CLOSE WINDOW

F253: 'phags pa rdo rje rgyal mtshan gyi yongs su bsngo ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་བཛྲ་དྷ་པ་དྷ་པ་ཙ་རི་ནཱ་མ། བོད་སྐད་དུ། འཕགས་པ་རྡོ་རྗེ ་རྒྱལ་མཚན་གྱི་ཡོངས་སུ་བསྔོ་བ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། རྒྱུ་དང་མི་རྒྱུ་འཇིག་རྟེན ་ཕན་པའི་ཕྱིར།། བྱུང་དང་འབྱུང་བར་འགྱུར་དང་ད་ལྟར་གྱི།། རང་བྱུང་ཐུབ་དང་ཐུགས་རྗེ་ལྡན་རྣམས་ལ།། བདག་གིས་ལུས་ཀུན ་བཏུད་དེ་ཕྱག་བགྱིའོ།། ཆགས་པ་དང་ནི་ཞེ་སྡང་གཏི་མུག་གི། བདག་གིས་ལུས་དང་ངག་དང་ཡིད་རྣམས་ཀྱིས།། སྲིད་པ་ཉམ་ངར ་སྡིག་པ་ཅི་བགྱིས་པ།། སྡིག་པ་དེ་ཀུན་བདག་གིས་སོ་སོར་བཤགས།། དེ་བཞིན་གཤེགས་ཀྱི་བསོད་ནམས་མཛོད་གང་དང་། ་བྱང་ཆུབ་སེམས་དཔའ་ལས་བྱུང་བསོད་ནམས་དང་།། གང་ཡང་ཉན་ཐོས་རྐྱེན་གྱི་ཐེག་ཆེན་དང་།། འཇིག་རྟེན་བསོད་ནམས་དེ ་ལའང་ཡི་རང་ངོ་།། བྱང་ཆུབ་སྙིང་པོར་ཐོག་མར་དེ་སངས་རྒྱས།། སངས་རྒྱས་པད་མ་རྒྱས་འདྲའི་སྤྱན་མངའ་བ། སངས ་རྒྱས་ཟླ་མེད་མཐའ་ཡས་དེ་དག་ལ།། ཆོས་ཀྱི་འཁོར་ལོ་དམ་པ་བསྐོར ་བར་བསྐུལ།། ཕུང་པོ་མ་ལུས་མྱ་ངན་འདས་དབྱིངས་སུ།། གཤེགས་པར་གང་བཞེད་མི་དང་ལྷའི་ལྔ།། མགོན་དེ་དག་ལ ་འཇིག་རྟེན་ཕན་པའི་ཕྱིར།། བཞུགས་དང་སངས་རྒྱས་ཀུན་དོན་མཛད་པར་གསོལ།། ཕྱག་འཚལ་བ་དང་བཤགས་པའི་བསོད ་ནམས་དང་།། བསྐུལ་བ་དང་ནི་གསོལ་བ་བཏབ་པ་དང་།། དེ་བཞིན་ཡི་རངས་བསོད་ནམས་ཅི་མཆིས་ཏེ།། བྱང་ཆུབ་དམ་པ་མཆོག་ཏུ་བསྔོ ་བར་བགྱི།། བདག་ནི་བསོད་ནམས་བསྲེགས་པ་འདིས་རྟག་ཏུ།། བྱང་ཆུབ་སེམས་ནི་བརྗེད་པར་མ་གྱུར་ཅིག། རྟག་ཏུ་སངས་རྒྱས་བྱང་ཆུབ་སེམས ་དཔའ་དང་།། དགེ་བའི་བཤེས་རྣམས་མཉེས་པར་བྱེད་གྱུར་ཅིག། མི་ཁོམ་གནོད་པ་བརྒྱད་ནི་སྤོང་བར་ཤོག། བཟོད་དང་ལྡན་ཞིང་མཚན་གྱིས་ལུས ་བརྒྱན་དང་།། རྟག་ཏུ་སྐྱེ་དྲན་སེམས་མི་རྨོངས་པ་དང་།། རབ་དེས་ཕ་རོལ་ཕྱིན་ལ་བརྩོན་གྱུར་ཅིག། དབང་ཕྱུག་མི་རྗེས་ཆོས་ཀྱི་དབང་ཕྱུག་དང་།། ་ཡོན་ཏན་འབྱུང་གནས་ཉིད་ནི་འགྱུར་མེད་ཤོག། གཡོག་འཁོར་མང་པོ་མཐུན་པར་ལྡན་པ་དང་།། བསམ་པ་མཐུན་ཞིང་རྒྱ་ཆེར་དག་གྱུར་ཅིག། བསོད ་རྣམས་མི་ཟད་རྣམ་པས་ཅཝོ་ལྡན་ཞིང་།། ཆོ་ག་ཡོན་ཏན་དག་ལ་དགའ་བར་ཤོག། བསོད་ནམས་མངོན་ཤེས་སོ་སོ་ཡང་དག་རིག། ་དགུ་ལ་བདག་ནི་དབང་བྱེད་འགྱུར།། བྱང་ཆུབ་སེམས་དཔའ་གང་དག་ལམ་རྫོགས་པ།། དེ་དག་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོས ་དེ་ལ་གང་དག་ལམ་ཀུན་མ་རྫོགས་པ།། དེ་དག་ཚོགས་ཀྱི་དམ་པ་རྙེད་གྱུར་ཅིག། སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡི། ་བྱང་ཆུབ་ཏུ་ནི་སྨོན་ལམ་མྱུར་བདེ་བས་ཤོག། དེ་ལ་དམ་བཅས་པ་ནི་བརྟན་འགྱུར་ཞིང་།། བྱང་ཆུབ་ཐོབ་མིན་དོན་གཞན་བྱེད ་མ་གྱུར།། ལུས་ཀུན་དབང་པོ་དག་པས་རབ་བརྒྱན་ཏེ།། ནད་མེད་རིམས་ནད་མེད་ཅིང་མྱ་ངན་བྲལ། ཚེ་རིང ་ཞིང་དང་སྒྲ་ནི་ཡིད་འོད་ལྡན།། སྡིག་ལས་ལྡོག་ཅིང་དགེ་ལ་འཇུག་གྱུར་ཤོག། སེར་སྣ་བྲལ་ཞིང་ཟང་ཟིང་མེད་ཆོས་ཀྱིས། ་རྟག་ཏུ་ཕན་ཚུན་པན་འདོགས་བྱེད་པར་ཤོག། གཞན་དུ་སྙིང་རྗེ་ཆེ་དང་ལྡན་གྱུར་ན།། འདོད་པ་མི་མངའ་བདེ་བར་གཤེགས་གྱུར་ཅིག། འགྲོ་བ་སྡུག ་བསྔལ་བྱིང་ལ་ཕན་པའི་ཕྱིར།། སངས་རྒྱས་བྱང་ཆུབ་བླ་ན་མེད་མཆོག་ཏུ།། རྡོ་རྗེ་རྒྱལ་མཚན་ཡོངས་བསྔོ་རྒྱལ་པོ་གང་།། དེ་དག་གི་ནི་བསོད་ནམས ་ཡོངས་སུ་བསྔོ།། བདེ་གཤེགས་ཀུན་ཏུ་བཟང་དག་མཁྱེན་པ་དང་།། ཀུན་ཏུ་བཟང་པོའི་བསྔོ་དགེ ་ཇི་ལྟ་བར།། དེ་བཞིན་བདག་ཀྱང་ཀུན་ཏུ་བཟང་སྤྱོད་དང་།། རྒྱལ་བ་དམ་པ་ཀུན་ཏུ་བཟང་པོར་ཤོག། ་འཕགས་པ་རྡོ་རྗེ་རྒྱལ་གྱིས་ཡོངས་སུ་བསྔོ་བ་རྫོགས་སྷོ།། བྱིན་བརླབས་འཇུག་པ་བླ་མའི་བཀྲ་ཤིས་ཤོག། དངོས ་གྲུབ་སྟེར་བ་ཡི་དམ་བཀྲ་ཤིས་ཤོག། བར་ཆད་སེལ་བ་ཆོས་སྐྱོང་བཀྲ་ཤིས་ཤོག། མཐུན་རྐྱེན་འཛོམ་པ་གྲོག་གི་བཀྲ་ཤིས་ཤོག། ་ཡི་གེ་པ་ནི་ཀུན་དགའ་ཆོས་སྐྱབས་བདག་གིས་གནས་ཆོས་སྡིངས་དབེན་པའི་ནགས་ཁྲོད་དུ་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས ་བྲིས་པའོ།། ཀྱེ་འགྲོ་ཀུན་ལ་དགེ་བར་གྱུར་ཅིག། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། སརྦ་མངྒ་ལཾ།། དགེའོ།།་