| Wylie | e-texts produced with BDRC’s OCR application |
བསྟོད་པ། དགེ་སློང་མས་མཛད་པ་རྫོགས་སྷོ།། @#།། རྒྱ་གར་སྐད་དུ། བ་ར་ཏྲར་ཧ་པ་ར་ཎེ་བྷ་ག་བ་ཏེ་བུདྡྷ་སྟད་ཏེ། མུར ་དྷ་ཨ་བི་ཤེ་ཀོ་ན་མ། བོད་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། བསྔགས་པར་འོས་པ་བསྔགས་པ་ལས་ཕྱག་འཚལ་བ་ཞེས་བྱ་བ།། བཅོམ་ལྡན་ཁྱོད་ནི ་ཞལ་བཞུགས་ཚེ།། བདག་ནི་དད་དབང་གཞོལ་གྱུར་པ།། གང་སླད་ཐུགས་རྗེས་བརླན་པ་ཡི།། སངས་རྒྱས་སྤྱན་གྱིས་གཟིགས་མཛད་པ།། ཁྱོད་ཀྱིས་ཐུགས་རྗེ་དེ་ཉིད་ནི།། ་ཡིད་ལ་མཆིས་མངོན་བགྱིས་ནས།། ཕྱག་བགྱི་འོས་པ་ཁྱོད་ལ་བདག། མངོན་སུམ་བཞིན་དུ་ཕྱག་འཚལ་ལོ།། ཀུན་མཁྱེན་མ་ལགས་གང་གིས་ཀྱང་།། ཀུན་མཁྱེན་ཁྱོད་སྐུ ་ཇི་ལྟར་རྟོགས།། བདག་ཉིད་ཚེ་རྒྱས་བདག་ཉིད་ཀྱིས།། མཁྱེན་པ་ཁྱོད་ལ་ཕྱག་འཚལ་ལོ།། འདི་ལགས་འདི་འདྲའོ་ཞེས་བགྱིར་ཁྱོད།། བདག་འདྲ་བ་ཡི་ཡུམ་མ་ལགས།། ་གང་ལགས་གང་འདྲའང་མི་སྔོ་སྟེ།། ཁྱོད་འདྲ་བ་ལ་ཕྱག་འཚལ་ལོ།། མགོན་པོ་ཁྱོད་ནི་ཉིད་དང་འདྲ།། རྒྱལ་རྣམས་ཅི་འདྲ་ཁྱོད་དང་འདྲ།། གང་འདྲ་གཞན་འགའ་འང་མ ་མཆིས་པ།། དེ་འདྲའང་ཁྱོད་ལ་ཕྱག་འཚལ་ལོ།། ཇི་ལྟར་ཁྱོད་ནི་ཉིད་ཀྱིས་མཁྱེན།། ཇི་ལྟར་ཁྱོད་ནི་ཁྱོད་འདྲས་མཁྱེན།། ཇི་ལྟར་ཁྱོད་གཞན་མ་འཚལ་བ།། དེ་འདྲ། ་ཁྱོད་ལ་ཕྱག་འཚལ་ལོ།། ཇི་ལྟར་ཁྱོད་ནི་བདག་ཉིད་ཀྱིས།། ཐུགས་རྗེ་སྟོབས་བཅུ་ལ་སོགས་ཀྱི།། ཡོན་ཏན་རྣམས་ཀྱིས་བསྒྲགས་མཛད་པ།། དེ་འདྲ་ཁྱོད་ལ་ཕྱག་འཚའོ།། ་འདི་ལས་བཟུང་སྟེ་ཁྱོད་ཀྱི་ནི།། ཡོན་ཏན་འབྱུང་གནས་སྙིང་པོ་དག། དེ་ཉིད་ལས་ནི་མངོན་བཏུལ་ནས།། ཅི་ནུས་ཁྱོད་ལ་ཕྱག་འཚལ་བགྱིའོ།། དགྲ་བཅོམ་ཁྱོད་ལ་ཕྱག ་འཚལ་འདུད།། མཆོད་འོས་ཁྱོད་ལ་ཕྱག་འཚལ་འདུད།། རིགས་པ་ཁྱོད་ལ་ཕྱག་འཚལ་འདུད།། ཁྱོད་ལ་འདུད་ཅིང་ཕྱག་འཚལ་ལོ།། རྫོགས་པའི་སངས་རྒྱས་རིན་ཆེན ་ཏེ།། རིན་ཆེན་ཆོས་ཀྱི་རང་བཞིན་ལགས།། དགེ་འདུན་རིན་ཆེན་འབྱུང་གནས་ཏེ།། རིན་ཆེན་གསུམ་ཚོགས་ཁྱོད་ལ་འདུད།། སྐུའི་གཟུགས་ནི་རིན་ཆེན་ཏེ།། ཐུགས་ཀྱི ་དགོངས་པའང་རིན་ཆེན་ལགས།། དམ་ཆོས་རིན་ཆེན་འབྱུང་གནས་ཏེ།། ཀུན་ནས་རིན་ཆེན་ཁྱོད་ལ་འདུད།། རིན་ཆེན་ཀུན་གྱི་མཆོག་གྱུར་པས།། རིན་ཆེན་ཐམས་ཅད ་ཟིལ་གྱིས་གནོན།། རིན་ཆེན་ཀུན་གྱི་འབྱུང་གནས་པ།། ཡང་དག་རིན་ཆེན་ཁྱོད་ལ་འདུད།། ཕྱག་འཚལ་རིན་ཆེན་སྐུ་ཁྱོད་ལ།། ཕྱག་འཚལ་རིན་ཆེན་ཐུགས་ཁྱོད་ལ། ་ཕྱག་འཚལ་རིན་ཆེན་ཆོས་ཁྱོད་ལོ།། ཕྱག་འཚལ་ཐམས་ཅད་རིན་ཆེན་ལ།། སྲེད་མེད་སྒོམ་པ་གོམས་མཛད་པ།། ཐུབ་པ་ཀུན་གྱི་མཆོག་གྱུར་པ། ཕྱག་འགྱིར་འོས་པ ་དགྲ་བཅོམ་པ།། ཁྱོད་ལ་གུས་པར་ཕྱག་འཚལ་ལོ།། འགལ་བར་བགྱིས་པ་མ་ལགས་པ།། ཡང་དག་མཐའ་ལ་གནས་པའོ།། དགེ། ་སྦྱོང་གི་ནི་མཐར་ཕྱིན་པ།། བླ་མེད་ཁྱོད་ལ་ཕྱག་འཚལ་ལོ།། རྣམ་པ་ཐམས་ཅད་ཕུན་ཚོགས་པས།། མཛེས་པ་གཞན་ཀུན་ཟིལ་གནོན་ཅིང་།། དུས་རྣམས་ཀུན་ཏུ་དགའ་མཛད ་བས།། སངས་རྒྱས་པདྨ་ཁྱོད་ལ་འདུད།། ཁ་དོག་བཟང་ལ་དྲི་ཞིམ་ཞིང་།། བལྟ་ན་སྡུག་ལ་མི་ནཱི་བ།། རྫོགས་པའི་སངས་རྒྱས་པདྨ་དཀར།། ཁ་བྱེ་ཁྱོད་ལ་ཕྱག་འཚལ་ལོ།། ་བདེ་བའི་སྙིང་ཀུ་རབ་སྦྱངས་པ།། བཞེད་དགུར་རེག་པ་བརྙེས་པ་པོ།། སྐྱིད་པར་བསྐྲུན་པའི་དགེ་སྦྱོང་ནི།། རབ་གཞོན་ཁྱོད་ལ་ཕྱག་འཚལ་ལོ།། འོ་བརྒྱལ་འབྲས་བུ་མཆིས ་གྱུར་པ།། མཐར་ཕྱིན་མཐའ་དག་བརྙེས་ནས་ནི།། དམ་པ་བཟུང་བར་དམ་བཅས་པའི།། དགེ་སྦྱོང་ཁྱོད་ལ་ཕྱག་འཚལ་ལོ།། ཚངས་སྤྱོད་རྟེན་ཅིང་རིག་བྱེད་དང་།། རིག ་བྱེད་ཀུན་གྱི་ཡན་ལག་མཁྱེན།། རིག་དང་ཞབས་ཀྱིས་བསངས་པ་ཡི།། ཚངས་པ་ཁྱོད་ལ་ཕྱག་འཚལ་ལོ།། འཕགས་པའི་ཆོས་ནི་མི་འཕྲོགས་ཤིང་།། འཕགས་པའི ་འཕྲིན་ལས་ཕུལ་དུ་བྱུང་།། འཇིག་རྟེན་སློབ་དཔོན་བྱ་བ་མཛད།། འཕགས་པ་ཁྱོད་ལ་ཕྱག་འཚལ་ལོ།། ཐུགས་ནི་དཀའ་ཐུབ་བརྟུལ་ཞུགས་དང་།། ཡང་དག་བླངས ་ཁས་གཙང་མར་མཛད།། སྡིག་པ་ཐམས་ཅད་བཀྲུས་གྱུར་པ།། ཁྲུས་མཛད་ཁྱོད་ལ་ཕྱག་འཚལ་ལོ།། མངའ་བདག་མཆོག་ནི་བརྙེས་གྱུར་ཅིང་།། སེམས་ཅན ་ཐམས་ཅད་ཟིལ་གྱིས་གནོན།། སེང་གེའི་ང་རོ་སྒྲོགས་མཛད་པ།། སེང་གེ་ཁྱོད་ལ་ཕྱག་འཚལ་ལོ།། རྟོགས་པ་བརྗོད་པའི་རྗེན་ཤུལ་ཆེ།། དམ་ཆོས་སྤོང་ལ་བརྟེན ་པ་མཛད།། ཆོས་གཞན་ཐམས་ཅད་འཇིག་པ་པོ།། གླང་ཆེན་ཁྱོད་ལ་ཕྱག་འཚལ་ལོ།། ཆོས་ཉིད་ཤིན་ཏུ་དཀར་བའི་ལམ།། ཁྱོད་མིན་གཞན་གྱི་མིན་བཟོད་པ།། གསལ ་མཛད་གཤེགས་པ་འཇིག་རྟེན་གྱི།། ལས་གྱུར་ཁྱོད་ལ་ཕྱག་འཚལ་ལོ།། དེས་ན་ཤིན་དུ་དུལ་གྱུར་བཟོད།། ཤུགས་དང་མདོག་བཟང་སྟོབས་དང་ལྡན།། ཡན་ལག་རྫོགས ་པའི་སྐུ་མངའ་བ།། ཅང་མཁྱེན་ཁྱོད་ལ་ཕྱག་འཚལ་ལོ།། ཕྱོགས་དང་འབབ་སྟེགས་སྤྱོད་ཡུལ་མཁྱེན།། བརྟན་ལ་གྱ་གྱུར་གཞུད་མི་མངར།། ཁྱུ་མཆོག་གནས་ནི་བརྙེས་པ་ཡི།། ་ཁྱུ་མཆོག་ཁྱོད་ལ་ཕྱག་འཚལ་ལོ།། གདུལ་བའི་ཐབས་ནི་མཐའ་དག་ལ།། མཁས་ཤིང་ལེ་ལོ་མི་མངའ་བ།། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར།། མཆོག་རབ་ཁྱོད་ལ་ཕྱག་འཚལ ་ལོ།། གང་སླད་ཁྱོད་བརྟེན་མ་མཆིས་ན།། སྐལ་བ་ཅན་ཡང་དོན་མ་མཆིས།། དེ་སླད་ཀུན་གྱི་ཚངས་སྤྱོད་དུ།། གྱུར་པ་ཁྱོད་ལ་ཕྱག་འཚལ་ལོ།། ཡོན་ཏན་ཕུན་སུམ་ལྡན་པ་ཀུན།། ་ཡང་དག་ཤིན་ཏུ་ཡོངས་རྫོགས་པས།། དགེ་བའི་ཆོས་ལ་འདུན་པ་ཀུན།། རྒྱན་བཅད་ཁྱོད་ལ་ཕྱག་འཚལ་ལོ།། ཉིད་ཀྱི་དོན་ནི་རིང་རྫོགས་ཤིང་།། གཞན་གྱི་དོན་མངོན་བརྩོན་པ།། ་དམ་ཆོས་བདུད་རྩི་གསོལ་བ་པོ།། ཚིམ་པར་མཛད་པ་ཁྱོད་ལ་འདུད།། འཇིགས་པ་དུ་མས་འཇིགས་གྱུར་པ།། ཕ་རོལ་མིན་པའི་མུན་སྤངས་ནས།། ཆུ་བོ་ཆེན་པོ་ལས་རྒལ་ཅིང་།། ་ཕ་རོལ་གཤེགས་པ་ཁྱོད་ལ་འདུད།། ཉོན་མོངས་ནད་ནི་ཀུན་སེལ་ཅིང་།། ཟུག་རྔུ་ཐམས་ཅད་འབྱིན་མཛད་པ།། རིག་སྔགས་འཆང་། ་བ་གྲུབ་པ་པོ།། སྨན་པའི་གཙོ་བོ་ཁྱོད་ལ་འདུད།། མཆོག་དང་མཆོག་མིན་ལམ་མཁྱེན་ཅིང་།། ཞི་བའི་ཕྱོགས་ནི་སྟོན་པར་མཛད།། གྲུབ་དང་བདེ་བསྐྱེད་པ་ཡི།། དེད ་དཔོན་ཁྱོད་ལ་ཕྱག་འཚལ་ལོ།། རྟག་ཏུ་མུན་པ་སེལ་མཛད་ཅིང་།། རྟག་ཏུ་སྤྱན་ནི་འབྱེད་པར་མཛད།། རྟག་ཏུ་མི་བརྙེལ་ཆོས་མངའ་བ།། ཤིན་ཏུ་བཞེངས་པ་ཁྱོད་ལ་འདུད།། ་དྲི་མའི་འདམ་ནི་ངེས་བཀྲུས་ནས།། དམ་ཆོས་དྲི་མ་མེད་པའི་ཆུ།། མཆོག་ཏུ་རྣམ་པར་བྱང་བ་པོ།། ཤིན་ཏུ་རྣམ་དག་ཁྱོད་ལ་འདུད།། སྡིག་དང་བསོད་ནམས་སྤངས་གྱུར་ཅིང་།། ་སྟོང་པ་ཉིད་ཀྱིས་བགོས་པའི་བདག། ཕན་དང་གནོད་པ་བགྱིད་སྒོམ་པ།། ཤིན་ཏུ་ཆགས་བྲལ་ཁྱོད་ལ་འདུད།། ཀུན་ནས་ཉོན་མོངས་བག་ཆགས་ཀུན།། དེས་པས་སྩལ ་བས་དྲི་མེད་ཐུགས།། རྣམ་ཐར་སྒྲིབ་པ་མི་མངའ་བ།། ཤིན་ཏུ་རྣམ་གྲོལ་ཁྱོད་ལ་འདུད།། བལྟ་བས་མི་ངོམས་གཟུགས་མངའ་ཞིང་།། སྐུ་ནི་འོད་ཀྱི་ལྷག་གེར་མཛེས། ་བལྟ་བྱ་ཀུན་གྱི་ནང་ན་ནི།། བལྟ་ན་སྡུག་མཆོག་ཁྱོད་ལ་འདུད།། སྐྱེས་བུ་ཆེན་པོའི་མཚན་རྣམས་ནི།། དཔེ་བྱད་བཟང་པོའི་ཚོགས་བཅས་པ།། སུམ་ཅུ་རྩ་གཉིས་དང་ལྡན་པ་ལ། ་བལྟ་བར་འོས་པ་ཁྱོད་ལ་འདུད།། སངས་རྒྱས་ཆོས་ནི་བླ་མེད་པ།། མི་འཇིགས་དང་སྟོབས་བསྩོགས་ཀྱིས།། འགྲོ་བའི་ནང་དུ་སྒྲ་སྒྲོགས་པ།། དགའ་བར་འོས་པ་ཁྱོད་ལ ་འདུད།། འཕགས་ཆོས་དཀར་པོ་ལ་མེད་པ།། གོམས་པར་བྱ་བ་རྣམས་ཀྱིས་ནི།། སྐུ་གཉིས་པོ་དག་བསྒོམ་གྱུར་པ།། བསྒོམ་པར་བྱ་བ་ཁྱོད་ལ་འདུད།། སྐུ་གསུང་ཐུགས་ཀྱི། ་འཕྲིན་ལས་རྣམས།། ཤིན་ཏུ་རྣམ་པར་བྱང་གྱུར་པས།། ཚུལ་ཁྲིམས་བསྲུང་བ་ལས་འདས་པ།། གཙང་སྦྲ་དག་པ་ཁྱོད་ལ་འདུད།། ཉོན་མོངས་པ་ཡི་བརྗོད་པ་སྤངས།། ཞི ་བའི་ལས་ཀྱི་མཐའ་ལ་དགོངས།། མི་གསུང་དང་དུ་བཞེས་མཛད་པ།། ཐུབ་པ་ཞི་བ་ཁྱོད་ལ་འདུད།། བདེ་བ་དང་ནི་སྡུག་བསྔལ་གྱིས།། ཐུགས་མི་ཕྱོགས་པ་བརྟན་པའི་ཐུག། ་ཐམས་ཅད་ཟིལ་གནོན་སེམས་ཅན་གྱི།། སྙིང་པོ་མཆོག་གྱུར་ཁྱོད་ལ་འདུད།། ཀུན་ལ་རྣམ་པ་ཐམས་ཅད་དང་།། རྟེན་གྱིས་བློ་དང་དགོངས་པ་དང་།། ལེགས་པར་གནས་ཕྱིར ་མི་རྙེལ་བའི།། ཆོས་ཅན་ཁྱོད་ལ་ཕྱག་འཚལ་ལོ།། འཇིག་རྟེན་འདས་ཀྱི་ཡོན་ཏན་ཕྱུག། འཇིག་རྟེན་ཟང་ཟིང་རྣམ་པར་འཇིག། འཇིག་རྟེན་སྣང་བར་མཛད་པ་པོ།། འཇིག ་རྟེན་མགོན་པོ་ཁྱོད་ལ་འདུད།། བཤེས་དང་དགྲ་དང་ཕ་མཱ་སྙོམས།། སེམས་ཅན་ཀུན་ལ་ཕན་དགོངས་པས།། རྗེས་སུ་བརྩེ་བར་མཛད་པ་པོ།། ཐུགས་རྗེ་ཆེན་པོ་ཁྱོད་ལ་འདུད།། ་ཆོས་ཀྱི་འདུ་ཤེས་ཀུན་རྫོགས་པ།། སྐྱོབ་པ་མངོན་ཤེས་ཆེན་པོ་མངའ།། བྱས་མཁྱེན་མ་བྱས་མཁྱེན་པ་པོ།། ཐམས་ཅད་མཁྱེན་པ་ཁྱོད་ལ་འདུད།། གླགས་ཀྱི་སྐབས་ནི་ཀུན ་སྤངས་ཤིང་།། ཀུན་ནས་འཆིང་བ་བཅད་གྱུར་པ།། ཤེས་རབ་གསལ་བར་མཛད་པ་བོ།། སྲེད་པ་བསལ་བ་ཁྱོད་ལ་འདུད།། མཉེས་པར་བགྱི་འོས་ཕྱག་བགྱིས་འོས།། ་རྒལ་བར་འོས་མིན་ནོངས་མི་མངའ།། འབད་དེ་མཆོད་པར་བགྱི་འོས་པ།། རིག་པ་གསུམ་ལྡན་ཁྱོད་ལ་འདུད།། ཕན་པ་མ་ལགས་སེལ ་མཁས་ཤིང་།། ཕན་པ་བསྐྱེད་པར་མངོན་རྩོན་པ།། ཅིག་པུ་རྩེ་བར་གཞོལ་བ་ཡི།། བཤེས་གཉེན་དམ་པ་ཁྱོད་ལ་འདུད།། སྐྱེ་དགུ་ལམ་ལོག་ཞུགས་པ་རྣམས།། རྟག་ཏུ ་དམ་པའི་ལམ་ལ་ནི།། མངོན་ཕྱོགས་མཛད་པར་མངོན་རྩོན་པ། རྩ་ལག་དམ་པ་ཁྱོད་ལ་འདུད།། གོ་འཕང་མཁྱེན་པ་རྣམས་ཀྱི་ཕུལ།། ཁྱོད་ཀྱིས་གོ་འཕང་གང་བརྙེས ་ནས།། རྐང་གཉིས་རྣམས་ཀྱི་མཆོག་གྱུར་པ།། དེ་ལས་གོ་འཕང་འཕགས་མ་མཆིས།། གོ་འཕང་བླ་ན་མེད་བརྙེས་ནས།། སྡུག་བསྔལ་ཐམས་ཅད་སེལ་མཛད་ཅིང་། ་མ་ཆགས་ཉེ་བར་ལེན་མི་མངའ།། རྐང་གཉིས་མཆོག་གྱུར་ཁྱོད་ལ་འདུད།། ཁྱོད་ཀྱི་བརྟན་ལ་མ་བརྟེན་པར།། འགས་ཀྱང་དེ་ཉིད་མི་མཐོང་བས།། འཇིག་རྟེན་ལོང་བ་ལྟ་བུ ་ཡི། མིག་ཏུ་གྱུར་པ་ཁྱོད་ལ་འདུད།། ས་སྟེང་གདུགས་ནི་མ་མཆིས་ན།། ཞུགས་མཆིས་མར་མེའང་མཆིས་གྱུར་ལ།། རྒྱུ་སྐར་ནོར་བུ་ཟླ་བ་དག། མཆིས་ཀྱང་གསལ་བ་རྫོགས ་མི་འགྱུར།། སྣང་བ་དེ་དང་གཞན་དང་ནི།། དེ་བས་ཁྱད་པར་ཆེས་འཕགས་པ།། མཆིས་ཀྱང་ཁྱོད་ནི་མི་བཞུགས་ན།། འགྲོ་བ་སྣང་བ་མཆིས་མ་ལགས།། དེ་ལྟས་འཇིག ་རྟེན་མ་རིག་པའི།། མུན་ནག་འཐིབས་པའི་ལིང་ཏོག་གིས།། བསྒྲིབས་པའི་སེམས་ལྡན་སྨག་གྱུར་པའི།། སྒྲོན་མར་གྱུར་པ་ཁྱོད་ལ་འདུད།། ཆོས་བློ་གྲོས་མ་བྱུང་བ། ་ཕན་པའང་ཕན་པར་མ་འཚལ་ཞིང་།། གནོད་པའང་གནོད་པར་མ་འཚལ་བ།། བྱང་བའང་ཁྱོད་ལ་རྟེན་ནས་འགྱུར།། བྱིས་པ་ཕལ་ཆེར་གནོད་པ་དག། དོར་བར་འཚལ་བ་ཕན།། ་པ་སྤོང་།། ཕན་པ་གཉེར་ཡང་མ་འཚལ་བས།། གནོད་པ་སོ་སོ་སྟེན་པར་བགྱིད།། དེ་དག་ཐབས་ནི་སྟོན་མཛད་ཕྱིར།། ཁྱོད་ལ་བརྟེན་ནས་གཉི་ག་ཡང་།། ཡང་དག་ཇི ་བཞིན་རྟོགས་འགྱུར་བས།། སྨན་པར་གྱུར་པ་ཁྱོད་ལ་འདུད།། གཙོ་ཁྱོད་གང་གི་སླར་གྱུར་པ།། དེ་ཡང་འཇིག་རྟེན་བླ་མ་ལགས།། དེ་སླད་བླ་མ་རྣམས་ཀྱི་ཡང་།། བླར ་གྱུར་བླ་མ་ཁྱོད་ལ་འདུད།། འཇིག་རྟེན་མཁས་པས་མཆོད་པ་ཡང་།། ཡིད་ཆེས་ངོ་བོ་ཁྱོད་ལ་མཆོད།། མཆོད་འོས་རྣམས་ཀྱིས་མཆོད་བྱ་བ།། མཆོད་འོས་དམ་པ་ཁྱོད་ལ ་འདུད།། བསྔགས་འོས་བསྔགས་པ་གང་ལགས་པའི།། སྐྱེ་བོ་དེས་ཀྱང་ཁྱོད་བསྔགས་ཏེ།། བསྔགས་པར་འོས་པ་རྣམས་ཀྱིས་ཀྱང་།། བསྔགས་པར་བགྱི་བ་ཁྱོད་ལ་འདུད།། ་ལྷ་རྣམས་ཀྱང་ནི་ཁྱོད་ལ་འདུད།། ཁྱོད་ལ་དྲང་སྲོང་རྣམས་ཀྱང་འདུད།། ཕྱག་བགྱིར་འོས་པ་རྣམས་ཀྱིས་ཀྱང་།། གདུད་པར་བགྱི་བ་ཁྱོད་ལ་འདུད།། སེམས་ཅན་དང་བཅས ་སུ་ཞིག་ནི།། བསོད་ནམས་ཞིང་ནི་དཔག་མེད་པ།། བདུད་འོས་ཁྱོད་ལ་ཕྱག་བགྱིད་པ།། ནམ་ཞིག་ན་ནི་ངོམ་པར་འགྱུར།། དེ་ལྟས་ཁྱོད་ལ་ཕྱག་འཚལ་འདུད།། གདུང་པ ་འོས་པ་ཁྱོད་ལ་འདུད།། ཕྱག་གི་རྒྱུན་ནི་མི་ཆད་པར།། རྟག་ཏུ་ཁྱོད་ལ་ཕྱག་འཚལ་ལོ།། རྟག་ཏུ་དམ་པའི་སྤྱོད་པ་མཛད་པ་ལམ་དང་ལྡན།། བྱས་དང་མ་བྱས་ཐོབ་པ ་ཡང་དག་རིག་པ་མཁྱེན།། མཆོད་པ་ཆེ་མངའ་ཕྱག་བགྱིར་འོས་པ་མཚུངས་མེད་པ།། གདུད་པར་འོས་པའི་དགྲ་བཅོམ་ཁྱོད་ལ ་ཕྱག་འཚལ་ལོ།། དཔེ་བྱད་ཡིད་འོང་སྐུ་མངའ་ཁྱོད་ལ་ཕྱག་འཚལ་ལོ།། མཆོག་ཏུ་གསུང་སྙན་མངོན་སྒྲོགས་ཁྱོད་ལ་ཕྱག་འཚལ་ལོ།། དྲི་མེད་རྣམ་དག་ཐུགས་མངའ་ཁྱོད ་ལ་ཕྱག་འཚལ་ལོ།། ཡོན་ཏན་ཚོགས་བསྒོམས་བདག་ཉིད་ཁྱོད་ལ་ཕྱག་འཚལ་ལོ།། ཞིང་ཤིས་བསམ་པས་སངས་རྒྱས་ལ་འདུད་པ།། དྲི་མ་མེད་ལ་བཀྲ་ཤིས་ཐམས་ཅད་ཀྱིས།། ་ཆར་ཡང་མི་ཕོད་མཆོད་སྦྱིན་ཀུན་གྱི་མིན།། དཀའ་ཐུབ་བརྟུལ་ཞུགས་མིན་ཏེ་ཁྲུས་ཀུན་མིན།། ཐུབ་པའི་དབང་པོ་ལ་རབ་འདུད་པ།། སྙན་པ་གྲགས་ཤིང་དཔལ་དུ་བྱེད།། སྡིག ་པ་ཐམས་ཅད་དྲུངས་ནས་འབྱིན།། གཟི་བརྗིད་དག་ཀྱང་རྣམ་པར་འཕེལ།། དགྲ་རྣམས་ཐམས་ཅད་སེལ་བར་བྱེད།། འཇིག་རྟེན་དག་ན་མི་རྣམས་ཀྱི།། རྒྱུད་ནི་བདེ་འགྲོར ་ངེས་བྱེད་ཅིང་།། ངེས་མཐར་ཞི་བའི་འབྲས་བུར་སྦྱིན།། དེ་ལྟར་ཡོན་ཏན་མང་བསམས་ཤིང་།། ལུས་ཀྱང་འཇིག་པའི་ངང་བསམས་ན།། མཁས་གང་སངས་རྒྱས་ཕྱག་འཚལ ་ལས།། ལུས་ཀྱི་ལུས་གཞན་སྤྱོད་པར་བྱེད།། འཆི་བདག་སེལ་བར་བྱེད་པ་ཡི།། བསྟན་པ་འདི་ནི་ནུབ་གྱུར་ཅིང་།། ཀུན་ནས་མུན་པས་ཁེབས་གྱུར་ན།། གང་ཞིག་ལ་ནི ་བཀུར་བསྟི་བྱ།། དེ་ལྟ་བས་ན་མཚུངས་མེད་པའི།། མཆོད་པ་བྱ་བ་མྱུར་ཏེ་བགྱི།། མ་འོངས་པའི་འཇིགས་པ་དག། ད་ལྟ་ཉིད་ནས་བྱུང་ཟིན་ཏོ།། ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པ། བསྔགས་པར་འོས་པ་བསྔགས་པ་ལས། ཕྱག་འཚལ་བ་ཞེས་བྱ་བ་རྫོགས་སྷོ།། ་རྒྱ་གར་སྐད་དུ།། བ་ར་ཎ་ར་ཧ་བར་ནེ་བྷ་ག་བ་ཏོ་བུདྡྷ་སྟད་ཏེ། སར་རྦད་ཉ་ཏ་སིད་དྷི་ར་ནཱ་མ། བོད་སྐད་དུ། སངས་རྒྱས་བཅོམ་ལྡན་འདས ་ལ་བསྟོད་པ། བསྔགས་པར་འོས་པ་བསྔགས་པ་ལས། ཐམས་ཅད་མཁྱེན་པ་ཉིད་གྲུབ་པ་ཞེས་བྱ་བ།། ཉི་མའི་གཉེན་གྱུར་ཉི་མ་ཡི།། འོད་པས་ཤིན་ཏུ་འོད་གསལ་བ།། ་ཕྱག་པ་ཀུན་གྱི་རབ་དང་མཆོག། ཕྱག་འོས་ཕྱག་བགྱིས་ཁྱོད་ལ་འདུད།། སྟོབས་ཆེན་དཔའ་བོ་ཆེན་པོ་པ།། མངོན་ཤེས་ཆེ་ལ་མཐུ་ཡང་ཆེ།། གཡུལ་ཆེར་མདའ་ཆེན་འཕེན ་མཛད་པ།། དགའ་སྟོན་ཆེན་པོ་ཁྱོད་ལ་འདུད།། འཇིག་རྟེན་ན་ཁྱོད་མཆོད་འོས་མཆོག། མཆོད་པའི་སྣོད་ནི་བླ་མེད་པ།། མཆོད་པར་འོས་པ་ཁྱོད་ལ་མཆོད།། མཆོད་དང ་མཁྱེན་པས་རྟོགས་པ་བརྙེས།། དགོངས་པ་ང་རྒྱལ་བག་མི་མངའ།། བརྗེད་འོས་ཁྱོད་ལ་ང་རྒྱལ་གྱི།། སེམས་བོར་ནས་ནི་བརྗེད་པར་བགྱི།། གུས་བགྱིད་མ་བགྱིད་ལ་བཏང ་སྙོམས།། འཇིག་རྟེན་བཀུར་བས་མཆོད་བགྱིས་པ།། ཁྱོད་ལ་བཀུར་བསྟིར་གཞོལ་བ་ཡི།། དབང་པོས་གུས་པར་བཀུར་བསྟི་བགྱིད།། ཁྱོད་དང་འདྲ་བ་འགའ་མ་མཆིས།། ་ལྷག་པ་མ་བྱུང་འབྱུང་མི་འགྱུར།། དེ་སླད་སེམས་ཅན་ཀུན་ལ་ཁྱོད།། དགྲ་ཟུན་སྙོམས་པའི་མཉམ་མེད་ལགས།། མ་འདྲེས་འཕགས་པའི་བདུད་ལས་བྱུང་།། སངས་རྒྱས ་ཀུན་དང་བསྐལ་བ་མཉམ།། མདོག་དང་ཤེས་རབ་སྣང་བ་ཡིས།། ཕྱོགས་རྣམས་སྣང་བར་མཛད་དེ་འཁྲུངས།། སུམ་ཅུ་རྩ་གཉིས ་མཚན་དང་ལྡན།། འདོམ་གང་འོད་ཀྱི་འོད་ཟེར་སླ།། མཚན་དང་འཐུན་པའི་དཔེ་བྱད་བཟང་།། བརྒྱད་ཅུས་འབར་བའི་གཟི་བརྗིད་ཅན།། རྒྱ་ཆེན་དཔལ་དང་ལྡན་པའི ་སྐུ། ཀུན་གྱིས་མཛེས་པའི་ཟིལ་གནོན་པ།། འཇིག་རྟེན་སྣང་བར་མཛད་ནས་ནི།། ཉི་མ་གཞན་ཞིག་ལྟ་བུར་བཞུགས།། བཅོམ་ལྡན་དུས་ཀུན་རྟོགས་པའི་ཆོས། ་རྣམ་ཀུན་འབྱུང་གནས་ཐམས་ཅན་ནི།། ཕྱག་མཐིལ་སྐྱུ་རུ་ར་ལྟ་བུར།། ཁྱོད་ཀྱི་ཐུགས་ཀྱི་སྤྱོད་ཡུལ་འགྱུར།། ཆོས་རྣམས་གཡོ་དང་མི་གཡོར་བཅས།། གཅིག་དང་སྣ ་ཚོགས་སོ་སོ་ལ།། མཁའ་ལ་རླུང་དག་རྒྱུ་བ་བཞིན།། ཁྱོད་ཀྱི་ཐུགས་ནི་ཐོགས་མི་མངའ།། བྱ་བ་མཛད་པ་ཁྱོད་ཀྱིས་ནི།། ཇི་ལྟར་ཐུགས་བསྐྱེད་ཙམ་གྱིས་སུ།། ཁྱོད་ལ ་བཞེད་དགུར་ཀུན་འགྲུབ་པ།། དེ་ལྟར་ཆོས་དབྱིངས་ལེགས་ཐུགས་ཆུད།། དགེ་མཐར་ཕྱིན་པ་ཁྱོད་ལ་ནི།། སྦྱོར་བྱུང་དགེ་བ་མགའ་མི་མངའ།། ཁྱོད་ནི་གང་ཞིག ་བཞེད་ན་ཡང་།། བཞེད་པ་ཙམ་ལ་རག་ལས་སོ།། ཆོས་རྣམས་ཀྱི་ནི་ཆོས་ཡོད་དང་།། ཆོས་ཉིད་དང་ནི་ཆོས་ཀྱི་མཐུ།། སོ་སོར་རྒྱུད་དང་བཅས་གནས་ཤིང་།། རྐྱེན ་དང་འབྲས་བུ་བཅས་པ་དག། ཁམས་དང་དབྱེ་བ་ཐ་དད་བཅས།། སྐྱེ་དང་འཇིག་བཅས་རྒྱས་པ་དེ།། ཐམས་ཅད་སོ་སོར་རྣམ་ཀུན་ཏུ།། ཀུན་མཁྱེན་ཁྱོད་ཀྱིས ་མཁྱེན་གང་མིན།། ཁྱོད་ལ་ཤིན་ཏུ་བསྒྲུབས་པའང་མངོན།། ཤིན་ཏུ་རིང་བའང་མངོན།། ཤིན་ཏུ་རིང་བའང་ཉེ་བ་སྟེ།། ཤིན་ཏུ་འཛིངས་པའང་སལ་གྱིས་དག། ་ཤིན་ཏུ་འཐོན་པོའང་དམའ་བ་ལགས།། ཤིན་ཏུ་མནན་པའང་སྣང་བར་བཅས།། ཤིན་ཏུ་ཐེ་ཙོམ་གནས་ཀྱང་ངེས།། ཤེས་བྱ་ཤིན་ཏུ་ཟབ་མོ་ཡང་།། ཁྱོད་ལ་ས ་ལེར་གདའ་བ་ལགས།། དབང་པོ་ཆེའི་གླང་ཆེན་གྱི།། རྐྱེད་ཆིངས་གསེར་ལས་བགྱིས་པ་ལྟར།། ཆོས་ཉིད་ཤིན་ཏུ་ཟབ་མོས་ཀྱང་།། ཁྱོད་འོ་བརྒྱལ་འགྱུར་མ་ལགས།། ་ཆོས་ཀྱི་ནང་ན་ཆགས་བྲལ་ལྟར།། ངེས་འབྱིན་ནང་ན་དྲང་པོ་ལྟར།། ཕུན་ཚོགས་ནང་ན་སངས་རྒྱས་ལྟར།། ཁྱོད་ནི་སེམས་ཅན་ཀུན་གྱི་མཆོག། རྣམ་གྲོལ་ནང་ན ་མི་གཡོ་ལྟར།། རིགས་པའི་ནང་ན་ཆོས་ཉིད་ལྟར།། ཤེས་རབ་ནང་ན་ཀ་ན་མཁྱེན་ལྟར།། ཁྱོད་ནི་ལུས་ཅན་ཀུན་གྱི་མཆོག། དག་པའི་ནང་ན་རྣམ་གྲོལ་ལྟར།། དེ་ཉིད ་ནང་ན་སྟོང་པ་ལྟར།། དཀའ་ཐུབ་ནང་ན་བཟོད་པ་ལྟར།། ཁྱོད་ནི་སྲོག་ཆགས་ཀུན་གྱི་མཆོག། གཟུགས་ཀྱི་ནང་ན་ཁྱོད་སྐྲ་ལྟར།། སེམས་ཅན་ནང་ན་ཁྱོད་ཐུགས་ལྟར ་ཆོས་ཀྱི་ནང་ན་ཁྱོད་ཆོས་ལྟར།། ཁྱོད་ནི་སྲོག་ཆགས་ཀུན་གྱི་མཆོག།། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། བསྔགས་པར་འོས་པ་བསྔགས་པ་ལས། ་ཐམས་ཅད་མཁྱེན་པ་ཉིད་གྲུབ་པ་ཞེས་བྱ་བ་རྫོགས་སྷོ།། ། @#།། རྒྱ་གར་སྐད་དུ། བར་ཎ་ར་\ུ0f7f་བར་ཚེབླ་ག་བརྐོ ་བུདྡྷ་སྱཱད་ཏྲེ་པ་ལ་བཻ་ཤ་རད་དྱ་སྐ་པ་ན་མ། བོད་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། བསྔགས་པར་འོས། ་པ་བསྔགས་པ་ལས། སྟོབས་དང་མི་འཇིགས་པ་ལ་བསྟོད་པ་ཞེས་བྱ་བ།། བདེ་བར་གཤེགས་པ་ཁྱོད་ཅིག་པུ།། ཆོས་གཅིག་ཆོས་ཀུན་སྣང་མཛད་པ། ་རྣམ་པ་ཐམས་ཅད་མཁྱེན་པ་ཡིས།། དེ་དང་ལྡན་གྱི་གཞན་མ་ལགས།། ཁྱོད་འབའ་ཤིག་གི་ཡེ་ཤེས་ཀྱིས།། ཤེས་བྱ་མཐའ་དག་ཁྱབ་ལགས་ཀྱིས།། ་ཁྱོད་ལས་གཞན་པ་ཐམས་ཅད་ནི།། ཤེས་བྱ་ཁྱོད་ནི་ལྷག་པ་ལགས།། རྒྱུ་རྐྱེན་འདི་ལས་འབྲས་བུ་འདི།། འདི་ལས་འདི་ནི་མ་ཡིན་ཞེས།། གནས་དང་གནས ་མིན་ངེས་པ་ཀུན།། ཁྱོད་ཀྱིས་མཁྱེན་གྱི་གཞན་གྱིས་མིན།། ལས་ཆོས་ཡང་དག་བླངས་པ་ཡི།། རྣམ་སྨིན་དུས་ནི་ཐམས་ཅད་པ།། ས་ཀུན་རྟོགས་པ་ཐམས ་ཅད་ནི།། རྣམ་ཀུན་ཁྱོད་མཁྱེན་གཞན་གྱིས་མིན།། རྣམ་འབྱོར་ས་ནི་མ་ལུས་ས།། ཀུན་ནས་ཉོན་མོངས་རྣམ་གཞག་དང་།། རྣམ་པར་བྱང་བཅས་ཟབ་མོར ་བཅས།། ཁྱོད་ཅིག་ཁོ་ནར་ཐུགས་སུ་ཆུད།། དབང་པོ་མཆོག་དང་མཆོག་མིན་པ།། ཆུང་དང་འབྲིང་དང་ཆེན་པོ་དག། རྨ་ཤས་དབྱེ་བས་མཐའ་ཡས་པ།། ཁྱོད ་ལས་གཞན་གྱིས་རྟོགས་མ་མཆིས།། འཐུན་པར་གྱུར་པ་གང་ལགས་དང་།། མི་འཐུན་གྱུར་པ་གང་ལགས་པ།། མིའི་མོས་པ་སྣ་ཚོགས་ཀུན།། ཁྱོད་ཅིག་ཁོ ་ནས་ཐུགས་སུ་ཆུད།། འཇིག་རྟེན་འདི་ཁམས་སྣ་ཚོགས་ཏེ།། སྣ་ཚོགས་ཁམས་ཉིད་མཐའ་དག་ནི།། སྣ་ཚོགས་ཁམས་དབྱེ་ཁྱོད་ཅིག་པུས།། མཁྱེན་གྱི ་གཞན་གྱིས་མ་ལགས་སོ།། རྒྱུ་དང་རྐྱེན་ནི་སྣ་ཚོགས་ལས།། སྣ་ཚོགས་མངོན་པར་འགྲུབ་པ་ནི།། ཀུན་ཏུ་འགྲོ་བའི་ལམ་སྟོབས་ཀྱི།། ཐམས་ཅད་ཁྱོད་ཀྱིས ་ཐུགས་སུ་ཆུད།། བཟོད་མེད་སྲིད་པར་བྱུང་བ་དང་།། ཐ་མ་མེད་པ་འབྱུང་འགྱུར་གང་།། དེ་ལ་ཁྱོད་ཀྱི་ཡེ་ཤེས་ནི།། མངོན་སུམ་བཞིན་དུ་གཟིགས་པ་འཇུག། ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ།། འཇིག་རྟེན་ཡང་དག་འགྲུབ་པ་དང་།། དེ་བཞིན་ཉིང་མཚམས་སྦྱོར་བ་ནི། མཐའ་ཡི་བར་བཞིན་ཁྱོད་ཀྱིས་གཟིགས། ་ཉེ་འམ་ཡང་ན་རིང་ཡང་དག། ཇི་ལྟར་ཁྱོད་ལ་མངོན་སུམ་པ།། དེ་ལྟར་སྒྲིབ་པ་བག་ཆགས་དང་།། བཅས་ཏེ་ཁྱོད་ཀྱིས་སྤངས་པ་ལགས།། དངོས་འདི་ཡོད། ་སུ་མ་མཁྱེན་ཅིང་།། ཉོན་མོངས་པའི་བག་ཆགས་ནི།། ལྷག་མ་ལུས་ཤེས་མི་སྙན་པའི།། གོ་འཕང་དེ་ནི་ཁྱོད་ཀྱིས་བརྙེས།། ཁྱོད་ཀྱིས་བར་དུ་གཅོད་གསུངས ་གང་།། ངེས་པར་དེ་དག་བར་དུ་གཅོད།། ཁྱོད་ཀྱིས་ལམ་བསྟན་གང་ལགས་པ།། དེ་ཅིག་ཁོ་ནར་ངེས་པར་འབྱིན།། དེ་ཡིས་པར་གཅོད་མི་ནུས་ཤེ་འམ།། དེ ་ཡིས་ངེས་འབྱིན་མི་འགྱུར་ཞེས།། གཞན་གྱི་སྲན་ཀ་ཆ་ཤས་ཀྱང་།། དེ་ལ་སྲིད་པ་མ་མཆིས་སོ།། ཁྱོད་ཀྱིས་རྒྱལ་འགྱི་མ་རྒྱལ་མིན།། ཤེས་བྱ་མ་སྣང་བགྱིས། ་མ་མཆིས། དབང་ཕྱུག་ཁྱོད་ཉིད་ཀུན་མཁྱེན་ཅིང་།། ཀུན་རྒྱལ་ལགས་ཀྱི་གཞན་མ་ལགས།། སྟོབས་ལྡན་འཇིགས་མི ་འགྱུར་བས་ཁྱོད།། མི་བསྙེངས་གང་ལགས་རིགས་ལགས་ན།། མཐུ་མངའ་བཞིན་དུ་འགའ་ལ་ཡང་།། ཁྱད་དུ་མི་གསོད་གང་དེ་རྨད།། ལོག་པའི་ང་རྒྱལ་ཅན་འགའ ་ཞིག། དྲེགས་དང་བྲལ་བར་མཛད་པ་གང་།། གདུལ་བ་ཡི་ནི་ཐབས་ཙམ་སྟེ།། དེ་ན་སྟོབས་སྐེམས་ཡོད་མ་ལགས།། འཇིག་རྟེན་དག་ན་སྟོབས་ལྡན་པས།། ཀུན་ལས ་རྒྱལ་ཞེས་གང་བརྗོད་པ།། དེ་ནི་གཞན་ལ་བསྟོད་པ་བས།། གོ་འཕང་དེ་ནི་ཁྱོད་ལ་རྫོགས།། འདྲེན་པས་ཁྱོད་ལ་ཆོས་འཐུན་པར།། འགས་ཀྱང་བརྒལ་བར་ནུས་མ ་ལེགས།། ཀླན་ཀ་བཙལ་འོས་མ་ལགས་ཏེ།། ནོངས་མི་མངའ་བའི་བདེ་བ་བརྙེས།། ནོངས་ནི་མངའ་བས་གང་ལས་ཀྱང་།། བཞི་ནི་བསྲུང་བར་བགྱི་མི་འཚལ།། བཞི་པོ ་ཡོངས་སུ་རྫོགས་སླད་དུ།། ཁྱོད་ལ་སུས་ཀྱང་གྲགས་མི་ཐོད།། ཀུན་ལ་མི་ཐོགས་བློ་གྲོས་ཅན།། དགོངས་པ་ཀུན་ཏུ་ཉེ་བར་གནས།། ཀུན་ལས་ཐུགས་རྗེས་སྙོམས་པ་པོ།། ། ་ཐུགས་ནི་ཀུན་ལ་ཆགས་མི་མངའ།། ཤེས་བྱའི་རྒྱ་མཚོ་ཀུན་དགལ་བ།། བག་ཆགས་ཐམས་ཅད་གཏན་ནས་བླངས།། བར་ཆད་ཀུན་གྱི་ཁྱད་པར་མཁྱེན།། ་ངེས་པར་འབྱིན་པ་ཀུན་ལ་མཁས།། ཀུན་གྱི་བསམ་པ་མཁྱེན་པ་པོ།། གདུལ་ཐབས་ཀུན་གྱི་ཕ་རོལ་གཤེགས།། ཉོན་མོངས་སྣ་ཚོགས་ཐམས་ཅད་ཀྱི།། གཉེན ་བོ་ལ་ཡང་སྙེངས་མི་མངའ།། ཁྱོད་ལ་རྟེན་ནས་སྨྲབ་པོ།། བྱིས་པ་ཤེད་བྱེ་མ་གྱུར་གང་།། དེ་ནི་མ་རིག་མུན་པ་ཡི།། ཚང་ཚིང་མི་ཟད་མཐུ་ལགས་སོ།། ཁྱོད་ཀྱི། ་བཀའ་ལ་རྟེན་ནས་ཀྱང་།། བྲལ་བར་མ་གྱུར་གང་ལགས་པ།། དེ་དང་དེ་སྒྲིབ་མི་ཟད་ལགས།། །། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། བསྔགས ་པར་འོས་པ་བསྔགས་པ་ལས། སྟོབས་དང་མི་འཇིགས་པ་ལ་བསྟོད་པ་ཞེས་བྱ་བ་རྫོགས་སྷོ།། ་རྒྱ་གར་སྐད་དུ། བ་ར་ཎ་ར་ཧ་བ་ར་ཎེ་བྷ་ག་བ་ཏོ་བུདྡྷ་སྟོད་ཏྲེ་པ་ག་བི་ཤུདྡྷི་སྟོ་པ་ནཱ་མ། བོད་སྐད་དུ།། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། བསྔགས ་པར་འོས་པ་བསྔགས་པ་ལས། གསུང་རྣམ་པར་དག་པ་ལ་བསྟོད་པ་ཞེས་བྱ་བ།། ཇི་ལྟར་ཐུབ་པ་ཁྱོད་ཀྱི་བཀའ།། ཉེ་མིགས་བརྗོད་ལྡན་ཐོས་པ་ལྟར།། འཁོར་བའི ་སྡུག་བསྔལ་མི་བཟད་པའི།། མེ་ཡིས་ཀུན་ཏུ་སྦར་ཀྱང་ནི།། འགྲོ་བ་མི་ཤེས་གོ་བགོས་པ།། དེ་ལྟར་སྐྱོ་བར་འགྱུར་མ་ལགས།། དེ་ལྟས་མགོན་པོ་ཁྱོད་ཀྱི་བཀའ། ་མངོན་སུམ་པས་ཀྱང་དོན་བསལ་བར།། ཆོས་ཉིད་ཟབ་མོ་གཏིང་ཡས་པ།། བཤད་པས་ས་ལེར་གྱུར་ལགས་པས།། ཁྱོད་ཀྱི་བཀའ་ནི་བསྒྱེལ་ཞི་ཡི།། ཆོ་འཕྲུལ་དག་ཀྱང ་མཛད་པ་ལགས།། ཚིག་གི་མཐའ་ནི་མི་མཐོང་ཞིང་།། དོན་གྱི་གཏིང་ཡང་མི་དཔོགས་ལ།། ཕན་ཚུན་རྗེས་སུ་ཞུགས་པ་ནི།། དེ་ལས་ལ་མཚན་ཆེ་ཅི་མཆིས།། སྨྲ་བའི ་དམ་པ་ཁྱོད་ཀྱི་བཀའ།། རྣམ་གྲངས་དུ་ཉིད་མ་མཆིས་ཤིང་།། ཟློས་བུ་ཡང་ནི་མ་མཆིས་ལ།། སྦྱར་བའི་ལུགས་ཀྱང་རིག་པ་ལགས། ་སྨྲ་བའི་དམ་པ་ཁྱོད་ཀྱི་བཀའ།། གནས་པ་བཞིའི་ཡོན་ཏན་ལྡན།། ལུང་བསྟན་བཞིའི་རྟེན་གྱུར་ཀྱང་།། དོན་དུ་གཉིས་སུ་གྱུར་མ་མཆིས།། གནང་བ་དང་ནི་དགས་པ་ལ།། ་ཁྱོད་བཀའ་ལ་ལར་གཅིག་ཏུ་ངེས།། ལ་ལར་ངེས་པ་མ་ལགས་ལ།། ཕན་ཚུན་འགལ་བའང་མ་མཆིས་སོ།། ཆོས་ཀྱི་དེ་ཉིད་སྟོན་སླད་དུ།། རྩོད་པ་མེད་པའི་གོ་འཕང་བཞི།། ་རིགས་འཐད་ཡོན་ཏན་བཟང་པོ་ཡིས།། ངན་སྨྲ་ཐམས་ཅད་སུན་འབྱིན་པ།། གཅིག་ཏུ་དོན་དམ་ལ་གཞོལ་ལ།། ཀུན་རྫོབ་ལ་ཡང་སྐྱོན་མ་མཆིས།། བདེན་པ་གཉིས ་ཀྱང་མི་འགལ་བས།། ཁྱོད་ཀྱི་བཀའ་ནི་རིགས་པར་འབྱུང་།། ཉོན་མོངས་མེད་ལ་ཅིག་པུ་འཇམ།། ཉོན་མོངས་ཅན་ལ་ངེས་བརླང་ཡང་།། ཁྱོད་ཀྱི་བཀའ་ནི་བསྙེན ་པ་དང་།། བསྲིང་བའི་སྐྱོན་དང་ལྡན་མ་ལགས།། རྣམ་པར་བྱང་བའི་རྗེས་འཐུན་ལ།། དེའི་ཕྱོགས་སུ་ལྷུང་མི་མངའ།། ཀུན་ནས་ཉོན་མོངས་དགྲར་གྱུར་ལ།། མི ་བཟོད་མི་མངའ་ཁྱོད་ཀྱི་བཀའ།། སྨོན་པའི་ཚིག་ནི་རྒྱས་གང་ཡང་།། ཕྱར་ཀ་གཏོང་བའི་སྐྱོན་ལྡན་མིན།། རབ་ཏུ་བསྔགས་པའི་ཚིག་ཕྱུད་ཀྱང་།། མགའ་ལའང ་བརྟེན་པ་མངའ་མ་ལགས།། བསྣན་དང་དོར་བ་མི་མངའ་ལ།། བསྡུས་དང་རྒྱས་པ་དང་ཡང་ལྡན།། རྟག་ཅིང་འཐད་པར་འགྱུར་ལགས་ལ།། དང་པོ་ནས་ཀྱང་མི ་བཟང་མིན།། ཤིན་ཏུ་སྙན་གསུང་ཆགས་མི་འགྱུར།། མང་ལ་སྙིང་པོ་མ་མཆིས་མིན།། སྣ་ཚོགས་པ་ལ་དོན་མ་འཁྲུགས།། བཀའ་ནི་ངོ་མཚར་མང་པོ་ལགས ་གསུང་གི་བདག་པོ་ཁྱོད་ཀྱི་བཀའ།། ཡིད་འཕྲོག་མཛད་ལ་ཞེན་མི་མངའ།། གཟི་བྱིན་ཅན་ལ་གནོད་མི་འགྱུར།། ཁྱད་ལ་ངན་པས་རྫོགས་མ་ལགས།། བ་སྤུ ་ངག་ཀྱང་ལྡང་བགྱིད་ཅིང་།། རྡུལ་ཡང་ཀུན་ཏུ་འཐོན་པར་བགྱིད།། ལུས་རྣམས་དག་ནི་སྟོན་བགྱིད་ཅིང་།། འདར་བ་དག་ཀྱང་སྐྱེད་པར་བགྱིད།། ལྷའི་འཇིག་རྟེན ་སྐྱོ་བགྱིད་ཅིང་།། སྒྲ་ཡང་ཀུན་ཏུ་སྒྲོགས་པར་བགྱིད།། ས་ནི་རྣལ་མར་གནས་པ་ཡང་།། རྣམ་པ་དྲུག་ཏུ་གཡོ་བར་བགྱིད།། བཟོད་མེད་དུས་ནས་གོམས་པ་ཡི།། ་ལུས་ཅན་རང་བཞིན་བཟློག་མཛད་ཅིང་།། རང་བཞིན་འདྲིས་པ་མ་ལགས་པ།། གཞན་ནི་སྙིང་ལ་འཇོག་པར་མཛད།། རང་གི་ཉེས་པས་མི་འགའ་ལ།། ཡིད་ནི ་གདུང་བར་བགྱིད་དང་འདྲ།། རིགས་པར་ཞུགས་པ་མཁས་རྣམས་ལ།། བདུད་རྩིའི་ཆར་པ་བབ་པ་བཞིན།། ཁྱོད་ཀྱི་བཀའ་ནི་ཐོག་མ་དང་།། བར་དང་ཐ་མར་དགེ ་བ་དག། ཐོས་དང་བསམ་དང་སྒོམ་པ་ནི།། དེ་སྒྲུབ་པ་ལ་བདུད་རྩིར་གྱུར།། མོས་པ་དུ་མ་དང་ལྡན་པ།། མང་པོ་འཁོད་པར་གྱུར་པ་ལ།། གསུང་གཅིག་བཀའ་ནི ་སྩལ་པ་ལས།། དུ་མ་ལྟ་བུར་སྣང་གྱུར་ཏེ།། ཀུན་གྱིས་འདི་ནི་བདག་གི་ཆེད།། ཁོ་ནའི་སུམ་དུ་གོ་བ་གང་།། དེ་ལས་ཡ་མཚན་ཆེ་ཅི་མཆིས།། ཆོས་ཉིད་འདོར ་བར་མི་མཛད་ལ།། འཇིག་རྟེན་ཀུན་རྫོབ་དང་ཡང་འཐུན།། རྗེས་སུ་སྒྲོགས་པར་མཛད་བཞིན་དུ།། ཅིག་ཤོས་རྣམ་པ་སྒོམ ་པ་མཛད།། ཀུན་ནས་ཉོན་མོངས་རྣམ་བྱང་མཆིས།། ལས་དང་ལས་ཀྱི་འབྲས་བུའང་མཆིས།། དེ་ལྡན་བྱེད་དུ་འཇུག་པ་དང་།། བྱེད་པོ་མ་མཆིས་ཁྱོད་ཀྱི་བཀའ།། ། ་དེ་ནི་ལྷ་དང་མིར་བཅས་པའི།། འཇིག་རྟེན་དག་གིས་སྔོན་ཐོས་ནས།། ནུའི་ཟླ་བ་གཡོ་བ་བཞིན།། སོ་སོར་རབ་ཏུ་གཡོས་པར་གྱུར།། བཟང་དང་ངན་པ་ཉིད་དུ་ནི།། ་འབྱུང་བར་འགྱུར་བ་ཐ་དད་པ།། ཐམས་ཅད་རྐྱེན་ལ་རག་ལས་ན།། བྱེད་པོ་ཅིག་མཆིས་གྱུར་རམ།། འགའ་ལ་རང་དབང་ཉིད་མཆིས་ན།། བྱེད་པོར་གྱུར་ན ་དེ་མི་རིགས།། དེ་ལྟ་ལགས་པས་ཆོས་ཀུན་ལ།། བྱེད་པ་མེད་པར་ཁྱོད་ཀྱིས་གསུངས།། ལྷ་དང་བཅས་པའི་འཇིག་རྟེན་ལ།། ཆོས་འདི་སྟོང་པ་ཉིད་ཀྱི་ནི།། ་སེང་གེའི་སྒྲ་ཡིས་བརྡ་བརྡུངས་ན།། མཚམས་གཅད་བགྱིས་ཏེ་གནས་པ་ལགས།། དེའི་ཉི་མའི་འོད་བཞིན་དུ།། འཇིག་རྟེན་སྣང་བར་བགྱིས་པས་ན།། དེ་ལས ་གཞན་པའི་ཚིག་ཀུན་ནི།། ཤིན་ཏུ་ཅི་ཡང་མ་རུང་གྱུར།། །། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ།། བསྔགས་པར་འོས་པ་བསྔགས་པ་ལས། ་གསུང་རྣམ་པར་དག་པ་ལ་བསྟོད་པ་ཞེས་བྱ་བ་རྫོགས་སྷོ།། ། @#།། རྒྱ་གར་སྐད་དུ། བར་ཎཱར ་བ་ར་ཎེ་བྷ་ག་བ་ཏོ་བུདྡྷ་སྟོད་ཏྲེ་ཨ་བཱི་བ་ད་སྟ་བོ་ནཱ་མ། བོད་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས། ་རྩོད་པ་མི་མངའ་བར་བསྟོད་པ་ཞེས་བྱ་བ།། ཆོས་རྣམས་ཐམས་ཅད་བདག་མེད་པར།། འདུས་བྱས་ཐམས་ཅད་སྐད་ཅིག་མ།། མྱ་ངན་མདའ་ཞི་ཞེས་བགྱི་བ།། ་མཚན་ཉིད་འདི་གསུམ་ཆོས་ཀྱི་རྒྱ།། སྨྲ་བ་ཀུན་གྱི་ཡུལ་མིན་པ།། མི་བྱེད་ཁྱེད་ཀྱིས་གཞག་པ་མཛད།། ཇི་སྐད་བརྗོད་ཀྱང་འཇིག་རྟེན་ན།། རང་བཞིན ་ལས་ནི་གང་ཞིག་འདའ།། གལ་འཛིན་པའི་ཤགས་ལ་ནི།། གོམས་པར་བགྱིས་ཀྱང་སུ་ཞིག་གིས།། མེ་ཉིད་གྲང་བ་ལྟ་བུར་ནི།། དེ་ཉིད་གཞན་དུ་བགྱི་བར ་ནུས།། ནམ་མཁའ་ཐོགས་པ་མེད་པ་ལ།། འགའ་ཡི་རྨ་ཕྱིན་འགྱུར་སྲིད་ཀྱི།། ཆོས་ཀྱི་ཕྱག་རྒྱ་འདི་ལ་ནི།། ཆོས་དང་འཐུན་པར་འགས་མ་ལགས།། ཆོས ་ཀྱི་དེ་ཉིད་མཁྱེན་ཁྱོད་ཀྱི།། བཀའ་ལ་ནག་པོ་ཆེན་པོ་དག། བསྟན་པས་འདི་ནི་མཆིས་གྲགས་ཀྱི།། སྨྲ་བ་གཞན་ལ་མཆིས་མ་ལགས།། ཐ་དད་ལྟ་ལ་རྟེན་པ་ཡིས།། ་འཇིག་རྟེན་རྣམས་ནི་རྩོད་པར་ལྷུང་།། ཁྱོད་ནི་གཅིག་པུ་རྩོད་མེད་པའི།། གནས་ཀྱི་གོ་འཕང་ཐུགས་སུ་ཆུད།། ལོང་བ་རྣམས་ནི་རྩོད་གྱུར་ཀྱང་།། མིག་ཅན ་གཟུགས་རྣམས་མཐོང་བ་ནི།། ཇི་ལྟར་རྩོད་པར་མི་འགྱུར་བ།། དེ་ཉིད་ཁྱོད་དང་བྱིས་པའི་དཔེ།། ཆོས་བཞིན་གསུང་བ་ཁྱོད་ལ་ནི།། འགའ་དང་ལྡན་ཅིག་རྩོད ་མི་མངའ།། ལེགས་པར་སྨྲ་ཕྱིར་མཁས་དང་མིན།། ཁྱད་དུ་གསད་ཕྱིར་མི་མཁས་མིན།། འདོད་པ་རྣམས་ནི་མི་སྣང་གྱུར།། ་ལྟ་བའི་དྲ་བ་རབ་ཏུ་བཅོམ།། གཞི་མ་མཆིས་ན་ཅི་སླད་ཁྱོད།། གཞི་མ་མཆིས་པའི་རྩོད་པར་གྱུར།། རྒྱལ་ཐབས་རྙེས་པ་ཁྱོད་ལྟ་བུའི།། བརྟན་པ་ཅི་ཞིག་རྩོད་པ ་མཛད། འོད་ཟེར་སྟོང་ལྡན་རོ་ལྟ་བུའི།། མུན་དང་ལྷན་ཅིག་ཅི་ཞིག་འགྱེད།། མཁའ་ལ་ལྕགས་གིས་འཇུ་བ་བཞིན།། བརྩད་པས་ཁྱོད་ལ་རྫི་མི་འགྱུར།། རླུང་གི ་བཟློག་ཕྱོགས་གཏོར་བའི་རྡུལ།། འཐོ་བ་ཉིད་ལ་འབབ་ཅིང་འགོ། འཇིག་རྟེན་རྣམས་ནི་བརྟགས་པར་ལྷུང་།། ཡང་དག་ཇི་བཞིན་སྤྱོད་ཡུལ་ཁྱོད།། དེ་སླད་ཕྱིན་ཅི ་ལོག་གྱུར་པ།། མང་པོ་རྣམས་དང་ཁྱོད་མི་མཚུངས།། དཔེར་ན་ལྕགས་དང་གསེར་བཞིན་དུ།། ལོག་པར་མངོན་པར་ཞེན་རྣམས་དང་།། མངོན་ཞེན་མི་མངའ་ཁྱོད་དུ་ནི།། ་ལྷན་ཅིག་བསྐྲུན་དུ་ག་ལ་མཆིས།། བྱིས་པ་རྣམས་ནི་མ་འཚལ་ཏེ།། མགོན་པོ་ཕན་དང་བདེ་བཞེད་པ།། དོན་མིན་ཁྱོད་ལ་བསྔོ་བགྱིད་པ།། བདག་གིས་བདག་ཉིད་རླག ་པར་བས།། བདག་གིས་བདག་ཉིད་མེ་འབར་བའི།། ཕྲེང་བ་འཁྲིགས་པར་བོར་མི་བསྔོའི།། རྒྱལ་བ་ཐུབ་པ་མེད་པ་ཡི།། གཟི་བྱིན་ཅན་ལ་རྡོ་མི་རུང་།། ཁྱོད་ལ ་འདིར་བརྒལ་དུས་བཏབ་ནས།། ཁྱོད་ཀྱིས་སླར་གཞན་དུས་བཏབ་པ།། བརྟོད་པ་དམ་པོས་བཏགས་པ་བཞིན།། སྟན་ལས་ལྡང་བར་ནུས་མ་མཆིས།། ཁྱོད་ཀྱིས ་ཚོགས་པར་བདེན་སྨྲ་བའི།། རྒོལ་བའི་མཆེ་བ་བཅག་པས་ན།། ཕ་རོལ་རྒོལ་བ་ཐམས་ཅད་ཀྱི།། རྭ་ཡང་བཅག་པ་ཉིད་དུ་གྱུར།། ཕ་རོལ་རྒོལ་བ་ཁ་ཅིག་ནི།། ཁྱོད ་དང་ཕྲད་ནས་འདུད་པར་བགྱིད།། ཁ་ཅིག་ཐག་རིང་སླར་ལྡོག་སྟེ།། གཞན་དག་སྤྱན་སྔར་ཞུམ་ནས་མཆིས།། ཁ་ཅིག་ཁྱོད་ཀྱིས་དམ་པ་ཆོས།། བདུད་རྩིའི་རྒྱུན ་གྱི་ཆར་ཕབ་པས།། ཡང་དག་བསྒྲུབ་པ་ཕུན་སུམ་གྱིས།། དམ་པའི་ཆོས་ལ་བརྟེན་པར་བགྱིད།། ཀྱེ་མ་མགོན་པོ་ཐུགས་རྗེའི་བདག། ཀྱི་ཧུད་གཏི་མུག་ཉོན་མོངས་ངམ།། ་ཀྱི་ཧུད་སྲེད་པ་རྣམ་པར་འཕྲོ།། ཀྱེ་ཧུད་ང་རྒྱལ་ཕུང་བྱེད་པ།། དམ་ཆོས་མ་ཡིན་འདི་གསུམ་གྱིས།། སྐྱེ་བོ་འདི་ནི་ཀུན་དཀྲུགས་ཏེ།། མི་བཟང་རྒྱུན་གྱིས་བདས་པ་བཞིན།། ། ་ཁྱོད་ཀྱི་གཞུང་དང་འགལ་བར་བགྱི།། འདིའི་གཞི་ཡིས་ལྟ་བ་དང་།། ཐེ་ཙོམ་ལ་སོགས་ཉེ་ཉོན་མོངས།། སོ་སོར་ལམ་གྱི་བར་གཅོད་པ།། ཀུན་ནས་ཉོན་མོངས ་ཐམས་ཅད་འཕེལ།། ཀ་ལ་པིང་ཀའི་སྐད་ཐོས་ནས།། ཁཱ་ཏའི་སྒྲ་ལ་ཆགས་མེད་ལྟར།། ཁྱོད་ཀྱི་ཆོས་ཀྱི་རོ་མྱོང་ནས།། གཞན་གྱི་ཚིག་ལ་ཆགས་མི་འགྱུར།། ་གང་དག་ཆོས་ལ་རྒྱུ་བཤམས་ནས།། ཁྱོད་ཀྱི་བཀའ་ལ་ཞུགས་གྱུར་པ།། ངན་ངོན་ཐོས་པ་དེ་ལའང་དེ།། རྔ་མོས་སྦྲང་རྩི་བཞིན་དུ་འགྱུར།། བདེན་ཞིང་འགྲོ ་སླང་དོན་དང་ལྡན།། བསམ་པ་དང་འཐུན་ཆོ་འཕྲུལ་བཅས།། ཟད་མི་ཤེས་ལ་མདོར་བདུས་ལ།། གཅིག་ཏུ་མཐུ་ནི་ཆེན་པོར་ལྡན།། སྙིང་པོ་དང་ལྡན་རོ་མཆོག ་ལྡན། རྣམ་གྲངས་ལྡན་ཞིང་ཐབས་དང་ལྡན།། ཡོངས་སུ་རྫོགས་ལ་མ་འདྲེས་པ།། གཟི་བརྗིད་དང་ལྡན་གྲགས་དང་ལྡན།། ་དེ་འདྲའི་ཡོན་ཏན་དང་ལྡན་པ།། ཁྱོད་གསུང་ཐོས་ནས་སུ་ཞིག་ནི།། དེ་ལས་བཟློག་པ་གཞན་གྱི་ཚིག། རུལ་པ་ལྟ་བུ་སྣོམ་པར་བགྱིད།། སྡུག་བསྔལ་ཡང་རུང ་བདེ་ཡང་རུང་།། དོན་དང་མི་འགལ་གང་ཡིན་པ།། དེ་ནི་ཡོངས་སུ་སྤང་བྱ་ཞིང་།། བཟློག་པ་བརྟེན་པར་བྱ་བར་གསུངས།། འདོད་དང་མི་འདོད་བསྟེན་པ་ལ།། དེ ་ལྟར་ཕྱེད་པར་གསུངས་ཁྱོད་ཀྱི།། ལམ་ལ་ཐང་ཆད་སྨྲ་བ་རྣམས།། ཇི་ལྟ་བུར་ན་རྗེས་འབྲང་གྱུར།། སྤྱད་པ་རྣམས་ལ་ཁྱོད་ཀྱིས་ནི།། འདིའི་ཚད་དུ་བསྟན་པ་གང་། ་དེ་ཉིད་ཁྱོད་ཀྱི་བཀའ་དང་ནི།། གཞན་གྱི་ཚིག་གིས་མཚམས་རྫོགས་པ།། ཁྱོད་ཀྱི་བཀའ་དང་གཞན་གྱི་ཚིག། ཇི་ལྟར་ཁྱད་པར་ཆེར་ཞུགས་པ།། དུག་དང་བདུད ་རྩི་དེ་ལྟ་མིན།། མུན་དང་སྣང་བའང་མ་ལགས་སོ།། ཁྱོད་ཀྱི་བཀའ་དང་གཞན་གྱི་ཚིག། ཇི་ལྟར་ཁྱད་པར་འབན་ཆད་པ།། མཐོ་རིས་ངན་སོང་དེ་ལྟ་མིན།། ཟིལ་དར ་བཀུས་ཏེ་བོར་བའང་མིན།། དེ་ནི་ཚིག་ཙམ་སྙིང་པོ་སྟེ།། འདི་ནི་ཚིག་དང་ཚིག་དོན་ལྡན།། དེ་ཡིས་ཁྱོད་ཀྱི་བཀའ་དང་ནི།། གཞན་གྱི་ཚིག་གི་ཁྱད་པར་བཤད།། བདེ ་བར་གཤེགས་པ་ཁྱོད་དང་ནི།། སྨྲ་དེ་རྣམས་ཀྱི་ཁྱད་པར་གང་།། དེ་ཉིད་ཁྱོད་ཀྱི་བཀའ་དང་ནི།། གཞན་གྱི་ཚིག་གི་འཐོན་དམན་ལགས།། ཇི་ལྟར་སྲིད་དང་ཐར་པའི ་ཁྱད།། དེ་ནི་སྤྱད་དུ་མེད་པ་ལྟར།། དཔའ་བོ་ཁྱོད་ཀྱི་བཀའ་དང་ནི།། གཞན་ཚིག་ཁྱད་ཀྱང་དེ་དང་འདྲ།། འཇུག་དང་ལྡོག་པ་གང་ལགས་དང་།། ཀུན་ནས་ཉོན ་མོངས་རྣམ་བྱང་གང་།། དེ་ཉིད་དཔའ་བོ་ཁྱོད་བཀའ་དང་།། གཞན་གྱི་ཚིག་གི་ཁྱད་པར་ལགས།། འདི་ནི་གཅིག་ཏུ་དེ་བཞིན་ཉིད།། དེ་ནི་སྐུ་ཆོས་འབའ་ཞིག་ན། ་ཁྱོད་ཀྱི་བཀའ་དང་གཞན་གྱི་ཚིག། དེ་ལས་ཁྱད་ཞུགས་གཞན་ཅི་འཚལ།། འདི་ནི་གཅིག་ཏུ་དགེ་ལ་དེ།། གཅིག་ཏུ་བར་ཆད་བགྱིད་ལགས་ན།། ཁྱོད་ཀྱི་བཀའ ་དང་གཞན་གྱི་ཚིག། དེ་ལས་མི་འདྲའང་ཅི་ཞིག་མཆིས།། དེ་ཡིས་བསྒོས་ཤིང་ཉེས་བསྒོས་པ།། འདི་ཡིས་དག་པར་བགྱིད་འགྱུར་བ།། དེ་ཉིད་མགོན་པོ་ཁྱོད་བཀའ ་དང་།། གཞན་གྱི་ཚིག་གི་ཁྱད་པར་ལགས།། དེ་ཀུན་དམ་པ་མ་ཡིན་བརྟོལ།། འདི་གཅིག་ལེགས་གསུངས་དེའི་སླད།། ཁྱོད་ཀྱི་བཀའ་དང་གཞན་གྱི་ཚིག། བརྩན ་དང་མི་བརྩན་ངེས་པ་ལགས།། །། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། བསྔགས་པར་འོས་པ་བསྔགས་པ་ལས། རྩོད་པ་མི་མངའ་བར་བསྟོད ་པ་ཞེས་བྱ་བ་རྫོགས་སྷོ།། ། #། རྒྱ་གར་སྐད་དུ། བར་ཎར་ཧ་བ་ར་ཎེ་བྷ་ག་བ་ཏེ། བུདྡྷ་སྟོད་ཏྲེ་པྲམྦྷ་ནུབ་ད ་ས་བོ་ན་མ། བོད་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། བསྔགས་པར་འོས་པ་བསྔགས་པ་ལས། ཚངས་པ་དང་འཐུན་པར་གསུང་བར་བསྟོད་པ་ཞེས ་བྱ་བ། འཇུག་པ་དང་ནི་ལྡོག་པ་ལ།། འགྲོ་འདིའི་རང་བཞིན་གང་ལགས་དང་།། ལྷ་དང་བཅས་པའི་འཇིག་རྟེན་ཀུན།། སོ་སོར། ་གང་ལས་མི་འདའ་བ།། ལུགས་འཐུན་ལུགས་དང་མི་འཐུན་པ།། ཚིག་བཅུ་གཉིས་ཀྱི་ཡི་གེ་གཉིས།། དེ་ནི་དམ་ཆོས་ཉི་མ་ཡིན།། ཉི་མ་མཆོད་པའི་ཆོས་སུ་བསྟན།། ། ་དེ་ཉིད་རྫུས་ཏེ་སྐྱེ་བ་ཡི།། སྲིད་ཅིག་ཡན་ལག་མ་ཚང་བས།། ཇི་བཞིན་ཡན་ལག་སོ་སོ་ལ།། བཞི་རུ་བསྒྲེས་པས་གསུམ་མཆོད་ལགས།། དེ་ཉིད་ཡན་ལག་ཚད ་བ་ལས།། ཡི་གེ་བཅུ་གཉིས་ཚིག་དག་གིས།། བདེན་པའི་ལུགས་སུ་སྔ་མ་བཞིན།། བསྒྲེས་ན་རབ་འགྲོ་བ་ལགས།། ཚངས་པ་འདི་ནི་ཁྱོད་བསྟན་ལ།། གང་དག ་ཇི་བཞིན་བརྟེན་བགྱིད་པ།། བྲམ་ཟེ་དེ་དག་ཚངས་གྱུར་པའི།། གསང་གསུམ་འཐུང་བའི་ཚངས་པ་ལགས།། ཚངས་པ་ཚུལ་དང་ཚངས་པ་དང་།། ཚངས་ཚུལ་འབྲས ་བུ་ཚངས་པའི་དོན།། ཚངས་མཆོག་ཁྱོད་ཀྱི་བསྟན་པ་ལས།། གཞན་ལ་མཆིས་པ་མ་ལགས་སོ།། ཚངས་པའི་ཚུལ་ནི་མ་མཆིས་པར།། འགའ་ཡང་བྲམ་ཟེར་གྱུར ་མ་ལགས།། དྲང་པོ་ཡི་ནི་ལམ་འདི་ཡང་།། གཞན་ནི་འགའ་ལའང་མ་མཆིས་སོ།། རིག་དང་ཞབས་སུ་ལྡན་པ་ནི།། ཚངས་པ་ལགས་པར་བྲམ་ཟེའི་བཤད།། རིག ་པ་དེ་དང་གབས་དེ་ཡང་།། ཁྱོད་ཀྱི་བརྟན་ལས་གཞན་ལ་མིན།། སློབ་དང་མི་སློབ་རིག་པ་དེ།། ཞབས་ནི་དེ་ཐོབ་བགྱིད་པ་ལགས།། གཞན་ལ་ཆོས་ཀྱི་ལས་དེ་ནི།། ། ་མིང་ཡང་མཆིས་པ་མ་ལགས་སོ།། གང་ཞིག་གོམ་པར་བགྱིས་པ་ཡིས།། རིགས་ཀུན་བྲམ་ཟེར་འགྱུར་བགྱིད་པ།། བདུད་རྩི་སྒོ་ནི་རིང་ཞིག་ནས།། བཅད་པ ་ཁྱོད་ཀྱིས་དབྱེ་བར་མཛད།། ལྟ་བ་ངན་དང་ཡིད་གཉིས་ཀྱིས།། ཟིན་པ་བྲམ་ཟེར་ཅི་ཞིག་འགྱུར།། ཁྱོད་ཀྱི་གཞུང་ལུགས་མ་གཏོགས་པར།། གཞན ་གྱིས་མདུད་པ་འདི་མི་ཆོད།། བྲམ་ཟེ་ཚངས་པའི་བུ་ཡིན་ཏེ།། སྙིང་དང་ཁ་ལས་སྐྱེས་ཤེས་པ།། འཇིག་རྟེན་གྱི་ནི་གྲགས་པ་དེ།། ཁྱོད་ལ་འབྲས་བུ་བཅས ་པར་གྱུར།། ཚངས་ཁྱོད་ཚངས་ལམ་ཁྱོད་ལ་མངའ།། ཁྱོད་ནི་བྲམ་ཟེའི་ཁྱུ་མཆོག་སྟེ།། ཉེ་བར་འདྲེན་དང་སྟོན་པའང་ཁྱོད།། ཁྱོད་ནི་དུས་མཆོད་མདུན་ན་འདོན།། ་ཁྱོད་ཀྱིས་ལེགས་པར་བསྟན་པ་ཡི།། བྲམ་ཟེ་མི་གཙང་འགྱུར་མ་ལགས།། ཉེ་བར་དྲངས་པའི་བྲམ་ཟེ་ཡང་།། ཚངས་པའི་ཚུལ་ལས་ལྷུང་མི་འགྱུར།། ཁྱོད ་བསྟན་ལས་གཞན་འགའ་ལ་ཡང་།། བྲམ་ཟེར་འགྱུར་བའི་ཆོས་མ་མཆིས།། ཚངས་པ་ཡི་ནི་མཆོད་པ་དང་།། ཚངས་འང་ལམ་ཡང་མཆིས་མ་ལགས།། ཚང ་པའི་བདེན་པ་གསུམ་དང་ནི།། ཚངས་པའི་མཚན་ཉིད་རྣམ་གསུམ་དང་།། ཚངས་པའི་མཆོག་རབ་གསུམ་དང་ནི།། ཚངས་པའི་རིགས་ཀྱང་མཆིས་མ་ལགས། ་འཇིག་རྟེན་ལེགས་བཤད་ཇི་སྙེད་པ།། ཐམས་ཅད་ཁྱོད་ཀྱིས་བསྟན་ལས་འབྱུང་།། སྐྱོན་མེད་མངོན་པར་བརྗོད་པ་འདི།། བདེ་གཤེགས་ཁོ་ནའི་མ་འདྲེས་པ། ་ཁྱོད་ལས་གཞན་པ་གང་དག་གཅིག། ངག་ལས་སྐྱོན་མེད་གདའ་བ་དེ།། ཐམས་ཅད་ཆོས་ཀུན་མཁྱེན་ཁྱོད ་ཀྱིཿལེགས་པར་གསུངས་པའི་བྲམ་ཟེ་ལགས།། སྲིན་བུས་ཟས་པའི་ཡི་གེ་ལྟར།། འདི་ལས་གཞན་པའི་ལེགས་བཤད་གང་།། དེ་ན་ལྕགས ་ལ་གསེར་བཞིན་དུ།། དེ་ལ་འཚལ་བ་མ་ལགས་སོ།། ཨེ་ར་ན་དའི་ཤིང་ཁྲོད་དུ།། ཙན་དན་ས་མཆོག་གཞག་པ་ལྟར།། ལྷ་འོག་འགལ་བ་དེ་ལ་དེ། ་མཆིས་པར་སུ་ཞིག་ཡིད་ཆེས་འགྱུར།། གང་ཞིག་ནིམ་པའི་ཤིང་ལ་ནི།། ཨ་མྲའི་འབྲས་བུ་སྨིན་བཏགས་པ།། དེ་ལས་སྐྱེས་ཤེས་ཡིད་ཆེས་ཏེ།། གཞན ་ལ་ལེགས་བཤད་ཡོད་སེམས་གྲང་།། མ་ལ་ཡ་ལས་ཙན་དན་བཞིན།། ཁྱོད་ལས་གཞན་ལ་ལྷར་བཅས་པའི།། འཇིག་རྟེན་འདི་ན་ལེགས་བཤད་པའི། ་རིན་ཆེ་འབྱུང་བ་མ་མཆིས་སོ།། །། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། བསྔགས་པར་འོས་པ་བསྔགས་པ་ལས། ཚངས་པ་དང ་འཐུན་པར་གསུང་བར་བསྟོད་པ་ཞེས་བྱ་བ་རྫོགས་སྷོ།། ། རྒྱ་གར་སྐད་དུ། བར་ན་ར་ཧ་པ་ར་ཎེ ་བྷ་ག་བ་ཏོ་བུདྡྷ་སྟོད་ཏྲེ་ཨུ་པ་ཀླར་སྟ་བོ་ནཱ་མ། བོད་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། བསྔགས་པར་འོས་པ་བསྔགས་པ ་ལས། ཕན་པར་མཛད་པར་བསྟོད་པ་ཞེས་བྱ་བ།། བརྒྱ་ལ་རེས་འགའ་གང་ཞིག་གིས།། མི་གསུང་ཐུགས་ལས་ཆུང་བགྱིས་པ།། རང་འབྱུང་བས་རུ ་ལྟ་བུ་རྣམས།། རྣམ་པར་བགྱིང་ཞིང་བཞུད་འགྱུར་བ།། ཉམས་པར་འགྱུར་བའི་ལམ་མངས་པས།། རྟོགས་པར་ཡང་ནི་རབ་དཀའ་བ།། མྱ་ངན་འདས་པའི་ལཾ ་དེ་ནི། ཁྱོད་ཀྱིས་ལམ་ཆེན་གསྲོལ་དུ་གཏོད།། དེ་ནི་གླང་པོ་ཆེ་རྣམས་ལྟར།། དགའ་མགུར་གཞོན་ནུ་དག་དང་ནི།། སྟོབས་དང་བློ་ནི་སོར་གཉིས་པ།། བུད་མེད ་ཀྱིས་ཀྱང་གོམས་པར་བགྱིས།། དེ་ནི་བཟི་མིན་ལེན་པའི་མཆོག། ཁྱོད་ཀྱི་བསྟན་པའི་ཆོ་འཕྲུལ་ཏེ།། སངས་རྒྱས་ཀྱི་ནི་མ་འདྲེས་པ།། མཐུ་དཔག་མེད་པའི ་གཟི་བྱིན་ལགས།། ཀུན་ནས་ཉོན་མོངས་སྤྲུལ་དག་གིས།། རྣམ་པ་དུ་མར་ཟིན་རྣམས་ལ།། ཁྱོད་ནི་སྤྱིའི་གཉེན་པོ་ཡི།། སྐྱོན་མེད་འབྱུང་གནས་མ་འདྲེས་པ།། ་འདོད་ཆགས་ལ་སོགས་འཕགས་རྣམས་ལ།། སྐྱོན་ནི་སྐྱོན་མེད་མཛད་ཁྱོད་ཀྱིས།། མི་སྡུག་བསྒོམ་པ་ལ་སོགས་པའི།། ཆོས་ཀྱང་རབ་ཏུ་བསྟན་པ་མཛད།། ཁྱོད ་ཀྱིས་ལམ་གྱི་ཚོགས་ཀྱི་ཆོས།། དགེ་བ་ཟག་བཅས་བསན་མཛད་པས།། དངོས་པོ་རྣམས་ཀྱི་ནང་གི་ནི།། ཕན་ཚུན་ཁྱད་པར་དག་ཀྱང་བསྟན།། དེ་ཡང་ཉེ་བའི ་ཉོན་མོངས་དང་།། འབགས་ཕྱིར་སྤྱིའི་རྣམ་པས་བཅོམ།། དུར་ཁྲོད་མགལ་བའི་ཡོག་པ་ལྟར།། དེ་དག་ཡེ་ཤེས་མེ་ལ་བསྲེགས།། བྱང་ཆུབ་པ་ཡི་མངོན་རོལ་དུ།། ་འཇུག་པའི་བདེ་བའི་རྒྱུ་ཆོས་བསྟན།། དེ་ནས་བྱང་ཆུབ་བརྙེས་ནས་ནི།། ཕྱིར་མི་ལྡོག་པའི་ཆོས་ཀྱང་བསྟན།། སངས་རྒྱས ་ནས་ཀྱང་དགེ་བའི་ཆོས།། ཟག་བཅས་དེ་དག་མ་བཤད་མིན།། ཕལ་ཆེར་མྱ་ངན་འདས་པ་ཡི།། རྒྱུ་འཐུན་ཉིད་དུ་ཡོངས་སུ་བསྔོས།། ཁྱོད་ཀྱིས་གང་ལས ་འགྲོ་བ་དག། མ་གྲངས་རྒུད་པ་དེ་དག་མཆིས།། གང་དང་འཇིག་རྟེན་མ་སྤྲད་པའི།། ཕུན་ཚོགས་དེ་ཡང་གང་ཞིག་མཆིས།། ཁྱོད་ཀྱིས་ཡིད་གཉིས་མདུད ་པ་བཅད།། ལྟ་བ་ངན་པའི་ཚེར་མ་བཀྲུགས།། སྲེད་པའི་དུག་གི་ལུག་མ་བསྲེགས།། ཁྲོ་བའི་དུག་ཀྱང་ཐམས་ཅད་བཅོམ།། མ་རིག་པ་ཡི་ལིང་ཏོག་བསལ།། ་ང་རྒྱལ་གྱི་ནི་རྒྱལ་མཚན་བསྒྱེལ།། སེམས་ཅན་ཐ་བ་རྣམས་ཀྱང་བཅོམ།། རྣམ་པར་འཆིང་བ་རྣམ་པར་བཏུབས།། མདུད་པ་ཐམས་ཅད་རྣམ་པར་བཀྲོལ།། ཆུ་བོ ་ལ་ནི་གཟིངས་ཀྱང་བཅས།། ཁྱོད་ཀྱང་ཆུ་བོ་རྣམས་ཀྱི་གཞི།། མཚོ་ཆེན་གང་ལགས་དེ་ཡང་སྐམས།། སྐྱོན་དང་སྙིངས་མ་ཡོན་པོ་དག། སེམས་ལ་མི་མངོན ་འཁྲས་བགྱིད་པ།། ཀུན་ནས་ཉོན་མོངས་དུག་ཤིང་གི། རྩ་བ་ཁྱོད་ཀྱིས་དྲུངས་ནས་ཕྱུང་།། ཕྱིན་ཅི་ལོག་གིས་འཚལ་བ་ཡི།། ངན་པའི་ལམ་ནི་ཐམས་ཅད ་བཅད།། འཆི་མེད་བགྲོད་པ་ཅིག་པ་ཡི།། དཔལ་ལྡན་ལམ་ནི་དྲང་པོ་ཕྱེ།། གཞན་དག་གདུལ་བགྱི་བ་ཡི།། སྐྱོན་བརྒྱད་ལས་ནི་ངེས་དྲངས་ནས།། འདོད་པའི ་ཡན་ལག་བརྒྱད་ལྡན་པ། ཅང་ཤེས་བཟང་པོའི་གནས་སུ་བཀོད།། ཀུན་ནས་ཉོན་མོངས་སྲིན་འཁྲུགས་པའི།། མི་གཙང་རྒྱན་ནས་དྲངས་ནས་ཀྱང་། ཉོན ་མོངས་མིན་པའི་ཡན་ལག་ཅན།། དྲི་མེད་ཆུལ་འཕྱོ་རུ་སྩལ།། འཆལ་པའི་ཚུལ་ཁྲིམས་སྐྱོན་བསལ་ནས།། ཚུལ་ཁྲིམས་ཀྱི་ནི་བྱུག་པས་བྱུགས།། ངོ ་ཚ་ཤེས་དང་ཁྲེལ་ཡོད་པའི།། དྲི་མེད་གོས་ཀྱིས་དགབ་པ་མཛད།། དམ་པ་ཆོས་རྒྱན་དཀར་པོ་ནི།། སྦ་བ་དག་གིས་རྒྱན་མཛད་ནས།། དེ་དག་བསམ ་གཏན་སེང་གེའི་ཁྲི།། ཆེན་པོའི་རྐྱེན་དུ་འབབ་ལ་གཞག། བྱང་ཆུབ་ཡན་ལག་མེ་ཏོག་ནི།། ཟག་མེད་དྲི་ཞིམ་རྣམས་ཀྱིས་གཏོར།། ཆོས་ཀྱི་དགའ་བ ་འཕགས་པའི་རོས།། ཟང་ཟིང་མེད་པའི་ཚིམ་པར་མཛད།། སྲེད་པའི་ཟན་ནི་འཚེ་མང་བ།། ཐོག་མ་མེད་པ་ལས་བསྟོན་ནས།། ཉིད་ཀྱི་སྲས་པོ་གཏན་དུ་ནི།། ་ཉམས་པ་མེད་པ་ཁོ་ནར་མཛད།། གཞན་དག་མ་འོངས་དུས་ན་ནི།། རང་རྒྱལ་བ་ཡི་སྣོད་དུ་མཛད།། གཞན་དག་ཐེག་པ་ཆེན་པོ་ཡི།། རྒྱལ་ཚབ་མཆོག་ཏུ ་དབང་ཡང་བསྐུར།། ཆོས་ཀུན་གྱི་ནི་ཚིག་མཁྱེན་ཅིང་།། དོན་རྣམས་ཀུན་གྱི་གཞི་ལ་མཁས།། སྐད་ཀྱི་དབྱེ་བ་ཀུན་མཁྱེན་ཅིང་།། ཕྱོགས་རྣམས་ཀུན་ཏུ་སྤོབས ་དང་ལྡན།། ང་ནི་མགོན་མེད་ཁྱེད་རྣམས་ཀྱི།། གྲོགས་སུ་གྱུར་པ་ཞེས་སྒྲོགས་ཤིང་།། ཐུགས་རྗེ་ཆེན་པོས་འགྲོ་བ་ནི།། མཐའ་དག་འཁྲུང་པ་བཞིན་དུ་བཞུགས།། ་སྟོན་པ་ཐུགས་རྗེ་རྗེ་མངའ་ག། རྩེ་བར་ལྡན་ཞིང་ཐུགས་རྩེར་མཛད།། དད་བརྩོན་ལེ་ལོ་མི་མངའ་བ།། ཁྱོད་དང་འདྲ་བ ་གཞན་སུ་མཆིས།། ཁྱོད་ནི་སེམས་ཅན་ཀུན་གྱི་མགོན།། སྤྱིའི་རྩ་ལག་བཟང་པོ་ལགས།། མགོན་དུ་ཁྱོད་བཞུགས་མ་འཚལ་བས།། དེ་སླད་སྐྱེ་བ་བྱིང་བར་གྱུར།། ་གང་ཞིག་ཡང་དག་བླངས་ནས་ནི།། ཐ་ཤལ་བས་ཀྱང་གྲོགས་ནུས་པ།། གྲོགས་བྱེད་པའི་ཆོས་དག་ནི།། ཁྱོད་ལས་གཞན་པ་འགས་མི་རྟོགས།། ཕྱིའི ་ཡན་ལག་སྟོབས་ཀུན་ནི།། ཁྱོད་ཀྱིས་ཡང་དག་བསྒྲུབས་ལགས་ཏེ།། ནང་གི་སྟོབས་དག་མ་ཚངས་པས།། བྱིས་པ་རྣམས་ནི་སྡུག་བསྔལ་བསྟེན།། འཇིག ་རྟེན་སྤྱོད་པ་མེད་དང་སྦྱར།། ཆོས་ཉིད་ཟབ་པ་དང་ཡང་སྦྱར།། དམན་ལ་མོས་པ་ཉིད་དང་སྦྱར།། ལམ་ནི་ངན་པ་མང་དང་སྦྱར།། ཐོག་མེད་དུས་ནས་གོམས ་པ་ཡི།། བྲེལ་བ་ངང་གིས་བྱུང་དང་སྦྱར།། བསྒོམ་པ་འབད་པ་ཆེན་པོས་ཀྱང་།། ཐོབ་པར་དཀའ་བ་དང་སྦྱར་ན།། འཇིག་རྟེན་དུ་ནི་ཁྱོད་ལྟ་བུ།། ཆོས་དཀར ་ཡང་དག་བླང་བ་ཡི།། དངོས་པོ་གསལ་བར་སྟོན་པའི་རྩ།། བཟང་པོ་གལ་ཏེ་མ་བྱུང་ན།། འགྲོ་ཀུན་མུན་པར་གྱུར་ལགས་ཏེ།། མི་འདོད་ཚོར་བ ་འབྱུང་བ་ཡིས།། ཉམས་ཐག་འོ་དོད་ཆེར་འབོད་པའི།། ངན་སོང་རང་བཞིན་ཁོ་ནར་འགྱུར།། ཁྱོད་ལ་གང་གིས་འགྲོ་རྣམ་གསུམ།། དེ་ནི་གཞན་གྱིས ་སྒྲུབ་པ་བས།། ཁྱོད་ནི་དགྲ་བ་ཤེས་པར་མ་ལ།། བཤེས་མཆོག་བཞིན་དུ་བརྩེ་བར་མཛད།། ། སངས་རྒྱས་བཅོམ་ལྡན་འདས་ལ ་བེ་སྟོད་པ། བསྔགས་པར་འོས་པ་བསྔགས་པ་ལས། ཕན་པར་མཛད་པར་བསྟོད་པ་ཞེས་བྱ་བ་རྫོགས་སྒོ།། ་། རྒྱ་གར་སྐད་དུ། བ་རཱ་ཎ་ར་ཧ་བ་ར་ཎེ་བྷ་ག་བ་ཏོ་བུདྡྷ་སྟོད་ཏྲེ་ཨ་པྲ་ཏི་ཀཨཱརྱ་སྟ་བོ་ནཱ་མ། བོད་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད ་པཿབསྔགས་པར་འོས་པ་བསྔགས་པ་ལས། ལན་མི་ལོན་པར་བསྟོད་པ་ཞེས་བྱ་བ།། བགོ་བཤད་མཛད་པའི་ཆོས་ཉིད་ནི།། ཁྱོད་ཅིག་བུ་ལ་རྫོགས ་མངའ་ཡི།། གཞན་ལ་ཕན་གདགས་བགྱི་བ་ལ།། སྐྱེ་བོ་གཞན་ནི་འཚེགས་ཤིང་མཆིས།། ཁྱོད་ཀྱི་སློབ་མ་བསྡུ་བ་ཡི།། དངོས་ལ་མཁས་པར་གདའ ་བ་གང་།། དེ་ཡང་རྫོགས་པར་མི་མཁས་པས།། ཁྱོད་ཀྱི་ཆ་ཤས་རྗེས་སུ་འབྲང་།། བཅོམ་ལྡན་ཁྱོད་ཀྱི་ཟང་ཟིང་གི། བགོ་བཤའ་སྲོག་གི་བར་ལགས ་ཏེ།། དམ་པའི་ཆོས་ཀྱི་བགོ་བཤའ་ནི།། སློབ་དཔོན་དཔེ་མཁྱུད་བྲལ་བ་ལགས།། ཁྱོད་ནི་བཤའ་བགྱི་བའི་ལས།། བླ་ན་མེད་པའི་མཛད་པ་པོ།། ཕུན ་སུམ་ཐམས་ཅད་རྫོགས་མངའ་བས།། ཁྱོད་ནི་བཏང་བས་བགྱི་མ་ལགས།། འགྲོ་བ་ཕལ་ཆེར་མི་བཟད་པ།། གཞན་ལ་གནོད་པར་བགྱི་བར་དགའ། ཁྱོད ་ནི་འཇིག་རྟེན་རང་བཞིན་ཏེ།། རྒྱུ་ལས་བཟློག་པའི་ཕྱོགས་སུ་འཇུག། བྱས་པ་བཟོ་གང་དེ་དག་ཉུང་།། ཕན་འདོགས ་བགྱིད་པ་འགའ་ཙམ་སྟེ།། དེ་ཡང་ཕན་ཆེར་རེ་བ་ཅན།། ཁྱོད་ཅིག་དག་པའི་ཆོས་ཅན་ལགས།། ཕན་བཏགས་པ་ཡིས་ཁྱོད་མི་འཇུག། གནོད་པ་བགྱིས ་པས་ལོག་མ་ལགས།། སྐལ་བ་མཆིས་ཤེས་ཐམས་ཅད་ལ།། ཁྱོད་ནི་མཉམ་པ་ཉིད་དུ་འཇུག། མཚན་མོ་མེ་ཏོག་ཀུ་མུ་ཏ།། ཁ་འབྱེ་འགྱུར་ཞིང་པདྨ་ཟུམས། ་ཉིན་པར་པདྨ་ཁ་འབྱེ་ཞིང་།། ཅིག་ཤོས་ཟུམས་པར་འགྱུར་མོད་ཀྱི།། འོན་ཀྱང་ཉི་མ་ཟླ་བ་ཡི།། འོད་ལ་ཕྱོགས་སུ་ལྷུང་མ་མཆིས།། དེ་ཉིད་ཁྱོད་ཀྱིས་བྱིས་པ ་དང་།། མཁས་པ་དག་ལ་བསྟན་པའི་དཔེ།། གང་ཚེ་མགོན་ཁྱོད་མཛད་པ་ནི།། ཐམས་ཅད་གཞན་དོན་ཁོ་ན་པས།། དཔག་མེད་ཕན་པ་མཛད་པ་པོ།། ཁྱོད ་ལ་ལན་ཅིག་ལོན་པར་འགྱུར།། སེམས་ཅན་དར་བར་མི་འགྱུར་བའི།། སྒྲུབ་པ་ཁྱོད་ལ་འགའ་མི་མངའ།། ཁྱོད་ཀྱི་དབུགས་ཕྱུང་ཙམ་ཡང་ནི།། འགྲོ་ལ་ཕན ་དང་བདེ་བ་བསྐྱེད།། སངས་རྒྱས་དབུགས་ནི་ཕྱུང་བའི་ངར།། དྲི་ཀུན་ཟིལ་གྱིས་གནོན་མཛད་པ།། ཚོར་ན་ཞེ་འགྲས་གྱུར་པ་ཡང་།། ཁྱོད་ལ་དང་བསྐྱེད་པར ་བགྱི།། སངས་རྒྱས་དབུགས་ཀྱི་ངད་བབ་ནི།། བག་མེད་པ་ཡི་ལྷ་རྣམས་ཀྱང་།། ལྷའི་ཡུལ་ཡང་སྤངས་ནས་ནི།། འདུལ་བ་དག་ལ་མངོན་ཕྱོགས་འགྱུར།། ་ཁྱོད་ལས་དམ་པའི་ཆོས་མཉན་པས།། ཐམས་ཅད་ཚིམ་པར་འགྱུར་མ་འཚལ།། དེ་སླད་དམ་པའི་དོན་དུ་ན།། ཁྱོད་ཉིད་ངོམས་གྱུར་ཚིམ་མཛད་ལགས ་སྐྱེ་དགུ་རྣམས་ལ་ཆར་བཞིན་དུ།། ཁྱོད་ནི་མཁས་པ་ཀུན་གྱི་གསོལ།། འདི་ལྟར་ཁྱོད་ཀྱི་གསོས་འགྱུར་གང་།། དེ་དང་དེ་ནི་མཆིས་མ་ལགས།། དགོངས ་པར་འཚལ་བ་རྣམས་ལ་ཡང་།། ཁྱོད་ཀྱི་ཕན་དགོངས་ཅི་འདྲ་བ།། དེ་བློ་མ་སྦྱངས་བྱིས་པ་ཡིས།། ཡིད་ཆེས་བགྱི་བར་ནུས་མ་ལགས།། ཁྱོད་ནི་ལྡང ་བ་རྣམས་ལ་ཡང་།། ལེགས་པ་ཅི་འདྲ་བསྒྲུབ་མཛད་པ།། ས་དེ་ཡིད་ལ་སྨོན་པའི་ཡང་།། ཡུལ་ལས་འདས་པར་གྱུར་པ་ལེགས།། ལ་ལས་ཕན་འདོགས ་མཛད་པ་ཡི།། རོ་མཆོག་རྟོགས་པ་དེ་དག་ཀྱང་།། ཁྱོད་ཀྱི་ཆོས་ཀྱི་བགོ་སྐལ་ལ།། སྤྱོད་པར་འགྱུར་བའི་གཉེན་ལགས་སོ།། གལ་ཏེ་སེམས་ཅན་འདི་དག་གིས།། ་ཁྱོད་མངའ་ཐུགས་རྗེའི་དགོངས་པ་འཚལ།། ཁྱོད་ཀྱི་བསྟན་པས་འཚོ་བཞིན་དུ།། ཀུན་ཏུ་འབར་བའི་མེར་ཡང་འཇུག། གང་སླད་བདུད་ཀྱི་དགྲས་ཐེབས་པས།། ་རྟོགས་པར་མི་འགྱུར་དེ་སླད་དུ།། ཁྱོད་ཀྱི་བསྟན་ལས་འགལ་བགྱིད་པའི།། བྱིས་པ་རྣམས་ནི་བདག་ཉིད་འགུམས།། ཁྱོད་ཀྱི་བསྟན་ལས་གཞན་ཕྱོགས་པ། ་གཡངས་ཆེན་པོའི་མུན་པ་དང་།། ཡོངས་སུ་གདུང་བ་མྱོང་བ་རྣམས།། ཀྱེ་མ་ཡུན་རིང་འཁྱམ་པར་འགྱུར།། ཁྱོད་ཀྱི་ཆོས་ལ་མི་ཕྱོགས་པའི།། སྐྱེ་བོ་གཏི་མུག ་གིས་ལྡོངས་པ།། སྲིད་རྩེའི་བར་དུ་སོན་ནས་ཀྱང་།། སྡུག་བསྔལ་རབ་འབྱུང་སྲིད་པ་སྒྲུབ།། ཁྱོད་ཀྱི་བསྟན་པའི་རྗེས ་འགྲོ་བ། བསམ་གཏན་དངོས་གཞི་མ་ཐོབ་ཀྱང་།། བདུད་ཀྱི་མིག་རས་བཅོ་བཞིན་དུ།། སྲིད་པ་དག་ནི་ཟློག་པར་བགྱིད།། ཁྱོད་ཀྱི་དང་པོར་ལྷའི་བུའི།། བདུད ་ཀྱི་མེ་ཏོག་རྒྱལ་མཚན་རྣལ།། དེ་ནས་ཉོན་མོངས་བདུད་ཀྱི་ནི།། ང་རྒྱལ་རྒྱལ་མཚན་འཐོན་པོ་བརྟག། ཁྱོད་ཀྱིས་བྱང་ཆུབ་མ་རྙེས་པར།། འདོད་ཁམས་དབང ་ཕྱུག་ལས་རྒྱལ་ཏེ།། བྱང་ཆུབ་བར་ཆད་མེད་ལམ་ལ།། ཁམས་གསུམ་དབང་ཕྱུག་ལས་རྒྱལ་ལོ།། དབང་ཕྱུག་ཁྱོད་ཉིད་འཇིག་རྟེན་འདིར།། དཔའ་བ་རྣམས ་ཀྱི་དཔའ་བར་སྟེ།། ཉོན་མོངས་དབང་འགྱུར་སྐྱེ་བོ་ལ།། དཔའ་བའི་རབ་ཏུ་གང་ཞིག་རྩི།། ཁྱོད་ཀྱིས་རང་གཞན་གཉི་ག་ཡི།། རྒྱུད་ལས་ཉོན་མོངས་བདེ་བཅོམ་པ།། ་ཁྱོད་ལས་དཔའ་མཆོག་གཞན་དང་ནི།། མི་བཟད་གཡུལ་རྒྱལ་གཞན་མ་མཆིས།། །། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། བསྔགས་པར་འོས ་པ་བསྔགས་པ་ལས། ལན་མི་ལྡོན་པར་བསྟོད་པ་ཞེས་བྱ་བ་རྫོགས་སྷོ།། ། @#། རྒྱ་གར་སྐད་དུ། བ་ར་ཎ་ར་ཧ་བ་ར་ཎེ་བྷ་ག ་བ་ཏོ་བུདྡྷ་སྟོད་ཏྲེ་རུ་བཻ་ཀ་དེ་ཤ་སྟ་བོ་ནཱ་མ། བོད་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། བསྔགས་པར་འོས་པ་བསྔགས་པ་ལས། སྐུའི་ཕྱོག ་ཅིག་བསྟོད་པ་ཞེས་བྱ་བ།། སྤྱན་གྱི་ཡོན་ཏན་མཐོན་མཐིང་དང་།། དཀར་གནག་གསུམ་པོ་གང་ལགས་པ།། དེ་ལ་གཙོར་བཅས་འཇིག་རྟེན་གྱི།། ཡོན་ཏན ་རྣམས་ཀྱིས་ཁྱད་མི་འཁོར།། སྒྲོས་གོང་དཔལ་གྱིས་བླ་ན་མེད།། འོག་མ་དཔལ་མངའ་གཉི་ག་ཡང་།། འབྱུང་དང་འབྱུང་བ་ལས་གྱུར་པའི།། ཕུན་སུམ་ཚོགས ་པ་བླ་ན་མེད།། དེ་དག་འགའ་ཞིག་མ་མཆིས་ན།། ཟླ་འཐུན་འགའ་ཡང་མ་མཆིས་པས།། གོང་མ་གང་གིས་ལྷག་གནས་འགྱུར།། འོག་མའང་གང་ག་གཞི ་པོར་འགྱུར།། ཁྱོད་ཀྱི་སྒྲོས་ནི་དཔལ་གྱི་གནས།། ཕན་ཚུན་འཚལ་བར་གྱུར་པ་འདི།། ཨེ་མའོ་ལེགས་པར་ཟུང་དུ་འབྲེལ།། ཨེ་མའོ་འཕྲོག་པ་བླ་ན་མེད།། སྟོན ་པའི་དུས་ན་གཡོ་འགྱུར་ཞིང་།། གསལ་བ་ཉིད་ལ་གཡོ་མི་མངའ།། ཚེམས་ཀྱི་ཟླ་བ་ཤར་བའི་དཔལ།། ནང་ནས་བག་ཙམ་དགའ་འགྱུར་བ།། ཉིད་ཀྱི་གནས ་ནས་འབྱུང་བའི་སྒྲ།། མེ་ཏོག་བཞིན་དུ་འགྲེམས་མཛད་ཅིང་།། གཞན་གྱིས་ཉེ་བར་བསྐྱེད་རྣམས་ཀྱི།། འགྲོ་བའི་ལམ་ལ་ཕན་འདོགས་པ།། ཟངས་བཞུད ་འོད་འདྲ་འདི་དག་གི། དཔལ་འབར་འདིའི་ཐད་ན་ནི།། བིམ་པའི་འབྲས་བུ་མཚམས་སྤྲིན་དང་།། ཨུད་དཔལ་དམར་མཛེས་རོ་དང་འདྲ།། ཁྱོད་ཀྱི་སྒྲོས་ནི་མཛེས ་བསྐྱོད་པ།། གང་གིས་མཐོང་བ་དེ་དག་གིས།། ལེགས་པར་མིག་རྙེད་དེ་དག་གི། མཐོང་བའང་འབྲས་བུ་མཆིས་པ་ལགས།། མགོན་པོ་མུ་ཏིག་འཕྲེང་བས་མིན། ་ཀུན་ད་ཀུ་མུ་ད་འཕྲེང་མིན།། གངས་ཅན་རྩེ་མོ་སྦྲེངས་པའི་ལུས།། ཟླ་བའི་དད་ཀྱིས་བབ་པ་མིན།། སྟོན་ཀའི་ཆུ་བོ་སུན་འབྱིན ་པ། མཁའ་འགྲོ་དཀར་པོས་ཕྲེང་བས་མིན།། སྤྲིན་མེད་མཁའ་ལ་ལྷག་གེ་བ།། སྟོན་ཀའི་ཟླ་བ་ཚེས་པས་མིན།། དུལ་བ་ཁྱོད་ཀྱི་ཚེམས་རྣམས་ཀྱི།། ཕྲེང་བ་འོད ་གསལ་དཀར་འདི་ལ།། མར་མེའི་འོད་ཀྱིས་ཉི་འོད་བཞིན།། ཆ་ཤས་སུ་ཡང་ཕོད་མ་ལགས།། རྡོ་རྗེ་མྱུ་གུའི་ཕྲེང་བ་ལ།། འཕགས་པར་ཆོས་ཀྱི་བདུད་རྩིའི་རོས།། ་བརླན་པས་བསྒོས་པ་འདི་དང་ནི།། འདྲ་བར་འགྱུར་བའི་དངོས་ཅི་མཆིས།། ཀུ་མུ་ད་ཟླ་ཀུན་དུ་སོགས།། དཀར་པོའི་དཔེར་བརྗོད་བཞི་པོ་དག། ཁྱོད་ཀྱི་ཚེམས ་ཕྲེང་བྱུང་གྱུར་ནས།། ཐབས་ནི་ཤོར་པ་ལྟ་བུར་གདའ།། འཇིག་རྟེན་དུ་ནི་འདི་བྱུང་བས།། དཀར་པོ་དང་ནི་མཛེས་པ་ཡི།། རྫས་རྣམས་ཐམས་ཅད་མ་ལུས ་པཱཿདྲི་མ་ཅན་དང་འདྲ་བར་གྱུར།། ཁྱོད་ཀྱི་ལྗགས་དང་སྤྲོས་པར་ན།། འདི་དག་ཐགས་བཟང་གནས་པ་ནི།། རྟོགས་དང་ཞི་བའི་བར་དག་ན།། རྣམ་པར་གྲོལ ་བ་བཞིན་དུ་མཛེས།། ཁྱོད་ཀྱི་དཔལ་གྱིས་འགྲོ་བ་འདི།། ཚེམས་ཀྱི་ཕྲེང་བས་ཟིལ་མནན་པར།། གཟིགས་ནས་རྒྱལ་བར་གྱུར་ཏོ་ཞེས།། རུ་མཐོན་ལྟ་བུར་མཚ ་བ་བསྒྲེང་།། ཁྱོད་ཀྱི་མཆེ་བ་མཉམ་ལ་ཟླུམ།། མཛེས་ཤིང་རྩེ་མོ་རྣོ་དཀར་བ།། དཔེ་ཀུན་ཐིབས་ཀྱིས་མནན་ནས་ནི།། འབར་བ་བཞིན་དུ་གནས་པ་ལགས།། ཟླ་བ ་ཚེས་པ་འཇིག་རྟེན་ན།། ཡོན་པོར་གསལ་གྱུར་གང་ལེགས་ཏེ།། ཁྱོད་ཀྱི་མཆེ་བ་མི་གཡོ་ཞིང་།། མཛེས་པའི་ལུས་ཅན་རྣམས་ཀྱིས་བགྱིས།། ཚེས་པའི་གན ་སྐབས་མཆེ་བ་ཡིས།། ཉ་པ་ཞལ་རས་བཟང་པོ་ཡིས།། ཁམ་པ་འཕྲལ་བས་ཁྱིམས་པ་ནི།། གདོག་གང་འོད་ཀྱིས་ཟིལ་མནན་ཏེ།། ཐུབ་པ་ཟླ་བ་ཁྱོད་ཀྱི་ནི།། ་གཟུགས་ཀྱི་ཡོན་ཏན་ཕུན་ཚོགས་པས།། ཟླ་བའི་ཡོན་ཏན་ཕུན་སུམ་ཀུན།། གནས་སྐབས་ཀུན་ཏུ་ཉམས་པར་བགྱིས།། བདེ་བར་གཤེགས་པ་ཁྱོད་ཀྱི་སྐུ།། ་གསེར་གྱི་པད་མའི་སྙིང་པོ་ལྟར།། བ་སྤུ་གཡས་འཁྱིལ་ཉག་རེ་བ།། འཇམ་ལ་དྲི་མེད་གྱེན་དུ་འཁྲུང་།། སྣུམ་ལ་མ་འཛིངས་མ་འགྲུས་པ།། ཨིནྡ་ནི་ལའི་རྔམ ་ལྟ་བུར།། སྔོན་པོར་རིན་ཆེན་བསྐྱིལ་བ་ནི།། ཕྲ་མོ་ལྟ་བུར་སྤྲས་པར་དགའ།། སྐྱེས་བུ་གླང་ཆེན་ཁྱོད་ཀྱི་ནི།། གླང་པོ་ཆེ་མཚན་མ་འདྲེས་གང་།། ནང་དང་ཕྱིའི་དྲི་མ ་ཡིསདྡྷཤིན་ཏུ་ཉེ་བར་མ་གོས་གང་།། ཁྱོད་ཀྱི་ཡན་ལག་རྒྱན་འདྲ་གང་།། ཡན་ལག་མཛེས་པ་དེ་ལེགས་ཏེ།། ལྷད་མེད་གསེར་ལས་བླུགས་པ་ཡི།། ཁོར་ཡུག ་ལྟ་བུར་གནས་པ་ལགས།། རང་གི་དབྱིབས་ནི་མཛེས་པ་ཡིས།། ཅང་ཤེས་གཙོ་བོ་ཐམས་ཅད་ཀྱི།། སྐྱེས་ཀྱི་མཚན་པའི་མཛེས་པ་དག། ཟིལ་གྱིས་མནན་ཏེ ་གནས་པ་གང་།། མགོན་པོ་ཚངས་སྤྱོད་གནས་སླད་དང་།། དབྱིབས་ཀྱང་ཤིན་ཏུ་མཛེས་སླད་དུ།། ཁྱོད་ཀྱིས་སྔ་བ་ཉིད་ལགས་ཤིང་།། སླ་བར་བགྱི་བ་མིན ་པའང་ལགས།། ཐུགས་རྗེས་ཐེ་ཙོམ་ཅན་ལྔ།། ཁྱོད་ཀྱིས་མཚན་མ་གཞན་ཚུལ་གྱིས།། སྤྲིན་མཐོང་ཟླ་བའི་གཟུགས། ་ལྟ་བུར།། ཤིན་ཏུ་ལན་མང་བསྟན་པ་ཡང་།། ངོ་ཚ་ཤེས་དང་ཁྲེལ་ཡོད་རི།། མི་གཡོ་བསྐྱོད་པ་ལྟར་མཛད་ནས།། ཐུགས་རྗེ་ཆེན་པོས་མིག་གི་ནི།། བློའི ་ཡུལ་དུ་མཛད་པ་གང་།། དལ་གྱིས་འབབ་པའི་པདྨ་ནི།། ཆུང་ཟད་ཁ་བྱེའི་ཟེ་བ་ཚོགས།། མགོན་པོ་ཡན་ལག་མཛེས་ཁྱོད་ཀྱི།། མཛེས་པ་དེ་ལ་དེས་མི ་བསྐྱང་།། དཔལ་ལྡན་ཟླ་བ་ཉ་བ་ལ།། འཁྱིལ་བར་གནས་པ་མཆིས་ན་ཡང་།། འོན་ཀྱང་ཡན་ལགས་མཆོད་ཁྱོད་ཀྱི།། དཔེའི་གཞི་པར་རྫོངས་མི་འགྱུར།། ་བསོད་ནམས་བརྒྱ་ཕྲག་རྒྱ་ཆེན་གྱི།། ལས་ཀྱིས་སྤྲུལ་པ་མཛེས་ལམ་ལ།། དེ་ལམ་གཞན་པའི་སེམས་པ་ཡིས།། འཕགས་པས་ཡོང་ཡང་རྗེས་སློབས་སོ།། ། ་ཉིད་ཀྱི་སྦུབས་དང་ན་བཟའ་དང་།། སྡོམ་པས་ཤིན་ཏུ་བཀབ་ཀྱང་ནི།། མཛད་གཞན་ཕུན་སུམ་ཚོགས་པ་ཡིས།། གསལ་བར་གྱུར་པ་ལྟ་བུ་ལགས།། ཡན ་ལག་དམ་པ་ལྡན་ཁྱོད་ཀྱི།། ཡན་ལག་མཆོག་གྱུར་དེ་ལ་ནི།། མགོས་བཏུད་ཡིད་རབ་དང་བ་དང་།། ངག་གིས་ཀྱང་ནི་མཆོད་པར་བགྱི།། དད་པར་བགྱི ་བ་རྣམས་ཀྱི་མཆོད།། བལྟ་བས་མི་ངོམས་ཁྱོད་ལ་ནི།། གལ་ཏེ་ཁོང་ཁྲོ་བགྱིད་མཆིས་ན།། མུན་ནག་ཐ་ཤལ་ངན་པ་ལགས།། །། སངས་རྒྱས ་བཅོམ་ལྡན་འདས་ལ་བསྟོད་པ། བསྔགས་པར་འོས་པ་བསྔགས་པ་ལས། སྐུའི་ཕྱོགས་ཅིག་བསྟོད་པ་ཞེས་བྱ་བ་རྫོགས་སྷོ།། ་@།། རྒྱ་གར་སྐད་དུ། བ་ར་ཎ་ར་ཧ་བ་ར་ན་བྷ་ག་བ་ཏོ་བུདྡྷ་སྟོད་ཏྲེ་བྲ་བྷཱ་ཏ་སྟ་བོ་ནཱ་མ། བོད་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། བསྔགས ་པར་འོས་པ་བསྔགས་པ་ལས། ལྗགས་ལ་བསྟོད་པ་ཞེས་བྱ་བ།། སེམས་ཅན་རྣམས་ཀྱི་མོས་པ་ནི།། ཁམས་རྣམས་ཇི་བཞིན་གནས་ལགས་པས།། རེ་ཞིག ་བདག་གི་བསམ་པ་ནི།། ཡངས་པའི་ལྗགས་ལ་རྒྱ་ཆེར་དང་།། སུ་ཞིག་མགོ་དང་ཡིད་དང་ནི།། ངག་གིས་ལྗགས་ལ་མཆོད་མི་བགྱིད།། དེ་ནི་གསུང་རབ་འདི་ཀུན་གྱི།། ་ཡུམ་སྟེ་རིན་ཆེན་བཀྲུན་པ་ལགས།། བདག་ལ་གཙོ་བོ་ཁྱོད་ཀྱི་ནི།། མཛད་པ་བླ་མེད་ཐམས་ཅད་ཀྱི།། ནང་ན་ཡངས་པའི་ལྗགས་འདི་ནི།། བླ་ན་མེད་པའི་ཕུལ་དུ ་གདའ།། འགྲོ་ལ་བསྟན་པ་རབ་སྒྲོགས་པ།། ཆོས་ཀྱི་འཕྲིན་ལས་མཛད་སླད་དུ།། རྒྱལ་པོ་བཞིན་དུ་མཚན་ཀུན་གྱི།། ནང་ན་གཙོ་བོ་ལེགས་པར་གནས།། གཞན ་གྱི་ཐེ་ཙོམ་བཅད་སླད་དུ།། གང་ཞིག་ཞལ་ནས་མངོན་ཕྱུང་ན།། སྔོན་གྱི་མཚམས་སྤྲིན་ཚོགས་ལྟ་བུར།། ཞལ་རས་ཟླ་བ་ཁྱེབས་པ་ལགས།། དེ་ལྟར་ཡངས་ཤིང ་མཛེས་པ་དེར།། ཚེམས་ཀྱི་བརྡམས་པའི་ཞལ་ནང་དུ།། དོག་པ་མེད་པར་གནས་པ་ཡང་།། དེ་ལས་ཡ་མཚན་ཅི་ཆེ་མཆིས།། དེ་ནི་ངེས་པར་དཔག་མེད་པའི།། མཐུ ་ཅན་བཟང་པོ་དེ་ཡི་ནི།། ཤིན་ཏུ་འཇམ་པ་ཉིད་དང་ནི།། མཉམ་པ་ཉིད་ཀྱི་མཐུ་ལགས་སོ།། ཁྱོད་ཞལ་འབྲུག་སྒྲ་སྒྲོགས ་པ་ནས།། འཛམ་བུའི་ཆུ་གསེར་བཞུན་མ་ལྟར།། ཟངས་བཞུ་བ་ཡི་འོད་ལྟ་བུ།། གློག་ཕྲེང་འགྱུ་བ་ལྟ་བུར་མཛད།། བསླབ་པ་བཟང་པོ་ཕུན་སུམ་གྱི།། རྒྱལ ་ཐབས་ལྟ་བུ་བརྙེས་ནས་ནི།། ཁྱོད་ཀྱི་ཞལ་ནས་བག་ཡངས་སུ།། གནས་གཞན་དག་ཏུ་རོ་ཅིག་སྤྱོད།། གང་གི་དྲི་ཞིམ་ཚོར་ནས་འདི།། མེ་ཏོག་གསུང་བ་ཞེས ་སྒྲོགས་པ།། གསུང་གི་མེ་ཏོག་སྐྱོན་མེད་པ།། དེ་དག་འདིས་ནི་འགྲེམས་པར་མཛད།། དེ་ཉིད་སླད་དུ་རྒྱལ་ཁྱོད་ལས།། མཆོག་ཏུ་སྙན་པའི་གསུང་སྙན་འབྱུང་།། ་དེ་ཡི་དྲི་རབ་ཞིམ་པས་ཁྱོད།། སྙན་པ་གསུང་ཞེས་རྣམ་པར་གྲགས།། གང་གི་མཐུ་ཡིས་ཁྱོད་འདྲ་བ།། བདུད་རྩི་སྩོལ་བར་རབ་གྲགས་པ།། གདམ་ངག་རྗེས་སུ ་སྟོན་པ་དེ།། འདི་ཉིད་ལ་ནི་རག་ལས་སོ།། གང་གིས་ལྷར་བཅས་འཇིག་རྟེན་དུ།། ཆོས་ཀྱི་འཁོར་ལོ་བསྐོར་བ་དེ།། ཉིད་ཀྱི་འོ་བརྒྱ་ལ་མི་གཟིགས་པ།། དགེ་བ་འདི ་ཡིས་བགྱིས་པ་ལགས།། གང་གིས་རིན་ཆེན་བཀྲམ་པ་ལྟར།། ལེགས་པར་བཤད་པ་རྒྱས་གང་ནས།། འཇིག་རྟེན་འདི་ནི་སྣང་བགྱིས་པ།། འདི་ནི་འདིའི་མཐུ་ལག ་སོ། རིགས་དང་ཕྱེད་པར་མངོན་བརྗོད་པ།། ཆོས་ཀུན་གསུང་བའི་འཕགས་པ་སྟེ།། དཔག་བསམ་ལྗོན་པའི་ལྕུག་མ་ལྟར།། རིན་ཆེན་སྣ་ཚོགས་འབྲས་བུ་སྩོལ།། ་ལྗགས་ཡངས་མེད་པར་འཇིག་རྟེན་ན།། ཀུན་མཁྱེན་ཉིད་ལྡན་སྤོབས་པ་ནི།། སོ་སོ་ཡང་དག་རིག་པ་ཡི།། སྤོབས་པའི་ཁུར་ནི་སུ་ཡིས་བཀུར།། ཁྱོད་ཀྱིས ་དགོངས་ཏེ་འདི་ལ་ནི།། ཆོས་ནི་གང་དང་གང་གཏད་པ།། འདི་ནི་སྙོམ་ལས་མི་མངའ་བར།། མེ་ཏོག་བཞིན་དུ་ཕྲེང་བར་རྒྱུད།། གལ་ཏེ་འདི་ཡིས་མ་བསྟན་ན།། ་ཁྱོད་ལ་ཀུན་མཁྱེན་མངར་སུས་འཚལ།། ཐུགས་རྗེ་ཆེན་པོ་མངའ་བར་སུས།། ཡོན་ཏན་གཞན་ཡང་སྔར་སུས་འཚལ།། བསྟན་པ་དག་ནི་མ་མཆིས་ན།། ཁྱོད ་འདྲའི་མཁས་པ་མངོན་མི་འགྱུར།། བསྟན་པ་ཡང་ནི་ལྗགས་ཡངས་ལ།། བཞིན་ལ་དངོས་གྲུབ་བཞིན་དུ་རྟེན།། རྣམ་པ་སྣ་ཚོགས་ཆོས་གསུང་ཞིང་།། རྣམ་པ་སྣ ་ཚོགས་རོ་བཏར་ཡང་།། འདམ་རྫབ་ཀྱིས་ནི་ནམ་མཁའ་བཞིན།། རོ་ལ་ཆགས་པས་གོས་མི་མངའ།། མི་གསུང་བཞུགས་པའི་རྗེས་སུ་འཐུན།། གསུང་བ་ལ ་ཡང་སྐྱོ་མི་མངའ།། མི་འཐུན་ཆོས་ནི་གཉི་ག་ལ།། ཅིག་ཏུ་ཡང་ནི་འཐུན་པ་ལགས།། མི་གསུང་བཞུགས་ན་སྤྲོ་མི་མཛད།། སྟོན་པས་མཛད་ལ་སྐྱོ་མི་མངའ། ་ཅང་མཁྱེན་ཉིད་ཀྱི་དགེ་བ་སྟེ།། ཐམས་ཅད་ལ་ནི་སྙོམས་པར་འཇུག། འདི་ལྟར་ཐམས་ཅད་གསུང་སྤྱོད་ལ།། ཆོས་རྣམས་འབའ་ཞིག་བཀའ་སྩོལ་པ།། སྤྱོད་པ ་ལ་ནི་འཇུག་པར་འཚར།། རིགས་པ་ལ་ཡང་གཞོལ་བར་འཚར།། འབྱུང་བ་ལས་གྱུར་བསོད་ནམས་དང་།། ཆོས་གསུང་བ་ཡི་རང་བཞིན་གྱིས།། སངས་རྒྱས་པའི ་དྲི་ཞིམ་པ།། གཉིས་ཀྱིས་རྟེན་ཏུ་བསྒོམས་པ་ལགས།། མིག་གི་སྤྱོད་ཡུལ་དག་པ་དང་།། བསོད་ནམས་སྙན་པའི་རང་བཞིན ་གྱིས།། ཤིན་ཏུ་རྣམ་པར་གྲགས་པ་ཡི།། སྙན་པ་གཉིས་ཀྱིས་ཕྱོགས་སུ་གྲགས།། གང་གིས་སྐྱོན་ཀུན་མེད་པ་འདི།། ཞལ་ནས་ཕྱུང་བ་མཐོང་གྱུར་པ།། སྐྱེ ་བ་དེ་དག་མིག་དང་ལྡན།། མིག་དེ་དག་ཀྱང་དཔལ་དང་ལྡན།། གང་གིས་དེ་ཡི་གསུང་སྙན་པ།། མངོན་སུམ་རྣ་བའི་སྙིམ་པ་ཡིས།། བདུད་རྩིའི་རྒྱུན་དང་འདྲར ་འཐུངས་པ།། མཁས་པ་དེ་དག་ཆེས་དཔལ་ལྡན།། སྒྲ་རྣམས་བརྒྱན་པར་མཛད་པ་བཞིན།། སྒྲ་ཡིས་རྣམ་པ་བརྒྱན་པ་བཞིན།། བཤད་པ་མཛད་ན་ཁྱོད་ཀྱི ་ཞལཿཤིན་ཏུ་སྦ་བར་མཛད་པ་བཞིན།། འདི་ནི་ཉིད་མཛེས་ཡོན་ཏན་གྱིས།། ཐུབ་པ་ཁྱོད་ཀྱི་ཟླ་ཞལ་ནི།། འཇིག་རྟེན་བརྒྱན་དུ་གྱུར་པ་ཡང་།། ལྷག་པའི་རྒྱན ་དུ་གྱུར་པར་གདའ།། མདོག་དང་དབྱིབས་དང་སྨན་གསུང་དང་།། ཤིན་ཏུ་འཇམ་པ་ཉིད་དང་མཐུས།། ལྗགས་ཡངས་ལྟ་བུའི་གཟུགས་ཅན་གྱི།། རྫས་ནི་འགའ ་ཡང་མ་མཐོང་ངོ་།། གལ་ཏེ་ལྷ་མོ་དབྱངས་ལྡན་མ།། དེ་ནི་གཟུགས་ཅན་འགའ་མཆིས་ན།། སྐྱོན་ཀུན་མེད་པའི་ཡན་ལག་ཅན།། ལྗགས་ཡངས་དེ་ནི་དེ་ལགས ་གྲང་།། ཡངས་པའི་ལྗགས་ཀྱིས་ཆོས་ཀྱི་རྔ།། ཀུན་ཏུ་རྡུང་བར་ཞུགས་པའི་ཚེ།། ལྷ་དང་མིའི་སྒྲ་རྣམས་ནི།། ཐམས་ཅད་རོ་བྲོ་མེད་པར་འགྱུར།། སྟོན་པར ་ཁྱོད་དང་ལྗགས་འདི་དང་།། བླ་ན་མེད་པའི་བཀའ་འདི་ནི།། ཉོན་མོངས་དུག་ཀུན་འཇོམས་པ་ཡི།། ཡན་ལག་གསུམ་ལྡན་སྨན་གྱི་མཆོག། ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། བསྔགས་པར་འོས་པ་བསྔགས་པ་ལས།། ལྗགས་ལ་བསྟོད་པ་ཞེས་བྱ་བ་རྫོགས་སྷོ།། ་@#།། རྒྱ་གར་སྐད་དུ། བར་ན་ར་ཧ་བ་ར་ཎེ་བྷ་ག་བ་ཏོ་བུདྡྷ་སྟོད་བྷ་བ་ཨུད་བེ་ཛ་ནོ་ནཱ་མ། བོད་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། བསྔགས ་པར་འོས་པ་བསྔགས་པ་ལས། སྲིད་པ་ལ་སྐྱོ་བར་བསྟོད་པ་ཞེས་བྱ་བ།། ཁྱོད་དང་འདྲ་བའི་ཞིང་དག་ནི།། འཇིག་རྟེན་གསུམ་ན་མ་མཆིས་ཏེ།། ཁྱོད་ནི་སྦྱིན་གནས ་རྣམས་ཀྱི་མཆོག། གྲལ་གཙང་མཛད་པའི་གཙང་མ་ལགས།། ནམ་མཁའི་མཐའ་ཐུག་མ་མཆིས་པའི།། ཆུ་དང་ཞེང་དག་ཇི་ལྟ་བར།། ཁྱོད་ལ་སྨན་གནོད ་བགྱིད་པ་ཡི།། རྣམ་པར་སྨིན་པ་ཐུག་མ་མཆིས།། གང་དག་ཁྱོད་ལ་བར་མར་གནས།། དེ་ཡང་རེ་ཞིག་ཚད་མེད་པའི།། མུན་པས་བསྒོས་པས་མ་རུང་ན།། སྐྱེ ་བོ་ལོག་བགྱིད་སྨོས་ཅི་འཚལ།། ཇི་ལྟར་བླ་མེད་ཡོན་གྱི་གནས།། ཁྱོད་ལ་ཡང་དག་བསྒྲུབ་བགྱིད་པ།། ལས་གང་ལགས་པ་དེ་ཡི་ནི།། དར་བའི་མཐའ་ཐུག ་མི་མཐོང་བ།། ཡང་དག་བསྒྲུབ་པའི་མཐར་བྱོན་པ།། ཁྱོད་ལ་ལོག་པར་བཞུགས་པ་གང་།། ལས་དེའི་རྒུད་པའི་མཐའ་ཡང་ནི།། དེ་བཞིན་ཐུག་པ་མ ་མཆིས་སོ།། གང་གིས་རྣམ་པ་ཐམས་ཅད་དུ།། སྟོབས་ལྡན་ཁྱོད་ལའང་མ་བརྩམས་པ།། རབ་ཏུ་མཚམས་ནི་མི་ཟིན་པའི།། ། ་མ་རབས་མི་རྟག་ཉིད་རེ་ངན།། ཀྱེ་མའོ་འཁོར་བའི་བདག་ཉིད་ངན།། ཨེ་མའོ་མྱ་ངན་འདས་པ་ཞི།། ཁྱོད་འདྲ་ཐུགས་རྗེའི་བདག་ཉིད་ཅན།། མངའ་མཆིས ་པ་ཡང་དེ་རུ་གཤེགས།། མ་འོངས་འཇིགས་པ་རྣམས་ཀྱང་གསུང་།། ཆོས་ཀྱི་ཚུལ་ཡང་བཤད་པ་མཛད།། འཁོར་ནི་རྣམ་པ་བཞི་པོ་ཡང་།། མི་འཇིགས ་པ་དག་ཐོབ་པ་མཛད།། ལམ་བཟང་འདི་ནི་བསྲུང་སླད་དུ།། བློ་གྲོས་སྦྱང་བ་བགྱིས་གྱུར་པ།། འདི་སྲུང་ཆེ་དང་ཀུན་དགའ་དང་།། དེ་ལ་སོགས་པའང་སྒོམ་མོད ་ཀྱིདྷརྟའཇིག་རྟེན་གྱི་ནི་མིག་ཅིག་པ།། དྲི་མ་མེད་པ་ཁྱོད་ཟུམས་ནི།། སྣང་བ་མཆིས་ཀྱང་འཇིག་རྟེན་འདི།། མུན་པས་ཁྱེབ་དང་འདྲ་བ་ལགས།། བདེ་བར ་གཤེགས་པ་བདེ་གཤེགས་ཀྱི།། བཀའ་འདིའང་མཆིས་ལ་ཁྱོད་ཀྱིས་སྲས།། སྲས་ཀྱི་དམ་པ་སློབ་པ་དང་།། མི་སློབ་འདི་ཡང་མཆིས་མོད་ཀྱི།། འགྲོ་བའི ་མགོན་ཁྱོད་མི་བཞུགས་པས།། གཟའ་སྐར་ལགས་པས་མཚན་མ་ཡི།། ནམ་མཁའ་ཟླ་བས་སྟོང་པ་བཞིན།། ཤིན་ཏུ་བརླག་གིས་མ་མཆིས་སོ།། ཁྱོད ་མི་བཞུགས་ན་གསུང་རབས་འདི།། ཀླུ་འཕོས་པ་ཡི་མཚོའི་དཔལ།། རིང་པོ་མི་ཐོགས་འཇིགས་པ་ལྟར།། འཚམ་པའི་སྙིང་པོ་དང་བྲལ་བས།། ཡོན་ཏན ་གཟི་ཡང་མི་སྦ་ལ།། ཆོ་ག་གཞན་དང་ལུགས་གཞན་གྱིས།། འཕར་དང་རྨ་དག་ཕྱུང་ལགས་པས།། ལུགས་གི་བརྗིད་ཀྱང་ཡང་དུ་ཆ།། སངས་རྒྱས་མངའ ་དབང་སྒྱུར་བ་རྣམས།། ཡོངས་སུ་མྱ་ངན་འདའ་བསམས་ནས།། སྲིད་པ་རལ་གྲི་འབར་འདྲ་ལ།། སུ་ཞིག་འཇིགས་པར་མི་བགྱིད་ལགས།། །། སངས་རྒྱས ་བཅོམ་ལྡན་འདས་ལ་བསྟོད་པ། བསྔགས་པར་འོས་པ་བསྔགས་པ་ལས། སྲིད་པ་ལ་སྐྱོ་བར་བསྟོད་པ་ཞེས་བྱ་བ། སློབ་དཔོན་མ་ཏི་རྩེ་ཏས་མཛད་པ་རྫོགས་ཏེ། རྒྱ་གར ་གྱི་མཁན་པོ་སརྦད་ཉ་དེ་བ་དང་། ཞུ་ཆེན་གྱི་ལོ་ཚ་བ་བན་དེ་དཔལ་བརྩེགས་རག་ཤི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། @#། རྒྱ་གར་སྐད་དུ། ་