| Wylie | e-texts produced with BDRC’s OCR application |
ཞུས་ཏེ་གཏན་ལ་ཕབ་པ།། @#རྒྱ་གར་སྐད་དུ། ཨཱརྱ་མན་ཛྲེ་ཤྲི་བ་ཧ་ཀ་ཀ་རུ་སྟོ་ཏྲམ། བོད་སྐད་དུ། རྗེ་བཙུན ་འཕགས་པ་འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ངེས་པ་མ་ལུས་པ་ནི་རྣམ་བསལ་ཅིང་།། ཐུབ་པའི་གྲགས་པས ་འགྲོ་བ་མ་ལུས་ཁྱབ།། དཔལ་ལྡན་རབ་ཏུ་བརྟན་པའི་སྐུ་མངའ་བ།། འཇམ་དཔལ་ཁྱོད་ལ་རྟག་ཏུ་ཕྱག་འཚལ་ལོ།། བོས་ཤིང་བོས་ཤིང་འགྲོ་བ་མ་ལུས་པ།། འདི་དག ་འཕོངས་པ་ཀུན་ལས་ཁྱོད་སྐྱོབ་མཛད།། བདག་ནི་སྡུག་བསྔལ་གྱུར་ཀྱང་དམན་ཁྱེད་ཅེས།། ཅིའི་ཕྱིར་ན་ངེས་པར་སེལ་མི་མཛད།། བཅོམ་ལྡན་ཁྱོད་ནི་རྟག་པར་ཐམས་ཅད་ལ།། ་རྣམ་པ་ཀུན་ཏུ་ཐམས་ཅད་སྩོལ་གྲགས་ན།། བདག་ལ་མཐོང་བ་ཙམ་སྩལ་བས།། དེ་ཕྱིར་བདག་ནི་ཤིན་ཏུ་སྐལ་དམན་ལགས།། ཡོན་ཏན་ལྡན་ཞིང་ཉེས་པ་སེལ་མཛད་པ། ་བློ་བཟང་འགྲོ་ཀུན་སྐྱོབ་པར་བརྩོན་གྱུར་ན།། བདག་བློ་ཁྱོད་ལ་མངོན་དུ་ཞེན་ན་ཡང་།། འཕོངས་པས་གདུངས་པ་ཉིད་དུ་ཅི་ཕྱིར་གྱུར།། ཐུགས་རྗེའི་བདག་ཉིད་ལྡན་པ་ཁྱོད་ཀྱི་ནི།། ་པད་མ་ལྟ་བུའི་ལྷའི་སྤྱན་གཉིས་ཀྱིས།། འགྲོ་ལ་ཕན་པར་མཛད་ཀྱང་བདག་སྡུག་པར།། མ་གཟིགས་པ་ནི་ཀྱེ་མ་སྡུག་བསྔལ་ལོ།། ཁྱོད་ཀྱི་འཇིགས་པ་དབུགས་འབྱིན ་མཛད་པ་ཡི།། ཕྱག་གི་པད་མ་རིང་དུ་རྟག་སྐྱོང་ཡང་།། བདག་སྐལ་ཉེས་པའི་ཚབས་དེ་ཡང་ནི།། ཐག་རིང་དུ་ནི་མི་སྣང་ཉིད་དུ་གྱུར།། ཁྱོད་ཀྱི་སྙན་ནི་མ་ཉམས་གཙང་བ ་དག། གཉིས་ཀྱིས་ཀྱང་ནི་ལུས་ལ་སྡུག་བསྔལ་གྱིས།། གཟིར་ཏེ་སྤྱན་སྔར་འོ་དོད་འབོད་འགྱུར་བ།། དམན་པ་བདག་ནི་ཅི་ཕྱིར་གསན་མ་གྱུར།། རྣམ་པ་ཀུན་ཏུ་རྗེས་དྲངས ་ཁྱོད་ཀྱིས་ནི།། དམྱལ་བར་སོང་བའི་འགྲོ་བའང་བདེ་མཛད་ན།། སྡིག་ཅན་བདག་ལ་བཅོམ་ལྡན་འདས་ཀྱིས་ནི།། ཐུགས་རྗེད་ཡང་བརྩེ་བ་མི་མང་གྱུར།། འཇིག་རྟེན་དམན ་ལ་ཕན་པར་མཛད་པ་ཡི།། ཁྱོད་ལ་གཞོན་ནུའི་རོལ་པ་འདི་མངའ་ན།། གང་འདི་བདག་ནི་སྡུག་བསྔལ་གྱིས་གཟིར་ཀྱང་།། བསྐྱོབ་པར་མི་མཛད་སྡིག་ཅན་བསམ་པའི་ཉེས། ་འདི་ན་སྡུག་བསྔལ་སྐལ་ཆེན་གང་ཡིན་ཞིང་།། ཀླན་གང་གི་ཕུན་སུམ་ཚོགས་ཟད་གྱུར་ཅེས།། དེ་ལྟར་རྣམ་པར་རྒྱུ་ཞིང་སྐྱོབ་མཛད་ཀྱང་།། བདག་འཕོངས་མ་གཟིགས་སྐྱེ ་མའོ་ངོ་མཚར་ཆེ།། གང་ཞིག་ལ་ནི་ཚིག་སྦྱིན་གང་ཞིག་ལ།། འཕྲལ་དུ་ཕུན་ཚོགས་རྒྱ་ཆེན་སྦྱིན་བྱ་ཞེས།། དེ་ལྟར་རྩོན་པའི་ཁྱོད་ཀྱི་མཁྱེན་རབ་ཀྱིས།། ཅིའི་ཕྱིར་ན་བདག་ལ ་སྐྱོབ་མི་མཛད།། ཁྱོད་ལ་དད་པར་གྱུར་པ་སུ་མི་བདེ།། ཁྱོད་དང་བསོད་ནམས་དམན་པ་གང་ཞིག་མཆིས།། བདག་ནི་ཁྱོད་ལ་དད་ཀྱང་སྡུག་བསྔལ་བར།། ཅི་ཕྱིར་གྱུར་ཅེས་ངོ ་མཚར་རྣམ་པར་འཁྲུངས།། སྡུག་བསྔལ་གཅད་མཛད་སྨན་པ་ཆེན་པོ་ནི།། གལ་ཏེ་ཁྱོད་ཀྱང་བདག་ལ་སྤོང་མཛད་ན།། བསོད་ནམས་བཅོམ་པ་དག་ནི་གཞན་སུ་ལ།། སྐྱབས། ་སུ་མཆི་བར་བགྱི་བ་ཁྱོད་ཀྱིས་གསུངས།། འགྲོ་ལ་རྟག་ཏུ་བུ་ཅིག་འདྲ་བ་ཡི།། བརྩེ་བའི་ཐུགས་རྗེ་མངའ་ཞིང་བསྒྲོལ་སྤྱོད་པ།། ཁྱོད། ་ཀྱང་གལ་ཏེ་བདག་གནོད་མི་སེལ་ན།། དེ་ཚེ་བདག་ནི་མགོན་མེད་བཅོམ་པ་ལགས།། བཅོམ་ཁྱོད་ནི་དྲན་པ་ཙམ་གྱིས་ཀྱང་།། འགྲོ་ལ་འབྲས་བུ་མཉམ་མེད་ཀུན་སྩོལ་ན།། ་བདག་གི་བསྙེན་བཀུར་བགྱིད་ཅིང་བརྒྱབ་ཕྱོགས་ཤིང་།། རྣམ་པ་ཀུན་ཏུ་ཕྱིར་ཤོལ་ཅི་ཕྱིར་མཛད།། དེ་ལྟར་སྨྲེ་གསོལ་བ་ཡིས་ཁྱོད་ཡོན་ཏན།། ཆ་ཙམ་བརྗོད་ལས་བདག་གི ་དགེ་བ་བསགས།། གང་ཡིན་དེས་ནི་བསོད་ནམས་ཡེ་ཤེས་དག། རྒྱ་ཆེན་རང་བཞིན་གྲུབ་པའི་བུམ་པ་བཟང་།། བརླན་ཡིད་བཞིན་གྲུབ་པ་ལྟ་བུ་དང་།། ཞབས་གཉིས ་རྒྱ་བའི་དཔག་བསམ་ཤིང་འདྲ་བའི།། ཁྱོད་ཀྱི་གཞོན་ནུའི་གཟུགས་སུ་བདག་གྱུར་ཅིང་།། སྐྱེ་བ་ཀུན་ཏུ་བདག་པོ་ཉིད་གྱུར་ཅིག། རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་སྙིང ་རྗེ་ལ་བསྟོད་པ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་པན་དིང་དྷྭ་ཛ་རཱ་ད་ན་ད་དང་། ཞུ་ཆེན་གྱི་ལོ་ཚ་བ་བན་དེ་རིན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ ་པའོ།། @#།། རྒྱ་གར་སྐད་དུ། ཨཱརྱ་ལོ་གི་ཤྭ་ར་སྱ་བྷུ་པ་ཏྲ་ཡ་སྟ་བ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག ་