| Wylie | e-texts produced with BDRC’s OCR application |
ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པོ།། ཚེ་འཕོ་བ་ཇི་ལྟར་འགྱུར་བ་ཞུས་པའི་མདོ།། །། སངས་རྒྱས་དང་བྱང ་བདཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུ་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར ་ཆེན་པོ་སེར་སྐྱར་ཁྱིམ་བདག་ཐམས་ཅད་འདུས་པའི་དུས་ལ་བབ་པར་གཟིགས་ནས། དེ་དག་དད་པ་བསྐྱེད་པར་བྱ་བའི་ཕྱིར་འཁོར་ལྔ་བརྒྱ་དང་བཅས་པར ་གཤེགས་པ་ལས། དེའི་ཚེ་ཤཱཀྱ་དགའ་སྐྱེས་ཞེས་བྱ་བ་དར་ལ་བབ་པ་གཉེན་གྱི་སྐྱེ་བོ་ཐམས་ཅད་ལ་རབ་ཏུ་གཅེས་པ། མི་ཐམས་ཅད་ཀྱིས་བཀུར་བའི ་བའི་གནས་སུ་གྱུར་པ་ཞིག་ཚེ་འཕོས་པའི་ཕུང་པོའི་དྲུང་ན། དེའི་བུ་དང་། ཆུང་མ་དང་། སྤུན་དང་། གཡོག་འཁོར་རྣམས་ཀྱིས་རྟའི་ཚོགས་དང་། གླང ་པོ་ཆེའི་ཚོགས་དང་། གོས་དང་རྒྱན་སྣ་ཚོགས་པ་ཡང་བསགས། གསེར་དངུལ་དང་། མུ་ཏིག་དང་། ཤེལ་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་པ་ཡང ་བསགས། བཟའ་བ་དང་། འཐའ་བ་དང་། གཏུང་བ་རོ་ཞིམ་པ་མངར་བ་སྣ་ཚོགས་པ་ཡང་བསགས་ཏེ། སྨྲེ་སྔགས་འདོན་ཞིང་དགའ་སྐྱེས་ལ་གསོལ ་ལོ།། ཞེས་མཆོད་པ་དང་། རྒྱལ་པོ་ཟས་གཙང་མས་བསམས་པ། འདི་ལྟར་ཚེ་འཕོས་པ་མཆོད་ཅིང་གསོལ་བ་དང་། བརྗོད་པ་ནི་བྲམ་ཟེ་དག་གི་སྣང ་ལས་ཟེར་ན། འདི་དག་ལས་སྨན་པ་དང་། བདེ་བ་ཅི་ཡོད་པ་བཅོམ་ལྡན་འདས་ལ་དྲིའོ་སྙམ་ནས། བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས་ཕྱག་འཚལ་ཏེ། ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་ཚེ་འཕོས་པ་ཇི་ལྟར་འགྱུར་བའི་དོན་ཞུ་བར་འཚལ་ན། སྐབས་དབྱེ་བར་ཅི་གནང་། དེ་སྐད་ཅེས་གསོལ ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་རྒྱལ་པོ་ཆེན་པོ་ཅི་དང་ཅི་བཞེད་པ་ཞུས་ཤིག་དང་། རྒྱལ་པོ་ཆེན་པོའི་སེམས་རངས་པར་བཤད་པར ་བྱའོ།། དེ་སྐད་ཅེས་བཀའ་བསྩལ་པ་དང་། བཅོམ་ལྡན་འདས་ལ་རྒྱལ་བློས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇིག་རྟེན་འདི་ནས་ཚེ་ཕ་རོལ ་ཏུ་འཕོས་པའི་སེམས་ཅན་ཕ་རོལ་ཏུ་སྐྱེ་བ་དེ། ལྷ་རྣམས་ཀྱང་ལྷར་སྐྱེ་འམ། དེ་བཞིན་དུ་མི་དང་དུད་འགྲོ་དང་། ཡི་དགས་དང་། དམྱལ་བ་རྣམས་ཀྱང་།། ་མི་དང་། དུད་འགྲོ་དང་། ཡི་དགས་དམྱལ་བ་རྣམས་སུ་ཚེ་འཕོས་པ་རིགས་མ་འདྲེས་པར་སོ་སོར་སྐྱེ་འམ། བཅོམ་ལྡན་འདས་གཞན་ཡང་ལྷ་རྣམས་ཆེ ་འཕོས་པ་མི་ལ་སོགས་པ་གཞན་རྣམས་སུ་སྐྱེ་འམ། དེ་བཞིན་དུ་མི་དང་། དུད་འགྲོ་དང་། ཡི་བདག་དང་། དམྱལ་བ་རྣམས་ཚེ་འཕོས་ན་ཡང་། ལྷ་ལ ་སོགས་པ་གཞན་རྣམ་སུ་ཡང་སྐྱེ་བར་འགྱུར། བཅོམ་ལྡན་འདས་གཞན་ཡང་སེམས་ཅན་ཐམས་ཅད་འདི་ཚེ་འཕོས་ནས་ཡེ་མེད་པར་གྱུར་ཏེ། མི་ཤི་བའི ་ཐལ་བ་བཞིན་དུ་གྱུར་ནས་སྐྱེ་བ་ཡེ་མ་མཆིས་སམ། བཅོམ་ལྡན་འདས་གཞན་ཡང་སེམས་ཅན་ཐམས་ཅད་འདི་ནས་ཚེ་འཕོས་ནས་པ་དང་། མེས་པོ་དང ་འཕོཡང་མེས་ལ་སོགས་པ་ཐོག་མ་མེད་པ་ནས་བཟུང་བའི་བར་དུ་རྒྱུད་པའི་རིགས་འཐུན་རྣམས་འཇིག་རྟེན་ཕ་རོལ་ཏུ་སྐྱེ་བ་མི ་སྐྱེ་བ་མི་ལེན་པར་འདིར་ཅི་སྤད་པ་བཞིན་འགྲོགས་ཏེ་གནས་སོ་ཞེས་འཇིག་རྟེན་པ་མཆི་ན་དེ་ལྟར་ལགས་སམ། བཅོམ་ལྡན་འདས་གཞན་ཡང་འདི་ནི་ཕྱུག ་དྲེགས་རྒྱགས་པ་རྣམས་ཕ་རོལ་ཏུ་ཡང་ཕྱུག་དྲེགས་རྒྱགས་པར་འགྱུར་རམ། འདི་ན་དབུལ་རྒུད་ཉམས་ཆུང་བ་རྣམས་ཕ་རོལ་ཏུ་ཡང་དབུལ་རྒུད་ཉམས ་ཆུང་བར་འགྱུར་རམ། འོན་ཏེ་གཉིས་མི་འདྲ་བར་ཕན་ཚུན་བསྣོལ་བར་འགྱུར། བཅོམ་ལྡན་འདས་གཞན་ཡང་འདི་ན་རྟ་དང་། གླང་པོ་ཆེ་ལ་སོགས་པ་ཞོན ་པ་དང་། འདི་ན་གོས་གྱོན་པ་དང་། རྒྱན་ཐོགས་པ་དང་། འདི་ན་ཟས་བཟའ་བ་དང་། བཏུང་བ་དང་ལྡན་པ་རྣམས་ཤི་འཕོས་ནས་ཕ་རོལ་ཏུ་ཡང་དེ ་བཞིན་དུ་ཞོན་པ་དང་། གྱོན་པ་དང་། ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆི་ན། དེ་ལྟར་ལགས་སམ། བཅོམ་ལྡན་འདས་གཞན་ཡང་འདི་ན་ཤི ་འཕོས་པ་ལ་ཕ་མ་འམ། སྤུན་ནམ་བུ་ལ་སོགས་པ་ཉེ་རིགས་རྣམས་ཀྱིས་བཟའ་བ་དང་། བཏུང་བ་ཉ་དུ་ཉུང་ངུར་གཏད་པ་དང་། བསྔོས་པ་ཡང་བསྐལ ་པ་མང་པོའི་བར་དུ་ཟད་པར་མི་འགྱུར་བར་ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆི་ན་དེ་ལྟར་ལགས་སམ། བཅོམ་ལྡན་འདས་གཞན་ཡང་སེམས་ཅན ་འདི་ན་ཚེ་འཕོས་པ་ན། ཕ་མ་འམ། སྤུན་ནམ། བུ་ལ་སོགས་པ་ལ་གཏམས་ཏེ། ཚིག་ཅི་སྨྲས་པ་དང་། གཟུགས་བྱེད་ཅི་འདྲ་དག་ཚེ་འཕོས་ནས་ཕྱིར། ་ཕ་མ་འམ། སྨན་ནམ་བུ་ལ་སོགས་པ་ལ་སྔོན་ཚེ་མ་འཕོས་པའི་དུས་ན་གཏམ་བྱས་པ་ལ་སོགས་པ་སྨྲས་པ་དང་། གཟུགས་བྱས་དག་སྟོན་ཏེ་འཐོང་བ་དང་། ་ཐོས་པ་ཡོད་ཅེས་འཇིག་རྟེན་པ་དག་མཆི་ན་དེ་ལྟར་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ ་རྒྱལ་པོ་ཆེན་པོ་ཤི་འཕོས་ནས་ལྷ་རྣམས་ལྷར་སྐྱེ་བ་ལ་སོགས་པ་གསུངས་པ་ལྟར་མ་ལགས་ཏེ། ལྷ་རྣམས་ཚེ་འཕོས་པ་ཡང་ལྷར་སྐྱེས་ནས་ནས་འགྲོ་བ་རིས ་གཞན་རྣམས་སུ་མི་སྐྱེ་བ་ལགས་པ་ནས། དེ་བཞིན་དུ་མི་ལ་སོགས་པ་འགྲོ་བ་གཞན་རྣམས་ཀྱང་ཚེ་འཕོས་ནས། འགྲོ་བ་གཞན་དང་གཞན་རྣམས་སུ་མི་སྐྱེ་བར ་རང་རང་གི་སྔ་མའི་རིགས་རྣམས་སུ་སྐྱེ་བ་ལགས་ན། ཀྱེ་རྒྱལ་པོ་ཆེན་པོ་མི་རྣམས་དང་པོ་ལྷ་ལས་གྱུར་པ་ལགས་ལ། ངན་སོང་གསུམ་པོ་རྣམས་ཀྱི་མི་དགེ ་པ་སྤྱད་པ་ལས་གྱུར་པ་ལགས་པའི་ཕྱིར། གང་ལྷ་ལ་སོགས་པ་ཚེ་འཕོས་པ་དེ་འགྲོ་བ་རིས་གཞན་དང་གཞན་རྣམས་སུ་སྐྱེ་བ་ལགས་སོ།། རྒྱལ་པོ་ཆེན ་པོ་གཞན་ཡང་རྒྱལ་པོ་ཆེན་པོས་གསུངས་པ་ལྟར་ལགས་ན་ནི། ད་ལྟར་གྱི་འགྲོ་བ་རིག་དྲུག་པོ་རྣམས་མང་བ་དང་ཉུང་བ་རྣམས་ཇི་ལྟར་ཡོད་པ་བཞིན་དུ་དུས་ཐམས ་ཚེ་འཕོཅད་དུ་དེ་ལྟར་འགྱུར་བའི་རིགས་ནི། ལས་མི་དགེ་བ་སྤྱད་པ་མང་བའི་རྒྱུས་ངན་སོང་གསུམ་པོ་རྣམས་ཕྱིར་ཞིང་མང་བ་ལ ་གཟིགས། ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་ད་ལྟར་གྱུར་པ་ལགས་ན། འགྲོ་བ་རིགས་སོ་སོར་མ་འདྲེས་པ་ཡང་རིགས་སོ་སོར་སྐྱེ་ན་མི་རིགས་སོ།། དགྲ་བཅོམ ་པའི་འབྲས་བུ་ཐོབ་པར་ཡང་མི་རིགས་སོ།། སྐྱེ་རྒྱལ་པོ་ཆེན་པོ་དེའི་ཕྱིར་ན་ལས་དགེ་བ་དང་། མི་དགེ་བའི་དབང་གིས་མཐོ་རིས་དང་ངན་སོང་ལ་སོགས་པར ་རིས་ཐ་དད་པར་སྐྱེས་པར་འགྱུར་རོ།། ཀྱེ་རྒྱལ་པོ་ཆེན་པོས་ལྷ་རྣམས་ཚེ་འཕོས་ནས་མི་ལ་སོགས་པ་གཞན་རྣམས་སུ་སྐྱེའམ། ཞེས་བྱ་བ་ལ་སོགས་པ ་དྲིས་པ་ནི། དེ་དེ་བཞིན་ལགས་ཏེ། དེ་དེ་བཞིན་ལགས་སོ།། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོས་སེམས་ཅན་ཐམས་ཅད་ཚེ་འཕོས་ནས་ཡེ་མེད་པར་གྱུར་ཏེ། མི ་ཤི་བ་ཐལ་བ་བཞིན་དུ་སྐྱེ་བ་ཡེ་མ་མཆིས་སམ་ཞེ་གསུངས་པ་ནི། དེ་ལྟར་མ་ལགས་ཏེ། ཀྱེ་རྒྱལ་པོ་ཆེན་པོ་དཔེར་ན་ས་བོན་ཡོད་ན་འབྲས་བུ་འབྱུང་སྟེ། ཚེ་འདི ་ས་བོན་ལྟ་བུ་ལས་ཚེ་ཕྱི་མ་འབྲས་བུ་ལྟ་བུ་ཡོད་དོ།། ཀྱེ་རྒྱལ་པོ་ཆེན་པོ་ཉི་མ་ཤར་ནས་ཁད་ཀྱིས་ཤི་བ་སྟེ། སྨག་ཏུ་གྱུར་པ་ལས་ཡང་ནང་པར་འཆར་བ་བཞིན་དུ། ་ཚེ་འདི་འཕོས་ནས་ཡང་སྐྱེ་བ་ཕྱིར་ལེན་ཏོ།། ཀྱེ་རྒྱལ་པོ་ཆེན་པོ་ཆེ་འཕོས་ནས་ཕྱི་མར་སྐྱེ་བ་ཡེ་མ་མཆིས་ནས། འགྲོ་བ་རྣམས་ཟད་པའི་རིགས་སོ།། རྒྱལ ་པོ་ཆེན་པོ་ཕྱི་རོལ་གྱི་རྩ་དང་ཤིང་རྣམས་ཀྱང་དུས་ཀྱི་དབང་གིས་སྐམས་པ་དེ་ཡང་ཕྱིར་སྐྱེའོ།། དེ་བཞིན་དུ་སེམས་ཅན་རྣམས་ལས་དང་ཉོན་མོངས་པ་དུས ་གྱུར་པ་དང་འདྲ་བའི་གྱུར་པའི་དབང་གིས་སྐྱེ་བ་དང་མཆི་བ་འགྱུར་རོ།། དེའི་ཕྱིར་ན་རྒྱལ་པོ་ཆེན་པོ་ཆེ་ཕྱི་མ་ངེས་པར་ཡོད་པར་མཁྱེན་པར་མཛོད་ཅིག། ་ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོས་སེམས་ཅན་ཐམས་ཅད་འདི་ནས་ཚེ་འཕོས་ན། པ་དང་མེས་པོ་དང་། ཡང་མེས་ལ་སོགས་པ་ཐོག་མ་མེད་པ་ནས་བཟུང་བའི་བར ་དུ། གཅིག་ནས་གཅིག་ཏུ་རྒྱུད་པའི་རིགས་འཐུན་པ་རྣམས་འཇིག་རྟེན་ཕ་རོལ་ན་སྐྱེ་བ་མི་ལེན་པར་འདི་ན་ཅི་སྤྲོད་པ་བཞིན་འགྲོགས་ཏེ་གནས་སོ་ཞེས་འཇིག་རྟེན་པ ་དག་མཆི་ན་དེ་ལྟར་ལགས་སམ་ཞེ་སུང་བ་ནི། ཀྱེ་རྒྱལ་པོ་ཆེན་པོ་འདི་ན་ཕ་དང་བུ་ལ་སོགས་པ་གཅིག་ལ་གཅིག་སྣང་བ་ནི་གཟུགས་དངོས་པོ་ཅན་གཅིག་གཅིག ་སྣང་གི། སེམས་གཅིག་གིས་གཅིག་མཐོང་བ་ནི་མ་ཡིན་ཏེ། གཟུགས་ཀྱི་ཕུང་པོ་འདིར་ཞིག་སྟེ་མེད་ན། ཕ་རོལ་ན་སེམས་གཅིག་ལ་གཅིག་ཇི་ལྟར་སྣང་སྟེ། ་འགྲོགས་ཚེ་འཕོས་པའི་ཕ་དང་། མེས་པོ་དང་། ཡང་མེས་ལ་སོགས་པ་དེ་ལྟར་ཚེ་ཕོ་བའི་བུ་ཚེ་གཟུགས་ཡོད་པས་ཀྱང་མི་མཐོང་ན། ཕ་རོལ་ནས་ཚེ་འཕོས ་པའི་ལུས་མེད་པས། པ་དང་། མེས་པོ་དང་། ཡང་མེས་ལ་སོགས་པ་གཟུགས་མེད་པ་ཇི་ལྟར་མཐོང་ནས་འགྲོགས། ཀྱེ་རྒྱལ་པོ་ཆེན་པོ་གཞན ་ཡང་འདི་ན་པ་དང་བུ་དང་། སྤུན་མང་པོ་འགྲོགས་པའི་དུས་ན་ཡང་གཟུགས་སོ་སོར་སྣང་བ་ལས་མ་གཏོགས་པར་རང་གི ་སེམས་ཀྱང་རང་གིས་མི་མཐོང་ན། སྤུང་དང་སྤུན་གྱི་སེམས་གཅིག་གིས་སེམས་གཅིག་ལྟ་ག་ལ་མཐོང་ན། ཚེ་འཕོས་ནས་ཇི་ལྟར་མཐོང་། ཕ་རོལ་ན་སྤུང་དང ་སྤུན་དང་། མེས་ཕོ་དང་། ཡང་མེ་ལ་སོགས་པ་ཇི་ལྟ་སྣང་ནས་འགྲོགས། ཀྱེ་རྒྱལ་པོ་ཐོག་མ་མེད་པའི་མེས་པོ་དང་། ད་ལྟའི་བུ་ཚ་རྣམས་ཕ་རོལ་ན་འགྲོགས ་ནད་ལྟའི་མིའི་རུས་དང་རིགས་དང་། ཕྱོགས་དང་རིགས་མི་གཅིག་པ་ཐ་དད་པ་མང་པོ་ཇི་སྙེད་པ་རྣམས་སོ་སོར་དགྲར་གྱུར་པ་རྣམས་དང་། གནས་གང་ན་འདུག་པ་དང་།། ་རུས་རིགས་གཅིག་པ་དང་། སྐད་དང་ཆ་ལུགས་མ་ཐོས་པ་དང་། མ་མཐོང་བ་དག་ཀྱང་ཐོག་མེས་པོ་གཅིག་ལས་གྱེས་པ་ཡིན་ན། ད་ལྟར་སྤང་དང་སྤུན་དང་། ་མེ་སོ་ལ་སོགས་པ། འགོགས་ཀྱི་མཚམས་སྤུན་སྤང་གང་ལ་བཟུང་། དང་པོ་མེས་ནས་བཟུང་སྟེ། ད་ལྟར་སྤུན་དང་སྤང་གྱི་བར་དུ་རྒྱུད་པ་རྣམས་ཀྱང་། ད ་ལྟར་གྱི་སྤང་དང་སྤུན་འདྲ་བར་སོ་སོ་ནས་རྩེ་ཞིང་གདུང་བར་འདྲ་ན། གང་གང་ནི་འགྲོགས། ད་ལྟར་གྱི་མི་རྣམས་སོ་སོ་ནས་བདག་ཅག་གི་མེས་པོ་འདི་ཡིན ་ནོ།། ཞེས་ཕྱོགས་དང་རིག་བཟུང་སྟེ། བདག་ཅག་འདི་དང་པ་གཅིག་གི་བུའོ།། ཞེས་ཕྱོགས་དང་རིགས་སུ་བཅད་ན། དེ་དག་གིས་མེས་པོ་ཞེས ་སོ་སོར་བཟུང་བ་དེ་ཀུན་གྱི་ཡང་པ་དང་མེས་པོ་དང་ཡང་མེས་དང་། བཞི་མེས་དང་། དང་པོའི་མེས་པོ་ལ་ཐུག་གི་བར་དུ་རྒྱུད་པ་ནི། ད་ལྟར་སོ་སོ་ན་བདག ་གི་མེས་པོ་ཞེས་བཟུང་བ་ཡིན་ན། འཇིག་རྟེན་པ་དག་སྨྲ་བ་ལྟར་འདི་ན་ཆེ་འཕོས་ནས་སྐྱེ་བ་མི་ལེན་པར་ཕ་རོལ་ན་སྤང་དང་སྤུན་འགྲོགས་ན། ད་ལྟར་རུས་རིགས ་མི་གཅིག་པ་དང་། དགྲར་གྱུར་མ་ཀུན་ཀྱང་ཕྱོགས་གཅིག་ན་འགྲོགས་དགོས་སོ།། ཀྱེ་རྒྱལ་པོ་ཆེན་པོ་ད་ལྟར་ཚེ་འདིའི་གཟུགས་ཅན་དངོས་པོར་སྣང་བ་ཡང ་མུན་པ་དང་ཕག་ན་འདུག་པ་དང་། གཅིག་གིས་གཅིག་མི་མཐོང་ན། ཚེ་འཕོས་པའི་སེམས་གཟུགས་མེད་པ་གཅིག་ཇི་ལྟར་མཐོང་རྣས་འགྲོགས་པར ་འགྱུར། ཀྱེ་རྒྱལ་པོ་ཆེན་པོ་ད་ལྟར་གྱི་སེམས་ཅན་གཟུགས་ད་ལྟར་བས་ཀྱང་མི་མཐོང་བའི་གནས་ཡུལ་མི་གཅིག་པ་དང་། གནས་ཐ་དད་དག་ལ་རང་གི་གཟུགས ་སྣང་བར་སྟོན་མི་ནུས་ན། ཚེ་འཕོས་ནས་ཇི་ལྟར་གཟུགས་སྣང་བར་སྟོན་ནུས། ཀྱེ་རྒྱལ་པོ་ཆེན་པོ་འཇིག་རྟེན་པ་ཁ་ཅིག་གིས་གྲགས་པ་དང་། རྙེད་པ་དག་པ་ཙམ ་བའི་ཕྱིར་སླུ་བའི་གཏམ་གྱིས་གནས་སླུ་བར་བྱེད་པ་ལ་གནས་པ་མ་རིགས་སོ།། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོས་འདི་ན་ཕྱག་དྲེགས་རྒྱས་པ་ཕ་རོལ་ཏུ་ཡང་ཕྱུག་དྲེགས ་རྒྱགས་པར་འགྱུར་རམ། འདི་དབུལ་རྒུད་ཉམས་ཆུང་བ་རྣམས་ཕ་རོལ་ཏུ་ཡང་དབུལ་རྒུད་ཉམས་ཆུང་བར་འགྱུར་རམ། འོན་ཏེ་གཉིས་མི་འགྱུར་བར་ཕན་སྩོལ ་བར་འགྱུར་ཞེས་གསུངས་པ་གང་ཡིན་པ་དེ་ནི། ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་རྣམས་ཚེ་འཕོས་པའི་སྐྱེ་བ་འདི་ལ་ཡང་ལ་ལ། ་སྐྱེས་མ་ཐག་ཏུ་ཕྱུག་དྲེགས་རྒྱགས་པར་གྱུར་པ་ལས་ལོ་ལྔ་བཅུ་ནས་འཁོགས་པའི་བར་དུ་དབུལ་རྒུད་ཉམས་ཆུང་བ་ཡང་ཡོད། ལ་ལ་སྐྱེས་ནས། གཞོན ་ནུ་དར་བའི་ཚེ་ལ་དབུལ་རྒུད་ཉམས་ཆུང་བ་ལས་ལོ་ལྔ་བཅུ་དང་དྲུག་བཅུ་ནས་འཁོགས་པའི་བར་དུ་ཕྱུགས་པ་དག་ཡོད་ན། ཚེ་འཕོས་ནས་ཕྱུགས་དབུལ་མི་རྟག ་པ་ལྟ་ཅི་མོས། ཀྱེ་རྒྱལ་པོ་ཆེན་པོ་དཔེར་ན་འཇིག་རྟེན་ན་རྩ་དང་ཤིང་ལ་སོགས་པ་དྲོ་བ་དང་བརླན་པའི་རྐྱེན་ཚོགས་པའི་ཚེ་ནི། ལོ་མ་དང་འདབ་མ་རྒྱས་པར་འགྱུར ་ལ། གྲང་ཞིང་བརླན་མེད་པའི་རྐྱེན་གྱིས་སྐམས་པར་འགྱུར་བ་བཞིན་དུ། སྦྱིན་པ་ལ་སོགས་པའི་རྐྱེན་གྱིས་ནི་ཕྱུག་དྲེགས་རྒྱགས་པར་འགྱུར་རྐུ་འཕྲོག་དང་སེར ་སྣའི་དབང་གིས་ནི་དབུལ་རྒུད་པར་འགྱུར་རོ།། ཀྱེ་རྒྱལ་པོ་ཆེན་པོ་སྦྱིན་པ་རྒྱུན་མ་ཆད་པས་ཚེ་རབས་ཕྱག་དྲེགས་པ་ཡང་ཡོད། ཕྱོགས་ཆ་དང་བྱིན་པ་ལ་བགྱོད་པ ་བྱས་པས་ཚེ་འགའ་དང་། ཚེ་སྟོད་སྨད་ལ་དབུལ་རྒུད་པ་ཡང་ཡོད། དུས་ཐམས་ཅད་རྐུ་འཕྲོག་དང་སེར་སྣ་ལ་གནས་པས་ཚེ་རབས་ནས་ཚེ་རབས་སུ་དབུལ་རྒུང་པ ་པ་ཡང་ཡོད། རྐུ་འཕྲོགས་དང་སེར་སྣ་ལ་འགྱོད་པ་བྱས་པས་ཚེ་འགའ་འམ། ཚེ་སྟོད་ཚེ་སྨད་ལ་ཕྱག་དྲེགས་པ་ཡང་ཡོད། ཀྱེ་རྒྱལ་པོ་ཆེན་པོ་སྦྱིན་པའི་རྐྱེན་གྱིས ་དབུལ་རྒུད་པ་ཡང་མི་འབྱུང་ངོ་།། སེར་སྣའི་དབང་གིས་ཕྱུག་དྲེག་པ་ཡང་མི་འབྱུང་ངོ་།། ཕྱག་དྲེགས་པ་དང་དབུལ་རྒུད་པ་འདི་པ་གཉིས་ཚེ་ལ་ཕྱི་ལ་རྗེ་བ་ཡང ་མ་ཆགས་སོ།། ཀྱེ་རྒྱལ་པོ་ཆེན་པོས་འདི་ན་ལྷ་དང་། གླང་པོ་ཆེ་ལ་སོགས་པ་ཞོན་པ་དང་། འདི་ན་གོས་གྱོན་པ་དང་། རྒྱན་ཐོགས་པ་དང་། འདི་ན་ཟས ་བཟའ་བ་དང་། བཏུང་བ་དང་ལྡན་པ་རྣམས་ཚེ་འཕོས་ནས་ཕ་རོལ་ན་ཡང་དེ་བཞིན་དུ་ཞོན་པ་དང་གྱོན་པ་དང་། ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆི་ན། ་དེ་ལྟར་ལགས་སམ་ཞེས་གསུངས་པ་ནི། ཀྱེ་རྒྱལ་པོ་ཆེན་པོ་མི་རྣམས་ཚེ་འཕོས་པའི་ཚེ་ལས་དགེ་སྡིག་གང་སྤྲད་པ་བཞིན་མཐོ་རིས་དང་ངན་སོང་གང་དུ་སྐྱེ ་བ་ལེན་ཏེ། རྒྱལ་པོ་ཆེན་པོ་འཇིག་རྟེན་པ་དག་མཆི་བ་ལྟར་མ་ལགསོ།། ཚེ་འཕོས་པ་འདིའི་ཆ་ལུགས་ལྟར་སྣང་བ་ནི། བར་སྡང་གི་ཁམས་འདི་ན་དྲི་ཟའི་འཇིག་རྟེན ་གྱིས་ཁམས་དཔག་ཏུ་མེད་པ། བསམ་གྱིས་མི་ཁྱབ་པ་མཐའ་ཐུག་པ་མེད་པ་ཡོད་དེ། དྲི་ཟ་འཆི་ཀའི་སེམས་ལ་ཉེ་བར་འཇུག་པ་ཞེས་བྱ་བའི་རིགས་ཡོད་དེ། ་དེས་དྲིའི་ཟས་བཙལ་བའི་ཕྱིར་ཚེ་འཕོས་པའི་ལུས་དང་གོས་དང་རྒྱན་དང་ཆ་ལུགས་སུནས་ལྟ་བུ་དག་སྤྲུལ་པར་བྱེད་དེ། ཚེ་འཕོས་པ་དེའི་ཆ་ལུགས་དང་སྨྲ་གཏམ ་དག་བྱེད་ཅིང་སྤྲུལ་པ་སྟོན་པ་ཡང་ཡོད་དོ།། ཀྱེ་རྒྱལ་པོ་ཆེན་པོ་འདི་ལ་གཞན་ཡང་ཡོད་དེ། དྲི་ཟ་མ་གཏོགས་པ་གཞན་གནོད་སྦྱིན་དང་། ཤ་ཟ་དང་། འབྱུང་པོ ་ཚེ་འཕོལ་སོགས་པས་ཚེ་འཕོས་པའི་ཕ་མ་འམ། བུ་འམ། སྤུན་ལ་སོགས་པ་སླུ་བའི་ཕྱིར། མི་མ་ཡིན་པ་དེའི་འཇིག་རྟེན་པའི ་རྫུ་འཕྲུལ་གྱིས་ཆེ་འཕོས་པའི་གཏན་ཚིགས་དང་། ས་མལ་དང་ལོ་རྒྱུས་དག་ཤེས་པར་བྱས་ནས་མི་མ་ཡིན་པ་དེའི་བྱིན་གྱིས་ཕ་མ་ལ་སོགས་པས་མཐོང་བ་དང་རྨི ་ལམ་དུ་འབྱུང་བ་ཡང་ཡོད་དོ།། ཀྱེ་རྒྱལ་པོ་ཆེན་པོ་འདི་ལ་གཞན་ཡང་ཡོད་དེ།། སྤང་དང་སྤུན་ལ་སོགས་པ་ཡུན་རིང་པོར་ལྷན་ཅིག་པའི་ཟག་ཆགས་རྟས་པ་མཐོང ་བ་དང་། རྨི་ལམ་དུ་སྣང་བ་ཡོད་དེ། དཔེར་ན་མི་ཞིག་གིས་ད་ལྟར་ཚེ་མ་འཕོས་པའི་རང་གིས་ཕ་མ་འམ། སྤུན་ཟླ་འམ། བྲམ་ཁོལ་ལམ། གཞན་སུ་ཡང་རུང ་བ་དག་དག་དང་འགྲོགས་པ་དང་ལོངས་སྤྱོད་ཀྱི་བདེ་བ་དང་། དགྲ་ཀུན་དང་འཐབ་རྩོད་ལ་སོགས་པ་བདེ་བ་དང་། སྡུག་བསྔལ་གང་ཡང་རུང་བ་དག་རྨིས་ནས། མི ་དེས་རྨིས་པ་བཞིན་དུ་གང་རྨིས་པའི་ཕ་མ་འམ། སྤུན་ཟླ་འམ་བྲན་ཁོལ་ལམ། གཞན་སུ་ཡང་རུང་བ་རྨི་ལམ་ན་སྣང་བ་དེར་ཚོར་བ་ཡོད་ན་ནི། རྨིས་པ་དེ་བདེན ་པ་ཡིན་ན། དེ་རྨིས་པའི་ཕ་མ་དང་། སྤུན་ཟླ་འམ་བྲན་ཁོལ་ལམ། གཞན་སུ་ཡང་རུང་བས་རྨི་ལམ་ན་སྣང་བ་དེ་བདེན་པར་ཇི་ལྟར་བཟུང་། ཀྱེ་རྒྱལ་པོ་ཆེན་པོ ་མ་འཕོས་པ་ཡང་གཅིག་གིས་རྨིས་པ་གཅིག་གིས་མི་ཚོར་ན། ཚེ་འཕོས་པ་རྨིས་པ་ཚེ་འཕོས་པ་དེ་ཡིན་པར་ལྟ་ག་ལ་འགྱུར། བག་ཆགས་རྟས་པ ་ཡིན་ནོ།། ཀྱེ་རྒྱལ་པོ་ཆེན་པོ་བག་ཆགས་ལག་པའི་དཔེའ་ནི་གཞན་ཡང་མཆིས་ཏེ། མི་ཞིག་སྔོན་ཚེ་སྟོད་ལ་མཆིས་པའི་མཁར་དང་གྲོང་གང་ཡིན་པ་ཞིག་ར ་ཏེ། ཡུལ་གཞན་ཞིག་ཏུ་ཚེ་སྨད་ལ་འདུག་པ་ལ། སྔོན་གྱི་གྲོང་དེ་ཡང་ཞིག་སྟེ་སྔོན་མི་འདྲ་བ་ལ། མི་དེས་སྔོན་གྱིས་ཁང་པའི་དབྱིབས་དང་། རྒྱ་ཅི་འདྲ་བ་མ ་ཞིག་པ། མ་དྲུམ་པ་རྨས་ན་གྲོང་དང་ཁང་པ་དེ་ལ་སེམས་ཡོད་ན་ནི། ཁང་པ་དེའི་སེམས་སྣང་དུ་རུང་ན། ཁང་པ་དང་གྲོང་དེ་རྡེ་བེམས་པོ་ཡིན་ན། མི་དེས ་རྨིས་པ་དེ་ཅི་ཕྱིར་བག་ཆགས་རྟས་པ་མ་ཡིན། དེ་བཞིན་དུ་ཚེ་འཕོས་པ་དོན་རྟགས་དང་བཅས་པའི་པ་ཡང་ཁང་པ་ཡ་མ་ཞིག་པ་རྨིས་པ་དང་འདྲ་སྟེ། ཚེ་འཕོས ་པའི་སེམས་ཀྱང་ལས་གར་འཐུན་པར་སྐྱེ་བ་བླངས་ཟན་ན། དེ་སྣང་དུ་བཏུབ་བམ། ཀྱེ་རྒྱལ་པོ་ཆེན་པོ་དེའི་ཕྱིར་བག་ཆགས་མཐུ་རྟས་པའི་དབང་གིས་ཚེ་འཕོས ་པའི་གཏན་ཚིགས་དང་ཆ་ལུགས་མཐོང་བ་དང་རྨི་བ་ཡིན་ནོ།། དེ་བཞིན་དུ་རལ་གྲི་ལ་སོགས་པའི་གོ་མཚོན་ཐོགས་པ་དང་། གོས་དང་རྒྱན་ལ་སོགས་པ་གྱོན་པ་དང་། ་རྟ་དང་གླང་པོ་ལ་སོགས་པ་ཞོན་པར་སྣང་བ་དང་། རྨི་ལམ་འབྱུང་བ་ཡང་བག་ཆགས་སྣང་བ་ཡིན་ཏེ། ཁང་པའི་དཔེ་བཞིན་དུ་རིག་པར་བྱའོ།། ཀྱེ་རྒྱལ་པོ་ཆེན ་པོ་རྒྱལ་པོས་འདི་ན་ཤི་འཕོས་པ་ལ་ཕ་མ་འམ། སྨན་ནམ། བུ་ལ་སོགས་པ་ཉེ་རིས་རྣམས་ཀྱིས་བཟའ་བ་དང་བཏུང་བ་ཉུ་དུ་ཉུང་ངུར་གཏད་པ་དང་། བསྔོས ་ཚེ་འགྲོཔ་ཡང་བསྐལ་པ་མང་པོའི་བར་དུ་ཟད་པར་མི་འགྱུར་བ་ཟ་ཞིང་འཐོང་ངོ་།། ཞེས་འཇིག་རྟེན་པ་དག་མཆི་ན། དེ་ལྟར ་ལགས་སམ་མ་ལགས་ཞེ་ན་གསུངས་པ་ནི། ཀྱེ་རྒྱལ་པོ་ཆེན་པོ་གླིང་བཞི་པ་ནས་སྟོང་གི་འཇིག་རྟེན་དང་། སྟོ་གཉིས་དང་། སྟོང་གསུམ་གྱིས་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་དང་། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ན། བཟའ་བ་དང་བཏུང་བ་ཉུང་ངུ་ཉུང་ངུས། ་དུས་ཐམས་ཅད་དང་། བསྐལ་པ་མང་པོར་ཟ་བའི་སེམས་ཅན་གཟིགས་སམ། ཀྱེ་རྒྱལ་པོ་ཆེན་པོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ཅི་བསམས་པའི་འདོད་པ་འབྱུང་བ། ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཡོད་པ་ཡང་སྔོན་བསྐལ་པ་མང་པོར་བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསགས་པ་ལས་བྱུང་བ་ཡིན་ཏེ། གནམ་བབས་དང་གློ་བུར་དུ ་བྱུང་བ་མ་ཡིན་ན། བཟའ་བ་དང་། བཏུང་བ་ཉུང་བ་དེས་བསྐལ་པའི་མཐའི་བར་དུ་མི་ཟད་པ་དེ་རིགས་ལགས་སམ། ཀྱེ་རྒྱལ་པོ་ཆེན་པོ་ཆོམ་འཕོས་པའི་ཚེ་སྤང་དང་། ་སྙུན་གཅིག་ལ་གཅིག་པར་འཛིན་པ་ཕན་པར་འདོད་རྣམས་ད་ལྟར་མ་ཤི་བ་ལུས་དང་ལྡན་པ་ཡང་གཅིག་ཡུལ་གཞན་དུ་སོང་ན་དེ་ལ་ཕ་མ་འམ། བུ་འམ་སྤུན་གང་ཡང་རུང ་བས་ཟས་སྐོམ་མང་པོར་སྦྱིན་ནོ།། གསོལ་ཞེས་བསྔོས་པ་ཡང་ཡུལ་གཞན་དུ་སོང་བའི་རྨི་ལམ་དུ་ཡང་མི་འབྱུང་ན་དངོས་པོས་ཟ་ཞིང་མཐུང་བ་ལྟ་ག་ལ་ཡོད་ན། ་འཕོས་ནས་ལུས་དང་བྲལ་བ་ལ་བསྔོས་ཞིང་བཏང་བ་ཟ་ཞིང་འཐུང་བ་ལྟ་ག་ལ་ཡོད། ཀྱེ་རྒྱལ་པོ་ཆེན་པོ་ཆེ་འཕོས་ནས་སེམས་དང་ལུས་བྲལ་བ་དེས། བུ་དང་སྤུན ་ལ་སོགས་པ་ལ་བཏད་པའི་ཟས་དང་སྐོམ་དངོས་པོ་ཅན་དང་སེམས་གཟུགས་མེད་པས་ཇི་ལྟར་བདག་པོ་བྱེད་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། བཟའ་བ་དང་། ་བཅའ་བའི་ནི་ལུས་ཡོད་པའི་ཡན་ལག་གི་རྩོལ་བ་ལ་རག་ལུས་ན་སེམས་ལ་ལུས་ཀྱི་ཡན་ལག་དེའི་དེའི་རྩོལ་བ་ཡོད་དམ། རྒྱལ་པོ་ཆེན་པོས་གསོལ་པ། བཅོམ ་ལྡན་འདས་དེ་ལྟར་ལགས་ན་ཚེ་འཕོས་པ་ལ་འདི་ན་ཕན་འདོག་པའི་བཟའ་བཏུང་དང་གཞོན་པ་དང་། གོས་དང་། རྒྱན་གཏོད་པ་འདི་དག་དོན་མ་མཆིས་པ་མ་ལགས ་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཆེ་འཕོས་པ་དེ་ལས་གང་སྤྲོད་པའི་རྣམ་པར་སྨིན་པས་འགྲོ་བའི་རིགས་ཐ་དད་པ་གང་དུ་སྐྱེ་བ ་ལེན་པ་ལེན་པ་དེ་ལ་མི་དགེ་བ་དང་མ་འབྲེལ་བའི་བསོད་ནམས་ཀྱི་ཚོག་སུ་འགྱུར་བའི་དགེ་བ་སྣ་ཚོགས་པས་བལྟངས་ནས་མཐོ་རིས་དང་ཐར་པར་ཡང་སྐྱེ་ལ། གལ ་ཏེ་སྐྱེ་བ་བླངས་པ་ཞིག་ལ་བསོད་ནམ་སུ་འགྱུར་བའི་ལས་དགེ་བ་ཞིག་གིས་བསྟངས་ན། སྐྱེ་བ་བླངས་པ་དེས་ནོར་རྙེད་པ་དང་ལོ་ལེགས་པ་དང་། འདོད་པའི་ལོངས ་སྤྱོད་འཕེལ་བ་དང་། འགྲོ་བ་གཞན་ཐམས་ཅད་ཀྱིས་མཆོད་ཅིང་བཀུར་བར་འགྱུར་བའི་ཕན་པ་ཡོད་ཀྱི་ཚེ་འཕོས་པ་སྐྱེ་བ་མི་ལེན་པར་གཤིན་གྱི་འཇིག་རྟེན་ཡོད་ནས ་བཟའ་བཏུང་དང་། གཞོན་པ་དང་། གོས་དང་རྒྱན་དག་གི་བདག་པོ་བྱེད་པ་ནི་མ་ཡིན་ནོ།། ཀྱེ་རྒྱལ་པོ་ཆེན་པོ་འཇིག་རྟེན ་འཇིག་པ་དག་གིས་མཐོང་བ་དང་། ཕ་མ་ལ་སོགས་པ་རྨི་ལམ་དུ་རྨིས་ཏེ། ཚེ་འཕོས་པ་ལ་བསྔོས་པས་གཤིན་དེ་བཟའ་བཏུང་གིས་མགུའོ།། བཞོན་པ་ཞོན་ནོ།། ་གོས་གྱོན་ནོ།། རྒྱན་ཐོགས་སོ།། ཞེས་སྨྲ་ཞིང་དེ་ལྟར་སྣང་བ་ཡང་བཟའ་བཏུང་གིས་མ་མགུའོ།། གཞོན་པ་མེད་དོ།། གོས་མི་གོན་ནོ།། རྒྱན་མི་ཐོགས་སོ ་ཞེས་སྨྲ་ཞིང་། དེ་ལྟར་སྣང་བ་དག་དྲི་ཟ་འཆི་ཀའི་སེམས་ལ་ཉེ་བར་འཇུག་པ་དང་། མི་མ་ཡིན་པ་དག་གིས་དེ་ལྟར་སྣང་བྱེད་པ་ཡོད་དོ།། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ ་ཆེན་པོས་སེམས་ཅན་དག་འདི་ནས་ཚེ་འཕོས་ཀ་ན། ཕ་མ་འམ་སྤུན་ནམ། བུ་ལ་སོགས་པ་ལ་གཏམ་བྱས་པ་དང་། ཚིག་ཅི་སྨྲས་པ་དང་། གཟུགས་ཅི་འདྲ ་བ་དག་དེ་ཚེ་འཕོས་ནས་ཕྱིས་ཕ་མ་དང་སྤུན་ནམ། བུ་ལ་སོགས་པ་ལ་དེ་སྔོན་ཚེ་མ་འཕོས་པའི་དུས་ན་བཏམ་བྱས་པ་ལ་སོགས་པ་སྨྲ་བ་དང་གཟུགས་བྱད་སྟོན་ཏེ། དེ ་ལྟ་བུ་མཐོང་བ་དང་། སྟོན་པ་ཡོད་ཅེས་འཇིག་རྟེན་པ་དག་མཆི་ན། དེ་ལྟར་ལགས་ཞེས་གསུང་པ་ནི། ཀྱེ་རྒྱལ་པོ་སྨྲ་བ་ནི་ལུས་ཡོད་པའི་ཁ་ལྕེ་ལ་བརྟེན་ནས་སྨྲ་བ ་ལགས་ན། ཚེ་འཕོས་པའི་ལུས་ནི་འདིར་གཞག་ནས་སེམས་གཟུག་ནས་སེམས་གཟུགས་མེད་པ་དེ་ཇི་ལྟར་སྨྲ། དེ་སྟེ་ཤི་བ་དེ་ལ་ལུ་ཡོད་དོ་ཟེར་བ་ནི་སྐྱེ་བ་བླངས་པ། ་ཡིན། དེ་ཕ་མ་དགོས་པས་གཤིན་གྱི་འཇིག་རྟེན་ཡང་མེད་དོ།། ཀྱེ་རྒྱལ་པོ་ཆེན་པོ་དེ་ལྟ་བུའི་ཚེ་མ་འཕོས་པའི་མཚན་མ་དང་། ངན་རྟགས་འཇིག་རྟེན་པ་གང་སྨྲ ་བ་ནི། དྲི་ཟ་ཁྱབ་བྱེད་ཅེས་བྱ་བའི་རིགས་ཡོད་པས་བྱེད་དེ། དཔེར་ན་རླུང་ཆེན་པོ་ཐང་དང་། ཀྲུང་ཡངས་པ་དག་དུས་གཅིག་ཏུ་རླུང་སྡང་བ་བཞིན་དུ། འཆི་འཕོ ་བ་ཐམས་ཅད་ཀྱི་སེམས་ལ་ཁྱད་པར་བྱེད་པའི་རིགས་དྲི་ཟའི་ཅན་ཞེས་བྱ་བ་དང་། གནོད་སྦྱིན་སྨྲ་འོདོདད་ཀྱི་རིགས་དང་། འབྱུང་པོ་བར་ཧི་ན་ཏི་ཀུན་ཏུ་རྟོགས་འདོད ་ཅེས་བྱ་བ་དག་མི་དག་གིས་བསྒྲུབས་ནས། མི་མ་ཡིན་པ་དེ་དག་གིས་ཤི་བ་དེས་སྔོན་གཏམ་བྱས་པ་དང་། ཆ་ལུགས་ཀྱི་ངན་རྟག་དག་འཇིག་རྟེན་པ་དག་སླུ་བའི ་ཕྱིར་སྟོན་ཅིང་སྨྲ་བ་དག་ཡིན་ནོ།། དེའི་ཚེ་ལྷས་བྱིན་དེ་ན་འདུག་པས། བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་པ་དེ་ལ་ཡིད་མ་ཆེས་ནས། བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ།། གོའུ་ཏ་མ་སེམས་ཅན་ཚེ་འཕོས་ནས་ཅིར་འགྱུར་བའི་ངན་རྟགས། ཕ་རོལ་ན་ཡོད་པ་དང་མེད་པ་བཀའ་བསྩལ་པ། དེ་གོའུ་ཏ་མ ་ཐོག་མ་སུ་ལགས་ན། དུས་ནམ་གྱི་ཚེ་མཁྱེན་པར་མཛད། གསན་པ་དང་མཁྱེན་པར་མཛད་པའི་གྲོགས་པོ་སུ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ ་ལྡན་འདས་བཀའ་སྩལ་པ། ལྷས་སྦྱིན་ངས་ནི་རང་གི་ལུས་བཏང་བ་ལ་སོགས་པ་དཀའ་བ་མང་པོ་དག་བསྐལ་པ་གྲངས་མེད་དེ། སྒྲིབ་པ་ཐམས་ཅད་ནི་སྤངས། ་ཚེ་འཚོགས་ཆེན་པོ་ཡང་དག་པར་བསགས་པས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་སྟེ། འདས་པའི་དུས་ན་སྔོན་བྱུང་བ ་བ་དང་། ད་ལྟར་གྱི་དུས་ན་ཕྱོགས་བཅུ་མཐའ་ཡས་ན་ཤེས་པར་བྱ་བ་དག་ཅི་ཡོད་པ་དང་། མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་ཤེས་བྱ་ཐམས་ཅད་ལ་མི ་མཁྱེན་པར་གྱུར་པ་གང་ཡང་མེད་དེ། དཔེར་ན་འཛམ་བུའི་གླིང་འདིར་ཉི་མ་ཤར་བ་དེ་ཁང་དང་རིམས་ཀྱིས་ཤར་བ་མ་ཡིན། དུས་གཅིག་ཏུ་གསལ་ཤར་བ་བཞིན་དུ ་ཤེས་བྱ་ཐམས་ཅད་སྐད་ཅིག་ལ་གཅིག་ལ་མཁྱེན་པའི་ཕྱིར་ནི། ད་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བ་ཞེས་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ། ་ཡང་ལྷ་བྱིན་ཡིད་མ་ཆེས་ནས། ཐམས་ཅད་མཁྱེན་པ་མང་བ་དེ་སད་པའི་ཕྱིར། འཇིམ་བུའི་གླིང་འདི་ནི་ཤིང་རིགས་ཙན་དན་དང་། ཀླག་ཤ་དང་། སེང་ལྡེང་ལ་སོག ་པ་ཤིང་ཐ་དད་པ་བརྒྱ་སྟོང་བྱེ་བ་དག་བཅད་དེ། སོ་སོར་བསྲེགས་ནས་ཐལ་བའི་ཕུར་མ་བྱས་ནས། རང་གིས་མི་ནོར་བར་བྱ་བའི་ཕྱིར་ཐལ་བ་ལ་ཤིང་གང་གང་གིས ་མིང་ཡི་གེར་བཏགས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཁྱོད་ལ་ཐམས་ཅད་མཁྱེན ་པའི་ཡེ་ཤེས་མངའ་ན། འདི་ཤིང་གང་གི་ཐལ་བ། འདི་ཤིང་གང་གིས་ཐལ་པ་ལགས་ཞེས་འཐར་ཆགསུ་ཐལ་བའི་ཕུར་མ་ཐམས་ཅད་བསྟན་པ་ལས་བཅོམ་ལྡན ་འདས་ཀྱིས་ཤིང་གང་གི་ཐལ་བ་ཡིན་པ་མ་ནོར་བར་འདི་དྲན་གྱི་ཐལ་བའོ།། འདི་ནི་གྲག་ཤི་ཐལ་བའོ།། འདི་སེང་ལྡེང་གི་ཐལ་བའོ།། ཞེས་ཐལ་བའི་བུར་མ ་ཐམས་ཅད་མ་ནོར་བར་བཤད་པ་ལས་ལྷ་བྱིན་བཅོམ་ལྡན་འདས་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བར་ཡིད་ཆེས་པར་གྱུར་ཏེ། ཚེ་འཕོས་པ་ཅིར ་འགྱུར་བ་གསུངས་པ་བདེན་པར་བསམས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་བསྟོད་དོ།། འབཅོམ་ལྡན་འདས་ལ་འདི་སྐད་ཅེས་བསྐོད་དོ།། བཅོམ་ལྡན ་འདས་ནི་ཀུན་མཁྱེན་ལགས། ཤིང་མང་ཐལ་བའི་བྲ་བྱེད་རྣམས། མ་གཟིགས་མ་གསན་ངེས་པར་མཁྱེན། ཚེ་འཕོས་ཅིར་འགྱུར་གསུངས་པ་དེས། ཞེས ་བསྟོད་ནས། སྤོབས་པ་མེད་པར་གྱུར་ཏོ།། དེའི་ཚེ་ཤཱཀྱ་མིང་ཆེན་དེ་ན་འདུག་པས་ཚེ་འཕོས་པ་ཅིར་འགྱུར་བ་གསུངས་པ་ལ་ཡིད་མ་ཆེས་ནས། བཅོམ་ལྡན ་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཚེ་འཕོས་པའི་སེམས་ཅན་རྣམས་ཅིར་འགྱུར་བ་གསུངས་པ་དེ་མངོན་སུམ་དུ་གཟིགས་སམ། འོན་ཏེ ་གཞན་ཞིག་ལ་གསན་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིང་ཆེན་ངའི་སངས་རྒྱས་ཀྱི་སྤྱན་གྱིས་མི་གཟིགས ་པ་ནི་འཇིག་རྟེན་ན་མེད་དེ། ཤིང་ཐོག་རློན་པ་ལག་འཐིལ་དུ་བཞག་ན་ལག་པའི་བྱེ་བྲག་ཐམས་ཅད་གསལ་བ་བཞིན་དུ་དུས་གསུམ་གྱི་ཤེས་བྱ་ལ་ངས་མ་གཟིགས ་ཚེ་འཕོཔ་ཅི་ཡང་མི་མངའ་སྟེ། ཐོས་པ་ལ་རྟེན་པ་ནི་མ་ཡིན་ནོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། ཤཱཀྱ་མིང་ཆེན་གྱིས་ཐམས་ཅད ་གཟིགས་པ་དེ་བདེན་བརྫུན་ཉམས་པའི་ཕྱིར་སེར་སྐྱའི་གྲོང་ཁྱེར་ཆེན་པོར་སོང་སྟེ། ཁྱིམ་ཇི་སྙེད་ཡོད་པ་ལ་འབྲས་ཀྱི་ཕུར་མ་རེ་རེ་བླངས་ཏེ། རང་གིས་འབྲས་ཀྱི་ཕུར ་མ་མིག་གང་ལ་བླངས་པའི་མི་ནོར་བར་བྱ་བའི་ཕྱིར། ཤཱཀྱ་གང་ལ་བླངས་པའི་མིང་རྣམས་བྲིས་ཏེ། འབྲས་ཀྱི་ཕུར་མའི་ནང་དུ་བཅུད་ནས། འབྲས་ཀྱི་ཕུར་མ ་གླང་པོ་ཆེའི་ཁལ་ལོངས་པ་ཅིག་དང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས། བཅོམ ་ལྡན་འདས་ཀྱི་སངས་རྒྱས་ཀྱི་སྤུན་གྱིས་ཐམས་ཅད་གཟིགས་ན། འབྲས་ཀྱི་ཕུར་མ་འདི་དག་མི་དབྱེ་བར་ཤཱཀྱ་གང་གང་གི་འབྲས་གང་གང་ལགས་པར་གཟིགས་པར ་མཛོད་ཅེས་གསོ་ནས། གླང་པོ་ཆེའི་ཁལ་གྱི་འབྲས་ཀྱི་ཕུར་མ་རྣམས་དྲུང་དུ་བཞག་པ་ལས། བཅོམ་ལྡན་འདས་ཀྱིས་འབྲས་ཀྱི་ཕུར་མ་རེ་རེ་བླང་ཤིང་། འདི ་ཤཱཀྱ་དགྲ་བྱེད་ཞེས་ཀྱིའོ།། འདི་ཤཱཀྱ་ཀ་ཡེའིའོ།། འདི་ཤཱཀྱ་འདོད་སྲེད་ཀྱིའོ།། ཞེས་བྱ་བ་ལ་སོགས་པ་འབྲས་ཀྱི་ཕུར་མ་རེ་རེ་ལ་ཤཱཀྱ་འདིའོ་ཞེས་མིང་མནོར ་བར་རིམ་པ་རྫོགས་པར་གསུངས་པ་ལས། བཅོམ་ལྡན་འདས་ཀྱི་སངས་ཀྱི་སྤྱན་གྱིས་ཐམས་ཅད་གཟིགས་པ་ལ་ཤཱཀྱ་མིང་ཆེན་ལ་སོགས་པ་ཐམས་ཅད་ཡིད་ཅེས ་ཏེ། བཅོམ་ལྡན་འདས་ཀྱིས་ཚེ་འཕོས་པ་ཅིར་འགྱུར་བ་བཤད་པ་ནི་དེ་སོ་སྙམ་ནས། བཅོམ་ལྡན་འདས་ལ་བསྟོད་པ། སངས་རྒྱས་སྤུན་གྱིས་ཐམས་ཅད ་གཟིགས། འཇིག་རྟེན་པ་ལྟར་བརྫུན་མི་མངའ། ཤཱཀྱའི་གྲོང་ཁྱེར་ཇི་སྙེད་པའི། འབྲས་ཀྱི་ཕུར་མ་མ་ནོར་མཁྱེན། སེམས་ཅན་ཚོ་འཕོས་ཕ་རོལ་ན། ་ཇི་ལྟར་སྣང་བ་འཇིག་རྟེན་བརྫུན། བཅོམ་ལྡན་འདས་ཀྱིས་གསུངས་པ་མེད། ཀུན་གཟིགས་ཁྱོད་ལ་ཕྱག་འཚལ་བསྟོད། ཞེས་ནས་སྤོབས་པ་མེད་པར ་དེ་མི་སྨྲ་བར་འདུག་གོ།། དེ་ནས་ཡབ་རྒྱལ་པོ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་གང་དག་གིས་མཚམས་མེད་ལ་སོགས ་བའི་ལས་མི་དགེ་བ་དག་བགྱིས་པ། དེའི་རྣམ་པར་སྨིན་པ་མི་བཟོད་པ་མྱོང་བར་འགྱུར་བ་དག་གིས་ཇི་ལྟར་བགྱིས་ན། བདེ་བ་འཐོབ་པར་འགྱུར་བ་བཤད ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་གང་དག་གིས་མཚམས་མེད་པ་ལ་སོགས་པའི་ལས་མི་དགེ་བ ་བྱས་པ་དག་གིས། རྒྱུ་མེད་པའི་སེམས་དང་རྣམ་པར་སྨིན་པ་ལ་ཡིད་ཆེས་པར་གྱུར་ཏེ། སེམས་ཐག་པ་ནས་བཤགས་ན་བྱང་བར་གྱུར་རོ།། འཆི ་བའི་ཚེ་མི་དགེ་བ་སྔར་བྱས་པ་དག་ལ་འགྱོད་བསྐྱེད་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབསུ་གསོལ་ན་སྡིག་པ་བྱང་བར ་འགྱུར་རོ།། མཐོ་རིས་སུ་ཡང་སྐྱེ་བར་འགྱུར་རོ།། ཚེ་ཕྱི་མ་མེད་པའི་འདུ་ཤེས་པར་མི་བྱའོ།། སྐྱེ་བ་ལེན་པ་ནི་དབང ་ཕྱག་དང་། འདོད་རྒྱལ་གྱི་ན་ལ་སོགས་པ་དག་གིས་བྱེད་པར་མི་ལྟའོ།། འདོད་རྒྱལ་དང་གྱི་ན་ལ་སོགས་པ་དག་གིས་བྱེད་པར་མི་ལྟའོ།། འཇིག་རྟེན་གྱི་བདེ་བ ་དང་འཁོར་བ་ཐམས་ཅད་ལ་ཆགས་པར་མི་བྱའོ།། ཀྱེ་རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ནས་ཕ་རོལ་ཏུ་འཕོ་སྟེ། སྐྱེ་བ་ལེན་པ་ནི་རྟག་པ་འཕོ་བ་ཡང་མ་ཡིན་ནོ།། ཆད ་པ་འགགས་སྟེ་མེད་པ་ཡང་མ་ཡིན་ནོ།། རྒྱུ་མེད་པ་ཡང་མ་ཡིན་ནོ།། རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ནོ།། བྱེད་པ་པོས་བྱས་པ་ཡང་མ་ཡིན་ཏེ། ལས ་དང་ཉོན་མོངས་པ་ཡིན་ཏེ། ལས་དང་ཉོན་མོངས་པ་རྒྱུ་རྐྱེན་ཆོག་པ་ལས་སྐྱེ་བར་བལྟའོ།། རྒྱལ་པོ་ཆེན་པོས་གས་པ། བཅོམ་ལྡན་འདས་སེམས་ཅན ་རྣམས་ཚེ་འཕོས་ན་སྐྱེ་བ་ལེན་པ་དེ། དེ་ལྟར་རྟག་པ་ཡང་མི་འཕོ།། ཆད་པ་ཡང་མ་ལགས། རྒྱུ་མེད་པ་ཡང་མ་ལགས། བྱེད་པ་པོས་ཀྱང་མ་བྱས། ་འཇིག་རྟེན་ཕ་རོལ་ཏུ་སྐྱེ་བ་ཡང་གྲུབ་པ་དེ་རྟོགས་པར་དཀའ་ན། འདི་ལ་འཐུན་པའི་དཔེའ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་རྒྱལ ་པོ་ཆེན་པོ་འདི་ལ་འཐུན་པའི་དཔེ་བརྒྱད་ཡོད་དེ། བླ་མས་ཁ་ཏོན་བརྗོད་པས་རློབ་མས་ཤེས་པའི་དཔེའ་དང་མར་མེ་ལས་མར་མེ་འབྱུང་བའི་དཔེ་དང་། མེ་ལོང ་ལ་གཟུགས་བསྙན་འབྱུང་བའི་དཔེ་དང་། རྒྱ་ལས་རྒྱའི་འབུར་དང་། རི་མོ་འབྱུང་བའི་དཔེ་དང་། མེ་ཤེལ་ལས་མེ་འབྱུང་བའི་དཔེ་དང་། ས་བོན་ལས་མྱུག་གུ ་འབྱུང་བའི་དཔེའ་དང་། སྒྱུར་ཞེས་བརྗོད་པས་འགྲམ་ཆུ་ལྡན་པའི་དཔེའ་དང་། བྲག་ཆའི་སྒྲ་རྣམས་ཀྱི་དཔེས་རྟོགས་པར་བྱ་སྟེ། ཀྱེ་རྒྱལ་པོ་ཆེན་པོ་དཔེའ་བརྒྱད ་པོ་འདི་དག་གིས་སྔ་མ་སྔ་མ་ལས་ནི་ཕྱི་མ་རྣམས་འབྱུང་བ་ཡང་ཡོད་པ་ནི་རྟག་པ་འཕོ་བ་མ་ཡིན་པའི་དཔེའོ།། ཕྱེ་མ་ཕྱི་མ་ནི་སྔ་མ་ལས་འབྱུང་བས་རྒྱུ་མེད་པ་ལས ་འབྱུང་བ་མ་ཡིན་པའི་དཔེའོ།། ཆད་པ་འགག་པ་མ་ཡིན་པའི་དཔེའོ།། ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་དཔེ་འདི་དག་ནི་རྐྱེན་གསུམ་གསུམ་ཚོགས་པ་ལས་འབྱུང ་སྟེ། བླ་མ་དང་སློབ་མ་དེ་གཉིས་དབང་པོ་རྣམས་ཚང་བ་ལས་ཁ་ཏོན་འབྱུང་ཞིང་སྨྲ་ཤེས་པའོ།། མར་དང་རས་དང་། སྣོད་ཚོགས་པ་ལས་མར་མེ་འབྱུང་བའོ།། ་ནམ་ཀ་དང་བ་དང་གདོང་དང་། མེ་ལོང་ཚོགས་པ་ལས་གཟུགས་བརྙན་འབྱུང་ངོ་།། རྒྱ་དང་འཇིམ་པའི་གོང་བུ་དང་། སྐྱེས་བུའི་ལག་པའི་རྩོལ་བ་རྣམས་ཚོགས་པ ་ལས་འབུམར་དང་ནི་མོ་འབྱུང་ངོ་།། ཤེལ་དང་ཉི་མའི་འོད་དང་། རྩ་ཤིང་ཚོགས་པ་ལས་མེ་འབྱུང་ངོ་།། ས་བོན་དང་ས་གཞི་དང་། བརླན་པ་རྣམས་ཚོགས་པ ་ལས་མྱུག་གུ་འབྱུང་ངོ་།། ཚྭ་དང་ཚེ་འཐུང་མྱོང་བ་དང་སྦྱར་ཞེས་བརྗོད་པ་ཚོགས་པ་ལས་འགྲམ་ཆུ་ལྡང་ངོ་།། མས་བརྗོད་པའི་སྒྲ་དང་། སྒྲ་དྲག་པོ་གཞན་མེད ་ཚེའཕོཔ་དང་། རི་བྲག་རྣམས་ཚོགས་པ་ལས་བྲག་ཆ་འབྱུང་སྟེ། འདི་དག་ནི་སེམས་ཅན་སྐྱེ་བ་ནི་བྱེད་པ་པོས་མ་བྱས་ཏེ་ལས་དང་ཉོན ་མོངས་པའི་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་དཔེའོ།། ཀྱེ་རྒྱལ་པོ་ཆེན་པོ་གཞན་བླ་མ་ནི་ཚེ་འདིའི་དཔེའོ།། སློབ་མ་ནི་ཕ་རོལ་གྱི་དཔེའོ།། ཁ་ཏོན་ནི་རྣམ་པར་ཤེས་པ ་ཉིང་མཚམས་སྦྱོར་བའི་དཔེའོ།། མར་མེ་སྔ་མ་ནི་ཚེ་འདིའི་དཔེའོ།། ཕྱི་མ་ནི་ཕ་རོལ་གྱི་དཔེའོ།། མར་མེ་སྔ་མ་ལས་ཕྱི་མ་འབྱུང་བ་ཡང་སྔ་མ་ཡོད་པ་ནི་རྟག་པ་འཕོ ་པ་མ་ཡིན་པའི་དཔེའོ།། ཕྱི་མ་དེ་སྔ་མ་ད་སྔ་མ་ལས་འབྱུང་བ་རྒྱུ་མེད་པ་ལས་མ་བྱུང་བའི་དཔེའོ།། མེ་ལོང་ནི་ཚེ་འདི་ཡོད་པའི་སྒོ་ནས་ཕྱི་མ་ཡང་ཡོད་ལ་དངོས་པོར ་ཡང་མི་འཕོ་ཞིང་ཕ་རོལ་ཡང་ཡོད་པ་ངེས་པའི་དཔེའོ།། རྒྱ་ནི་འདིར་ལས་ཅི་སྤྱད་པ་དང་འཐུན་པར་ཕ་རོལ་ཏུ་ཡང་སྐྱེ་བ་ལེན་པའི་དཔེའོ།། མེ་ཤེལ་ནི་འགྲོ ་བ་རིས་མི་འདྲ་བ་ནས་མི་འདྲ་བར་སྐྱེ་བའི་དཔེའོ།། ས་བོན་ནི་འགགས་ནས་མེད་པར་མི་འགྱུར་བའི་དཔེའོ།། སྦྱར་ནི་མྱོང་བའི་ལས་ཀྱིས་སྐྱེ་བ་ལེན ་བའི་དཔེའོ།། སྒྲ་ནི་རྒྱུ་རྐྱེན་ཚོགས་ནས་གནོད་པའི་རྐྱེན་གཞན་མེད་ན་སྐྱེ་བ་ལེན་ཏེ། གཅིག་པ་དང་ཐ་དད་པ་མ་ཡིན་པའི་དཔེའོ།། ཀྱེ་རྒྱལ་པོ་ཆེན ་རྔ་བོ་དཔེ་བརྒྱད་པ་འདི་ཆང་བར་སྨོས་ཏེ། འགའ་ཞིག་བསྟེན་ན། དབང་ཕྱུག་དང་འདོད་རྒྱལ་དང་། གྱི་ན་དང་རྒྱུ་མེད་པར་སྨྲ་བ་དག་གིས་དགེ་སྦྱོང་གོའུ ་ཏ་མའི་དཔེའ་འདི་དག་ཁ་ཏོན་གྱི་དཔེས་ནི་འདི་ཕུང་པོ་དང་། རྣམ་པར་ཤེས་པ་གཉིས་མ་བྲལ་བར་ཕ་རོལ་ཏུ་རྣམ་པར་ཤེས་པ་འཕོ་བར་འགྱུར། ་ཞེས་སྨྲས་པ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། མར་མེའི་དཔེས་འདི་དང་ཕ་རོལ་གཉི་གར་ཕུང་པོར་དུས་གཅིག་ཏུ་ཡོད་ཞེས་ཟེར་བ་དག ་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། མེ་ལོང་གི་དཔེས་ནི། འདྲ་བའི་དཔེའ་ཡིན་པས་གྲུབ་པོ་ལས་གྲུབ་པོར་སྐྱེ། དཀརོ་ལས་དཀར་པོར ་སྐྱེའི་ཞེས་བྱ་བ་དག་དགག་པའི་ཕྱིར་དཔེའ་ལྷག་མ་རྣམས་བསྟན་ཏོ།། རྒྱའི་དཔེས་ནི་ལྷ་འཕོས་པ་ལྷར་སྐྱེ་མི་འཕོས་པ་མར་སྐྱེ་ཞེས་བྱ་བ་ལ་སོགས་པ་ངེས་པ ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། མེ་ཤེལ་གྱི་དཔེས་ནི་མི་འདྲ་བའི་དཔེའ་ཡིན་པས་ངན་སོང་དང་། མི་དགེ་བས་མཐོ་རིས་དག ་འགྲུབ་པོ་ཞེས་ཟེར་བ་དག་དགག་པའི་བའི་ཕྱིར་དཔེའི་ལྷག་མ་རྣམས་བསྟན་ཏོ།། ས་བོན་གྱི་དཔེས་ནི་ཤེས་པ་གཅིག་ལས་མང་པོར་འཕེལ་བའི་དཔེའོ ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། སྐྱུར་གྱི་དཔེས་ནི་སྤྱོད་པའི་དཔེའ་ཡིན་པས་ལྷའི་ལོ་རྒྱུད་ཡོད་པ་དག་དགེ་བའི་བསོད་ནམ ་མ་བྱས་ཀྱང་ལྷར་སྐྱེའོ།། ངན་སོང་གི་ལོ་རྒྱུས་ཡོད་པ་དག་མི་དགེ་བ་མ་བྱས་ཀྱང་ངན་སོང་དུ་སྐྱེའོ།། ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས ་ཚེ་འགྲོབསྟན་ཏོ།། སྒྲའི་དཔེས་ནི་བྱེད་པ་པོའི་དཔེའ་ཡིན་པས་རྒྱུ་རྐྱེན་ལས་མ་བྱུང་ངོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེའི་ལྷག་མ ་རྣམས་བསྟན་ཏོ།། དེའི་ཕྱིར་དབྱེ་བརྒྱད་བསྟན་ཏོ།། ཀྱེ་རྒྱལ་པོ་ཆེན་པོ་ཆེ་ཞིག་སྟེ་ཕ་རོལ་ཏུ་སྐྱེ་བ་མེད་དེ། ཆད་པ་དང་འགག་པ་ཡང་མ་ཡིན་ནོ།། ཚེ་འདི་དངོས ་པོ་རྟག་པ་མ་ཉམས་པར་ཕ་རོལ་ཏུ་འཕོ་བ་ཡང་མ་ཡིན་ནོ།། ཚེ་འདི་ལ་མ་རྟེན་པར་ཕ་རོལ་ཏུ་སྐྱེ་བ་ལེན་པ་ཡང་མ་ཡིན་ནོ།། བདག་གི་སྐྱེ་བ་འདི་བླང་ངོ་།། ་ཞེས་བསམ་པཱ་ཀྱང་སྐྱེ་བ་མི་ལེན་ཏོ།། བདག་གིས་དབང་ཕྱག་ཆེན་པོ་ལ་སོགས་པ་ལ་བརྟེན་ཏེ་མཐོ་རི་སུ་སྐྱེ་བར་བྱའོ།། སྙམ་པས་ཀྱང་མ་ཡིན་ནོ།། བདག ་མཐོ་རིས་དང་ངན་སོང་གར་འདོད་པར་སྐྱེ་བར་བྱའོ།། སྙམ་པས་ཀྱང་མ་ཡིན་ནོ།། ཅི་ཡང་མ་བྱས་སྟེ་རྒྱུ་རྐྱེན་ལ་བརྟེན་མི་དགོས་པར་སྐྱེའོ་སྙམ་པས་མ་ཡིན་ནོ།། ། ་ཕུང་པོ་འདི་ཞིག་སྟེ། ཤི་ནས་ཅི་ཡང་མེད་དོ་ཞེས་སྨྲས་པ་ཡང་མ་ཡིན་ནོ།། འདིར་ཚེ་འཕོས་ནས་ཕ་རོལ་ན་གཤིན་གྱི་ཁམས་སུ་ཆགས་སུ་མ་ཆག་སུ་མཆིས ་པས་འདི་ན་ཅི་སྤྱོད་པ་བྱེད་དེ། སྐྱེ་བ་མི་ལེན་ཟེར་བ་ཡང་མ་ཡིན་ནོ།། ཚེ་འདི་རྣམ་པར་ཤེས་པ་མ་འགགས་པར་རྣམ་པར་ཤེས་པ་སྐྱེ་བ་ལེན་ཞེས་ཟེར་བ་ཡང ་མ་ཡིན་ནོ།། འདི་དང་ཕ་རོལ་གཉི་གར་ཕུང་པོ་དུས་གཅིག་ཡོད་ཅེས་ཟེར་བ་ཡང་མ་ཡིན་ནོ།། གྲུམ་པོ་ལས་གྲུམ་པོར་སྐྱེ། དཀར་པོ་ལས་དཀར་པོར་སྐྱེ ་ཞེས་བྱ་བ་ལ་སོགས་པ་ཡང་མ་ཡིན་ནོ།། ལྷ་ཚེ་འཕོ་བ་ཡང་ལྷར་སྐྱེའོ།། མི་ཚེ་འཕོས་པ་ཡང་མིར་སྐྱེའོ་ཞེས་བྱ་བ་ཡང་མ་ཡིན་ནོ།། དགེ་བས་ངན་སོང་དང་། ་མི་དགེ་བས་མཐོ་རིས་འགྲུབ་ཟེར་བ་ཡང་མ་ཡིན་ནོ།། ཤེས་པ་གཅིག་ལས་མང་པོར་འཕེལ་བ་ཡང་མ་ཡིན་ནོ།། དགེ་བ་མ་བྱས་ཀྱང་ལྷར་སྐྱེ་བ་དང་། མི ་དགེ་བ་མ་བྱས་ཀྱང་ངན་སོང་དུ་སྐྱེ་བ་ཡ་མ་ཡིན་ནོ།། ཀྱེ་བ་ནི་བྱེད་པ་པོས་བྱས་པ་ཡང་མ་ཡིན་ནོ།། དེ་དག་ཅིའི་ཕྱིར་མ་ཡིན་ཞེ་ན། ཁ་ཏོན་གྱི་དཔེ་ལ་གང་དག ་གིས་རྣམ་པར་ཤེས་པ་འདི་མ་འགགས་པར་ཕ་རོལ་ཏུ་སྐྱེ་བ་ལེན་ནོ་ཞེས་ཟེར་བའི་སྐྱོན་གསལ་བའི་ཕྱིར། ས་བོན་གྱི་དཔེའ་བསྟན་ཏེ། ས་བོན་དེ་མ་རུལ་བར ་མྱུ་གུ་སྐྱེ་ན་ནི་བདག་ཏུ་སྨྲ་བ་དག་བདེན་ན་ས་བོན་དེ་རུལ་ནས་སྔ་མ་ལས་གྱུར་ཏེ་མི་འདྲ་བར་གྱུར་པ་ལས་མྱུ་གུ་སྐྱེའོ།། མར་མེའི་དཔེ་ལས་གང་གིས་མར་མེ་གཅིག ་ལས་གཅིག་སྦར་ན་གཉིས་གཡོད་པས་འདི་དང་ཕ་རོལ་གཉི་གར་ཕུང་དུས་གཅིག་ཡོད་ཟེར་བའི་སྐྱོན་བསལ་བའི་ཕྱིར་སྒྲའི་དཔེའ་བསྟན་ཏོ།། བྲག་ཆ་ནི་མི ་མི་བརྗོད་པར་སྒྲ་མི་གྲག་སྟེ། དུས་གཅིག་ཏུ་མི་འབྱུང་བས་ཕུང་པོ་ཡང་དུས་གཅིག་ཏུ་མི་འབྱུང་ངོ་།། མེ་ལོང་གི་དཔེའ་ལ་འདྲ་བའི་ཕྱིར་གྲུམ་པོ་ལས ་གྲུམ་པོར་སྐྱེ་བ་དག་འགག་པའི་ཕྱིར་མེ་ཤེལ་གྱི་དཔེ་བསྟན་ཏེ་མེ་ཤེལ་ལས་དེ་དང་མི་འདྲ་བའི་མི་འབྱུང་བའི་ཕྱིར་རོ།། རྒྱའི་དཔེ་ནི་ལྷ་ཚེ་འཕོས་པ་ལྷར་སྐྱེ། ་མི་ཆེ་འཕོས་པ་མར་སྐྱེ་བོ་ཞེས་ཟེར་བ་བསལ་བའི་ཕྱིར། ཁ་ཏོན་གྱི་དཔེ་བསྟན་ཏེ། འདིའི་དཔེ་ནི་ཟས ་ཡིན་ལ་ཕ་རོལ་གྱི་དཔེ་ནི་སློབ་མ་ཡིན་ཏེ། ཐ་དད་པས་བླ་མ་ཡང་སློབ་མ་མ་ཡིན་པའི་ཕྱིར་རོ།། མེ་ཤེལ་གྱི་དཔེ་ལ་མི་འདྲ་བའི་དཔེ་ཡིན་ཏེ། དགེ་བ ་ངན་སོང་། མི་དགེ་བས་མཐོ་རིས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་མར་མེའི་དཔེ་བསྟན་ཏེ། མར་མེ་ལས་མར་མེ་མི་འདྲ་བ་མི་འབྱུང་གི་མར་ལས་མར་མེ ་འདྲ་བ་འབྱུང་བ་བཞིན་དུ། དགེ་བས་མཐོ་རིས། མི་དགེ་བས་ངན་སོང་ནི་རིག་པའོ།། ས་བོན་གྱི་དཔེ་ལ་ཤེས་པ་འཕེལ་ཞེས་ཟེར་བ་དགག་པའི་ཕྱིར ་རྒྱའི་དཔེ་བསྟེན་ཏེ། རྒྱའི་རི་མོ་ཅི་འདྲ་བ་དེ་ལས་འཛིན་པའི་གོང་བུ་ལ་ཡང་རི་མོ་གཞན་མི་འབྱུང་བའི་ཕྱིར་རོ།། སྐྱུར་གྱི་དཔེ་ལས་གང་གི་ལྷའི་ལོ་རྒྱུས ་མྱོང་ན་དགེ་བ་མ་བྱས་ཀྱང་སྐྱེ་བ་ཐམས་ཅད་དུ་ལྷར་སྐྱེ། ངན་སོང་གི་སྡུག་བསྔལ་མྱོང་བ་དག་མི་དགེ་བ་མ་བྱས་ཀྱང་སྐྱེ་བ་ཐམས་ཅད་དུ་ངན་སོང་དུ་ཞེས ་ཟེར་བ་དག། དགག་པའི་ཕྱིར་མེ་ལོང་གི་དཔེ་བསྟན་ཏོ།། མེ་ལེངས་ལ་བཞིན་ཅི་འདྲ་བ་སྣང་བ་བཞིན་དུ། དགེ་བ་དང་མི་དགེ་བའི་འབྲས་བུ་འདྲ ་བ་བསྣོལ་ནས་མི་འདྲ་བར་སྦྱོར་བར་འགལ་བའི་ཕྱིར་རོ།། སྒྲའི་དཔེའ་ལ་ནི་བྱེད་པ་པོས་བྱས་པ་མ་ཡིན་ཏེ། མི་སྐད་མ་བསྒྲགས་པར་བྲག་ཆ་མི ་འབྱུང་བ་བཞིན་དུ་བྱེད་པ་པོས་མ་བྱས་པར་སེམས་ཅན་རྣམས་མི་སྐྱེ་བོ་ཞེས་ཟེར་བ་དེ་བསལ་བའི་ཕྱིར། སྐྱུར་གྱི་དཔེ་བསྟན་ཏེ། སྔར་འཐུངས་པ་དང ་ཟ་མྱོང་བས་ཕྱིས་བརྗོད་པས་འགྲམ་མཆུ་ལྡང་བ་བཞིན་དུ། ལས་དང་ཉོན་མོངས་པ་སྔར་སྤྲད་པའི་དབང་གིས་ཕྱིས་སྐྱེ་བ་ལེན་ཏོ།། ཀྱེ་རྒྱལ་པོ་ཆེན་པོ ་སེམས་ཅན་སྐྱེ་བ་དང་། འཇིག་པ་འདི་དང་ཚེ་ཕ་རོལ་ཏུ་འཕོ་བ་དང་། ཇི་ལྟར་འགྱུར་བ་དག་ནི་དེ་ལྟར་མཁྱེན་པར་མཛོད་ཅིག། བཅོམ་ལྡན ་འདས་ཀྱིས་དེ་སྐད་ཅེས་བཀའ་བསྐུལ་པ་ལ་འཁོར་འདུས་པ་ཐམས་ཅད་ཡི་རངས་ཏེ་མངོན་པར་བསྟོད་ཏོ།། འཆི་འཕོ་བ་ཇི་ལྟར་འགྱུར་བ་བསྟན་པའི ་