང་། ལྗོངས་སམ། ཆུང་མ་དང་། བུ་ཕོ་དང་། བུ་མོ་དང་། བྲན་པོ་དང་། བྲན་མོ་དང་། རྟ་དང་། ་བ་ལང་དང་། ཤིང་རྟ་དང་། བཞོན་པ་དང་། གསེར་དང་། དངུལ་དང་། ནོར་བུ་དང་། མུ་ཏིག་དང་། མན་ཤེལ་དང་། བྱི་རུ་དང་། ནོར་བུ་རིན་པོ་ཆེ་རྣམས་ཀྱང་རུང་། བཟའ ་བ་དང་། བཏུང་བ་དང་། བྲོ་རྣམས་སམ། གོས་རྣམས་ཉམས་ང་བར་བྱས་ཏེ། སློང་བ་དེ་དག་ཐམས་ཅད་ཀྱང་ཕལ་ཆེར་བསམ་གྱི་མི་ཁྱབ་པའི་རྣམ་པར་ཐར་པ་ལ་གནས ་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། ཐབས་མཁས་པས་ལྷག་པའི་བསམ་པ་བརྟན་པ་འདི་དག་སྟོན་ཏོ།། དེ་ཅིའི་ཕྱིར་ཞེ་ན། བཙུན་པ་འོད་བསྲུང་ཆེན་པོ་བྱང་ཆུབ ་སེམས་དཔའ་རྣམས་ནི། དཀའ་ཐུབ་དྲག་པས་ན་དེ་ལྟ་བུར་སྟོན་ཏེ། གོ་སྐབས་མ་ཕྱེད། གསད་པ་འམ། སྤང་བར་མི་ནུས་སོ།། བཙུན་པ་འོད་སྲུང་ཆེན་པོ་འདི་ལྟ་སྟེ་དཔེར་ན། ་གླང་པོ་ལ་རྡེག་པ་ནི་བོང་བུས་བཟོད་པར་མི་ནུས་ཏེ། དེ་བཞིན་དུ་བཙུན་པ་འོད་བསྲུང་ཆེན་པོ་བྱང་ཆུབ་སེམས་དཔའ་མ་ཡིན་པས། བྱང་ཆུབ་སེམས་དཔའ་ལ་ཉམས་ང་བར་བྱེད་མི ་ནུས་ཀྱི། བྱང་ཆུབ་སེམས་དཔའ་ཞིང་བྱང་ཆུབ་སེམས་དཔའ་ལ་ཉམས་ང་བར་བྱེད་དོ།། བྱང་ཆུབ་སེམས་དཔས་ཉམས་ངབར་བྱས་པ་བྱང་ཆུབ་སེམས་དཔས་བཟོད་དོ།། ཞེས ་གསུང་སོ།། དེ་སྐད་དུ་ཡང་འཕགས་པ་སྡོང་པོ་བཀོད་པ་ཞེས་བྱ་བའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ཀྱི་སྨོན་ལམ་གྱི་གཞི་རབ་དུ་རྟོགས་པ་ཞེས་བྱ་བ་དེ ་བཞིན་གཤེགས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཀུན་དུ་སྣང་བའི་དབྱིངས་ཀྱི་སངས་རྒྱས་ཀྱི་རིགས་མི་ཟད་པ་སྟོན་པའི་དྲུང་ནས་འོངས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར། ་བྱང་ཆུབ་སེམས་དཔའི་མཐུ་རབ་དུ་བསྟན་པ་འདི་ལྟ་སྟེ། མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་དང་། སྤུའི་རྩེ་མོ་ཐམས་ཅད་དང་། ལུས་ཐམས་ཅད་དང་ཡན་ལག་དང་ཉིང ་ལག་ཐམས་ཅད་དང་། ཚིག་གི་ལམ་ཐམས་ཅད་དང་། གོས་སྨད་གཡོགས་ཐམས་ཅད་ནས་བྱང་ཆུབ་སེམས་དཔའི་འཁོར་ཐམས་ཅད་དང་། བདག་དང་བཅོམ་ལྡན་འདས ་རྣམ་པར་སྣང་མཛད་དང་། མངོན་གྱི་མཐའི་མུར་ཐུག་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། སྤྱི་མའི་མཐའི་མུར་ཐུག་པའི་དེ་བཞིན་གཤེགས་པ་ལུང་བསྟན་པ་དང་། ་ལུང་མ་བསྟན་པ་མ་བྱོན་པ་ཐམས་ཅད་དང་། ད་ལྟར་འབྱུང་བ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམ་ཐམས་ཅད་ན་བཞུགས་པ་རྣམས་ཀྱི་སྔོན་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན ་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་དང་། སྦྱིན་པའི་དངོས་པོ་ཐམས་ཅད་ཀྱི་གཟུགས་བརྙན་དང་། མཚན་དང་དཔེ་བྱད་བཟང་པོ་དང་། སྤུའི་རྩེ་མོ་དང་། ལུས་ཐམས་ཅད་དང་། ་ཡན་ལག་དང་། ཉིང་ལག་དང་། ཚིག་གི་ལམ་དང་། གོས་དང་། སྨད་གཡོག་ཐམས་ཅད་ལ་རང་དུ་སྣང་བར་གྱུར་པ་རྣམ་པར་བསྟན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན། ་པདང་ལྡན་པ་ཡན་ལག་ང་ཤིང་ལག་ཐམས་ཅད་འཐུན་པར་རབ་དུ་བསྟན་པ་དང་ལྡན་པའི་སྨན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་བྱར ་པ་ཡོངས་སུ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བརྩོན་འགྲུས་དང་། དྲག་ཤུལ་དང་། རྣམ་པར་གནོན་པ་དང་ལྡན་པའི་སྦྱོར་བ་རྒྱ་མཚོ་རབ་དུ་སྣང་བར ་གྱུར་པ་ཡོངས་སུ་བསྟན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསམ་གཏན་རྒྱ་མཚོ་ཡོངས་སུ་ཚོལ་ཞིང་རབ་ཏུ་སྒྲུབ་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ ་དུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ཡོངས་སུ་སྒྲུབ་པའི་ཡོངས་སུ་ཚོལ་བ་དང་ལྡན་པ་དང་། གདོག་པ ་ཐམས་ཅད་ཡོངས་སུ་གཏོང་ཞིང་རྩོལ་བ་ཆེན་པོའི་ལུས་དང་རོའི་གཟུགས་བརྙན་རྣམ་པར་རིག་པར་བྱ་བས་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པས་ཡོངས་སུ ་བསྟན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་མཐོང་ཞིང་དགའ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལམ་ལ་གྲལ་བ་ཐམས་ཅད་མངོན་པར་བྱེད་པ་དང ་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་དང་ལྡན་པའི་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྔོན་གྱི་སྨོན་ལམ་རྒྱ་མཚོ་རབ་དུ་སྣང་བར ་གྱུར་པ་ཡོངས་སུ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྔོན་གྱི་སྔོན་ལས་རྒྱ་མཚོ་མངོན་པར་སྒྲུབ་པའི་སྒོ་ཡོངས་སུ་དག་པའི་རྒྱན་དང་ལྡན་པའི་སྔོན་གྱི་སྦྱོར ་བ་རྒྱ་མཚོ་རབ་དུ་སྡང་བར་གྱུར་པ་ཡོངས་སུ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་པ་དང་། རྣམ་པར་གནན་པ་དང་། ་རྣམ་པར་དག་པར་བྱས་པ་དང་། ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་དང་། ཆོས་ཀྱི་དབྱིངས་རྒྱ་མཚོ་རྣམ་པར་འཕྲུལ་པ་ཐམས ་ཅད་ཀྱི་སྤྲིན་གྱིས་རྒྱས་པར་བཀང་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངསུ ་བསྟན་པར་བྱེད་ཅིང་མི་འཇེད་ཀྱི་འཇིག་རྟེན་གྱི་ཁམས་ག་ལ་བ་དེར་ལྤགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། འཁོར་དང་བཅས་པས་བཅོམ་ལྡན་འདས་ལ ་ཕྱག་འཚལ་ནས་སྟེང་གི་ཕྱོགས་སུ་རྟེན་ཏེ། རྡོ་རྗེའི་དབང་པོ་སྣ་ཚོགས་ཐམས་ཅད་ཀྱི་རྒྱན་གྱི་སྙིང་པོ་ཅན་གྱི་ཁང་པ་བརྩེགས་པ་དང་། སེང་གེའི་ཁྲི་རྡོ་རྗེ་དང་། ་ཨན་ད་རྙིལ་གྱི་པད་མའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ནས་ནོར་བུའི་རྒྱལ་པོ་རིན་པོ་ཆེ་ཐམས་ཅད་རབ་ཏུ་འབར་བའི་དྲ་བས་ཀུན་ནས་རྒྱན་པ་དང་། རིན་པོ་ཆེའི ་རྒྱལ་པོ་དུས་གསུམ་གྱི་དེ་བཞིན་གཤེགས་པའི་མཚན་དབྱངས་སུ་སྒྲོག་པའི་ཕྲེང་བ་རབ་ཏུ་འཆང་བ་དང་། མགོ་ལ་རིན་པོ་ཆེའི་ཅོད་པན་ཐོགས་པའི་བྱང་ཆུབ་སེམས ་དཔའི་ལུས་སུ་བྱིན་གྱིས་བརླབས་ནས་དཀྱིལ་མོ་དཀྲུང་བཅས་ཏེ་འཁོད་དོ།། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཁོར་དང་བཅས་པའི་བྱང་ཆུབ་སེམས ་དཔའ་ཀུན་དུ་བཟང་པོའོ།། སྤྱོད་པ་དང་སྨོན་ལམ་གྱིས་བྱུང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ནས་ཡེ་ཤེས་ཡོངས་སུ ་དག་པའི་མིག་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་དང་། མདོ་སྡེའི་ཚུལ་གྱི་གསུང་རབ་རྒྱ་མཚོའི་རྣམ་ཡོངས་སུ་གཞོལ་བ། བྱང་ཆུབ ་སེམས་དཔའ་ཐམས་ཅད་ཀྱི་དབང་རབ་ཏུ་ཐོབ་པར་བྱ་བ་ལ་ཕ་རོལ་དུ་ཕྱིན་པའི་མཆོག་ཐོབ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་དུ་འདོང་བ་སྐད་ཅིག་དུ་ཡོངས་སུ ་བསྟན་པ་དང་། རྣམ་པར་འཕྲུལ་པས་འབྱུང་བ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལུས་ཅིག་གིས་རྒྱས་པར་བཀང་བའི་ཡུལ་དང་ལྡན་པ་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་འཁོར་དུ་ལུས་མངོན་པར་འབྱུང་ཞིང་རྣམ་པར་སྣང་བ་རྡུལ་བཞིན་དུ་ཕྲ་བ་ཅིག་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁམས་ཅིག་དུ་སྣང་ཞིང་ཁོངསུ ་ཆུད་པར་ཡང་དག་པར་སྟོན་པའི་ཡུལ་དང་ལྡན་པ། འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། འདུལ་བའི་དུས་ལ་སྡོང་པར་གཞོལ་བ། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོའི་སྤྲིན་གྱི་འབྲུག་སྒྲ་སྤུའི་རྩེ་མོ་ཐམས་ཅད་རབ་ཏུ་སྒྲོག་པའི་ཡུལ་དང་ལྡན་ན། འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས ་ཅད་ཀྱི་ལུས་མཉམ་པ་ལྟ་བུ་ཀུན་དུ་སྟོན་པ། སེམས་ཀྱི་སྐད་ཅིག་ཕྱོགས་རྒྱ་མཚོ་ཐམས་ཅད་དུ་རྣམ་པར་འཕྲུལ་པས་རྒྱས་པར་འགྲེངས་པའོ་ཞེས་གསུངས་སོ།། ། ་ཡང་སྡོང་པོ་བསྐོད་པའི་མདོ་དེ་ཉིད་ལས། བྱང་ཆུབ་སེམས་དཔའི་ཆོ་བ་ཉིད་བསྟར་ཏེ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟང་གིས་བྱང་ཆུབ་སེམས་དཔའི་ཀུན་དུ་བཟང་པོའི།། ་ལུས་མཐོང་བ་དང་། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་ཡན་ལག་རེ་རེ་དང་། ལུས་རེ་རེ་དང་། ལུས་ཀྱི་ཆ་རེ་རེ་དང་། ལུས་ཀྱི་ཆ་རྣམ་པར་བྱེ་བ་རེ་རེ་དང་། ་ཡན་ལག་གི་ཕྱོགས་རེ་རེ་དང་། ཡན་ལག་གི་ཕྱོགས་རྣམ་པར་ཕྱེ་བ་རེ་རེ་དང་། ལུས་རེ་རེ་དང་། ལུས་རྣམ་པར་ཆེ་བ་རེ་རེ་དང་། སྤུའི་ཁུང་བུ་རྣམ་ཕྱེ་བ་རེ་རེ་ན། སྟོང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རླུང་གི་ཕུང་པོ་དང་བཅས། ཆུའི་ཕུང་པོ་དང་བཅས། སའི་ཕུང་པོ་དང་བཅས། མེའི་ཕུང་པོ་དང་བཅས། ་མཚོ་དང་བཅས། གླིང་དང་བཅས། ཆུ་ཀླུང་དང་བཅས། རིན་པོ་ཆེའི་རི་དང་བཅས། རི་རབ་དང་བཅས། ཁོར་ཡུག་དང་བཅས། གྲོང་དང་གྲོང་ཁྱེར་དང་གྲོང ་རྡལ་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་དང་བཅས། ནགས་ཚལ་དང་བཅས། ཁང་ཁྱིམ་དང་བཅས། སྐྱེ་བོའི་ཚོགས་དང་བཅས། སེམས་ཅན་དམྱལ ་བའི་འཇིག་རྟེན་དང་བཅས། དུད་འགྲོའི་སྐྱེ་གནས་དང་བཅས། གཤིན་རྗེའི་འཇིག་རྟེན་དང་བཅས། ལྷ་མ་ཡིན་གྱི་འཇིག་རྟེན་དང་བཅས། ན་མཁའ ་ལྡིང་གི་འཇིག་རྟེན་དང་བཅས། མིའི་འཇིག་རྟེན་དང་བཅས། ལྷའི་འཇིག་རྟེན་དང་བཅས། ཚངས་པའི་འཇིག་རྟེན་དང་བཅས། འདོད་ཁམས་ཀྱི་ཡུལ་དང ་བཅས། གཟུགས་ཀྱི་ཡུལ་དང་བཅས། གཟུགས་མེད་པའི་གནས་ཀྱི་ཡུལ་དང་བཅས། བཞི་དང་བཅས། རྟེན་དང་བཅས། ་དབྱིབས་དང་བཅས། སྤྲིན་དང་བཅས། གློག་དང་བཅས། སྐར་མ་དང་བཅས། ཉིན་ཞག་དང་བཅས། ཟླ་བ་ཕྱེད་དང་བཅས། དུས་དང་བཅས། ལོ་དང ་བཅས། བསྐལ་པ་དང་བཅས་པར་གཟུགས་བརྙན་གྱི་ཚུལ་དུ་མཐོང་ངོ་།། འཇིག་རྟེན་གྱི་ཁམས་འདི་ལ་ཇི་ལྟ་བ་བཞིན་དུ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས ་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ།། ཤར་ཕྱོགས་ལ་ཇི་ལྟ་བ་བཞིན་དུ། ལྷོ་ཕྱོགས་དང་། ནུང་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་འཚམས་དང་། ་ཤར་ལྷོའི་ཕྱོགས་འཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་འཚམས་དང་། ནུབ་བྱང་གི་ཕྱོགས་འཚམས་དང་། འོག་དང་སྟེང་ཀུན་གྱི་ཕྱོགས་དང་། ཕྱོགས་འཚམས ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་སངས་རྒྱས་བྱང་བ་དང་བཅས། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་དང་བཅས ་པར་གཟུགས་བརྙན་གྱི་ཚུལ་དུ་མཐོང་བར་གྱུར་ཏེ། གང་མི་འཆེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་སྔོན་གྱི་མུར་ཐུག་པའི་འཇིག་རྟེན་གྱི་ཁམས་གཅིག་ནས་ཅིག ་དུ་རྒྱུད་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་མཚན་རེ་རེ་ལས་སངས་རྒྱས་འབྱུང་བ་དང་བཅས། བྱང་ཆུབ་སེམ ་དཔའི་འཁོར་གྱི་འཁོར་དང་བཅས། སེམས་ཅན་དང་བཅས། ཁང་ཁྱིམ་དང་བཅས། ཉིན་ཞག་དང་བཅས། བསྐལ་པ་དང་བཅས་པ་མཐོང་བར་གྱུར་ཏོ།། དེ་བཞིན་དུ ་ཕྱི་མའི་མཐར་མུ་ཐུག་པའི་སངས་རྒྱས་ཀྱི་རབ་འབྱམ་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ།། ཇི་ལྟར་འཇིག་རྟེན་གྱི་ཁམས་འདིར་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཐུག་པའི ་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་དུ་རྒྱུད་པ་ཐམས་ཅད་མཐོང་བར་གྱུར་པ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་མངོན་གྱི་མཐའ་དང་། ་ཕྱི་མའི་མཐའི་མུར་ཐུག་པའི་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་རྒྱུད་པ་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་ལུས་ཀྱི་སྐྱེས་བུ་ཆེན་པོའི་མཚན་རེ ་རེ་དང་། སྤུའི་ཁུང་བུ་རེ་རེ་ནས་ཤིན་དུ་རྣམ་པར་ཕྱེ་བ་དང་། ཕན་ཚུན་དུ་མ་འདྲེས་པར་མཐོང་བར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ཡང་ཇི་ལྟར་བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྤྱན་སྔ་ན། སེང་གེའི་ཁྲི་རིན་པོ་ཆེ་ཆེན་པོའི་པད་མའི་སྙིང་པོ་ཅན་ལ་འདུག་ཅིང་རྣམ་པར་རྩེ་བ་འདི་ལྟ་བུས་ཡོངས་སུ ་སྟོན་པར་མཐོང་བ་དེ་བཞིན་དུ་ཤར་ཕྱོགས་ན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཟང་པོའི་དཔལ་གྱི་འཇིག་རྟེན་གྱི་ཁམས་པད་མའི་དཔལ་ན། རྣམ་པར་རྩེ་བ ་འདི་ཉིད་ཡོངས་སུ་སྟོན་ཅིང་འདུག་པ་མཐོང་ངོ་།། ཤར་ཕྱོགས་ཇི་ལྟ་བ་བཞིན་དུ་ཕྱོགས་དང་ཕྱོགས་འཚམས་ཀུན་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གབྱེ ་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་སེང་གེའི་ཁྲི་པད་མའི་སྙིང་པོ་ཅན་ལ་འདུག་ཅིང་། རྣམ ་པར་རྩེ་བ་འདི་ཉིད་ཡོངས་སུ་སྟོན་པར་མཐོང་ངོ་།། ཇི་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་དྲུང་ན། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་སེང་གེའི་ཁྲི་རིན་པོ་ཆེ་ཆེན་པོའི་པད་མའི་སྙིང་པོ་ཅན་ལ་འདུག་ཅིང་རྣམ་པར་རྩེ་བ་འདི་ཉིད་ཡོངས་སུ་སྟོན་པར་མཐོང་བ། དེ་བཞིན་དུ ་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་དག་ལ་རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེའི་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ་དག་ན། ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་དྲུང་ན། སེང་གེའི་ཁྲི་རིན་པོ་ཆེ་ཆེན་པོའི་པད་མའི་སྙིང་པོ་ཅན་ལ་འདུག་ཅིང་རྣམ་པར་རྩེ་བ ་འདི་ཉིད་ཡོངས་སུ་སྟོན་པས་མཐོང་ངོ་།། དེའི་ལུས་རེ་རེ་ལས་ཀྱང་དུས་གསུམ་འབྱུང་བ་འདི་དམིགས་པ་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུ་རྣམ་པར་དམིགས་པ་མངོན་དུ ་བསྟན་པར་མཐོང་ངོ་།། སེམས་ཅན་ཐམས་ཅད་ཀྱི་སྒྲ་དང་། སངས་རྒྱས་ཐམས་ཅད་ཀྱི་དབྱངས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ ་དང་། རྗེས་སུ་བསྟན་པ་དང་། ཀུན་དུ་བརྗོད་པའི་ཆོ་འཕྲུལ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཡང་དག་པར་སླུ་བ་ཐམས་ཅད་དང་། སངས་རྒྱས་ཀྱི་རྣམ་པར ་རོལ་པ་ཐམས་ཅད་ཀྱང་ཐོས་པར་གྱུར་ཏོ་ཞེས་གསུངས་སོ།། འདི་ནི་བྱང་ཆུབ་སེམས་དཔའི་ཆེ་བའི་ཉིད་རྒྱ་ཆེན་པོ་མདོ་ཙམ་སྨོས་པ་ཡིན་ཏེ་རྒྱས་པར་ནི་ཕྱི་མའི་མཐའི་བསྐམ ་པར་ཡང་བསྟན་པར་མི་ནུས་སོ།། དེ་ལ་དེ་བཞིན་གཤེགས་པའི་ཆེ་བ་ཉིད་ཀྱི་མཐུ་གང་ཞེ་ན། ས་བཅུའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བ། ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་དྲིས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱད་པ་དང་། ཡུལ་དང་བྱིན་གྱིས་བརླབས་ཀྱང་དེ་ལྟར་ཚད་མེད་ན། ་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་ཡུལ་ལ་འཇུག་པ་ཅི་འདྲི། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག ་གིས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ནས་རྡེའུ་རྒྱ་ཤུག་གི་ཚིག་གུ་ཙམ་གཉིས་སམ། གསུམ་ཞིག་བླངས་ཏེ། དེ་སྐད་དུ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ན། ་སའི་ཁམས་ཇི་སྙེད་ཅིག་ཡོད། རྡེའུ་འདི་ལས་ཅི་ཙམ་གྱིས་ལྷག་པར་ཚད་མེད་ཅེས་ཞིག་ཡོད་ན། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་ཁོང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་ཚད་མེད་པ་མངའ་བ་རྣམས་ཀྱི་ཉིད་ལ་བྱང་ཆུབ་སེམས་དཔའི་ཆོས་ཉིད་ཀྱིས་མཛལ་བ་ནི་ཁྱོད་ཀྱི་ཚིག་འདི་ཡང་དེ་དང་འདྲ་བར་བདག ་གི་དཔག་སོ།། ཀྱེ་རྒྱལ་བའི་སྲས་ཇི་ལྟ་བ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ནས་གང་བླངས་པའི་སངས་རྒྱས་ནི་ཆུང་ལ་ལྷག་མ་ལས་ནི་ཚད་མེད་དོ།། ཀྱེ་རྒྱལ་བའི་སྲས་ཁྱོད ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྲས་ཆོས་ཀྱི་སྤྲིན་འདི་ཁོ་ན་ཡང་བསྐལ་པ་གྲངས་མེད་པར་ཤིན་དུ་བསྟན་ཀྱང་ཕྱོགས་ཙམ་ཞིག་བསྟན་དུ་ཟད་ན། ་དེ་བཞིན་གཤེགས་པའི་ས་ལྟ་སྨོས་ཀྱང་ཅི་དགོས། ཀྱེ་རྒྱལ་བའི་སྲས་ཁྱོད་ལ་སྒོའོ།། ཁྱོད་ཀྱི་ཁོང་དྲི་བར་བྱའོ།། དེ་བཞིན་གཤེགས་པ་འདི་བདག་གི་མདུན་ནན་དུ་བཞུག ་ཏེ། ཀྱེ་རྒྱལ་བའི་སྲས་གལ་ཏེ་ཕྱོགས་བཅུའི་ཕྱོགས་རེ་རེའི་སངས་རྒྱས་ཀྱི་ཁམས་མུ་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཅིག། སའི་འདི་ལྟ་བུ་ཐོབ་པའི་བྱང་ཆུབ་སེམས་དཔའ ་རྣམས་ཀྱི་བུ་རབ་ཤིང་གི་ཚལ་ལམ། འདམ་བུའི་འཚལ་ལམ། འོད་མའི་ཚལ་ལམ། ཏིལ་གྱི་ཚལ་ལྟར་ཡོངས་སུ་གང་བར་གྱུར་ཀྱང་། དེ་དག་གི་བྱང་ཆུབ་སེམས ་དཔའི་སྤྱོད་པ་མངོན་པར་སྒྲུབ་པ། བསྐལ་པ་མུ་མེད་པར་སྒྲུབ་པ་དག་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་སྐད་ཅིག་ཡུད་ཙམ་ཐང་ཅིག་བྱུང་བའི་དེ་བཞིན་གཤེགས་པའི ་ཡུལ་གྱི་བརྒྱའི་ཆར་ཡང་མཆོག་པ་ནས། དེ་བཞིན་དུ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་གི་ཆའི་བར་དང་རྒྱུར་ཡང་མི་ཆོག་གོ།། ཞེས་གསུངས་སོ།། དེ་བཞིན་གཤེགས་པའི ་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་མདོ་ལས་ཀྱང་། འཇམ་དཔལ་དེ་བཞིན་གཤེགས་པ་འདི་སེམས་ཅན་ལ་ལ་དག་གིས་ནི ་འཁོར་འདི་ཉིད་རབ་དུ་འབྱུང་བ་ལ་ཕྱོགས་པ་དང་ཁྱིམ་ནས་མངོན་པར་འབྱུང་བར་ཤེསོ།། ལ་ལ་ངག་གིས་ནི་རབ་ཏུ་བྱུང་བ་དང་། ལ་ལ་དག་གིས་ནི་དཀའ་བ་སྤྱོད་པ ་ལ་གནས་པ་དང་། ལ་ལ་དག་གིས་ནི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། གང་ལ་ལ་དག་གིས་ནི་བྱང་ཆུབ་ཀྱི་སྤྲོ་ལ་འདུག་པ་དང་། ལ་ལ་དག་གིས་ནི་བདུད་བཅོམ་པ་དང་། ་ལ་ལ་དག་གིས་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ལ་ལ་དག་གིས་ནི་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་གསོལ་བ་བཏབ་པ་དང་། ་ལ་ལ་དག་གི་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་ཤེས་སོ།། ལ་ལ་དག་གིས་ནི་རང་སངས་རྒྱས་ཀྱི་ཐེག་པའི་གཏམ་དང་། ལ་ལ་དག་གིས་ནི་ཐེག་པ་ཆེན་པོའི་གཏམ་ཐོས་སོ།། ་ལ་ལ་དག་གིས་ནི་དེ་བཞིན་གཤེགས་པའི་སྐྲའི་སྲིད་འདོམ་གང་བར་མཐོང་ངོ་།། ལ་ལ་དག་གིས་ནི་རྒྱང་གྲགས་ཅིག་ཙམ་ནས། ལ་ལ་དག་གིས་ནི་དེ་བཞིན་གཤེགས་པའི ་སྲིད་དཔག་ཚད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བགྲང་བ་ལས་ཤིན་དུ་འདས་པའི་བར་དུ་མཐོང་ངོ་།། ལ་ལ་དག་གིས་ནི་དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་ལྟ་བུ་ནས་ལ ་ལ་དག་གིས་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཁ་དོག་ལྟ་བུའི་བར་དུ་མཐོང་ངོ་།། ལ་ལ་དག་གིས་ནི་ཡོངས་སུ་མྱ་ངན་ལས་འདས་པ་དང་། ལ་ལ་དག་གིས་ནི་ཞུགས ་ལ་ཞེན་པ་དང་། ལ་ལ་དག་གིས་ནི་སྐྲ་ཅིག་དུ་སྲ་བ་དང་། ལ་ལ་དག་གིས་ནི་དེ་བཞིན་གཤེགས་པའི་རིང་སྲེལ་རྒོད་པར་ཤེས་སོ།། ལ་ལ་དག་གིས་ནི་མངོན་པར ་རྫོགས་པར་སངས་རྒྱས་ནས་ལོ་བཅུ་ལོན་པ་དང་། ལལ་ངག་གིས་ནི་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཅུ་ལོན་པ་དང་། ལ་ལ་དག་གིས་ནི་བྱང་ཆུབ་ཀྱི་སྙིང་པོར ་བྱོན་པ་དང་། ལ་ལ་དག་གིས་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ནུབ་པར་ཤེས་སོ།། ལ་ལ་དག་གིས་ནི་ཡོངས་སུ་མྱ་ངན་ལས ་འདས་ནས་བསྐལ་པ་བཅུ་དང་། ཉི་ཤུ་དང་། སུམ་བཅུ་དང་། བཞི་བཅུ་དང་། བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་ལེན་པ་དང་། ལ་ལ་དག་གིས་ནི་བཅོམ་ལྡན་འདས་ཤཱཀྱ ་ཐུབ་པ་ལ་མངོན་པར་སངས་རྒྱས་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཞིག་ལོན་པར་ཤེས་ཀྱང་། འཇམ་དཔལ་དེ་བཞིན་གཤེགས་པ་ནི་མི ་རྟོག་རྣམ་པར་མི་རྟོག་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་པས་མི་རྟོག་བཞིན་དུ་སེམས་ཅན་གྱི་བསམ་པའི་དབང་གི་བྱ་བ་འདི་ལྟ་བུ་རྟག་དུ་འབྱུང་ངོ་།། ཞེས་གསུངས ་འཕགས་པ་ཕལ་པོ་ཆེའི་མདོ་ལས་ཀྱང་། འཇམ་དཔལ་འདི་ལྟ་སྟེ་དཔེར་ན། མཚོ་ཁྱོན་དུ་དཔག་ཚད་ལྔ་སྟོང་ཡོད་པ། བྱ་རོག་གི་བཏུང་དུ་རུང་བ་ཙམ་དུ་མུ ་དང་ཁ་ད་ཆད་དུ་འདུག་པ། པད་མའི་ལོ་མས་ཁེབས་པ་ཞིག་ཡོད་པར་གྱུར་ལ། དེ་ལ་མི་ལ་ལ་ཞིག་ལྕགས་ཀྱི་ཤིང་རྟ་ཕང་ལོ་རྩིགས་སྟོང་ཡོད་པ། ་ན་མཁའ་ལྡིང་གི་ཤུགས་པས་དྲག་པའི་རྟ་གྱེམས་པས་ཤིང་རྟ་དྲངས་ཏེ། སྲོག་ཤིང་ཆུ་ལ་ཡང་མི་རེག། རྟའི་སྡིག་པས་པད་མའི་འདབ་མ་ལ་ཡང་མི་གནང ་བར་དེ་ལྟར་དེའི་ཤིང་རྟ་དེ་དྲངས་ན། མཚོ་དེ་ལས་སྦྲུལ་གདུག་པ་ཞིག་བྱུང་སྟེ། སྐད་ཅིག་གི་ཤིང་རྟའི་ཕྱིར་འཁོར་བའི་སྐད་ཅིག་དེ་ལ། དེས་ཤིང་རྟ་དེ་ལ ་བདུན་དུ་བསྐོར་བར་གྱུར། སྐད་ཅིག་གང་གིས་སྦྲུལ་གདུགས་པས་ཤིང་དེ་ལན་ཅིག་འཁོར་བའི་སྐད་ཅིག་དེ་ལ།། དགེ་སློང་ཀུན་དགའ་བོས་ཆོས་རྣམ་པ་བཅུ ་བཤད་དོ།། དོན་ཀྱང་གོ་བར་བྱེད། སྐད་ཅིག་གང་གི་ཀུན་དགའ་བོ།། ཆོས་རྣམས་པ་ཅིག་བཤད་པའི་སྐད་ཅིག་དེ་ལ། དགེ་སློང་ཤ་ར་དྭ་ཏིའི་བུས་ཆོས་རྣམ་པ ་སྟོང་བཤད་དེ། འོན་ཀྱང་གོ་བར་བྱེད་ཅིང་། སྐད་ཅིག་གང་གིས། ཤཱ་ར་དྭ་ཏིའི་བུ་ཆོས་རྣམ་པ་ཅིག་བཤད་པའི་སྐད་ཅིག་དེ་ལ། དགེ་སློང་མེའུ་འགལ་གྱི་བུས ་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱད་ཁྲི་ཤིན་དུ་འདས་ནས། སྐད་ཅིག་གང་གིས་མེའུ་འགལ་གི་བུ་འཇིག་རྟེན་གྱི་ཁམས་ཅིག་དུ་འདའ་བའི་སྐད་ཅིག་དེ་ལ་དེ ་བཞིན་གཤེགས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀླས་པ་ན་མཁའི་ཁམས་ཀྱི་མཐས་བཏུས་པ། རབ་འཇམ་རྒྱ་མཚོ་ཐམས་ཅད་དུ ་འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེ་དང་། སྐྲའི་ཁྱོན་ཙམ་རེ་རེ་ལ་ཡང་། དགའ་ལྡན་གྱི་གནས་ནས་འཕོ་བ་དང་། ལྷུམ་སུ་འཇུག་པ་དང་། ཞུགས་པ ་དང་། ལྷམ་པ་དང་། བརྒྱ་བྱིན་དང་། ཚངས་པས་བླངས་པ་དང་། གནས་བཀོད་པ་དང་། གོམ་པ་བདུན་འདོར་བ་དང་། ཕྱོགས་བཅུར་རྣམ་པར་གཟིགས ་བ་དང་། སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་དང་། ལས་དང་འབོ་ད་ང་མྱུ་རྩལ་དང་། རིག་པའི་གནས་ཐམས་ཅད་སློབ་པ་དང་། གཞོན་ནུའི་ས་ཀུན་དུ་སྟོན་པ་དང་། ་བཙུན་མེའི་འཁོར་གྱི་ནང་ན་རྣམ་པར་རོལ་པ་དང་། བསྐྱེད་མོས་ཚལ་གྱི་སར་འབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ལ་ཕྱོགས་པ་དང་། ་མངོན་པར་འབྱུང་བ་དང་། རབ་དུ་འབྱུང་བ་དང་། དཀའ་བ་སྤྱད་པ་སྤྱོད་པ་དང་། ཞལ་ཟས་གསོལ་པ་དང་། བྱང་ཆུབ་ཀྱི་སྙིང་པོར་བཞུད་པ་དང་། བཞུགས་པ་དང་། ་བདུད་འདུལ་བ་དང་། བྱང་ཆུབ་རྣམ་པར་སངས་རྒྱས་པ་དང་། བྱང་ཆུབ་ཀྱི་ཤིང་པར་སྤྱན་མི་འཛུམ་པར་གཟིགས་པ་དང་། ཚངས་པ་ཆེན་པོས་གསོལ་བ་བཏབ་པ་དང་། ་ཆོས་ཀྱི་འཁོར་ལོ་རང་དུ་བསྐོར་བ་དང་། ལྷའི་གནས་སུ་གཤེགས་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལེའི་ཚུལ་རབ་དུ་བསྐོར་བའི ་ཡུལ་རྣམ་པ་ཐ་དད་པ་དང་། བསྐལ་པའི་མིང་བརྗོད་པ་དང་། ཚེའི་ཚད་དང་། འཁོར་གྱི་དཀྱིལ་འཁོར་བཀོད་པ་དང་། སངས་རྒྱས་རྣམ་པར་བཀོད་པའི་ཚུལ་དང་། ་བྱང་ཆུབ་ཀྱི་སེམས་དང་། སྤྱོད་པ་དང་། སྨོན་ལམ་དང་ཕ་རོལ་དུ་ཕྱིན་པ་དང་། ས་དང་མངོན་པར་ཤེས་པ་དང་། བཟོད་པ་དང་། གཟུངས་དང་། ཏིང་ངེ་འཛིན་དང་། རྣམ ་པར་ཐར་པ་དང་། དེ་ལ་མཆོད་པ་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་ཡུལ་ཚད་མེད་པ་དང་། ཆོས་ཀྱི་དབྱིངས་ཚད་མེད་པ་ལ་འཇུག ་པ་རྣམ་པ་ཐ་དད་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་བྱ་བ་དང་། ཐབས་རྣམ་པར་བཞག་པ་རྣམ་པ་ཐ་དད་པ་དང་། ཆོ་འཕྲུལ་ཆེན་པོ་དང་། རྣམ་པར་རོལ་པ་དང་། ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟན་པ་དང་། སྐུ་ཅིག་དུ་སྲ་བའི་རིང་སྲེལ་རྣམ་པར་བྱེད་པ་དང་། བསྟན་པ་གནས་པ་དང་། ཀུན་དུ་དབྱེ་བ་དང་། བྲི་བ་དང་། དམ ་ངའི་ཆོས་ནུབ་པ་ཡང་ཀུན་དུ་སྟོན་ལ། མུ་སྟེགས་ཅན་གྱི་གནས་ལ་སྤྱོད་པ་ཐམས་ཅད་དང་། སྐྱེ་བའི་རབས་ཐམས་ཅད་དུའང་ལྷུན་གྱིས་གྲུབ་པས་རྣམ་པར་མི་རྟོག་བཞིན་དུ ་ཅིག་ཆར་ཀུན་དུ་སྣང་ངོ་།། ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པའི་བྱིན་བརླབས་རྒྱུན་མི་གཅོད་པར་སྟོན་པ་དང་། སྐད་ཅིག་གི་ཡུན་དེ་ཉིད་ལ། ཕྱོགས་བཅུ་ནས་སྐྲའི ་ཁྱོན་ཙམ་རེ་རེ་དང་། སྤུའི་ཁུང་བུའི་ཕྱོགས་རེ་རེའི་བར་ལ་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྒྱ ་མཚོ་དང་བཅས་པ་ཐམས་ཅད་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རྒྱ་ཆེན་པོ་ཐམས་ཅད་དང་། སེམས་ཅན་གྱི་རིས་ཀྱི་གནས་བཀོད་པ་རྒྱ་མཚོ་ཐམས་ཅད ་དང་། སེམས་ཅན་གྱི་རིས་སྐྱེ་མཆེད་དྲུག་དུ་བཏགས་པ་རྒྱ་མཚོ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་སྤྱད་པ་ཡང་དག་པར་འགྲུབ་པ་ཀོད་པ་རྒྱ་ཆེན་པོ་ཐམས་ཅད་དང།། ་དེ་བཞིན་གཤེགས་པའི་ཡུལ་བཀོད་པ་རྒྱ་ཆེན་པོ་ཐམས་ཅད་ལྷུན་གྲུབ་པས་རྣམ་པར་མི་རྟོག་བཞིན་དུ་ཅིག་ཆར་སྟོན་ཏོ།། ཕྱི་མའི་མཐའི་མུར་ཐུག་པའི་བྱིན་གྱིས ་བརླངས་རྒྱུན་མི་གཅོད་པར་ཀུན་དུ་སྟོན་པས། སྐད་ཅིག་དེ་ཉིད་ལ། ཕྱོགས་བཅུ་ནས་སྒྲའི་ཁྱོན་ཙམ་གྱི་བར་ལ། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད ་པའི་སེམས་ཅན་རེ་རེ་ལ་ཡང་སེམས་ཅན་ཐམས་ཅད་སྙེད་ཀྱི་ལུས་དང་དབྱིབས་དང་། ཁ་དོག་དང་། དབྱངས་དང་། སྨྲ་བ་དང་། ཆོས་བསྟན ་པ་རྣམ་པ་ཐ་དད་པ་ལ་སོགས་པའི་བྱེ་བྲག་གཞན་དང་། གཞན་དག་ལྷུན་གྱིས་གྲུབ་པས་རྣམ་པར་མི་རྟོག་བཞིན་དུ་ཅིག་ཆར་སྟོན་ཏེ། སེམས་ཅན་གཞན་དང་གཞན ་གྱི་བསམ་པའི་དབང་གི། ཕྱི་མའི་མཐའ་བསྐལ་པའི་མུར་ཐུག་པའི་བྱིན་གྱིས་བརླབས་རྒྱུན་མི་གཅོད་པར་ཀུན་དུ་སྟོན་ཏོ།། འཇམ་དཔལ་འདི་ལྟ་སྟེ་དཔེར་ན། ་ཟླ་བ་ཡར་གྱི་ངོའི་ཚེས་བཅཝོ་ལྔའི་ནམ་ཕྱེད་ཀྱི་དུས་ན། ཟླ་བའི་དཀྱིལ་འཁོར་འཛམ་བུའི་གླིང་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་མདུན་ན་གནས ་པར་མཐོང་ཡང་། ཟླ་བའི་དཀྱིལ་འཁོར་མི་རྟོག་རྣམ་པར་མི་རྟོག་སྟེ། རྣམ་པར་མི་རྟོག་གཞན་དུ་མ་འདྲེས་པའི་ཆོས་དང་ལྡན་པས་བྱ་བ་འདི་ལྟ་བུ་འབྱུང་ངོ་།། དེ་བཞིན ་དུ་བསམ་པ་ཇི་ལྟ་བ་བཞིན་དང་། འདུལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་དེ་དག་གི་དེ་བཞིན་གཤེགས་པ་མདུན་ན་བཞུགས་པར་མཐོང་ཡང་དེ་བཞིན་གཤེགས་པ་རྣམས ་མི་རྟོག་རྣམ་པར་མི་རྟོག་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་པས་རྣམ་པར་མི་རྟོག་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་མ་འདྲེས་པ་དང་ལྡན་པས་མཛད་པ་འདི་ལྟ་བུ ་འབྱུང་ངོ་ཞེས་རྣམ་པ་མང་དུ་གསུངས་སོ།། མདོ་སྡེ་ཟབ་མོ་རྒྱ་ཆེན་པོ་གང་དག་ལ་སངས་རྒྱས་ཟབ་མོ་ཆེན་པོ་གང་དག་ལས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཆེ་བ་ཉིད ་བསྟན་པ་དེ་དག་ལ་མོས་པ་དང་། ཡི་གེར་འབྲི་བ་དང་། ཀློག་པ་དང་། མཆོད་པ་དང་། སྟི་སྟང་བྱེད་པ་ཡང་བསོད་ནམས་ཤིན་དུ་རྒྱས་པར་འཕེལ་བར་འགྱུར་ཏེ། མདོ ་ལས་འཇམ་དཔལ་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་རི་རབ་ནི་འདི་ལྟ་སྟེ། ཡིགེ་འབྲི་བ་དང་། གློ་ཆེ་བ་ཉིད་ཀྱི་རིགས་ཐམས་ཅད་ཟིལ་གྱིས་མནན་ནས། ལྷག་གེ་ཐལ་ལེ། ་ལྷ་མོའོ།། འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པས་ཀྱང་འདི་ལྟ་སྟེ། མཐོང་བ་དང་ཡངས་པ་དང་། ཆེ་བ་ཉིད་ཀྱི་མདོ་ལ ་མོས་པ། ཕ་རོལ་ཕྱིན་པ་ལྔ་ལས་བྱུང་བའི་དགེ་བའི་རྩ་བ་བསྐལ་པ་གྲངས་མེད་པར་བསགས་པའི་བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་སྙེད ་ཟིལ་གྱིས་མནན་ནས། ལྷ་མེ། ལྷ་ནི་ལྒང་ངེའོ།། འཇམ་དཔལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གཞན་ཞིག་ཕུང་པོ་མེད་པའི་གནས་ལ་མོས་པར་གྱུར། འདི ་ནི་བསོད་ནམས་ཆེས་གྲངས་མེད་པར་བསྐྱེད་དོ།། འཇམ་དཔལ་གལ་ཏེ་སེམས་ཅན་ཐམས་ཅད་ཕུང་པོ་མེད་པའི་གནས་ལ་མོས་པར་གྱུར་པ་བས། འཇམ་དཔལ་རིགས ་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཞན་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ནས། ཡི་གེར་འབྲི་བ་འམ། ཐ་ན་གླེགས་བམ་ལ་བྲིས་ཏེ། མོས་པར་འཆང་ངམ། བར་མེ་དང་། ་བདུག་པ་དང་། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པས་མཆོད་ན། འདི་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པར་བསྐྱེད་དོ།། ཞེས་གསུངས་སོ།། ། ་