CLOSE WINDOW

F270: ched du brjod pa'i tshoms
Wyliee-texts produced with BDRC’s OCR application

འབབས་པ་ཆེད་དུ། བཞུགས ་ཨ་བ་དན་པར་ག ་བོད་སྐད་དུ། ཆེ་བརྗོད་པའི་ཆོམ ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། བདེ་ལ། ་སུ་ག། རྒྱལ་བས་མེད་དུ་བརྗོད་གསུངས་པ ་བདག་གིས་རབ་དུ་བཤད་པར་བྱ།། གཉིད་དང་ཐུགས ་པ་རྣམས་སེལ་ལ། ཡིད་ལ་དགའ་བ ་ཐུང་བ་སངས་རྒྱས་བཅོམ་ལྡན་འདས། ་ཅད་མཁྱེན་པ་སྐྱོབ་པ་པོ།། སྐྲ་ཡི་ཐ་མ་འཛིན་པ་ཡི།། བཅོམ ་ལྡན་འདས་ཀྱིས་འདི་སྐད་གསུངས།། ཀྱེ་མ་འདུ་བྱེད་རྣམས་མི་རྟག། སྐྱེ་ཞིང ་འཇིག་པའི་ཆོས་ཅན་ཡིན།། སྐྱེས་ནས་འཇིག་པར་འགྱུར་བ་སྟེ།། དེ་བས་ཉེ་བར་ཞི ་བ་བདེ།། རུས་པ་ཐི་བའི་མདོག་འདྲ་བ།། བོར་བ་གང་ཡིན་འདི་དག་ནི།། ཕྱོགས ་དང་ཕྱོགསུ་རྣམ་འཐོར་བ།། དེ་མཐོང་འདི་ལ་ཅི་ཞིག་དགའ།། གང་གི་ནུབ་མོ ་ཁོ་ན་ནས།། མངལ་དུ་དང་པོར་ཞུགས་པའི་མི།། དེ་ནི་སྡོད་པ་མེད ་འགྱུར་ཞིང་། སོང་བ་ལས་ཀྱང་ལྡོག་པ་མེད།། སྔ་དྲོ་སྐྱེ་བོ་མང་མཐོང་བ།། ཕྱི་དྲོ་ཁ ་ཅིག་མཐོང་མི་འགྱུར།། ཕྱི་དྲོ་སྐྱེ་བོ་མང་མཐོང་བ།། སྔོ་དྲོ་ཁ་ཅིག་མཐོང་མི་འགྱུར། ་སྐྱེས་པ་བུད་མེད་མང་པོ་དང་།། དར་ལ་བབ་པའང་འཆི་འགྱུར་ན།། དེ་ལ་མི་འདི་གཞོན ་ཞེས་ཏེ།། གསོན་པའི་གདེང་ནི་ཅི་ཞིག་ཡོད།། ཁ་ཅིག་མངལ་དུ་འཆི་བར་འགྱུར།། དེ་བཞིན་ཁ ་ཅིག་བཙས་པའི་སར།། དེ་བཞིན་ཁ་ཅིག་འགོག་ཙམ་ན།། དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན། ་ལ་ལ་རྒན་དང་ལ་ལ་གཞོན།། ལ་ལ་དར་ལ་བབ་པའི་མི།། རིམས་ཀྱིས་རབ་དུ་འགྲོར ་འགྱུར་ཏེ།། འབྲས་བུ་སྨིན་པ་ལྟུང་བཞིན།། དཔེར་ན་འབྲས་བུ་སྨིན་པ་རྣམས།། ལྟུང་བས ་རྟག་དུ་འཇིག་པ་ལྟར།། དེ་བཞིན་སྐྱེས་པར་གྱུར་པའི་མི།། རྟག་དུ་འཚ་བས་འཇིགས་པར ་འགྱུར།། དཔེར་ན་རྔ་མའི་མཁན་པོ་ཡི།། འཇིམ་པ་ལས་ནི་སྣོད་བྱས་པ།། ་ཐམས་ཅད་ཐ་མར་འཇིག་པ་ལྟར།། མི་རྣམས་སྲོག་ཀྱང་དེ་བཞིན་ནོ།། དཔེར་ན་ཐགས་ནི་བསྐྱང་བ ་ལ། སྤུན་ནི་གང་དང་གང་བཅུགས་པའི།། སྤུན་གྱིས་གཏིང་ལ་བཏུགས་པ་ལྟར།། མི་རྣམས ་སྲོག་ཀྱང་དེ་བཞིན་ནོ།། དཔེར་ན་ངེས་པར་གསོད་པ་དག། གོམ་པ་གང་དང་གང་བོར་བས།། གསོད ་པའི་དྲུང་དུ་སྐྱེལ་བ་ལྟར།། མི་རྣམས་སྲོག་ཀྱང་དེ་བཞིནོ།། ཆུ་ཀླུང་དྲག་དུ་འབབ་པའི་རྒྱུན།། ལྡོག ་བ་མེད་པར་ཇི་ལྟ་བར།། དེ་བཞིན་མི་ཡི་ཚེ་འགྲོ་བ།། སླར་མི་ལྡོག་པར་འགྱུར་བ་མེད།། དཀའ་བ་ཉིད་དང་། ་དེ་ཡང་སྡུག་བསྔལ་ལྡན་པ་དང་།། མྱུར་བ་ཁོ་ནར་འཇིག་འགྱུར་ཏེ།། ཚུལ་དབྱུག་གུས་བྲིས་པ་བཞིན།། ་དཔེར་ན་ཕྱུགས་རྫི་དབྱུག་ཐོགས་ཀྱིས། ཕྱུགས་རྣམས་གནས་སུ་ཕྱིན་བྱེད་ལྟར།། དེ་བཞིན་ནང་དང་རྒ ་བ་ཡིས།། མི་རྣམས་འཆི་བདག་དྲུང་དུ་སྐྱེལ།། ཆུ་ཕྲན་གྱི་ནི་ཆུ་ལྟ་བུར།། ཉིན་དང་མཚན་མོ་འདས་པ་ཡི།། ་མི་རྣམས་ཚེ་ཡང་ཟད་འགྱུར་ཞིང་།། སོག་ཀྱང་ཉེ་བར་འཇིག་པར་འགྱུར།། མེལ་ཚེ་བྱེད་ལ་མཚན་མོ་རིང་། ་ལམ་གྱི་དུང་ལ་རྒྱང་གྲགས་རིང་།། དམ་ཆོས་རྣམ་པར་མི་ཤེས་པའི།། བྱིས་པ་རྣམས་ལ་འཁོར་བ་རང་།། བདག ་ལ་དུ་ཡོད་དེ་བཞིན་དུ།། ནོར་ཡོད་ཅེས་པས་བརླག་པར་འགྱུར།། ཕྱི་རོལ་ནང་ན་བདག ་མེད་ན།། སུ་ཡི་བུ་ཡིན་ཅི་ཞིག་ནོར།། སྐྱེས་པ་བུད་མེད་རྣམས་ཀྱི་རིགས།། བརྒྱ་དང་སྟོང་ཕྲག་མང་པོ་དང་། ་ལོངས་སྤྱོད་ལེགས་པར་བསྒྲུབས་པ་ཡང་།། འཆི་བདག་དབང་དུ་འགྲོ་བར་འགྱུར།། བསགས་པ་ཀུན་གྱི་མཐའ ་ཟད་ཡིན།། བསླང་བའི་མཐའ་ནི་འགྱེལ་བར་འགྱུར།། ཕྲད་པའི་མཐའ་ནི་འབྲལ་བ་སྟེ།། བསོན་པའི་མཐའ་ནི ་འཆི་བ་ཡིན།། བསོན་མཐའ་འཆི་བ་ཡིན་པས་ན།། སེམས་ཅན་ཐམས་ཅད་འཆི་འགྱུར་ཞིང་།། དགེ་སྡིག་འབྲས ་བུ་ཉེས་འགྲོ་བའི། ཇི་བཞིན་ལས་ཀྱིས་རྗེས་སུ་འབྲང་།། སྡིག་པའི་ལས་ཀྱི་དམྱལ་བ་དང་།། བསོད་ནམས་བྱས་པ ་བདེ་འགྲོ་སྟེ།། གཞན་དག་གིས་ནི་ལམ་བསྒོམས་པས།། ཟག་མེད་མྱ་ངན་འདས་པར་འགྱུར།། གང་ཡང་སངས་རྒྱས་རང་སངས ་རྒྱས་དང་སངས་རྒྱས་རྣམས་ཀྱིས་ཉན་ཐོས་ཀྱང་། སྐུ་ལུས་འདི་ནི་སྤོང་མཛད་ན།། སྐྱེ་བོ་ཕལ་པ་སྨོས་ཅི་དགོས།། གང་དུ་གནས ་ན་འཆི་བས་མི་ཚུགས་པའི།། ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ།། བར་སྣང་ལ་མེད་རྒྱ་མཚོའི་གཏིང་ནའང་མེད།། རི་བོ་རྣམས་ཀྱི ་བསེབ་དུ་ཞུགས་ནའང་མིན།། བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ།། ཀུན་གྱིས་ལུས་འདི་བཏང་ནས་འགྲོ་བ་དང་།། དེ་ཀུན་འཇིག་པར ་མཁས་པས་རྟོགས་བགྱིས་ཏེ།། ཆོས་ལ་གནས་ཀྱིས་ཚངས་པས་སྤྲད་པ་སྤོང་།། རྒ་བ་མཐོང་ཞིང་ནད་ཀྱི་སྡུག་བསྔལ་དང་།། སེམས་ཅན་བྲལ ་བའི་ཤི་བ་མཐོང་ནས་ནི།། བརྟན་པས་བརྩོན་ར་འདྲ་བའི་ཁྱིམ་སྤངས་ཀྱི།། འཇོག་རྟེན་ཕལ་པས་འདོད་སྤངས་ནུས་རེ་ཀན།། རྒྱལ་པོ་ཤིང་རྟ་ཤིན་དུ་བཀྲ ་བའང་འཇིག། དེ་བཞིན་དུ་ལུས་ཀྱང་ཉེ་བར་རྒ་བར་འགྱུར། དམ་པ་རྣམས་ཀྱི་ཆོས་འདི་དམ་པ་སྟེ། མི་མཆོག་གཞན་རྟོགས་བྱེད་ཅིང་དགའ་མི་འགྱུར།། ་དགའ་བ་ཁྱོད་ནི་བླུན་ཞིང་ངན།། ཁྱོད་ནི་མི་རིགས་བྱེད་པ་སྟེ།། ཡིད་དུ་འོང་བའི་གཟུགས་འདི་ཡང་། ཁྱོད་ཀྱི་མངོན་པར ་བཅོམ་པར་འགྱུར།། གང་ཞིག་ལོ་ནི་བརྒྱར་འཚེ་བ།། དེ་ཡང་འཆི་བདག་ཉིད་ཀྱིས་ཁྲིད།། འདི་དག་རྒ་བར་འགྱུར་བ་འམ།། ཡང་ན་ན་བ་འམ་འཆི ་བས་འཇོམས།། རྟག་དུ་ལྡོག་པ་མེད་པར་འགྲོ་ཞིང་།། ཉིན་དང་མཚན་དུ་རབ་ཏུ་འཇིག་པ་དང་།། སྐྱེ་དང་འཆི་བའི་སྡུག་བསྔལ་དང་ལྡན་པ། ཆུ་ཚན ་ནང་དུ་འདས་པའི་ཉ་དང་འདྲ།། ཚེ་འདི་ཉིན་དང་མཚན་མོ་དང་།། འགྲོ་བ་དང་ནི་འདུག་པ་ན།། ཆུ་ཀླུང་ཆེན་པོའི་རྒྱུན་བཞིན་དུ།། ཕྱིར་མི་ལྡོག་པར་འགྲོ ་བར་འགྱུར། ཆུ་ཆུང་ནང་གི་ཉ་ལྟ་བུར།། གང་ཞིག་ཉི་མཚན་འདའ་བ་ཡི།། ཚེ་ན་ཤིན་དུ་ཐུང་གྱུར་ན།། དེ་ལ་དགའ་བར་བྱ་ཅི་ཡོད།། གསོན་མཐའ ་འཆི་བ་ཡིན་པའི་ཕྱིར།། ལུས་འདི་ཡོངས་སུ་དགའ་བ་དང་།། ནད་ཀྱི་ཚང་འདི་མྱུར་འཇིག་ཅིང་།། རྣག་གི་ཚོགས་ཀྱང་འཇིག་པར་འགྱུར།། ཀྱེ་མ་ལུས ་འདི་མི་ཐོགས་པར།། སྟོང་ཞིང་རྣམ་ཤེས་དང་བྲལ་ནས།། དུར་ཁྲོད་བོར་བའི་འགལ་དུམ་ལྟར།། སའི་སྟེང་དུ་འགྱེལ་བར་འགྱུར།། རྒྱུན་དུ་ནད་ཀྱི ་མངོན་གདུང་ཞིང་།། ཏྲག་དུ་མི་གཙང་འཛག་པ་དང་།། རྒ་དང་འཆི་བས་ཚོར་འགྲིབ་པའི།། ལུས་འདི་ངོ་བ་ཅིར་མི་རུང་། མྱུར་དུ་འཇིག་ཅིང་ན་བ་དང་།། རྣག ་དང་ལྡན་པའི་ལུས་འདི་ཡི།། གྲུབ་དང་བདེ་བ་བླ་མེད་པ།། ཞིང་མཆོག་དོན་དུ་གཉེར་བར་གྱིས།། དགུན་ཀ་དང་ནི་དཔྱིད་ཀ་དང་།། དབྱར་ཁ་འདི་དག་བྱའོ་ཞེས། ་བྱིས་པ་རྣམ་པར་སེམས་བྱེད་པས། བར་ཆད་མཐོང་བར་མ་གྱུར་ཏོ།། བུ་དང་ནོར་ཕྱུགས་འབྱོར་པ་དང་།། མི་ཡི་ཡིད་ནི་རྣམ་ཆགས་པ། འཆི་བདག་གིས ་ནི་བླངས་ནས་འགྲོ། ཉལ་འགྲོ་ཆུ་བོས་འདས་པ་བཞིན།། འཆི་བའི་དུས་ལ་བབ་པ་ན།། བུ་རྣམས་སྐྱབས་སུ་མི་འགྱུར་རོ།། པ་ཡང་མ་ཡིན་གཉེན་མདུན ་མིན།། ཁྱོད་ལ་སྐྱབས་སུ་འགྱུར་བ་མེད།། འདི་ནི་བྱ་བ་བྱས་ཟིན་དོན་འདི་བྱ།། དེ་དག་བྱས་ནས་བདག་གིས་འདི་བྱའོ་ཞེས།། དེ་ལྟར་མི་ནི་ཡོངསུ་ཤོམ་པ་ན།། ་རྒ་དང་ནད་བཅས་འཆི་བས་མངོན་དུ་བཅོམ།། དེ་ལྟས་རྟག་དུ་ཏིང་ངེ་འཛིན་ལ་མཉམ་པར་ཞོག། བརྩོན་པ་སྐྱེ་དང་རྒ་བའི་མཐའ་མ་ལྟོས།། བདུད་རྣམས་སྡེ་དང་བཅས ་པ་མངོན་པར་ཟིལ་ནོན་ལ།། དགེ་སློང་དག་གིས་སྐྱེ་ཤིའི་ཕ་རོལ་འགྲོ་བར་བགྱི།། མི་རྟག་པའི་ཚོམས་ཏེ་དང་པོའོ།། ། ཀུན་ཏོག་ལས ་ནི་འདོད་སྐྱེས་པས།། དོད་པའི་རྩ་བ་ཤེས་ཁེ་སྟེ།། ཁྱོད་ནི་ཀུན་རྟོག་པ་བྱེད་དང་།། དེས་ན་ཁྱོད་ལ་འབྱུང་མི་འགྱུར།། འདོད་པ་རྣམས་ལས་མྱ་ངན་སྐྱེས།། འདོད་པ། ་@རྣམས་ལས་འཇིགས་པ་འབྱུང་།། འདོད་པ་དག་ནི་རྣམ་སྤངས་ན།། མྱ་ངན་མེད་ཅིང་འཇིགས་པ་མེད།། དགའ་བ་རྣམས་ལས་མྱ་ངན ་འཇིགས་པ་འབྱུང་།། དགའ་བ་དག་ནི་རྣམ་སྤངས་ན།། མྱ་ངན་མེད་ཅིང་འཇིགས་པ་མེད།། འདོད་དགའའི་རྣམ་སྨིན་སྡུག་བསྔལ་ཏེ།། དང་པོ་མངར་ལ་འབྲས་བུ་ཆེ།། ་མེ་སྒྲོན་ལག་ནས་མ་བོར་བ།། མཇུག་དུ་བྱིས་པ་སྲེག་བྱེད་བཞིན།། ནོར་བུའི་རྣ་ཆ་བུ་དང་བུ་མོ་ལ།། ཡོངས་སུ་ཆགས་སེམས་གང་ཡིན་ལ་ལྟོས་ན།། ལྕགས་ཤིང་། ་གྲེས་མ་ལ་བྱས་ཆིངས་མ་གང་།། དེ་ནི་དམ་མིན་ཞེས་འཕགས་པས་གསུངས།། འདོད་པའི་ཆིངས་མ་གང་ཡིན་དེ་ལྷོད་ཀྱང་།། རབ་དུ་དཀའ་བ་ཡིན་ཞེས་འཕགས ་པས་གསུངས།། བརྟན་རྣམས་འདོད་པའི་བདེ་ལ་མི་ལྟ་བར།། དེ་དག་བཏུབས་ནས་མྱུར་དུ་འགྲོ་བ་བྱེད།། འཇིག་རྟེན་སྣ་ཚོགས་གང་བདེ་འདོད་རྣམས་ཀྱི།། སྐྱེས་བུའི ་ཀུན་རྟོག་འདོད་ཆགས་འདོད་པ་ཡིན།། འཇིག་རྟེན་སྣ་ཚོགས་དེ་བཞིན་གནས་ཀྱང་ཡིན།། འོན་ཀྱང་བརྟན་རྣམས་འདི་ལ་འདུན་པ་འདུལ།། མི་རྣམས་ལ་ནི་རྟག ་པའི་འདོད་པ་མེད། འདོད་ཅན་གང་ལ་ཆགས་ཏེ་མི་རྟག་པས།། ཡང་སྲིད་མེད་ཕྱིར་སེམས་ཀྱིས་རབ་སྤོངས་ལ།། འཆི་བའི་གནས་མི་འགྱུར་བར་བྱོས་ཤེས་གསུང་།། ་འདུན་པ་སྐྱེས་ཤིང་ཟག་པར་མི་བྱེད་དང་།། སེམས་ལ་སྐྱོན་མེད་པ་དང་དྲན་པ་དང་།། འདོད་པ་རྣམས་ལ་སོ་སོར་མ་ཆགས་གང་།། དེ་ནི་གོང་དུ་འཕོ་བ་ཡིན་ཞེས་གསུང་།། ་མགར་བ་ཡི་ནི་ལྕགས་བཞིན་དུ།། བློ་གྲོས་ལྡན་པས་རིམ་པ་བཞིན།། སྐད་ཅིག་སྐད་ཅིག་ཅུང་ཟད་ཙམ།། རང་གི་དྲི་མ་བསལ་བར་བྱ།། ལྷ་མཁན་གྱི་ནི་ཀོ་བ་དང་། ་ཡོངས་སུ་སྦྱངས་ནས་ལྷམ་བྱེད་ལྟར།། འདོད་པ་གང་དང་གང་སྤངས་པ།། དེ་དེ་བདེ་བ་ཕུན་སུམ་ལྡན།། གལ་ཏེ་བདེ་བ་ཀུན་འདོད་ན།། འདོད་པ་ཐམས་ཅད་ཡོངས་སུ་སྤོངས།། ། ་འདོད་པ་ཐམས་ཅད་ཡོངས་སྤངས་པ།། མཆོག་དུ་བདེ་བ་ཐོབ་པར་འགྱུར།། ཇི་སྲིད་འདོད་པའི་རྗེས་འབྲང་བ།། དེ་སྲིད་བར་དུ་ངོམས་མི་འགྱུར།། དེ་ལས་གང་དག་ཤེས ་རབ་ཀྱི།། ལྡོག་བྱེད་དེ་དག་ཚིམ་པ་ཐོབ།། འདོད་པས་ངོམས་པར་མི་འགྱུར་ལྟར།། ཤེས་རབ་ཀྱི་ནི་ངོམ་པ་སྐྱེད།། ཤེས་རབ་ཀྱི་ནི་ངོམ་པའི་མི།། སྲེད་པའི་དབང་དུ ་མི་འགྱུར་རོ།། འདོད་ལ་ཆགས་པའི་མི་གང་ཡིན།། དེ་དག་ཀྱེ་མ་ཆོས་མིན་དགའ།། ཅུང་ཟད་གསོན་པར་འདུག་པ་ན།། བར་ཆད་མཐོང་བར་མི་འགྱུར་རོ།། བློ་ངན་ལོང་། ་སྤྱོད་ཀྱིས་བཅོམ་པས།། ཕ་རོལ་ཚོལ་བར་མི་བྱེད་ཅིང་།། བསམ་རླག་འདོད་ལ་སྲེད་པ་ཡིན།། བདག་དང་གཞན་ཡང་ཕུང་བར་བྱེད།། ཀར་ཤ་པ་ནའི་ཆར་བབ་ཀྱང་།། ་འདོད་པ་དག་གིས་ངོས་མི་འགྱུར།། འདོད་པ་མནོག་ཆུང་ཉེས་མང་བར།། མཁས་པ་རྣམས་ཀྱི་ཁོང་དུ་ཆུད།། ལྷའི་འདོད་པ་རྣམས་ལ་ཡང་།། ལྷག་པར་དགེའ་བར ་མི་འགྱུར་གྱི།། རྫོགས་སངས་རྒྱས་དང་ཉན་ཐོས་རྣམས།། སྲེད་པ་ཟད་པས་དགེས་པར་འགྱུར།། གང་ཅན་དང་ནི་མཉམ་པ་ཡི།། གསེར་གྱི་རི་བོ་ཡོད་ཀྱང་ནི།། ནོར ་དེ་ཅིག་ཀྱང་མི་འཚོལ་བར།། རྟོགས་པར་གྱིས་ལ་ལེགས་པར་སྤྱོད།། གང་དག་སྡུག་བསྔལ་དེ་ཡི་རྒྱུས་ཤེས་པ།། དེ་དག་ནམ་ཡང་འདོད་ལ། ་དགའ་མི་འགྱུར།། འཇིག་རྟེན་དག་ན་ཟུག་རྔུའི་རྒྱུར་ཤེས་ནས།། དེ་དག་འདུལ་ཕྱིར་བརྟན་པ་སློབ་པར་བྱེད།། འདོད་པའི་ཆོམ་སྟེ་གཉིས་པའོ།། ། ་ལུས་ཅན་རྣམ་པར་རྟོག་པར་རབ་བཅོམ་པ།། འདོད་ཆགས་མི་ཟད་གཙང་བར་རྗེས་ལྟ་བས།། འདོད་ཕྱིར་ཞིང་ལ་རབ་དུ་རྒྱུག་འགྱུར་ཏེ།། རང་གི་འཆིང་བ་དེ་ཡི་དམ ་པོར་བྱེད།། གང་དག་རྣམ་རྟོག་ཉེ་བར་ཞི་དགའ་ཞིང་།། མི་སྡུག་སྒོམ་པ་རྟག་དུ་དྲན་བྱེད་དེ།། དེ་ཡི་སྲིད་པ་རབ་དུ་སྤངས་པ་ཡིས།། རང་གི་འཆིང་བ་དེ་དག་དུལ་བར་བྱེད།། ་འདོད་པའི་མུན་ནག་དྲ་བས་གཡོགས།། སྲེད་པའི་དགབ་པས་བཀབ་པ་དང་།། བག་མེད་འཆི་བས་བཅིངས་པ་དག། ཚད་མར་ཆུད་པའི་ཉ་དང་འདྲ།། སྐྱེས་བུ་བག ་མེད་རབ་དུ་སྤྱོད་བྱེད་པ།། ཁྲི་ཤིང་བཞིན་དུ་སྲེད་པ་འཕེལ་འགྱུར་ཞིང་།། རྒ་དང་འཆི་བས་རྗེས་སུ་འགྲོ་འགྱུར་ཏེ།། མ་དྲུང་ནུ་ཞོ་འདོད་པའི་བེའུ་དང་།། མི་དག་དྲང་པར ་བྱེད་དང་ཆགས་བྱེད་དང་།། ཡིད་ལ་བདེ་བ་རྟོགས་པར་བྱེད་པ་དག། དེ་ཡི་ཡང་དང་ཡང་དུ་འཁོར་བར་འབྱམས།། ཚལ་ནང་འབྲས་བུ་འདོད་པའི་སྤྲེའུ་དང་མཚུངས། ་མི་གང་རྟག་དུ་བདེ་བར་འདོད་བྱེད་པ།། སྐྱེ་དང་རྒ་བར་ཉེ་བར་འགྲོ་འགྱུར་ཞིང་།། སྐྱེ་རྐུ་སྲེད་པ་རྣམས་ཀྱི་མདུན་དུ་བདར་།། ཆུ་ནང་རི་བོང་ཡོངས་སུ་ཆུག་པ་བཞིན། ་སྲེད་པ་རྣམས་ཀྱི་འདུན་པའི་སེམས་ཅན་དག། སྲིད་དང་སྲིད་མིན་དག་ལ་སེམས་ཆགས་ཤིང་།། ཀུན་སྦྱོར་རོ་ལ་དགའ་བྱས་པ་རྣམས།། ཡང་དང་ཡང་དུ་སྡུག་བསྔལ ་ཐོབ་པར་འགྱུར།། སྐྱེ་བོ་གྲུབ་དང་བདེ་རྣམས་དང་བྲལ་ཞིང་།། བདུད་ཀྱི་སྦྱོར་བ་དག་དང་ལྡན་པ་དེ།། རྒ་དང་འཆི་བའི་རྗེས་སུ་འགྲོ་འགྱུར་ཏེ།། མ་དྲུང་ནུ་ཞོ་འདོད་པའི ་བེའུ་དང་འདྲ།། འདི་ན་སྲིད་པ་དེ་འདྲའི་སྤོང་བྱེད་དང་།། སྲིད་དང་སྲིད་མིན་དག་ལ་སྲེད་བྲལ་ཞིང་།། དགེ་སློང་སྲིད་པ་ཟིལ་གྱིས་གནོན་བྱེད་པ།། ལྷག་མ་མེད་པར་ཡོངས ་སུ་མྱ་ངན་འདའ།། གང་ཞིག་འཇིག་རྟེན་སྤང་དཀའ་བའི།། སྲེད་པའི་བུད་མེད་འདིས་འཁོལ་བ།། དེ་ཡི་མྱ་ངན་འཕེལ་འགྱུར་ཏེ།། རྩ་ལ་ཆར་བ་བབས་པ་བཞིན། ་གང་ཞིག་འཇིག་རྟེན་སྤང་དཀའ་བའི།། སྲེད་པའི་བུད་མེད་འདི་སྤོང་བ།། དེ་ཡི་མྱ་ངན་ལྡོག་འགྱུར་ཏེ།། པད་མ་ལ་ནི་ཆུ་ཐིགས་བཞིན།། དེ་ཕྱིར་ཇི་སྙེད་འདིར་ལྤགས་པ།། ་ཁྱེད་ལ་སྨྲ་ཡིས་ཁྱེད་བདེ་ཤིག། ཨུ་ཤིར་ཕྱིར་ན་རྩ་བཞིན་དུ།། སྲེད་པ་རྩར་བཅས་དྲང་ནས་ཕྱུང་།། སྐྱེས་བུ་སྲེད་པ་དང་འགྲོགས་ན།། ཡུན་རིང་དུས་སུ་འཁྱམས་འགྱུར ་བས་ལ་སྲིད་པ་དྲུང་ནས་ཕྱུང་ཤིག་དང་།། མྱ་ངན་མེད་ཅིང་འཇིགས་པ་མེད།། ཡང་དུ་ཡང་དུ་ཉེ་བར་ལེན་ཅིང་།། ཡང་དང་ཡང་དུ་མངལ་དུ་འཇུག། གནས་སྐབས ་འགྱུར་དང་གཞན་འགྱུར་བས།། སེམས་ཅན་འོད་དང་འགྲོ་བར་བྱེད།། འདིར་ནི་སྤང་དཀའི་སྲེད་པ་དེ།། སྤོངས་ལ་ས་བོན་ཆོད་ཅིག་དང་།། དེ་ལྟར་སྲེད་པ་མེད ་བག་མེད་པ་ལ་མི་སྦྱོར་ཞིང་།། འདོད་ལ་དགའ་བ་མི་སྩོགས་དང་།། རྟག་དུ་བག་ཡོད་སེམས་བྱེད་པ།། ཟག་པ་ཟད་པ་ཐོབ་པར ་འགྱུར་ཟག་པ་ཟད་པ་མ་ཐོབ་ཀྱང་།། དུས་འདིར་བག་མེད་མི་བྱ་སྟེ།། རིག་དགས་མ་ཡིན་སེང་གེ་ལྟར།། བག་མེད་པ་དག་གསད་པར་འགྱུར།། བག་མེད་ཕ་རོལ ་བུད་མེད་སྟེན་བྱེད་པའི།། མི་གང་ཡིན་ལ་གནས་སྐབས་འདི་བཞི་འབྱུང་།། བསོད་ནམས་མི་ཐོབ་བདེ་བར་མི་ཉལ་དང་།། གསུམ་པ་སྨད་འགྱུར་ཞི་བ་དམྱལ་བར་འགྱུར། ་བསོད་ནམས་མི་ཐོབ་སྡིག་པའི་འགྲོ་བ་དང་།། འཇིགས་དང་བག་ཚ་ལྷན་ཅིག་བདེ་བ་ཆུང་།། རྒྱལ་པོའི་ཆད་པ་ཆེན་པོས་གཅོད་འགྱུར་ཞིང་།། ལུས་ཞིག་སེམས ་ཅན་དམྱལ་བ་རྣམས་སུ་འཚོད།། གང་ཞིག་བདག་བདེ་ལྟ་འདོད་པ།། དེས་ནི་གོང་མ་བཞིན་དུ་བྱས།། བྱིས་པའི་ཤིང་རྟ་བཞིན་འགྱུར་བས།། བརྟན་པས་བརྩོན ་འགྲུས་ཞན་མི་བྱ།། དཔེར་ན་བྱིས་པའི་ཤིང་རྟ་དག། ལམ་ཆེན་བཟང་པོ་བོར་ནས་སུ།། ལམ་ངན་དག་དུ་འགྲོ་བྱེད་པས།། མིག་ཆག་སེམས་ཁོང་ཆུད་པ་ལྟར།། ་དེ་བཞིན་ཆོས་ནི་སྤངས་ནས་ཀྱང་།། ཆོས་མིན་རྗེ་སུ་འཇུག་བྱེད་པའི།། བྱིས་པ་འཆི་བ་དག་དབང་འགྲོ་ཞིང་།། མི་ཆགས་བཞན་དུ་བཅོམ་པ་ཐོབ།། གང་ཞིག་བྱ་བ ་རྣམ་སྤངས་ནས།། མི་བྱ་བ་དག་བྱེད་པ་དང་།། བག་མེད་པ་ཡི་རློམ་བྱེད་པ།། དེ་དག་རྣམས་ཀྱི་ཟག་པ་འཕེལ།། གང་གི་ཟག་པ་འཕེལ་འགྱུར་བ།། དེ་ཡི་ཟག ་མེད་རྒྱང་མ་ནས།། གང་ཞིག་ལུས་གཏོགས་དྲན་པ་དང་།། རྟག་དུ་ལེགས་པར་བརྩམས་པ་དང་། བྱ་བ་མ་ཡིན་མི་བྱེད་ཅིང་།། རྒྱུན་དུ་བྱ་བ་བྱེད་པ་དང་།། དྲན་དང་། ་ཤེས་བཞིན་ལྡན་པ་དེའི།། ཟག་པ་རྣམས་ནི་ཟད་པར་འགྱུར།། གང་གི་ཟག་པ་ཟད་གྱུར་པ།། དེས་ནི་ཟག་མེད་ཐོབ་པར་འགྱུར།། ཇི་ཙམ་ངན་སྨྲ་བྱེད་པ་དག། ་དེ་དག་དམ་ཆོས་འཛིན་མ་ཡིན།། གང་དག་འདི་ན་ཐོས་ཉུང་ཡང་།། ལུས་ཀྱི་ཆོས་བདག་མངོན་སུམ་བྱས།། གང་དག་ཆོས་ལ་བག་བྱེད་པ།། དེ་དག་དམ་ཆོས ་འཛིན་པ་ཡིན།། གལ་ཏེ་རིགས་བཅས་མང་དུ་སྨྲས་ཀྱང་ནི།། བག་མེད་མི་དག་དེ་ལྟར་བྱེད་མི་འགྱུར།། དཔེར་ན་ཕྱུགས་རྫིས་གཞན་གྱི་ཕྱུགས་བགྲངས་ལྟར། ་དེ་དག་དགེ་སྦྱོང་སྐལ་པ་ཐོབ་མ་ཡིན།། གལ་ཏེ་རིགས་བཅས་ཉུང་ངུ་སྨྲ་བྱེད་ཀྱང་།། ཆོས་ཀྱིས་རྗེསུ་ཆོས་ལ་སྤྱོད་པ་དང་།། འདོད་ཆགས་ཞེས་སྡང་གཏི་མུག་སྤོང ་བྱེད་པ།། དེ་དག་དགེ་སྦྱོང་སྐལ་བ་ཐོབ་པ་ཡིན།། ཡོན་ཏན་བསྔགས་པ་བརྗོད་བྱེད་ཅིང་།། རྟག་དུ་བག་མེད་ལ་སྨོད་པས།། བག་ཡོད་མཆོད་སྦྱིན་བརྒྱ་པ་ཡང་།། ལྷ ་རྣམ་ནང་ན་གཙོ་བོར་གྱུར།། བྱ་བ་བྱས་རུང་བ་བྱས་རུང་།། མཁས་པས་ཡོན་ཏན་བསྔགས་པ་བརྗོད།། བག་དང་ཆས་པའི་མཁས་པ་ཡིས།། དོན་གཉིས་རབ་ཏུ་ལེན ་པར་བྱེད།། ཚེ་འདིའི་དོན་ནི་གང་ཡིན་དང་།། ཕྱི་མའི་དོན་ནི་གང་ཡིན་པ།། དེ་དག་བརྟན་པས་རྟོགས་པས་ན།། མཁས་པས་ཞེས་ནི་བརྗོད་པ་ཡིན།། དགེ་སློང་བག ་ཡོད་ལ་དགའ་ཞིང་།། བག་མེད་པ་ལ་འཇིགས་ལྟ་བས།། བདག་ཉིད་ངན་འགྲོ་ལས་འདྲེན་ཏེ།། འདབ་རྫ་བ་ལས་ནི་གླང་ཆེན་བཞིན།། ་དགེ་སློང་བག་ཡོད་ལ་དགའ་ཞིང་།། བག་མེད་པ་ལ་འཇིགས་ལྟ་བས།། བདག་ཉིད་ངན་འགྲོ་ལས་འདྲེན་ཏེ།། སྡིག་པའི་ཆོས་རྣམས་དཀྲུག་པར་བྱེད།། རླུང་གི ་ལྗོན་ཤིང་ལོ་མ་བཞིན།། དགེ་སློང་བག་ཡོད་ལ་དགའ་ཞིང་།། བག་མེད་པ་ལ་འཇིགས་ལྟ་བས།། ཀུན་དུ་སྦྱོར་བ་ཕྲ་སྦོམ་དག། མེ་ཡི་སྲེགས་པ་བཞིན་དུ་འགྲོ།། ་དགེ་སློང་བག་ཡོད་ལ་དགའ་ཞིང་།། བག་མེད་པ་ལ་འཇིགས་ལྟ་བས།། ཀུན་དུ་སྦྱོར་བ་ཀུན་ཟད་པ།། རིམས་ཀྱི་ཉམ་སུ་མྱོང་བར་འགྱུར།། དགེ་སློང་བག་ཡོད ་ལ་དགའ་ཞིང་།། བག་མེད་པ་ལ་འཇིགས་ལྟ་བས།། འདུ་བྱེད་ཉེར་ཞི་ཞི་བ་ཡི།། ཞི་བའི་གོ་འཕངས་སོ་སོར་རྟོགས།། དགེ་སློང་བག་ཡོད་ལ་དགའ་ཞིང་།། ་བག་མེད་པ་ལ་འཇིགས་ལྟ་བས།། མྱ་ངན་འདས་དང་ཉེ་བའི་ཕྱིར།། ཡོངས་སུ་ཉམས་འགྱུར་མི་སྲིད་དོ།། བརྩོན་འགྲུས་ལྡན་ཞིང་བག་ཡོད་དང་།། ཆོས་སྤྱད ་ལེགས་པར་སྤྱོད་བྱེད་པ།། འཇིག་རྟེན་འདི་དང་ཕ་རོལ་དུ།། ཆོས་སྤྱད་པས་ནི་བདེ་མང་ཐོབ།། ཞི་ཕྱིར་བསླབ་པ་ལ་བརྟེན་དང་།། རྩོལ་བ་དང་ནི་བརྩོན་འགྲུས་སྐྱེས།། ་མི་དྲན་པ་དང་བག་མེད་དང་།། བརྩོན་འགྲུས་ཆུང་དང་ཀུན་སྡོམ་མེད།། ཉིད་དང་སྙོམས་དང་གཡེང་བ་འདི་དག་བསླབ་པའི་བར་ཆད་པས།། ཁྱོད་ཀྱི་ཡན་ལག་དེ་རྟོགས་པ།། ་དྲན་པ་ཆུས་ནི་མ་བཟན་ཅིག། དགེ་སློང་ཚུལ་ཁྲིམས་བཟང་བ་དང་།། བག་ཡོད་པ་ལ་དགའ་བ་ཡིས།། ཀུན་རྟོག་ལེགས་པར་མཉམ་ཞོག་སྟེ།། རང་གི་སེམས ་ནི་རྗེས་སུ་བསྲུངས།། བརྩམ་པར་བྱ་ཞིང་འབྱུང་བར་བྱ།། སངས་རྒྱས་བསྟན་ལ་འཇུག་པར་བྱ།། འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན།། འཆི་བདག་སྡེ་ནི་གཞོམ་པར ་བྱ།། གང་ཞིག་ཆོས་འདུལ་འདི་ལ་ནི།། བག་དང་ལྡན་པར་སྤྱོད་བྱེད་པ།། སྐྱེ་བའི་འཁོར་བ་རབ་སྤངས་ནས།། སྡུག་བསྔལ་ཐ་མར་བྱེད་པར་འགྱུར།། བག་ཡོད ་པའི་ཚོམས་ཏེ་བཞི་པའོ།། !།། སྡུག་པ་རྣམས་ལས་འཇིགས་པ་སྟེ།། སྡུག་པ་རྣམས་ལས་མྱ་ངན་སྐྱེ།། སྡུག་པ་དག་ནི་རྣམ་སྤངས་ན།། མྱ་ངན་མེད་ཅིང་འཇིགས ་པ་མེད།། སྡུག་གུ་མ་ལས་མྱ་ངན་སྐྱེ།། སྡུག་ལས་སྡུག་བསྔལ་སྡུག་ལས་འཇིགས།། སྡུག་གུ་མ་དག་ཞན་གྱུར་ན།། ཡི་མུག་འགྱུར་བ་ཐོབ་པར་བྱེད།། འཇིག ་རྟེན་སྡུག་བསྔལ་རྣམ་པ་དུ་མ་དང་།། མྱ་ངན་སྨྲེ་སྔགས་འདོན་པ་ཇི་སྙེད་པ།། དེ་དག་སྡུག་བསྔལ་དག་ལས་རྟེན་ཏེ་བྱུང་།། སྡུག་བསྔལ་མེད་ན་དེ་དག་ཡོངས་མི་འགྱུར།། ་གང་ཕྱིར་འཇིག་རྟེན་དགའ་ནའང་སྡུག་མེད་པ།། གང་ཡིན་དེ་དག་བདེ་ཞིང་མྱ་ངན་མེད།། དེ་བས་གདུང་མེད་རྡུལ་བྲལ་དོན་གཉེར་བས།། ནམ་ཡང་སྡུག་པར ་མི་བྱའོ།། སྡུག་པ་མཐོང་ན་སྡུག་བསྔལ་ལོ།། མི་སྡུག་མཐོང་ནའང་དེ་བཞིན་པས།། ནམ་ཡང་སྡུག་དང་ཕྲད་མི་བྱ།། སྡུག་པ་དང་ནི་བྱེ་བྲལ་དང་།། མི་སྡུག་པ་དང ་ཕྲད་པ་ཡི།། གང་གི་མི་དག་རྒས་བྱེད་པའི།། མྱ་ངན་མི་ཟད་སྐྱེས་པར་འགྱུར།། སྡུག་པ་ཤི་བར་གྱུར་པ་ན།། གཉེན་འདུན་མཛའ་བཤེས་མང་པོ་དག།། ་ཡུན་རིངས་དུས་སུ་མྱ་ངན་དང་།། སྡུག་དང་བྲལ་བས་སྡུག་བསྔལ་འགྱུར།། གང་ལ་སྡུག་དང་སྡུག་མིན་མེད།། དེ་ལ་འདུད་པ་ཡོད་མིན་པས།། དེ་ལྟས་སྡུག་ཉིད་སྡིག་ཅན ་ལ། སྡུག་པར་བྱེད་པ་མི་བྱའོ།། སྡུག་ལ་ལྟས་ཏེ་དོན་བཏང་ནས།། བདེ་སྦྱོར་རྣམས་ལ་མི་འཇུག་ཅིང་།། བདག་ཉིད་མི་བདེ་སྦྱོར་ལྡན་དག། བདེ་སྦྱོར་དོན་ལྡན་རྣམས་ལ ་སྨོད།། གཟུགས་སྡུག་བདེ་བས་བསྡམས་པ་དག། ལྷ་མི་སོ་སོའི་རིས་དག་དུ།། སྡིག་པ་བྱེད་ཅིང་ཡོངས་ཉམས་ནས།། རྒ་དང་འཆི་བའི་དབང་དུ་འགྲོ།། གང་ཞིག ་ཉིན་དང་མཚན་རྣམས་སུ།། བག་ཡོད་གཟུགས་རྣམས་སྤོང་བྱེད་པ།། དེས་ནི་སྤང་དཀའ་བདུད་ཟས་དང་།། སྡུག་པའི་རྩ་བའང་དྲུང་ནས་ཕྱུང་།། ལེགས་མིན་ལེགས་པའི ་ཚུལ་དང་ནི།། སྡུག་མིན་སྡུག་པའི་ཚུལ་གྱིས་དང་།། སྡུག་བསྔལ་བདེ་བའི་ཚུལ་གྱིས་སུ།། བདག་མེད་རྣམས་ནི་མངོན་དུ་འཇོམས།། གལ་ཏེ་བདག་ལ་དགའ་བྱེད་ན། ་ཉེས་པར་བྱེད་པས་བདེ་བདག། བདེ་བྲག་ཁོ་ནར་མི་ཐོབ་པས།། འདི་ནི་སྡིག་ལ་གཞུག་མི་བྱ།། གལ་ཏེ་བདག་ལ་དགའ་བྱེད་ན།། ལེགས་པར་བྱེད་པས་བདེ་བ་དག། བདེ ་བླག་ཁོ་ནར་ཐོབ་པར་འགྱུར།། འདི་ནི་སྡིག་ལ་གཞུག་མི་བྱས།། དཔེར་ན་དགོན་པའི་གྲོང་ཁྱེར་དག། བསྟན་པའི་འོབས་ཀྱིས་བསྐོར་བ་ལྟར།། གལ་ཏེ་བདག་ལ་དགའ་བྱེད ་ན། འདི་ནི་བསྲུང་བས་ལེགས་པར་བསྲུང་།། གལ་ཏེ་བདག་ལ་དགའ་བྱེད་ན།། ཐུན་གསུམ་གང་ཡང་རུང་བ་ལ།། མཁས་པས་མེལ་ཆེ་བྱ་བ་ཡིས།། འདི་ནི་སྦ་བས ་ལེགས་པར་སྦ།། དཔེར་ན་དགོན་པའི་གྲོང་ཁྱེར་དག། ཕྱི་ནང་སྲུང་བ་བྱེད་པ་ལྟར།། དལ་འབྱོར་ཆུད་འདི་མ་ཟོས་པ།། སེམས་ཅན་དམྱལ་བར་སྐྱེ་ན་ཡང་།། དལ་འབྱོར། ་ཐལ་བས་འགྱོད་པ་འོད་།། ཕྱོགས་རྣམས་ཀུན་དུ་སེམས་ཀྱི་ཡོངས་བརྟགས་ཀྱང་།། བདག་ལས་ཆེས་སྡུག་གང་ཡང་མ་མཐོང་བ།། དེ་བཞིན་སོ་སོར་གཞན་ལ་མི་སྡུག་པས ་དེ་ཕྱིར་བདག་དགའ་གཞན་ལ་གནོད་མི་བྱ།། ཐམས་ཅད་ལ་ཡང་སྲོག་འང་སྡུག། ཐམས་ཅད་ཆད་པས་འཇིགས་པས་ན།། རང་གི་ཉམས་ལས་དཔགས་ཀྱི་སྟེ།། བརྡེག ་པར་མི་བྱ་གསད་མི་བྱ།། རྒྱང་ཐག་བཅད་པར་བཙུགས་པའི་མི།། རིང་མས་ཉེ་ཞོ་མེད་འོངས་ན།། གཉེན་བཤེས་མཛའ་བོ་ལྷགས་ནས་སུ།། ཨ་ལ་ལ་ཞེས་མངོན ་པར་དགའ།། དེ་བཞིན་བསོད་ནམས་བྱས་པའི་མི།། འཇིག་རྟེན་འདི་ནས་ཕ་རོལ་དུ།། ཕྱིན་ཚེ་གཉེན་བཞིན་བསོད་ནམས་དག། འོངས་ནས་མངོན་པར་དགའ་བར ་བྱེད།། དེ་བས་འཇིག་རྟེན་ཕ་རོལ་གྱི།། ཆེད་དུ་བསོད་ནམས་བསོགས་པར་གྱིས།། བསོད་ནམས་འཇིག་རྟེན་ཕ་རོལ་དུ།། ལུས་ཅན་རྣམས་ཀྱི་གནས་སུ་འགྱུར།། ་གང་ཞིག་ལེགས་སྤྱོད་སྤྱོད་བྱེད་པའི།། དགེ་ལ་ལྷ་རྣམས་བསྟོད་པར་བྱེད།། འདི་ནའང་སྨད་པར་མི་འགྱུར་ལ།། མཐོ་རིགས་སུ་ཡང་དགའ་བ་ཐོབ།། ཆོས་གནས ་ཚུལ་ཁྲིམས་ཕུན་སུམ་ཚོགས།། ངོ་ཚ་ཤེས་ཤིང་བདེན་པར་སླ།། རང་གི་དོན་ནི་བྱེད་པ་ལ།། འདི་ལྟར་གཞན་རྣམས་དགའ་འགྱུར་ཞིང་། ་མཐོང་བའི་ཆོས་ལ་བསྔགས་པ་དང་།། ཕ་རོལ་ཏུ་ཡང་བདེ་འགྲོར་འགྱུར།། གཏམས་ན་ངན་གྱི་ཚིག་སྨྲ་དང་།། མི་རིགས་སྤྱོད་ལས་ཟློག་པ་ལ།། དམ་པ་རྣམས ་ནི་དགའ་བར་བྱེད།། དམ་པ་མ་ཡིན་དགའ་མི་འགྱུར།། དེ་བས་མཆོག་དང་མཆོག་མིན་པ།། ཤི་འཕོངས་བྲལ་བར་གྱུར་པ་ན།། དམ་པ་མ་ཡིན་དམྱལ་བར་འགྲོ།། ་དམ་པ་མཐོ་རིས་འགྲོ་བར་འགྱུར།། སྡུག་པའི་ཚོམས་ཏེ་ལྔ་པའོ།། !།། ། བསྔགས་པར་འགྱུར་དང་ནོར་ཐོབ་དང་།། ཕ་རོལ་བདེ་འགྲོར་དགའ ་འགྱུར་བའི།། མཁས་པས་ཚུལ་ཁྲིམས་བསྲུང་བ་བྱ།། འཕགས་དང་མཐོང་བ་ཕུན་ཚོགས་དང་།། འཇིག་རྟེན་ཞི་བ་རྟེན་གྱུར་པའི།། གནས་གཞན་འདི་དག་མཐོང་བ་ཡི།། མཁས་པས ་ཚུལ་ཁྲིམས་བསྲུང་བར་བྱ།། ལུས་ཀྱི་ཡོངསུ་གདུང་བ་མི།། ཚུལ་ཁྲིམས་ཀྱི་ནི་བདེ་བ་ཐོབ།། མཚན་མོ་བདེ་བར་ཉལ་བ་དང་།། སད་པ་དང་ཡང་དགའ་བར་འགྱུར།། སྦྱིན་པ་ཚུལ ་ཁྲིམས་ལྡན་པ་དག། མཁས་པས་བྱས་པའི་བསོད་ནམས་ཀྱིས།། འདི་དང་ཕ་རོལ་དག་དུ་ཡང་།། རྟག་དུ་བདེ་བ་ཐོབ་པར་འགྱུར།། རྒན་པའི་བར་ལ་ཚུལ་ཁྲིམས་དགེ། དད་ལ་རབ ་དུ་གནས་ན་ལེགས།། མི་ཡི་རིན་ཆེན་ཤེས་རབ་སྟེ།། བསོད་ནམས་ཆེན་པོས་དབྲོག་པར་དཀའ།། དགེ་སློང་ཚུལ་ཁྲིམས་ལ་གནས་ཤིང་།། དབང་པོ་རྣམས་དང་བསྡམས་པ་དང་། ་ཟས་ཀྱི་ཚོད་ནི་རིག་པ་དང་།། མི་ཉལ་བ་ལ་འབད་པ་སྟེ།། དེ་ལྟར་གནས་པར་བརྩོན་པ་དང་།། ཉིན་མཚན་སྙོམས་ལས་མི་བྱེད་པ།། མྱ་ངན་འདས་དང་ཉེ་བའི་ཕྱིར།། ཡོངས་སུ་ཉམས ་འགྱུར་མི་སྲིད་དོ།། མི་ནི་ཚུལ་ཁྲིམས་ལ་གནས་ནས། སེམས་དང་ཤེས་རབ་སྒོམ་པ་ལ།། བརྩོན་ཞིང་ངེས་གནས་དགེ་སློང་གིས།། སྡུག་བསྔལ་ཟད་པ་ཐོབ་པར་འགྱུར། དེ་ཕྱིར་རྟག ་དུ་ཚུལ་ཁྲིམས་དང་། ཏིང་འཛིན་རྗེ་སུ་བསྲུང་བ་དང་།། ལྷག་མཐོང་ལ་ནི་བསླབ་པ་དང་།། ཤེས་བཞིན་སོ་སོར་དྲན་པར་བྱ།། དེས་ནི་ཀུན་སྦྱོར་ཟད་པར་འགྱུར།། ལུས་ཞིག་ཤེས་རབ ་ལྡན་པ་ཡིས།། བགྲང་དུ་མེད་པའི་མྱ་ངན་འདས།། གང་ཞིག་ཚུལ་ཁྲིམས་ཏིང་འཛིན་དང་།། ཤེས་རབ་འདི་གསུམ་ལེགས་སྒོམས་ཏེ།། ཤིན་དུ་དྲི་མེད་མཐར་ཕྱིན་ཏེ།། གདུང་མེད་ཡང ་སྲིད་ཟད་གྱུར་དང་།། ཆགས་པའི་འཆིང་ལས་རྣམ་གྲོལ་ཞིང་།། ལུས་སྤངས་ཤེས་རབ་ལྡན་པ་དག། བདུད་ཀྱི་ཡུལ་ལས་འདས་པ་དང་།། ཉི་མ་བཞིན་དུ་ལམ་མེ་འབར། དགེ་སློང་ཕྱི ་དང་ནང་ཉིད་ལ།། བག་མེད་རློམ་པར་བྱེད་པ་ཡི།། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རྣམས།། ཡོངསུ་རྫོགས་པར་མི་འགྱུར་རོ།། སྤྲིན་གྱིས་ཁེབས་ལས་ཆར་འབབ་ཅིང་།། ་གནམ་ཐང་བ་ལ་ཆར་མི་འབབ། དེ་བས་ཁེབས་པ་སོལ་ཅིག་དང་།། འདི་ལྟར་ཆར་པ་འབབ་མི་འགྱུར།། དེ་ལྟར་རྟག་དུ་མཐོང་བ་དང་།། དགེ་སློང་ཚུལ་ཁྲིམས་སྡོམས་པ། ་ཡིས།། མྱ་ངན་འདས་པར་འགྲོ་བའི་ལམ།། མྱུར་བ་ཁོ་ནར་རྣམ་པར་དག། རྒྱ་སྤོས་ཙན་དན་རྣམས་ཀྱི་མིན།། དམ་པའི་དྲི་ནི་ཕྱོགསུ་མི་འགྲོ་སྟེ།། ཕྱོགས་རྣམས་ཀུན་དུ་མི ་མི་རྟོག་རྫི་ཕྱོགས་མིན་མི་འགྲོ།། ་མཆོག་དྲི་ཡིས་ཁྱབ། རྒྱ་སྤོས་དང་ནི་ཙན་དན་དང་། ཨུད་པ་ལ་དང་མ་ལི་ཀ། སྤོས་ཀྱི་རིགས་ནི་འདི་དག་པས།། ཚུལ་ཁྲིམས་དྲི་བསྲུངས་ཕུལ་དུ་ཕྱིན། ་རྒྱ་སྤོས་ཙན་དན་གང་ཡིན་པའི།། དྲི་བསུངས་འདི་ནི་ཆུང་ངུ་ཡིན།། ཚུལ་ཁྲིམས་ལྡན་པའི་དྲི་བསུངས་གང་།། དེས་ནི་འདི་དང་མཐོ་རིས་ཁྱབ།། དེ་ལྟར་བག་ཡོད་གནས་བྱ་ཞིང་། ་ཚུལ་ཁྲིམས་རྣམ་པར་དག་པར་བྱ།། ཡང་དག་ཤེས་པས་རྣམ་གྲོལ་ན།། བདུད་ཀྱི་ལམ་ནི་རྙེད་མི་འགྱུར།། འདི་ནི་བདེ་བར་འགྲོ་བ་སྟེ།། རྣམ་པར་དག་བྱེད་ལམ་འདི་ལ།། རབ་ཏུ། ་ཞུགས་ཏེ་བསྒོམས་ནས་ཀྱང་།། བདུད་ཀྱི་འཆིང་བ་སྤང་བར་གྱིས།། ཚུལ་ཁྲིམས་ཀྱི་ཚོམས་ཏེ་དྲུག་པའོ།། །། ལུས་ཀྱི་ཉེས་པར་སྤྱོད་སྤང་ཞིང་།། ལུས་ཀྱི་ལེགས་སྤྱད ་སྤྱོད་པའི་ཕྱིར།། ལུས་ཀྱི་ཉེས་བྱས་ལས་བསྲུང་ན།། ལུས་ནི་བསྡམས་པ་བྱས་པར་འགྱུར།། ངག་གི་ཉེས་པར་སྤྱོད་སྤང་ཞིང་།། ངག་གི་ལེགས་སྤྱད་སྤྱད་པའི་ཕྱིར།། ངག་གི ་ཉེས་ཆེན་ལས་བསྲུངས་ན།། ངག་གི་བསྡམས་པ་བྱས་པར་འགྱུར།། ཡིད་ཀྱི་ཉེས་པར་སྤྱོད་སྤང་ཞིང་།། ཡིད་ཀྱི་ལེགས་སྤད་སྤྱད་པའི་ཕྱིར། ཡིད་ཀྱི་ཉེས་ཆེན་ལས་བསྲུངས་ན། ་ཡིད་ཀྱི་བསྡམས་པ་བྱས་པར་འགྱུར།། ལུས་ཀྱི་ཉེས་པ་སྤྱོད་སྤང་ཞིང་།། ངག་གི་ཉེས་པར་སྤྱོད་པ་སྤང་།། ཡིད་ཀྱི་ཉེས་པར་སྤྱོད་སྤང་ཞིང་།། སྐྱོན་རྣམས་ལྡན་པ་གང་ཡིན་སྐད་ལུས་ཀྱི་དགེ ་བ་རྣམས་བྱ་ཞིང་།། ངག་གི་དགེ་བ་ཕལ་ཆེར་བྱ།། ཡིད་ཀྱི་དགེ་བ་རྣམས་བྱ་ཞིང་།། ཚད་མེད་བཞི་དང་ལྡན་པར་བྱ།། ལུས་ཀྱི་དགེ་བ་རྣམས་བྱ་ཞིང་།། ངག་དང་ཡིད་ཀྱི་བྱས་ན་ནི།། ་འདི་དང་ཕ་རོལ་དག་དུ་ཡང་།། རྟག་དུ་བདེ་བ་ཐོབ་པར་འགྱུར།། རྟག་དུ་ལུས་ནི་བསྡམས་པའི་ཕྱིར།། ཐུབ་པ་འཚེ་བ་མེད་པ་ཡིན།། དེ་ནི་འཆི་མེད་གནས་འགྲོ་ཞིང་།། གང་དུ་སོང་ནའང་། ་མྱ་ངན་མེད། རྟག་ཏུ་ཡིད་ནི་བསྔགས་པའི་ཕྱིར།། ཐུབ་པ་འཚེ་བ་མེད་པ་ཡིན།། འདི་ནི་འཆི་མེད་གནས་འགྲོ་ཞིང་།། གང་དུ་སོང་ནའང་མྱ་ངན་མེད།། རྟག་དུ་ཡིད་ནི་བསྡམས ་པའི་ཕྱིར།། ཐུབ་པ་འཚེ་བ་མེད་པ་ཡིན།། དེ་ནི་འཆི་མེད་གནས་འགྲོ་ཞིང་།། གང་དུ་སོང་ནའང་མྱ་ངན་མེད།། བརྟན་པ་རྣམས་ཀྱི་ལུས་བསྡམས་ཞིང་།། བརྟན་པ་རྣམས་ཀྱི་གང ་བསྡམ།། བརྟན་པ་རྣམས་ཀྱི་ཡིད་བསྡམས་ཞིང་།། བརྟན་པས་ཀུན་དུ་བསྡམ་བྱས་ནས།། དེ་དག་འཆི་མེད་ལ་གནས་ཞིང་།། གང་དུ་སོང་ནའང་མྱ་ངན་མེད།། ལུས་ཀྱི་སྡོམ་པ། ་ལེགས་པ་སྟེ།། ངག་གི་སྡོམ་པ་ལེགས་པ་ཡིན།། ཡིད་ཀྱི་སྡོམ་པ་འང་ལེགས་པ་སྟེ།། ཐམས་ཅད་དུ་ནི་སྡོམ་པ་ལེགས།། ཀུན་དུ་བསྡམས་པའི་དགེ་སློང་ནི།། སྡུག་བསྔལ ་ཀུན་ལས་རབ་དུ་གྲོལ།། ངག་རྣམས་བསྲུང་ཞིང་ཡིད་ནི་ལེགས་བསྡམས་ཏེ།། ལུས་ཀྱི་མི་དགེ་བ་དག་སྤྱད་མི་བྱ།། ལས་ལམ་གསུམས་པོ་འདི་དག་རྣམ་སྦྱངས་ན།། དྲང་སོང་། ་གསུངས་པའི་ལམ་ནི་ཐོབ་པར་འགྱུར།། ལེགས་པར་སྤྲད་པའི་ཆོམས་ཏེ་བདུན་པའོ།། །། གང་དག་བྱས་བཞིན་མ་བྱས་ཟེར་བ་དང་།། རྫུན་དུ་སྨྲ་བ་དམྱལ་བར་འགྲོ་བར ་འགྱུར། མི་དེ་གཉིས་ཀ་འགྲན་པར་ཕ་རོལ་དུ།། སོང་ནས་སྨད་པའི་ཆོས་དང་ལྡན་པར་འགྱུར།། སྐྱེས་བུ་སྐྱེས་པའི་ཁ་ནས་ནི།། ཚིག་ངན་སྦ་བར་བྱེད་པ་ཡིས།། ཚིག་གི་སྟ་རེ། ་སྐྱེས་གྱུར་ནས།། བདག་ཉིད་སྤྱོད་པར་བྱེད་པར་འགྱུར།། གང་ཞིག་སྨད་འོས་སྐྱེ་བོ་བསྟོད་བྱེད་དང་།། བསྟོད་འོས་སྐྱེ་བོ་རྣམ་པར་སྤོང་བྱེད་དང་།། དེ་ནི་ཁ་ཡི། ་འཐབ་ཁྲོལ་ཀུན་སོགས་ཤིང་། འཐབ་ཁྲོལ་ཅན་གང་དེས་ནི་བདེ་མི་ཐོབ།། གང་འདིར་ཚོ་ལས་རང་ནོར་ཕུང་བྱེད་པ།། འཐབ་དཀྲོལ་དེ་ནི་ཅུང་ཟད་ཙམ་དུ་ཟད།། གང་ཞིག་བདེ ་བར་གཤེགས་ལ་ཡིད་ཁྲོ་བ།། དེ་འདིར་ཤིན་དུ་འཐབ་ཁྲོལ་ཆེན་པོ་ཡིན།། ངག་ཡིད་འཕགས་པས་སྨད་པའི་འཇིག་རྟེན་ན།། བྱེ་བར་ཆུ་བུར་ཅན་དང་སྟོང་ཕྲག་ནི།། བཞི ་བཅུ་གཅིག་དུ་ཆུ་བུར་རྡོལ་པ་ཡི།། སེམས་ཅན་དམྱལ་བ་རྣམསུ་སྐྱེ་བར་འགྱུར།། སྡིག་པའི་སེམས་ཀྱི་མ་ཉེས་སྐྱོན་བརྗོད་པ།། བདག་ཉིད་གསོད་ཕྱིར་དམྱལ་བ་སྤེལ་བར་ཟད། ་སྟོབས་ལྡན་ཉེས་མེད་པ་དག་བཟོད་བྱེད་ཅིང་།། དེ་ལ་སེམས་ཀྱང་འཁྲུག་པར་མི་བྱེད་དོ།། བསམ་རླག་གང་ཡིན་སྡིག་ཅན་གྱི།། ལྟ་བ་རྟེན་ནས་འཕགས་པ་ནི།། དགྲ་བཅོམ ་ལྡན་གྱི་ཚོར་བ་དང་།། བསྟན་པ་སྨོད་པར་བྱེད་པ་དག། སྡིག་ས་འབྲུ་ཆགས་ལྟ་བུར་ནི།། དེ་ནི་རང་གི་འབྲས་བུས་གསོད། ཚིག་བཟང་ཁོ་ན་སྨྲ་བྱ་ཡི།། སྡིག་པ་ཅན་དག ་སྨྲ་མི་བྱ།། སྡིག་ཅན་གདུང་བྱེད་སྨྲ་བ་བས།། ཚིག་བཟང་སྨྲ་བར་བྱེད་པ་རུང་།། བྱིས་པ་སྡིག་ཅན་བྱེད་པ་ན།། སྨྲ་བའི་ཚེ་ན་འཆིང་འགྱུར་ལ།། གལ་ཏེ་སྨྲ་ན་གཞན ་སྤང་ལ།། དེ་དག་འཕགས་པ་མི་གསུངས་པོ་དགེ་སློང་དག་ནི་བསྡམས་པ་དང་།། དལ་བུས་སྨྲ་ཞིང་རློམ་པ་མེད།། གང་ཞིག་ཆོས་ལྡན་དོན་སྟོན་པ།། དེ་ནི་ལེགས་པར ་སྨྲ་བ་ཡིན།། ལེགས་པར་སྨྲ་བ་མཆོག་ཅེས་རང་སོར་འཕགས་པས་གསུང་།། སྙན་སྒྲ་མི་སྙན་མ་ཡིན་དེ་གཉིས་པ།། བདེན་སྨྲ་བརྫུན་པ་མ་ཡིན་ཏེ་གསུམ་པ།། ཆོས་སྨྲ་བ་ལ། ་པ་མ་ཡིན་བཞི་པ་དེའོ།། ཚིག་དེ་རྣམས་ནི་སྨྲ་བྱ་ཞིང་།། གང་གིས་བདག་ཀྱང་མི་གདུང་ལ།། ཕ་རོལ་ལ་ཡང་གནོད་མེད་པའི།། ཚིག་དེ་ལེགས་པར་སྨྲ་བར་བྱ།། གང ་གིས་མངོན་པར་དགའ་འགྱུར་ཞིང་།། གང་གི་སྡིག་པ་མི་སྐྱེད་དང་།། སྨྲས་པས་ཕ་རོལ་དགའ་འགྱུར་བའི།། སྙན་ཚིག་ཁོ་ན་སྨྲ་བར་བྱ།། བདེན་པའི་ཚིག་འདི་བདུད ་རྩི་སྟེ།། བདེན་པའི་ཚིག་འདི་བླ་མེད་ཡིན།། དོན་དང་ཆོས་ལ་རབ་གནས་པ།། བདེན་པ་ཡིན་ཞེས་དམ་པ་གསུང་།། སྡུག་བསྔལ་ཐམས་ཅད་སྤང་བའི་ཕྱིར།། སངས ་རྒྱས་ཀྱི་ནི་གསུང་ཚིག་གང་།། བདེན་པར་མྱ་ངན་འདས་འགྲོ་བའི།། ཚིག་དེ་བླ་ན་མེད་པ་ཡིན།། ཚིག་གི་ཚོམ་སྟེ་བརྒྱད་པའོ།། ། ཆོས་གཅིག་ལས་ནི་ར་བ་འདས་ཤིང་།། ་འཇིག་རྟེན་ཕ་རོལ་བཅོམ་པ་ཡི།། ལུས་ཅན་རྫུན་སྨྲ་བ་ཡིན།། སྡིག་པ་མི་བྱ་ཅི་ཡང་མེད།། ལྕགས་སྒོང་མེ་ལྕེ་འབར་འདྲ་བ། ཟོས་པར་གྱུར་པ་ཆེས་བླ་ཡི།། ཚུལ ་འཚལ་ལེགས་པར་མི་སྡོམ་པས།། ཡུལ་འཁོར་བསོད་སྙོམས་ཟ་མི་རུང་།། ཁྱོད་ནི་སྡུག་བསྔལ་གྱིས་འཇིགས་ཤིང་།། ཁྱོད་ལ་སྡུག་བསྔལ་མི་སྡུག་ན།། མངོན ་སུམ་དག་གམ་ལྐོག་དུ་རུང་།། སྡིག་ཅར་གྱི་ནི་ལས་མི་བྱ། གལ་ཏེ་སྡིག་པའི་ལས་བྱས་སམ། བྱེད་ཀྱང་རུང་སྟེ་ཁྱོད་ཀྱིས་ནི། ཀོག་ཅེས་ལང་ཏེ་ཟོས་བྱས་ཀྱང་།། སྡུག་བསྔལ་ལ་ནི་ཐ་མི་འགྱུར ་། གང་དུ་གནས་ན་ལས་ཀྱི་མི་ཚུགས་པའི།། ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། བར་སྣང་ལ་མེད་རྒྱ་མཚོའི་གཏིང་ནའང་མེད། རི་བོ་རྣམ་ཀྱི་བསེབ་དུ་ཞུག་ནའང་མིན།། ཕ་རོལ་པོ་ལ ་བརྟག་ནས་གང་།། སྡིག་པ་ཅན་གྱི་ལམ་མཐོང་བ།། དེ་དག་བདག་གི་མི་བྱ་སྟེ།། སྡིག་བྱས་ལ་ནི་རྗེསུ་འབྲང་། ལས་གང་ཤིན་དུ་མི་ཟད་དང་།། ཟོལ་མེད་གཞན་གླག་ཚོལ་བ་དང་།། མི་ལ་འཚེ་བར ་བྱེད་པ་དང་།། གཞན་ལ་བྱེད་དུ་འཇུག་པ་ཡི།། ལས་དེ་མི་ཡི་རྗེས་འབྲང་བ།། དེ་ཡི་ག་ཡང་སར་ལྟུང་བར་བྱེད།། མི་ཡི་དགེ་བ་འམ་སྡིག་པ་ཡིས།། ལཱ་ནི་གང་དང་གང་བྱས་པའི།། ལས་རྣམ་ཆུར་ཟར་མི ་འགྱུར་ཏེ།། དེ་ལྟ་དེ་ལྟར་འབྲས་བུར་འགྱུར།། དེ་ཡི་ཚོག་པ་ཇི་སྲིད་པ།། དེ་སྲིད་འདི་ན་བརྡུང་བར་བྱེད།། དེ་ལ་གཞན་བརྡུང་མི་བྱེད་དེ།། བརྡུང་བྱེད་དེ་ནི་བརྟག་པར་འགྱུར།། འདི་ནི་བདག་རྗེས་མི ་འབྲང་ཞིང་།། བྱིས་པ་མ་བརྟག་བྱས་པ་ཡི།། སྡིག་པའི་ལ་ཀྱི་འགྲོ་བ་དག། ཕ་རོལ་དུ་ནི་ཤེས་པ་འགྱུར།། གལ་ཏེ་བྱིས་པ་མི་ཤེས་པས།། སྡིག་པའི་ལ་ནི་བྱས་པ་དག། ནམ་ཞིག་ན་ནི་དེ་ཉིད་ཀྱིས།། ་རྣམ་སྨིན་ཚ་བ་སོ་སོར་བསྟེན།། རང་གི་ལ་གྱི་དེ་འོག་དུ།། མེ་ཡི་བསྲེག་པ་བཞིན་དུ་གདུང་།། བྱིས་པ་ཤེས་རབ་ཆུང་ངུ་དག། བདག་ལ་དགྲ་བཞིན་བྱེད་པ་ཡི།། གང་ཞིག་འབྲས་བུ་ཚར་འགྱུར་བའི།། ་སྡིག་ཅན་ལ་ནི་སྤྱོད་པར་བྱེད།། གང་དག་བྱས་པ་གདུང་འགྱུར་ཞིང་།། མཆི་མ་གདོང་གཡོག་དུ་བཞིན་དུ།། རྣམ་སྨིན་སོ་སོར་རྟེན་པ་ཡི།། ལཱ་དེ་དག་ནི་མ་བྲས་ལེག། གང་ཞིག་བྱས་ན་མི་གདུང་ཞིང་།། ་དགའ་ཞིང་ཡིད་ནི་བདེ་བ་ཡི།། ལཱ་དེ་དག་ནི་བྱས་ན་ལེག།། བདག་ཉིད་བདེ་བར་འདོད་པའི་ཕྱིར།། གོང་བཞིན་སྡིག་པའི་ལས་བྱས་པའི།། སྡིག་ལས་དེའི་རྣམ་སྨིན་དག། དུས་བཞིན ་ཉན་སུ་མྱོང་བར་འགྱུར།། ངེས་པར་སྡིག་ལས་འབྲལ་དུ་ནི།། འོ་མ་ལྟ་བུར་འགྱུར་མི་བྱེད།། ཐལ་བས་གཡོག་པའི་མེ་ལྟ་བུར།། དེས་ནི་བྱིས་པ་སྲེག་པར་བྱེད།། མཚོན་བཞིན་གཅོད ་པར་མི་བྱེད་ཀྱང་།། སྡིག་པའི་ལས་ཀྱི་འགྲོ་བ་དག། ཕ་རོལ་དུ་ནི་མངོན་པར་འགྱུར།། གང་དུ་དེ་དག་རྣམ་སྨིན་ནི།། ཚ་བ་སོ་སོར་བརྟེན་པ་ཡིས།། སྡིག་པའི་ལས་ཀྱི་འགྲོ་བ་དག། པ ་རོལ་དུ་ནི་ཤེས་པར་འགྱུར།། ལྕགས་ལས་གཡའ་ནི་ལངས་གྱུར་པ།། ལངས་པ་དེས་ནི་དེ་ཉིད་ཟ།། དེ་བཞིན་མ་བརྟགས་བྱས་པ་ཡིས།། རང་གི་ལས་ཀྱི་ངན་འགྲོར་འགྲོ།། ལས་ཀྱི ་ཚོམས་ཏེ་དགུ་པའོ།། །། དད་དང་ངོ་ཚ་ཚུལ་ཁྲིམས་སྦྱིན་པ་དེ།། ཆོས་འདི་རྣམས་ནི་སྐྱེས་བུ་རྣམ་པས་བསྔགས།། འདི་ཡི་ཡཱ་རི་ལྷ་ཡི་འཇིག་རྟེན་འགྲོ་འགྱུར་ཞིང་།། ལས་འདི ་ཉིད་ཀྱི་ལྷ་ཡུལ་འགྲོ་ཞེས་གསུངས།། འཇུངས་རྣམས་ལྷ་ཡི་འཇིག་རྟེན་མི་འགྲོ་ཞིང་།། དེ་ཡི་བྱིས་པ་སྦྱིན་པའི་བསྔགས་མི་བརྗོད།། བསྟན་རྣམས་སྦྱིན་ལ་རྗེས་སུ་ཡི་རང་བ། ་དེ་ནི་དེ་དག་གཞན་དུ་བདེ་བ་སྤྱོད།། འདི་ན་སྐྱེས་བུའི་ནོར་མཆོག་དད་པ་སྟེ།། འདི་ནི་ཆོས་ལ་ལེགས་སྤོང་བདེ་བ་ཐོབ།། བདེན་པ་ཁོ་ན་རོ་བྲོ་རྣམས་ཀྱི་ཕུལ།། ཤེས་རབ་ཀྱི་ནི་འཚོ ་བའི་མཆོག་ཅེས་གསུང་།། མྱ་ངན་འདས་པར་འགྲོ་བ་ཡི།། དགྲ་བཅོམ་ཆོས་ལ་དང་སྐྱེད་དེ།། མཁས་པས་གུས་པར་མཉན་ན་ནི།། དེ་དང་དེ་ཡིས་ཤེས་རབ་ཐོབ།། བག་ཅན་གྱིས ་ནི་རྒྱ་མཚོ་དང་། དད་པས་ཆུ་བོ་རྣམས་ལས་སྒྲོལ།། བརྩོན་འགྲུས་ཀྱིས་ནི་སྡུག་བསྔལ་སྤོང་།། ཤེས་རབ་ཀྱིས་ནི་ཡོངས་དག་འགྱུར།། དགེ་སློང་དད་པའི་གྲོག་ལྡན་ཞིང་།། ཤེས་རབ་ཀྱིས་ནི ་གཏམ་པ་དང་།། མྱ་ངན་ལས་འདས་ལ་མངོན་དགའ་བས།། འཆིང་བ་ཐམས་ཅད་གཅོད་པར་འགྱུར།། གང་གི་དད་དང་ཚུལ་ཁྲིམས་དང་།། ཤེས་རབ་ཉིད་ནི་ལེག་བསྒོམ་ཤིང་།། མཁས་པ་སྐྱོན ་རྣམ་སྤོང་བ་དེ།། ལེག་པའི་ངང་ཚུལ་ཅན་ཞེས་བརྗོད།། དད་དང་ཚུལ་ཁྲིམས་ཕུན་ཚོགས་ཤིང་།། གཏོང་ལྡན་འཇུངས་པ་རྣམ་སྤང་བ།། དེ་ནི་གང་དང་གར་སོང་བ།། དེ་དང་དེར་ནི་མཆོད་པར་འགྱུར།། ་མཁས་པས་འཚོ་བ་འཇིག་རྟེན་ན།། དད་དང་ཤེས་རབ་རྟེན་བྱེད་པ།། དེ་དག་དེན་ནོར་མཆོག་སྟེ།། དེའི་ནོར་གཞན་ཕལ་པར་ཟད།། འཕག ་པ་ལྟ་བར་འདོད་པ་དང་།། དམ་ཆོས་སྤྱོད་པར་དགའ་བ་དང་།། སེར་སྣའི་དྲི་མ་སྤངས་པ་གང་།། དེ་ནི་དད་པ་ཅན་ཞེས་བྱ་དང་། དད་པའི་ལམ་རྒྱགས་བཀུར་བར་བྱ།། བསོད་ནམ ་ཆེན་པོས་དབྲོག་མི་ནུས། ཆོམ་རྐུན་འཕྲོག་པར་བྱེད་པ་ཟློག། དགེ་སྦྱོང་རྣམས་ཀྱི་བླངས་ན་དགའ།། མཁས་པས་དགེ་སློང་འོངས་པ་ལ།། མངོན་པར་དགའ་བར་བྱེད་འགྱུར་ཞིང་།། ་སྐྱེ་བོ་རྣམས་ནི་ཅི་རིགས་པར།། དད་པ་ཇི་བཞིན་སྦྱིན་བྱེད་ཅིང་།། གཞན་གྱིས་ཟས་དང་སྐོམ་དེ་ལ།། གང་ཞིག་ཡིད་ནི་མི་བདེ་བ།། དེ་ནི་ཉིན་དང་མཚན་རྣམས་སུ། ཏིང ་འཛིན་ཐོབ་པར་མི་འགྱུར་རོ།། གང་གིས་ཏ་ལའི་མགོ་བཅད་ལྟར།། དེ་འདྲ་ཀུན་དུ་གཅོད་བྱེད་པ།། དེས་ནི་ཉིན་དང་མཚན་རྣམས་སུ།། ཏིང་འཛིན་དག་ཐོབ་པར་འགྱུར།། ་ཁྲོན་པ་སྐམ་པ་ཇི་ལྟ་བར།། དད་པ་མེད་པ་བསྟེན་མི་བྱ།། ཇི་སྙེད་དེ་ལ་ཡོངས་བརྐོས་ཀྱང་།། འདམ་ཆུ་དྲི་བྱུང་བར་ཟད།། ཆུ་མང་རྣམ་པར་དང་བ་དང་།། བསིལ་བར ་གྱུར་ཅིང་རྙོག་མེད་པའི།། མཚོ་ལ་ཆུ་འདོད་ཇི་ལྟ་བར།། ཤེས་རབ་ཅན་གྱི་དང་ལྡན་བསྟེན།། ཆགས་སམ་མ་ཆགས་ཀྱང་རུང་སྟེ།། དེ་ཡི་ཐུབ་སྐུ་མི་ངས་པས། ་མ་དད་པ་དག་སྤང་བར་བྱ།། དད་པ་རྣམས་ནི་ཉེར་རྟེན།། དད་པའི་ཚོམས་ཏེ་བཅུ་པའོ།། སྡོམ་ལ་མི་རྟག་འདོད་དང་སྲེད་པ་དང་།། བག་ཡོད་དེ་བཞིན་དགའ་བ་དང་། ་ཚུལ་ཁྲིམས་ལེགས་སྤྱོད་ཚིགས་དག་དང་།། ལས་དང་དད་པ་དེ་དག་བཅུ།། བྲམ་ཟེ་འདོད་པ་རབ་སྤངས་ཤིང་།། བརྩོན་འགྲུས་ཀྱིས་ནི་རྒྱུན་ཅོད་ཅིག། འདོད་པ་རབ ་དུ་མ་སྤངས་པར།། ཐོབ་པ་གཅིག་པ་མི་ཐོབ་པོ།། ཀུན་དུ་རྒྱུ་བ་ཞན་པ་དག། ཉོན་མོངས་བྱར་ཡང་ཀུན་སོགས་པས།། བརྩོན་འགྲུས་བརྟན་པོ་ཁ་ན་ཡི། བྱ་བ་དེ་ཉིད ་བྱེད་ལ་རག། ཞན་པའི་ལམ་ནི་ཇི་སྙེད་དང་།། ཀུན་ནས་ཉོན་མོངས་དཀའ་ཐུབ་དང་།། ཚངས་སྤྱོད་ཡོངས་སུ་མ་དག་དང་།། དོན་ཆེན་འདྲར་སྙམ་མི་བྱེད་དོ།། ཇི་ལྟར་མདའ ་ནི་བཟུང་ཉེས་པས།། ལག་པ་ཆོད་པར་གྱུར་པ་ལྟར།། དགེ་སྦྱོང་བསྲུང་བ་བྱ་ཉེས་པས།། དམྱལ་བ་ཉེ་བར་ཁྲིད་པར་བྱེད།། ཇི་ལྟར་མངའ་ནི་བཟུངས་ལེགས་དང་།། ་ལག་པ་ཆོད་པར་མི་འགྱུར་ལྟར།། དགེ་སློང་བསྲུང་བ་བྱ་ལེགས་ན།། མྱ་ངན་འདས་པར་ཉེ་བར་འདྲེན།། དགེ་སློང་རྣམ་པར་མ་ཤེས་དང་།། རྒལ་བར་དཀའ་དང ་བཟོད་དཀའ་དང་།། གང་དག་གཞན་པར་འགྱུར་པ་ཡིན།། སྡུག་བསྔལ་མང་པོ་དེ་དག་འབྱུང་།། ཡང་དང་ཡང་དུ་འགྱོད་པ་ཡི།། ཀུན་རྟོག་དབང་དུ་འགྲོ་བ་ཡི།། ། ་སེམས་ནི་ཟློག་པར་མ་བྱས་པར།། དགེ་སྦྱོང་སྤྱོད་པ་ཇི་ལྟར་བྱ།། ཉེས་པར་རབ་འབྱུང་ཉེས་དགའ་བ།། ཁྱིམ་འདུག་ཉེས་རྩོམ་བྱེད་པ་དག། སྡུག་བསྔལ་མཉམ ་མེད་རྟེན་པ་དག། ཡང་སྲིང་སྡུག་བསྔལ་སྲོགས་པར་ཟད།། ཚེམ་བུ་ངུར་མིག་གྱོན་པ་དག། ཕལ་ཆེར་ཡང་དག་མི་སྡོམ་ཞིང་།། སྡིག་པའི་ཆོས་ཅན་སྡིག་ལ་དགའ།། ་སྡིག་ཅན་དེ་དག་ངན་འགྲོར་འགྲོ།། ས་ལའི་ཤིང་ལ་ཁྲི་ཤིང་ལྟར།། གང་ཞིག་ཤིན་དུ་ཁྲིམས་འཆལ་ཏེ།། ཇི་ལྟར་རང་གི་དགྲ ་བཞིན་དུ།། དེ་ནི་དེ་ལྟར་བྱེད་པར་འདོད།། མགོ་བོ་སྐྱ་བོ་གྱུར་བར་དུ།། ད་དུང་རྒན་རབས་མ་ཆུད་པ།། དེ་ནི་ལང་ཆོ་བཏུགས་པ་སྟེ།། དེ་ནི་བླུན་ཞེས་བྱའོ།། གང ་ཞིག་དགེ་དང་སྡིག་པ་དག། སྤངས་ཤིང་ཚངས་པར་སྤྱོད་པ་དང་།། སྡེ་ཚོགས་སྤངས་ནས་སྤྱོད་བྱེད་པ།། དེ་ནི་རྒན་རབས་ཞེས་བྱའོ།། བརྟུལ་ཞུགས་མེད་ཅིང་བརྫུན ་སྨྲན།། མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན།། རྨོངས་པ་འདོད་ལ་ཞུགས་པ་དག། ཇི་ག་དགེ་སྦྱོང་ཡིན་ནམ་གོ། བརྟུལ་ཞུགས་མེད་ཅིང་རྫུན་སྨྲ་ན།། མགོ་བོ་བྲེགས ་ཙམ་དགེ་སྦྱོང་མིར།། གང་གི་སྡིག་པ་ཞི་གྱུར་ཏེ།། མཁས་པས་དགེ་སྦྱོང་ཡིན་པར་ཤེས།། བརྟུལ་ཞུགས་མེད་ཅིང་རྫུན་སྨྲ་ན།། མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན།། ་གང་དག་སྡིག་པ་ཆེ་པྲ་དག། ཀུན་ལ་བརྟགས་ནས་བྱེད་པ་དང་།། སྡིག་པ་ཞི་བ་དེ་དག་ནི།། དགེ་སྦྱོང་ཉིད་ཅེས་བརྗོད་པར་བྱ།། སྡིག་པ་སྤངས་པ་བྲམ་ཟེ་དེ།། ཞི་བར ་སྤྱོད་པ་དགེ་སྦྱོང་ཡིན།། བདག་གི་མ་རབ་སྤངས་པ།། དེ་ན་རབ་དུ་འབྱུང་ཞེས་བརྗོད།། དགེ་སྦྱོང་གི་ཚོམས་ཏེ་བཅུ་གཅིག་པའོ།། །། གང་ཚེ་འཕགས་པའི་བདེན་པ་བཞི།། ་ཤེས་རབ་ཀྱིས་ནི་མཐོང་བ་དང་།། ལམ་འདིར་བདུ་ཤེས་པ་ཡིས།། སྲིད་པའི་སྲེད་པ་རང་དུ་འབྲེལ།། དཔེར་ན་རླུང་གི་རྡུལ་སྤང་བ།། ཆ་བ་འབབ་པས་ཞི་བྱེད་ལྟར།། ་གང་ཚེ་ཤེས་རབ་ཀྱིས་མཐོང་བ།། དེ་ཚེ་ཀུན་རྟོག་ཞི་བར་འགྱུར།། གང་ཞིག་ལེགས་པར་རྟོགས་པ་ཡི།། སྐྱེ་ཤི་ལེགས་པར་ཟད་འགྱུར་ཞིང་།། འཇིག་རྟེན་ལས་ངེས་འབྱུང ་འགྱུར་བའི།། ཤེས་རབ་དེ་ནི་གཙོ་བོ་ཡིན།། བདེན་པའི་ནང་ན་བདེན་བཞི་དང་།། ལམ་ནའང་ཡན་ལག་བརྒྱད་པ་མཆོག། རྐང་གཉིས་ནང་ན་མིག་ཅན་དང་།། ཆོས་ཀྱི ་ནང་ན་ཆགས་བྲལ་མཆོག། འདུ་བྱེད་ཐམས་ཅད་མི་རྟག་པར།། གང་ཚེ་ཤེས་རབ་ཀྱིས་མཐོང་བ།། དེ་ཚེ་སྡུག་བསྔལ་ལས་ཡིད་འབྱུང་།། ལམ་འདི་རྣམ་པར་དག་པར ་འགྱུར།། འདུ་བྱེད་ཐམས་ཅད་སྡུག་བསྔལ་བར།། གང་ཚེ་ཤེས་རབ་ཀྱིས་མཐོང་བ།། དེ་ཚེ་སྔལ་བསྔལ་ལས་ཡིད་འབྱུང་།། ལམ་འདི་རྣམ་པར་དག་པར་འགྱུར།། ་འདུ་བྱེད་ཐམས་ཅད་སྟོང་ཉིད་དུ།། གང་ཚེ་ཤེས་རབ་ཀྱིས་མཐོང་བ།། དེ་ཆེ་སྡུག་བསྔལ་ལས་ཡིད་འབྱུང་།། ལམ་འདི་རྣམ་པར་དག་པར་འགྱུར།། འདུ་བྱེད་ཐམས་ཅད ་བདག་མེད་པར།། གང་ཚེ་ཤེས་རབ་ཀྱིས་མཐོང་བ།། དེ་ཚེ་སྡུག་བསྔལ་ལས་ཡིད་འབྱུང་།། ལམ་འདི་རྣམ་པར་དག་པར་འགྱུར།། སྲེད་པའི་ཟུག་རྔུ་གཅོད་བྱེད ་ལམ།། ངས་ནི་ཁྱེད་ཅག་རྣམས་ལ་བསྟན།། དེ་བཞིན་གཤེགས་པས་སྟོན་པ་སྟེ།། ཁྱེད་ཅག་རྣམས་ཀྱིས་བྱ་དགོས་སོ།། སྲེད་པའི་ཟུག་རྔུ་སེལ་བའི་ལམ།། ངས་ནི ་ཁྱེད་ཅག་རྣམས་ལ་བསྟན།། དེ་བཞིན་གཤེགས་པས་སྟོན་པ་སྟེ།། ཁྱེད་ཅག་རྣམས་ཀྱིསུ་དགོས་སོ།། ལྷ་བ་རྣམ་པར་དག་བྱེད་པ།། ལམ་འདི་མ་རྟོགས་གཞན་མེད་པ། ་ཏིང་ངེ་འཛིན་ལ་རབ་ཞུགས་ཏེ།། བདུད་ཀྱི་འཆིང་བ་སྤོང་བར་གྱིས།། འདི་ནི་དྲང་ལམ་འདི་ནི་ཕ་རོལ་གནོན།། མཚོལ་ངང་བའི་སྲེད་ལྟར ་འགྲོད་པ་བཞིན།། ཤཱཀྱ་ཐུབ་པས་མཉམ་གཞག་གང་རྟོགས་ནས།། ཚོགས་ལ་ཡང་དང་ཡང་དུ་བཤད་པ་འདི།། སྐྱེ་ཤིའི་མཐའ་རྟོགས་པ་ན་མཛད་ཐུགས་བརྩེ་བས།། ་བགྲོད་པ་ཅིག་ལམ་རབ་དུ་བསྟན་མཛད་པའི།། ལམ་འདིས་ཆུ་བོ་ཀུན་ལས་སྔོན་བརྒལ་ཞིང་།། དེ་བཞིན་རྒལ་བར་འགྱུར་ཞིང་རྒལ་བར་མཛད།། ཤིན་དུ་མཐའ་རྡུགས ་གདུལ་བྱ་དག་བྱ་དང་།། འཁོར་བའི་སྐྱེ་ཤི་ཟད་པར་བྱ་བ་དང་།། ཁམས་རྣམས་དུ་མར་སོ་སོར་རྟོགས་བྱའི་ཕྱིར།། སྤྱན་དང་ལྡན་པས་ལམ་འདི་རབ་དུ་བསྟན།། ཇི་ལྟར ་ཆུ་ཀླུང་གང་གཱའི་ཆུ་རྒྱུན་ཤུག། རྒྱ་མཚོའི་ནང་དུ་འབབ་པར་འགྱུར་བ་ལྟར།། དེ་བཞིན་ཤེས་རབ་ཡངས་པས་བསྟན་པའི་ལམ།། འདི་ནི་འཆི་མེད་ཐོབ་པར་བྱ་ཕྱིར ་འཇུག། གང་ཞིག་འབྱུང་པོ་ཀུན་ལ་ཐུགས་བརྩེ་བས།། སྔན་ཆད་མ་ཐོས་ཆོས་ཀྱི་འཁོར་ལོ་བསྐོར།། སྐྱོབ་པ་ལྷ་དང་མི་རྣམས་འདུལ་མཛད་པ།། སྲིད་པའི་མཐར ་བྱིན་དེ་ལ་ཕྱག་འཚལ་ལོ།། རྣམ་རྟོག་དགེ་བ་གསུམ་ནི་རྟག་བྱའི་ཞིང་།། དགེ་བ་མ་ཡིན་གསུམ་ཡང་རྣམ་པར་སྤང་།། ཀུན་ནས་རྡུལ་ལངས་ཆར་གྱིས་མནན་པ་ལྟར།། ་དེ་ནས་རྟོག་དང་དཔྱོད་པ་ཞི་བར་བྱ།། དེ་ནས་སེམས་ལ་རྣམ་རྟོག་ཉེར་ཞི་ནས།། བླ་མེད་བྱང་ཆུབ་བདེ་ལ་རེག་པར་འགྱུར།། ཏིང་འཛིན་གསུམ་པོ་རྣམས་ལ་ཡིད་བཏང ་ཞིང་།། དབེན་པ་ལས་ནི་ཚད་མེད་བསྒོམ་པར་བྱ།། དྲན་ལྡན་མཁས་པས་འདུད་པ་ཞི་བྱ་ཞིང་།། གསུམ་པོ་རྣམས་ཀྱི་གནས་གསུམ་རབ་དུ་དྲལ།། ཤེས་རབ་མཚོན་དང་བརྩོན། ་འགྲུས་སྟོབས་དང་ལྡན།། དྲན་ལྡན་མཉམ་གཞག་ཏིང་ངེ་འཛིན་ལ་དགའ།། འཇིག་རྟེན་ཀྱེ་དང་འཇིག་པར་རྟོགས་ནས་ནི།། ཀུན་ལས་རབ་དུ་རྣམ་གྲོལ་དེ་རིག་ཡིན། ་འཇིག་རྟེན་ཐ་མ་ལེགས་པར་རྟོགས་གྱུར་ནས།། འཇིག་རྟེན་མཐའ་སོན་ཕ་རོལ་ཕྱིན་ཅེས་བརྗོད།། གང་གི་ཞི་བ་འཕགས་ལམ་ཡན་ལག་བརྒྱད།། ལམ་དྲང་བསྒོམ ་པས་དེ་ནི་བདུད་རྩི་རྙེད།། དེ་ལྟར་སྤྱོད་པས་བདེ་འདོད་བདེ་བ་ཐོབ།། སྙན་པ་ཐོབ་ཅིང་གྲགས་པ་འཕེལ་བར་འགྱུར།། ལམ་གྱི་ཚོགས་ཏེ་བཅུ་གཉིས་པའོ།། ། ་མཆེད་དུ་བརྗོད་པའི་ཚོམས།། །། བམ་པོ་གཉིས་པ།། དྲེའུ་མོ་རང་གི་མངལ་གྱི་དང་།། སྨིག་མ་འབྲས་བུས་ཕུང་བ་ལྟར།། དེ་བཞིན ་འདི་ན་སྡོམ་བརྩོན་པའི།། ཕོ་བཤལ་བཀུར་སྟིས་ཕུང་བར་འགྱུར།། ཇི་སྲིད་བླུན་པོ་མཆོད་བྱས་པ།། དེ་སྲིད་བར་དུ་རླག་པར་འགྱུར།། བྱིས་པའི་དཀར་པོའི་ཆ་འགྲིབ ་ཅིང་། དེ་ཡི་སྤྱི་བོ་འང་ངེས་པར་ཉམས།། ངན་པ་སྡིག་པ་འདོད་པ་དང་།། དགེ་སློང་འཁོར་ནི་འདོད་པ་དང་།། གནས་ལ་སེར་སྣ་བྱེད་པ་དང་།། རིགས་གཞན་དག ་གིས་མཆོད་པ་དང་།། རབ་དུ་བྱང་དང་ཁྱིམ་པ་དང་།། གང་ཡང་རུང་བར་བདག་འཁྲིགས་ཏེ།། བྱ་བ་བྱས་རུང་མ་བྱས་རུང་།། བདག་དབང་གྱུར་ན་རེ་ལྟས་ཞེས། ་དེ་ལྟར་བྱིས་བགུང་རྟོག་ན།། སེམས་ལ་འདོད་ཆེན་འཕེལ་བར་འགྱུར།། རྙེད་པའི་ཐབས་ནི་གཞན་ཡིན་ལ།། མྱ་ངན་འདས་འགྲོའི ་གཞན་ཡིན་ཞེས།། དེ་ལྟར་ཅི་རིགས་ཤེས་ནས་སུ།། བཀུར་བསྟི་དག་ལ་མི་དགའ་ཞིང་།། དབེན་པ་རིམ་གྱིས་འཕེལ་བྱེད་པའི།། དགེ་སློང་སངས་རྒྱས་ཉན་ཐོས་ཡིན།། ་ཐམས་ཅད་ལ་ནི་མི་རྩོལ་ཅིང་།། མི་ཡིས་འཁྲིགས་པར་མ་གྱུར་དང་།། འཚོ་བ་གཞན་ལ་མི་རྟེན་ཅིང་།། ཆོས་ལ་འཚོང་བ་བཞིན་མི་སྤྱད།། རང་གི་རྙེད་པ་བླང་བྱ ་ཞིང་།། གཞན་གྱི་ལ་ནི་འདོད་མི་སྐྱེད།། དགེ་སློང་གཞན་གྱིས་འདོད་བྱེད་པས།། ཏིང་འཛིན་ཐོབ་པར་མི་འགྱུར་རོ།། གལ་ཏེ་བདེ་བར་འཚོ་འདོད་ཅིང་།། དགེ ་སློང་འདི་ལ་ལྟ་འདོད་ན།། དགེ་འདུན་གྱི་ནི་ཆོས་གོས་དང་།། བཟའ་བཏུང་བྱིན་པར་གྱུར་ན་བླང་།། གལ་ཏེ་བདེ་བར་འཚོ་འདོད་ཅིང་།། དགེ་སྦྱོང་འདི་ལ་ལྟ་འདོད་ན། ་བྱི་བའི་ཁུང་ནས་སྦྲུལ་ལྟ་བུ།། གནས་མལ་དག་ལ་སྟོན་པར་གྱིས།། གལ་ཏེ་བདེ་བར་འཚོ་འདོད་ཅིང་།། དགེ་སྦྱོང་འདི་ལ་ལྟ་འདོད་ན།། ངན་ངོན་ཙམ་གྱིས་ཆོག་ཤེས་ཤིང་།། ་ཆོས་ཅིག་པོ་ཡང་སྒོམ་བྱ་སྟེ།། གལ་ཏེ་མང་པོས་མི་ཤེས་ཤིང་།། ཚུལ་ཁྲིམས་ལེགས་པར་མཉམ་གཞག་ན།། དེ་ཤེས་པ་དག་འཚོར་དག་ཅིང་།། སྙོམས་ལས་མེད ་ཅིང་བསྟོད་པར་བྱེད།། གལ་ཏེ་འཆི་བདག་ཉམས་བྱེད་པའི།། ཟག་མེད་རིག་པ་གསུམ་ལྡན་ན།། བླུན་པོ་ཅི་ཡང་མི་ཤེས་ཞེས།། བསམ་ན་དེ་འཕྱ་ཡང་བླ།། གང ་ཟག་སྡིག་པའི་ཆོས་ཅན་ལ།། གལ་ཏེ་བཟའ་དང་བཏུང་བ་ཡི།། རྙེད་པ་དག་དང་ལྡན་གྱུར་ན།། དེ་ལ་དེ་དག་མཆོད་པ་བྱེད།། མགོ་བྲེགས་ངུར་སྨྲིག་གྱོན་པ་ཡི། ་བཟའ་བ་དང་ནི་བཏུང་བ་དང་།། གོས་དང་མལ་ཆ་རྙེད་པ་ལྟ།། དགྲ་བྱེད་མང་བ་ཁོ་ནར་ཟད།། དེ་ལྟར་བཀུར་སྟི་འཇིགས་ཆེན་གྱི།། སྐྱོན་རྣམས་ཁོང་དུ་ཆུད་བྱས་ནས།། ་འཁྲིགས་ཉུང་སེམས་ཁྲལ་བསྐྱངས་སུ།། དྲན་ལྡན་དགེ་སློང་ཀུན་དུ་རྒྱུས།། ཁམས་ཀྱི་ཟས་ཀྱི་སེམས་ཞིར་མི་འགྱུར་ཡང་།། འཚོ་བ་འདི་ཕྱིར་མི་ཟ་མི་བྱ་སྟེ།། ་ཟས་ཀྱིས་ནི་ལུས་ངག་གནས་གྱུར་པ།། དེ་ལྟར་རྟོགས་ལ་བསོད་སྙོམས་དག་ལ་རྒྱུས།། རིགས་ཀྱི་ཕྱག་རྒྱས་མཆོད་པ་གང་ཡིན་འདི།། ཟུག་རྔུ་ཕྲ་མོ་དབྱུང་བར ་དཀའ་བ་སྟེ།། མི་ཡི་བཟོད་དཀའ་བཀུར་སྟི་གང་ཡིན་འདི།། མངའ་དང་འདྲ་བར་རྟག་དུ་རྟོགས་པར་གྱིས།། བཀུར་སྟིའི་ཚོགས་ཏེ་བཅུ་གསུམ་པའོ།། ་སྡིག་པའི་ལམ་ནི་མི་བྱེད་པ།། འཁུ་བྱ་མིན་ལ་གང་འཁུ་བ།། འཇིག་རྟེན་འདི་དང་ཕ་རོལ་དུ།། དེ་ཉིད་སྡིག་པ་རྣམས་ཀྱིས་གོས།། དང་པོ་བདག་ནི་ཕུང་བྱེད་ཅིང་།། ་ཕྱི་ནས་གཞན་ཡང་ཕུང་བྱེད་པ།། ཁྭ་ཡི་གཟན་མའི་བྱ་ལྟ་བུར།། ཕུང་ཞིང་གཞན་ཡང་ཕུང་བར་བྱེད།། རྡེག་པར་བྱེད་པས་རྡེག་པ་ཐོབ།། ཁོན་དུ་འཛིན་པས ་ཁོན་ཅན་མཐོང་།། དེ་བཞིན་གཤེགས་པས་བཤེ་བ་སྟེ།། ཁྲོ་བས་བྱེད་ལ་ཁྲོ་བ་འབྱུང་།། འདི་བཞི་དགེ་སྦྱོང་བྱ་བ་སྟེ།། དམ་པའི་ཆོས་ལ་མི་མཁས་པས།། ་ཡོངས་སུ་ཚེ་ཐུང་འདི་ལ་ཡང་།། གྱི་ནའི་ཕྱིར་ནི་ཁོན་པར་བྱེད།། འདི་ནི་མཆོག་ཅེས་བསམ་ནས་སུ།། སོ་སོར་སླ་ཞིང་འཐུན་འཇུག་པས།། ་འདི་ནི་དགེ་འདུན་འབྱེད་པའི་ཚེ།། ཅི་ཕྱིར་སྟོབས་མེད་སེམས་མི་འབྱེད།། རུས་པ་བཅོག་ཅིང་སྲོག་གཅོད་པ།། རྟ་ཕྱུགས་ནོར་ནི་འཕྲོགས་པ་དང་།། ཡུལ་འཁོར ་འཇོམས་པར་བྱེད་པ་ཡང་།། ཕྱི་ནས་མཇལ་དུམ་བྱེད་པ་ལྟར།། མཁས་པས་བརྟགས་ཤིང་བསྲུང་བའི་ཚིག། སྤྱོད་ཡུལ་སྟོན་པར་བླ་ཡི།། ཆོས་འདི་རྣམ་པར ་ཤེས་ནས་གོ། ཁྱེད་ཅག་ཅིའི་ཕྱིར་མི་འགྱུར།། ཁྱོད་ནི་མི་མཁས་ལུགས་ཅན་ཏེ།། ཁ་བྱ་ཡིས་ནི་རྩོལ་བྱེད་པ།། ཕ་རོལ་དག་གིས་མི་ཤེས་པས།། བདག་ནི ་འདི་ལ་བརྩོན་པར་བྱེད།། འདི་ནི་མཁས་པ་གང་ཡིན་པ།། དེ་དག་གཞམས་པའི་ཚིགས་གིས་ནི།། བདག་ལ་ཁ་ཟེར་བདག་ལ་བཤེ།། བདག་ཕམ་འདག ་ཕམ་བྱེད་པ་ཞེས།། འདི་གང་སེམས་ལ་འཛིན་བྱེད་པ།། དེ་ཡི་ཁོ་ན་ནི་ཞི་མི་འགྱུར།། བདག་ལ་ཁ་ཟེར་བདག་ལ་བཤེ།། བདག་ཕམ་བདག་པ་མ་བྱེད་པའོ།། འདི་གང ་སེམས་ལ་མི་འཛིན་པ།། དེ་ཡི་ཁོ་ན་ནི་ཞི་བར་འགྱུར།། འདི་ནི་ཁོན་གྱི་ཁོན་ཅན་དག། ནམ་ཡང་ཞི་བར་འགྱུར་བ་མེད།། བཟོད་པས་ཁོ་ན་ནི་ཞི་བར་འགྱུར།། འདི་ནི ་ཆོས་ཀྱི་རང་བཞིན་ཡིན།། ཁོན་གྱི་ཁོན་ཅན་ནམ་ཡང་ཞི་མི་འགྱུར།། ཁོན་མེད་རྣམས་ཀྱི་ཁོ་ན་ནི་ཞི་བར་བྱེད།། ཤ་ཁོ་ན་ཞུགས་པ་ལུས་ཅན་ལ་གནོད་པས།། དེ་ཕྱིར ་མཁས་པས་ཁོན་པར་མི་བྱའོ།། བརྟན་པ་ལེགས་གནས་ལྷན་ཅིག་སྤྱད་པ་ཡི།། གྲོགས་པོ་མཁས་པ་གལ་ཏེ་སྙེད་ན་ནི།། ཉོན་མོངས་ཐམས་ཅད་མངོན་པར་ཟིལ་གནན ་ནས།། དྲན་ལྡན་དགའ་བའི་ཡིད་ཀྱི་དེ་དང་སྤྱད།། རྟག་པ་ལེགས་གནས་ལྷན་ཅིག་སྤྱད་པ་ཡི།། གྲོགས་པོ་མཁས་པ་གལ་ཏེ་མ་རྙེད་ན།། ཡུལ་འཁོར་ཡངས་པར་སྤངས ་པའི་རྒྱལ་པོ་ལྟར།། ཅིག་དུས་སྤྱད་བྱ་སྡིག་པ་མི་བྱའོ།། བདག་དང་མཐུན་པར་སྤྱད་པ་ཡི།། གྲོགས་བཟང་རྙེད་པར་མ་གྱུར་ན།། བྱིས་པ་གྲོགས་སུ་མི་འགྱུར་བས།། ་གཅིག་པུ་སྤྱོད་པ་བརྟན་པར་བྱ།། གཅིག་པུ་སྤྱོད་པར་བྱེད་བླ་བས།། མ་གཏང་དགོན་པར་གླང་པོ་ལྟར།། སེམས་ཁྲལ་བསྐྱངས་ཏེ་ཅིག་པུ་སྤྱད།། འཁུ་བའི་ཚོགས་ཏེ་བཅུ་བཞི ་པའོ།། །། སངས་རྒྱས་ཀྱིས་ནི་བརྟན་པ་བཞིན།། གང་ཞིག་དབུགས་འབྱུང་རྔུབ་དྲན་པས།། ཡོངས་སུ་རྫོགས་པར་ལེགས་བསྒོམས་པས།། རིམས་ཀྱི་ཡོངས་སུ་བྱུང ་འགྱུར་ཏེ།། སྤྲིན་བྲལ་ཉི་མ་ཟླ་བ་ལྟར།། འཇིག་རྟེན་འདི་ན་ཀུན་ནས་གསལ།། འགྲེང་དང་འདུག་དང་དེ་བཞིན་ཉལ་བ་ན།། ལུས་དང་དེ་བཞིན་སེམས་ནི་འཇོག་བྱེད་ཅིང་།། ་དགེ་སློང་དྲན་པ་དེ་ལེགས་འཇོག་པ་ནི།། སྔ་ཕྱིར་ཁྱད་པར་རྣམས་ནི་ཐོབ་པར་འགྱུར།། སྔ་ཕྱིར་ཁྱད་པར་རྣམས་ནི་ཐོབ་གྱུར་ན།། འཆི་བདག་རྒྱལ་བ་ལྟར་ཡང་མེད་པར ་འགྲོ།། ལུས་རྟོགས་དྲན་པ་ཉེ་བར་གཞག་ནས་སུ།། རེག་པའི་སྐྱེ་མཆེད་དྲུག་ནི་བསྡམ་བྱས་སྟེ།། གང་ཞིག་རྟག་དུ་མཉམ་པར་འཇོག་བྱེད་པ།། དེ་དག་ཉིད་ཀྱིས་མྱ་ངན ་འདས་པ་རྟོགས།། གང་ཞིག་རྟག་དུ་རྣམ་པ་ཐམས་ཅད་དུ།། ལུས་རྟོགས་དྲན་པར་ཉེ་བར་འཇོག་བྱེད་པ།། བདག་ཉིད་མེད་ཅིང་བདག་གིར་འཛིན་པ་མེད།། ་བདག་དུ་མི་འགྱུར་བདག་གིར་འཛིན་མི་འགྱུར།། དེ་ལྟར་དགེ་སློང་མཉམ་འཇོག་མྱུར་དུ་ནི།། ཡུལ་ལ་སྲེད་པ་དག་ལས་རྒལ་བར་འགྱུར།། གང་ཞིག་དྲན་དང་ཤེས་བཞིན་མཉམ ་འཇོག་དང་།། དགའ་དང་རབ་དུ་དང་བས་དུས་དུས་སུ།། ཆོས་འདི་སྤྱོད་ཅིང་མེལ་ཙེ་བྱེད་པ་དེ།། དེ་དགའ་རྣམས་ལས་རྒལ་བར་འགྱུར་ཞེས་གསུང་།། དེ་ལྟས་རྟག་དུ་མེལ་ཙེ་བྱེད ་རྟེན་ཅིང་།། དགེ་སློང་མཁས་པ་དྲན་ལྡན་བརྩོན་པ་ཡི།། སྐྱེ་རྒ་ཀུན་དུ་སྦྱོར་བ་སྤངས་ནས་ནི།། དེས་ནི་དེ་ལ་མྱ་ངན་འདས་པ་ཐོབ།། གཉིད་ལོག་དེ་དག་སད་བྱེད་པའི། མེལ་ཙེ་དག་ལ ་ཁྱོད་ཉོན་ཅིག། ཉལ་བས་མེལ་ཙེ་བྱེད་བླ་སྟེ།། མེ་ལ་ཙེ་བྱེད་ལ་འཇིག་པ་མེད།། མེལ་ཙེ་བྱེད་པར་བཙོན་པ་དང་།། ཉིན་མཚན་རྗེས་སུ་སློབ་བྱེད་ཅིང་།། འཆི་བ་མེད་ལ་ལྷག་མོས ་པའི།། ཟག་མེད་རྣམས་ལ་ཟད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། སངས་རྒྱས་རྗེས་སུ་དྲན་བྱེད་ཅིང་།། གང་དག་སངས་རྒྱས་སྐྱབས་སོང་བ།། དེ་དག་མི་ཡིས ་རྙེད་པ་ཡིན།། གང་ཞིག་ཉིན་དང་མཚན་རྣམས་སུ།། ཆོས་རྣམས་རྗེས་སུ་དྲན་བྱེད་ཅིང་།། གང་དག་ཆོས་ལ་སྐྱབས་སོང་བ།། དེ་དག་མི་ཡིས་རྙེད་པ་ཡིན།། གང་ཞིག་ཉིན་དང ་མཚན་རྣམས་སུ།། སངས་རྒྱས་རྗེས་སུ་དྲན་བྱེད་པ།། གོའུ་ཏ་མའི་ཉན་ཐོས་ཏེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིད་དང་མཚན་རྣམས་སུ།། ཆོས་རྣམས ་རྗེས་སུ་དྲན་བྱེད་པ།། གོའུ་ཏ་མའི་ཉན་ཐོས་ཏེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། དགེ་འདུན་རྗེས་སུ་དྲན་བྱེད་པ།། གོའུ་ཏ་མའི ་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། ཚུལ་ཁྲིམས་རྗེ་སུ་དྲན་བྱེད་པ།། གོའུ་ཏ་མའི་ཉན་ཐོས་དེ།། ལེགས་པར་སད་པས ་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། གཏོང་བ་རྗེས་སུ་དྲན་བྱེད་པ།། གོའུ་ཏ་མའི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང ་མཚན་རྣམས་སུ།། ལྷ་རྣམས་རྗེས་སུ་དྲན་བྱེད་པ།། གོའུ་ཏ་མའི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། རྟག་དུ་ལུས་རྟོགས ་དྲན་བྱེད་པ།། གོའུ་ཏ་མའི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། རྟག་དུ་ཏིང་འཛིན་བཞི་དྲན་པ།། གོའུ་ཏ་མའི་ཉན ་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། འཚེ་བ་མེད་ལ་ཡིད་དགའ་བ།། གོའུ་ཏ་མའི་ཉན་ཐོས་དེ།། ལེགས་པར་སད ་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། གནོད་སེམས་མེད་ལ་ཡིད་དགའ་བ།། གོའུ་ཏ་མའི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། ་གང་ཞིག་ཉིན་དང་མཚན་རྣམས་སུ།། སྐོམ་པ་ལ་ནི་ཡིད་དགའ་བ།། གོའུ་ཏ་མའི་ཉན་ཐོས་དེ།། ལེགས་པར་ས་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས།། ་སྟོང་པ་ཉིད་ཡིད་དགའ་བ།། གོའུ་ཏ་མའི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། མཚན་མ ་མེད་ལ་ཡིད་དགའ་བ།། གོའུ་ཏ་པའི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། དབེན་པ་ལ་ནི་ཡིད་དགའ་བ།། གོའུ་ཏ ་མའི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། ངེས་པར་འབྱུང་ལ་ཡིད་དགའ་བ།། གོའུ་ཏ་མའི་ཉན་ཐོས་དེ།། ལེགས ་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། ཅི་ཡང་མེད་ལ་ཡིད་དགའ་བ།། གོའུ་ཏ་མའི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། ་གང་ཞིག་ཉིད་དང་མཚན་རྣམས་སུ།། མྱ་ངན་འདས་ལ་ཡིད་དགའ་བ།། གོའུ་ཏ་མའི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། དྲན་པའི་ཚོམས་ཏེ་བཅཝོ་ལྔ་པའོ།། ་། བདག་གི་བྱ་བ་བྱས་པའི་དུས་གཡོ་བས།། དང་པོ་ཁོ་ནར་བྱ་བའི་མེ་ལྕེ་གྱིས།། བདག་གི་དང་པོ་དེ་ལྟ་བྱས་ན་ནི།། བྱ་བ་བྱས་པའི་དུས་ལྟ་ཟད་འདོད་ཅིང་།། ཇི་ལྟར་འདོད་པ ་དེ་བཞིན་འབྱོར་འགྱུར་བར།། དེ་ཡི་རང་བཞིན་ང་ཡིས་མཐོང་བས་ན།། ཇི་སྲིད་དོན་དུ་ཕུན་སུམ་ཚོགས་གྱུར་པ།། དེ་སྲིད་བར་དུ་མི་ཡི་སྐྲག་པར་གྱིས།། སྒྲིམ་ཞིང་བརྩོན ་པར་བྱ་བ་ཡི།། བདག་ཉིད་གླིང་དུ་འགྱུར་བར་བྱ།། མགར་བ་ཡིས་ནི་དངུལ་བཞིན་དུ།། རང་གི་དྲི་མ་སྦྱང་བར་གྱིས།། དྲི་མ་སྦྱངས་པས་སྐྱོན་མི་འབྱུང་།། ཕྱི་ནས་སྐྱེ་དང་། ་རྒ་མི་ཐོབ། ངོ་ཚ་མིན་ལ་ངོ་ཚ་ཞིང་།། ངོ་ཚ་ལ་ཡང་ངོ་མི་ཚ།། མི་འཇིགས་པ་ལ་འཇིགས་ལྟ་ཞིང་།། འཇིགས་ལ་མི་འཇིགས་ལྟ་བ་ཡི།། ལོག་པར་ལྟ་བ་བླངས་པ་ཡི།། ་སེམས་ཅན་ངན་འགྲོར་འགྲོ་བར་འགྱུར་བ།། འདི་ན་ངན་ངོན་བག་མེད་ལས།། ཕྱི་ནས་བག་དང་ལྡན་གྱུར་ཏེ།། སྤྲིན་བྲལ་ཉི་མ་ཟླ་བ་ལྟར།། འཇིག་རྟེན་འདི་ན་ཀུན་ནས ་གསལ།། འདི་ན་གང་སྔོན་བག་མེད་ལས།། ཕྱི་ནས་བག་དང་ལྡན་གྱུར་ཏེ།། འཇིག་རྟེན་འདི་ནི་སྲིད་པ་ལས།། དྲན་པ་ལེགས་པར་འདའ་བར་འགྱུར།། གང་ཞིག་གཞོན་ནུར ་རབ་བྱུང་ནས།། སངས་རྒྱས་བསྟན་ལ་འཇུག་པ་དེ།། སྤྲིན་བྲལ་ཉི་མ་ཟླ་བ་ལྟར།། འཇིག་རྟེན་འདི་ན་ཀུན་ནས་གསལ།། གང་ཞིག་གཞོན་ནུར་རབ་བྱུང་ན།། སངས ་རྒྱས་བསྟན་ལ་འཇུག་པ་དེ།། འཇིག་རྟེན་འདི་ན་སྲེད་པ་ལས།། དྲན་པས་ལེགས་པར་འདའ་བར་འགྱུར།། གང་ཞིག་སྡིག་པའི་ལས་བྱས་པ།། དགེ་བས་བགེམས་པར ་བྱེད་པ་དེ།། སྤྲིན་བྲལ་ཉི་མ་ཟླ་བ་ལྟར།། འཇིག་རྟེན་འདི་ན་ཀུན་ནས་གསལ།། གང་ཞིག་སྡིག་པའི་ལས་བྱས་པ།། དགེ་བས་འགེབས་པར་བྱེད་པ་དེ།། འཇིག་རྟེན་འདི་ན ་སྲེད་པ་ལས།། དྲན་པས་ལེགས་པར་འདའ་བར་འགྱུར།། གང་ཞིག་བསོན་ལ་མི་དགའ་བ།། འདི་ནི་ཤི་ནའང་མྱ་ངན་མེད།། བརྟན་པ་གོ་འཕང་མཐོང་བ་དེ།། མྱ་ངན་དབུས ་ནའང་འདུག་མི་འགྱུར།། གང་ཞིག་གསོན་ལ་མི་དགའ་བ།། དེ་ནི་ཤི་ན་འང་མྱ་ངན་མེད།། བརྟན་པ་གོ་འཕང་མཐོང་བ་དེ།། གཉེན་འདུན་དབུས་ན་ལམ་མེར་འགྱུར།། དན ་སྤོང་དཀར་པོ་སྒོམ་གྱིས་ལ།། ནག་པོའི་ཆོས་ནི་རྣམས་པར་སྤོངས།། ཁྱིམས་ནས་ཁྱིམ་མེད་སོང་ནས་སུ།། སྤྱོད་ཡུལ་བདེན་པ་གང་ཡིན་པ། ་དེ་ལ་མངོན་པར་དགའ་སླབ་ཅིང་།། འདོད་པ་ཅི་ཡང་མེད་པར་སྤོངས།། རྟག་དུ་སྙིང་པོ་དག་པ་དང་།། རྟག་དུ་གསོ་སྦྱོང་དག་པ་དང་།། གཙང་མའི་ལས་ནི་དག་པ་དེའི།། ་བརྟུལ་ཞུགས་ཕུན་སུམ་ཚོགས་པར་འགྱུར།། ཞིང་གི་སྐྱོན་ནི་རྩ་ཡིན་ལྟར།། སྐྱེ་རྒུ་འདི་ལ་འདོད་ཆགས་སྐྱོན།། དེ་བས་འདོད་ཆགས་བྲལ་རྣམས་ལ།། བྱིན་ན་འབྲས་བུ ་ཆེན་པོར་འགྱུར།། ཞིང་གི་སྐྱོན་ནི་རྩ་ཡིན་ལྟར།། སྐྱེ་རྒུ་འདི་ལ་ཞེ་སྡང་སྐྱོན།། དེ་བས་ཞེ་སྡང་བྲལ་རྣམས་ལ།། བྱིན་ན་འབྲས་བུ་ཆེན་པོར་འགྱུར།། ཞིང་གི་སྐྱོན་ནི ་རྩ་ཡིན་ལྟར།། སྐྱེ་དགུ་འདི་ལ་གཏི་མུག་སྐྱོན།། དེ་བས་གཏི་མུག་བྲལ་རྣམས་ལ།། བྱིན་ན་འབྲས་བུ་ཆེན་པོར་འགྱུར།། ཞིང་གི་སྐྱོན་ནི་རྩ་ཡིན་ལྟར།། སྐྱེ་དགུ་འདི་ལང ་རྒྱལ་སྐྱོན།། དེ་བས་ང་རྒྱལ་བྲལ་རྣམ་ལ།། བྱིན་ནས་འབྲས་བུ་ཆེན་པོར་འགྱུར།། ཞིང་གི་སྐྱོན་ནི་རྩཝ་ཡིན་ལྟར།། སྐྱེ་དགུ་འདི་ལ་ཆགས་པ་སྐྱོན།། དེ་བས་ཆགས་པ་བྲལ ་རྣམས་ལ།། བྱིན་ན་འབྲས་བུ་ཆེན་པོར་འགྱུར།། ཞིང་གི་སྐྱོན་རྣམ་རྩ་ཡིན་ལྟར།། སྐྱེ་དགུ་འདི་ལ་སྲེད་སྐྱོན།། དེ་བས་སྲེད་དང་བྲལ་རྣམས་ལ།། བྱིན་ན་འབྲས་བུ་ཆེན་པོར ་འགྱུར།། དྲུག་པ་རྒྱལ་པོ་ཆེན་པོ་སྟེ།། ཆགས་པར་གྱུར་ན་ཆགས་ཆེན་ཡིན།། མ་ཆགས་གྱུར་ན་ཆགས་མ་ཡིན།། ཆགས་པ་བྱིས་པ་ཞེས་བརྗོད་དོ།། འདོད་ཆགས་ཞེ་སྡང ་ང་རྒྱལ་དང་།། འཆབ་པ་གང་དུ་གནས་པ་ཡིན།། གྲོང་ཁྱེར་རུས་པའི་ར་བ་ཅན།། ཤ་དང་ཁྲག་གི་ཞལ་ཞལ་བྱས།། རྒྱུ་ཡི་ཀུན་ནས་སྲང་པོ་ལས་བྱུང་སྡུག་བསྔལ་ཅན། ་དེ་མ་མཐོང་ན་དེ་དག་འཆི་འགྱུར་ཞིང་།། དེ་དག་རྟོགས་ནས་ཆུ་བོ་རྣམས་ནི་རབ་དུ་སྤོངས།། ཕྱི་རོལ་པ་ལ་ཆགས་པ་དེ་དག་བསོད་པ་མེད།། སིལ་བུའི་ཚོམས་ཏེ་བཅུ་དྲུག་པའོ།། ་། དེ་དག་ཁྱིམ་ལ་མི་དགའ་བར།། དྲན་དང་ལྡན་པ་འབད་པ་ཡི།། ངང་པས་མཚོ་ནང་སྤོང་བ་ལྟར།། དེ་དག་ཁྱིམ་སྤངས་ཆུ་བོ་རྒལ།། བརྟན་པ་འཇིག་རྟེན་དེས་བྱུང་ནས།། ། ་བདུད་ཀྱི་སྡེ་རྣམས་རབ་འཇོམས་ཏེ།། ཉི་མའི་ལམ་ནས་ངང་པ་ལྟར།། རྫུ་འཕྲུལ་གྱི་ནི་མཁའ་ལ་འགྲོ།། ཚངས་པར་སྤྱོད་པ་མ་སྤྱད་ཅིང་།། གཞོན་ནུཪྻ་ནི་མ་རྙེད་པ། ་མཚོ་ངན་ཉ་ཉུང་ངོགས་དག་ན། ཆུ་སྐྱུར་རྒན་ཆེ་སེམས་བཞིན་དུ་འགྱུར།། ཚངས་པར་སྤྱོད་པ་མ་སྤྱད་ཅིང་།། གཞོན་ནུར་ནི་མ་རྙེད་པ།། སྔན་ཆར་བྱས་པ་རྗེས་དྲན་ཞིང་། ་ལུས་སྐུམ་ནས་ནི་ཉལ་བར་འགྱུར།། སྡིག་པ་ཆུང་བྱས་བདག་ཉིད་ཀྱི།། ཕྱི་བཞིན་མི་འོང་མ་སེམས་ཅིག། ཆུ་ཡི་ཐིགས་པ་ལྷུང་བ་ཡིས།། བུམ་ཆེན་གང་བ་ཇི་བཞིན་དུ།། ་ཅུང་ཟད་ཅུང་ཟད་བསགས་པ་ཡི།། སྡིག་པས་བྱིས་པ་གང་བར་འགྱུར།། དགེ་བ་ཆུང་བྱས་བདག་ཉིད་ཀྱི།། ཕྱི་བཞིན་མི་འོངས་མ་སེམས་ཅིག། ཆུ་ཡི་ཐིགས་པ་ལྷུང་། ་བ་ཡི།། བུམ་ཆེན་གང་འ་ཇི་བཞིན་དུ།། ཆུང་ཆད་ཆུང་ཟད་བསགས་པ་ཡི།། དགེ་བས་བརྟན་པ་གང་བར་འགྱུར།། གང་ཞིག་རགས་བརྩིགས་མཆོ་ངན་སྤངས། ་མཚོའི་ཆུ་བོ་རྒལ་འདོད་པ།། སྐྱེ་བོས་གཟིངས་ནི་བཅས་ནས་ཀྱང་།། སྐྱེ་བོ་མཁས་པ་རྒལ་བར་བྱེད།། རྒལ་ནས་སངས་རྒྱས་བཅོམ་ལྡན་འདས།། ་བྲམ་ཟེ་སྐམ་སར་གནས་པར་མཛད།། དེ་ལ་དགེ་སློང་ཁྲུས་བྱེད་ཅིང་།། ཉན་ཐོས་རྣམས་ཀྱི་གཟིངས་ཀྱང་བཅས།། ཇི་ལྟར་མཚོ་ཆེན་ཟབ་མོ་དང་།། རབ་དུ་རྣམས་དང་རྙོག་མེད ་ལྟར།། དེ་བཞིན་མཁས་པ་རབ་དང་བས།། འདི་ནས་ཆོས་ནི་ཉན་པར་བྱེད།། འདི་ལྟར་ཀུན་ན་ཆུ་ཡོད་པས།། སུ་ཞིག་ཚོལ་ཞིང་རྒྱུ་བྱེད་དེ།། ཁྲོན་པའི་ཆུ་ལྟར་ཅི་ཞིག ་དགོས།། སྲེད་བརྩད་ནས་བཅད་པར་གྱིས།། བཙོ་བླགས་མཁན་དག་ཆུས་ཁྲུ་ཤིང་།། མདའ་མཁན་མེས་ནི་སྲོང་བ་དང་།། ཤིང་མཁན་ཤིང་ལ་འཇོག་སྦྱོང་ལྟར།། མཁས ་པས་བདག་ཉིད་གདུལ་བར་བྱ།། ནམ་མཁའ་ལྟ་བུར་ཆགས་མེད་ཅིང་།། སྒོ་ཐེམ་ལྟ་བུར་གཡོ་བ་མེད།། རྙོག་པ་ཅན་གྱི་མཚོ་ལྟ་བུར།། མཁས་པས་འཁོར་བ་ལ་མི་དགའ ་ཆུའི་ཚོམས་ཏེ་བཅུ་བདུན་པའོ།། །། ལྷར་བཅས་བཤིན་རྗེའི་འཇིག་རྟེན་འདི།། ས་སྟེངས་ལས་རྒྱལ་གང་ཞིག་ལགས།། མེ་ཏོག་ལྟ་བུར་རབ་འདོད་པའི།། ཆོས ་བཞིན་ལགས་པར་སྟོན་མཁས་གང་།། ལྷར་ཅས་གཤིན་རྗེའི་འཇིག་རྟེན་འདི།། ས་སྟེངས་ལས་རྒྱལ་སློབ་པ་ཡིན།། མེ་ཏོག་ལྟ་བུར་འདོད་པ་ཡི།། ཆོས་བཞིན་ལེགས ་པར་སྟོན་མཁས་ཏེ།། ལྷར་བཅས་གཤིན་རྗེའི་འཇིག་རྟེན་འདི།། ས་སྟེངས་ལས་རྒྱལ་སློབ་པ་ཡིན།། མེ་ཏོག་ལྟ་བུར་རབ་འདོད་པའི།། ཆོས་བཞིན་ལེགས་པར་སྟོན་མཁས་ཏེ།། ། ་ནགས་ཚལ་ལས་ནི་འཇིགས་སྐྱེས་ཕྱིར།། ནག་ཚལ་བཅད་ཀྱི་ཤིང་མ་ཡིན།། ནགས་ཚལ་ནགས་སྦྱོར་ཆོད་ཅིག་དང་།། དགེ་སྦྱོང་མྱ་ངན་འདའ་བར་འགྱུར།། གལ་ཏེ་ནགས་སྦྱོར། ་མ་བཅད་ན།། ཕྲ་རབ་ཀྱིས་ཀྱང་མི་སྐྱེ་ཏེ།། ཇི་ལྟར་མེ་ཏོག་ཡིད་འོང་བ།། ཁ་དོག་བཟང་ཡང་དྲི་མེད་ལྟར།། དེ་བཞིན་ལེགས་པར་གསུངས་པའི་ཚིག། འབྲས་བུ་མེད་པར ་མ་བྱེད་ཅིག། ཇི་ལྟར་བུང་བ་མེ་ཏོག་གི། ཁ་དོག་དྲི་ལ་མི་གནོད་པར།། བུང་བ་བཞིབས་ནས་འཕུར་བ་ལྟར།། དེ་བཞིན་ཐུབ་པ་གྲོང་དུ་རྒྱུ།། གཞན་གྱི་སྐྱོན་ལ་མི་རྟོག་ཅིང ་གཞན་གྱིས་བྱས་དང་མ་བྱས་མིན།། བདག་ཉིད་ཀྱི་ནི་རིགས་པ་དང་།། མི་རིགས་པ་ལ་རྟག་པར་བྱ།། ཇི་ལྟར་ཕྱག་དར་ཕུང་པོ་དག། མིད་གཙང་ཆུ་ནི་མེད་འདི་ལས། ་པད་མ་ཁ་ཕྱེ་གཙང་བ་དང་།། དྲི་ཞིམ་ཡིན་འོང་རབ་སྐྱེས་ལྟར།། དེ་བཞིན་སོ་སོའི་སྐྱེ་བོ་དག། དངོས་གྱུར་ཕྱག་དར་ཕུང་འདི་ལས།། རྫོགས་སངས་རྒྱས་ཀྱི་ཉན་ཐོས་དག། ་ཤེས་རབ་ཀྱིས་ནི་གསལ་བར་བྱུང་།། ཇི་ལྟར་མེ་ཏོག་ཕུང་པོ་ལས།། མེ་ཏོག་ཕྲེང་རྒྱུད་མངར་བྱེད་ལྟར།། དེ་བཞིན་མིར་ནི་སྐྱེས་པ་ཡིས།། དགེ་བ་ཕལ་ཆེན་རྣམས་ཀྱང་བྱ།། ་ཇི་ལྟར་དབྱར་ཀ་བ་ཀུ་ལའི།། མེ་ཏོག་རང་དུ་རྣམ་འབྲུལ་ལྟར།། དེ་བཞིན་དགེ་སློང་འདོད་ཆགས་དང་།། ཞེ་སྡང་གཏི་མུག་སྤང་བར་གྱིས།། མི་ཡི་ཡིད་ལ་རྣམ་ཆགས ་དག། མེ་ཏོག་བཞིན་དུ་རབ་གསགས་པ།། འཆི་བདག་གིས་ནི་བླངས་ནས་འགྲོ།། ཞལ་གྲོང་ཆུ་བོས་འདས་པ་བཞིན།། མི་ཡི་ཡིད་ལ་རྣམ་ཆགས་དག། མེ་ཏོག ་བཞིན་དུ་རབ་བསགས་པ། འདོད་པ་རྣམས་ཀྱི་མི་ངོམས་ཤིང་།། འཆི་བདག་གིས་ནི་དབང་དུ་བྱེད།། མི་ཡི་ཡིད་ལ་རྣམ་ཆགས་དག། མེ་ཏོག ་བཞིན་དུ་རབ་བསགས་པ།། ལོངས་སྤྱོད་སྐྱེས་པར་མི་འགྱུར་ཞིང་།། འཆི་བདག་གི་ནི་དབང་དུ་བྱེད།། མི་ཡི་ཡིད་ལ་རྣམས་ཆགས་དག། མེ་ཏོག་གཞན་དུ་རབ་བསགས་པ།། ་བྱ་བ་མཐར་ནི་མ་བྱིན་པར།། འཆི་བདག་གི་ནི་དབང་དུ་བྱེད།། ལུས་འདི་དབུ་བ་འདྲ་བར་རྟོགས་བྱས་ཤིང་།། དེ་བཞིན་ཆོས་རྣམས་མིག་རྒྱུ་འདྲར་ཤེས་ནས།། བདུད་ཀྱི ་མེ་ཏོག་མཚོན་ནི་འདིར་གཅོད་པ།། འཆི་བདག་རྒྱལ་པོས་ལྟ་བ་མེད་པར་འགྲོ།། འཇིག་རྟེན་འདི་དག་དབུ་བ་འདྲར་རྟོགས་ཤིང་།། དེ་བཞིན་ཆོས་རྣམས་མིག་རྒྱུ་འདྲར་ཤེས་ནས།། ་བདུད་ཀྱི་མེ་ཏོག་མཚོན་ནི་འདིར་བཅོད་པ།། འཆི་བདག་རྒྱལ་པོས་ལྟར་ཡང་མེད་པར་འགྲོ།། ལུས་འདི་དབུ་བ་འདྲ་བར་རྟོགས་བྱས་ཤིང་།། དེ་བཞིན་ཆོས་རྣམས་མིག་རྒྱུ ་འདྲར་ཤེས་ནས།། བདུད་ཀྱི་མེ་ཏོག་མཚོན་ནི་འདིར་གཅོད་པ།། འཆི་བདག་རྒྱལ་པོས་ལྟར་ཡང་མེད་པར་འགྲོ།། འཇིག་རྟེན་འདི་དག་དབུ་བ་འདྲར་རྟོགས་ཤིང་།། དེ་བཞིན ་ཆོས་རྣམས་མི་རྒུ་མིག་རྒྱུ་འདྲར་ཤེས་ནས།། འདུད་ཀྱི་མེ་ཏོག་མཚོན་ནི་འདིར་གཅོད་པ།། འཆི་བདག་རྒྱལ་པོས་ལྟར་ནི་ཡང་མེད་པར་འགྲོ།། སྲིང་ལ་ཨུ་དུམ་འབར་རའི ་མེ་ཏོག་ལྟར།། སྙིང་པོ་མེད་པར་སེམས་པའི་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་སྙིང་རྗེ་བ་བཞིན།། ཆུ་སྐྱེས་རྩ་བའི་མེ ་ཏོག་ཆུ་གནས་ལྷའི།། འདོད་ཆགས་མ་ལུས་གཅོད་བྱེད་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་སྙིང་རྗེས་པ་བཞིན།། ཆུ་སྐྱེས་རྩ ་བའི་མེ་ཏོག་ཆུ་གནས་ལྟའི།། ཞེ་སྡང་མ་ལུས་གཅོད་བྱེད་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་སྙིང་རྗེ་བ་བཞིན།། ཆུ་སྐྱེས ་རྩ་བའི་མེ་ཏོག་ཆུ་གནས་ལྷའི།། གཏི་མུག་མ་ལུས་གཅོད་བྱེད་དགེ་སློང་གང་།། དེ་ནི་ཕ་རོལ་ཕྱིན་མིན་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་སྙིང་རྗེ་བ་བཞིན། ་ཆུ་སྐྱེས་རྩ་བའི་མེ་ཏོག་ཆུག་གནས་ལྷའི།། ང་རྒྱལ་མ་ལུས་གཅོད་བྱེད་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་སྙིང་རྗེས་པ་བཞིན།། ་ཆུ་སྐྱེས་རྩ་བའི་མེ་ཏོག་གནས་ལྟའི།། ཆགས་པ་མ་ལུས་གཅོད་བྱེད་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་སྙིང་རྗེ་བ་བཞིན། ་ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྷའི།། སྲེད་པ་མ་ལུས་གཅོད་བྱེད་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་སྙིང་རྗེ་བ་བཞིན།། ་མེ་ཏོག་གི་ཆོམས་ཏེ་བཅཝོ་བརྒྱད་པའོ།། །། ཇི་ལྟར་རྟ་བཟང་ལྤག་གི་བཞུས་པ་ན།། སྐྲག་ཅིང་ཤུགས་དྲག་འགྲོ་བྱེད་ཇི་བཞིན་དུ།། དད་དང་ཚུལ་ཁྲིམས་ཏིང་འཛིན་ལྡན་པ་དང་།། ་ཆོས་རྣམས་རྣམ་པར་གཏན་ལ་འབེབས་ལྡན་ཞིང་།། དབང་པོ་མཉམ་གཞག་བཟོད་ལྡན་འགྲོགས་བདེ་བ།། སྐྱོབ་པ་དེ་རྣམས་སྲིད་པ་མ་ལུས་སྤོང་།། ཇི་ལྟར་ན་བའང ་ལྕག་གིས་བཞུས་པ་ན།། སྐྲག་ཅིང་ཤུགས་དྲག་འགྲོ་བྱེད་ཇི་བཞིན་དུ།། དད་པས་ཚུལ་ཁྲིམས་ཏིང་འཛིན་ལྡན་པ་དང་།། ཆོས་རྣམས་རྣམ་པར་བརྟན་ལ། ་འབེབས་ལན་ཞིང་།། རིག་དང་རྐང་པར་ལྡན་པ་ཡི།། སྐྱོབ་རྣམས་སྡུག་བསྔལ་མ་ལུས་སྤང་བར་མཛད།། འདུལ་སྦྱོང་བྱེད་པས་ལེགས་བཏུལ་རྟ་ལྟ་བུ།། གང་ཞིག་དབང་པོ ་ལེགས་པར་སྡོམ་པ་ཡི།། ཁྲོ་བ་སྤོང་ཞིང་ཟག་པ་ཟད་བྱེད་པ།། ཐུབ་དེ་རྣམས་ཀྱི་ལྷའི་བར་དུ་མྱོང་།། བག་ཡོད་པ་དང་བག་མེད་དང་།། མི་ཉལ་མང་པོས་གཉིད་ལོག་དང་།། རྟག ་བཟང་གིས་ནི་རྟ་གཏོང་ལྟར།། ཤིན་དུ་མཁས་པས་སྤངས་ནས་འགྲོ།། རྟ་བཟང་ལ་ནི་ལྕག་བཞིན་དུ།། གང་ཞིག་ངོ་ཚ་ཤེས་རྟེན་ཅིང་།། ཤེས་རབ་ལེགས་པར་མཉམ་བཞག ་པ་ཛ་ངས་ནི་སྡིག་པ་སེལ་བར་བྱེད།། དུལ་བ་འདུལ་སར་འགྲོ་བྱེད་ཅིང་།། དུལ་བ་རྒྱལ་པོ་ལྷག་པར་ཞོན།། གང་ཞིག་ཚིག་ནི་བཟོད་བྱེད་དང་།། དུལ་བ་མི་ཡི་ནང་ན་མཆོག ་ན་མཆོག། གླང་པོའི་ནང་ན་གླང་ཆེན་དང་།། སིན་དུའི་ཅང་ཤེས་རྟ་དང་ནི།། དྲེའུ་འདུལ་བྱེད་གང་ཡིན་པ།། དེ་བས་བདག་ཉིད་འདུལ་བ་མཆོག། དུལ་བ་རྒྱལ་པོ་ལྷག་པར་ཞོན།། ་བདག་ཉིད་ལེགས་འདུལ་གང་ཡིན་པའི།། མཁས་དེས་ཞི་བ་ཐོབ་འགྱུར་གྱི།། གཞོན་པ་དེ་དག་རྣམས་ཀྱི་ནི།། ས་དེ་མངོན་པར་ཐོབ་མི་སྲིད།། གླང་པོའི་ནང་ན་གླང་ཆེན་དང་།། ་སིན་དུའི་ཅང་ཤེས་རྟ་དང་ནི།། དྲེའུ་འདུལ་བྱེད་གང་ཡིན་པ།། དེ་བས་བདག་ཉིད་འདུལ་བ་མཆོག། བདག་ཉིད་ལེགས་པར་འདུལ་བ་མཆོག། བདག་ཉིད་ལེགས་འདུལ ་དྲན་ལྡན་གང་།། དེས་ནི་སྡུག་བསྔལ་མཐར་ཕྱིན་གྱི།། གཞོན་པ་དེ་དག་རྣམས་ཀྱིས་ནི།། ས་དེ་མངོན་པར་ཐོབ་མི་སྲིད།། གླང་པོའི་ནང་ན་གླང་ཆེན་དང་།། སིན་དུའི་ཅང་ཤེས ་རྟ་དང་ནི།། དྲེའུ་འདུལ་བྱེད་གང་ཡིན་པ།། དེ་བས་བདག་ཉིད་འདུལ་བ་མཆོག། བདག་ཉིད་ལེགས་འདུལ་དྲན་ལྡན་གང་།། དེས་ནི་འགྲོ་རྣམས་སྤོང་འགྱུར་གྱི།། གཞོན་པ་དེ་དག ་རྣམས་ཀྱི་ནི།། ས་དེ་མངོན་པར་མཐོབ་མི་སྲིད།། གླང་པོའི་ནང་ན་གླང་ཆེན་དང་།། སིན་དུའི་ཅང་ཤེས་རྟ་དང་ནི།། དྲེའུ་འདུལ་བྱེད་གང་ཡིན་པ།། དེ་བས་བདག་ཉིད་འདུལ་བ ་མཆོག། བདག་ཉིད་ལེགས་འདུལ་གང་ཡིན་དེས།། འཆིང་བ་བཅད་ནས་འགྲོ་འགྱུར་གྱི།། གཞོན་པ་དེ་དག་རྣམས་ཀྱིས་ནི།། ས་དེ་མངོན་པར་ཐོབ་མི་སྲིད།། འདུལ་སྦྱོང་བྱེད ་པས་རྟ་བཟང་ལྟར།། བདག་ཉིད་ཁོ་ན་འདུལ་བར་བྱ།། བདག་ཉིད་ལེགས་པར་འདུལ་བ་ཡི།། སྡུག་བསྔལ་རྣམས་ཀྱི་པ་མཐར་ཕྱིན།། བདག་ཉིད་ཁོ་ན་བདག་གི་མགོན།། བདག ་ཉིད་བདག་གི་སྐྱབས་ཡིན་པས།། འདུལ་སྦྱོང་བྱེད་པས་རྟ་བཟང་ལྟར།། དེ་བས་བདག་ཉིད་འདུལ་བར་བྱ།། རྟའི་ཚོམས་ཏེ་བཅུ་དགུ་པའོ།། །། ཁྲོ་བ་སྤངས་ཤིང་ང་རྒྱལ ་རྣམ་སྤངས་ན།། ཀུན་སྦྱོར་ཀུན་ལས་ཤིན་དུ་འདའ་འགྱུར་ཞིང་།། མིང་དང་གཟུགས་ལ་ཆགས་པ་མེད་དེ་དག། ཅི་ཡང་མེད་པས་ཆགས་པའི་རྗེས་མི་ལྷུང་།། སྐྱེས་མ་ཐག ་དུ་འགྲོ་བ་སྤོངས།། སྐྱེས་ནས་འདོད་ཆགས་སྤངས་པར་གྱིས།། བརྟན་པས་མི་རིག་རབ་དུ་སྤང་།། བདེན་པ་མཐོང་ན་བདེན་པར་འགྱུར།། ཁྲོ་བ་སྤངས་ན་འདི་བར་ཉལ། ་ཁྲོ་བ་སྤངས་ནས་གདུང་མི་འགྱུར།། དགེ་སློང་ཁྲོ་བ་བདེ་འཇོམས་པའི།། དུག་གི་རྩ་བ་ཆོམས་ཤིག་དང་།། འཕགས་པ་རྣམ་ཀྱི་སྔགས་འགྱུར ་ཞིང་།། དེ་འཇོམས་པ་ཡི་མྱ་ངན་མེད།། གང་ཁྲོས་བང་གི་ལེགས་བྱས་ཀྱི།། མ་ལེགས་མིན་ཞེས་རབ་སྨྲ་བ།། དེ་ནི་ཁྲོ་བཞི་འོག་དུ།། མེ་ཡི་བསྲེགས་བཞིན་གདུང་བར ་འགྱུར།། ངོ་ཚ་མེད་ཅིང་ཁྲེལ་མེད་པ།། ཁྲོ་བ་ཅན་ལ་རྟུལ་ཞུགས་མེད།། ཁྲོ་བས་མངོན་པར་ཟིལ་གནོན་པ།། དེ་ལ་སུ་ཡང་རྟོན་མི་བྱེད།། གང་ཞིག་བྱིས་པའི་མཐུ་སྟོབས ་ཅན།། དེ་ཡི་སྟོབས་ནི་སྟོབས་མེད་ཡིན།། བྱིས་པ་ཆོས་དང་བྲལ་བ་ལ།། སྒྲུབ་པར་བྱ་བ་ཡོད་རེ་སྐར།། གང་ཞིག་སྟོབས་དང་ལྡན་གྱུར་ཀྱང་།། སྟོབས་ཆུང་རྣམས་ཀྱི་བཟོད ་བྱེད་པ།། དེ་ནི་བཟོད་པའི་མཆོག་ཅེས་གསུངས།། ཉམས་ཆུང་དེ་དག་རྟག་དུ་སྦྱར།། གང་ཞིག་གཞན་གྱི་དཔོག་གྱུར་ཀྱང་།། སྟོབས་ཆུང་རྣམས་ཀྱིས་བཟོད་བྱེད་པ།། དེ་ནི ་བཟོད་པའི་མཆོག་ཅེས་གསུང་།། ཉམས་ཆུང་བ་ལྟ་སྟག་དུ་སྐུར།། གཞན་གྱི་ལྷག་པར་བརྒྱད་སྐབས་ཀྱང་།། སྟོབས་ལྡན་གང་ཞིག་བཟོད་བྱེད་པ།། དེ་ནི་བཟོད་པའི་མཆོག ་ཅེས་གསུང་།། ཉམ་ཆུང་བ་ལྟ་སྟག་དུ་སྐུར།། གཞན་གྱི་ལྷག་པར་སྨད་བྱས་ཀྱང་།། སྟོབས་ལྡན་གང་ཞིག་བཟོད་བྱེད་པ།། དེ་ནི་བཟོད་པའི་མཆོག་ཅེས་གསུང་།། ཉམས ་ཆུང་བ་ལྟ་སྟག་དུ་སྐུར།། གང་ཞིག་ཕ་རོལ་ཁྲོས་རིག་ནས།། བདག་ཉིད་ཉེ་བར་ཞི་བྱེད་པ།། དེ་ནི་བདག་དང་གཞན་དག་གིས།། འཇིགས་བྱེད་དག་ལས་སྐྱོབ་པ་ཡིན།། ་གང་ཞིག་ཕ་རོལ་ཁྲོས་རིག་ནས ་བདག་ཉིད་ཉེ་བར་ཞི་བྱེད་པ།། དེ་ནི་བདག་དང་གཞན་དག་གི།། གཉིས་ཀའི་དོན་ནི་སྤྱོད་པ་ཡིན།། བདག་ཉིད་དང་ནི་གཞན་དག་དང་།། གཉིས་ཀའི་དོན་ནི་སྤྱོད་དེ་ལ། ་སྐྱེ་བོ་ཆོས་ལ་མི་མཁས་རྣམས།། བྱིས་པ་ཡིན་ཞེས་སེམས་ཀྱང་བླ།། གཙོ་བོའི་ཚིག་ནི་འཇིགས་ཕྱིར་བཟོད་བྱེད་དང་།། འཐབ་ཟླ་ཚིག་ནི་འཐབ་བཅུགས་རྒྱུ་བཟོད་པས།། ། ་གང་ཞིག་སྨན་པའི་ཚིག་ལ་བཟོད་བྱེད་དེ།། བཟོད་པས་མཆོག་ཅེས་དམ་པས་རབ་དུ་གསུང་།། བྱིས་པ་ཁྲོས་ནས་ཚིག་རྩུ་བ་དག། སྨྲས་ན་རྒྱལ་བར་འགྱུར་སྙམ་སེམས།། ་གང་ཞིག་ཚིག་ལ་བཟོད་བྱེད་དེ།། དེ་ནི་རྟག་དུ་རྒྱལ་བ་ཡིན།། བདེན་པར་སྨྲ་བྱ་ཁྲོ་མི་བྱ།། སློང་ལ་ཆུང་ཡང་སྦྱིན་པར་བྱ།། རྣམ་པ་འདི་གསུམ་གསུམ་གྱིས་ནི།། ་ལྷ་ཡི་གནས་སུ་འགྲོ་བར་འགྱུར།། ཁྲོ་བའི་ཟིལ་གྱིས་གནོན་པའི་མིས།། རང་གི་དོན་ཀྱང་མི་རྟོགས་པས།། འཁོར་གྱི་ནང་དུ་བག་སྐྱོང་ལ།། ཁྲོ་བ་མེད་པའི་ཚིག ་སྨྲོས་ཤིག། གང་ཞིག་ཁྲོ་ལ་སླར་ཁྲོ་བ།། དེ་ནི་སྡིག་པ་ཅན་འགྱུར་བར།། ཁྲོ་ལ་སླར་ནི་མ་ཁྲོ་གཅིག། ཐུབ་པར་དཀའ་བའི་གཡུལ་ལས་རྒྱལ།། ཁྲོ་བ་མེད་པས་ཁྲོ ་བ་ཐུབ།། ལེགས་པས་ལེགས་པ་མ་ཡིན་ཐུབ།། སྦྱིན་པས་ཡིས་ནི་འཛུངས་པ་ཐུབ།། བདེན་པས་བདེན་པ་མ་ཡིན་ཐུབ།། དུལ་ཞིང་རིགས་པས་འཚོ་བ་དང་།། ཁྲོ་བ ་མེད་པ་ག་ལ་ཁྲོ།། ཡང་དག་ཤེས་པས་རྣམ་གྲོལ་བའི།། མཁས་པ་རྣམས་ལ་ཁྲོབ་མེད།། ཁྲོ་བ་མེད་དང་འཚེ་མེད་ལ།། འཕགས་པའི་སྐྱེ་བོས་རྟག་སྟེན་ཀྱང་། ་སྐྱེ་བོ་སྡིག་ཆེན་ཁྲོ་བ་དག། རི་བོ་བཞིན་དུ་སྐུར་བར་བྱེད།། གང་ཞིག་ཁྲོ་བ་བྱུང་བ་དང་།། ཤིང་རྟ་ཁྱམ་ལས་འཛིན་བྱེད་དེ།། འདུལ་སྦྱོང་མཁན་དུ ་ངས་གསུང་གི། ཞགས་འདེབས་སྐྱེ་བོ་ཕལ་པ་ཡིན།། ཁྲོ་བའི་ཚོགས་ཏེ་ཉི་ཤུ་པའོ།། །། སྡོམ་པ་དགེ་སྦྱོང་ལམ་དང་བཀུར་སྟི་དང་།། མཁུ་བ་ལྔ་པ་དྲན་པ་སྟེ།། ་སིལ་བུ་དག་དང་ཆུ་དང་ནི།། མེ་ཏོག་ཁྲོ་བ་བཅུ་པའོ།། འཇིག་རྟེན་འདི་ན་ཀུན་རིག་ཀུན་བྲིང་གནོན།། འདི་ན་ཆོས་རྣམས་ཀུན་མཁྱེན་ཟིལ་གནོན་པ།། འདི་ན་ཆོས་རྣམས ་ཀུན་གྱིས་མ་དགོས་ཤིང་།། ཀུན་སྤོངས་སྲེད་ཟད་རབ་དུ་རྣམ་གྲོལ་བ།། ཉིད་ཀྱི་མངོན་མཁྱེན་པ་ལ་སུ་ཡིས་བསྟན།། དེ་བཞིན་གཤེགས་པ་ལྷའི་བསྟོད་པ་དེ།། སྟོབས ་རྣམས་ཀུན་ལྡན་ཐམས་ཅད་མཁྱེན་པ་ང་།། བྱང་ཆུབ་རྙེད་ནས་ཉིད་ཀྱི་རབ་སྟོན་པ།། མཚུངས་མེད་མཉམ་མེད་སུ་ཡི་བསྟན།། ང་ནི་འཇིག་རྟེན་དགྲ་བཅོམ་སྟེ།། འཇིག་རྟེན ་དག་ན་བླ་ན་མེད་དང་།། ལྷ་དང་བཅས་པའི་འཇིག་རྟེན་ན།། བདུད་རྣམས་ཟིལ་གནོན་རྒྱལ་བ་ང་།། ང་དང་འདྲ་བ་མེད་པས་ན།། ང་ལ་སློབ་དཔོན་སུ་ཡང་མེད།། འཇིག ་རྟེན་འདི་ན་གཅིག་པུ་ཡིས།། རྫོགས་པའི་བྱང་ཆུབ་བླ་མེད་བརྙེས།། གང་ཞིག་ཟག་པ་ཟད་བརྙེས་པ།། རྒྱལ་བང་འདྲ་བ་ཤེས་པར་གྱིས།། སྡིག་པའི་ཆོས་ལས་ང་རྒྱལ་བས།། ་དེ་བས་ཉེར་འགྲོ་ང་རྒྱལ་བས།། འཇིག་རྟེན་ཡུལ་སྲེད་རྒལ་བ་ཡི།། ཀུན་མཁྱེན་སངས་རྒྱས་མྱ་ངན་འདས།། འཇིག་རྟེན་པ་ལ་མ་བསྟན་པར།། ཀུན་ནས་འབྱུང་བར་མི་ཤེས ་པས། བ་ར་ན་སེར་སོང་ནས་སུ།། ངས་ནི་ཆོས་ཀྱི་རྔ་བརྡུང་ཞིང་།། འཇིག་རྟེན་སུས་ཀྱང་མ་བསྐོར་བའི།། ཆོས་ཀྱི་འཁོར་ལོ་བསྐོར་བྱ་བ།། དཔའ་བོ་དེ་བཞིན་གཤེགས་པ་རྣམས།། ་འདི་ན་ཆོས་ཀྱི་འདུལ་བར་མཛད།། དེ་དག་ཆོས་ཀྱི་བཏུལ་བ་ལ།། མཁས་པ་སུ་ཡང་སྨོད་མི་བྱེད།། བརྟན་གང་ཏིང་འཛིན་ལ་ཞུགས་ཤིང་།། ངེས་འབྱུང་ཞི་བར་འགྲོ་བ་དང་།། སྐྲ་ཡི ་ཐ་མ་འཛིན་པ་ཡིན།། རྫོགས་པའི་སངས་རྒྱས་གྲགས་ལྡན་པ།། ཤེས་རབ་མྱུར་བ་དེ་དག་ལ།། ལྷ་དང་མི་རྣམས་དགའ་བར་བྱེད།། གང་དག་འདས་པའི་རྫོགས་སངས་རྒྱས།། གང ་དག་མ་བྱོན་སངས་རྒྱས་དང་།། མང་པོའི་མྱ་ངན་སེ་ལ་མཛད་པ།། བཞུགས་པར་འགྱུར་ཅིང་བཞུགས་པ་དང་།། དེ་བཞིན་བཞུགས་པར་འགྱུར་ཀུན་གྱི།། དམ་ཆོས་བླ་མར་མཛད ་པ་འདི།། རྫོགས་སངས་རྒྱས་ཀྱི་ཆོས་ཉིད་ཡིན།། དེ་བས་འདི་ན་ཆོས་དགའ་ཞིང་།། བདག་ཉིད་ཆེན་པོ་མངོན་འདོད་པས།། སངས་རྒྱས་བསྟན་པ་དྲན་བྱས་ཏེ།། དམ་པའི ་ཆོས་ལ་བླ་མར་བྱ།། མི་གང་སངས་རྒྱས་བསྟན་པ་ལ།། དད་པ་མ་སྐྱེད་བྱིས་པ་དེ།། རྒུད་པའི་གནས་སུ་འགྲོ་འགྱུར་ཏེ།། སྲིན་མོ་རྣམས་ཀྱི་ཚོང་པ་བཞིན།། མི་གང་སངས ་རྒྱས་བསྟན་པ་ལ།། དད་པ་སྐྱེད་པ་ཤེས་རབ་ཅན།། དེ་ནི་བདེ་བར་ཕ་རོལ་འགྲོ།། སྤྲིན་ཤུགས་ལྡན་པས་ཚོང་པ་བཞིན།། དེ་བཞིན་གཤེགས་པ་མཉམ་མེད་མཚུངས་པ་མེད།། ་བདེན་པར་རྣམ་རྟོག་དེ་བཞིན་རབ་དབེན་པའི།། རྣམ་ཏོག་གཉིས་པོ་གཅོད་པའི་སངས་རྒྱས་རྣམས།། ཡུལ་གསེལ་ཕ་རོལ་གཤེགས་ཤིང་གྲགས་དང་ལྡན།། དེས་ནི་རྙེད ་བརྙེས་ཤིང་ཡིད་དབང་གྱུར།། ཀུན་གྲོལ་ཟག་ཟད་རབ་དུ་རྣམ་པར་གྲོལ།། རྣམ་གྲོལ་ཐུགས་ལྡན་ཐབ་ཟག་མེད་རྣམས།། ལུས་ཅན་འཇིག་རྟེན་རྣམས ་ལ་ཕན་ཕྱིར་གཟིགས།། འགའ་ཞིག་རི་བོའི་སྤོ་ལ་འདུག་ནས་སུ།། འགྲོ་བ་རྣམས་པ་ཀུན་དུ་ལྟ་བ་ལྟར།། དེ་བཞིན་བློ་བཟང་མྱ་ངན་བྲལ་བ་དག། ཆོས་ལ་འབྱུང་བའི་ཁང་བཟང་སྟེང ་གཤེགས་ནས།། སྐྱེ་བོ་སྐྱེ་རྒས་ཟིལ་གནོན་མྱ་ངན་གྱིས།། གདུངས་པ་རྣམས་ལ་ཀུན་དུ་སྤྱན་གཟིགས་ནས།། འཆི་བ་མེད་པའི་སྒོ་མོ་འབྱེད་མཛད་ཀྱི།། གང་དག་ཉན་འདོད ་ཐེ་ཚོམ་སྩལ་བར་གྱིས།། དེ་བཞིན་གཤེགས་ཚོམས་ཏེ་ཉི་ཤུ་གཅིག་པའོ།། །། ལེགས་པ་ཐོས་དང་ལེགས་སྤྱོད་དང་།། ཁྱིམ་ནས་ལེགས་པར་འབྱུང་བ་དང་།། སྤོང་བར ་བྱེད་པས་རབ་བསྐོར་ཅིང་།། དགེ་སྦྱོང་གིས་ནི་རྗེས་འཐུན་ལེགས།། བྱིས་པ་མི་མཁས་པ་དག་ནི།། འཆི་བ་མེད་པ་ལྟ་བུར་སྤྱོད།། མཁས་པ་དམ་པའི་ཆོས་དག་ལ།། མཚན ་མོའི་ནད་པ་བཞིན་དུ་སྤྱོད།། ཇི་ལྟར་ཁྱིམ་ནི་ལེགས་གཡོགས་པ།། མུན་པས་ཁེབས་པའི་ནང་ཞུགས་ན།། གཟུགས་རྣམས་ཡོད་པར་གྱུར་ཀྱང་ནི།། མིག་ལྡན་བཞིན་དུ་མི ་མཐོང་བ།། དེ་བཞིན་འདི་ན་རིགས་སྐྱེས་པའི།། མི་ནི་བློ་གྲོས་ལྡན་གྱུར་ཀྱང་།། སྡིག་པ་དང་ནི་དགེ་བའི་ཆོས།། མ་ཐོས་རབ་དུ་ཤེས་མི་འགྱུར།། མིག་ལྡན་མར་མེ་ཡོད་པ ་ཡི།། གཟུགས་རྣམས་མཐོང་བ་ཇི་ལྟ་བར།། དེ་བཞིན་དགེ་དང་དམ་པའི་ཆོས།། ཐོས་པས་ཆོས་རྣམས་རྣམ་པར་ཤེས།། ཐོས་པས་སྡིག་ལས་ལྡོག་པར་འགྱུར།། ཐོས་པས ་དོན་མེད་སྤོང་བར་བྱེད།། ཐོས་པས་མྱ་ངན་འདས་པ་ཐོབ།། གལ་ཏེ་ཐོས་པ་མང་གྱུར་ཀྱང་།། ཚུལ་ཁྲིམས་ལེགས་པར་མི་སྡོམ་ན།། དེ་ནི་ཚུལ་ཁྲིམས་ཕྱིར་སྨད་ཅིང་།། དེ་ཡི ་ཐོས་པ་ཕུན་སུམ་མིན།། གལ་ཏེ་ཐོས་པ་ཉུང་གྱུར་ཀྱང་།། ཚུལ་ཁྲིམས་ལེགས་པར་སྡོམ་བྱེད་ན།། དེ་ནི་ཚུལ་ཁྲིམས་ཕྱིར་སྔགས་ཡིན།། དེ་ཡི་ཐོས་པ་ཕུན་སུམ་འགྱུར།། གང་ཞིག ་ཐོས་པ་ཉུང་བ་དང་།། ཚུལ་ཁྲིམས་ལེགས་པར་མི་སྡོམ་པར།། དེ་ནི་གཉིས་ཀའི་ཕྱིར་སྨད་ཅིང་།། དེ་ཡི་བརྟུལ་ཞུགས་ཕུན་སུམ་མིན།། གང་ཞིག་མང་དུ་ཐོས་པ་དང་།། ཚུལ ་ཁྲིམས་ལེགས་པར་སྡོམ་བྱེད་པ།། དེ་ནི་གཉིས་ཀའི་ཕྱིར་སྔགས་ཤིང་།། དེ་ཡི་བརྟུལ་ཞུགས་ཕུན་སུམ་འགྱུར།། ཐོས་པ་མང་ཞིང་ཆོས་འཛིན་དང་།། ཤེས་རབ་ལྡན་ཞིང་མཉམ ་བཞག་པ།། དེ་དག་སུས་ཀྱང་སྨད་འོས་མིན།། འཛམ་བུ་གླིང་གི་གསེར་རྒྱན་བཞིན།། གང་ཞིག་གཟུགས་ཀྱི་རྗེས་དཔོག་ཅིང་།། ནང་ལ་སྒྲ་ཡི་མཇལ་བྱེད་པ།། མདུན་པའི་འདོད ་ཆགས་ལྡན་པ་ཡིན།། སྐྱེ་བོ་དེ་ཡིང་མི་ཤེས།། གལ་ཏེ་ནང་གི་རྣམ་ཤེས་ཤིང་།། ཕྱི་རོལ་མཐོང་བར་མ་གྱུར་ན།། ནང་གི་འབྲས་བུ་མཐོང་བ་གང་།། དེ་ནི་སྒྲ་ཡི་དྲང་དུ་རུང་།། གལ ་ཏེ་ཕྱི་རོལ་མཐོང་གྱུར་ཅིང་།། ནང་གི་ཤེས་པ་མ་གྱུར་ན།། ཕྱི་རོལ་འབྲས་བུ་མཐོང་བ་གང་།། དེ་ནི་སྒྲ་ཡི་དྲུང་དུ་རུང་།། གལ་ཏེ་ནང་ཡང་མི་ཤེས་ཤིང་།། ཕྱི་རོལ་མཐོང་བ་ར ་གྱུར་ན།། བྱིས་པ་ཀུན་ནས་བསྒྲིབ་པ་དག། དེ་ནི་སྒྲ་ཡི་དྲུང་དུ་རུང་།། གལ་ཏེ་ནང་གི་རྣམ་ཤེས་ཤིང་།། ཕྱི་རོལ་དག་ཀྱང་མཐོང་གྱུར་པ།། བསྟན་ལ་ངེས་འབྱུང་ཤེས་རབ་ཅན། ་དེ་ནི་སྒྲ་ཡི་དྲུང་མི་རུང།། རྣབས་ཕལ་ཆེན་ཐོས་པ་དང་།། མིག་གི་མང་པོ་མཐོང་ན་ཡང་།། བསྟན་པ་མཐོང་ཐོས་དེ་ཀུན་གྱིས།། ཡིད་ཆེས་བྱ་བ་མི་རིག་སོ།། ་ལེགས་གསུངས་ཐོས་པ་སྙིང་པོར་ཤེས་པ་དང་།། ཏིང་ངེ་འཛིན་དག་སྙིང་པོར་ཤེས་གྱུར་ཀྱང་།། གང་ཞིག་བག་མེད་གླང་པོར་བྱེད་པ་དེའི།། ཐོས་དང་ཤེས་པ་དོན་ཆེན་མི་འགྱུར་རོ།། ་གང་ཞིག་འཕགས་པས་བསྟན་པའི་ཆོས་དགའ་ཞིང་།། དེ་བཞིན་ལུས་དང་ངག་གི་སྤྱོད་བྱེད་པ།། དེ་དག་བཟོད་ལྡན་འགྲོགས་དགའ་དབང་པོ་བསྡམས།། ཐོས་དང་ཤེས ་པའི་ཕ་རོལ་ཕྱིན་པ་ཐོབ། ཐོས་པའི་ཚོམས་ཏེ་ཉི་ཤུ་གཉིས་པའོ།། །། ལེགས་པར་གསུངས་ལ་བརླབ་བྱ་ཞིང་།། དགེ་སློང་ལ་ནི་བསྙེན་བཀུར་དང་།། དབེན་པ་དང ་ནི་བསྟན་ཅིག་དང་། སེམས་ནི་ཉེ་བར་ཞི་བར་བྱ།། བསྟན་ཅིག་པ་དང་དབེན་པ་དང་།། གཅིག་པུ་སྙོམས་ལས་མེད་སྤྱོད་ཅིང་།། གཅིག་པུ་ནགས་ཚལ་གནས་པ་དང་།། གཅིག ་པོས་བདག་ཉིད་གདུལ་བར་བྱ།། གང་ཞིག་སྟོང་ཕྲག་སྟོང་དག་གི། དེ་ཡི་གཡུལ་ལས་རྒྱལ་བ་ལས།། གང་ཞིག་བདག་ལས་རྒྱལ་བྱེད་པ།། དེ་ནི་མི་ཡུལ་གཡུལ་ལས ་རྒྱལ།། རྟག་དུ་སྡོམ་པ་སྤྱོད་པ་ཡི།། མི་ཡི་བདག་བརྟུལ་ཅིག་པུ་ཡིས།། བདག་ཉིད་ལས་རྒྱལ་མཆོག་ཡིན་གྱི།། སྐྱེ་དགུ་གཞན་ལྟ་འཕགས་པར་ཟད།། ཤེས་རབ ་ཀྱི་གནས་དགེ་སློང་གིས།། རྒྱལ་བར་བྱས་ལ་བདུད་དང་ནི།། ཚངས་པར་བཅས་པ་ཕམ་མི་ནུས།། ལྷ་ཡི་མ་ཡིན་དྲི་ཟ་མིན།། བདག་དང་རིགས་པར་གནས་བྱས་ནས།། ་ཕྱིས་ནས་གཞན་དག་བདག་ཉིད་བཞིན་འདུལ་བར་བྱ།། བདག་ཉིད་དང་པོར་རིགས་པར་གནས་བྱས་ནས།། བྱི་དུས་དུས་ཆེ་མཁས་པ་ཉོན་མི་སོངས།། བདག་ལ་ཇི ་ལྟར་བྱས་པ་བཞིན།། གཞན་དག་ལ་ཡང་དེ་ལྟར་བྱ།། བདག་ཉིད་དུལ་ཞིང་བཞི་པ་དང་།། གཞན་བདག་བདེ་བར་བརྟུལ་བར་བྱ།། བདག་ལ་ཇི་ལྟར་བྱས་པ་བཞིན།། གཞན ་དག་ལ་ཡང་དེ་ལྟར་བྱ།། ཀྱེ་མ་བདག་རང་འདུལ་བ་བཞིན།། བདག་ཉིད་དུལ་བས་དགའ་བར་འགྱུར།། བདག་གི་དོན་ཕྱིར་གཞན་དོན་ནི།། མང་པོ་དག་ཀྱང་བཏང་བར་བྱ། ་བདག་དོན་ཕྱེད་ཆེར་ཤེས་གྱུར་ན།། རང་གི་དོན་གྱི་མཆོག་དུ་གྱུར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གིས ་མགོན་གྱུར་པའི།། མཁས་པས་དོན་རྣམས་ཐོབ་པར་འགྱུར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར ་པའིམཁས་པས་ཆོས་རྣམས་ཐོབ་པར་འགྱུར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པའི།། མཁ ་བ་གྲགས་པ་ཐོབ་པར་འགྱུར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པའི།། མཁས་པས་བདེ་བ ་ཟབ་པར་འགྲུལ་པ་བདས་ཉིད་ངདག་གི་མ་ནན་མེ་གྱི།། ན་གསུ་ནིག་པ་དུ་བྱ། བ་ཞིད་བདགགི་ཡོན་བྱུང་བལ།། མངསམས་པ་འམ་པར ་བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པས།། ཡུན་རིངས་མཁས་པ་དགའ ་བར་འགྱུར།། བདག་ཉིད་བདག་གི་མགོན་ཡིན་གྱིས།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པ།། གཉེན་གྱི་ནང་ན་ལམ་མེར་འབར།། ་བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པ།། མྱ་ངན་ནང་ན་གདུང་མི་འགྱུར།། བདག་ཉིད་བདག་གི ་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་འགྱུར་བས།། འཆིང་བ་ཐམས་ཅད་གཅོད་པར་འགྱུར།། བདག་ཉིད་བདག་གི་མགོན ་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་འགྱུར་པས།། ངན་འགྲོ་ཐམས་ཅད་སྤོང་བར་འགྱུར།། བདག་ཉིད་བདག་གི་མགོན་ཡིན ་གྱི་གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པས།། སྡུག་བསྔལ་ཀུན་ལས་རབ་དུ་ཐར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན ་ལྷ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པས།། བདག་ཉིད་མགོན་དུ་འགྱུར་བ་ཐོབ།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པ།། མྱ་ངན་འདས་ཉིད་ཉེ་བར་འགྱུར།། བདག་གི་ཚོམས་ཏེ་ཉི་ཤུ་གསུམ་པའོ།། །། གང་དག་དོན་དང་མི་ལྡན་ཚིག། ཚིགས ་བཅད་བརྒྱ་དག་སྨྲ་བ་བས།། གང་དག་ཉེ་བར་ཞི་གྱུར་པའི།། དོན་ལྡན་ཚིག་གཅིག་ཐོས་པ་རུང་།། གང་དག་ཆོས་དང་མི་ལྡན་ཚིག། ཚིགས་གཅད་བརྒྱ་དག་སླུ་བ་བས།། གང་དག ་ཉེ་བར་ཞི་གྱུར་པའི།། ཚེས་ལྡན་ཚིག་གཅིག་ཐོས་པ་ཉུང་།། ཚུལ་འཆལ་མཉམ་པར་མ་གཞག་པ།། ལོ་བརྒྱར་གསོན་པ་གང་ཡིན་པ།། ཚུལ་ཁྲིམས་ལྡན་ཞིང་མཉམ་བཞག ་པ་ཉིན་ཞག་དགའ་ཞིང་གསོན་པ་རུང་།། བརྩོན་མེད་ལེ་ལོ་ལྡན་པ་དག། ལོ་བརྒྱར་གསོན་པར་གང་ཡིན་པས།། བརྩོན་འགྲུས་བརྟན་པ་བརྩམས་པ་དག། ཉིན་ཞག་འགའ ་ཞིག་གསོན་པ་རུང་།། ཤེར་འཆལ་མཉམ་པར་མ་བཞག་པ།། ལོ་བརྒྱར་གསོན་པ་གང་ཡིན་པ།། ཤེས་རབ་འཆལ་པོས་མཉམ་བཞག་པ།། ཉིན་ཞག་འགའ་ཞིག ་གསོན་པ་རུང་།། སྐྱེ་དང་འཇིག་པ་མ་མཐོང་བ།། ལོ་བརྒྱར་གསོན་པ་གང་ཡིན་པས།། སྐྱེ་དང་འཇིག་པ་མཐོང་བ་དག། ཉིན་ཞག་འགའ་ཞིག་གསོན་པ་རུང་།། ཚོར་བ ་ཟད་པ་མ་མཐོང་བ།། ལོ་བརྒྱར་གསོན་པ་གང་ཡིན་པས།། ཚོར་བ་ཟད་པར་མཐོང་བ་དག། ཉིན་ཞག་འགའ་ཞིག་གསོན་པ་རུང་།། ཟག་པ་ཟད་པ་མ་མཐོང་བ། ་ལོ་བརྒྱར་གསོན་པ་གང་ཡིན་པས།། ཟག་པ་ཟད་པ་མཐོང་བ་དག། ཉིན་ཞག་འགའ་ཞིག་གསོན་པ་རུང་།། གོ་འཕངས་མི་གཡོ་མ་མཐོང་བ།། ལོ་བརྒྱང་གསོན་པ་གང ་ཡིན་པས།། གོ་འཕང་མི་གཡོ་མཐོང་བ་དག། ཉིན་ཞག་འགའ་ཞིག་གསོན་པ་རུང་།། གོ་འབང་ལྟ་དཀའ་མ་མཐོང་བ།། ལོ་བརྒྱར་གསོན་པ་གང་ཡིན་པ།། གོ་འཕངས ་མཐོང་པོ་མཐོང་བ་དང་།། ཉིན་ཞག་འགའ་ཞིག་གསོན་པ་རུང་།། གོ་འཕང་དམ་པ་མཐོང་བྱ།། ལོ་བརྒྱར་གསོན་པ་གང་ཡིན་པས།། གོ་འཕང་དམ ་པ་མཐོང་བ་དག། ཉིན་ཞག་འགའ་ཞིག་གསོན་པ་རུང་།། འཆི་མེད་གོ་འཕང་མ་ཐོབ་པ།། ལོ་བརྒྱར་གསོན་པ་གང་ཡིན་པས།། འཆི་མེད་གོ་འཕང་མཐོང་བ་དག། ཉིན ་ཞག་འགའ་ཞིག་གསོན་པ་རུང་།། བདུད་རྩི་གོ་འཕང་མ་མཐོང་བ།། ལོ་བརྒྱར་གསོན་པ་གང་ཡིན་པས།། བདུད་རྩིའི་གོ་འཕང་མཐོང་བ་དག། ཉིན་ཞག་འགའ་ཞིག ་གསོན་པ་རུང་།། སྔལ་མེད་གོ་འཕང་མ་མཐོང་བ།། ལོ་བརྒྱར་གསོན་པ་གང་ཡིན་པས།། རྡུལ་མེད་གོ་འཕང་མཐོང་བ་དག། ཉིན་ཞག་འགའ་ཞིག་གསོན་པ་རུང་། ་རྡུལ་བྲལ་གོ་འཕངས་མ་མཐོང་བ།། ལོ་བརྒྱར་གསོན་པ་གོ་ཡིན་པས།། རྡུལ་བྲ་གོ་འཕང་མཐོང་བ་དག། ཉིན་ཞག་འགའ་ཞིག་གསོན་པ་རུང་།། མི་ནི་ལོ་བརྒྱར ་ནགས་ཚལ་ན།། མེ་ལ་ཡོངས་རྟེན་གང་ཡིན་དང་།། བདག་ཉིད་སྒོམ་པ་ལ་ཡུད་ཙམ་ཞིག། མཆོད་པ་བྱེད་པ་གང་ཡིན་པས།། མཆོད་བྱེད་དེ་ཉིད་ཆེས་རུང་གི།། ལོ ་བརྒྱར་སྦྱིན་བསྲེག་བྱེད་མི་རུང་།། ཟླ་བ་རེ་རེར་ཀུ་ཤའི་རྩེས།། ཁ་ཟས་ཟ་བ་གང་ཡིན་དེས།། སངས་རྒྱས་ལ་ནི་དད་པ་ཡི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཟླ་བ་རེ་རེར ་ཀུ་ཀའི་རྗེས།། ཁ་ཟས་ཟ་བ་གང་ཡིན་དེས།། དམ་པའི་ཆོས་ལ་དད་པ་ཡི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། རྫ་བ་རེ་རེ་ཀུ་ཤའི་ཅེས།། འབས་ཟབ་གང་ཡིན་དེས།། ་དགེ་འདུན་ལ་ནི་དད་པ་ཡི།། བཅུ་དྲུག་ཆར་ཡང་མི་འོད་དོ།། ཟླ་བ་རེ་རེར་ཀུ་ཤའི་རྩེས།། ཁ་ཟས་ཟ་བ་གང་ཡིན་དེས།། དམ་པའི་ཆོས་ལ་དད་པ་ཡིག་ས་བཅུ་དྲུག་ཆར་ཡང་མི ་ཕོད་དོ།། ཟླ་བ་རེ་རེར་ཀུ་ཤའི་རྩེ་སན་ཁ་ཟས་ཟ་བ་གང་ཡིན་དེས།། དགེ་འདུན་ལ་ནི་དད་པ་ཡི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཟླ་བ་རེ་རེར་ཀུ་ཤའི་རྩེས། ཁ་ཟས ་བ་གང་ཡིན་དེས། སེམས་ཅན་རྣམས་ལ་སྙིང་རྩེ་བ།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཟླ་བ་རེ་རེར་ཀུ་ཤའི་རྩེས།། ཁ་ཟས་ཟ་བ་གང་ཡིན་དེས།། སྲོག་ཆགས་རྣམས ་ལ་སྙིང་རྩེ་བས།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཟླ་བ་རེ་རེར་ཀུ་ཤའི་རྩེས།། ཁ་ཟས་ཟ་བ་གང་ཡིན་དེས།། འབྱུང་པོ་རྣམས་ལ་སྙིང་རྩེ་བའི།། བཅུ་དྲུག་ཆར་ཡང་མི ་ཕོད་དོ།། ཟླ་བ་རེ་རེར་ཀུ་ཤའི་རྩེས།། ཁ་ཟས་ཟ་བ་གང་ཡིན་དེས།། བྱམས་པ་སེམས་པར་བྱེད་པ་ཡི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཟླ་བ་རེ་རེར་ཀུ་ཤའི་རྩེས། ་ཁ་ཟས་ཟ་བ་གང་ཡིན་དེས།། ལེགས་པར་གསུངས་པའི་དམ་ཆོས་ཀྱི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཟླ་བ་རེ་རེར་མཆོད་སྦྱིན་གཏོང་།། ལོ་བརྒྱར་བྱེད་པ་གང་ཡིན ་དེས།། སངས་རྒྱས་ལ་ནི་དད་པ་ཡི།། བཅུ་དྲུག་ཆར་ཡང་མི་བོད་དོ།། ཟླ་བ་རེ་རེར་མཆོད་སྦྱིན་གཏོང་།། ལོ་བརྒྱར་བྱེད་པ་གང་ཡིན་དེར།། དམ་པའི་ཆོས་ལ་དད་པ ་ཡི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཐ་བ་རེ་རིར་མཆོད་སྤྱིར་གཏོང་།། ལོ་བརྒྱར་བྱེད་པ་གང་ཡིན་དེས།། དགེ་འདུན་ལ་ཡང་དད་པ་ཡི།། བཅུ་དྲུག་ཆར་ཡང་མི་བད།། ་ཟླ་བ་རེ་རེར་མཆོད་སྦྱིན་གཏོང་།། ལོ་བརྒྱར་བྱེད་པ་གང་ཡིན་དེས།། སེམས་ཅན་རྣམས་ལ་སྙིང་རྩེ་བའི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཟླ་བ་རེ ་རེར་མཆོད་སྦྱིན་གཏོང་།། ལོ་བརྒྱར་མཆོད་པ་གང་ཡིན་དེས།། སྲོག་ཆགས་རྣམས་ལ་སྙིང་རྩེ་བའི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཟླ་བ་རེ་རེར་མཆོད་སྦྱིན་གཏོང་།། ལོ ་བྱེད་པ་གང་ཡིན་དེས།། འབྱུང་པོ་རྣམས་ལ་སྙིང་རྩེ་བའི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཟླ་བ་རེ་རེར་མཆོད་སྦྱིན་གཏོང་།། ལོ་བརྒྱར་བྱེད་པ་གང་ཡིན་དེས།། བྱམ ་པ་སེམས་པར་བྱེད་པ་ཡིན།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཟླ་བ་རེ་རེར་མཆོད་སྦྱིན་གཏོང་།། ལོ་བརྒྱར་བྱེད་པ་གང་ཡིན་དེས།། ལེགས་པར་གསུངས་པའི་དམ་ཆོས་ཀྱི ་བཅུ་དྲུག་ཆར་ཡང་མི་ཕོད་དོ།། བསོད་ནམས་འདོད་པའི་མི་ཡི་འཇིག་རྟེན་དུ།། སྦྱིན་བསྲེག་མཆོད་སྦྱིན་ཆུང་ཟད་ཅིག་བྱས་ཏེ།། གང་ཞིག་དྲང་པོའི་སེམས་ཀྱིས་ཕྱག་འཚལ ་བ། དེ་ཡི་བརྒྱ་ཡི་ཆར་ཡང་མི་ཕོད་དོ།། བསྒྲེ་བའི་ཚོམས་ཏེ་ཉི་ཤུ་བཞི་པའོ།། ། ་ཆེད་དུ་བརྗོད་པའི་ཚོམས་བམ་པོ་གསུམ་པ།། དད་པ་མེད་ཅིང་འཛུངས་པ་དང་།། དབྱེན་བྱེད་ཕྲམ་ཅན་དག་དང་།། མཁས་པས་ཤེས་པར་མི་བྱ་ཞིང་།། ་སྡིག་ཅན་མི་དང་འགྲོགས་མི་བྱ།། དད་ལྡན་སྙན་པར་སྨྲ་བ་དང་།། ཐོས་མང་ཚུལ་ཁྲིམས་ལྡན་པ་དང་།། མཁས་པ་ཡི་ནི་འཛའ་བྱ་ཞིང་།། མི་མཆོག་དག་དང་འགྲོགས ་པར་བྱ།། སྡིག་པའི་གྲོགས་པོ་མི་རྟེན་ཅིང་།། སྐྱེས་བུ་ངན་པ་རྟེན་མི་བྱ།། དགེ་བའི་བཤེས་གཉེན་ནེན་བྱ་ཞིང་།། སྐྱེས་བུ་དམ་པ་བསྟེན་པ་བྱ།། དེ་ལྟ་བུ་དག་བསྟེན་བྱས། ་ན། སྡིག་པར་མི་འགྱུར་ལེགས་པར་འགྱུར།། གང་དག་ཐོས་མང་གནས་མང་སེམས་པ་དང་།། དང་དང་ཤེས་རབ་ལྡན་དེ་མི་ཡི་བསྟེན།། འདིར་ནི་དེ་ཡི་ལེགས་སྨྲ་མཉན ་བྱས་ན།། རིང་པོ་ནས་ཀྱང་ཁྱད་པར་མཐོང་བར་འགྱུར།། དམན་པ་རྟེན་པས་མི་དག་ཉམས་འགྱུར་ཞིང་།། ཐད་ཀར་བབ་པ་བསྟེན་པས་སོ་ན་གནས།། གཙོ་བོ་རྟེན་པས ་དམ་པ་ཐོབ་འགྱུར་པ།། དེ་ཕྱིར་བདག་པས་གཙོ་གྱུར་བསྟེན་པར་བྱ།། ཚུལ་ཁྲིམས་ཉེ་བར་ཞི་བ་དང་།། ཤེས་རབ་ཆེས་ཆོག་ལྡན་པ་ཡི།། གཙོ་བོ་གང་ཡིན་དེ་རྟེན་ན།། ་གཙོ་བོ་བས་ཆེས་གཙོར་འགྱུར་བ།། མི་ཡི་འདི་ན་ཉ་རུལ་ལ།། ཀུ་ཤའི་བསད་བྱེད་བཅིངས་པ་གང་།། ཀུ་ཤ་ཉིད་ཀྱང་རུལ་འགྱུར་བ།། སྡིག་པ་རྟེན་པ་འང་དེ་བཞིན ་འགྱུར།། མི་ཡི་རྒྱ་སྤོས་པ་ལ་ཤའི།། ལོ་མར་ཕུར་མ་བྱས་པ་གང་།། ལོ་མ་ཉིད་ཀྱང་དྲི་ཞིམ་པ།། དམ་པ་རྟེན་པ་འང་དེ་བཞིན་འགྱུར།། གལ་ཏེ་སྡིག་པ་བྱེད་པ ་དག། སྡིག་མི་བྱེད་པས་བསྟེན་གྱུར་ན།། སྡིག་པ་བྱེད་པར་དོགས་སྐྱེ་ཞིང་།། མི་སྙན་པ་ཡང་འཕེལ་བར་འགྱུར།། རྟེན་བྱ་མ་ཡིན་རྟེན་པའི་མི།། དེ་ཡི་སྐྱོན་གྱི་སྐྱོན་ཅན ་འགྱུར།། དོང་བར་དུག་སྐུས་མདའ་བཅུག་པས།། དུག་མ་སྨྲས་པའང་གོས་པ་བཞིན།། བསྟན་ལ་སྤྱོར་འགོས་འཇིགས་པ་དག། སྡིག་པ་ཅན་དང་ཤེས་མི་བྱ། ་ཇི་ལྟར་གྲོགས་པོ་རྟེན་པ་དང་།། ཇི་ལྟར་ཉེ་བར་བསྟེན་བྱས་པ།། རྟེན་བྱ་དེ་ནི་ཅི་འདྲ་བར།། རིང་པོ་མི་ཐོགས་དེ་འདྲར་འགྱུར།། དེ་བས་འབྲས ་བུའི་སྣོད་བཞིན་དུ།། བདག་གིས་སྐྱེན་པ་ཤེས་པ་ཡིས།། དམ་པ་མ་ཡིན་མི་བསྟེན་ཅིང་།། མཁས་པས་དམ་པ་བསྟེན་བྱས་ལ།། དགེ་སློང་དེ་ཡི་རྗེས་འབྲང་ན།། སྡུག་བསྔལ ་ཟད་པ་ཐོབ་པར་འགྱུར།། བྱིས་པ་ཇི་སྲིད་བསོན་པར་དུ།། གལ་ཏེ་མཁས་པས་བསྟེན་བྱས་ཀྱང་།། དེ་ཡི་ཆོས་ཤེས་མི་འགྱུར་ཏེ།། བཟར་བུའི་ཚོང་མའི་རོ་བཞིན་ནོ།། ཤེས ་རབ་ལྡན་པས་ཡུད་ཙམ་ཞིག། མཁས་པ་ཉེ་བར་བསྟེན་པས་ཀྱང་།། དེ་ཡི་ཆོས་རྣམས་ཤེས་གྱུར་ཏེ།། ལྕེ་ཡི་ཚོད་མའི་རོ་བཞིན་ནོ།། བྱིས་པ་ཇི་སྲིད་བསོན་པར་དུ།། གལ་ཏེ ་མཁས་པས་བསྟེན་བྱས་ཀྱང་།། དེ་ལ་མིག་ནི་མེད་པའི་ཕྱིར།། ཆོས་རྣམས་ཤེས་པར་མི་འགྱུར་རོ།། ཤེས་རབ་ལྡན་པས་ཡུད་ཙམ་ཞིག། མཁས་པས་ཉེ་བར་བསྟེན་པས་ཀྱང་།། ་དེ་ལ་མིག་ནི་ཡོད་པའི་ཕྱིར།། ཆོས་རྣམས་ཤེས་པར་མི་འགྱུར་རོ།། ཤེས་རབ་ལྡན་པས་ཡུད་ཙམ་ཞིག། མཁས་པས་ཉེ་བར་བསྟེན་པས་ཀྱང་།། དེ་ལ་མིག་ནི་ཡོད་པའི་ཕྱིར།། ཆོས ་རྣམས་རབ་དུ་ཤེས་པར་འགྱུར།། བྱིས་པ་ཇི་སྲིད་གསོན་པར་དུ།། གལ་ཏེ་མཁས་པ་བསྟེན་བྱས་ཀྱང་།། རྫོགས་སངས་རྒྱས་ཀྱི་བསྟན་པ་ཡི།། ཆོས་རྣམས་དེ་ཡི་ཤེས་མི་འགྱུར།། ་ཤེས་རབ་ལྡན་པས་ཡུད་ཙམ་ཞིག། མཁས་པས་ཉེ་བར་བསྟེན་པས་ཀྱང་།། རྫོགས་སངས་རྒྱས་ཀྱི་བསྟན་པ་ཡི།། ཆོས་རྣམས་དེ་ཡི་ཤེས་པར་འགྱུར།། དོན་ལྡན་ཚིག་ནི་གཅིག ་གིས་ཀྱང་།། མཁས་པ་ཡི་ནི་བྱ་བ་བྱེད།། སངས་རྒྱས་ཀུན་གྱི་གསུངས་གིས་ཀྱང་།། བྱིས་པའི་བྱེད་པར་མི་འགྱུར་རོ།། བློ་དང་ལྡན་པ་ཚིག་གཅིག་གིས།། ཚིག་བརྒྱ་དག ་ནི་ཤེས་པར་འགྱུར།། བྱིས་པ་ལ་ནི་ཚིག་སྟོང་གིས།། ཚིག་གཅིག་ཤེས་པར་མི་འགྱུརརོ།། ཉིས་ན་མཁས་དང་མི་འཛའ་སླའི།། བྱིས་པ་རྣམས་དང་འཛའ་མི་རུང་།། བྱིས ་པ་རྣམས་དང་འཛའ་བྱེད་པ།། སེམས་ཅན་དམྱལ་བར་ཁྲིད་པར་བྱེད།། བྱིས་པ་གང་ཞིག་བྱིས་པ་ཞེས།། ཤེས་པ་དེ་འདིར་མཁས་པ་ཡིན།། བྱིས་པ་གང་ཞིག་མཁས་སེམས ་པ།། དེ་ནི་བྱིས་པར་ཞེས་བརྗོད་དོ།། བྱིས་པ་སྡང་བ་གང་ཡིན་དང་།། མཁས་པས་སྨད་པ་གང་ཡིན་ལས།། མཁས་པས་སྨད་པ་ཆེས་རུང་གི།། བྱིས་པས་བསྟོད་པ་མི་རུང་།། ། ་བྱིས་པ་སྟེན་ན་སྡུག་བསྔལ་ཞིང་།། རྣམ་པ་ཀུན་དུ་དགྲ་འདྲ་བས།། བྱིས་པ་མི་ཐོས་མི་མཐོང་ཞིང་།། མ་བསྟེན་གྱུར་པ་ཉིད་རུང་ངོ་།། གཉེན་དང་ཕྲད་པ་ཇི་ལྟ་བར།། བསྟན ་པསྟེན་ན་བདེ་བར་འགྱུར།། དེ་བས་རྒྱུ་སྐར་ལམ་དུ་ཟླ་བ་ལྟར།། བརྟན་ཞིང་ཐོས་མང་མཆོག་འདྲེན་བྱེད་པ་དང་།། ཚུལ་ཁྲིམས་ལྡན་དང་འཕགས་པའི་བརྟུལ་ཞགས་ཅན།། ་མི་མཆོག་རྩེ་ལྡན་བློ་བཟང་བསྟེན་པར་གྱི།། འཛའ་ཤེས་ཀྱི་ཚོམས་ཏེ་ཉི་ཤུ་ལྔ་པའོ།། ། རུས་སྦལ་རང་གི་ཁོག་པར་ཡན་ལག་ལྟར།། དགེ་སློང་ཡིད་ཀྱི་རྣམས་རྟོག ་ནང་བསྡུས་ནས།། རྟེན་པ་མེད་ཅིང་གཞན་ལ་འཚེ་བ་མེད།། མྱ་ངན་འདས་ལ་སུ་ཡང་སྨོན་མི་བྱེད།། བཟོད་པ་དཀའ་ཐུབ་མཆོག་སྟེ་བཟོད་པ་ནི།། མྱ་ངན་འདས་པ ་མཆོག་ཅེས་སངས་རྒྱས་གསུང་།། རབ་དུ་བྱུང་ནས་གཞན་ལ་འཚེ་བ་ནི།། གཞན་ལ་གནོད་པ་དགེ་སྦྱོང་མ་ཡིན་ནོ།། ཚིག་རྩུབ་ཅི་ཡང་སྒྲ་མི་བྱ།། སྨྲས་ན ་སླར་ཡང་སྨྲ་བར་བྱེད།། འཐབ་བཅུག་ཚིག་གི་སྡུག་བསྔལ་ཞིང་།། དེ་ལ་ཕྱིར་ཡང་ཆད་པ་ཆོད།། གལ་ཏེ་བདག་གི་ཕར་བྱས་ན།། མཁར་བའི་སྣོད་ལ་བརྡུངས་པ་བཞིན།། འཁོར ་བར་སྐྱེ་དང་རྒ་བ་དག། ཡུན་རིངས་བར་དུ་ཉམས་སུ་མྱོང་།། བདག་གི་བར་ནི་མ་བྱས་པའི།། མཁར་བའི་སྣོད་ལ་མ་བརྡུངས་ལྟར།། འདི་ལྟར་འཐབ་མོ་མི་འབྱུང་ཞིང་།། ་མྱ་ངན་འདས་པ་ཐོབ་པར་འགྱུར།། ནད་མེད་རྙེད་པའི་དམ་པ་སྟེ།། ཆོག་ཤེས་པ་ནི་ནོར་གྱི་དབྱིག། ཡིད་བཅུགས་བཤེས་པའི་མཆོག་ཡིན་ཏེ། མྱ་ངན་ལས་འདས་པ ་བདེ་བའི་ཕུལ།། འདུ་བྱེད་སྡུག་བསྔལ་མ་རུངས་པ།། ནད་ཀྱི་ནང་ན་བཀྲེས་མི་ཟད།། དེ་ལྟར་ཇི་བཞིན་ཤེས་ན་ནི།། མྱ་ངན་འདས་པ་མཆོག་དུ་འགྱུར།། འདི་འགྲོ་འགྲོ་བ ་ཉུང་ཟད་ཅིང་།། ངན་པར་འགྲོ་བ་བསམ་ཡས་ཤིང་།། དེ་ལྟའི་ཉེས་དམིགས་རྟོགས་གྱུར་ན།། མྱུར་དུ་མྱ་ངན་འདས་པ་ཐོབ།། བདེ་འགྲོར་འགྲོ་བ་རྒྱུ་དང་ལྡན་མྱ་ངན་འདས ་འགྲོ་རྒྱུ་ཅན་དེ།། དེ་དག་ཐམས་ཅད་རྒྱུ་དང་བཅས།། ནགས་ཚལ་མཆོག་དུ་རི་དགས་འགྲོ།། མཁའ་ལ་བྱ་རྣམས་འགྲོ་བར་བྱེད།། ཆོས་ལ་རྣམ་པར་སྒོམ་འགྲོ་སྟེ།། དགྲ ་བཅོམ་མྱ་ངན་འདས་པར་འགྲོ།། འདི་ན་བརྩོན་འགྲུས་ཞན་པ་དང་།། བློ་ཆུང་ཤེས་པ་མེད་པ་ཡི།། མདུད་པ་ཐམས་ཅད་རབ་བཏུབས་པའི།། མྱ་ངན་འདས་པ་ཐོབ་མི་འགྱུར།། ་བཅས། ངན་འགྲོར་འགྲོ་བ་རྒྱུད་དང ་ཁྱོད་ཀྱི་གྲུ་འདིའི་ཆུ་ཕྱགས་དང་།། འདི་ནི་ཡང་བར་འགྱུར་བ་ལྟ།། དེ་བཞིན་ཞེ་སྡངས་འདོད་ཆགས་སྤོངས།། དེ་ནས་མྱ་ངན་འདས་པ་ཐོབ།། སྔོན་ཆད་བྱུང་བ་མི་འབྱུང་བ།། ་མ་བྱུང་བ་དག་འབྱུང་བར་འགྱུར།། མ་བྱུང་འབྱུང་བར་མི་འགྱུར་ལ།། ད་ལྟར་འབྱུང་བའང་ཡོད་མ་ཡིན།། ལྟར་དགའ་མཐའ་མེད་བདེར་མི་མཐོང་།། བདེན་པར་རབ་རྟོགས ་ཤེས་རབ་དང་།། སྲེད་དང་དགའ་བ་མེད་མཐོང་བ།། འདི་འདྲ་འདི་ནི་སྡུག་བསྔལ་མཐའ།། སྲེད་པ་རྣམས་ནི་བཅང་བ་དང་།། འདོད་ཆགས་རབ་དུ་སྤངས་པ་དང་།། མཚོ་སྐམས ་ནས་ནི་མི་འབབ་པ།། འདི་འདྲ་འདི་ནི་སྡུག་བསྔལ་མཐའ།། གཟུགས་སྤངས་ཚོར་བ་རྒྱུན་བཅད་ཅིང་།། འདུ་ཤེས་འགགས་ཤིང་འདུ་བྱེད་ཞི།། རྣམ་པར་ཤེས་པ་ནུབ་གྱུར་བ།། ་འདི་འདྲ་འདི་ནི་སྡུག་བསྔལ་མཐའ།། ལྟ་བས་མཐོང་བར་གྱུར་ཙམ་དང་།། ཉན་པས་ཐོས་པར་འགྱུར་བ་ཙམ།། རྟོག་པར་བྱེད་པས་རྟོགས་ཙམ་དང་།། རྣམ་པར་ཤེས་པས ་རྣམ་ཤེས་ཅན།། འདི་འདྲ་འདི་ནི་སྡུག་བསྔལ་མཐའ།། འདི་དང་གདུངས་རབ་དུ་གདུངས།། འདི་འདྲ་འདི་ནི་སྡུག་བསྔལ་མཐའ།། མར་མེ་མ་དགའ་རབ་ཞི་དང་།། ཀུན་དུ་འདོད ་ཆགས་བྲལ་གྱུར་པ།། འདི་འདྲ་འདི་ནི་སྡུག་བསྔལ་མཐའ།། རྟེན་པ་ཡོད་པས་སྤྱོད་པར་འགྱུརརོ།། སྤྱོད་པ་ཡོད་པས་གཞོལ་བར་འགྱུར་རོ།། གཞོལ་བ་ཡོད་པས་ཤིན་དུ་མ ་སྦྱངས་པར་འགྱུར་རོ།། ཤིན་ཏུམ་སྦྱངས་པ་ཡོད་པས།། འགྲོ་བ་དང་འོང་བར་འགྱུར་རོ།། འགྲོ་བ་དང་འོང་བ་ཡོད་པས།། གཞན་དུ་ཤི་འཕོ་ལེན་པར་འགྱུར་རོ།། གཞན ་དུ་ཤི་འཕེ་བླངས་པས།། འདི་ལྟ་གཞན་དུ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་།། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག ་བསྔལ་བ་དང་།། ཡིད་མི་བདེ་བ་དང་། འཁྲུག་པ་འབྱུང་ཞིང་འདི་ལྟར་སྡུག་བསྔལ་ཕུང་པོ་ཆེར་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ།། རྟེན་པ་མེད་པས་སྤྱོད་པ་མེད་པར ་འགྱུར་རོ།། སྤྱོད་པ་མེད་པས་གཞོལ་བར་མི་འགྱུར་རོ།། གཞོལ་བར་མི་གྱུར་པས།། ཤིང་དུ་སྦྱངས་པར་འགྱུར་རོ།། ཤིན་དུ་སྦྱངས་པས། འགྲོ་བ་དང་། འོང་བར ་མི་འགྱུར་རོ།། འགྲོ་བ་དང་འོང་བ་མེད་པས། གཞན་དུ་འཆི་འཕོ་ལེན་པ་མེད་པར་འགྱུར་རོ།། གཞན་དུ་འཆི་འཕོ་ལེན་པ་མེད་པས།། འདི་ལྟར་གཞན་དུ་སྐྱེ་བ་དང་།། ་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་།། སྡུག་བསྔལ་བ་དང་།། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཞིང ་འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་དག་འགག་པར་འགྱུར་རོ།། དགེ་སློང་དག་མ་སྐྱེས་པ་དང་།། མ་འབྱུང་བ་དང་།། མ་བཅོས་པ་དང་། ་འདུས་མ་བྱས་པ་དང་།། མི་འབྱུང་བ་ཡོད་དོ།། སྐྱེ་བ་དང་། འབྱུང་བ་དང་། བཅོས་མ་དང་། སེམས་པས་བྱས་པ་དང་། འདུ་བྱས་དང་། རྟེན་ཅིང་འབྲེལ་པར་འབྱུང ་བ་ཡོད་དོ།། དགེ་སློང་དག་གལ་ཏེ་མ་སྐྱེས་པ་དང་།། མ་བྱུང་བ་དང་།། མ་བཅོས་པ་དང་། འདུས་བྱས་དང་། མི་འབྱུང་བ་མེད་དུ་ཟིན་ན། སྐྱེ་བ་དང་། འབྱུང་བ་དང་། ་བཅོས་མ་དང་། འདུས་བྱས་པ་དང་།། སེམས་པས་བྱས་པ་དང་།། རྟེན་ཅིང་འབྲེལ་པར་འབྱུང་བའི་ངེས་པར་འབྱུང་བ་ཡོད་དོ།། ཞེས་ང་མི་སྨྲའོ།། དགེ་སློང་དག ་གང་གི་ཕྱིར་འདི་ནམ་སྐྱེས་པ་དང་།། མ་བྱུང་བ་དང་། མ་བཅོས་པ་དང་། འདུས་མ་བྱས་དང་།། མ་འབྱུང་ཡོད་པ་དེའི་ཕྱིར། སྐྱེ་བ་དང་། འབྱུང་བ་དང་། བཅོས་མ ་དང་། འདུས་བྱས་པ་དང་། སེམས་པས་བྱས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ངེས་པར་འབྱུང་བ་ཡོད་དོ་ཞེས་སྨྲའོ།། སྐྱེས་དང་འབྱུང་དང་འབྱུང་བ་དང་། ་བཅོས་དང་འདུ་བྱས་མི་རྟེན་ཞིང་། རྒ་དང་འཆི་དང་རྨོངས་པ་ཡི།། ཆོས་ཅན་རབ་དུ་འཇིག་འགྱུར་བ།། ཟས་ཀྱི་རྒྱུ་ལས་འབྱུང་བ་ཡི།། འཇིག་འགྱུར་འདི་ལ་དགའ ་མི་བྱང། དེ་ཡི་ངེས་པར་འབྱུང་བའི་བཞི། རྟོག་དང་དཔྱོད་དང་ཞི་བ་དང་། སྡུག་བསྔལ་ཆོས་རྣམས་འགག་པ་སྟེ། འདུ་བྱེད་ཉེ་བར་ཞི་བ་དང་། དགེ་སློང་དག་དེ་ནི ་གང་དུ་ཡང་གནས་པར་མི་འགྱུར་ཏེ། ས་ལ་མི་གནས་པར་མི་འགྱུར།། ཆུ་ལ་མ་ཡིན། མེ་ལ་མ་ཡིན། རླུང་ལ་མ་ཡིན། ནམ་མཁའ་ཐའ་ཡས་སྐྱེ་མཆེད་ལ་མ་ཡིན།། ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་མ་ཡིན།། ཅི་ཡང་མེད་པའི་སྐྱེ་མཆེད་ལ་མ་ཡིན། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་མ་ཡིན།། འཇིག་རྟེན་ཕ་རོལ ་ལ་མ་ཡིན། འཇིག་རྟེན་འདི་ལ་མ་ཡིན།། འཇིག་རྟེན་པ་རོལ་ལ་མ་ཡིན། ཉི་མ་དང་ཟླ་བ་གཉིས་ལ་གནས་པ་མ་ཡིན་ཏེ། འདི་ལ་དམིགས་པ་མེད་པར་མངོན་པར ་། ཤེས་སོ།། དགེ་སློང་དག་དེ་ལ་འགྲོ་བ་དང་འོང་བ་ཡོད་པར་མི་སྨྲ་ཏེ། གནས་པར་མ་ཡིན། འཆི་འཕོ་ཡོད་པར་མི་སྨྲས་སྟེ། གནས་མ་ཡིན་ནོ།། ། ་འཆི་འཕོ་ཡོད་པར་མི་སྨྲ་སྟེ། སྐྱེ་བར་ཡང་མ་ཡིན་པ་འདི་ལྟ་བུ་འདི་ནི་སྡུག་བསྔལ་གྱི་མཐའ་ཡིན་ནོ།། ས་དང་ཆུ་དང་མེ་དང་རླུང་།། གང་ལ་གནས་པ་མ་ཡིན་པ། དེ་ལ་དཀར ་པོས་གསལ་མི་བྱེད། དེ་ལ་མུན་པ་འང་ཡོད་མ་ཡིན། དེ་ལ་ཟླ་བས་སྣང་མི་བྱེད།། དེ་ལ་ཟླ་བས་སྣང་མི་བྱེད། དེ་ལ་ཉི་མས་སྔོན་མི་བྱེད།། ཐུབ་པ་བྲམ་ཟེ་གང་ཡིན་པ།། ་དེས་ནི་རང་གི་རིག་པ་ཡིན། དེ་ནི་གཟུགས་དང་གཟུགས་མེད་དང་། སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ།། མཐར་ཕྱིན་འཇིགས་པ་མེད་པ་སྟེ།། རློམ་མེད་འགྱོད་པ ་མེད་པ་ཡིན། སྲིད་པའི་ཟུག་རྔུ་བརྟགས་པ་སྟེ། ལུས་ཀྱི་ཐ་མར་གྱུར་པ་ཡིན།། འདི་ནི་མཐར་ཕྱིན་རྣམས་ཀྱི་མཆོག། ཞི་བའི་གོ་འཕང་བླ་མེད་པ།། མཚན་མ་ཐམ ་ཅད་ཟད་པ་སྟེ།། བྱང་གྲོལ་གོ་འཕང་འཆི་མེད་ཡིན།། མཚུངས་དང་མི་མཚུངས་བྱུང་བ་ཡི།། འདུ་བྱེད་ཐུབ་པས་རབ་དུ་སྤངས།། ནང་དུ་མཉམ་བཞག་དགའ་བ་ཡི།། ་སྒོ་ལྔའི་སྦུབས་ནི་བྲལ་ནས་བྱུང་།། སྦྱིན་ཀུན་ཆོས་ཀྱི་སྦྱིན་པས་ཐུབ། དགའ་ཀུན་ཆོས་ཀྱི་དགའ་བ་ཐུབ།། སྟོབས་ཀུན་བཟོད་པའི་སྟོབས་ཀྱི་ཐུབ།། མྱ་ངན་འདས ་པའི་ཚོམས་ཏེ་ཉི་ཤུ་དྲུག་པའོ།། །། བདག་ལས་གཞན་པའི་སྐྱོན་དག་ནི།། ཐུབ་པ་གཏོར་བ་ཇི་བཞིན་དུ།། གཞན་གྱི་སྐྱོན་མཐོང་སླ་བ་སྟེ།། རང་གི་སྐྱོན་ནི་མཐོང ་བར་དཀའ།། གཡོན་ཅན་ཆོས་ལོ་འཇོབ་ལྟར།། གཞན་གྱི་སྐྱོན་ལ་ལྟ་བྱེད་ཅིང་།། རྟག་དུ་བྱས་ལོང་འདུ་ཤེས་ཅན།། དེ་ཡི་རིང་དུ་ཆོས་མི་འཐོང་།། གཡོན་ཕྱོགས་ནི ་རབ་འཕེལ་བ།། སྤྱི་རྡོལ་བྱེད་ཅིང་འཕྲོག་རློམ་ཅན།། མི་གཙང་སྤྱོད་ལྡན་ཁབ་ལྟ་བུ།། ཤིན་ཏུ་ཉོན་མོངས་འཚོ་བ་ཅན།། ངོ་ཚ་མེད་པའི་འཚོ་བ་སླ།། རྟག་ཏུ་གཙང་མ་ཚོལ་བ་དང་།། ་ཐུབ་ཅོད་མི་བྱེད་འཛེམ་བག་ཅན།། འཚོ་བ་དག་པ་ལྟ་བ་ཡི།། ངོ་ཚ་ཤེས་པའི་འཚོ་བ་དཀའ།། འཇིག་རྟེན་མུན་པར་འདི་ཡིན་ཏེ། དེ་ལས་ལྷག་མཐོང་ལྡན་པ་ཉུང་།། རྒྱ་ལས ་ཤོར་བའི་བྱ་ལྟ་བུ།། མཐོ་རིས་ལ་དགའ་ཤས་ཙམ་ཞིག། བྱིས་པ་ལུས་ཀྱིས་བཅིང་གྱུར་པ།། མུན་པའི་འཁོར་གྱིས་བསྐོར་བ་ཡིན།། འཇིག་རྟེན་ལ་ནི་ཆགས་པ་དག། ་གཞན་རྫས་ལྟ་བུར་ལྟ་བར་བྱེད།། བདག་གི་སྐྱེ་དགུ་འདི་ཕྱུང་ཞིང་།། གཞན་གྱིས་བྱས་སོ་སྙམ་བྱེད་པ།། བདེན་པ་མིན་ལ་བདེན་ལྟ་བར།། ཅི་ཡང་མཐོང་བར་མི་འགྱུར་རོ།། དེ་ནི་འགག ་ཀྱང་མི་མཐོང་ཞིང་།། ཟུག་དུ་མཐོང་བར་མི་འགྱུར་ཞིང་།། ལུས་སྲེད་གང་ལ་སྐྱེ་བོ་ཆགས་པ་ཡི།། ཟུག་དུ་དེ་དག་སྔོན་ཆད་མཐོང་བ་དང་།། དེ་ནི་བདག་གི་བྱ་སྙམ་མི་འཛིན་ཅིང་།། ་དེ་ནི་གཞན་གྱིས་བྱ་སྙམ་མི་འཛིན་ཏོ།། སྐྱེ་དགུ་འདི་དག་ང་རྒྱལ་ལྡན།། ང་རྒྱལ་ལ་ཆགས་ང་རྒྱལ་བཅིངས།། རྩོད་པར་གྱུར་པའི་ལྟ་བ་ཅན།། འཁོར་བ་ལྡོག་པར་མི ་འགྱུར་རོ།། ཐོབ་པར་གྱུར་པ་གང་ཡིན་པ།། དེ་དག་ཉིས་ཀ་རྡུལ་གྱི་གཡོག། རྗེས་སུ་ནང་པ་སློབ་པར་བྱེད།། གང་ཞིག་ཚུལ་ཁྲིམས་དང་།། བསླབ་པ་དང་། བརྟུལ་ཞུགས ་དང་།། ཚངས་པར་སྤྱད་པ་དང་།། དཀའ་ཐུབ་དང་། ཉེ་བར་གནས་པའི་སྙིང་པོ་བྱེད་པ་གང་ཡིན་པ་འདི་ནི་མཐའ་གཅིག་གོ།། གང་ཤིག་དེ་ལྟར་ལྟ་ཞིང་འདི། ་སྐད་ཅེས་འདོད་པ་ནི་གཙང་བའོ།། འདོད་པ་ནི་བསོད་ནམས་ཅན་ནོ།། འདོད་པའི་ནི་ལོངས་སྤྱོད་པར་བྱའོ།། འདོད་པ་ནི་སྐྱོན་པ་ཡིན་ནོ།། ཞེས་སྨྲ་ཞིང་།། དེ་དག་ལྷག་པར ་འདོད་པ་རྣམས་སུ་ལྷུང་བར་བྱེད་པའི་བརྟུལ་ཞུགས་ལེན་པ་འདི་ཡང་མཐའ་ཅིག་གོ།། མཐའ་གཉིས་པོ་འདི་དག་ནི་དུར་ཁྲོད་འཕེལ་བར་བྱེད་པ་སྟེ།། འདི་དག་གི་དུར་ཁྲོད ་འཕེལ་བར་བྱས་སོ།། མཐའ་གཉིས་པོ་འདི་དག་མ་མཐོང་བས་ཁ་ཅིག་ཞེན་པར་བྱེད་ཅིང་།། ཁ་ཅིག་མངོན་པར་རྒྱུག་པར་བྱེད་ལ།། དེ་དག་ལྷག་པར་ཞེན་པར་བྱེད་ཅིང་།། ་ལྷག་པར་རྒྱུག་པར་བྱེད་པ་དག་མིག་དང་ལྡན་པས་མཐོང་ངོ་།། མཐའ་གཉིས་པོ་དེ་དག་མཐོང་བ་ནི་ཞེན་པར་མི་བྱེད།། རྒྱུག་པར་མི་བྱེད་ལ། དེ་དག་ལྷག་པར་ཞེན་པར ་མི་བྱེད་ཅིང་།། ལྷག་པར་རྒྱུག་པར་མི་བྱེད་པ་ཡང་མིག་དང་ལྡན་པས་མཐོང་ངོ་།། དེ་དག་དེ་ལྟར་མི་བྱེད་ཅིང་།། དེ་དག་དེ་ལྟར་མི་སེམས་ན།། དེ་དག་གི་ལམ་དུ་མི ་བདག་ལ་འདི་ལྟ་བུ་འདི་ནི་སྡུག་བསྔལ་གྱི་མཐའ་ཡིན་ནོ།། ཇི་ལྟར་ཆུ་བུ་མཐོང་བ་དང་།། ཇི་ལྟར་མིག་རྒྱུ་མཐོང་བ་ལྟར།། དེ་བཞིན་འཇིག་རྟེན་ལྟ་བྱེད་པ།། འཆི ་བདག་རྒྱལ་པོས་མཐོང་མི་འགྱུར།། ཇི་ལྟར་ཆུ་བུར་མཐོང་བ་དང་།། ཇི་ལྟར་མིག་སྒྱུ་མཐོང་བ་ལྟར།། དེ་བཞིན་ལུས་ལ་ལྷ་བྱེད་པ།། འཆི་བདག་རྒྱལ་པོས་མཐོང་མི ་འགྱུར།། གང་ལ་བྱིས་པས་མངོན་ཕྱོགས་པ།། དེ་ལ་མཁས་པ་ཆགས་མི་འགྱུར།། རྒྱལ་པོའི་ཤིང་རྟ་བཀྲ་བ་ལྟར།། ལུས་འདི་རྟག་དུ་ལྟ་བར་བགྱིས།། གང་ལ་བྱིས་པ ་རྨོངས་གྱུར་པ།། དེ་ལ་མཁས་པ་རྨོངས་མི་འགྱུར།། རྒྱལ་པོའི་ཤིང་རྟ་བཀྲ་བ་ལྟར།། ལུས་འདི་རྟག་ཏུ་ལྟ་བར་གྱིས།། གང་དུ་བྱིས་པ་ཉམས་གྱུར་པ།། གླང་རྒན ་རྫབ་དུ་ཆུད་པ་བཞིན།། རྒྱལ་པོའི་ཤིང་རྟ་བཀྲ་བ་ལྟར།། ལུས་འདི་རྟག་ཏུ་ལྟ་བར་གྱིས།། ནད་པ་ལྟ་བུར་འཇིག་ཆོས་ཅན།། རྨ་བྱུང་བ་དང་འདྲ་བ་སྟེ།། གང་ཡང་རྟན ་བར་མི་གནས་པར།། ལུས་འདི་རྟག་ཏུ་ལྟ་བར་གྱིས།། ནད་པ་འཇིག་པའི་ཆོས་ཅན་ལྟར།། གང་ཡང་རྟེན་པར་མི་གནས་པར།། ནོར་བུའི་རྣ་ཆ་གདུབ་ཁོར་གྱིས།། ་རྒྱན་པའི་ལུས་ལ་ལྟ་བར་གྱིས།། སྐྲ་ནི་ལན་བུ་རྒྱན་བྱས་ཤིང་།། མིག་སྨན་གྱིས་ནི་སྨྲས་པའི་མིག། བྱིས་པ་ལྷག་པར་རྨོངས་བྱེད་ཀྱང་།། ཕ་རོལ་ཚོལ་བར་མི་བྱེད་དོ།། ། ་མིག་སྨན་གྱིས་ནི་བསར་བྲིས་ཤིང་།། རྣག་ཅན་ལུས་འདི་རྒྱན་པ་ཡིན།། བྱིས་པ་ལྷག་པར་རྨོངས་བྱེད་ཀྱང་།། ཕ་རོལ་ཚོལ་བར་མི་བྱེད་དོ།། ལུས་ནི་དྲི་ཞིམ་གྱིས་སྐུས་ན།། ་རྐང་པ་ཙག་གི་བྱུགས་པ་དག། བྱིས་པ་ལྷག་པར་རྨོངས་བྱེད་ཀྱང་།། ཕ་རོལ་བར་མི་བྱེད་དོ།། གང་ཞིག་འདོད་པ་ཀུན་སྤྲིན་འབྲེལ་ཆགས་ཤིང་།། ཀུན་དུ་སྦྱོར་བའི་སྐྱོན ་རྣམས་མ་མཐོང་བ།། འབོད་པར་འབྲེལ་ལ་ཆགས་པའི་མི་དེ་ཡི། ཆུ་བོ་མཐའ་ཡས་ཡངས་པ་རྒལ་མི་འགྱུར།། ཆགས་བྲལ་མཆོག་དང་ཐམས་ཅད་དག། འདི་ལ ་བདག་དང་བདག་གིར་མི་ལྟ་ཞིང་།། དེ་ལྟར་རྣམ་གྲོལ་སྔོན་ཆད་མ་རྒལ་བའི།། ཆུ་བོ་རབ་རྒལ་ཡང་སྲིད་མེད་པར་འགྱུར།། གང་ཞིག་ཚལ ་སྤངས་ཚལ་མེད་པ།། ནགས་ཚལ་སྤངས་ནས་ནག་ན་རྒྱུག། གྲོལ་བ་བཅིང་བར་བཅེན་པ་ཡིས།། གང་ཞིག་འདི་ལ་ལྟོས་ཤིག་ཚུར།། ཡན་ལག་ཡིད་འོང་གོས་དཀར་གཡོག། ་སྡིག་མེད་འགྲོ་བ་ལ་ལྟོས་ལ།། ཆིངས་མའི་རྒྱུ་རྣམས་བཅད་པར་གྱིས།། འཇིགས་སྐྲག་པའི་མི་དག་ནི།། ཕལ་ཆེར་རི་དང་ནགས་ཚལ་དང་།། བསྐྱེད་མོས་དང་མཆོག ་གནས་དང་།། ལྗོན་ཤིང་རྣམས་ལ་སྐྱབས་སུ་འགྲོ། སྐྱབས་དེ་གཙོ་བོ་མ་ཡིན་ཞིང་།། སྐྱབས་དེ་མཆོག་ཏུ་གྱུར་པ་མིན།། དེ་ལ་སྐྱབས་སུ་སོང་བ་ཡི།། སྡུག་བསྔལ་ཀུན་ལས་གྲོལ ་མི་འགྱུར།། གང་ཞིག་སངས་རྒྱས་ཆོས་དང་ནི།། དགེ་འདུན་ལ་ནི་སྐྱབས་སོང་ཞིང་།། སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་ཡང་།། སྡུག་བསྔལ་ཡང་དག་འདས་པ་དང་།། ་བདེ་བ་མྱ་ངན་འདས་འགྲོ་བའི།། འཕགས་ལམ་ཡན་ལག་བརྒྱད་པ་སྟེ།། འཕགས་པའི་བདེན་པ་བཞི་པོ་དག། གང་ཚེ་ཤེས་རབ་ཀྱིས་མཐོང་བ།། དེ་ནི་སྐྱབས་ཀྱི་མཆོག ་ཡིན་ཞིང་།། དེ་ནི་སྐྱབས་ཀྱི་དམ་པ་ཡིན།། དེ་ལ་སྐྱབསུ་སོང་བ་ཡིས།། སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར།། མཐོང་བས་མཐོང་ཞིང་མ་མཐོང་བས་ཀྱང་མཐོང་།། ་མཐོང་བས་མི་ཐོང་མཐོང་བྱ་མཐོང་མི་འགྱུར།། དྲན་མཐོང་ལྷག་མཐོང་ཐ་དད་དངོས་པོར་བརྗོད།། ཉིན་མཚན་ནམ་ཡང་ལྷན་ཅིག་མི་གནས་ཤིང་།། འདྲ་བ་མཐོང་བས ་མཐོང་མི་འགྱུར།། གལ་ཏེ་མཐོང་ན་དགྲ་མི་མཐོང་།། མཐོང་བ་འདི་འདྲ་མི་མཐོང་སྟེ་འདྲ།། མཐོང་མི་ཡི་མཐོང་བ་མེད།། མི་ཡི་ཅི་མ་མཐོང་ན་འདྲ་མཐོང་།། ཅི་ཞིག་མཛ ་ན་འདྲ་བ་མཐོང་མི་འགྱུར།། ཇི་ལྟར་འདི་ན་འདྲ་བ་མཐོང་བ་དག། གང་ཞིག་མེད་ན་འདྲ་བར་མཐོང་དང་བྲལ།། གང་ཚེ་འདི་ཡི་སྡུག་བསྔལ་མ་མཐོང་བ།། དེའི་ཚེ་ན་བདག་དུ ་མཐོང་བར་འགྱུར།། ཇི་ལྟར་ཇི་ལྟར་སྡུག་བསྔལ་རྟོགས་གྱུར་པ།། དེས་ནི་བདག་འདི་འདྲ་བ་མཐོང་མི་འགྱུར།། གང་གི་སོ་སོའི་སྐྱེ་འགགས་ནས།། འདུ་སྡུག་བསྔལ་མ་མཐོང ་བ། དེ་ཕྱིར་འདི་འདྲ་མ་མཐོང་སྟེ།། དེ་མེད་འདྲ་བ་མི་མཐོང་ངོ་།། མཐོང་བའི་ཚོམས་ཏེ་ཉི་ཤུ་བདུན་པའོ།། །། སྡིག་པ་ཐམས་ཅད་མི་བྱ་སྟེ།། དགེ་བ་ཕུན་སུམ་ཚོགས་པར ་བྱ་རང་གི་སེམས་ནི་ཡོངསུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། སྦྱིན་པས་བསོད་ནམས་རབ་ཏུ་འཕེལ།། ལེགས་བསྡམས་དགྲ་སོགས་མི་འགྱུར་རོ།། དགེ་དང ་ལྡན་པས་སྡིག་པ་སྤོངས།། ཉོན་མོངས་ཟད་པས་མྱ་ངན་འདའ།། མཁས་དང་འདྲེས་དང་བྱིས་པའི་སྐྱེ་བོ་དང་།། ལྷན་ཅིག་སྤྱོད་དང་ཅིག་པུ་གནས་ཀྱང་རུང་།། ངང་པས་ཆུ ་ལས་འོ་མ་མཐུང་བ་ལྟར།། མཁས་པས་སྡིག་ཅན་རྣམས་ནི་རབ་ཏུ་སྤངས།། འཇིག་རྟེན་ཉེས་དམིགས་མཐོང་བ་དང་།། འགོགས་པར་འགྱུར་བའི་ཆོས་མཐོང་བས།། འཕག ་པ་སྡིག་ལ་དགའ་མི་བྱ།། སྡིག་ཅན་དགེ་ལ་དགའ་མི་འགྱུར།། ལེགས་པར་ཉེར་ཞིའི་རོ་དང་ནི།། རབ་ཏུ་དབེན་པའི་རོ་ཤེས་པ།། རིམས་ནད་མེད་ཅིང་སྡིག་མེད་པ། ་ཆོས་དགའ་བ་ཡི་རོ་དགའ་འཐུང་།། སེམས་ཀྱི་ཟག་པ་མེད་པ་དང་།། སེམས་ཀྱི་འཆིང་བསམ་བཅོམ་ལ།། དགེ་དང་སྡིག་པར་རབ་སྤངས་པ། ་ངན་འགྲོ་རྣམས་ཀྱི་འཇིགས་པ་མེད།། གནས་སྨིན་ཟློག་དང་ལེགས་སྒྲ་དང་།། ཉེས་དམིགས་སྟོན་པར་བྱེད་པ་དང་།། མི་མཁས་ཚར་གཅོད་སྨྲ་བྱེད་པ།། དེ་ལྷའི་སྐྱེས་བུ་བསྟེན ་པར་བྱ།། དེ་ལྟ་བུ་དག་བསྟེན་བྱས་ན།། སྡིག་པར་མི་འགྱུར་ལེགས་པར་འགྱུར།། ཉེ་བར་ཞི་ཞིང་རབ་ཞི་ལ། དལ་བུས་སྨྲ་ཞིང་ཁེངས་མེད་པ།། སྡིག་པའི་ཆོས་རྣམས ་སྐྲག་བྱེད་དེ།། རླུང་གི་ལྗོན་ཤིང་ལོ་མ་བཞིན།། གང་གི་སྐྱེས་བུ་དག་ཅིང་ཉོན་མོངས་མེད།། རབ་ཏུ་སྡང་མེད་མི་ཁྲོ་བྱེད་པ་ཡི།། བྱིས་པ་དེ་ལ་སྡིག་པ་ཕྱིར་འགྲོ་སྟེ།། རྫི་ཕྱོག ་སུ་ནི་རྡུལ་རྣམས་གཏོང་བ་བཞིན།། དགེ་བ་བྱེད་པས་དགེ་བ་དང་།། སྡིག་པ་བྱེད་པས་སྡིག་པ་སྟེ།། མི་ཡོ་གང་དང་གང་བྱས་པ།། དེ་དེ་རང་གི་མཐོང་བར་འགྱུར།། བདག ་གི་སྡིག་པ་བྱས་ན་ནི།། དེ་དག་ཀུན་དུ་ཉོན་མོངས་ལ།། བདག་གི་སྡིག་པ་མ་བྱས་ན།། བདག་ཉིད་ཁོ་ན་རྣམ་པར་དག། གཞན་གྱི་གཞན་སྦྱོང་མི་བྱེད་ཀྱི།། དག་དང་མ་དག་རང ་རང་བྱེད།། བདག་ཉིད་ཀྱི་ནི་སྡིག་པ་དག། བྱས་ཤིང་ཉེ་བར་བསགས་པ་ཡི།། བསམ་རླག་མངོན་དུ་འཇོམས་པར་བྱེད།། རྡོ་རྗེས་ནོར་བུ་འབིགས་པ་བཞིན།། མིག་ལྡན་འགྲོ ་བར་བྱེད་པ་ཡིས།། ཉམ་ངའི་ལམ་དག་ཇི་ལྟར་བར།། མཁས་པས་འཚོ་བའི་འཇིག་རྟེན་འདིར།། སྡིག་པ་དག་ནི་རབ་ཏུ་སྤངས།། ནོར་ཆེན་གྱིས་ནི་གྲོགས་ཉུང་དང་།། ཚོང་པས ་འཇིགས་བཅས་ལམ་དང་ནི།། གསོན་པར་འདོད་པས་དུག་ལྟ་བུར།། མཁས་པས་སྡིག་ཅན་ཡོངས་སུ་སྤངས།། གལ་ཏེ་ལག་འཐིལ་རྨ་མེད་ན།། ལག་པས་དུག་ནི་བཟུང་བྱས། ་ཀྱང་།། རྨ་མེད་དུག་ནི་མི་འཛིན་ལྟར།། དམ་བྱས་པ་ལ་སྡིག་པ་མེད།། བདག་ལ་མི་ཕན་བྱས་པ་དང་།། ལེགས་པར་མ་ཡིན་བྱས་པར་སླ།། གང་དག་ཕན་ཞིང་དེར་འགྱུར ་པ།། དེ་ནི་མཆོག་ཏུ་བྱ་བ་དགའ།། དམ་པས་ལེགས་པར་བྱ་སླ་ཡི།། དམ་པས་སྡིག་པ་བྱས་པར་དགའ།། ངན་པས་སྡིག་པ་བྱས་སླ་ཡི།། འཕགས་པས་སྡིག་པ་བྱ་བར་དཀའ། ་དེ་ཡི་སྡིག་པ་མ་སྨིན་པ།། དེ་སྲིད་བྱིས་པས་དང་ར་བར་སེམས།། གང་ཚེ་སྡིག་པ་སྨིན་གྱུར་པ།། དེ་ཚེ་དེ་ནི་ཚ་བར་སེམས།། ཇི་སྲིད་སྡིག་པ་མ་སྨིན་པ།། དེ་སྲིད་སྡིག་ལ ་རུང་བར་ལྟ།། གང་ཚེ་སྡིག་པ་སྨིན་འགྱུར་བ།། དེ་ཚེ་སྡིག་པ་མཐོང་བར་འགྱུར།། དེ་སྲིད་བཟང་པོ་མ་སྨིན་པ།། དེ་སྲིད་པོ་ཡི་སྡིག་པར་མཐོང་།། དེ་ཚེ་བཟང་པོ་སྨིན་གྱུར་པ། ་དེ་ཚེ་བཟང་པོ་མཐོང་བར་འགྱུར།། སྡིག་པས་སྡུག་བསྔལ་བསོགས་པས་ན།། དེ་ལ་དགའ་བར་མི་བྱའོ།། བརྒྱ་ལ་སྡིག་པ་བྱས་ན་ཡང་།། ཡང་དང་ཡང་དུ་དེ་མི་བྱ། ་བསོད་ནམས་བདེ་བ་སོགས་པས་ན།། དེ་ཉིད་ལ་ནི་དགའ་བར་བྱ།། གལ་ཏེ་བསོད་ནམས་བྱེད་ན་ཡང་།། དེ་ནི་ཡང་དང་ཡང་དུ་བྱ།། སྡིག་ལ་ཡིད་ནི་མངོན་དགའ་བ།། ་བསོད་ནམས་ངལ་བུས་བྱེད་འགྱུར་བས།། སྡིག་པ་ལས་ནི་སེམས་བཟློག་ཅིང་།། བསོད་ནམས་མངོན་པར་སྲུར་ཏེ་བྱ།། སྡིག་པ་ཆུང་ངུ་བྱས་པས་ཀྱང་།། འཇིག་རྟེན་པ ་རོལ་འཇིགས་བྱེད་དང་།། ཕུང་ཁྲོལ་ཆེན་པོར་བྱེད་འགྱུར་ཏེ།། ཁོང་པར་སོང་བའི་དུག་བཞིན་ནོ།། བསོད་ནམས་ཆུང་ངུ་བྱས་པས་ཀྱང་།། འཇིག ་རྟེན་ཕ་རོལ་བདེ་བར་འདྲེན།། དོར་བྱེད་དག་ཀྱང་བྱེད་འགྱུར་ཏེ།། འབྲུ་རྣམས་ཕུན་སུམ་འབྱོར་པ་བཞིན།། གང་ཞིག་ཉེས་མེད་ཆད་པས་བཅོད།། སྡང་བ་མིན་ལ་རབ ་སྡང་བ།། གནས་གཞན་གང་ཡང་རུང་བ་བཅུ།། མྱུར་དུ་ཐོབ་པར་ཁོ་ནར་གྱུར།། ཚོར་བ་མ་ཟད་པ་དག་གམ།། ཡང་ན་ལུས་ནི་འབྲལ་བ་འམ།། གནོད་པའི་ཚོར་བ་འང ་རུང་། ཡང་ན་སེམས་འཁྲུགས་ཐོབ་པར་འགྱུར།། གཉེན་མདུན་རྣམས་དང་འབྲལ་བ་འམ།། ལོངས་སྤྱོད་ཟད་པར་འགྱུར་བ་འམ།། རྒྱལ་པོའི་གནོད་པ་འབྱུང་བ་འམ། ་མི་གཉན་ཤིན་དུ་མི་ཟད་དང་།། ཡང་ན་ཁྱིམ་ནི་མེ་ཆེན་པོས།། ངེས་པར་བསྲེག་པར་བྱེད་པར་འགྱུར།། ཤེས་རབ་འཆལ་བའི་ལུས་ཞིག་ནས།། བཅུ་པ་ངན་འགྲོར་འགྲོ ་བར་འགྱུར།། སྡིག་པ་བྱས་པ་བག་དབབ་མི་བྱ་སྟེ།། རིང་བྱས་རྒྱང་མར་བྱས་ཀྱང་བག་མི་དབབ།། དབེན་པར་བྱས་ཀྱང་བག་དབབ་མི་བྱ་སྟེ།། དེའི་རྣམ་སྨིན་ཡོད་པས ་བག་མི་དཔག། བསོད་ནམས་བྱས་བྲག་མི་དབབ་བྱ་སྟེ།། རིང་བྱས་རྒྱང་རིང་བྱས་ཀྱང་བག་དབབ་ཅིང་།། དབེན་པར་བྱས་ཀྱང་བག་ནི་དབབ་པར་བྱ།། དེའི་རྣམ་སྨིན་ཡོད ་པས་བག་དབབ་པོ།། བདག་གི་སྡིག་པ་བྱས་པས་མྱ་ངན་བྱེད།། རིང་དང་རྒྱང་རིང་བྱས་པས་མྱ་ངན་བྱེད།། བདག་གི་དབེན་པ་བྱས་པས་མྱ་ངན་བྱེད།། དེ་ཡི་རྣམ་སྨིན་ཡོད ་པས་མྱ་ངན་བྱེད།། བདག་ཉིད་ནག་པོའི་ལམ་དང་ལྡན་མཐོང་ནས།། འདིར་ཡང་མྱ་ངན་གཞན་དུའང་མྱ་ངན་བྱེད།། སྡིག་པ་བྱས་པས་གཉིས་དཀར་མྱ་ངན་བྱེད།། དེ་ནི ་མྱ་ངན་དེ་རབ་མྱ་ངན་བྱེད།། བདག་གི་བསོད་ནམས་བྱས་པས་དགའ་བར་འགྱུར།། རིང་དང་རྒྱང་རིང་བྱས་པས་དགའ་བར་འགྱུར།། བདག་གི་དབེན་པར་བྱས་ཀྱང་དགའ ་བར་འགྱུར།། དེ་ཡི་རྣམ་སྨིན་ཡོད་པས་དགའ་བར་འགྱུར།། བདག་ཉིད་ལས་དང་ལྡན་མཐོང་ནས།། འདི་ན་དགའ་འགྱུར་གཞན་དུའང་དགའ་བར་འགྱུར།། བསོད ་ནམས་བྱས་པས་གཉིས་དགའ་འགྱུར་ཞིང་།། དེ་ནི་དགའ་འགྱུར་དེ་རབ་དགའ་བར་འགྱུར།། བདག་གི་སྡིག་པ་བྱས་པས་གདུང་འགྱུར་ཞིང་།། རིང་བྱས་རྒྱང་རིང་བྱས་ཀྱང ་གདུང་བར་འགྱུར།། བདག་གི་དབེན་པར་བྱས་པས་གདུང་གྱུར་ཞིང་།། དེ་ནི་རྣམ་སྨིན་ཡོད་པས་གདུང་བར་འགྱུར།། བདག་ཉིད་ནག་པོའི་ལས་དང་ལྡན་མཐོང་ནས།། འདི་ན ་གདུང་འགྱུར་ཕ་རོལ་གདུང་བར་འགྱུར།། སྡིག་པ་བྱས་ན་གཉིས་ཀ་གདུང་འགྱུར་ཞིང་།། དེ་ནི་གདུང་འགྱུར་དེ་རང་གདུང་བར་འགྱུར།། བདག་གི་བསོད་ནམས་བྱས་པས་དགའ ་འགྱུར་ཞིང་།། རིང་བྱས་རྒྱང་རིང་བྱས་པས་དགའ་བར་འགྱུར།། བདག་གི་དབེན་པ་བྱས་པས་དགའ་འགྱུར་ཞིང་།། དེ་ཡི་རྣམ་སྨིན་ཡོད་པར་དགའ་བར་འགྱུར།། བདག ་ཉིད་དཀར་པོའི་ལས་དང་ལྡན་མཐོང་ནས།། འདི་ན་དགའ་འགྱུར་ཕ་རོལ་དགའ་བར་འགྱུར།། བསོད་ནམས་བྱས་པས་གཉིས་ཀར་དགའ་བར་འགྱུར།། དེ་ན་དགའ ་འགྱུར་དེ་རབ་དགའ་འགྱུར།། སྡིག་པ་བྱས་ཤིང་བསོད་ནམས་མ་བྱས་ལ།། ཆོས་དང་གོལ་ཞིང་ཆོས་མིན་ཐོབ་པའི་མི།། སྡིག་པའི་ལས ་ཅན་འཆི་བས་འཇིགས་པར་འགྱུར་ཏེ། ཆུ་ཆེན་ནང་དུ་དྲུང་ན་ཞིག་པ་བཞིན།། བསོད་ནམས་བྱས་ཤིང་སྡིག་པ་མ་བྱས་ལ།། དམ་པ་རྣམས་ཀྱི་སྔོན་གྱི་ཆོས་བྱས་པས། ་དེ་ནི་ནམ་ཀྱང་འཆིས་པས་འཇིགས་མེད་དེ།། བརྟན་པའི་གྲུ་ཡི་ཕ་རོལ་གྲོལ་བ་བཞིན།། སྡིག་པའི་ཚོམས་ཏེ་ཉི་ཤུ་རྩ་བརྒྱད་པའོ།། །། ཇི་སྲིད་ཉི ་མ་མ་ཤར་བར།། དེ་སྲིད་སྲིན་བུ་མེ་ཁྱེར་སྡང་།། ཉི་མ་ཤར་བར་གྱུར་པ་ན།། སྣང་བ་མེད་ཅིང་སྔོན་པར་འགྱུར།། ཇི་སྲིད་དེ་བཞིན་གཤེགས་མ་ཤར།། དེ་སྲིད ་རྟོག་གེ་བ་རྣམས་སྣང་།། འཇིག་རྟེན་རྫོགས་སངས་རྒྱས་ཤར་བ།། རྟོག་ཅན་ཉན་ཐོས་བཅས་མི་སྣང་།། བཅེས་མིན་བཅེས་པར་བློས་འཛིན་ཅིང་།། བཅེས་པ ་ཅེས་པ་མི་རྟོགས་པ།། ལོག་པར་ཀུན་རྟོག་སྤྱོད་ཡུལ་ཅན།། དེ་ནི་བཅེས་པ་ཐོབ་མི་འགྱུར།། གཅེས་པ་གཅེས་མིན་དང་།། གཅེས་པ་གཅེས་པར་འདུ་ཤེས ་པ། ལེགས་པར་ཀུན་རྟོག་སྤྱོད་ཡུལ་ཅན།། དེས་ནི་གཅེས་བྱ་ཐོབ་པར་འགྱུར།། འཆིངས་མ་གསར་དང་གསར་དུ་འཕེལ་བ་དང་།། འཁོར་བར་རྒྱུག་ཅིང་འགྲོ ་དང་སྡོང་འགྱུར་ཏེ། མེ་ནང་ལྷུང་བའི་ཕྱེ་མ་ལེབ་དང་འདྲ།། འདི་ལ་མྱོང་འགྱུར་གཞན་ལ་མྱོང་འགྱུར་བ་འམ།། འདི་ནི་ཐེག་ཚོམ་ཐ་དད་ཇི་སྙེད་པ།། དེ་དག ་ཚངས་པས་སྤྱད་སྤྱོད་འབད་པ་དང་།། སེམས་པར་བྱེད་པས་རབ་ཏུ་རྣམ་པར་སྤོང་།། གང་ཞིག་སྙིགས་མ་ཡོད་བཞིན་དུ།། ངུར་སྨྲིག་གོས་ནི་གོན་བྱེད་པ།། དུལ། ་དང་ངེས་པ་མེད་པ་དེ།། ངུར་སྨྲིག་གྱོན་པའི་འོས་མ་ཡིན།། གང་ཞིག་སྙིགས་མ་རྣམ་སྤངས་ནས།། ཚུལ་ཁྲིམས་ལེགས་པར་མཉམ་བཞག་པ།། དུལ་དང་དེས ་པར་ལྡན་པ་དེ། དུར་སྨྲིག་གྱོན་པའི་འོས་ཡིན་ནོ།། གཡོ་སྒྱུ་འཇུ་ས་དང་ལྡན་པའི་མི།། ཁ་དོག་དང་ནི་གཟུགས་ལྡན་འམ།། ཡང་ན་སྨྲ་བར་བྱེད་ཙམ་གྱི།། ་ཕོ་མཆོག་ཡིན་པར་མི་ཆུད་དོ།། གང་ཞིག་ཆོས་གསུམ་དེ་དག་རྣམས།། ཏ་ལའི་མགོ་བོ་བཞིན་གཅད་ནས།། བློ་ལྡན་ཀྱོན་ནི་བསལ་བ་དེས།། པོ་མཆོག་ཡིན་པར ་བརྗོད་པར་བྱ། འཇིག་རྟེན་འདི་ནི་ལེགས་པར་མ་སྔམས།། ཕལ་ཆེར་ལེགས་བསྡམས་རྟགས་ཀྱི་རྒྱུ་བར་བྱེད།། ལེགས་པར་མ་རྟགས་བར་དུ་མི་དག་ནི།། མདོག ་གཟུགས་ལན་འགའ་མཐོང་བས་ཡིད་མི་བརྟན།། ར་གན་ཁྭ་སྒྱུར་ལྟ་བུར་མི་འཚལ་ཞིང་།། ལྕགས་ཕྱེ་གསེར་གྱིས་གཡོག་པ་ཇི་ལྟ་བུར།། ཁོང་པ་རབ་སྡུག་ཕྱི་རོལ་འཕག ་ཚུལ་གྱི།། འཇིག་རྟེན་འདི་ན་འཁོར་དང་བཅས་པ་རྒྱུ།། གང་ཞིག་ལྟོ་འགྲངས་གཉིད་ནི་ལོག་པ་དང་།། ཉིན་དང་མཚན་དུ་འགྲེ་ལྡོག་ཉལ་བྱེད་པ།། རྫ་བ་ནང་བག་ཆེན་ལུས ་རྒྱས་ཇི་ལྟ་བར།། ཡང་དང་ཡང་དུ་སྲེད་པའི་མངལ་དུ་འཇུག། མི་ནི་རྟག་ཏུ་དྲན་པ་ལྡན་པ་དང་།། རྟག་ཏུ་ཁ་ཟས་ཀྱིས་ནི་ཚོང་ཤེས་པ།། དེ་ཡི་སྡུག་བསྔལ་ཆུང་བར ་འགྱུར་བ་དང་།། དལ་བུས་འཛུབས་ཚེ་ཡང་རིང་བར་བྱེད།། གང་ཞིག་དབང་པོ་མ་བསྡམས་ཤིང་།། ཟས་ཀྱི་ཚོད་ནི་མི་ཤེས་ལ།། དྲན་པ། ་ཉམ་དང་ལེ་ལོ་ཅན།། གཙང་བར་ལྟ་ཞིང་གནས་བྱེད་པ།། དེ་ནི་འདོད་ཆགས་རྣམས་ཀྱིས་བཅོམ།། རླུང་གིས་མི་བརྟན་ལྗོན་ཤིན་བཞིན།། གང་ཞིག་དབང་པོ་ལེགས ་བསྡམས་ཤིང་།། ཟས་ཀྱི་ཚོད་ནི་ཤེས་པ་དང་།། སོ་སོར་དྲན་ཞིང་བརྩོན་འགྲུས་ལྡན།། མི་ཙང་ལྟ་བས་གནས་བྱེད་པ།། དེ་ནི་འདོད་ཆགས་རྣམས་ཀྱིས་བཅོམ།། རླུང་གི ་མི་གཡོ་བཞིན།། དགོན་པར་དགའ་བར་བྱ་འོས་པ།། དེ་ལ་སྐྱེ་བོ་མི་དགའ་ཡང་།། དེ་ལ་འདོད་ཆགས་བྲལ་བ་དགའ།། འདོད་པ་ཚོལ་བར་བྱེད་རྣམ་མིན།། དགོན ་པ་འམ་ཡང་ན་གྲོང་དག་གམ།། གཤོད་དམ་ཐང་བུ་དག་ཀྱང་རུང་།། གང་ན་འཕགས་པ་འདུག་པ་ཡི།། ས་དེ་ཡིད་དུ་འོང་བ་ཡིན།། དམ་པ་རིང་ནས་སྣང་འགྱུར་ཏེ།། ་ངན་པ་ཉེ་ཡང་མི་སྣང་སྟེ།། མུན་ཁྲོད་མདའ་ནི་འཕང་པ་བཞིན།། མཁས་པ་དོན་ཆེན་སེམས་བྱེད་པའི།། དམ་པ་ཉིད་དང་འགྲོགས་ན་ནི།། དོན་ཆེན་འགྱུར་ཞིང་ཟབ་མོ ་ཡི། ཤེས་རབ་སོ་སོར་རྟོགས་པར་འགྱུར།། གཞུ་ཡི་མངའ་འཕངས་སྙན་པ་ཡི།། གཡུལ་ངོའི་གླང་ཆེན་ཇི་བཞིན་དུ།། ཚུལ་འཆལ་སྐྱེ་བོ་མང་པོ་ཡི།། མི་སྨར་སྨྲ་བ ་བཟོད་པར་བྱ།། མི་གང་ཁྱིམ་འབིགས་བྱེད་པ་དང་།། དད་པ་མེད་ཅིང་བྱས་མི་བཟོ།། གོ་སྐབས་བཅོམ་དང་སྤྱུགས་ཟ། དེ་ནི་སྐྱེས་བུ་དམ་པ་ཡིན།། པ་དང་མ་ནི་གསད ་བྱས་ཤིང་།། རྒྱལ་པོ་ཙང་སྦྲ་ཅན་གཉིས་དང་།། ཡུལ་འཁོར་འཁོར་དང་བཅས་བཅོམ་ན།། མི་ནི་དག་པར་འགྱུར་ཞེས་བྱ།། གང་དག་ཀུན་དུ་སོགས་བྱེད་ཅིང་།། གང་དག ་ཁ་ཟས་ཡོངས་ཤེས་པ།། སྟོང་དང་མཚན་མ་མེད་པ་དང་།། དབེན་པ་དག་གི་སྤྱོད་ཡུལ་ཅན།། དེ་དག་རྗེས་སུ་མི་རྟོག་དཀའ་སྟེ།། ན་མཁའ་ལ་ནི་བྱ་བ་རྗེས་བཞིན།། གང ་དག་ཀུན་དུ་སོགས་མེད་ཅིང་།། གང་དག་ཁ་ཟས་ཡོངས་ཤེས་པ།། སྟོང་དང་མཚོན་མ་མེད་པ་དང་།། དབེན་པ་དག་གི་སྤྱོད་ཡུལ་ཅན།། དེ་དག་རྗེས་ནི་རྟོག་དཀའ་ཏེ།། རྣམ ་མཁའ་ལྔ་བྱ་རྗེས་བཞིན།། གང་དག་ཀུན་དུ་སོགས་མེད་ཅིང་།། གང་དག་ཁ་ཟས་ཡོངས་ཤེས་པ།། སྟོང་དང་མཚན་མ་མེད་པ་དང་།། རྟག་དུ་བསམ་གཏན་སྤྱོད་ཡུལ་ཅན ་དེ་དག་འགྲོ་བ་རྟག་དཀའ་སྟེ།། ནམ་མཁའ་ལ་ནི་བྱ་བ་རྗེས་བཞིན།། གང་དག་ཀུན་དུ་སོགས་མེད་ཅིང་།། གང་དག་ཁ་ཟས་ཡོངས་ཤེས་པ།། སྟོང་དང་མཚན་མ་མེད་པ་དང་།། ་རྟག་དུ་བསམ་གཏན་སྤྱོད་ཡུལ་ཅན།། དེ་དག་རྗེས་ནི་རྟོག་དཀའ་སྟེ།། ན་མཁའ་ལ་ནི་བྱ་རྗེས་བཞིན།། གང་དག་དུ་སོགས་མེད་ཅིང་།། གང་དག་ཁ་ཟས་ཡོངས་ཤེས་པ།། ་སྟོང་དང་མཚན་མ་མེད་པ་དང་།། དབེན་པ་ཉིད་ཀྱི་སྤྱོད་ཡུལ་ཅན།། དེ་དག་འགྲོ་བ་རྟགས་དཀའ་སྟེ།། ན་མཁའ་ལ་ནི་བྱ་རྗེས་བཞིན།། གང་དག་ཀུན་དུ་སོགས་མེད་ཅིང་།། ་གང་དག་ཁ་ཟས་ཡོངས་ཤེས་པ།། སྟོང་དང་མཚན་མ་མེད་པ་དང་།། དབེན་པ་ཉིད་ཀྱི་སྤྱོད་ཡུལ་ཅན།། དེ་དག་རྗེས་ནི་རྟོགས་དཀའ་སྟེ།། ནམཁའ་ལ་ནི་བྱ་རྗེས་བཞིན།། ་རྔཛག ་གང་དག་པ་མཐར་རྟེན་མེད་ཅིང་།། གང་གི་ཟག་ཟང་ཡོངས་ཤེས་པ། སྟོང་དང་མཚན་མ་མེད་པ་དང་།། དབེན་པ་ཉིད་ཀྱི་སྤྱོད་ཡུལ་ཅན།། དེ་སྒོ་བ་རྟོགས ་དཀའ་སྟེ།། ན་མཁའ་ལ་ནི་བྱ་རྗེས་བཞིན།། གང་དག་པ་མཐར་རྟེན་མེད་ཅིང་།། གང་གི་ཟག་ཟད་ཡོངས་ཤེས་པ།། སྟོང་དང་མཚན་མ་མེད་པ་དང་།། དབེན་པ་ཉིད་ཀྱི ་སྤྱོད་ཡུལ་ཅན།། དེ་དག་རྗེས་ནི་རྟོགས་དཀའ་ཞིང་།། ན་མཁའ་ལ་ནི་བྱ་རྗེས་བཞིན།། གང་དག་པ་མཐར་རྟེན་མེད་ཅིང་།། གང་གི་ཟག་ཟད་ཡོངས་ཤེས་པ།། སྟོང་དང ་མཚན་མ་མེད་པ་དང་།། རྟག་དུ་བསམ་གཏན་སྤྱོད་ཡུལ་ཅན།། དེ་དག་རྗེས་ནི་རྟོགས་དཀའ་སྟེ།། ནམ་མཁའ་ལ་ནི་བྱ་རྗེས་བཞིན།། གང་དག་པ་མཐར་རྟེན་མེད་ཅིང་།། ་གང་གི་ཟད་ཡོངས་ཤེས་པ།། སྟོང་དང་མཚན་མ་མེད་པ་དང་།། རྟག་དུ་བསམ་གཏན་སྤྱོད་ཡུལ་ཅན།། དེ་དག་འགྲོ་བ་རྟོག་དཀའ་སྟེ།། ན་མཁའ་ལ་ནི་བྱ་བ་རྗེས་བཞིན། ་གང་དག་པ་མཐར་རྟེན་མེད་ཅིང་།། གང་གི་ཟག་ཟད་ཡོངས་ཤེས་པ།། སྟོང་དང་མཚན་མ་མེད་པ་དང་།། རྟག་དུ་གཏན་སྤྱོད་ཡུལ་ཅན།། དེ་དག་འགྲོ་བ་དཀའ་སྟེ། ནམ་མཁའ ་ལ་ནི་བྱ་རྗེས་བཞིན།། སྐྱེ་དགུ་ཕལ་པ་འདི་དག་ནི།། པ་མཐར་ཉིད་དུ་རྒྱུག་བྱེད་པས།། གང་དག་ཕ་རོལ་འགྲོ་བྱེད་པའི།། མི་ཡི་སྐྱེ་བོ་དེ་དག་ཉུང་།། གང་དག་ལེགས ་པར་གསུངས་པ་ཡི། ཆོས་ལ་ཆོས་ཀྱི་རྗེས་ལྟ་བ།། སྐྱེ་བོ་དེ་དག་སྐྱེ་ཤི་ཡི།། མཚོ་ཆེར་རྒལ་དཀའི་ཕ་རོལ་འགྲོ།། སྐྱོབ་པ་རབ་དུ་རྣམས་གྲོལ་ཞིང་།། དུས་འདས་མྱ་ངན ་བྲལ་བ་དང་།། འདུད་པ་ཐམས་ཅད་སྤངས་པ་ལ།། ཡོངས་སུ་གདུང་བ་ཡོངས་མི་འགྱུར།། འཇིགས་དང་བཅས་པའི་ལམ་རྒལ་ཅིང་།། གཡངས་ཡོངས་སུ་སྤངས་པ་དང་།། ་སྦྱོར་དང་བདུད་པ་ལས་གྲོལ་བ།། འདོད་ཆགས་ཀྱི་ནི་དུག་ཀུན་བཅོམ།། འདོད་ཆགས་ལྟ་བུའི་འདམ་རྫབ་མེད།། ཞེ་སྡང་ལྟ་བུའི་གདོན་མེད་དོ།། སྲེད་པ་ལྟ་བུའི་ཆུ་ཀླུང ་མེད།། ན་མཁའ་ལ་ནི་རྗེས་ལྟ་བུ།། ཕྱི་རོལ་པ་ལ་དགེ་སྦྱོང་མེད།། བྱིས་པ་སྤྲོས་ལ་མངོན་པར་དགའ།། དེ་བཞིན་གཤེགས་པ་སྤྲོས་མི་མངའ།། སྦྱོར་བས་བྱིས་པ་ཁྲིད ་པའི་ཕྱིར།། མཁས་པས་སྦྱོར་བ་འཇོམས་པར་བྱེད།། མཁས་པས་ལྷ་དང་མི་དག་གིས།། སྦྱོར་བ་གང་ཡིན་འཇོམས་བྱེད་པ།། སྦྱོར་བ་ཀུན་དང་བྲལ་བའི་ཕྱིར།། སྡུག་བསྔལ ་ཀུན་ལས་གྲོལ་བར་འགྱུར།། སྦྱོར་བ་ལས་ནི་སྲིད་པ་བྱང་།། སྦྱོར་བ་མེད་པས་སྲིད་པ་ཟད།། སྲིད་པ་དང་ནི་སྲེད་མེད་པའི།། ལམ་དེ་གཉིས་ནི་ཤེས་གྱིས་ལ།། སྦྱོར ་ལམ་རབ་དུ་འདའ་བྱའི་ཕྱིར།། མཁས་པས་དེ་ལ་བསླབ་པར་གྱིས།། ཉེས་པར་སྤྱད་པ་བྱས་པས་གདུང་འགྱུར་ཞིང་།། ངན་འགྲོར་སོང་བའི་འོག་དུའང་གདུང་བར་འགྱུར།། ་ལེགས་པར་སྤྱད་པ་བྱས་པས་དགའ་འགྱུར་ཞིང་།། བདེ་འགྲོར་སོང་བའི་འོག་དུ་འང་དགའ་བར་འགྱུར།། ཕྱིར་ནི་གདུང་འགྱུར་དེ་བྱེད་པས།། ཉེས་ན་ཉེས་སྤྱད་མ་བྱས་སྨྲ།། ་གདུང་བར་མི་འགྱུར་དེ་བྱ་སྟེ། ལེགས་པར་སྦྱང་བ་བྱས་ན་རུང་།། མཁས་དང་བྱིས་པ་འདྲེས་པ་ལས།། མ་སྨྲས་ཤེས་པར་མི་འགྱུར་བས།། ཞི་བའི་གོ་འཕང་སྤྲོས་ཤིག་དང་།། ་སྨྲས་པ་ཡིས་ནི་ཤེས་པར་འགྱུར།། ལེགས་བཤད་དྲང་སྲོང་རྒྱལ་མཚན་ཏེ།། དྲང་སྲོང་རྒྱལ་མཚན་ཆོས་ཡིན་པས།། ཆོས་ནི་བཤད་པས་གསལ ་བྱ་ཞིང་།། དྲང་སྲོང་རྒྱལ་མཚན་སྒྲེང་བར་གྱིས།། མ་སྨྲས་ན་ཡང་སྨོད་བྱེད་ཅིང་།། མང་དུ་སྨྲས་ན་ཡང་སྨོད་བྱེད་ཅིང་།། མང་དུ་སྤྲོས་ན་སྨོད་པར་བྱེད།། ང་ལ་བུས་སྨྲས ་ཀྱང་སློང་བྱེད་དེ།། འཇིག་རྟེན་ན་ནི་མི་སྣད་དེ།། གཅིག་པུ་སྨད་པར་བྱ་བ་དང་།། གཅིག་པུ་བསྟོད་པར་བྱ་བའི་མི།། ད་ལྟ་ཡོད་པ་མ་ཡིན་ཏེ།། འབྱུང་བར་མ་གྱུར ་འབྱུང་མི་འགྱུར།། གང་དག་ལ་ནི་གནས་པའི་སྤོས་མེད་ཅིང་།། གང་དག་ཀུན་སྦྱོར་གདུང་བའི་ལས་རབ་ལོག་པ།། ཐུབ་པ་སྲེད་བྲལ་དེ་དག་རྒྱུར་མཛད་ཀྱང་།། ལྷར ་བཅས་འཇིག་རྟེན་རྣམས་ཀྱི་མི་ཤེས་སོ།། གང་གི་དང་ངང་ཚུལ་ཁྲིམས་དང་།། བློ་ལ་ཕན་ནི་མ་བྱུང་བར།། ཇི་ལྟ་ཇི་ལྟར་རྟོགས་གྱུར་པའི།། ཤེས་པ་ཅན་དག་སྡོམ་བྱེད་དེ།། ་དེ་དག་སུས་ཀྱང་སླད་འོས་མིན།། འཛམ་བུ་གླིང་གི་གསེར་རྒྱར་བཞིན།། ཇི་ལྟར་རི་དང་བྲག་དག་ནི།། རླུང་གི་གཡོས་པར་མི་འགྱུར་ལྟར།། དེ་བསྟོད་པ་དང་སྨད་པ་ཡི།། ་མཁས་པ་རབ་དུ་གཡོ་བ་མེད།། ས་ལ་གང་གི་རྩ་མེད་པ།། ལོ་མེད་ལྕུག་ཕྲན་ག་ལ་ཡོད།། འཆིང་བ་ལས་གྲོལ་བརྟན་པ་དེ།། ཅི་ག་སུས་ཀྱང་སྨད་འོས་མིན།། གང ་ཞིག་རྒྱ་ལས་མི་ཉམས་ཤིང་།། འཇིག་རྟེན་མ་རྒྱལ་བཅུ་ཟད་མེད།། སངས་རྒྱས་མཐུ་སྤྱོད་ཡུལ་མཐའ་ཡས་དེ།། འགྲོ་མེད་གོམ་པ་གང་གི་བཀྲི།། གང་ཞིག་རྒྱལ་ལས ་མི་ཉམས་ཤིང་།། འཇིག་རྟེན་མ་རྒྱལ་ཅུང་ཟད་མེད།། སངས་རྒྱས་མཐུ་རྩལ་མཐའ་ཡས་ཏེ།། འགྲོ་དང་འོང་བ་གང་གི་བཀྲི། གང་ལ་ཁྲིད་བྱེད་སྲེད་པ་ནི།། ཡུལ་སྲེད། ་དྲ་བ་འགའ་མེད།། སངས་རྒྱས་སྤྱོད་ཡུལ་མཐའ་ཡས་ཏེ།། འགྲོ་མེད་གོམ་པ་གང་གི་བཀྲི།། གང་ལ་ཁྲིད་བྱེད་སྲེད་པ་ནི།། ཡུལ་སྲེད་དྲ་བ་འགའ་མེད་པ།། སངས་རྒྱས། ་མཐུ་རྩལ་མཐའ་ཡས་དེ།། འགྲོ་མེ་དགོམ་པ་གང་གི་བཀྲི།། གང་ཞིག་རྣམས་པར་རྟོགས་པ་རྣམ་གསལ་ཅིང་།། ནང་གི་ཀུན་ལ་རྣམ་པར་རྟོག་མེད་པ།། ཀུན་དུ་སྦྱོར ་དང་གཟུག་དང་འདུ་ཤེས་འདས།། རྣལ་འབྱོར་བཞི་དང་བྲལ་ལ་སྐྱེ་བ་མེད།། སྔན་བྲལ་ཕྱི་མ་དང་བྲལ་ཞིང་།། དབུལ་བྲལ་སྲིད་པའི་ཕ་རོལ་ཕྱིན།། རྣམ་པ་ཀུན་ལས་སེམས ་གྲོལ་བ། སྐྱེ་རྒ་ཕྱི་མ་འདྲེན་མི་འགྱུར།། ཕྲུལ་གྱི་ཚོམས་ཏེ་ཉི་ཤུ་དགུ་པའོ།། །། རྒྱལ་བ་ལས་ནི་ཁོ་ན་འབྱུང་ཞིང་།། ཕ་རོལ་ཕམ་དང་སྡུག་བསྔལ་ཐོབ།། རྒྱལ ་དང་ཕ་རོལ་པམ་སྤངས་པ།། ཉེ་བར་ཞི་བའི་བདེ་བ་ཐོབ།། གཞན་ལ་སྡུག་བསྔལ་སྐྱེད་པ་ཡི།། གང་ཞིག་བདག་གིས་བདེ་འདོད་པས།། དགྲ་དང་མི་འབྲལ་འགྲོགས་པ ་དང་།། དེ་ནི་སྡུག་བསྔལ་ལས་མི་གྲོལ།། བདེ་བ་འདོད་ཕྱིར་འབྱུང་པོ་ཡི།། གང་ཞིང་འཚོ་ཞིང་ཆད་པས་གཅོད།། བདག་གི་བདེ་བ་འདོད་པ་དེ།། ཕ་རོལ་ཏུ་ནི་བདེ་མི ་འགྱུར།། གཟིཞིག་བདེ་བར་འདང་པ་དག།། འབྱུང་པོ་ལ་ནི་མི་འཆི་ཤིང་།། ཅད་པ་མི་གཙད་པ་དེ་འདོད་པ།། དེ་དག་པ་རོལ་བདེ་འཐོག།། ཆོས་སྤྱོད་ལེགས་པར་སྲུང་། ་བྱ་ཞིང་།། ཉེས་པར་སྤྱོད་པ་དེ་མི་སྤྱད།། འཇིག་རྟེན་འདི་དང་ཕ་རོལ་དུ།། ཆོས་སྤྱད་པས་ནི་བདེ་བ་ཐོབ།། ཆོས་ལ་ལེགས་སྤྱད་བདེ་བ ་བསྐྱེད་པས།། ཆོས་སྤྱོད་ཆོས་ཀྱི་བསྲུང་བར་བྱ།། ཆོས་སྤྱོད་ངན་འགྲོར་མི་འགྲོ་བ།། ཆོས་ལ་ལེགས་སྤྱད་ཕན་ཡོན་དེའོ།། ཡངས་པའི་གདུགས་ཀྱིས་དབྱར་ཀ་ལྟར། ་ཆོས་སྤྱོད་ཆོས་ཀྱི་བསྲུང་བར་བྱ།། ཆོས་སྤྱོད་ངན་འགྲོར་འགྲོ་བ།། ཆོས་ལ་ལེགས་སྤྱད་ཕན་ཡོན་དེའོ།། བག་མེད་མི་ཡི་ཆོས་མིན་སྤྱད་ན་ནི།། འགྲོ་བ་གང་ཡང་རུང་བ་འམ ་ངན་འགྲོར་འགྲོ།། འདི་ནག་སྦྲུལ་ནག་སྐྱེད་ནས་བཟུང་བ་ལྟར།། ཆོས་མིན་སྤྱད་པ་དེ་དག་རླག་པར་འགྱུར།། ཆོས་དང་ཆོས་མིན་གཉིས་ཀ་ཡི།། རྣམ་སྨིན་འདྲ་བར་མི་འགྱུར ་ཏེ། ཆོས་མ་ཡིན་པས་དམྱལ་བར་འགྲོ། ཆོས་ཀྱི་བདེ་འགྲོ་ཐོབ་པར་འགྱུར།། སྦྱིན་པ་བྱེད་པའི་དུས་དང་གཡུལ་འགྱེད་དུས།། རྒྱུ་ཡི་ཡོངས་སུ་བཟུང་བར་འདྲ་བས་ན། ་སྦྱིན་པ་བྱེད་དང་གཡུལ་འགྱེད་འདྲ་ཞེས་གསུང་།། ཡོན་ཏན་དེ་གཉིས་མི་དན་རྟེན་མི་བྱེད།། ཤིན་དུ་ལེགས་པ་ཆས་པ་གཅིག་བུས་ཀྱང་།། ལེགས་པར་མ་ཆས་འཕྱེ་ལས ་རྒྱལ་བྱེད་ལྟར།། དད་པ་བསྐྱེད་ན་ཆུང་ངུ་སྦྱིན་པས་ཀྱང་།། དེས་ནི་དགེ་གཞན་དུ་བདེ་བར་འགྱུར།། འདི་ལ་ལན་རྒྱར་གཡུལ་ཟློག་དཔའ་བོ་བས།། སེར་སྣ་དགའ་གྱུར་ཟིལ ་གྱིས་མནན་ནས་སུ།། གང་ཞིག་ཆགས་མོང་སེམས་ཀྱིས་སྦྱིན་བྱེད་པ།། དེ་དག་ཆེས་པ་ཡིན་པར་ངས་གསུངས་སོ།། བསོད་ནམས་རྣམ་སྨིན་བདེ་བ་སྟེ།། མངོན་པར ་བསམ་པ་འབྱོར་པར་བྱེད།། མྱུར་དུ་ཞི་བ་དམ་པ་ཡི།། མྱ་ངན་འདས་པ་ཐོབ་པར་འགྱུར།། བསོད་ནམས་བྱེད་པ་རྣམ་ལ་ནི།། གཞན་ལས་བྱུང་བའི་གནོད་པ་དང་།། ་ལྷ་དང་བདུད་ཀྱི་རིས་རྣམས་ཀྱི།། བར་ཆད་བྱ་བར་མི་ནུས་སོ།། གལ་ཏེ་སྡུག་བསྔལ་ཟད་བྱའི་ཕྱིར།། འཕགས་དང་ཤེས་རབ་སྟོབས་ལྡན་ལ།། དེ་ཡི་འབད་རྩོལ་བྱས་ན་ནི།། ་ལྷག་ཐོང་གིས་ནི་རེག་པར་འགྱུར།། སེམས་ནི་རབ་དུ་རྣམ་དང་བས།། ཆོས་ལ་དགའ་བྱེད་བདེ་བ་ཐོབ།། འཕགས་པས་གསུངས་པའི་ཆོས་འགའ་ལ།། མཁས་པ་རྟག ་དུ་དགའ་བར་བྱེད།། གང་དག་སེམས་ནི་བསམ་གཏན་དགའ།། གང་ཞིག་སྐྱེ་མེད་དགའ་བ་དགའ་བ་དང་།། དྲན་པ་ཉེ་བར་བཞག་བཞི་དང་།། བྱང་ཆུབ་ཡན་ལག་བདུན ་དག་དང་།། རྫུ་འཕྲུལ་རྐང་པ་བཞི་རྣམ་དང་།། ཡན་ལག་བརྒྱད་ལམ་གང་དགའ་བ།། དེ་དག་ཆོས་གོས་འཆང་བ་དང་།། བསོད་སྙོམས་བདེ་བར་ཟ་བར་བྱེད།། ་དེ་དག་རི་དང་ནགས་ཚལ་ན།། བདེ་བར་འཆག་པ་བྱེད་པ་དང་།། དེ་དག་དེ་ཐོབ་བདེ་བར་ནི།། མཐོང་བའི་ཆོས་ལ་མྱ་ངན་འདའ།། ཁོན་དང་འཇིགས་པ་ཀུན་འདས་ཤིང་།། ་འཇིག་རྟེན་ཡུལ་གྱི་སྲེད་ལས་རྒལ།། ཆོས་ཐོས་པ་དང་མཐོང་བ་དང་།། དབེན་པར་དགའ་བ་བདེ་བ་སྟེ།། འཇིག་རྟེན་སྲོག་ཆགས་འབྱུང་པོ་ལ།། འཚེ་མེད་ཡང་དག་སྡོམ ་པ་བདེ།། འདོད་པ་རྣམས་ལས་རབ་འདས་ཤིང་།། འཇིག་རྟེན་འདོད་ཆགས་བྲལ་བ་བདེ།། ངའོ་སྙམ་པའི་ང་རྒྱལ་དག། བརྟུལ་འདི་དག་མཆོག་དུ་བདེ།། ནས་དཀར ་ཚུལ་ཁྲིམས་ལྡན་པ་བདེ།། དད་པ་རབ་དུ་གནས་པ་བདེ།། དོན་ལྡན་ཚིག་ལ་དགའ་བ་བདེ།། སྡིག་པ་མི་བྱེད་པ་དག་བདེ།། འཇིག་རྟེན་འདི་ན ་པར་འཛིན་པདོ།། དེ་བཞིན་མར་ཡང་འཛིན་པ་བདེ།། འཇིག་རྟེན་དགེ་སྦྱོང་འཛིན་པ་བདེ།། དེ་བཞིན་བྲམ་ཟེ་འཛིན་པ་བདེ།། སངས་རྒྱས་རྣམས་ནི་འབྱུང་བ་བདེ།། དེ ་བཞིན་ཆོས་རྣམས་བརྟན་པ་བདེ།། དགེ་འདུན་རྣམས་ནི་འཐུན་པ་དེ།། འཐུན་པ་རྣམས་ནི་དཀའ་ཐུབ་བདེ།། ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ།། མང་དུ་ཐོས་པ་མཐོང་བ ་བདེ།། ཡང་སྲིད་རྣམ་པར་གྲོལ་བ་ཡི།། དགྲ་བཅོམ་པ་དག་མཐོང་བ་བདེ།། འཇུག་དུགས་བདེ་བའི་ཆུ་ཀླུང་བདེ།། ཆོས་ཀྱི་རྒྱལ་བའི་སྐྱེ་བོ་བདེ།། ཤེས་རབ་ཐོབ་པར་གྱུར ་བ་བདེ།། ངའི་ང་རྒྱལ་ཟད་པ་བདེ།། འཕགས་པ་རྣམས་ནི་མཐོང་བ་བདེ།། དམ་པ་དག་དང་འགྲོགས་པ་བདེ།། བྱིས་པ་རྣམས་ནི་མ་མཐོང་ན།། རྟག་ཏུ་བདེ་བ་ཉིད་དུ ་འགྱུར།། རྣམ་པ་ཀུན་དུ་དགྲ་འདྲ་བའི།། བྱིས་དང་འགྲོགས་པ་སྡུག་བསྔལ་ཞིང་།། བྱིས་པ་དག་དང་འགྲོགས་བྱེད་པ།། ཡུན་རིངས་རྗེས་སུ་འགྱོད་པར་འགྱུར།། ་སྐྱེས་བུ་ཅང་ཤེས་དཀོན་པ་སྟེ།། དེ་དག་དུ་མ་ཡིན་ལ།། བརྟན་པ་རྣམས་དང་འགྲོགས་པ་དག། གཉེན་དང་ཕྲད་པ་ལྟ་བུར་བདེ།། གང་དུ་བརྟན་པ་དེ་སྐྱེས་པ།། དེ་ཡི ་རིགས་ཀྱི་བདེ་བ་ཐོབ།། བྲམ་ཟེ་མྱ་ངན་འདས་པ་དག། རྣམ་པ་ཀུན་དུ་བར་འགྱུར།། གང་ཞིག་འདོད་པས་མ་གོས་ཤིང་།། ཟག་པ་རབ་དུ་རྣམ་པར་གྲོལ།། སྲེད་པ ་ཐམས་ཅད་བཏུགས་པ་དག། ཟག་པ་རབ་དུ་རྣམ་པར་གྲོལ།། སྲེད་པ་ཐམས་ཅད་བཏུགས་པ་དག། སྙིང་ནས་རིམས་ནད་རྣམ་པར་སྩལ།། སེམས་ཀྱི་ཞི་བ་ཐོབ་པ་རྣམས། ་ཉེ་བར་ཞི་ཞིང་བདེ་བར་འགྱུར།། གང་ཞིག་བདེ་བར་འདུག་འདོད་ཅིང་།། བདེ་བ་ཆུ་དུ་གཏོང་འདོད་པའི།། བརྟན་པས་བདེ་ཆུང་སྤང་བྱས་ན།། བདེ་བ་ཡང་པ་ལེགས་པར་མཐོང་།། ་འཇིག་རྟེན་འདོད་བདེ་གང་ཡིན་དང་།། ལྷ་ཡིན་བདེ་བ་གང་ཡིན་པས།། སྲིད་པ་ཟད་པའི་བདེ་བ་ཡི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཁུར་གྱིས་སྡུག་བསྔལ་སྤངས་ནས་ནི།། ་ཁུར་བོར་ན་ནི་བདེ་ཆེ་བར་འགྱུར།། ལྕི་བའི་ཁུར་དག་ངེས་བོར་ན།། ཕྱིན་ནས་གཞན་དག་ལེན་མི་འགྱུར།། ཀུན་སྦྱོར་ཐམས་ཅད་ཟད་བྱའི་ཕྱིར།། སྲེད་པ་ཐམས་ཅད་རབ་དུ ་སྤོངས།། ཕུང་པོ་ཐམས་ཅད་ཡོངས་ཤེས་ན།། སྲིད་པ་ཕྱི་མར་འགྲོ་བ་མེད།། དོན་རྣམས་བསྐྲུན་པ་ལ་ནི་གྲོགས་ལྡན་བདེ།། སྲོག་དག་རབ་དུ་བཏུགས་ལ་བསོད་ནམས་བདེ།། ་ངན་ངོན་ཙམ་གྱིས་ལེགས་ཆོག་ཤེས་བདེ།། སྡུག་བསྔལ་ཐམས་ཅད་ངེས་པར་ནུབ་པ་བདེ།། འདི་ན་མེ་ནི་འབར་བ་ལ།། ལྕགས་ཀྱི་ཐོབ་རྒྱབ་པ་ཡི།། རིམས་ཀྱི་ཉེ་བར ་ཞི་འགྱུར་ཏེ།། ཇི་ལྟར་སོང་བ་མི་ཤེས་ལྟར།། འདོད་པའི་འདམ་རྫབ་ཆུ་རྒལ་ཅིང་།། གོ་འཕངས་མི་གཡོ་ཐོབ་པ་དང་།། ལེགས་པར་རྣམ་པར་གྲོལ་རྣམས་ཀྱི།། འ ་བ་བདག་སུ་མེད་པ་ཡིན།། གང་ཞིག་ཁོང་ན་འཁྲུག་པ་མེད་པ་དང་།། གང་ཞིག་སྲིང་དང་སྲིང་མིན་ལས་ལོགས་པ།། དེ་དག་འཇིག་བྲལ་བདེ་ཞིང་མྱ་ངན་མེད།། ལྷས ་ཀྱང་ལྟ་ཞིང་བསམ་དུ་མེད་པར་འགྱུར།། འདི་ན་གང་དག་ཆོས་མང་ཐོས་པ་དང་།། རྟོགས་ཤིས་ཅི་ཡང་མེད་པ་སྐྱེ་རེ་བདེ།། སྐྱེ་བོ་སྐྱེ་བའི ་སེམས་ལ་རབ་ཆགས་ཤིང་།། ཅུང་ཟད་ཡོད་པ་བརླག་པར་འགྱུར་ལ་ལྟོས།། འདི་ན་གང་དག་ཆོས་མང་ཐོས་པ་དང་།། སྐྱེ་བོ་ཅི་མེད་ཡོན་ཏན་རྟགས་པ་དང་།། སྐྱེ་བོ་ཅི ་ཡང་མེད་པར་འགྱུར་བ་དེ།། སྐྱེ་བོ་སྐྱེ་བོའི་སེམས་ལ་རབ་ཆགས་ཤིང་།། ཅུང་ཟད་ཡོད་པ་བརླག་པར་འགྱུར་ལ་ལྟོས།། སྐྱེ་བོ་ཅི་མེད་ཡོན་ཏན་རྟོགསོ་པ་དང་།། སྤྱི་བོ ་ཅི་ཡང་མེད་པར་གྱུར་པ་བདེ།། སྐྱེ་བོ་སྐྱེ་བོའི་ལུས་ལ་རབ་ཆགས་ཤིང་།། བ་ཅུང་ཟད་ཡོད་པར་རླག་པར་འགྱུར་ལ་ལྟོས།། གཞན་གྱི་དབང་གྱུར་ཀུན་སྡུག་སྟེ།། ་རང་དབང་ཡོད་པ་ཐམས་ཅད་བདེ།། སྦྱོར་བ་ཤིན་དུ་སྤངས་དཀའ་བ།། ཐུན་མོངས་གྱུར་པས་བརླག་པར་ཟད།། ཞེན་པར་གྱུར་པས་མི་ནང་ན།། ཞེན་པོ་མེད་པར ་གནས་པ་དང་།། ཞེན་པའི་ནང་ན་མ་ཞེན།། ཀྱེ་མ་ཤིན་དུ་བདེ་བ་འཚོ།། ནད་ཀྱི་ཐེབས་པའི་མི་ནང་ན།། ནད་མེད་པར་ནི་གནས་པ་དང་།། ནད་མེད་ནང་ན་ནད་མེད ་པ། ཀྱེ་མའོ་ཤིན་དུ་བདེ་བར་འཚོ།། འཚོ་བ་ཅན་གྱི་མི་ནང་ན།། འཚེ་བ་མེད་པར་གནས་པ་དང་།། འཚེ་བའི་ནང་ན་འཚེ་མེད་པ།། ཀྱེ་མའོ་ཤིན་དུ་བདེ་བར་འཚོ།། ་གནོད་སེམས་ཅན་གྱི་མི་ནང་ན།། གནོད་སེམས་མེད་པར་གནས་པ་དང་།། གནོད་སེམས་ཅན་ནང་གནོད་མེད་པ།། ཀྱེ་མའོ་ཤིན་དུ་བདེ་བར་འཚོ།། ཤ་ཁོན་ཅན ་གྱི་མི་ནང་ན།། ཤ་ཁོ་ན་མེད་པར་གནས་པ་དང་།། ཤ་ཁོན་ཅན་ནདང་ཁོན་མེད་པ།། ཀྱེ་མའོ་ཤིན་དུ་བདེ་བར་འཚོ།། མི་ཐི་ལ་དག་རབ་བསྲེགས་ཀྱང་།། ང་ལ་ཅི་ཡང་ཚིག་པ་མེད།། ་ང་ལ་གང་དག་ཅི་མེད་པས།། ཀྱེ་མའོ་ཤིན་དུ་བདེ་བར་འཚོ།། ང་ལ་ཅི་ཡང་མེད་མོད་ཀྱི།། དགའ་བ་ཟ་བར་བྱེད་པས་ན།། འོད་གསལ་གྱི་ནི་ལྷ་བཞིན་དུ།། ཀྱེ ་མའོ་ཤིན་དུ་བདེ་བར་འཚོ།། འཇིག་རྟེན་ཚོགས་ལ་མི་རྟེན་པས།། ང་ལ་ཅི་ཡང་མེད་མོད་ཀྱི།། དགའ་བ་ཟ་བར་བྱེད་པས་ན།། ཀྱེ་མའོ་ཤིན་དུ་བདེ་བར་འཚོ།། ་ལེན་པའི་རྐྱེན་གྱིས་ཕྲད་ཅིང་རེག་འགྱུར་གྱི།། ལེན་པ་མེད་ཅིང་ཕྲད་དང་རེག་མེད་པས།། བདག་དང་གཞན་གྱི་སྐྱེད་པའི་བདེ་སྡུག་གི།། དགོན་པ་འམ་གྲོང་དུ་རེག་པར ་མི་འགྱུར་རོ།། འཇིག་རྟེན་འདི་ན་བདེ་དང་སྡུག་བསྔལ་གྱི།། སྐྱེས་བུ་དམ་པ་མཐོ་དམན་མི་འགྱུར་ཞིང་།། སྟན་རྣམས་འདོད་པའི་རྒྱུ་ཡི་མི་ཁྱབ་པར།། སྐྱེས་བུ ་དམ་པ་ཀུན་དུ་འགྲོ་བར་བྱེད།། བདེན་པའི་ཚོམས་ཏེ་སུམ་བཅུ་པའོ།། །། ཆེད་དུ་བརྗོད་པའི་ཚོམས།། ་། བམ་པོ་བཞི་པ་སྟེ་ཐ་མ།། ། གཟུང་བར་དགའ་ཞིང་ཡང་བ་དང་།། གང་དུ་དགའ་བར་འགྲོ་བ་ཡི།། སེམས་དུལ་བ་ནི་ལེགས ་པོ་སྟེ།། སེམས་དུལ་བ་ཡི་བདེ་བ་འདྲེན།། བདུད་ཀྱི་བཞི་དག་སྤོང་བ་ན། ཆུ་བོའི་གནས་ནས་རབ་བཏོན་ཏེ།། ཐང་ལ་བོར་བའི་ཉ་ལྟ་བུར།། བདག་གི་སེམས ་ནི་རབ་ཏུ་གཡོ།། ཉི་མ་ལས་ནི་འོད་ཟེར་སྦྱར།། བདག་གི་སེམས་ནི་སོ་སོར་རྒྱུག། དེ་དག་མཁས་པས་དེ་བཟློག་སྟེ།། ལྕགས་ཀྱུ་ཡིས་ནི་གླང ་ཆེན་བཞིན།། ང་ལ་དོན་མེད་སྤྱོད་པ་དང་།། ལྟར་མེད་སྙིང་པོ་མེད་པ་ཡི།། རྟག་དུ་གདུང་བར་བྱ་བའི་ཕྱིར།། སེམས་དེ་ལ་ནི་སྨྲའོ།། སེམས་འདི་སྔོན་ཆད་ཇི་ལྟར་འདོད་པ ་དང་། དགའ་མགུར་སྦྱོར་ཅིང་རྒྱུ་བར་བྱེད་པ་དག། གླང་ཆེན་མྱོས་ལ་མི་ལྕགས་ཀྱུ་ལྟ་བུ།། ད་ནི་ཚུལ་བཞིན་བྱས་པས་དེ་བཟུང་ངོ་།། ཁང་ཁྱིམ་བྱེད་པ་འདི་ཡིས་ནི།། ཡང ་ཡང་སྐྱེས་པའི་སྡུག་བསྔལ་ཅན།། སྐྱེ་བའི་ཁོར་བ་དུ་མ་ཞིག། ད་ལྟར་ཕན་ཆད་ཁྱོད་ཀྱི་ཕྱུང་།། ཁང་ཁྱིམ་བྱེད་པ་ཁྱོད་མཐོང་བས།། ཁྱིམ་གྱི་གདུང་ཆེན་རྣམས་བཅོམ་ལ།། ་ཆ་ག་རྣམ་ཐམས་ཅད་གཅད་ནས་སུ།། ཕྱིན་ཆད་ཁྱིམ་བྱེད་མི་བཞག། སེམས་ནི་འདུ་བྱེད་དང་བྲལ་ནས།། འདི་ཉིད་ལ་ནི་ཟད་པར་འདོད།། སེམས་ནི་གཡོ་ཞིང་བརྫུན ་པ་སྟེ།། རིང་དུ་འགྲོ་ཞིང་ཟློག་དཀའ་བ།། མངའ་མཁན་མེ་ཡི་བསྲོང་བ་ལྟར།། ཡིད་གཞུང་བ་ཡི་བསྲང་བར་བྱ།། གང་ཞིག་ལུས་མེད་ཕུག་ན་གནས།། ཅིག་པུ ་རྒྱུ་ཞིང་རིང་འགྲོ་བའི།། སེམས་དེ་འདུལ་བར་བྱེད་པ་ནི།། འཇིགས་པ་ཆེ་ལས་ཐར་བར་འགྱུར།། ལོག་པའི་སྨོན་ལྡན་སེམས་གང་གིས།། བདག་ཉིད་སྡུག་བསྔལ་བྱེད ་འགྱུར་བ།། དེ་ལྟར་ཁོན་གྱི་ཁོ་ན་ཅན་དང་།། དགྲ་བོས་དགྲ་ལ་བྱེད་མི་འགྱུར།། ཡང་དག་སྨོན་ལྡན་སེམས་གང་གི།། བདག་ཉིད་བདེ་བར་བྱེད་འགྱུར་བ།། དེ་ལྟར་པ ་དང་མ་དག་དང་།། གཉེན་གཞན་གྱིས་ཀྱང་མི་འགྱུར།། ཇི་ལྟར་ཁང་སྟེང་གཡོག་ཉེས་ན།། ཆར་པ་ཡོངས་སུ་འཛག་པ་ལྟར།། དེ་བཞིན་སེམས་ནི་མ་སྒོམ་པ།། འདོད་ཆགས ་རྣམས་ཀྱི་ཡོངས་སུ་བཅོམ།། ཇི་ལྟར་ཁང་སྟེང་གཡོག་ལེགས་ན།། ཆར་པ་རྣམ་པར་མི་འཛེག་པ།། དེ་བཞིན་ལེགས་པར་སྒོམ་པའི་སེམས།། འདོད་ཆགས་རྣམས་ཀྱི ་ཡོངས་མི་བཅོམ།། ཇི་ལྟར་ཁང་སྟེང་གཡོག་ཉེས་ན།། ཆར་པ་ཡོངས་སུ་འཛག་པ་ལྟར།། དེ་བཞིན་ཡོངས་སུ་མ་སྒོམས་ན།། དེ་བཞིན་སེམས་ནི་མ་སྒོམས་ན།། ཞེ་སྡང ་རྣམས་ཀྱི་ཡོངས་སུ་བཅོམ།། ཇི་ལྟར་ཁང་སྟེང་གཡོག་ལེགས་ན།། ཆར་པ་རྣམས་པར་མི་འཛག་པ།། དེ་བཞིན་གཤེགས་པར་སྒོམས་པའི་སེམས།། ཞེ་སྡང་རྣམས ་ཀྱི་ཡོངས་མི་ཆོམ།། ཇི་ལྟར་ཁང་སྟེང་གཡོག་ཉེས་ན།། ཆར་པ་ཡོངས་སུ་འཛག་པ་ལྟར།། དེ་བཞིན་སེམས་ནི་མ་སྒོམས་པ། གཏི་མུག་རྣམས་ཀྱི་ཡོངསུ་བཅོམ།། ་ཇི་ལྟར་ཁང་སྟེང་གཡོག་ལེགས་ན།། ཆར་པ་རྣམ་པར་མི་འཛག་པ།། དེ་བཞིན་གཤེགས་པར་སྒོམ་པའི་སེམས།། གཏི་མུག་རྣམས་ཀྱི་ཡོངས་སུ་བཅོམ།། ཇི་ལྟར ་ཁང་སྟེང་གཡོག་ཉེས་ན།། ཆར་པ་རྣམ་པར་འཛག་པ་ལྷུར།། དེ་བཞིན་སེམས་ནི་མ་སྒོམས་པ།། ང་རྒྱལ་རྣམས་ཀྱི་ཡོངས་སུ་བཅོམ།། ཇི་ལྟར་ཁང་སྟེང་གཡོད ་ལེགས་ན།། ཆར་པ་རྣམ་པར་མི་འཇིག་པ།། དེ་བཞིན་ལེགས་པར་སྒོམ་པའི་སེམས།། ང་རྒྱལ་རྣམས་ཀྱི་གཡོངས་མཆོམ།། ཇི་ལྟར་ཁང་སྟེང་གཡོག་ཞེས་ན། ་ཆར་པ་ཡོངསུ་འཛག་པ་ལྟར།། དེ་བཞིན་སེམས་ནི་སྒོམ་པ།། ཆགས་པ་རྣམས་ཀྱི་ཡོངས་སུ་བཅོམ།། ཇི་ལྟར་ཁང་སྟེང་གཡོག ་ལེགས་ན།། ཆར་པ་རྣམ་པར་མི་འཛག་པ།། དེ་བཞིན་ལེགས་པར་སྒོམ་པའི་སེམས།། ཆགས་པ་རྣམས་ཀྱི་ཡོངས་མི་ཆོམ།། ཇི་ལྟར་ཁང་སྟེང་གཡོག་ཉེས་ན།། ་ཆེར་བ་ཡོངས་སུ་འཛག་པ་ལྟར།། དེ་བཞིན་སེམས་ནི་མ་སྒོམ་པ།། སྲེད་པ་རྣམས་ཀྱི་ཡོངས་སུ་བཅོམ།། ཇི་ལྟར་ཁང་སྟེང་གཡོག་ལེགས་ན།། ཆར་པ་རྣམ ་པར་མི་འཛག་པ།། དེ་བཞིན་ལེགས་པར་སྒོམ་པའི་སེམས།། སྲེད་པ་རྣམས་ཀྱི་ཡོངས་མི་ཆོག། ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ།། ཡིད་འགྱོགས་ཡིད་ནི ་གཙོ་བོ་ཡི།། སྨྲས་སམ་ཡང་ན་བྱས་ཀྱང་རུང་།། དེ་ཡི་དེ་ཡི་སྡུག་བསྔལ་ཐོབ།། འཁོར་ལོ་མགོ་གཅད་པ་བཞིན།། ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ།། ཡིད ་འགྱོགས་ཡིད་ནི་གཙོ་བོ་ཡིན།། གལ་ཏེ་ཡིད་རབ་དང་བ་ཡི།། སྨྲས་སམ་ཡང་ན་བྱས་ན་རུང་།། དེ་ཡི་དེ་ནི་བདེ་བར་ཐོབ།། གྲིབ་མ་རྗེ་སུ་འབྲང་བ་བཞིན། ་བརྩོད་པ་ཆེད་ཆེར་འཛིན་པ་དང་།། སེམས་ནི་ཉོན་མོངས་གྱུར་པ་ཡི།། གླགས་སྐབས་ཚོལ་བར་བྱེད་པ་ཡིས།། ལེགས་བཤད་ལེགས་པར་མི་ཤེསོ།། ་སྡང་འམ་ཡང་ན་འཁྲུགས་པ་འམ།། དད་པ་མེད་པའི་སེམས་དག་གིས།། རྫོགས་སངས་རྒྱས་ཀྱི་བསྟན་པ་ཡི།། དམ་ཆོས་ཀུན་དུ་ཤེས་མི་ནུས།། ་གང་གི་བག་མེད་སེམས་དང་ནི།། ཁྲོ་བ་རྣམ་པར་བཏུལ་བ་དང་།། འདི་ན་གནོད་སེམས་རབ་སྤངས་པ།། དེས་ནི་ལེགས་པར་བཤད་པར་ཤེས།། སེམས་ཀྱི་བརྟན་པ ་མེད་པ་ཡི།། དམ་ཆོས་རྣམ་པར་ཤེས་མི་འགྱུར།། དད་པ་འགྱུར་ལྡོག་བྱེད་པ་ཡི།། ཤེས་རབ་ཡོངས་སུ་རྫོགས་མི་འགྱུར།། ཀུན་རྟོག་ལ་ཆུམ་རྟེན་པ་ཡི།། ལྟ་ངན་སུམ ་བཅུ་རྩ་དྲུག་གིས། ཆུ་བོའི་རྒྱུན་ནི་གང་ཡིན་པ།། ཡིད་ཀྱི་རྒྱུ་ལས་རབ་དུ་འབབ། དགའ་སེམས་དབང་པོ་ཕལ་བ་དང་།། སེམས་ཀྱིས་རྗེས་འབྲང་ཞན་པ་ཡི།། མི ་དེའི་གྲགས་འགྲིབས་འབྲས་ལྷགས་པའི།། ལྗོན་ཤིང་ལ་ནི་བྱ་བཞིན་ནོ།། སེམས་ཁྱོད་པུང་ཁྲོལ་འདོད་ལ་དགའ་མ་བྱེད།། བརྩོན་སེམས་བག་ཡོད་པ་ལ་གནས་པར ་གྱིས།། བག་མེད་བྱས་པས་དམྱལ་བར་བཙོས་པ་ན།། ལྕགས་གོང་མིང་པས་ཁྱོད་ནི་མ་དུ་ཤིག། སྡང་བའི་དུས་ཚེ་འདུག་པར་བྱེད་པ་དང་།། ལང་མཚོ་སྟོབས་ལྡན་མི ་འབབ་ཁྱིམ་འདུག་དང་།། བསམ་པ་རྫོགས་ཚེ་ལེ་ལོ་བྱེད་པ་ཡི།། མི་ཡི་ཤེས་རབ་ལམ་རྟོགས་མི་འགྱུར་རོ།། ཕྲན་ཚེགས་རྣམ་རྟོགས་ཞིབ་མོར་རྣམ་རྟོག་པས།། ནང་ན ་གནས་པའི་ཡིད་ནི་དབེན་ཡང་བཅོ།། ཡིད་ཀྱི་རྣམ་ཏོག་དེ་དག་མ་ཤེས་ན།། འཁྲུལ་མེད་ཡང་ནས་ཡང་དུ་རྒྱུག་པར་བྱེད།། གང་ཞིག་དྲན་ལྡན་རྣམ་འབྱེད་བརྩོན་པ་དང་། ་རྣམ་པར་རྟོག་ལ་མཁས་པས་དེ་ཤེས་ན།། ནང་ན་གནས་པའི་ཡིད་ནི་དབེན་བཅོ་པ།། ཐམས་ཅད་མ་ལུས་བློ་ཡི་རབ་དུ་སྤོང་།། ལུས་འདི་དབུ་བ་འདྲ་བར་རྟོགས་བྱས་ཤིང་། ་གྲོང་ཁྱེར་འདྲ་བའི་སེམས་ཀྱི་སྲན་ཚུག་ནས།། ཤེས་རབ་མཚོན་གྱིས་བདུད་དང་གཡུལ་སྤང་དེ།། བཏུལ་ནས་གནས་མེད་པར་ནི་བསྲུང་། ་བར་བྱ།། འཇིག་རྟེན་འདི་དག་དབུ་བར་འདྲ་རྟོག་ཤིང་།། དེ་བཞིན་ཆོས་རྣམས་མིག་སྒྱུ་འདྲར་ཤེས་ནས།། ཤེས་རབ་མཚོན་གྱི་བདུད་དང་གཡུལ་སྤྲད་དེ།། བཏུལ་ནས ་གནས་མེད་པར་ནི་བསྲུང་བར་བྱ།། ལུས་འདི་དབུ་བ་འདྲ་བར་རྟོགས་བྱས་ཤིང་།། གྲོང་ཁྱེར་འདྲ་བའི་སེམས་ཀྱི་སྲན་བཙུག་ནས།། ཤེས་རབ་མཚོན་གྱི་བདུད་དང ་གཡུལ་སྤང་ངོ་།། བཏུལ་ནས་གནས་མེད་པར་ནི་བསྲུང་བར་བྱ།། འཇིག་རྟེན་འདི་དག་དབུ་བར་འདྲ་རྟོགས་ཤིང་།། གྲོང་ཁྱེར་འདྲ་བའི་སེམས་ཀྱི་སྲན་བཙུགས་ནས། ་ཤེས་རབ་མཚོན་གྱི་བདུད་དང་གཡུལ་སྤང་དེ།། བཏུལ་ནས་གནས་མེད་པར་བསྲུང་བར་བྱ།། གང་གི་བྱང་ཆུབ་ཡན་ལག་བདུན།། སེམས་ཀྱི་ལེགས་པར་སྒྲོགས་པ་དང་། ་གང་ཞིག་ལེན་ལ་མི་དགའ་བའི།། ལེན་པ་རབ་དུ་སྤངས་པ་དང་། ཟག་ཟད་སྐྱོན་རྣམས་རྩལ་བ་དེ།། འཇིག་རྟེན་དག་ན་མྱ་ངན་འདའ།། གང་ཞིག་གཡག་རྔའི་རྩེ་མོ་ལྟར ་རང་གི་སེམས་ནི་རྗེས་བསྲུང་ཞིང་།། འབྱུང་པོ་རྣམས་ལ་རྩེ་ལྡན་པ།། དེ་ཡི་བདེ་བ་ཡོངས་མི་ཉམས།། གང་ཕྱིར་གླང་པོའི་གླང་པོ་ཆེ།། མཆེ་བ་བཟང་བའི་གླང་ཆེན་དང་།། ་སེམས་དང་སེམས་ནི་མཉམ་པས་ནས།། དེ་ཕྱིར་གཅིག་པུ་ནགས་སུ་དགེས།། གང་གི་ཡིད་ལ་གནོད་མེད་ཅིང་།། འབྱུང་པོ་ཀུན་ལ་རྩེ་བ་དང་།། འབྱུང་པོ་རྣམས་ལ་བྱམས ་བྱེད་པ།། དེ་ལ་ནམ་ཀྱང་ཁོ་ན་མི་འབྱུང་།། གང་ལ་གནོད་པའི་སེམས་མེད་ཅིང་།། འབྱུང་པོ་ཀུན་ལ་བརྩེ་བ་དང་།། སྲོག་ཆགས་ཀུན་ལ་བྱམས་བྱེད་པ།། དེ་ལ་ནམ ་ཡང་ཁོ་ན་མི་འབྱུང་།། གང་ལ་གནོད་པའི་སེམས་མེད་ཅིང་།། འབྱུང་པོ་རྣམས་ལ་བརྩེ་བ་དང་།། སེམས་ཅན་ཀུན་ལ་བྱམས་བྱེད་པ།། དེ་ལ་ནམ་ཀྱང་ཁོ་ན་མི་འབྱུང་།། འཛལ ་བཤེས་ཀུན་དང་གྲོགས་ཀུན་དང་།། འབྱུང་པོ་རྣམས་ལ་རྩེ་བ་དང་།། བྱམས་པའི་སེམས་ནི་བསྒོམ་བྱས་ན།། བདེ་བ་ཤིན་དུ་འཕེལ་བར་འགྱུར།། གལ་ཏེ་གང་ཞིག་སྲོག ་ཆགས་འགའ་ལང་སྡང་མེད་སེམས།། བྱམས་པར་བྱེད་ན་དེ་ཡི་དེ་ནི་དགེ་བ་ཡིན།། སེམས་ཅན་ཐམས་ཅད་ལ་ནི་ཡིད་ཀྱིས་བརྩེ་བྱས་ན། བསོད་ནམས་པ་ལ་ཆེན་འཕེལ ་ཞིང་འགྲིབ་པར་ཡོངས་མི་འགྱུར།། གལ་ཏེ་དགའ་བའི་སེམས་དང་ནི།། ཞུམ་པ་མེད་པའི་སེམས་ཀྱིས་སུ།། དགེ་བའི་ཆོས་ལ་བསྒོམ་བྱེད་པ།། གྲུབ་པ་དང་ནི་བདེ་བ ་ཐོབ།། ཡང་དག་ཤེས་པས་རྣམ་གྲོལ་ཞིང་།། སྐྱོབ་པ་ཉེ་བར་ཞི་འགྱུར་བ།། དེ་ཡི་ཡིད་ནི་ཞི་གྱུར་ཅིང་།། ལུས་དང་ངག་གི་ལས་ཀྱང་ཞིང་།། ཇི་ལྟར་རྩེ་ཅིག་སེམས ་ཀྱིས་ནི།། ཆོས་རྣམས་ལེགས་པར་མཐོང་བ་ལྟར།། སྲིལ་སྙན་ཡན་ལགས་ལྔ་པས་ཀྱང་།། དེ་ལྟར་དགའ་བར་བྱེད་མི་འགྱུར།། གང་ཡིད་ཏིང་འཛིན་ལ་དགའ་བ ་དེ་དག་འདོད་པས་རྩེ་མི་བྱེད།། གང་ཞིག་ཆུང་ཟད་གདུང་མེད་པའིའོ།། སྐྱོབ་པ་བདེ་བ་མཉམ་པར་འགྱུར།། གང་ཡིད་ཏིང་འཛིན་ལ་དགའ་བ།། དེ་དག་འདོད་པས ་རྩེ་མི་བྱེད།། གང་ཞིག་ཆུང་ཟད་གདུང་མེད་པའི།། ཐུབ་པ་སྐྱེ་མའོ་དགའ་བར་འགྱུར།། གང་གི་སེམས་ནི་བྲག་ལྟ་བུར།། རབ་དུ་གཡོ ་བ་མེད་འདུག་པ།། ཆགས་པའི་གནས་ལ་མི་ཆགས་ཏེ།། ཁྲོ་བའི་གནས་ལ་འཁྲུག་མེད་པར།། གང་ཡིད་དེ་ལྟར་གྱུར་པ་དེ།། སྡུག་བསྔལ་ཐོབ་པར་གལ་འགྱུར། ་སྐུར་པ་མི་གང་བ་གནོད་མི་བྱ།། སོ་སོ་ཐར་པས་བསྡམ་པར་བྱ།། ཟས་ཀྱི་ཚོད་ཀྱང་ཤེས་པར་བྱ།། བས་མཐའ་དགོན་པར་གནས་བྱས་ཞིང་།། ལྷག་པའི་སེམས་ལ་རྣལ ་འབྱོར་བྱ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། སེམས་ཀྱི་རྟགས་ལ་མཁས་པ་དང་།། རབ་ཏུ་དབེན་པའི་རོ་སྙེད་དང་།། རབ་དྲན་སེམས་པའི་འགྲུས་སྐྱོན་ཅན།། ་ཟང་ཟིང་མེད་པའི་དགའ་བ་མྱོང་།། གང་ཞིག་ཡིད་གཞུངས་བདེ་དགའ་བདེན་གནས་པས།། རྟག་དུ་རང་གི་ལུས་ཀྱི་སྤྱོད་ལམ་དང་།། སྭཱ་དང་ཡིད་ནི་བསྲུང་བར་བྱེད་པ་དེ། ་མྱ་ངན་སྤོང་ཞིང་སྡུག་བསྔལ་མཐོང་མི་འགྱུར།། མ་སྲུངས་པའི་སེམས་དང་ནི།། ལོག་པར་ལྟ་བས་བཅོམ་པ་དང་།། གཉིད་དང་རྨུགས་པས་ཟིལ་གནོན་པ།། བདུད་ཀྱི ་དབང་དུ་འགྲོ་བར་འགྱུར།། ངེས་ན་སེམས་ནི་བསྲུང་བྱས་ཏེ།། ཡང་དག་ལྟ་བས་མདུན་བདར་ཅིང་།། ཡང་དག་ཀུན་རྟོག་སྤྱོད་ཡུལ་ཅན།། ཡང་དག་སྐྱེ་དང་འཇིག་པ་ཤེས། ་གཉིད་དང་རྨུགས་པ་ཟིལ་གནོན་བཱི།། དགེ་སློང་སྡུག་བསྔལ་བཟང་པོ་ཐོབ།། བག་ཡོད་སེམས་ནི་བསྲུང་བ་དང་།། སེམས་དུལ་ཡང་དག་སྡོམ་པ་བདེ།། སྐྱེ་དགུ་རྣམས ་ཀྱི་བསྡུས་པ་དག། གཅིག་དུ་སེམས་ཅན་དམྱལ་བར་འཚོད།། བག་ཡོད་སེམས་ནི་བསྲུང་བ་དང་།། སེམས་དུལ་ཡང་དག་སྡོམ་པ་དེ།། སྐྱེས་བུ་སེམས་ཀྱིས་བསྡུས་པ། ་དག། གཅིག་དུ་དུད་འགྲོ་རྣམསུ་འཚེད།། བག་ཡོད་སེམས་ནི་བསྲུང་བ་དང་།། སེམས་དུལ་ཡང་དག་སྡོམ་པ་བདེ།། སྐྱེ་དགུ་སེམས་ཀྱི་བསླུས་པ་དག། གཅིག་དུ་ཡི་དགས ་རྣམས་སུ་འཚེ།། བག་ཡོད་སེམས་ནི་བསྲུང་བ་དང་།། སེམས་དུ་ཡང་དག་སྡོམ་པ་བདེ།། སྐྱེ་དགུ་སེམས་ནི་བསྲུང་བ་དང་།། གཅིག་དུ་མི་ཡི་ནང་དུ་དགའ།། བག་ཡོད ་སེམས་ནི་བསྲུང་བ་དང་།། སེམས་དུལ་ཡང་དག་སྡོམ་པ་བདེ།། སྐྱེ་དགུ་སེམས་ནི་བསྲུངས་པ་དང་།། གཅིག་དུ་མཐོ་རིས་གནས་སུ་བདེ།། བག་ཡོད་སེམས་ནི་བསྲུང་བ་དང་། ་སེམས་དུ་ལ་ཡང་དག་སྡོམ་པ་བདེ།། སྐྱེ་དགུ་སེམས་ནི་བསྲུང་བ་དག་གཅིག་དུ་མྱ་ངན་འདས་པ་ཐོབ།། སེམས་ཀྱི་ཚོམས་ཏེ་སུམ་བཅུ་གཅིག་པའོ།། །། དགེ་སློང་བསོད ་སྙོམས་བྱེད་པ་བདག་རང་ཙམ།། འབྲངས་པར་བྱེད་ཀྱི་གཞན་དག་མི་གསོ་བ།། རྟག་ཏུ་ཉེར་ཞི་དྲན་དང་ལྡན་པ་ཡི།། སྐྱོབ་པ་དེ་ལ་ལྷ་རྣམས་དགའ་བར་བྱེད།། བཀུར་བསྟི་ནོར ་དང་གྲང་གྲགས་འདོད་རྣམས་ལ་མིན།། དགེ་སློང་འདོད་པ་ཀུན་སྤངས་ཤིང་།། མདུན་ན་གནས་པའི་རྡུལ་བསལ་བ།། བདག་མེད་ཐུབ་པ་བརྟན་པ་ཡི།། གཞན་ལ་སྨྲ་བར་བྱ ་མི་དགོས།། སྐྱེ་བོ་མ་སྔམ་ཚིག་གི་གནོད་བྱེད་པ།། མི་ཟད་བརྗོད་པའི་ཚིག་དེ་ཐོས་གྱུར་ཀྱང་།། དགེ་སློང་སྡང་སེམས་བྲལ་ན་ཇིམ་སྐམས།། གཡུལ་ངོར་གྲང་ཆེན་མངའ ་ཡིས་བསྣན་པ་བཞིན།། སྐྱེ་བའི་མ་སྔ་མས་ཚིག་གི་གནོད་བྱེད་པ།། མི་ཟད་བརྗོད་པའི་ཚིགས་གིས་གནོད་བྱེད་ལ།། དགེ་སློང་ཡིད ་ལེགས་གཞན་ལ་ཇི་མ་སྙམ།། གཡུལ་ངོར་གླང་ཆེན་མདའ་ཡི་བསྣན་པ་བཞིན།། བཟོ་ཡི་མི་འཚོ་ཡང་ཤིང་བདག་ལ་དགའ།། དབང་པོ་དུལ་དང་ཀུན་ལས་རྣམ་གྲོལ་ཞིང་།། ་ཁྱིམ་ལ་མ་ཆགས་བདག་མེད་འདོད་སྲེད་སྤངས།། གཅིག་པུ་སྤྱོད་བྱེད་དེ་ནི་དགེ་སློང་ཡིན།། འཚོ་གཙང་སྙོམས་ལས་མེད་པ་ཡི།། གྲོགས་པོ་ཀུན་དང་འཐུན་བྱ་ཞིང་།། ་སོ་སོར་བགོ་བཤའ་བྱ་བ་དང་།། སྤྱོད་ཡུལ་ཆོ་ག་མཁས་པར་བྱ།། ལག་པ་ལེགས་སྔ་མས་རྐང་པ་ལེགས་སྔ་མས་དང་།། ཚིགས་རྣམས་ལེགས་སྔ་མས་དབང་པོ་ལེགས ་བསྡམས་ཤིང་།། གཅིག་པུ་ནང་དུ་མཉམ་པར་འཇོག་ལ་དགའ།། ཆོས་ཤེས་དེ་ནི་དགེ་སློང་ཡིན་ཞེས་གསུང་།། དགེ་སློང་ཆོས་ལ་ཀུན་དགའ་ཞིང་།། ཆོས་དགའ་ཆོས ་ལ་སེམས་པ་དང་།། ཆོས་ལ་རྗེས་སུ་དྲན་པ་དག། ཆོས་ལས་ཡོངས་སུ་ཉམས་མི་འགྱུར།། དགེ་སློང་ཁང་སྟོང་ཞུགས་ནས་སུ།། ནང་ལ་ལྟ་བར་བྱེད་པ་དང་།། ཆོས ་རྣམས་ལེགས་པར་མཐོང་བ་དང་།། ལྷ་ཡི་དགའ་དང་ལྡན་པར་འགྱུར།། ཇི་ལྟ་ཇི་ལྟར་ཕུང་པོ་ལ།། སྐྱེ་དང་འཇིག་པར་ལེགས་རྟོག་པ།། དེ་ལྟ་དེ་ལྟར་དེ་ཡིས་ནི།། ་དགའ་དང་མགུ་བ་ཉིད་ཀྱང་ཐོབ།། དགེ་སློང་དགའ་བ་མང་པོ་ཡིས།། སྡུག་བསྔལ་ཟད་པ་ཐོབ་པར་འགྱུར།། ཇི་བལྟར་བྲག་གི་རི་བོ་དག། རླུང་གི་རབ་དུ་མི་གཡོས་སྦྱར།། ་དེ་བཞིན་དགེ་སློང་འདོད་ཆགས་དག། ཟད་པ་ཀུན་དུ་རབ་མི་གཡོ།། ཇི་ལྟར་བྲག་གི་རི་བོ་དག། རླུང་གི་རབ་ཏུ་མི་གཡོས་ལྟར།། དེ་བཞིན་དགེ་སློང་ཞེ་སྡང་དག། ཟད་པ་ཀུན། ་དུ་རབ་མི་གཡོ། ཇི་ལྟར་བྲག་གི་རི་བོ་དག། རླུང་གིས་རབ་དུ་མི་གཡོས་ལྟར།། དེ་བཞིན་དགེ་སློང་གཏི་མུག་དག། ཟད་པ་ཀུན་དུ་རབ་མི་གཡོ།། ཇི་ལྟར་བྲག་གི་རི་བོ་དག། ་རླུང་གི་རབ་དུ་མི་གཡོས་ལྟར།། དེ་བཞིན་དགེ་སློང་ང་རྒྱལ་དག། ཟད་པ་ཀུན་དུ་རབ་མི་གཡོ།། ཇི་ལྟར་བྲག་གི་རི་བོ་དག། རླུང་གི་རབ་དུ་མི་གཡོས་ལྟར།། དེ་བཞིན་དགེ་སློང ་ཆགས་པ་དག། ཟད་པ་ཀུན་དུ་རབ་མི་གཡོ།། ཇི་ལྟར་བྲག་གི་རི་བོ་དག། རླུང་གི་རབ་དུ་མི་གཡོས་ལྟར།། དེ་བཞིན་དགེ་སློང་སྲེད་པ་དག། ཟད་པ་ཀུན་དུ་རབ་མི་གཡོ།། ་གང་ལ་ཀུན་དུ་སོགས་པ་མེད།། གང་ལ་བདག་གིར་བྱེད་མེད།། གང་དག་མེད་ནའང་མི་གདུང་བ།། དེ་ནི་དགེ་སློང་ཞེས་བརྗོད་དོ།། རེ་ཞིག་གཞན་ལ་སློང་བ་ཙམ།། ཇི་ག ་དགེ་སློང་མིན་སྙམ་པ།། གྲོང་གི་ཆོས་ནི་འཛིན་བྱེད་པ།། ཇི་ག་དགེ་སློང་མིན་སྙམ་པ།། གང་ཞིག་དགེ་དང་སྡིག་པ་དང་།། རབ་སྤངས་ཚངས་པར་སྤྱོད་ལྡན་ཞིང་། ་སྡེ་ཚོགས་སྤངས་ནས་སྤྱོད་བྱེད་པ།། དེ་ནི་དགེ་སློང་ཞེས་བརྗོད་དོ།། དགེ་སློང་གང་གིས་བྱམས་གནས་ཤིང་།། སངས་རྒྱས་བསྟན་ལ་རབ་དང་བ།། དེས་ནི་ལྟ་བས ་མི་ངོམས་པའི།། ཞི་བའི་གོ་འཕངས་ཐོབ་པར་འགྱུར།། དགེ་སློང་གང་ཞིག་བྱམས་གནས་ཤིང་།། སངས་རྒྱས་བསྟན་ལ་རབ་དང་དེས།། འདུ་བྱེད་ཉེར་བཞི་ཞི་བ་ཡི།། ་ཞི་བའི་འགོ་འཕང་ཐོབ་པར་འགྱུར།། དགེ་སློང་གང་ཞིག་བྱམས་གནས་ཤིང་།། སངས་རྒྱས་བསྟན་ལ་རབ་དང་བས།། དེས་ནི་ཀུན་སྦྱོར་ཀུན་ཟད་པ།། ་རིམས་ཀྱི་མངོན་སུམ་བྱེད་པར་འགྱུར།། དགེ་སློང་གང་ཞིག་བྱམས་གནས་ཤིང་།། སངས་རྒྱས་བསྟན་ལ་རབ་དང་བས།། བདག་ཉིད་ངན་འགྲོ་ལས་འདྲེན་ཏེ།། འདམ་རྫབ ་ལས་ནི་གླང་ཆེན་བཞིན།། དགེ་སློང་གང་ཞིག་བྱམས་གནས་ཤིང་།། སངས་རྒྱས་བསྟན་ལ་རབ་དང་བས།། སྡིག་པའི་ཆོས་རྣམས་བཀྲུག་བྱེད་དེ།། རླུང་གི་ལྗོན་ཤིང་ལོ་མ ་བཞིན།། དགེ་སློང་གང་ཞིག་བྱམས་གནས་ཤིང་།། སངས་རྒྱས་བསྟན་ལ་རབ་དང་བས།། མྱ་ངན་འདས་ལ་དང་བའི་ཕྱིར།། ཡོངས་སུ་ཉམས་འགྱུར་མི་སྲིད་དོ།། སེམས ་དགའ་ཡིད་ནི་བཟང་བ་དང་།། དགའ་དང་མི་དགའ་ཟིལ་ནོན་པའི།། དགེ་སློང་དགའ་བ་མང་པོ་ཡིས།། སྡུག་བསྔལ་ཟད་པ་ཐོབ་པར་འགྱུར།། ལུས་ཞི་དག་ནི་ཞི་བ་དང་།། ་སེམས་ནི་ལེགས་པར་མཉམ་བཞག་ཅིང་།། འཇིག་རྟེན་ཟང་ཟིང་སྤངས་པ་ཡི།། དགེ་སློང་ཉེར་ཞི་ཡིན་ཞེས་བརྗོད།། ཏིང་འཛིན་མེད་ལ་ཤེས་རབ་མེད།། ཤེས་རབ་མེད། ་ལའང་ཏིང་འཛིན་མེད།། ཤེས་རབ་ཏིང་འཛིན་ལྡན་པ་དེ།། དགེ་སློང་ཡིན་ཞེས་བརྗོད་པར་བྱ།། དེ་བས་ཏིང་འཛིན་ཤེས་རབ་ལ།། མཁས་པ་རྣམས་ཀྱི་འཇུག་བྱ་སྟེ།། ་དེ་བཞིན་ཤེས་རབ་དགེ་སློང་དེའི།། དང་པོར་བྱས་པ་འདི་ཡིན་ནོ།། ཆོག་ཤེས་དབང་པོ་སྔ་མ་བྱ་ཞིང་།། སོ་སོར་ཐར་པས་སྡམ་པར་བྱ།། ཟས་འདིའི་ཚོད་ཀྱང་ཤེས་པར་བྱ། ་བས་མཐའ་དགོན་པར་གནས་བྱ་ཞིང་།། ལྷག་པའི་སེམས་ལ་རྣལ་འབྱོར་བྱ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། གང་གི་ལུས་དང་ངག་དང་ནི།། ཡིད་ལ་ཉེས་བྱས ་མེད་གྱུར་པ།། དེ་ནི་དགེ་བའི་ཚུལ་ཁྲིམས་ཅན།། ངོ་ཚའི་ཡིད་ལྡན་དགེ་སློང་ཡིན།། གང་གིས་རྫོགས་པའི་བྱང་ཆུབ་ཀྱི།། ཕྱོགས་ཀྱི་ཆོས་བདུན་ལེགས་བསྒོམས་པ།། ་དེ་ནི་དགེ་བའི་ཆོས་ཅན་ཏེ།། མཉམ་བཞག་དགེ་སློང་ཡིན་ཞེས་གསུངས།། འདི་ན་གང་ཞིག་བདག་ཉིད་ཀྱི།། སྡུག་བསྔལ་ཟད་པར་རབ་ཤེས་ལ།། དགེ་ཞིང་ཤེས་རབ ་ལྡན་པ་དེ།། ཟག་མེད་དགེ་སློང་ཡིན་ཞེས་གསུངས།། ཟག་པ་ཟད་པ་མ་ཐོབ་ན། ཚུལ་ཁྲིམས་བརྟུལ་ཞུགས་ཙམ་དག་ཀམ།། ཡང་ན་ཐོས་པ་མང་པོ་འམ།། དབེན་པ ་དག་དུ་གནས་ཀྱང་རུང་།། ཏིང་འཛིན་ཐོབ་པར་གྱུར་ཀྱང་ངལ།། དེ་ནི་ཟད་མེད་དགེ་སློང་མིན།། ཕུང་པོ་ལ་ནི་བདག་ཟེར་བའི།། འཇིག་རྟེན་འདི་དག་གདུང་བ་སྐྱེ།། ་རྫོགས་པའི་བྱང་ཆུབ་བདེ་བ་ནི།། འཕགས་པས་བསྟེན་པ་མངོན་དུ་བྱ།། ཇི་ལྟ་ཇི་ལྟར་བསམས་བྱས་པ།། དེ་ལྟ་དེ་ལྟར་གཞན་དུ་འགྱུར།། གཞན་དུ་འགྱུར་བའི་འཇིག ་རྟེན་འདི།། སྲིད་པ་ལ་ཆགས་སྲིད་ལ་དགའ།། སྲིད་ལ་མངོན་ཆགས་སྲིད་ལ་ལྟ།། སྲིད་པ་ཉིད་ལ་མངོན་པར་དགའ།། དགའ་བྱ་གང་དེ་སྡུག་བསྔལ་བ།། སྐྱི་ཡང་གང ་ཡིན་དེ་བདེ་བས། སྲིད་པ་རང་དུ་སྤང་བའི་ཕྱིར།། འདི་ནི་ཚངས་པར་སྤྱོད་པ་རྟེན།། དགེ་སྦྱོང་བྲམ་ཟེ་ཇི་སྙེད་པ།། སྲིད་པ་སྲིད་ལས་ངེས་འབྱུང་ཟེར།། དེ་དག་ཐམས་ཅད ་ངེས་འབྱུང་མིན་ཞེས་བརྗོད་པར་བྱ། དགེ་སྦྱོང་བྲམ་ཟེ་ཇི་སྙེད་པ། སྲིད་པའི་སྲིང་ལས་ངེས་འབྱུང་ཟེས་དེ་དག་ཐམས་ཅད་སྲིད་པ་ལས། ་སྲིད་པ་ལས།། རྣམ་གྲོལ་མིན་ཞེས་བརྗོད་པར་བྱས།། ལེན་པའི་རྐྱེན་གྱིས་སྡུག་བསྔལ་འབྱུང་།། སྡུག་བསྔལ་ལས་ནི་ལེན་པ་བྱུང་།། ལེན ་པ་ཐམས་ཅད་ཡོངས་བཟད་ན།། སྡུག་བསྔལ་རབ་དུ་འབྱུང་བ་མེད།། ཐམས་ཅད་ནི་སྲིད་པའི་རྣམ་པ་ཇི་སྙེད་ཡོད་པ།། དེ་དག་ཐམས་ཅད་ནི་མི་རྟག་པ།། སྡུག་བསྔལ ་བ། ཡོངས་སུ་གྱུར་པའི་ཆོས་ཅན་ཡིན་ནོ་ཞེས་དེ་ལྟར་དེ་དག་ལ་ཡང་དག་པའི་ཤེས་རབ་ཀྱི་ཇི་ལྟ་བ་བཞིན་དུ་མཐོང་ན།། སྲིད་པའི་སྲིད་པ་རབ་དུ་སྤོང་བར་འགྱུར་ཞིང་།། ་སྲིད་པ་མེད་ན་མངོན་པར་མི་དགའ་བར་འགྱུར་རོ།། དེ་ལྟར་མྱ་ངན་ལས་འདས་པའི་དགེ་སློང་སྐྱོབ་པ་ནི་གཞན་དུ་ལེན་པ་མེད་ཅིང་།། ཡང་སྲིད་པ་མེད་པར་འགྱུར་ཏེ།། བདད ་ཟིལ་གྱིས་གནོན་པ་དང་།། གཡུལ་ལས་རྒྱལ་བ་དང་།། སྲིད་པ་ཐམས་ཅད་ལས་རབ་དུ་འདས་པ་འདི་ལྟ་བུ་འདི་ནི་སྡུག་བསྔལ་གྱིས་མཐའ་ཡིན་ནོ།། དགེ་སློང་དངོས་པོ ་བཅད་པ་དང་།། ཉེ་བར་ཞི་ཞིང་སེམས་ཞིང་།། དེ་ནི་ཡང་སྲིད་མེད་པར་འགྱུར།། སྐྱེ་བའི་འཁོར་བ་རྣམ་པར་སྤངས།། དགེ་སློང་དངོས་པོ་བཅད་པ་དང་།། ཉེ་བར་ཞི་ཞིང ་སེམས་ཞི་བ།། དེ་ནི་བདུད་ཀྱི་འཆིང་ལས་གྲོལ།། སྐྱེ་བའི་འཁོར་བ་རྣམ་པར་སྤངས།། དགེ་སློང་དངོས་པོ་གཅད་པ་དང་།། སེམས་ནི་ཟག་པ་མེད་གྱུར་པ།། ་དེ་ནི་ཡང་སྲིད་མེད་པ་སྟེ།། སྐྱེ་བའི་འཁོར་བ་རྣམ་པར་སྤངས།། དགེ་སློང་དངོས་པོ་གཅད་པ་དང་།། སེམས་ནི་ཟག་པ་མེད་གྱུར་པ།། དེ་ནི་བདུད་ཀྱི་འཆིང་ལས་གྲོལ།། ་སྐྱེ་བའི་འཁོར་བ་རྣམ་པར་སྤངས།། དགེ་སློང་དངོས་པོ་གཅད་པ་དང་།། སྲིད་པའི་སྲིད་པ་བཏུགས་གྱུར་པ།། དེ་ནི་ཡང་སྲེད་མེད་པར་འགྱུར།། སྐྱེ་བའི་འཁོར་བ་རྣམ ་པར་སྤངས།། དགེ་སློང་དངོས་པོ་གཅད་པ་དང་།། སྲིད་པའི་སྲེད་པ་བཅད་གྱུར་པ།། དེ་ནི་བདུད་ཀྱི་འཆིང་ལས་གྲོལ།། སྐྱེ་བའི་འཁོར་བ་རྣམ་པར་སྤངས།། གང ་ཞིག་འདམ་རྫབ་ལེགས་རྒལ་ཅིང་།། གྲོང་གི་ཚེ་མ་བཀྲུགས་པ་དང་།། འདོད་ཆགས་ཟད་པ་རྗེས་ཐོབ་དེ་ན་དགེ་སློང་ཡིན་ཞེས་བརྗོད།། གང་ཞིག་འདམ་རྫབ་ལས ་རྒལ་ཅིང་།། གྲོང་གིས་ཚེར་མ་བཀྲུག་པ་དང་།། གཏི་མུག་ཟད་པ་རྗེས་ཐོབ་པ།། དེ་ནི་དགེ་སློང་ཡིན་ཞེས་བརྗོད།། གང་ཞིག་འདམ་རྫབ་ལས་རྒལ་ཅིང་།། གྲོང ་གི་ཚེར་མ་བཀྲུག་པ་དང་།། ང་རྒྱལ་ཟད་པ་རྗེས་ཐོབ་པ།། འདི་ནི་དགེ་སློང་ཡིན་བརྗོད།། གང་ཞིག་འདམ་རྫབ་ལས་རྒལ་ཅིང་།། གྲོང་གི་ཚེར་མ་བཀྲུག ་བ་དང་། ཚོགས་པ་ཟད་པ་རྗེས་ཐོབ་པ།། དེ་ནི་དགེ་སློང་ཡིན་ཞེས་བརྗོད།། གང་ཞིག་འདམ་རྫབ་ལས་རྒལ་ཅིང་།། གྲོང་གི་ཚེར་མ་བཀྲུགས་པ་དང་།། སྲེད ་པ་ཟད་པ་རྗེས་ཐོབ་པ།། དེ་ནི་དགེ་སློང་ཡིན་ཞེས་བརྗོད།། གང་ཞིག་འདམ་རྫབ་ལེགས་རྒལ་ཅིང་། གྲོང་གི་ཚེར་མ་བཀྲུགས་པ་དང་།། ཆགས་པ་ཟད་པ་རྗེས་ཐོབ་པ།། ་དེ་ནི་དགེ་སློང་ཡིན་ཞེས་བརྗོད།། གང་ཞིག་འདམ་རྫབ་ལེགས་རྒལ་ཅིང་།། གྲོང་གི་ཚེར་མ་བཀྲུགས་པ་དང་།། སྲེད་པ་ཟད་པ་རྗེས་ཐོབ་པ།། དེ་ནི་དགེ་སློང་ཡིན ་ཞེས་བརྗོད།། གང་ཞིག་ཤེས་པ་དང་ནི་བསོད་པ་དང་།། འཆིང་དང་གྲོང་གི་ཚེར་མཐུལ་བ་དང་།། གང་ཞིག་རི་བོ་བཞིན་གནས་མི་བཀྲི་ཤིང་། ་སྡུག་བསྡེས་མི་གཡོ་དེ་ནི་དགེ་སློང་ཡིན།། སྐུར་བ་མི་འདེབས་སྒྲོ་འདོགས་མི་བྱེད་ཅིང་།། འཇིག་རྟེན་འདི་ཀུན་རྫུན་རྟོགས་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། ་སྤང་སྟེ་སྦྲུལ་རྒས་ལྤགས་སྙིང་རྗེ་བ་བཞིན།། སྦྲུལ་གྱི་དུག་བཏང་བ་ལ་སྨན་བཞིན་དུ། འདོད་ཆགས་ལངས་པ་འདུལ་བའི་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ ་པོ།། སྤོང་ཏེ་སྦྲུལ་རྒས་ལྤགས་སྙིང་རྗེ་བ་བཞིན།། སྦྲུལ་གྱི་དུག་བཏང་བ་ལ་སྨན་བཞིན་དུ།། ཞེ་སྡང་ལངས་པ་འདུལ་བའི་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ ་པོ།། སྤོངས་ཏེ་སྦྲུལ་རྒས་ལྤགས་སྙིང་རྗེས་པ་བཞིན།། སྦྲུལ་གྱི་བཏང་བ་ལ་སྨན་བཞིན་དུ།། གཏི་མུག་ལངས་པ་འདུལ་བའི་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི ་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་སྙིང་རྗེ་བ་བཞིན། སྦྲུལ་གྱི་དུག་གཏང་བ་ལ་སྨན་བཞིན་དུ།། ང་རྒྱལ་ལངས་པ་འདུལ་བའི་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི ་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་སྙིང་རྗེ་བཞིན།། སྦྲུལ་གྱི་དུག་གཏང་བ་ལ་སྨན་བཞིན་དུ།། ཆགས་པ་ལངས་པ་ལ་འདུལ་བའི་དགེ་སློང་གང་།། དེ་ནི་ཕ་རོལ ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་སྙིང་རྗེ་བ་བཞིན།། སྦྲུལ་གྱི་དུག་བཏང་བ་ལ་སྨན་བཞིན་དུ།། ཁྲོ་བ་ལངས་པ་འདུལ་བའི་དགེ་སློང་གང་།། དེ་ནི་ཕ་རོལ ་མིན་པའི་ཕ་རོལ་པོ།། སྡོང་སྟེ་སྦྲུལ་རྒས་ལྤགས་སྙིང་རྗེ་བ་བཞིན།། སྦྲུལ་གྱི་དུག་བཏང་བ་ལ་སྨན་བཞིན་དུ།། སྲེད་པ་ལངས་པ་འདུལ་བའི་དགེ་སློང་གང་།། དེ་ནི་ཕ ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེང་སྦྲུལ་རྒས་ལྤགས་སྙིང་རྗེ་བ་བཞིན།། མཐུ་ཆུང་འདམ་བུའི་རགས་ལ་གླང་ཆེན་བཞིན།། འདོད་ཆེན་མ་ལུས་དྲུང་འབྱིན་དགེ་སློང ་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུ་ལ་རྒས་ལྤགས་སྙིང་རྗེ་བ་བཞིན།། མཐུ་ཆུང་འདམ་བུའི་རགས་ལ་ཀླུ་ཆེན་ལྟར།། ཞེས་སྡང་དྲུང་འབྱིར་མ་ལུས་དགེ ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་སྙིང་རྗེས་པ་བཞིན།། མཐུ་ཆུང་འདམ་བུའི་རགས་ལ་ཀླུ་ཆེན་ལྟར།། གཏི་མུག་མ་ལུས་དྲུང ་འབྱིན་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་སྙིང་རྗེ་བ་བཞིན།། མཐུ་ཆུང་འདམ་བུའི་རགས་ལ་ཀླུ་ཆེན་ལྟར།། ང་རྒྱལ་མ ་ལུས་དྲུང་འབྱིན་དགེ་སློང་གང་།། འདི་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་སྙིང་རྗེ་བ་བཞིན།། མཐུ་ཆུང་འདམ་བུའི་རབས་ལ་ཀླུ་ཆེན་ལྟར།། ཆགས ་བ་མ་ལུས་དྲུང་འབྱིན་དགེ་སློང་གང་། དེ་ནི་ཕ་རོལ་མིན་ངའི་ཕ་རོལ་པོ། སྐྱོང་སྔོ་སྤྲུལ་ནས་ལྤགས་སྙིང་རྗེ་བ་བཞིན། མཐུ་ཆུང་འདམ་བུའི་རགས་ལ་ཀླུ་ཆེན་ལྟར། ་སྲེད་པ་མ་ལུས་དྲུང་འབྱིན་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་ལོ།། སྤོང་སྟེ་སྦྲུལ་རྒས་ལྤགས་སྙིང་རྗེ་བ་བཞིན།། འདོད་པའི་ཡོན་ཏན་ཐམས་ཅད་སྤོང་བྱེད་ཅིང་། ་འདོད་སྦྱོར་འཆིང་བ་རྣམས་བསལ་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་སྙིང་རྗེ་བ་བཞིན། ་སྒྲིབ་པ་ཐམས་ཅད་སྤངས་ཤིང་སྡིག་པ་མེད།། ཡིད་གཉིས་མ་ལུས་དྲུང་འབྱིན་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་སྙིང་རྗེ ་བ་བཞིན།། སྟོག་པ་རྣམ་བསལ་ནང་གི་མ་ལུས་ལ།། རྣམ་པར་རྟོགས་མེད་པ་ཡི་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་སྙིང ་རྗེ་བ་བཞིན།། ནག་སྦྱོར་བྱེད་པ་འགའ་མེད་མིན་དགེ་བ།། རྩ་བ་ལེགས་པར་དྲུང་དབྱངས་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས ་སྙིང་པ་བཞིན། རིམ་ནད་བཅས་པ་འགའ་མེད་མི་དགེ་བའི།། རྩ་བ་ལེགས་པར་དྲང་ཆུང་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས ་ལྤགས་སྙིང་རྗེ་བ་བཞིན།། བག་ལ་ཉལ་བ་དགའ་མེད་མི་དགེ་བའི།། རྩ་བ་ལེགས་པར་དྲང་ཆུང་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ ་སྦྲུལ་རྒས་ལྤགས་སྙིང་རྗེ་བ་བཞིན།། ཁྲིམས་ལྡན་གང་ཡིན་དགེ་སློང་དེ།། སྟོང་ཉིད་ལྡན་གང་བསམ་གཏན་དེ།། རྟག་དུ་བྱེད་གང་རྣལ་འབྱོར་དེ།། མྱ་ངན་འདས ་གང་བདེ་བ་དེ།། དགེ་སློང་དགའ་དང་མི་དགའ་མཛད་ཅིང་།། བས་མཐའི་གནས་མའ་དག་དུ་རྟེན་པ་དག། དེ་ལ་བག་ཡོད་གནས་ཤིང་སྲིད་པ་ཡི།། འདོད་ཆགས ་ཕྲ་རྒྱས་ལེགས་པར་སེལ་བར་བྱེད།། དགེ་སློང་གི་ཆོམས་ཏེ་གསུམ་བཅུ་གཉིས་པའོ།། ། གང་ཞིག་རྒྱན་ཀྱང་ཆོས་སྤྱོད་དུལ་བ་དང་།། ཞི་ཞིང་ཡང་དག ་སྡོམ་ལ་རངས་པར་སྤྱོད།། འབྱུང་པོ་ཀུན་ལ་ཚངས་པས་མི་བཅད་དེ།། བྲམ་ཟེར་དགེ་སྦྱོང་དེ་ཡིན་དགེ་སློང་དེ།། གཅེར་བུ་སྤྱོད་པས་མ་ཡིན་རལ་པས་མ་ཡིན་རྫབ་ཀྱི ་མིན།། ཁ་ཟས་མི་ཟ་བ་ཡི་མ་ཡིན་ཐང་ལ་ཉལ་བ་འམ།། རྡུལ་དང་དྲི་མས་མ་ཡིན་ཙོག་པུར་འདུག་ལ་འབད་པ་ཡི།། མི་རྣས་དག་པར་མི་འགྱུར་སོམ་ཉིས་རྣམས་རྒལ་མི ་འགྱུར།། དགེ་སྦྱོང་བྲམ་ཟེ་གང་ཡང་རུང་།། དེ་དག་ཉིད་ལ་ཆགས་བྱེད་ཅིང་།། ཟག་པ་ཟད་པ་མ་ཐོབ་པར།། བར་མ་དེར་ནི་རྣམ་པར་ཉམས།། དགེ་སློང་བྲམ་ཟེ་གང ་ཡང་རུང་།། དེ་དག་ཉིད་ལ་ཆགས་བྱེད་ཅིང་།། ཟག་པ་ཟད་པ་མ་ཐོབ་པར།། བར་མ་དོར་ནི་རྣམ་པར་ཉམས།། དགེ་སློང་བྲམ་ཟེ་གང་ཡང་རུང་།། དེ་དག་ཉིད་ལ་ཆག ་བྱེད་པ།། ཚོར་བ་ཟད་པ་མ་ཐོབ་པར།། བར་མ་དོར་ནི་རྣམ་པར་ཉམས།། དགེ་སྦྱོང་བྲམ་ཟེ་གང་ཡང་རུང་།། དེ་དག་ཉིད་ལ་ཆགས་བྱེད་ཅིང་།། བྱིས་པ་མཐའ་ཅིག་ལ ་ལྟ་བ། བར་མ་དོན་རྣམ་པར་ཉམས།། དགེ་སྦྱོང་བྲམ་ཟེ་གང་ཡང་རུང་།། དེ་དག་ཉིད་ལ་ཆགས་བྱེད་པ།། བྱིས་པའི་སྐྱེ་བོ་བློ་ངན་རྣམས།། བར་མ་དོར་ནི་རྣམ་པར་ཉམས ་དགེ་སྦྱོང་བྲམ་ཟེ་གང་ཡང་རུང་།། དེ་དག་ཉིད་ལ་ཆགས་བྱེད་པ།། གོ་འཕང་དམ་པ་མ་ཐོབ་པར།། བར་མ་དོར་ནི་རྣམ་པར་ཉམ།། བློ་ངན་ཁྱོད་ཀྱི་རལ་པ་ཅི།། ཁྱོད་ཀྱི ་གཡང་གཞི་གྱོན་པ་ནི།། ཁྱོད་ནང་འཐིབས་པོར་འདུག་བཞིན་དུ།། ཕྱི་རོལ་ལེགས་པར་བྱི་དོར་བྱེད།། བློ་ངན་ཁྱོད་ཀྱི་རལ་པ་ཅི།། ཁྱོད་ཀྱི ་གཡང་གཞི་གྱོན་པ་ཅི།། ཁྱོད་ནང་དྲི་མ་ལྡན་བཞིན་དུ།། ཕྱི་རོལ་བྱི་དོར་བྱི་དོར་ལེགས་པར་བྱི་དོར་བྱ།། རིགས་ཀྱི་བུ་བྲམ་ཟེར་འགྱུར་བ་མ་ཡིན།། རལ་པས་མ་ཡིན ་རུས་ཀྱི་མ་ཡིན།། གང་ཞིག་བདེན་པའི་ཆོས་ལྡན་པ།། གཙང་མ་དེ་ཡིན་བྲམ་ཟེ་དེ།། རིགས་ཀྱི་བྲམ་ཟེར་འགྱུར་མ་ཡིན།། རལ་པས་མ་ཡིན།། རལ་པས་མ་ཡིན་རུས ་ཀྱིས་མན།། གང་ཞིག་ཆེ་ཆུང་རྣམས།། ཐམས་ཅད་སྤོང་བར་བྱེད་པ་དང་།། སྡིག་པ་རྣམས་ནི་སྲང་ཕྱིར་དེ།། བྲམ་ཟེ་ཡིན་ཞེས་ངེས་པར་བརྗོད།། མགོ་བོ་བྲེག་ཙམ་དགེ ་སྤོང་མིན།། ཨོཾ་མ་ཞེས་ཟེར་བྲི་ཟེ་མིན།། གང་ཞིག་དག་པའི་ཆོས་ལྡན་དེ།། གཙང་མ་དེ་ཡིན་བྲམ་ཟེ་དེ།། མགོ་བོ་བྲག་ཙམ་དགེ་སྦྱོང་མིན།། ཨོཾ་ཞེས་ཟེར་བ་བྲམ་ཟེ་མིན།། ་གང་ཞིག་སྡིག་པ་ཆེ་ཆུང་རྣམས།། ཐམས་ཅད་སྤོང་བར་བྱེད་པ་དག།། སྡིག་པ་རྣམས་ནི་སྤང་ཕྱིར་དེ།། དགེ་སྦྱོང་བྲམ་ཟེ་དེ་ཡིན་ནོ།། སྐྱེ་བོ་ཕལ་ཆེར་འཁྲུ ་བདེ།། ཆུ་ཡི་དག་པར་མི་འགྱུར་ཏེ།། གང་ཞིག་སྡིག་པ་ཆེ་ཆུང་རྣམས།། ཐམས་ཅད་སྤོང་བར་བྱེད་པ་དག། སྡིག་པ་རྣམ་ནི་སྤང་ཕྱིར་དེ།། དགེ་སྦྱོང་བྲམ་ཟེ་དེ ་ཡིན་ནོ།། གང་ཞིག་སྡིག་ཆོས་རབ་སྤངས་ཤིང་།། རྟག་དུ་དྲན་ལྡན་སྤྱོད་བྱེད་པ།། ཀུན་སྦྱོར་ཟད་པའི་སངས་རྒྱས་དེ།། འཇིག་རྟེན་དག་ན་བྲམ་ཟེ་ཡིན།། བྲམ་ཟེ་གང ་ཞིག་སྡིག་པའི་ཆོས་སྤངས་ཤིང་།། བདག་ཉིད་ཚུལ་ཆོས་མེད་ཅིང་རྙོག་མེད་གནས།། རིག་བྱེད་མཐར་བྱེད་ཚངས་པར་སྤྱོད་པ་སྤྱང་།། དུས་སུ་སླུ་བྱེད་དེ་ནི་ཚངས་པར ་སྨྲ།། གང་ཞིག་རྒྱུ་ལ་མི་གནས་ང་རྒྱལ་མེད།། གང་ཞིག་ཆགས་མེད་བདག་མེད་རེ་བ་མེད།། འཁྲུག་བཅོམ་བདག་ཉིད་མྱ་ངན་འདས་ཕྱོགས་དེ།། བྲམ་ཟེ་དགེ་སྦྱོང་དེ ་ཡིནན་དགེ་སློང་དེ།། གང་ཞིག་མའི་མང་ལ་སྐྱེས་ནས།། གལ་ཏེ་འཛིན་པ་དང་བཅས་ནས།། དེའི་མིང་དུ་ཞེས་སྨྲ་བར་བསྟན།། བྲམ་ཟེ་ཡིན་པར་ང་མི་སྨྲ། ་ཡོངས་སུ་འཛིན་མེད་ལེན་མེད་པར།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་ལུས་དང་ངག་དང་ནི།། ཡིད་ཀྱི་ཉེས་བྱས་མི་བྱེད་ཅིང་།། གང་ཞིག ་གནས་སུ་མ་ལེགས་བསྡམས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་ཚིག་དག་མི་རྩུབ་ཅིང་།། གོ་བྱེད་ཡིད་འོང་སྨྲས་པ་དང་།། གང་གི་ས ་ཉོན་མོངས་མི་སྐྱེད་དེ།། བྲམ་ཟེ་ཡིན་པར་ངས་གསུངསོ།། གང་ཞིག་གསོད་ཅིང་ཤེས་པ་དང་།། སྡང་བ་མིན་ལ་བཟོད་བྱེད་དོ།། བཟོད་པའི་བརྟུལ་ཞུགས་སྟོབས ་ཚིགས་ཅན།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། ཁྲོ་བ་མེད་ཅིང་ཚུལ་ཁྲིམས་ཅན།། བརྟུལ་ཞུགས་ལྡན་ཞིང་སེམས་ཁྲལ་མེད།། དུལ་བཞིང་ལུས་མཐར ་གནས་པ་དེ།། བྲམ་ཟེ་ཡིན་པར་ངས་གསུང་སོ།། གང་ཞིག་རང་བྱུང་ཁྱིམ་པ་དང་།། དེ་བཞིན་གཉིས་གར་མི་འདྲེ་ཞིང་།། འདོད་ཆུད་ཁྱིམས་ནས་མ་བྱུང་ཏེ། ་བྲམ་ཟེ་ཡིན་པས་ངས་གསུངས་སོ།། མ་འོངས་པ་ལ་སྔོན་མི་དགའ།། འདས་པ་རྣམས་ལ་གདུང་མེད་པ།། འཁྲིག་པའི་སྦྱོར་བྲལ་གཡུལ ་རྒྱལ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། མ་འོངས་པ་ལ་མངོན་མི་དགའ།། འདས་ལ་གདུང་མེད་རྡུལ་བྲལ་ཞིང་།། ཞི་བ་མྱ་ངན་འདས་པ་དེ།། བྲམ་ཟེ་ཡིན ་པར་དྭ་གསུངས་སོ།། གང་ཞིག་འདོད་ཆུང་གཞན་མིགས་སོ།། རྡུལ་ཞིང་སྙིང་པོར་རབ་གནས་ལ།། ཟག་ཟད་སྐྱོན་རྣམ་རྩལ་བ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། ་གང་ཞིག་ཕ་རོལ་ཚུ་རོལ་དང་།། ཕ་རོལ་ཚུ་རོལ་གཉིས་མེད་ཅིང་།། ཆོས་ཀུན་གྱི་ནི་མཐར་ཕྱིར་ཏེ། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་ཕ་རོལ་ཚུར་རོལ ་དང་།། ཕ་རོལ་ཚུར་རོལ་གཉིས་མེད་ཅིང་།། ཆོས་ཀུན་གྱིས་ནི་མཐར་ཕྱིན་ཏེ། བྲམ་ཟེ་ཡིན་པར་ངས་གསུངསོ།། གང་ཞིག་གནས་གསུམ་ཆགས་པ་དེ།། བྲམ་ཟེ་ཡིན ་པར་ངས་གསུངས་སོ།། གང་ཞིག་ཐུ་དང་རིང་བ་དང་།། ཕོ་མོ་དགེ་དང་མི་དགེ་དང་།། འཇིག་རྟེན་ཆུང་ཟད་མི་ལེན་དེ། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག ་འདི་ཉིད་རབ་ཤེས་ཤིང་།། རང་གི་སྡུག་བསྔལ་ཟད་པ་དང་།། འདོད་ཆགས་བྲལ་ཞིང་མི་ལྡན་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་དགེ་ཞིང་སྡིག ་པ་དང་།། གཉིས་ཀ་ཡི་ནི་མི་གོས་པ།། གོས་མེད་རྡུལ་བྲལ་ཞི་བ་མེད།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་དགེ་དང་སྡིག་པ་ལ།། ཆགས་པ ་གང་ཡིན་རབ་འདས་ཤིང་།། ཆགས་ལས་རབ་འདས་རྣམ་བྲལ་དེ།། བྲམ་ཟེ་ཡིན་པར་ངས་གསུང་སོ།། གང་ཞིག་སྔོན་དང་ཕྱི་མ་དང་།། དབུས་ཀྱང་ཡོད་པ་ཡོད ་པ་མ་ཡིན་ནོ།། རྡུལ་བྲལ་འཆིང་བ་ལས་གྲོལ་ཏེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། པད་མའི་འདབ་ལ་ཆུ་བལྟར་དང་།། སྙང་བུའི་རྩེ་ལ་ཡུང་དཀར་ལྟར།། ། ་གང་ཞིག་སྡིག་ལ་མི་གནས་ཏེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། པདྨའི་འདབ་མ་ཆུ་ལྟར་དང་།། སྐང་བུའི་རྩེ་ལ་ཡུངས་དཀར་ལྟར།། གང་ཞིག་འདོད་ལ་མི ་གནས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། པད་མའི་འདབ་མ་ཆུ་ལྟར་དང་།། སྙིང་བུའི་རྩེ་ལ་ཡུངས་དཀར་ལྟར།། སྲིད་ལ་དགའ་བ་ཡོངས་སྤངས་དེ།། ་བྲམ་ཟེ་ཡིན་པར་ངས་གསུངས་སོ།། ཟླ་བ་དག་ཅིང་དྲི་མེད་ལ།། སྐྱོན་བྲལ་རབ་དུ་དང་བ་ལྟར།། གང་ཞིག་སྡིག་པས་མི་གོས་ཏེ། བྲམ་ཟེ་ཡིན་པར་ངས་གསུངསོ།། ། ་ཟླ་བ་དག་ཅིང་དྲི་མེད་ལ།། སྐྱོན་བྲལ་རབ་དུ་དང་བ་ལྟར།། གང་ཞིག་འདོད་པས་མི་གོས་ཏེ།། བྲམ་ཟེ་ཡིན་པར་ངས་གསུངསོ།། ཟླ་བ་དག་ཅིང་དྲི་མེད་ལ།། སྐྱོན ་བྲལ་རབ་དུ་དང་བ་ལྟར།། སྲིད་ལ་དགའ་བ་ཡོངས་སྤངས་ཏེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། འདམ་རྫབ་ཀྱིས་ནི་མཁས་ལྟར་དང་།། རྡུལ་གྱི་ཟླ་བ་ཇི་ལྟ ་བར།། གང་ཞིག་འདོད་པས་མི་གོས་ཏེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། འདམ་རྫབ་ཀྱི་ནི་མཁའ་ལྟར་དང་།། རྡུལ་གྱི་ཟླ་བ་ཇི་ལྟ་བར།། སྲིད་ལ་དགའ ་བ་ཡོངས་སྤངས་ཏེ།། བྲམ་ཟེ་ཡིན་པར་ངས་གསུང་སོ།། གང་ཞིག་འདུག་ན་རྡུལ་བྲལ་བ།། སེམས་ཤིང་ཟག་ཟད་བྱ་བ་བྱས།། དུལ ་ཞིང་ལུས་མཐའ་གནས་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། ཤེས་རབ་ཟབ་ཅིང་ཡིད་བཞུངས་ལ།། ལམ་དང་ལམ་མིན་རྣམ་ལ་མཁས།། གང་ཞིག་དོན ་མཆོག་རྗེས་ཐོབ་སྟེ།། བྲམ་ཟེ་ཡིན་པར་ངས་གསུངསོ།། མི་ནི་གང་ཡང་རུང་བ་དག། སློངས་མོ་ཙམ་གྱིས་འཚོ་བ་དང་།། བདག་མེད་སུ་ལ་འང་གནོད་མི་བྱེད།། ་བསྟན་ལྡན་ཚངས་པར་སྤྱོད་པ་ཅན།། ཀུན་ཤེས་སྤང་ཕྱིར་ཆོས་སྟོན་དེ།། བྲམ་ཟེ་ཡིན་པར་ངས་གསུངསོ།། གང་ཞིག་འདོད་པ་ལེགས་སྤངས་ཤིང་།། ཁྱིམ ་མེད་པར་ནི་རབ་བྱུང་སྟེ།། འདོད་པའི་ཟག་པ་ཡོངས་ཟད་དེ།། བྲམ་ཟེ་ཡིན་པར་ངས་གསུངསོ།། འགྲོ་བ་དང་ནི་གནས་པ་ཡིན།། འབྱུང་པོ་ཆད་པས་མི ་གཅོད་ཅིང་།། གསོད་མེད་གསོད་དུ་མི་འཇུག་སྟེ།། བྲམ་ཟེ་ཡིན་པར་ངས་གསུངསོ།། གང་ཞིག་མི་འཐུན་འབྲུ་བྱེད་ཅིང་།། ཆད་པས་གཅོད་པ་དང་དུ་ལེན།། ་འབྱུང་པོ་རྣམས་ལ་རྩེ་བར་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། སྲུང་བུའི་རྩེ་ལ་ཡུངས་དཀར་ལྟར།། གང་ཞིག་འདོད་ཆགས་ཞེ་སྡང་དང་།། ང་རྒྱལ ་འཆབ་པ་འཇོམས་པ་དེ།། བྲམ་ཟེ་ཡིན་པར་ངས་གསུང་སོ།། གང་ཞིག་སྲིད་པའི་རྫབ་འདི་དང་།། འཁོར་བའི་ཀླུང་ལས་རབ་རྒལ་ཅིང་།། རྒལ་ནས་པ ་རོལ་འགྲོ་བར་སེམས།། ཡིད་སྲེད་པས་ནི་མི་བཀྲི་ཞིང་། གང་ཞིག་པ་ལས་ལོག་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་འཇིག་རྟེན་འདི་དང་ནི། ་ཕ་རོལ་ལ་ཡང་སྲེད་མེད་ཅིང་།། སྲེད་པའི་སྲེད་པ་ཡོངས་སུ་ཟད་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་འཇིག་རྟེན་འདི་དང་ནི།། ཕ་རོལ་ལ་ཡང ་ཆགས་མེད་ཅིང་།། ཆགས་མེད་རྣམ་པར་བྲལ་བ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། དགའ་དང་མི་དགའ་སྤངས་པ་དང་།། བསིལ་བར་གྱུར་ཅིང་ཟག ་པ་མེད།། འཇིག་རྟེན་ཀུན་གནོན་བརྟན་ཏེ།། བྲམ་ཟེ་ཡིན་པར་ངས་གསུངསོ།། མི་ཡི་སྦྱོར་བ་སྤངས་ནས་སུ།། ལྷ་ཡི་སྦྱོར་བ་རབ་འདས་ཤིང་།། སྦྱོར་བ་ཀུན་དང ་རབ་བྲལ་ཏེ།། བྲམ་ཟེ་ཡིན་པར་ངས་གསུངསོ།། གང་ཞིག་ལྷ་དང་དྲི་ཟ་དང་།། མི་ཡི་འགྲོ་བ་མི་ཤེས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་གི་ཆོས ་རྣམས་མི་ཤེས་པ་འམ།། མ་མཐོང་བ་ནི་མེད་གྱུར་ལ།། ཤེས་བྱ་མཐའ་ཡས་ལྟ་བ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་གི་སྔོན་གྱི་གནས་རྟོག་ཤིང་།། ་མཐོ་རིས་ངན་སོང་མཐོང་བ་དང་།། དེ་ནས་སྐྱེ་བ་ཟད་ཐོབ་པའི།། ཐུབ་པ་མངོན་ཤེས་ལ་བརྩོན་པ།། སྡུག་བསྔལ་ལྷ་རབ་ཤེས་ཏེ།། བྲམ་ཟེ་ཡིན་པར ་ངས་གསུངས་སོ།། སེམས་ཀྱི་རྣམས་གྲོལ་ཤེས་པ་དང་།། འདོད་ཆགས་ཀུན་ལས་གྲོལ་བ་དང་།། རིགས་པ་གསུམ་དང་ལྡན་པ་དེ།། བྲམ་ཟེ་ཡིན་པར་ངས ་གསུངས་སོ།། གང་གི་སེམས་ཅན་འཆི་འཕོ་དང་།། སྐྱེ་བ་ཐམས་ཅད་རྟོགས་གྱུར་པ།། ཐོགས་མེད་སྤྱན་ལྡན་སངས་རྒྱས་དེ། བྲམ་ཟེ ་ཡིན་པར་ངས་གསུངས་སོ།། གང་ཞིག་ཀུན་སྤོར་ཀུན་འདས་ཤིང་།། ཡོངས་སུ་གདུང་བ་མེད་པ་དང་།། དགའ་མེད་དྲན་ལྡན་བརྟན་པ་དེ།། བྲམ་ཟེ་ཡིན་པར་ངས་གསུང ་སོ།། ཐུབ་པ་རྣམ་རྒྱལ་དྲང་སྲོང་ཆེ། ཁྱུ་མཆོག་རབ་ཆོག་གླང་པོ་ཆེ།། བཀྲིས་མེད་ཁྲུས་བྱས་སངས་རྒྱས་དེ།། བྲམ་ཟེ་ཡིན་པར་ངས་གསུངསོ།། གང་ཞིག་སྲིད་འདས ་ཀུན་ཟིལ་གནོན།། ཆུ་བོ་ལས་རྒལ་རྣམ་པར་འདྲེན།། རྣམ་བྲལ་ཕ་རོལ་ཕྱིན་པ་སྟེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། སྡིག་ཅན་རྣམ་པར་མི་སེམས་ཤིང་། ་མི་སྒོམ་སླ་བར་མི་བྱེད་པར།། འདུལ་ནས་རྡུལ་བྲལ་སེམས་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་ཕྱག་དར་ཁྲོད་འཆང་ཞིང་།། ངོ་འཚ་ཤེས་ཤིང ་འདོད་མི་ལྟ།། ཤིང་དྲུང་དག་ན་གནས་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངསོ།། གང་ཞིག་སྡུག་བསྔལ་ཀུན་སྤང་ཕྱིར།། ཞི་བ་འཕགས་ལམ་ཡན་ལག་བརྒྱད།། ་དྲང་པོ་བསྒོམ་པར་བྱེད་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ལ་ཅུང་ཟད་གནས་མེད་ཅིང་།། ཀུན་ཤེས་ཡིད་གཉིས་ཟུག་དུ་མེད།། འཆི་མེད་གོ་འཕང ་ཐོབ་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངསོ།། གང་ཤིག་ལུས་མེད་ཕུག་ན་གནས། གཅིག་བུ་རྒྱུ་ཞིང་རིང་དུ་འགྲོ། གདུལ་བར་དཀའ་བའི་སེམས་གདུལ་ཏེ།། ་བྲམ་ཟེ་ཡིན་པར་ངས་གསུངསོ།། གང་ཞིག་གསུགས་མེད་ལྟར་མེད་མཐའ་ཡས་ལ།། ཤིན་དུ་ལྟར་མེད་ཕྲ་ཞིང་བཞི་མངོན་རྟོགས།། རྟག་ཏུ་ཀུན་སྦྱོར་ཟད་རྒྱུ་སངས ་རྒྱས་པ།། འཇིག་རྟེན་འདི་ན་དེ་ནི་བྲམ་ཟེ་ཡིན།། གང་གི་སོགས་མིག་འཆིང་བཏུབས་ཏེ།། ཆིངས་མ་རྒྱངས་ཐག་གཅད་ནས་སུ།། ཡོངསུ་གདུང་སྤངས་སངས ་རྒྱས་དེ།། བྲམ་ཟེ་ཡིན་པར་ངས་གསུངསོ།། གང་གི་རྙེད་འདོད་སྡིག་ཅན་དང་།། སོག་མིག་ཆིངས་མ་བཏུབས་གྱུར་ཅིང་།། སྲེད་པ་རྩར་གཅད་དྲུངས་ཕྱུང་དེ། ་བྲམ་ཟེ་ཡིན་པར་ངས་གསུངསོ།། བརྩོན་པས་ཆུ་བོའི་རྒྱུན་གཅད་ཅིང་།། འདོད་པ་ཐམས་ཅད་རབ་བཅོམ་དང་།། འདུ་བྱེད་རྣམས་ཀྱི་ཟས་ཤེས་པ།། སྡིག་མེད ་གང་ཡིན་བྲམ་ཟེ་ཡིན།། ཕ་དང་མ་ནི་གསང་བྱས་ཤིང་།། རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་།། ཡུལ་འཁོར་འཁོར་དང་བཅོས་བཅོམ་པ།། སྡིག་མེད་གང ་ཡིན་བླམ་མིན་གསད་བྱས་ཤིང་།། རྒྱལ་པོ་ཙང་སྦྲ་ཅན་གཉིས་དང་། མི་ཟད་པ་ཡི་རྟག་བརྟན་པ།། སྡིག་མེད་གང་ཡིན་བྲམ་ཟེ་ཡིན།། གང་ཞི་བྲམ་ཟེས ་ཌྷྭེ།། སྤྱོད་པར་བྱེད་པ་དེ་དབྱས། ཟླས་འི་རྣམས་ལ་དྲེག་མིཿ།། རྫམ་ས་རྣམས་སྤྱད་པར་མི་ཐལ། གང་ཞིགཅོས་རྣམས་ན་ཤེས ་རྒན་རྣམས་ཡང་ན་གཞོན་ཡང་རུང་།། དེ་ལ་བཀུར་སྟི་བསྙེན་བཀུར་ཏེ།། བྲམ་ཟེ་གཙང་མས་མེ་བཞིན་ནོ།། གང་ཞིག་ཆོས་རྣམས་རྣམ་ཤེས་ན།། རྒན་ནམ་ཡ ་ན་གཞོན་ཡང་རུང་།། དེ་ལ་བཀུར་སྟི་བསྙེན་བཀུར་སྟེ། བྲམ་ཟེ་གཙང་མས་མེ་བཞིན་ནོ།། གང་ཞིག་རྫོགས་པའི་སངས་རྒྱས་ཀྱི། ་བསྟན་པའི་ཆོས་རྣམས་རྣམ་ཤེས་ན།། དེ་ལ་བཀུར་ཞིང་ཕྱག་བྱས་ཏེ།། བྲམ་ཟེ་གཙང་མས་མེ་བཞིན་ནོ།། གང་ཞིག་རྫོགས་པའི་སངས་རྒྱས་ཀྱིས།། བསྟན་པའི ་ཆོས་རྣམས་རྣམ་ཤེས་ན།། དེ་ལ་བཀུར་སྟི་བསྙུན་བཀུར་ཏེ། བྲམ་ཟེ་གཙང་མས་མེ་བཞིན་ནོ།། གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱི། ཕ་རོལ་ཕྱིན་པར་གྱུར་པ་ན། ་དེ་ཚེ་ཤེས་ཟ་བ་ཀུ་ལ།། གཅིག་པོ་ལས་ཀྱང་ཤིན་དུ་འདས།། གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱི།། ཕ་རོལ་ཕྱིན་པར་གྱུར་པ་ན།། དེ་ཚེ་དེས་མཐོང་ཚོང་པ་རྣམས།། ་ཐམས་ཅད་ནུབ་པ་ཉིད་དུ་གྱུར།། གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱི།། ཕ་རོལ་ཕྱིན་པར་གྱུར་པ་ན།། དེ་ཚེ་སྐྱེ་དང་རྒ་བ་དང་།། འཆི་བ་རྣམས་ལས་ཤིན་དུ་འདས།། ཉིན་མོའི ་ཉི་མ་གསལ་བར་བྱེད།། མཚན་མོ་ཟླ་བ་སྣང་བ་ལྟར།། རྒྱལ་རིགས་གོ་ཆས་ཆས་པ་ལྟར།། བྲམ་ཟེ་སེམས་པར་བྱེད་ན་སྩལ།། ཉིན་མོ་ཉི་མ་གསལ་བར་བྱེད།། ་མཚན་མོ་ཟླ་བ་སྣང་བྱེད་ལྟར། རྟག་དུ་སངས་རྒྱས་གཟི་བརྗིད་ཅན།། ཉིན་དང་མཚན་དུ་གསལ་བར་བྱེད།། ཇི་ལྟར་མི་སྡུག་པ་ལས་ཡིད་ལྡོག་པ།། དེ་འདྲ ་ཟམ་ཟེ་རྣམས་ལས་ཆུང་ཟད་མེད།། ངི་ན་འི་ལྟར་དེ་ཡི་ཡིང་ཟློག་པ།། དེ་ལྟ་དེ་ལྟར་ཀུན་རྫོབ་བདེན་པར་ཟད།། གང་ཚེ་བྲིམ་ཟེ་བརྩོན་པར་སེམས་པ་ན། ་གང་གི་ཆོས་རྣམས་རྒྱུ་བཅས་རབ་ཤེས་པ།། ཆོས་འདི་རྣམས་ལ་རབ་དུ་འབྱུང་འགྱུར་ཏེ།། དེ་ཚེ་དེ་ཡི་སོམ་ཉི་མ་ལུས་སྤོང་།། གང་ཚེ་བྲམ་ཟེ་བརྩོན་པར ་སེམས་པ་ན།། གང་གི་སྡུག་བསྔལ་རྒྱུར་བཅས་རབ་ཤེས་པ།། ཆོས་འདི་རྣམས་ལ་རབ་དུ་འབྱུང་འགྱུར་ཏེ། དེ་ཚེ་དེ་ཡི་སོམ་ཉི་མ་ལུས་སྤོང་།། གང་ཚེ་བྲམ་ཟེ ་བརྩོན་པར་སེམས་པ་ན།། གང་གི་ཚོར་བ་ཟད་པ་ཐོབ་འགྱུར་བ།། ཆོས་འདི་རྣམས་ལ་རབ་དུ་འབྱུང་འགྱུར་ཏེ།། དེ་ཚེ་དེ་ཡི་སོམ་ཉི་མ་ལུས་སྤོང་།། གང་ཚེ ་བྲམ་ཟེ་བརྩོན་པས་འབད་པ་ན།། གང་གིས་རྐྱེན་རྣམས་ཟད་པ་ཐོབ་འགྱུར་ལ།། ཆོས་འདི་རྣམས་ལ་རབ་ཏུ་འབྱུང་འགྱུར་ཏེ། དེ་ཚེ་དེ་ཡི་སོམ་ཉི་མ ་ལུས་སྤོང་།། གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན།། གང་གིས་ཟག་པ་ཟད་པ་ཐོབ་འགྱུར་བ།། ཆོས་འདི་རྣམ་ལ་རབ་དུ་འབྱུང་འགྱུར་ཏེ།། དེ་ཚེ་དེ་ཡི་སོམ་ཉི་མ ་ལུས་སྤོང་།། གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། ཇི་ལྟར་མཁའ་ལ་ཉི་མ་ཤར་བ་ལྟར།། འཇིག་རྟེན་ཐམས་ཅད་སྣང་བྱེད་འདུག་གྱུར་པ།། ཆོས་འདི་རྣམས་ལ ་རབ་ཏུ་འབྱུང་འགྱུར་བ།། གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན།། བྲོ་ཡི་ཀུན་སྦྱོར་རྣམས་ལས་རབ་གྲོལ་ཏེ།། བདུད་སྡེ་རྣམ་པར་བསལ་ནས་འདུག་གྱུར་པ། ཆོས་འདི ་རྣམས་ལ་རབ་ཏུ་འབྱུང་བར་འགྱུར།། བྲམ་ཟེའི་ཆོམས་སྟེ་སུམ་བཅུ་གསུམ་པའོ།། ། སྡོམ་ལ་དེ་བཞིན་གཤེགས་དང་ཐོས་དང་དག་ལ། བགྲོ་དང་འཛའ་བ་ཤེས ་ལྔ་པའོ།། མྱ་ངན་འདས་དང་མཐོང་བ་དང་། སྡིག་དང་ཕྲུག་དང་བ་དང་། སེམས་དང་དགེ་སློང་ཚོམས་ངག་དང་། བྲམ་ཟེ་ཡང་ནི ་ཐ་མ་ཡིན། ཆེད་དུ་བརྗོད་པའི་ཚོམས། དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པ་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་བྱི་རྱ་པྲ་མ་ཀ་ར་དང་། ལོ་ཙྪ་བ་བན་དེ་རིན ་ཆེན་མཆོག་གིས་བསྒྱུར།། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་རྩེགས་ཀྱིས་ནས་གཏན་ལ་ཕབ་པ།། ཤོ་ལོ་ཀ་ནི་སྟོང་ལྔ་བཅུ་ཡོད། ་འཇམ་ཞིང་མཉེན་པ་ཡིད་དུ་འོང་བའི་མཆོག། ཚངས་ལས་ལྷག་པར་མཆོག་ཏུ་དགའ་བགྱི་བ།། དྲི་ཟི་མི་ཙི་ལྷའི་བུ་མོ་མཆོག། སྒྲ་དེ་ཟིལ ་གྱིས་མནོན་པ་གསུང་པ་མཛད།། བདེན་དང་དྲང་བ་མི་ཟད་ཐབས་ཚུལ་གྱིས།། ཡོན་སྦྱངས་ཡོན་ཏན་མཐའ་ཡས་ལྡན་པའི་གསུངས།། དེ་ཐོས་སེམས་ཅན་ཁྲག་ཁྲིག ་ཕྲག་རྒྱ་དག། ཐེག་གསུམ་གྱི་ཞི་བར་མཆི་བར་བགྱིད།། ཁྱོད་ལ་མོད་པས་ལྷའི་བདེ་བ་ནི།། རྣམས་པ་མང་དང་དེ་བཞིན་མིའི་ཐོབ།། མིའི་བདག་པོ་འགྲོ་ལ་ཕན་བགྱིད ་པ། ཕྱག་རྣོནོར་ཆེ་འབྱོར་པ་ཆེན་པོར་འགྱུར།། མཚུངས་མེད་ཁྱོད་ལ་དད་པ་བསྐྱེད་པ་ནི།། གླིང་བཞི་བདག་པོ་འཁོར་ལོ་སྒྱུར་བ་མཆོག། འགྲོ་བ་དགེ་བ་བཅུ་པོ་ཀུན ་བྱེད་པ།། རིན་ཆེན་རབ་བཟང་བདུན་ལྡན་ཐོབ་པར་འགྱུར།། རྒྱལ་བ་ཁྱོད་ལ་མཚོཆོ་བླགྱིས་པས་ནི།། ཚངས་པ་བརྒྱ་བྱིན་འཇིག་རྟེན་བདག་པོ་དང་།། ཡོངས་སུ་དགའ་ལྡན ་ལྷའི་བདག་པོའོ།། གཞན་འཕྲུལ་བ་དང་ཐབས་བྲལ་རབ་དགའ་འགྱུར།། འགྲོ་བའི་སྡུག་བསྔལ་རྣམ་མང་སེལ་མཛད་པ།། མཉམ་མེད་ཁྱོད་ལ་མཆོད་དང་མཐོང་བ་དང། ་ཐོས་པ་དེ་ལྟར་འགྲོ་བ་དག་ནི་མཆིས་ལགས་ཏེ།། གནས་མཆོག་རྒ་ཤི་མེད་པ་ཐོབ་པར་འགྱུར།། བཅོམ་ལྡན་ལམ་མཁས་ཞི་ལ་མཁྱེན་པ།། འཇིག་རྟེན་འདི་ནི་ངན་པའི་ལམ། ་ལས་ཟློག། བཅོམ་ལྡན་འགྲོ་བ་དག་ནི་འཕགས་པའི་ལམ།། བདེ་བ་ཞི་པ་རྡུལ་དང་བྲལ་ལ་འགོད།། བསོད་ནམས་གཏེར་ཁྱོད་བསོད་ནམས་དོན་གཉེར་བའི།། བསོད་ནམ ་བགྱི་བ་རྟི་ཏུ་མི་བས་ཏེ།། བྱང་ཆུབ་དམ་པ་མ་མཐོང་བར་དུ་ནི། སྐལ་པ་བྱེ་བ་མང་བོར་བས་མི་འགྱུར།། གཞན་འཕྲུལ་འདྲ་བ་རྟག་ཏུ་དགའ་བགྱིད་པ།། ཡོངས་སུ་དག ་ཅིག་མཛེས་པ་ཐོབ་པར་འགྱུར།། དམ་པའི་ཞིང་དུ་ལུས་དང་ངག་ཡིད་ཀྱིས།། སེམས་ཅན་དག་ནི་རྣམ་པར་དག་པར་འགྱུར།། རྒྱལ་བ་མཆོད་པ་མི་ཡིས་འདི་ལ་སོགས།། ་ཡོན་ཏན་རྣམས་པ་དུ་མ་ཐོབ་པར་འགྱུར།། མཐོ་རིས་ཐར་པའི་མིའི་བདེ་བ་དང་།། འགྲོ་བ་ཀུན་གྱི་བསོད་ནམས་གཏེར་ཐོབ་འགྱུར།། ཁྱོད་ཀྱི་བརྗོད་དང་གྲགས་པ་རྒྱ་ཆེན ་པོ།། ཕྱོགས་རྣམས་ཀྱི་ཞིང་མང་བརྒྱར་ཡང་མ་མཆིས།། རྒྱལ་བ་ཁྱོད་ཀྱི་སྔགས་པའི་ཕྲེང་བ་ནི།། བདེ་བར་གཤེགས་རྣམས་འཁོར་དུ་རྟོགས་པར་སྒྲགས།། རིམས་ནས་བྲལ ་ཞིང་འགྲོ་བ་ཐར་མཛད་པ།། མཐོང་ན་དགའ་བ་ཐུགས་རྗེ་མཆོག་ལྡན་པ།། བཅོམ་ལྡན་དབང་པོ་ཞི་བཞི་དགེས་པ།། མི་མཆོག་དམ་པ་ཁྱོད་ལ་ཕྱག་འཚལ་ལོ།། བདག ་གིས་རྒྱལ་པོ་ཁྱོད་ཀྱི་གསུང་ཐོས་ནས།། མངོན་པར་ཤེས་པ་ལྔ་ཐོབ་མཁས་ལ་གནས།། དཔའོ་བདེ་གཤེགས་ཚུངས་པར་བདག་འགྱུར་ཏེ།། དྲི་མེད་ཆོས་ནི་འགྲོ་བ་མང ་པར་བྱེད།། ལྷ་དང་མི་དང་ཀླུ་མཆོད་བདེ་བར་གཤེགས།། ཡོན་ཏན་ཀུན་གྱི་མཐར་ཕྱིན་དེ་སྟོང་པས།། བསོད་ནམས་རྒྱ་ཆེན་གང་སྒྲུབས་གྱུར་པ་འདིས།། འགྲོ་བ ་སངས་རྒྱས་གོས་འཕང་ཐོབ་པར་ཤོག། ཅེས་བྱ་བའོ།། ཡང་ན་ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་པ་ཏེ།། གཞན་ཡང་སངས་རྒྱས་བཅོམ་ལྡན་འདས ་