CLOSE WINDOW

F250: sangs rgyas bcom ldan 'das la bstod pa dad pa las spobs pa skyes pa zhes bya ba
Wyliee-texts produced with BDRC’s OCR application

གྱི་མཁན་པོ་སརྦད་ཉ་དེ་བ་དང་། ཞུ་ཆེན་གྱི་ལོ་ཚ་བ་བན་དེ་དཔལ་བརྩེགས་རག་ཤི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། @#། རྒྱ་གར་སྐད་དུ། ་པྲ་ས་ད་པྲ་ཏི་བྷོད་བྷ་ག་བ་ཏ་བུདྡྷ་སྱ་སྟོ་ཏྲེ་ནཱ་མ། བོད་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། དད་པ་ལས་སྤོབས་སྐྱེས་པ་ཞེས་བྱ་བ། དེ་བཞིན་གཤེགས ་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། གང་ཞིག་ལ་ནི་ཉེས་པ་ཀུན།། བཏན་ནས་ཡོང་ཡེ་མི་མངའ་ཞིང་།། གང་ལ་རྣམ་པ་ཐམས་ཅད་དུ།། ཡོན་ཏན་ཐམས་ཅད་གནས་གྱུར ་པ། གལ་ཏེ་སེམས་ཤིག་ཡོད་ན་ནི།། དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང་།། དེ་བསྟོད་དེ་ནི་བཀུར་བ་དང་།། དེའི་གཏན་ལ་གནས་པའི་རིགས།། ཐམས་ཅད་མཁྱེན་ལ་ཡོན ་ཏན་ཀུན།། མངའ་བ་དེ་ཡང་རྣམས་མི་མངའ།། ཉེས་པ་བག་ཆགས་བཅས་དེ་ཡང་།། སྐྱོབ་པཅིག་པུ་ལ་མི་མངའ།། བཅོམ་ལྡན་འདས་ཀྱི་སུ་དང་ནི།། གསུང་དང ་ཐུགས་ཀྱི་འཕྲིན་ལས་ལ།། ཞེ་འགྲས་གྱུར་པ་གང་གིས་ཀྱང་།། ཆོས་དང་ལྡན་པར་གླགས་མི་རྙེད།། རྒྱ་མཚོར་གཉའ་ཤིང་བུ་གུང་དུ། ་རུས་སྦལ་མགྲིན་པ་ཆུད་པ་ལྟར།། དམ་ཆོས་དགའ་སྟོན་ཆེར་བཅས་པའི།། མི་ཉིད་བདག་གིས་ཐོབ་ནས་ནི།། མི་རྟག་ཉིད་དང་རྗེས་འབྲེལ་ཅིང་།། ལས་ཀྱི་ཀླགས ་ལ་དོགས་བཅས་པ།། བདག་གི་ལྕེ་ཉི་ཉིད་ཀྱིས་ཀོ།། སྙིང་པ་ཅི་ཡང་བླང་མི་བྱ།། དེ་ལྟས་ཐུབ་པ་ཡོན་ཏན་གྱི།། ཡུལ་ལྷ་གྲགས་མེད་ཤེས་མོད་ཀྱི།། རང་གི་དོན ་ལ་གུས་པ་ཡིས།། དེའི་ཕྱོགས་ཅིག་སྒྲིམས་ཏེ་བརྗོད།། གང་གི་ཡོན་ཏན་གྲགས་དག་དང་།། མཐུ་ལ་ཐུག་པ་མ་མཆིས་དང་།། རྨད་བྱུང་འཕྲིན་ལས་དཔག་མེད་ཅན།། ། ་རང་བྱུང་ཁྱོད་ལ་ཕྱག་འཚལ་ལོ།། འདི་རྙེད་བགྱི་བའི་མཐའ་མེད་ན།། འདི་ལྟ་ལགས་ཤེས་ཅི་ཞིག་སྨོས།། ཁྱོད་ཀྱི་ཡོན་ཏན་སླད་དུ་བདག། བསོད་ནམས་སྙམ་ནས་སྤྱི ་རྡོལ་སྐྱེས།། །། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། དད་པ་ལས་སྤོབས་པ་བསྐྱེད་པ་ཞེས་བྱ་བ་ལས། བསྟོད་པ་གླེང་བསླང་བ་སྟེ་ལེའུ་དང་པོའོ།། ། ་སྤྱོད་དམ་མི་སྤྱོད་སྙམ་པ་ཡི།། རྣམ་པར་རྟོག་པ་རྣམས་སྤངས་ནས།། འགྲོ་བ་འདི་ནི་ཉམ་ཐག་ཅེས།། ཁྱོད་བདག་ཉིད་ཀྱིས་ཞལ་གྱིས་བཞེས།། ཁྱོད་ནི་མ་བཅོལ་ལས ་ལེག་མཛད་པ།། ཁྱོད་ནི་རྒྱུ་མེད་བཞིན་དུ་བྱམས།། ཁྱོད་ནི་མ་འདྲིས་མཛའ་བཤེས་ཏེ།། འབྲེལ་པ་མེད་པའི་གཉེན་གདུན་ལགས།། ཉིད་ཀྱི་ཤ་ཡང་སྩོལ་མཛད་ན།། ་དངོས་པོ་གཞན་ལྟ་སྨོས་ཅི་འཚལ།། ལེགས་མཛད་ཁྱོད་ཀྱི་སྲོག་ཀྱང་ནི།། སློང་བའི་སྐྱེ་བོ་རྣམས་ལ་བཏང་།། ཁྱོད་ཀྱི་སྐུ་དང་སྲོག་དག་གིས།། ལུས་ཅན་གཤེད་མས། ་ཟིན་རྣམས་ཀྱི།། ལུས་དང་སྲོག་ཀྱང་ཁྱོད་ཀྱིས་ནི།། ལན་བརྒྱ་ཕྲག་ཏུ་སྲུ་མི་མཛད།། ངན་འགྲོ་བརྙེངས་སླད་མ་ལགས་ལ།། བཞེད་པའི་འགྲི་བའང་བསྒྲུབ་མ་ལགས།། ་དགོངས་པ་དག་པ་འབའ་ཞིག་གིས།། ཁྱོད་ཀྱི་ཚུལ་ཁྲིམས་གོམས་པར་མཛད།། རྟག་ཏུ་གྱ་གྱུ་རྣམས་སྤངས་ཤིང་།། དྲང་བརྟན་རྣམས་ནི་ཡོངས་སུ་དག། ཡོངས་སུ་དག ་པའི་ལས་རྣམས་ཀྱི།། ཁྱོད་ནི་ཚིགདྷ་བརྟེན་ཅིག་པུར་གྱུར།། སྡུག་བསྔལ་མང་པོས་གཟིར་བ་ན།། ཁྱོད་ཀྱི་དགེ་བ་ཐུགས་ཀྱིས་ནི།། ཉོན་མོངས་རྣམས་ལ་སྲན་བཙུགས་ནས།། ་སྐྱེ་བ་ཉོན་མོངས་ཅན་ལ་རྩེ།། ཁྱོད་ཀྱིས་གཞན་གྱི་དོན་སླད་དུ།། སྐུ་སྲོག་བཏང་ནས་དགྱེས་གྱུར་གང་།། དེ་འདྲ་སྲོག་ཆགས་འགུམ་པ་ལས།། སོས་པ་རྣམས་ལའང་བྱུང ་མ་གྱུར།། ཁྱོད་ནི་ལན་འགའ་མ་ལགས་པར།། གཏུབས་ཀྱང་སྡུག་བསྔལ་མི་དགོངས་པར།། གཤེད་མ་བགྱིད་པའི་སེམས་ལའང་།། གཙོ་བོ་ཐུགས་རྗེར་གྱུར་པ་གང་། ་ཁྱོད་ཀྱི་ཐུགས་ནི་རིན་པོ་ཆེ།། རྫོགས་པའི་བྱང་ཆུབ་ས་བོན་ཏེ།། དཔའ་ཁྱོད་ཁོ་ནས་སྙིང་པོར་མཁྱེན།། དེ་བཞིན་སྐྱེ་བོས་འོལ་མི་བྱ།། དཀའ་སྤྱད་ལས་ནི་མ་བགྱིས་པར།། ་གོ་འཕངས་རྙེད་དཀའ་མི་ཐོབ་ཅེས།། དེ་སྲད་ཉིད་ལའང་མ་གཟིགས་པར།། ཁྱོད་ཀྱིས་བརྩོན་འགྲུས་ལེགས་པར་སྤེལ།། ཁྱད་པར་འཕགས་པར་བགྱི་བ་ལ།། ཁྱོད་ལ་ཐ ་ལྷོད་འགའ་མ་བྱུང་།། དེ་སླད་ཁྱོད་ཀྱི་ཁྱད་པར་རྣམས།། ཐོག་དྲུང་རིམ་པ་དབྱེར་མ་མཆིས།། ཐུགས་ནི་ཐུགས་རྗེ་ཆེན་པོ་དང་།། རྟག ་ཏུ་རྗེས་སུ་འབྲེལ་སླད་དུ།། ཏིང་འཛིན་འབྲས་བུར་བཅས་པ་ཡི།། ཤིན་ཏུ་བདེ་ལའང་ཁྱོད་མ་ཆགས།། གཞན་དང་ཐུན་མོང་མ་ལགས་པའི།། བདེ་བ་གང་དེ་གྱ་ནོམ ་ཡང་།། དམ་པའི་སྤྱོད་ལྡན་ཁྱོད་འདྲ་ལ།། གནོད་པ་རབས་ཀྱི་སྨན་མ་མཆིས།། འདྲེས་པ་ལས་ན་ལེགས་བཤད་པའི།། སྙིང་པོ་སྐྱོན་མེད་ཉི་ཚེ་ཞིག། ཁྱོད་ཀྱིས་ཀུན ་ཤེས་ཐུགས་ལ་གཞན།། ཉེས་བཤད་དུག་བཞིན་ཡོངས་སུ་སྤངས།། རིན་ཆེན་སྙིང་པོ་མཁྱེན་ཁྱོད་ཀྱི།། ལེགས་བཤད་སྲོག་གིས་འཇལ་བ་ན།། སྐྱེ་བ་དེ་དང་དེ་དག ་ཏུ།། བྱང་ཆུབ་སླད་དུ་དཔའ་རྩལ་བསྟན།། དེ་སླད་གྲངས་མེད་གསུམ་དག་ཏུ།། ཁྱོད་ནི་ད་ལྟར་བརྩོན་པ་ན།། བརྩོན་འགྲུས་འབའ་ཞིག་གྲོགས་གྱུར་པས།། གོ་འཕང་བླ་ན ་མེད་པ་རྙེས།། །། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། དད་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་བ་ལས། རྒྱུའི་སྒོ་ནས་བསྟོད་པ་སྟེ་ལེའུ་གཉིས་པའོ།། ། ་མཐོ་ལ་ཕྲག་དོག་མི་མཛད་ཅིང་།། དམའ་ལ་དང་ན་ཅན་མ་མཛད་ལ།། མཉམ་ལ་འགྲན་པ་མ་མཆིས་པས།། ཁྱོད་ནི་འཇིག་རྟེན་གཙོ་བོར་གྱུར།། ཁྱོད་ནི་ཡོན་ཏན་རྒྱུ་རྣམས ་ལ།། མངོན་དགྱེས་འབྲས་བུ་རྣམས་ལ་མིན།། ཡང་དག་སྒྲུབ་པ་དེ་ཉིད་ཀྱིས།། ཁྱོད་ཀྱི་ཡོན་ཏན་པ་མཐའ་ཕྱིན།། ཇི་ལྟར་ཁྱོད་ཀྱི་ཞབས་རྡུལ་ཡང་།། བསོད་ནམས་སྐྱེ་བ ་མཆེད་འགྱུར་བ།། དེ་ལྟར་ཁྱོད་ཀྱི་ལེགས་སྤྱད་པས།། བདག་ཉིད་རབ་ཏུ་སྐྲུན་པ་མཛད།། ཉེས་པ་ཉམ་སྨད་རྩ་ནས་བཏོན།། ཡོན་ཏན་སྤེལ་ནས་རྣམ་པར་སྦྱངས། ་གཞུང་ལུགས་བཟང་བ་དེས་ན་ཁྱོད།། གྲུབ་མཆོག་ལྷག་པར་མཉེས་པ་ལགས།། ཇི་ལྟར་བདག་གི་རྒྱུད་དེ་ལ།། བག་ཆགས་ལྷག་མའང་མ་ལུས་པ།། དེ་ལྟར་རྣམ་པ ་ཐམས་ཅད་དུ།། ཉེས་པ་ཁྱོད་ཀྱིས་རབ་ཏུ་བཅོམ།། ཇི་ལྟར་གཞན་ལ་དེ་དག་དང་།། འདྲ་བ་ཙམ་ཡང་མི་གདའ་ན།། དེ་ལྟར་ཁྱོད་ཀྱིས་བསགས་བསགས་ནས།། བདག ་ཉིད་ལ་ནི་ཡོན་ཏན་བསྒྲུབས།། འཇིག་རྟེན་པའི་དཔེ་དངོས་ཀུན།། གགས་བགྱིད་པ་དང་སྒྲིབ་པ་ཅན།། རེ་ཤིག་པ་དང་ཉི་ཚེ་བ།། ཤིན་ཏུ་རྙེད་པར་སླ་བ་ལགས།། ཁྱོད་ཀྱི ་ཡོན་ཏན་བླ་མེད་ལ།། གགས་བགྱིད་མ་མཆིས་རྟོགས་མ་མཆིས།། བརྟན་པ་དང་ནི་རྒྱུན་ཆགས་པས།། དཔེ་ལྟ་མཆིས་པར་ག་ལ་འགྱུར།། གང་ཚེ་ཁྱོད་ཀྱི་དགོངས་པའི ་དཀྱིལ།། གཏིང་དང་ཕ་རོལ་མེད་བརྟགས་ན།། རྒྱ་མཚོའི་ཟབ་པ་ཉིད་ཀྱང་ནི།། གནག་རྗེས་ལྟ་བུར་སལ་ལེ་གདའ།། ཆོས་རྣམས་ཀུན་གྱིས་མི་བསྐྱོད་པ།། ཁྱོད་ཀྱི་བརྟན ་པ་མངོན་བསམས་ན།། སའི་བརྟན་པ་ཉིད་ཀྱང་ནི།། ཤིར་ཤའི་ཀྱེ་སར་རྩེ་ལྟར་ཆུང་།། འཇིག་རྟེན་ལེགས་པ་གང་ཅིའང་རུང་།། ཐམས་ཅད་སྔོས་ནའང་དེར་རབས་ཏེ།། ཉོན ་མོངས་འཇིག་རྟེན་ཆོས་རྣམས་ཀྱིས།། སངས་རྒྱས་ཆོས་ལ་ཁྱད་མི་འཁོར།། རིན་ཆེན་ཆོས་གང་བརྙེས་ནས་ཁྱོད།། མཆོག་ཏུ་གྱུར་པ་དེ་ཉིད་དང་།། ཁྱོད་དུ་བསྣུན་ཞིང་དེ ་ཡང་ནི། ཁྱོད་དང་སྤྱན་སྡོམ་ཁོ་ནར་བས།། ཐུབ་པ་ཁྱོད་ཀྱི་ཡེ་ཤེས་ཀྱི།། སྣང་བ་མི་ཤེས་རབ་རིབ་དག། འཇོམས་པའི་ཐད་ན་ཉི་མ ་ཡང་།། མེ་ཁྱེར་ཙམ་དུ་མི་སྤྱོད་དོ།། ཁྱོད་ཀྱི་གསུང་ཐུགས་མཛད་སྤྱོད་རྣམས།། དག་པའི་གན་ན་སྟོན་ཟླ་དང་།། ཆུ་དང་ནམ་མཁའི་དག་པ་རྣམས།། དྲི་མ་ཅན་ཉིད ་ལྟ་བུར་གདའ།། གང་ལ་སྤྱི་ཙམ་གཏན་ནས་ནི།། ཅུང་ཟད་བརྗོད་པར་བགྱིད་པ་དེ།། སྨྲ་བ་པོ་ཡི་རང་དགའ་དང་།། ཐབས་དང་གཅམ་བུ་ཙམ་དུ་བས།། །། སངས ་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། དད་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་བ་ལས། དཔེ་མེད་པར་བསྟོད་པའི་ལེའུ་སྟེ་གསུམ་པའོ།། ། ཁྱོད་ནི་བདུད་ལས ་རྣམ་རྒྱལ་ཏེ།། འགྲོ་ཀུན་དད་པར་མཛད་པ་ཡང་།། བདག་གིས་ཆོས་ཉིད་རྗེས་བསམས་ན།། ཆེན་པོ་ལགས་པར་ངས་མཐོང་ངོ་།། སྡང་བར་བརྒོལ་བར་རྩོལ་བྱེད་པ།། ་མང་པོའང་གཞོམ་པར་བྱ་བ་ནི།། ཁྱད་པར་གནས་ལ་བརྟེན་པ་ཡི།། བཟོད་པ་ཚེགས་སུ་འཚར་མི་ཆེ།། གང་ཚེ་བདུད་རྣམས་མངོན་བཏུལ་བ།། དེ་ཡི་ནུབ་མོ་ཁོ་ན ་ལ།། ཉོན་མོངས་ཤིན་ཏུ་ཆེ་སྤངས་པ།། དེ་ཉིད་སླད་དུ་བྱུང་མ་ལགས།། འོད་ཟེར་ཕྲེང་བ་སྟོང་ལྡན་པའི།། ཉི་མས་མུན་གསལ་གང་ལགས་དང་།། དཔའ་བོ་ཁྱོད ་ཀྱིས་མུ་སྟེགས་ལས།། རྒྱལ་བར་མཛད་པ་ཅི་ཞིག་མཚར།། འདོད་ཆགས་བྲལ་བས་ཆགས་བཅས་དང་།། ཞེ་སྡང་བྲལ་བས་ཞེ་སྡང་ཅན།། གཏི་མུག་བྲལ་བས ་རྨོངས་པ་སྟེ།། གསུམ་པོས་རྟག་ཏུ་གསུམ་དག་བཏུལ།། དམ་ཆོས་རབ་ཏུ་བསྟོད་པ་དང་།། དམ་ཆོས་མ་ལགས་སྨོད་མཛད་ཀྱང་།། དམ་པ་དག་དང་ཐ་མ་ལ། ་ཁྱོད་ནི་ཆགས་དང་ཁྲོ་མི་མངརའ།། དགྲ་བཅོམ་པ་དང་མུ་སྟེགས་ལ།། རྗེས་སུ་ཆགས་དང་ཁོང་ཁྲོ་བར།། ཁྱོད་ཀྱི་ཐུགས་ནི་མི་འགྱུར་ན།། ཁྱོད་ལ་བསྟོད་དུ་ཅི་ཞིག ་མཆིས།། ཡོན་ཏན་རྣམས་ལའང་མ་ཆགས་ལ།། ཡོན་ཏན་ཅནའང་བཞེད་མི་མངའ།། ཀྱེ་མའོ་ཁྱོད་ཀྱི་ཐུགས་སྟོབས་ནི།། རབ་དང་ཡོངས་སུ་དག་པ་ལགས།། ་དབང་པོ་རྣམས་ནི་རབ་དང་བ།། དུས་རྣམས་རྟག་ཏུ་མི་ཉམས་པས།། ཁྱོད་ཐུགས་རྟག་ཏུ་དད་པ་དག། མངོན་སུམ་གྱུར་པ་བཞིན་དུ་གདའ།། རང་བཞིན་འདམ ་པོ་ལེགས་གསུངས་དང་།། མཛད་སྤྱོད་བཟང་པོས་བསྒྲགས་པས་ན།། ཁྱོད་ཀྱི་བློ་གྲོས་དགོངས་པ་དག། རྣམ་དག་བྱིས་པའི་བར་ལ་གྲགས།། ། སངས་རྒྱས ་བཅོམ་ལྡན་འདས་ལ་བསྟོད་པ། དད་པ་ལ་སྤོབས་པ་སྐྱེས་པ་ཞེས་བྱ་བ་ལས། སྨད་དུ་བྱུང་བར་བསྟོད་པ་ཞེས་བྱ་བའི་ལེའུ་སྟེ་བཞི་པའོ།། །། ཉེ་བར་ཞི་ལ ་ཡིད་དུ་འོང་།། འབར་ལ་གནོད་པ་མཛད་མི་མངའ།། དུལ་ལ་རྔོམ་བརྗིད་ཆེ་བ་ཡི།། སྐུ་འདིས་སུ་ཞིག་དང་མི་མཛད།། ཁྱོད་ཀྱིས་སྐུ་དེ་གང་གིས་ནི།། ལན་བརྒྱ ་མཐོང་དང་གང་ཞིག་གིས།། དང་པོར་མཐོང་བ་དེ་གཉི་ག། འདྲ་བར་མིག་ནི་མགུ་བར་མཛད། ཁྱོད་ཀྱི་སྐུ་ནི་མཛེས་པ་དང་།། བལྟ་བས་མི་ངོམས་རང་བཞིན་པས། ་མཐོང་ངོ་ཅོག་ཕྱི་ཕྱིར་ཞིང་།། དགའ་བ་བསྐྱེད་པར་མཛད་པ་ལགས།། རྟེན་གྱི་ཡོན་ཏན་དག་དང་ནི།། རྟེན་པའི་ཡོན་ཏན ་ཕན་ཚུན་དུ།། འཚམ་པས་ཁྱོད་ཀྱི་སྐུ་དང་ནི།། ཡོན་ཏན་ཕུན་སུམ་ཚོགས་དང་ལྡན།། མཚན་དང་དཔེ་བྱད་བཟང་འབར་བ།། ཁྱོད་ཀྱི་སྐུ་ལ་མ་གཏོགས་པར།། ་དེ་བཞིན་གཤེགས་པའི་ཡོན་ཏན་འདི།། གཞན་གང་ཞིག་ལ་ལེགས་གནས་འགྱུར།། ཁྱོད་སྐུ་བརྟེན་པའི་ཡོན་ཏན་ལ།། ད་དཔལ་ཚོ་ཞེས་གསུང་གསུང་ལྟ།། ་དེ་ཡི་ཡོན་ཏན་རྣམས་ཀྱང་སླད།། ངེད་ལེགས་བཀོད་ཅེས་གསུང་བ་འདྲ།། །། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། དད་པ་ལས་སྤོབས་པ་སྐྱེས་པ ་ཞེས་བྱ་བ་ལས། སྐུ་ལ་བསྟོད་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་པའོ།། །། འགྲོ་བ་འདི་དག་ཐམས་ཅད་ནི།། ཁྱད་མེད་ཉོན་མོངས་རྣམས་ཀྱིས་བཅིངས།། ཁྱོད་ནི ་འགྲོ་བའི་ཉོན་མོངས་དག། དགྲོལ་སླད་ཡུན་རིང་ཐུགས་རྗེས་བསྡམས།། དང་པོར་ཁྱོད་ལ་ཕྱག་བགྱི་འམ།། འོན་ཏེ་གང་གིས་འཁོར་བར་ཁྱོད།། སྐྱོན་མཁྱེན་ཡུན ་རིང་དེ་ལྟ་བུར།། བཞུགས་མཛད་ཐུགས་རྗེ་ཚལ་བགྱི།། དབེན་པའི་བདེ་བ་དང་གྱུར་ཁྱོད།། མང་པོའི་ནང་ན་བཞུགས་པ་གང་།། དེ་ནི་ཁྱོད་ཀྱི་ཐུགས་རྗེ་ཡིས་ཀ་། གླགས ་ཤིག་ཐོད་ནས་བགྱིས་པར་བས།། རིག་པ་ཡིས་ནི་མཚོ་ནང་ནས།། ཀླུ་བཞིན་ཁྱོད་ཀྱང་ཐུགས་རྗེ་ཡིས།། དགོན་བ་ཞི་ནས་གྲོང་གི་མཐར།། གདུལ་བའི་དོན་གྱི་སླད ་དྲངས་ནས།། ཉེར་བཞི་མཆོག་ལ་གདུལ་སླད་དུ།། ཐུགས་རྗེ་གཅོ་དང་ལྡན་པས་ན།། རོལ་མོ་མཁན་གྱི་རྒྱུ་རྩལ་ཡང་།། ཁྱོད་ཀྱིས་ཤལ་གྱིས་བཞེས་པ་མཛད།། རྫུ། ་འཕྲུལ་སེང་གེའི་སྒྲ་དང་ནི།། ཉིད་ཀྱི་ཡོན་ཏན་བརྗོད་པ་གང་།། དེ་ནི་སྙེམས་པ་མི་མངའ་བ།། ཁྱོད་ཀྱི་ཐུགས་རྗེས་གཏང་བ་ལགས།། གཞན་གྱི་དོན་དུ་རབ་བཟང་གི། ཉིད ་ཀྱི་རྟེན་ལ་རྩེ་མེད་པས།། མགོན་པོ་ཁྱོད་ཉིད་འབའ་ཞིག་ལ།། ཐུགས་རྗེ་ཐུགས་རྗེ་མཛད་མ་འགྱུར།། འདི་ལྟར་རེ་འགའ་བརྟན་པ་ཡིས།། གཞན་དོན་གྲུབ་པར་མཛད་སླད་དུ།། ་ཁྱོད་ནི་ལན་བརྒྱར་ཕྱོགས་དག་ཏུ།། གཏོར་མ་བཞིན་དུ་བཏང་བ་ལགས།། དེ་ལྟར་ཁྱོད་ལ་གནོད་མཛད་ཀྱང་།། ནོངས་ཅན་དུ་ཡང་མི་རྩི་བས།། ཁྱོད་ཀྱི་བཞེད་པ་ཁོ་ན་དང་། ་འཐུན་འཇུག་པ་ནི་ལེགས་པར་གདའ།། ། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། དད་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་བ་ལས། ཐུགས་རྗེ་ལ་བསྟོད་པ ་ཞེས་བྱ་བ་སྟེ་ལེའུ་དྲུག་པའོ།། །། ཚིག་བཟང་བ་དང་དོན་ཆེ་དང་། 8། བདེན་པ་དང་ནི་སྙེན་པ་དང་།། ཟབ་གསལ་གཉི་གའི་དོན་ལྡན་དང་།། བསྡུས་དང་སྤྲོས་པ་དང་ལྡན ་པ།། ཁྱོད་ཀྱི་གསུང་ནི་དེ་ལྟ་བུ།། ཁྱོད་དང་འགྲས་པས་ཐོས་ན་ཡང་།། ཐམས་ཅད་མཁྱེན་པ་ལགས་སོ་ཞེས།། སུ་ཞིག་ངེས་པ་སྐྱེ་མི་འགྱུར།། མང་པོའི་རིལ་གྱིས ་སྨན་མ་ལགས།། བཅོམ་པ་འགའ་རྩམ་སྙན་པར་བས། ཁྱོད་ཀྱི་གསུང་ནི་དོན་གྲུབ་པས།། ཐམས་ཅད་ལེགས་གསུངས་ཁོ་ན་ལགས།། ཁྱོད་ཀྱི་གསུང་ནི་རྣམ་པདགས ་གང་ཞིག་འཇམ་དང་རྩུབ་པ་དང་།། གང་ཡང་དེ་གཉིས་ལྡན་པ་དག། ཐམས་ཅད་རོ་ཅིག་ཉིད་དུ་འགྱུར།། ཨེ་མའོ་ཤིན་ཏུ་ཡོངས ་དག་པའི།། འཕྲིན་ལས་རྣམས་ནི་རབ་ཏུ་བཟོ།། དེ་ཡིས་རིན་ཆེན་གསུང་རྣམས་ཀྱི།། སྣོད་འདི་འདྲ་བ་འདི་བགྱིས་སོ།། ཁྱོད་ཞལ་ལྟ་ན་རབ་སྡུག་པ།། དེ་ལས ་སྙན་ན་སྙན་པ་ཡི།། གསུང་འདི་དག་ནི་ཟླ་བ་ལས།། བདུད་རྩི་འཛག་པ་བཞིན་དུ་བྱུང་།། ཁྱོད་ཀྱི་གསུང་ནི་འདོད་ཆགས་ཀྱི།། རྡུལ་རབ་ཞི་མཛད་ཆར་སྤྲིན་འདྲ།། ་ཞེ་སྡང་སྦྲུལ་ནི་དབྱུང་བ་ལ།། ནམ་མཁའ་ལྡིང་དང་འདྲ་བ་ལགས།། ཡང་དང་ཡང་དུ་མི་ཤེས་པའི།། རབ་རིབ་འཇོམས་པས་གདུགས་དང་འདྲ།། ང་རྒྱལ་རི་བོ ་མངོན་འཇོམས་པས།། རྡོ་རྗེ་དང་ཡང་འདྲ་བ་ལགས།། དོན་གཟིགས་པས་ནི་མི་སླུ་བ།། ནོངས་མི་མངའ་ཕྱིར་རྗེས་སུ་འཐུན།། ལེགས་པར་སྦྱར་བས་གོ་སླ་སྟེ།། ་ཁྱོད་ཀྱི་གསུང་ནི་ལེགས་གསུང་ལྡན།། རེ་ཞིག་དང་པོར་ཁྱོད་ཀྱིས་གསུང་།། ཉན་པ་རྣམས་ཀྱི་ཡིད་འཕྲོག་མཛད།། དེ་ནས་ཡིད་ལ་བསམ་བགྱིས་ན།། འདོད་ཆགས ་གཏི་མུག་ནམས་ཀྱང་སེལ།། འཕོངས་པ་རྣམས་ཀྱི་དབུགས་འབྱིན་ཅིང་།། བག་མེད་རྣམས་ཀྱི་སྐྱབས་ཀྱང་མཛད།། བདེ་བ་ཅན་དག་སྐྱོ་བགྱིས་པས།། ཁྱོད་གསུང ་ཀུན་དང་འཚམ་པར་འཇུག། མཁས་པ་རྣམས་ཀྱི་དགའ་བ་བསྐྱེད།། བར་མ་རྣམས་ཀྱི་བློ་ཡང་སྤེལ།། མ་མའི་རབ་རིབ་རྣམས་འཇོམས་པས།། གསུང་འདི་སྐྱེ ་བོ་ཀུན་ལ་སྨན།། ལྟེ་བ་དག་ལས་དཀར་མཛད་ཅིང་།། མྱ་ངན་འདས་པ་ཉེ་བར་འདྲེན།། ཉེས་པ་སེལ་མཛད་ཁྱོད་ཀྱི་གསུང་།། ཡོན་ཏན་རྣམས་ཀྱི་ཆར་ཡང་འབེབས།། ་ཀུན་ལ་མ་ཐོགས་ཐུགས་མངའ་ཞིང་།། དགོངས་པའང་ཀུན་ལ་ཉེར་གནས་པས།། དེ་སླད་ཁྱོད་ཀྱིས་ལུང་བསྟན་ཀུན།། ཐམས་ཅད་ལ་ཡང་སྒྲ་མི་མངའ།། གང ་སླད་དུས་མིན་ཡུལ་མིན་དང་།། སྣོད་མིན་རྣམས་སུ་མི་འཇུག་ལ།། དེ་སླད་ཁྱོད་གསུང་དོན་ཆེ་ཏེ།། བརྩོན་འགྲུས་ལེགས་པར་བརྩམས་པ་བཞིན།། ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། དང་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་བ་ལས་གསུང་ལ་བསྟོད་པ་སྟེ་ལེའུ་བདུན་པའོ།། །། བགྲོད་པ་ཅིག་དང ་ཐབས་བདེ་དང་།། ལེགས་པར་འབྲེལ་དང་ཉེས་པ་མེད།། ཐོག་མ་བར་དང་མཐར་དགེ་བས།། ཁྱོད་ཀྱི་སྟན་འདྲ་གཞན་ལ་མེད།། ཁྱོད་ཀྱི་གཞུའི་ལུགས་དེ་ལྟ་བུ།། ་ཅིག་ཏུ་ཕངས་ལ་ལྷ་ཆགས་པའི།། བྱིས་པ་གལ་ཏེ་སྨོད་བགྱིད་ནི།། ལྷ་དང་འདྲ་བའི་དགྲ་མ་མཆིས།། འགྲོ་བ་ཡི་ནི་དོན་སླད་དུ།། སྡུག་བསྔལ་མང་གཏར་གང ་ལགས་པོ།། དེ་བས་ཁྱོད་བསྟན་ངན་ན་ཡང་།། གནས་པར་བགྱི་བ་ལ་ཐུག་ན།། ཕན་པ་གསུང་ཞིང་ཕན་མཛད་པ།། ཁྱོད་ཀྱི་བསྟན་པ་ཅི་སྨོས་ཏེ།། མགོ་ལ་ཞུགས ་ནི་འབར་བས་ཀྱང་།། ཅིའི་སྐད་དུ་བསྒྲུབ་མི་བྱ།། ཁྱོད་ཀྱི་བསྟན་པས་རང་དབང་དང་།། བྱང་ཆུབ་པ་དེ་དང་ཞི་བ་དང་།། ཁྱོད་ཀྱི་ཡོན་ཏན་བསྔགས་པ་དང་།། ལེགས་པ། ་བཞི་པོ་འདི་ཀུན་འཐོབ།། དཔའ་བོ་ཁྱོད་ཀྱི་བསྟན་པ་འདི།། མུ་སྟེགས་ཐམས་ཅད་སྐྲག་མཛད་ལ།། བདུད་ནི་སེམས་ཁོངས་ཆུད། ་མཛད་ཅིང་།། ལྷ་དང་མི་རྣམས་དབུགས་ཀྱང་འབྱིན།། འཆི་བདག་བསྟན་ལ་ཁམས་གསུམ་གྱི།། ས་ཆེན་དག་ན་སྤྱོད་བགྱིད་པ།། མི་ཐོགས་ཐོགས་པ་མ་མཆིས ་པའང་།། ཁྱོད་ཀྱི་བསྟན་པས་ཟིལ་གྱིས་མནན།། ཁྱོད་ཀྱི་བསྟན་པའི་ལུགས་འཚལ་བ།། དཀའ་ན་བསྐལ་པར་གནས་ལ།། གང་དུ་བདུད་ཀྱིས་མི་རྫི་བ།། དེར་ཡང ་དགའ་མགུར་རབ་ཏུ་མཆི།། ལུང་གི་དོན་ནི་བསམ་པ་དང་།། བསྒོམ་དང་གུས་པར་མཉན་པ་ཡི།། དུས་གསུམ་ཆ་དབྱེ་ཁྱོད་ཀྱིས་ནི།། བསྟན་ལས་གཞན་ལ་མཆིས་མ ་ལགས།། དྲང་སྲོང་སྐྱེས་མཆོག་ཁྱོད་ཀྱི་བསྟན།། དེ་ལྟར་ལེགས་པས་ཁྱབ་འདི་ལ།། མི་གུས་གང་ལགས་དེ་ལས་ནི།། སྡུག་བསྔལ་ཆེན་པོའང་ཅི་ཞིག་མཆིས།། ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། དད་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་བ་ལས། བསྟན་པ་ལ་བསྟོད་པ་སྟེ་ལེའུ་བརྒྱད་པའོ།། །། ཁྱོད ་ཐོས་པས་ནི་སྤྲོ་བ་སྐྱེ།། མཐོང་བས་དད་པ་སྐྱེ་བར་འགྱུར།། ཁྱོད་གསུང་ཐོས་པས་དགའ་འགྱུར་ཏེ།། སྙན་པས་རྣམ་པར་གྲོལ་བར་བགྱིད།། ཁྱོད་ཀྱི་སྲས་ཀྱི་མགུ་བར ་འགྱུར།། འབྲེལ་པས་སྐྱེ་དགུ་རྣམས་ཀྱང་དགའ། གཤེགས་པ་ན་ནི་ཕན་འདོགས་མཛད།། ལྡོག་པ་ན་ནི་རྒུད་པར་གྱུར།། བསྒྲགས་པས་སྡིག་པ་འཕྲོག་པར་མཛད།། ་ཁྱོད་དྲན་པས་ནི་རངས་པར་འགྱུར།། བཙལ་བས་བློ་གྲོས་སྐྱེ་འགྱུར་ཏེ།། ཡོངས་སུ་ཤེས་པས་རྣམ་པར་དག་ཁྱོད་ལ་བ་བཅུས་པས་དཔལ་ཏུ་ཆེ།། བརྟེན་པས་བློ་གྲོས ་མཆོག་ཏུ་འགྱུར།། བརྟེན་ན་འཇིགས་པ་མེད་པར་མཛད།། བསྙེན་བསྐུར་བགྱིས་པ་བདེ་བར་འགྱུར།། ཚུལ་ཁྲིམས་ཕུན་སུམ་ཚོགས་པས་དག། བསམ་གཏན་ཕུན་སུམ ་ཚོགས་པ་དང་།། ཤེས་རབ་ཕུན་ཚོགས་མི་འཁྲུགས་པས།། ཁྱོད་ནི་བསོད་ནམས་མཚོན་ཆེན་ལགས།། ཁྱོད་སྐུ་བལྟར་འོས་རིན་ཆེན་སྟེ།། ལེགས་གསུངས་བསྟན ་འོས་རིན་ཆེན་ལགས།། ཆོས་ནི་སྤྱད་འོས་རིན་ཆེན་པས།། ཁྱོད་ནི་རིན་ཆེན་འབྱུང་གནས་ལགས།། ཁྱོད་ནི་ཆུ་བོས་འདས་པའི་གླིང་།། སྨྲས་པའི་བདག་ཉིད་སྐྱོབ་པ་སྟེ།། ། ་སྲིད་པའི་འཇིགས་པས་ཉན་པའི་སྐྱབས།། ཐར་འཚལ་རྣམས་ཀྱི་འདྲན་པ་ལགས།། ཚུལ་ཁྲིམས་དག་ཕྱིར་སྣོད་ཀྱི་མཆོག། ཞིང་གཤིན་འབྲས་བུ་ཕུན་སུམ་ཚོགས།། ་སྲོག་ཆགས་ཀུན་ལ་ཕན་མཛད་ཕྱིར།། གྲོགས་ཀྱི་ཕུལ་ཡང་ཁྱོད་ལགས་སོ།། ཕན་འདོགས་མཛད་པས་མཛའ་བཤེས་ཏེ།། འགྲོགས་ན་བདེ་ཕྱིར་སྙིང་དུ་སྡུག། གཞི ་ཕྱིར་ཅིག་ཏུ་ཡིད་དུ་འོང་།། ཡོན་ཏན་ཀུན་མངའ་མཆོད་འོས་ཁྱོད།། སྡིག་པ་མེད་པས་ཡིད་དང་འཐད།། སྐུ་གསུང་བཟང་བས་དགའ་བར་མཛད།། དོན་ཀུན་གྲུབ་ཕྱིར ་དཔལ་ཡངས་ཏེ།། ཡོན་ཏན་ལེགས་བརྟེན་དགྲ་ཤིས་ལགས།། ། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། དད་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་བ་ལས། ་སྨོན་ལམ་གྱི་བསྟོད་པ་སྟེ་ལེའུ་དགུ་པའོ།། ཁྱོད་ནི་དང་ཐེན་བགྱིད་ལ་བསྐུལ།། ཆོམ་རྐུན་བགྱིད་པ་ཚར་ཡཱ་གཅོད། ་གྱ་གྱུ་ཅན་རྣམས་རྣལ་དུ་འགོད།། དལ་བུས་བགྱིད་ལ་བཞིན་སྐུལ་འདེབས།། དུལ་བ་རྣམས་ནི་ལམ་སྦྱོར།། དམུ་རྒོད་རྣམས་ལ་བཏང་སྙོམས་མཛད།། དེ་སླད་སྐྱེས ་བུ་འདུལ་བ་ཡི།། ཁ་ལོ་བསྒྱུར་བ་བླ་མེད་མཆོག། ཁྱོད་ནི་ཉམས་ཐག་རྣམས་བརྩེ།། བདེ་བར་གནས་ལ་ཕན་པར་དགྱེས།། འཕོངས་པ་གནས་ལ་ཐུགས་རྗེབས། ་ཀུན་ལ་ཕན་པར་བཞེད་པ་ལགས།། ཁྱོད་ནི་དགྲ་བོ་རྣམས་ལའང་བྱམས།། ཉམས་པར་གྱུར་ལ་ཕན་འདོགས་མཛད།། གཏུམ་པོ་རྣམས་ལ་ཐུགས་བརྩེ་བས།། ཁྱོད ་ནི་ཡ་རབས་སྨད་ཅིག་ལགས།། ཕན་འདོགས་བགྱིད་སྲད་པ་མ་དག། གལ་ཏེ་བླ་མར་འཚལ་ན་གོ། ཁྱོད་ནི་ལྷག་པར་ཕན་འདོགས་པས།། བླ་མ་ཉིད་གྱུར་སྨོས་ཅི་འཚལ།། ་རང་གི་དོན་ལ་མི་ལྟ་བས།། ཉིད་ཀྱི་དགྲ་བ་ལྟར་གྱུར་ཅིག། གཡང་སའི་མུན་ན་གནས་རྣམས་ལ།། ར་བ་ལྟ་བུར་གྱུར་པའང་ཁྱོད།། འཇིག་རྟེན་གཉི་གར་སྨན་གདགས་དང་།། ་འཇིག་རྟེན་ལས་ནི་བཟླ་སླད་དུ།། མུན་པར་གྱུར་པའི་འཇིག་རྟེན་ལ།། ཁྱོད་ཀྱི་ཤེས་རབ་སྣང་བ་མཛད།། ཡུལ་ལ་ཉེ་བར་སྤྱོད་པ་མཛད།། ལྷ་མའི་སྤྱད་པ་ཐ་དད་ཀྱི།། ཆོས ་ཀྱི་ལོངས་སྤྱོད་ཐུན་མོང་པས།། ཁྱོད་ལ་དབྱེ་བ་མི་མངའ་འོ།། བཅོམ་ལྡན་ཁྱོད་ཀྱིས་སྐྱེ་བ་དང་།། ན་ཚོད་རིགས་དང་ཡུལ་དང་ནི།། དུས་ཀྱི་སྐྱོན་མེད་ཆོས་རྣམས་ཀྱིས།། ་འདི་དག་ཀུན་ལ་སྨན་ཡོན་བཏགས།། ཁྱོད་ཀྱི་ཉན་ཐོས་སྲེད་བྲལ་ཞིང་།། ཡ་མཚན་འཛིན་མེད་རྣམས་ལའང་།། ལྷ་རྣམས་ཐལ་སྦྱོར་སྨོན་བགྱིད་ཅིང་།། ཡ་མཚན་ཆེ།། ་བ་ལྟ་བུར་མཆོད།། ཨེ་མའོ་སངས་རྒྱས་འཁོར་བ་ཡི།། སྙིང་རྐུན་གྱུར་པ་བྱུང་བ་བརྗིད།། དེ་ན་མི་ཡང་ལྷ་རྣམས་ཀྱིས།། སྨོན་པར་བྱ་བ་ཉིད་དུ་གྱུར།། ། སངས ་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། དད་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་ལས། ལམ་ལ་བསྟོད་པ་སྟེ་ལེའུ་བཅུ་པའོ།། །། བསྙེལ་དང་ཞི་བདེ ་ཉམས་འགྱུར་དང་།། སྐྱེ་བོ་ངན་དང་འགྲོགས་པ་དང་།། མི་འཐུན་པ་དང་མང་བ་ཡི།། སྐྱོན་ཡང་ཡོན་ཏན་བཞིན་དགོངས་ཤིང་།། འགྲོ་བའི་དོན་སླད་མ་ཆགས་པའི།། ། ་ཐུགས་ཀྱིས་བརྩོན་པ་མཛད་པ་གང་།། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི།། ཆོས་ཉིད་བཅོམ་ལྡན་དེས་སྨད་དོ།། མགོན་ཁྱོད་གཙོ་བོར་གྱུར་ལགས་ཀྱང་།། གདུལ ་བ་རྣམས་ལ་བྱམས་སླད་དུ།། བཤེས་ཀྱང་ཕལ་པ་གསོལ་མཛད་ཅིང་།། རེས་འགའ་སྦྱར་བ་དག་ཀྱང་མཛད།། ཉམ་ངའི་ཤུལ་དུའང་གཤེགས་མཛད་ཅིང་།། རང་རོད ་ཅན་དུའང་སྩལ་བ་མཛད།། སྐུ་ངས་རྡོ་དང་ལྕམ་ཚུལ་དང་།། སྐད་དང་ཆ་ལུག་བསྒྱུར་བ་མཛད།། ཀུན་གྱིས་དགའ་མགུར་རང་དོན་ཕྱིར།། བྲན་བཞིན་བགོ་བར་བགྱིད་པ་ལས།། ་མགོན་ཁྱོད་རྟག་ཏུ་བདག་ཉིད་ལ། མངའ་མཆིས་པ་ཡང་མ་ལུགས་སོ།། ཁྱོད་ལ་གང་དང་གང་དུ་ཡང་། ཇི་སྐད་སྐུལ་ཡང་མི་བསྔོ་སྟེ།། ཉིད་ཀྱི་བསྒྲུབ་པ་བཟང་པོ་ལས།། ་འདའ་བར་གྱུར་པ་མ་མཆིས་སོ།། ཇི་ལྟར་ཁྱོད་ནི་གནོད་བགྱིད་ལ།། ཕན་པ་ལྷུར་མཛད་དེ་ལྟ་བུར།། སྐྱེ་བོ་དག་ནི་ཕན་བགྱིད་ལའང་།། ན ་པ་དེ་ལྟར་ལྷུར་མི་བགྱིད།། ཁྱོད་ནི་གནོད་བགྱིད་དགྲ་བོ་ལ།། ཕན་པ་མཛད་པའི་བཤེས་ལགས་ཏེ།། རྟག་ཏུ་སྐྱོན་དག་ཚོལ་བ་ལ།། ཡོན་ཏན་འབའ་ཞིག་ཚོལ་བའང་ལགས།། ་ཁྱོད་ནི་གང་ནས་དུག་བཅས་ཤིང་།། ཞུགས་དང་བཅས་པར་སྤྱན་དྲངས་པ།། དེར་ནི་རྩེར་བཅས་གཤེགས་པ་དང་།། ཁྱོད་ལ་བདུད་རྩི་ཆེན་དུ་གྱུར།། བཟོད་པས་མི་སྙན ་བརྗོད་པ་དང་།། ཁུ་བ་དག་ནི་བདེ་ལེགས་ཀྱིས།། མི་སྙན་སྨྲ་ལ་བདེན་པ་སྟེ།། ཁྱོད་ཀྱིས་སྡང་བ་བྱམས་པས་བཏུལ།། ཐོག་མ་མེད་དུས་གོམས་པ་ཡི།། མིའི་རང ་བཞིན་མང་པོ་ཡང་།། ཁྱོད་ཀྱིས་ངན་སོང་རྣམས་བཟློག་ནས།། སྐད་ཅིག་ཉིད་ལ་ཡོངས་སུ་བསྐུར།། །། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། དད ་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་བ་ལས། བཀའ་བ་མཛད་པ་ལ་བསྟོད་པ་སྟེ་ལེའུ་བཅུ་གཅིག་པའོ།། །། རྩུབ་པོ་དང་འཇམ་བགྱིས་པ་དང་།། འཇུངས་པ ་རྣམས་ནི་གཏོང་ཕོད་དང་།། གཏུམ་པོ་ངེས་པར་བགྱིས་པ་གང་།། དེ་ནི་ཁྱོད་ཀྱི་ཐབས་མཁས་ལགས།། དགའ་བའི་དབང་པོ་ཉེར་བཞི་དང་།། ང་རྒྱལ་ཁེངས་པ ་འདུད་པ་དང་།། སོར་མོའི་ཕྲེང་བའང་ཞི་བགྱིས་ན།། སུ་ཞིག་ངོ་མཚར་སྐྱེད་མི་བགྱིད།། ཁྱོད་ཀྱི་ཆོས་ཀྱི་རོས་ཚིམ་པ།། གསེར་ལས་བགྱིས་པའི་མལ་སྤངས་ནས།། ་རན་མང་གཏིང་བའི་གནས་མལ་དུ།། བརྟན་རྣམས་བསོད་ཉམས་ཉལ་བར་བགྱིད།། ཁྱོད་ཀྱིས་དུས་དང་བསམ་མཁྱེན་པས།། རེས་འགའ་ཞུས་ནའང་མི་གསུང ་ལངྒ་སྤྲོ་གྱུར་གཞན་ལ་བསྟན་པ་དང་།། དྲུང་དུ་གཤེགས་ནས་བཤད་པའང་མཛད།། དྲི་མེད་གོ་ས་ལ་ཚོན་བཞིན་དུ།། ཐོག་མར་སྦྱིན་སོགས་གཏམ་དག་གིས། ་སེམས་ལ་སྤྲོ་བ་བསྐྱེད་ནས་ནི།། ཕྱི་ནས་ཆོས་ནི་བསྟན་པར་མཛད།། འཁོར་བ་མི་བཟང་གཏིང་ནས་ནི།། འགྲོ་བ་ཉོན་མོངས་དྲང་སླད་དུ།། ཁྱོད་ཀྱིས་གང་གིས་མ་བསྩལ ་པའི།། ཐབས་དང་སྤྱོད་པ་དེ་མ་མཆིས།། སྐུའི་ཆ་ལུགས་རྣམ་མང་དང་།། གསུང་གིས་སོ་སོའི་སྐད་དུ་ནི།། གདུལ་བའི་བསམ་པ་ཐ་དད་པ།། དེ་དང་དེར་ནི་ཁྱོད་ཀྱིས ་མཛད།། དེ་དག་ཀུན་ཀྱང་དག་པ་དང་།། མི་འགལ་བ་དང་མཆོད་འོས་དང་།། རྗིད་དང་ལྷ་མི་རྣམས་ལ་ནི།། སྨན་འདོགས་བསྐུར་བ་ཤ་སྟག་ལགས།། སྨྲ་དང་བགྱིད ་པ་ཕལ་ཆེར་ནི།། ལེགས་པར་རྔོ་ཐོག་མ་ལགས་ཀྱི།། བདེན་པར་གསུང་བ་ཁྱོད་ལ་ནི།། དེ་གཉིས་གཞན་དུ་གདའ་བ་ལགས།། བདག་ཉིད་དགའ་བ་འབའ་ཞིག་གིས།། ་ཁྱོད་ཀྱིས་འགྲོ་བའི་དཔལ་ཞིང་མཛད།། འདི་ལྟར་རྣམ་པ་འདི་འདྲའི་ཞིང་།། འཇིག་རྟེན་གཞན་ལ་མཆིས་མ་ལགས།། ཐོག་མེད་སྲིད་པ་ཉམ་ང་བར།། སྔ་ནས་ཅིག ་ཏུ་ཉམས་པ་ཡི།། སེམས་ཅན་རྣམས་ལ་སྨན་སླད་དུ།། ཁྱོད་ནི་དེ་ལྟར་རྩོན་པ་ལགས།། གང་གིས་ཁྱོད་དྲིན་ལན་ལོན་པའི།། སྒྲུབ་དེ་མཆིས་སུམ་མི་བགྱིད་དེ།། སྐྱེ་བོ ་གང་དག་མྱ་ངན་འདས།། དེ་དག་གིས་ཀྱང་ལན་མ་ལོན།། ཁྱོད་ཀྱི་ཆོས་ལ་གནས་དེ་དག། རང་དོན་ཁོ་ན་བགྱིད་པ་བས།། དེའི་སླད ་དུའོ་བརྒྱལ་གང་།། དེ་ལ་ལན་གོ་ཅི་ཞིག་ཡོད།། ཁྱོད་ནི་སེམས་ཅན་གཉིད་ལོག་པའི།། རྒྱུད་ལ་གཟིགས་པའི་ཞུགས་རྩེ་བ།། བག་མེད་གྱུར་པ་རྣམས་ཀྱི་ནི།། ་གྲོགས་བཟང་བག་དང་བཅས་པ་ལགས།། །། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། དད་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་བ་ལས། མཁས་པར་བསྟོད ་པ་སྟེ་ལེའུ་བཅུ་གཉིས་པའོ།། །། ཁྱོད་ཀྱིས་ཉོན་མོངས་གཞོམ་པ་བཤད།། བདུད་ཀྱི་གཡོ་དག་བསྟན་པ་མཛད།། འཁོར་བའི་རང་བཞིན་མི་བཟོད་བརྗོད།། ་འཇིགས་པ་མེད་པའི་ཕྱོགས་ཀྱང་བསྟན།། ཕན་དགོངས་ཐུགས་རྗེ་ཅན་གྱིས་ནི།། སེམས་ཅན་རྣམས་ལ་བགྱི་འཚལ་བ།། གང་ཞིག་ཁྱོད་ཀྱིས་མ་མཛད་པ།། གཞན ་གོ་ཅི་ཞིག་མཆིས་ལགས་ཀྱེ།། གལ་ཏེ་ཆོས་ནི་འདི་དག་ཀྱང་།། སྤོ་བ་ཞིག་ཏུ་རྩུབ་ན་ནི།། གནོད་མི་འཚལ་བར་ཁྱོད་ཀྱིས་ནི།། ལྷ་སྦྱིན་ལ་སོགས་ཀུན་སྩལ་པ།། དེ་སླད ་འགྲོ་ལ་བརྡ་སྤྲོད་པ།། འགྲོ་བའི་མགོན་པོ་ཁྱོད་ཀྱིས་ནི།། འདི་ན་ཕན་ཚུན་བྱེད་པ་པོ།། མེད་པ་སྐད་དུ་ངེས་པར་གསུངས།། འཇིག་རྟེན་རྣམས་ལ་ཐུགས་བརྩེ་བས།། ཡུན ་རིངས་སྟེང་དམ་ཆོས་བཤད།། འཇིག་རྟེན་གསུམ་ཕན་འདོགས་ནུས་པའི།། སློབ་ན་དམ་པའང་མང་དུ་བསྐྲུན།། མངོན་དུ་གདུལ་བའི་ཚོགས་ཀྱང་ནི།། མཛེས་བཟང་ཡན ་ཆད་བཏུལ་ལགས་པས།། དགོ་ཁྱོད་ལ་སེམས་ཅན་གྱི།། བུ་ལོན་ལྷག་མ་ཅི་མཆིས་ན།། འཇུག་དུའང་ཁྱོད་ཀྱིས་ཤིན་དུ་ནི།། དཀའ་སྤྱད་ཡལ་བར་མ་བོར་ཏེ།། འ ་ལྟར་རྡོ་རྗེའི་ཏིང་འཛིན་གྱིས།། སྐུ་གདུང་ཏིལ་འབྲུ་བཞིན་དུ་བླགས།། གཟུགས་ཀྱི་སྐུ་དང་ཆོས་འདི་དག། གཞན་དོན་ཁོ་ནར་ཟད་དོ་ཞེས།། འཇིག་རྟེན་ཡིད་ཆེས་དཀའ ་འདི་ལ།། ཁྱོད་ཀྱིས་མྱ་ངན་འདས་པ་བསྟན།། དེ་སླད་ཆོས་སྐུ་མ་ལུས་པ།། སྲས་ཀྱི་མཆོག་ལ་གཏད་མཛད་དེ།། གཟུགས་སྐུ་གཏིལ་འབྲུ་ལྟར་བཤིག་ནས།། ཁྱོད ་ནི་ཡོངས་སུ་མྱ་ངན་འདས།། ཨེ་མའོ་གནས་པ་ཨེ་མའོ་ཚུལ།། ཨེ་མའོ་ཡོན་ཏན་ཨེ་མའོ་སྐུ།། སངས་རྒྱས་ཀྱི་ནི་ཆོས་རྣམས་ལ།། ཡ་མཚན་མི་ཆེ་འགའ་མ་མཆིས།། ་ཕན་འདོགས་མཛད་ཅིང་བལྟ་ན་སྡུག། སྐུ་གསུང་འཕྲིན་ལས་ཞིང་གྱུར་པ།། ཁྱོད་ལའང་སྡང་བར་བགྱིད་པ་ཡི།། རྨོངས་པ་མི་མཛད་པ་ལ་གཟིགས།། བསོད་ནམས ་རྒྱ་མཚོའི་རིན་ཆེན་གཏེར།། ཡོན་ཏན་འབྱུང་གནས་ཆོས་ཀྱི་ཚོགས།། ཁྱོད་ལ་སེམས་ཅན་གང་འདུད་པ།། དེ་དག་ལ་ཡང་ཕྱག་འཚལ་ལེགས།། མགོན་ཁྱོད་ཡོན་ཏན ་མི་བས་ཀྱང་།། བདག་གི་ཞོ་ཤ་བས་འཚལ་བས།། དེས་ན་འཛེམ་པ་བགྱིད་སླད་དུ།། བློ་བ་ལ་ནི་ལྕགས་བཞིན་མཆིས།། ཁྱོད་ཀྱི་རང་གི་ངོ་བོ་ཉིད།། ཚད་མ་མཆིས ་ལ་བསམ་མི་ཁྱབ།། བརྟན་མིན་གྲངས་ཀྱང་མ་མཆིས་པ།། ཁྱོད་བདག་ཉིད་ཀྱིས་མཁྱེན་ལགས་གང་།། མཚོ་ཆེན་ཆབ་ནི་བས་པར་མ་གྱུར་ཀྱང་།། སྐྱེ་བོའི་གདུང་བ ་རབ་ཏུ་ཞི་བགྱིད་ལྟར།། ཁྱོད་ཀྱི་ཡོན་ཏན་ཆ་ཙམ་མ་སྒྲོགས་ཀྱང་།། བདག་ནི་མཆོག་ཏུ་བློ་བ་དགའ་ཞིང་མཆིས།། བདག་གིས།། ་ཐུབ་ལ་དད་པས་སྤོབས་སྐྱེས་པའི།། དགེ་བའི་ལས་འདིའི་འབྲས་བུ་འཁྲུངས་པ་ཡིས།། ངན་རྟོག་རླུང་དམར་འཚུབ་པས་དཀྲུགས་པ་ཡི།། འགྲོ་བའི་སེམས་ནི་རྣལ་དུ ་གནས་པར་ཤོག། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། དད་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་བ་ལས། བུ་ལོན་མེད་པར་བསྟོད་པའི་ལེན་ས ་གསུམ་པའོ།། །། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། དད་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་བ། སློབ་དཔོན་མ་གོལ་གྱིས་མཛད་པ་རྫོགས་སྷོ།། ། ་རྒྱ་གར་གྱི་མཁན་པོ་ས་རྦད་ཉིདེ་བ་དང་། ལོ་ཚ་བ་བན་དེ་རིན་ཆེན་མཆོག་གིས་བསྒྱུར་ཅིང་། ཞུ་ཆེན་གྱི་ལོ་ཚ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ།། ་