CLOSE WINDOW

F230a: 'jig rten rtan la bzhag pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ལོ་ཀ་ཕྲད་ཉ་བ་ཏི། བོད་སྐད་དུ། འཇིག་རྟེན་རྟེན་ལ་བཞག་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། སྡོམ་ལ། རི་རྣམ ་དང་ནི་རྒྱ་མཚོ་དང་། ངན་སོང་རྣམས་དང་གླིང་དང་ཤིང་། ཀླུ་རྣམས་དང་ནི་མཁའ་ལྡིང་དང་། རྒྱལ་ཆེན་འགྲོ་དང་འདུན་སོལ་རྣམས། འདི་སྐད་བདག་གིས་ཐོས་པའི ་དུས་ཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་བྱིན་གྱི་ཀུན་དགའ་ར་བ་ན། བཞགས་ཏེ་དེ་ནས་བཅོམ་ལྡན་འདས་ཀྱིས་དགེ ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འཇིག་རྟེན་གྱི་ཁམས་སོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་གང་ཞེ་ན། ཇི་ཙམ་དུ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི ་ཁམས་གང་ཞེ་ན། ཇི་ཙམ་དུ་སྟོང་གི་འཇིག་རྟེན་གྱི་ཁམས་དང་། ཉི་མ་རྣམ་པར་སྣང་བ་རྣམས་ཀུན་ཏུ་འཁོར་ཞིང་ཕྱོགས་སྣང་བའི་བྱེད་པའི་བར་ཡིན་ཏེ། ཉིམ་སྟོང ་@#དང་། ཟླ་བ་སྟོང་དང་། རིའི་རྒྱལ་པོ་རི་རབ་སྟོང་དང་། ཤར་གྱི་ལུས་འཕགས་པ་སྟེང་དང་། ལྷོ་འཛམ་བུ་གླིང་སྟོང་དང་། ནུབ་ཀྱི་བགྲང་སྤྲོང། ་སྟོང་དང་། བྱང་གི་སྒྲ་མི་སྙན་སྟོང་དང་། རྒྱལ་ཆེན་བཞི་པའི་ལྷ་རྣམས་སྟོང་དང་། སུམ་ཅུ་རྩ་གསུམ་པ་སྟོང་དང་། འཐབ་བྲལ་སྟོང་དང་། དགའ་ལྡན་སྟོང་དང་། ་འཕྲུལ་དགའ་སྟོང་དང་། གཞན་འཕྲུལ་དབང་བྱེད་སྟོང་དང་། ཚངས་པའི་འཇིག་རྟེན་སྟོང་སྟེ། དགེ་སློང་དག་འདི་ནི་སྟོང་སྤྱི་ཕུད་གྱི་ཁམས་ཞེས་བྱའོ།། སྟོང ་གཉིས་པ་བར་མིའི་འཇིག་རྟེན་གྱི་ཁམས་གང་ཞེ་ན། སྟོང་སྤྲི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་གང་ཡིན་པ་དེ་ལྟ་བུ་སྟོང་ལ་ནི། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི ་ཁམས་ཞེས་བྱའོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ཞེ་ན། སྟོང་གཉིས་པ་བར་མིའི་འཇིག་རྟེན་གྱི་ཁམས་གང་གང་ཡིན་པ་དེ་ལྟ་བུ་སྟོང་ལ་ནི། ་སྟོང་གཉིས་པ་འ་མའི་འཇིག་རྟེན་གྱི་ཁམ་ས་ཞེས་བྱའོ།། སྣང་གསུས་ཀྱི་སྟོང་ཆེན་པའི་འཇིག་རྟེན་གྱི་ཁམས་གང་ཤོན། སྟོང་གཉིས་པཔར་མའི་འཇིག་རྟེན་གྱི ་གང་ཡིན་པ་དེ་ལ་བུ་སྟོང་ལ་ནི། སྟོང་གསུམ་གྱི་སྟོང་ཆེན་པའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ།། དགེ་སློང་དག་དེ་ལྟ་བུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི ་ཁམས་རྣམས། ཤར་ཕྱོགས་སུ་མཐའ་མེད་ཅིང་མུ་མེད་ལ། འཇིག་པའབ་ཞིག་པར་གནས་ཤིང་འཆགས་པ་ཆགས་པར་གནས་པ། གཞན་འཇིག་ཅིང་གཞན་ཞིག ་པར་གནས་པ། གཞན་འཆགས་ཤིང་། གཞན་ཆགས་པར་གནས་སོ།། དགེ་སློང་དག་དེ་ལྟ་བུའི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་ལྷོ་དང་། ནུབ་དང་། ་བྱང་ཕྱོག་སུ་འཐའ་མེད་ཅིང་མུ་མེད་ལ་འཇིག་པ་འམ་ཞིག་པར་གནས་ཤིང་། འཆགས་པ་འམ། ཆགས་པར་གནས་པ་སྟེ། གཞན་འཇིག་ཅིང་གཞན་འཇིག་པར ་གནས་ལ། གཞན་འཆགས་ཤིང་། གཞན་འཆགས་པར་གནས་སོ།། དགེ་སློང་དག་དཔེར་ན་བར་མར་ཆར་འབབ་པའི་འབྲུ་ཤིང་རྟའི་སྲོག་ཤིང་ཙམ་འབབ་སྟེ། ་ཆུའི་རྒྱུན་རྣམས་རབ་ཏུ་འབབ་ན་འཚམས་སམ། བར་ཆད་མེད་པར་དེ་བཞིན་དུ། དགེ་སློང་དག་ངས་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པ། ཤར་ཕྱོགས་སུ ་དེ་ལྟ་བུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འཐའ་མེད་ཅིང་མུ་མེད་ལ། འཇིག་པ་འམ་ཞིག་པར་གནས་ཤིང་། ཆགས་པ་འམ་ཆགས་པར་གནས ་ཏེ། གཞན་འཛག་ཅིང་གཞན་འཇིག་པར་གནས་ལོ། བཞན་ཆགས་ཤིང་བཞན་ཆགས་པར་གནས་པ་དང་། དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་གི་ཕྱོགས་སུ་དེ་སྙེད ་ཀྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་མཐའ་མེད་ཅིང་མུ་མེད་ལ། འཇིག་རྟེན་པ་འམ། ཞིག་པར་གནས་ཤིང་། ཆགས་པ་འམ་ཆགས་པར་གནས་ཏེ། ་གཞན་འཇིག་ཅིང་གཞན་ཞིག་པར་གནས་ལ། གཞན་ཆགས་ཤིང་གཞན་ཆགས་པར་གནས་པ་དག་ཀྱང་མཐོང་ངོ་།། ཞེས་བཀའ་སྩལ་ནས། བཅོམ་ལྡན་འདས་ནང་། ་དུ་ཡང་དག་འཇོག་པའི་ཕྱིར་གནས་ཁང་གི་ནང་དུ་གཤེགསོ།། དེའི་ཚེ་ན་ཚེ་དང་ལྡན་པ་མེའུ་འགལ་གྱི་བུ་ལན་ཆེན་པོ་འཁོར་དེ་ཉིད་ཀྱི་ནང་དུ་འདུས། ་པར་གྱུར་ཏེ་འདུག་གོ།། དེ་ན་ཚེ་དང་ལྡན་པ་མེའུ་འགལ་གྱི་བུ་ཡ་ན་ཆེན་པོས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་ལེགས་པར་སྙན ་པ་དང་། ཇི་ལྟར་ཤིང་རྟའི་སྲོག་ཤིང་གི་དཔེས་སྙན་པ་འདི་ནི་ལེགས་ཏེ། ངོ་མཚར་སྷོ།། དེ་ལ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། རིན་པོ་ཆེ་ཉིས་སྟོང་ཡོད་དེ། རི ་འམ་རྒྱལ་པོ་རི་རབ་སྟོང་དང་། ཁོར་ཡུག་གི་རི་སྟོང་རྣམསོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ནང་ངན་སོང་གསུམ་ཡོད་དེ། སེམས་ཅན་དམྱལ་བ་སྟོང་དང་། དུད ་འགྲོ་སྟོང་དང་། ཡི་དྭགས་སྟོང་རྣམས་སོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། གླིང་ཆེན་པོ་བཞི་སྟོང་ཡོད་དེ། ཤར་གྱི་ལུས་འཕགས་པོ་སྟོང་དང་། ལྷོ་འཇམ ་བུ་གླིང་སྟོང་དང་། ནུབ་པ་གླང་སྤྱོད་སྟོང་དང་། བྱང་གི་སྒྲ་མི་སྙན་སྟོང་རྣམ་སོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། ཤིང་ཆེན་པོ་བཞི་ས་དང་། འཛམ་བུ་གླིང ་པའི་ཤིང་འཛམ་དུ་བཞི་སྟོང་དང་། རྒྱ་མཚོའི་འགྲམ་གྱི་ཤིང་ཤལ་མ་རི་མཐོན་པོ་སྟོང་དང་། ལྷ་མ་ཡིན་གྱིས་རིས་ཀྱི་རྗེད་ཏ་པ་ཏྲ་ལི་སྟོང་དང་། སུམ་ཅུ་རྩ་གསུམ ་པའི་ས་རྟོལ་སྟོང་རྣམས་སོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། ཀླུའི་རིགས་སྟོང་ཡོད་དེ་ཀླུའི་རིགས་སྒོ་ང་ལས་སྐྱེས་པ་སྟོང་དང་། མངལ་ལས་སྐྱེས་པ ་སྟོང་དང་། དྲོད་གཤེར་ལས་སྐྱེས་པ་སྟོང་དང་། རྫུས་ཏེ་སྐྱེས་པ་སྟོང་རྣམས།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། ན་མཁའ་ལྡིང་གི་རིགས་བཞི་སྟོང་ཡོད་དོ།། ་ནམ་མཁའ་ལྡིང་གི་རིགས་སྒོ་ང་ལས་སྐྱེས་པ་སྟོང་དང་། མངལ་ནས་སྐྱེས་པ་སྟོང་དང་། དྲོད་གཤེར་ལས་སྐྱེས་པ་སྟོང་དང་། རྫུས་ཏེ་སྐྱེས་པ་སྟོང་རྣམས་སོ།། སྟོང ་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། རྒྱལ་པོ་ཆེན་པོ་བཞི་སྟོང་ཡོད་དེ། རྒྱལ་པོ་ཡུལ་འཁོར་སྲུང་སྟོང་དང་། འཕགས་སྐྱེས་པོ་སྟོང་དང་། མིག་མི་བཟང་སྟོང ་དང་། རྣམ་ཐོས་ཀྱི་བུ་སྟོང་རྣམ་སོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། འགྲོ་བ་ལྟ་བ་སྟོང་ཡོད་དེ། སེམས་ཅན་དམྱལ་བ་སྟོང་དང་། དུད་འགྲོ་དང་ཡི ་དྭགས་དང་། ལྷ་དང་མིའི་འགྲོ་བ་སྟོང་རྣམས་སོ།། སྟོང་སྤྱི་བུད་ཀྱི་འཇིག་རྟེན་གྱི་ཁམས་ན། འདུན་ས་ཆེན་པོ་ཉིས་སྟོང་ཡོད་དེ། ལྷའི་འདུན་ས་ཆོས་བཟང ་སྟོང་དང་། ལྷ་མ་ཡིན་གྱི་འདུན་ས་ནོར་བཟང་སྟོང་རྣམསོ། འཇིག་རྟེན་བཞག་པ་ལས་ཚིག་དང་པོའོ།། སྡོམ་ལས། སྐྱེ་ནས་རི་དང་རོལ་མཚོ་དང་། དེ་བཞིན ་སེམས་ཅན་དམྱལ་རྒྱད་གཞན། སེམས་ཅན་གནས་དགུར་རབ་བཤད་དེ། ལས་ལམ་ཅུ་པོ་དེ་བཞིན་ནོ།། སྟོང་སྤྱི་བུད་ཀྱི་འཇིག་རྟེན་གྱི་ཁམས་ན། འདོད་པའི ་སྐྱེ་གནས་གསུམ་ཡོད་དེ། གསུམ་གང་ཞེ་ན། སེམས་ཅན་འདོད་པ་ཉེ་བར་གནས་པ་དག་ཡོད་དེ། གང་དག་འདོད་པས་ཉེ་བར་གནས་པ་རྣམས་ལ་དབང་ཕྱུག ་གི་དབང་བྱེད་པ་དག་སྟེ། འདི་ལྟ་སྟེ་མི་ཁ་ཅིག་དང་ལྷ་རྣམས་སོ།། འདི་ནི་སྐྱེ་གནས་དང་པོ།། སེམས་ཅན་འདོད་པས་སྤྲུལ་པ་དག ་ཡོད་དེ་གང་དག་འདོད་པ་སྤྲུལ་པ་རྣམས་ལ་དབང་ཕྱུག་གི་དབང་བྱེད་པ་དག་སྟེ། འདི་ལྟ་སྟེ་བཞིན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམ་སོ།། འདི་ནི་འདོད་པའི་སྐྱེ་གནས ་གཉིས་པའོ།། སེམས་ཅན་འདོད་པ་གཞན་གྱིས་སྦྲུལ་གང་དག་འདོད་པ་གཞན་གྱིས་སྤྲུལ་པ་དབང་ཕྱུག་གི་དབང་བྱེད་པ་དག་སྟེ། འདི་ལྟ་སྟེ་གཞན་འཕྲུལ་དབང ་བྱེད་ཀྱི་ལྷ་རྣམསོ།། འདི་ནི་འདོད་པའི་སྐྱེ་གནས་གསུམ་པའོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། བདེ་བའི་སྐྱེ་གནས་གསུམ་ཡོད་དེ། སེམས་ཅན་གང ་ངག་ལུས་འདི་ཉིད་ལ་དབེན་པ་ལ་སྐྱེས་པའི་དགའ་བ་དང་། བདེ་བར་བརླན་པར་བྱེད་ཅིང་ཡོངས་སུ་རླན་པར་བྱེད་དོ།། ཡོངས་སུ་ཚིམ་པར་བྱེད་ཅིང་ཡོངས་སུ་ཁྱད ་པར་བྱེད་པ་དག་ཀྱང་ཡོད་དོ།། དེ་དག་ལུས་འདི་ཉིད་ལས་སྐྱེས་པའི་དགའ་བ་དང་། བདེ་བས་རླན་པར་བྱས་ཤིང་ཡོངས་སུ་རླན་པར་བྱ་སྟེ། ཡོངས་སུ་ཚིམ་པར ་བྱས་ཤིང་ཡོངས་སུ་ཁྱབ་པར་བྱས་ནས། བདེ་བ་ལ་རེག་པ་ལ་གནས་སོ།། དེ་དག་བདེ་བ་དང་བདེ་བ་ལ་གནས་པ་དེ་ཚེ་རིང་ཐུང་ཡུན་རིང་པོར་གནས་སྷོ།། འདི་ལྟ་སྟེ ་ཚངས་རིས་ཀྱི་ལྷ་རྣམ་སོ།། འདི་ནི་སྐྱེ་གནས་དང་པོའོ།། སེམས་ཅན་གང་དག་ལུས་འདི་ལ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བས་རླན་པར་བྱེད་ཅིང ་ཡོངས་སུ་དྲན་པར་བྱེད་དེ། ཡོངས་སུ་ཚིམ་པར་བྱེད། ཡོངས་སུ་ཁྱབ་པར་བྱེད་པ་དག་ཡོད་དོ།། དེ་དག་ལུས་འདི་ཉིད་ལས་སྐྱེས་པའི་བདེ་བ་དང་། བདེ་བས། ་རླན་པར་བྱས་ཤིང་ཡོངས་སུ་དྲན་པར་བྱས་ཏེ། ཡོངས་སུ་རིམ་པར་བྱས་ཤིང་ཡོངས་སུ་ཁྱབ་པར་བྱས་ནས་བདེ་བ་ལ་རེག་པ་ལ་གནས་སོ།། དེ་དག་བདེ་བ་དེ ་དང་བདེ་བ་ལ་གནས་པ་དེས་ཚེ་རིང་ཞིང་ཡུན་པོར་གནས་ཏེ། འདི་ལྟ་སྟེ་འོད་གསལ་གྱི་ལྷ་རྣམས་སོ།། འདི་ནི་བདེ་བའི་སྐྱེ་གནས་གཉིས་པའོ།། སེམས་ཅན ་ངག་ལུས་འདི་ཉིད་ལ་དགའ་བ་མེད་པས་བདེ་བ་རླན་པར་བྱེད་ཅིང་ཡོངས་སུ་རླན་པར་བྱེད་དེ། ཡོངས་སུ་ཚིམ་པར་བྱེད་ཅིང་ཡོངས་སུ་ཁྱབ་པ་དག་ཡོད་དོ།། དེ་དག ་ལུས་འདི་ཉིད་ལ་དགའ་བ་མེད་པས་བདེ་བས་རླན་པར་བྱས་ཤིང་ཡོངས་སུ་རླན་པར་བྱས་ཏེ། ཡོངས་སུ་ཚིམ་པར་བྱས་ཤིང་ཡོངས་སུ་ཁྱབ་པར་བྱས་ནས་བདེ་བར ་རེག་པ་ལ་གནས་སོ།། དེ་དག་བདེ་བ་དེ་དང་བདེ་བ་ལ་གནས་པས་ཚེ་རིང་ཞིང་། ཡུན་རིང་དུ་གནས་ཏེ། འདི་ལྟ་སྟེ། དགེ་རྒྱས་ཀྱི་ལྷ་རྣམས་ཏེ། འདི་ནི་བདེ ་བར་སྐྱེས་པ་གསུམ་པའོ།། སྟོང་ཆུང་ངུ་འཇིག་རྟེན་གྱི་ཁམས་ན། གསེར་གྱི་རི་ཆེན་པོ་བདུད་སྟོང་ཡོད་དོ།། རིའི་རྒྱལ་པོ་གཉི་ཤི་འཛིན་སྟོང་གཤོལ་འདའ ་འཛིན་སྟོང་དང་། སེང་ལྡེང་འཛིན་སྟོང་དང་། ལྟ་ན་སྡུག་སྟོང་དང་། རྟ་སྣ་འཛིན་སྟོང་དང་། མུ་ཁྱུད་འཛིན་སྟོང་དང་། རིའི་རྒྱལ་པོ་རྣམ་པ་བདུན་སྟོང་དང་། ་སྟོང་ནུ་ངུའི་འཇིག་རྟེན་འཇིག་རྟེན་གྱི་ཁམས་ན། མཚོ་ཆེན་པོ་བདུན་སྟོང་ཡོད་དེ། གཉི་ཤིང་འཛིན་གྱི་མཚོ་སྟོང་དང་། གཤོལ ་འདའ་འཛིན་གྱི་མཚོ་སྟོང་དང་། སེང་ལྡེང་ཅན་གྱི་སྟོང་དང་། ལྟ་ན་སྡུག་གི་སྟོང་དང་། རྟ་སྣའི་སྟོང་དང་། མུ་ཁྱུད་འཛིན་གྱི་སྟོང་དང་། རྣམ་པ་བདུན་གྱི ་མཚོ་སྟོང་ངོ་།། སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་དམྱལ་བ་ཆེན་པོ་རྒྱད་པ་སྟོང་ཡོད་དེ། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སྟོང་ངོ་།། ཐེག ་ནག་སྟོང་དང་སྡུས་འཇོམས་སྟོང་དང་། ངུ་འབོང་སྟོང་དང་། ངུ་འབོད་ཆེན་པོ་སྟོང་དང་། ཆ་བ་སྟོང་དང་། རབ་ཏུ་ཚ་བ་སྟོང་དང་། སེམས་ཅན་དམྱལ་བ་མནར ་མེད་པ་སྟོང་ངོ་།། སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གྱི་གནས་དགུ་སྟོང་ཡོད་དེ། སེམས་ཅན་གཟུགས་ཡོད་པ་ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་། ་པ་དག་ཡོད་དེ། འདི་ལྟ་སྟེ་མི་རྣམས་དང་ལྷ་ཁ་ཅིག་སྟེ། འདི་ནི་སེམས་ཅན་གྱི་གནས་དང་པོའོ།། སེམས་ཅན་གཟུགས་ཡོད་ལ་ལུས་ཐ་དད་པ་འདུ་ཤེས་ཅིག ་བ་དག་ཡོད་སྟེ། འདི་ལྟ་སྟེ་ཚངས་རིས་ཀྱི་ལྷ་དང་པོ་བྱུང་བ་གང་ཡིན་པ་དག་ཏེ། འདི་ནི་སེམས་ཅན་གྱི་གནས་གཉིས་པའོ།། སེམས་ཅན་གཟུགས་ཕོང་པ། ་ལུས་ཅིག་ལ་འདུས་ཤེས་ཅིག་པ་དག་ཡོད་དེ། འདི་ལྟ་སྟེ་འོད་གསལ་གྱི་ལྷ་རྣམས་ཏེ། འདི་ནི་སེམས་ཅན་གྱི་གས་གསུམ་པའོ།། སེམས་ཅན་གཟུགས ་ཡོད་པ་ལུས་ཅིག་ཅིང་འདུ་ཤེས་ཅིག་པ་ཡོད་དེ། འདི་ལྟ་སྟེ་དགེ་རྒྱས་ཀྱི་ལྷ་རྣམས་ཏེ། འདི་ནི་སེམས་ཅན་གྱི་གནས་བཞི་པའོ།། སེམས་ཅན་གཟུགས་ཡོད་པ་འདྲ། ་ཤེས་མེད་ཅིང་འདུ་ཤེས་དང་བྲལ་བ་དག་ཡོད་དེ། འདི་ལྟ་སྟེ་འདུ་ཤེས་མེད་པའི་ལྷ་རྣམས་ཏེ། འདི་ནི་སེམས་ཅན་གྱི་གནས་ལྔ་པའོ།། སེམས་ཅན་གཟུགས་མེད་པ ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལ་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་མེད་པར་གྱུར་ཅིག། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་བྱེད ་པས་ནམ་མཁའ་མཐའ་ཡསོ་སྙམ་ནས་ན་མཁའ་མཐུ་ཡས་སྐྱེ་མཆེད་སྒྲུབས་ནས་གནས་པ་དག་ཡོད་དེ། འདི་ལྟ་སྟེ་ན་མཁའ་མཐའ་ཡས་སྐྱེ་མཆེད་དུ་འགྲོ་བའི་ལྷ་རྣམས ་ཏེ། འདི་ནི་སེམས་ཅན་གྱི་གནས་དྲུག་པའོ།། སེམས་ཅན་གཟུགས་མེད་པ་རྣམས་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཡང་དག་པར་འདས་ཏེ། རྣམ ་པར་ཞེས་པ་མཐའ་ཡསོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྨྲབས་ནས་གནས་པ་དག་ཡོད་དེ། འདི་ལྟ་སྟེ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི ་ལྷ་རྣམས་ཏེ། འདི་ནི་སེམས་ཅན་གྱི་གནས་བདུན་པའོ།། སེམས་ཅན་གཟུགས་མེད་པ་གང་དག་རྣམ་པ་ཐམས་ཅད་དུ་ན་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཡང་དག་པར ་འདས་ནས། ཅི་ཡང་མེད་པའོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་སྒྲུབས་ནས་གནས་པ་དག་ཡོད་དེ། འདི་ལྟ་སྟེ་ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི ་ལྷ་རྣམས་ཏེ། འདི་ནི་སེམས་ཅན་གྱི་གནས་བརྒྱད་པའོ།། སེམས་ཅན་གཟུགས་མེད་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལ། ་ཡང་དག་པར་འདས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྒྲུབས་ནས་གནས་པ་དག་ཡོད་དེ། འདི་ལྟ་སྟེ་འདུ་ཤེས་མེད་འདུ་ཤེས་མེད་མ་ནི་སྐྱེ་མཆེད་དུ་ཉེ ་བར་འགྲོ་བའི་ལྷ་རྣམས་ཏེ། འདི་ནི་སེམས་ཅན་གྱི་གནས་དགུ་པའོ།། སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ན་མི་དགེ་བཅུའི་ལས་ཀྱི་ལོམ་དག་ཡོད་དེ། སྲོག་ཅོད་པ་དང ་མ་སྦྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་རྩུབ་པོ་དང་། ཚིག་རྐྱལ་བ་དང་། རྣབ་སེམས་དང་། གནོད་སེམས ་དང་། ལོག་པར་ལྟ་བ་རྣམས་སོ།། སྲོགཅོད་པ་ཤས་ཆེར་ཀུན་དུ་སྟེན་ཅིང་སྒོམས་ཏེ། ལན་མང་དུ་བྱས་པས་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེ་བར་འགྱུར་རོ།། ་དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཤེས་ཡང་བས་ནི་རབ་ཏུ་ཚ་བའོ།། དེ་བས་ཆེས་ཤེས་ཡང་བ་དང་། དེ་བས་ཆེས་ཡང་བ་ནི་ཚ་བའོ།། དེ་བས་ཆེས་ཤེས ་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་ངུ་འབོད་ཆེན་པོའོ།། དེ་བས་ཤས་ཆུང་བ་དང་། དེ་བས་ཤས་ཡང་བས་ནི་ངུ་འབོང་དུའོ།། དེ་བས་ཤས་ཆུང་བ་དང་། དེ་བས ་ཆེས་ཡང་བས་ནི་སྡུས་འཇོམས་སུའོ།། དེ་བས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་ཐིག་ནག་དུའོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བ་ནི་སེམས ་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སྐྱེ་བར་འགྱུར་རོ།། མ་བྱིན་པར་ལེན་པ་ཤས་ཆེར་ཀུན་དུ་སྤེན་ཅིང་སྒོམས་ན་མང་དུ་བྱས་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། ་རྫུན་སྨྲ་བ་དང་། ཕྲ་མ་དང་། ངག་རྩུབ་པོ་དང་། རྩིག་རྐྱལ་བ་དང་། རྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ཤེས་ཆེར་ཀུན་དུ་སྟེན་ཅིང་སྒོམས་ན་མང ་དུ་བྱས་པ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེ་བར་འགྱུར་རོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཤས་ཡང་བས་ནི་རབ་ཏུ་ཚ་བའོ།། དེ་བས ་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བ་ནི་ཚ་བ་རོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཤས་ཡང་བ་ནི་རབ་ཏུ་ཚ་བར་རོ།། དེ་བས་ཤས་ཆུང་བ་དང་། ་དེ་བས་ཆེས་ཡང་བས་ནི་སྔས་འཇིམ་དུའོ།། དེ་བས་ཆེས་ཤེས་རླུང་བ་དང་། དེ་བས་ཆེས་ཡང་བ་ནི་ནག་དུའོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བ་ནི ་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སྐྱེ་བར་འགྱུར་རོ།། འཇིག་རྟེན་གཞན་པ་ལས་ཚིག་གཉིས་པའོ།། སྡོམ་ནི་མཁའ་ལྡིང་ལས་ལམ་བཅུ་པོ་དང་། མྱོས་པ་དང་། ་ནི་བཀྲེས་དང་ཟ། བདུད་རྩི་ཕྱིས་ཆར་པ་དང་། མུ་གེ་བདེ་ཚན་ཅུ་ཚན་ནོ།། སྐྱོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ན་ཀླུའི་རིགས་བཞི་སྟོང་རྒྱ་སྟོང་མཚོ་ཆེན་པོ་ན་གན་སོ།། ་ན་མཁའ་ལྡིང་གི་རིགས་བཞི་སྟོང་ཞིག་ཤིང་ཤལ་མ་རི་མཐོན་པོ་ལ་གནས་སོ།། སྒོ་ང་ལས་སྐྱེས་པ་སྟོང་། མངལ་ལས་སྐྱེས་པ་སྟོང་དང་། དྲོད་གཤེར ་ལས་སྐྱེས་པ་སྟོང་དང་། རྫུས་ཏེ་སྐྱེས་པ་སྟོང་ངོ་།། ནམ་མཁའ་ལྡིང་སྒོ་ང་ལས་སྐྱེས་པ་ནི་བཟའ་བའི་ཕྱིར་ཀླུ་སྐོང་ལས་སྐྱེས་པ་འབྱིན ་པར་བྱེད་དེ། མངལ་ནས་སྐྱེས་པ་ནི་མི་འབྱིན། རྫུས་ཏེ་སྐྱེས་པ་ནི་འབྱིན་ཏོ།། དེ་ཅིའི་ཕྱིར་ཞེ་ན་གལ་ཏེ་དེ་ལེན་པའི་དེ་ཉིད་ཐལ་བ་བཞིན་དུ་བྱེད་པར་འགྱུར་བའི་ཕྱིར་རོ།། ་ནམ་མཁའ་ལྡིང་དང་ལ་ནས་སྐྱེས་པ་ཟ་བའི་ཕྱིར། ཀླུ་སྒོ་ང་ལས་སྐྱེས་པ་དང་། མངལ་ནས་སྐྱེས་པ་འབྱིན་པར་བྱེད་དེ། དྲོད་གཤེར་ལས་སྐྱེས་པ་མི་འབྱིན། རྫུས་ཏེ ་སྐྱེ་བ་མི་འབྱིན་ཏོ།། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་དེ་ལེན་ན་དེ་ཉིད་ཐལ་བ་བཞིན་དུ་བྱེད་པར་འགྱུར་བའི་ཕྱིར་རོ།། ནམ་མཁའ་ལྡིང་དྲོད་གཤེར་ལ་སྐྱེས་པ་ནི་ཀླུ་སྒོ་ང་ལ་སྐྱེས ་བ་དང་། མངལ་ལ་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་འབྱིན་པར་བྱེད་དེ། རྫུས་ཏེ་སྐྱེ་བ་མི་འབྱིན་ཏོ།། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་དེ་ལེན་ན་དེ་ཉིད་ཐལ་བ་བཞིན ་དུ་བྱེད་པར་འགྱུར་བའི་ཕྱིར་རོ།། ནམ་མཁའ་ལྡིང་རྫུས་ཏེ་སྐྱེ་བ་ནི་བཟའ་བའི་ཕྱིར། ཀླུ་སྒོ་ང་ལ་སྐྱེ་བ་དང་། མངལ་ནས་སྐྱེ་བ་དང་དྲོད་གཤེར་ལས་སྐྱེ་བ་དང་། རྫུས ་ཏེ་སྐྱེ་བ་འབྱིན་པར་བྱེད་དོ།། ཀླུ་ལ་ཀླུ་ཆེན་པོ་སྐལ་བར་གནས་ཤིང་ས་འཛིན་པ་དག་ཡོད་དེ་དག་གང་ཞེ་ན་འདི་ལྟ་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེར་དགའ་གཉིས ་དང་། ཀླུའི་རྒྱལ་པོ་རྟ་རྒལ་དང་། ཀླུའི་རྒྱལ་པོ་བཏང་བཟུང་དང་། ཀླུའི་རྒྱའི་རྒྱལ་པོ་གཟི་ཅན་དང་། ཀླུའི་རྒྱལ་པོ་ཡུལ་འཁོར་དང་། ཀླུའི་རྒྱལ་པོ་ནག་པོ་ཆེན ་པོ་དང་། ཀླུའི་རྒྱལ་པོ་མེ་ལའང་བ་རྣམས་ཏེ། འདི་དག་དང་གཞན་ཡང་ཀླུའི་རྒྱལ་པོས་སྐལ་བར་གནས་ཤིང་ས་འཛིན་པ་རྣམཁར་ལྡིང་དག་གིས་འབྱིན་པར་མི་ནུས་པ་གང་ཡིན ་པ་འདི་དག། ལྷ་དང་ལྷ་མ་ཡིན་དག་གིས་གཡུལ་མྱོང་བར་བྱེད་ཅིང་སོ་སོར་བྱུར་བྱེད་དེ། ཤེས་ཤིང་རབ་ཏུ་ཤེས་ལ་ཀུན་དུ་རབ་ཏུ་ཤེས་སོ།། ཇི་སྐད་དུ་ཤིན་དུ་མཐུ་ཆེ་བའི་ཀླུ ་ཡོད་དེ། མ་མཐའ་སྲངས་ཤིང་ཆུ་ན་གནས་པ་སྟེ། དེ་དག་ལྷ་མིན་དག་དང་གཡུལ་འགྱེད་པས། འདི་དག་བརྒྱ་བྱིན་གྱི་ནི་དཔུང་ཡང་ཡིན། སྟོབས་ཀྱང་ཆེ་ཞིང་དུག ་ཀྱང་ཆེ་བའི་གླུ་ཤིན་དུ་དྲག་པའི་དགྲ་ཐབས་སྣ་ཚོགས་ཅན། ལྷ་མིན་རྣམས་དང་ལྷན་ཅིག་གཡུལ་འགྱེད་པ་དེ་དག་བརྒྱ་བྱིན་གྱིས་ནི་དཔུང་ཡང་ཡིན་ཞེས་འབྱུང་བ་ལྟ་བའོ།། ་བར་གྱི་སྡོམ་ནི། དགའ་བོ་ཉེར་དགའ་རྟ་རྒལ་དང་། ཏང་གཟུགས་དང་ནི་བཟི་ཅན་དང་། ཡུལ་འཁོར་སྲུང་དང་ནག་པོ་ཆེ། ཊ་ཨེ་ལེའི་འདབ་མ་ཐ་མ་ཡན། ་སྟོང་རླུང་ངུའི་འཇིག་རྟེན་གྱི་ཁམས་ན། དགེ་བ་བཅུའི་ལམ་དག་ཡོད་དེ། སྲོག་ཅོད་པ་སྤོང་བ་དང་། མ་བྱིན་པ་ལེན་པ་སྤོང་བ་དང་། འདོད་པས་ལོག་པར་གཡེམ ་པ་སྤོང་བ་དང་། རྫུན་དུ་སྨྲས་པ་སྤོང་བ་དང་། ཕྲ་མ་དང་། ངག་རྩུབ་པོ་དང་། ཚིག་རྩུབ་པོ་སྤོང་བ་དང་། རྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དང་། ་ཡང་དག་པར་ལྟ་བ་རྣམས་སོ།། སྲོག་ཅོད་པ་སྤོང་བ་ཤས་ཆེར་ཀུན་དུ་སྟེན་ཅིང་སྒོམས་ན་མང་དུ་བྱས་པ་ནི། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་པ་མཉམ ་པར་སྐྱེ་བར་འགྱུར་རོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བ་ནི་འཕྲུལ་དགའ་བ་རྣམས་སུའོ།། དེ་བས་ཆེས་ཤས་ཆུང་བ ་དང་། དེ་བས་ཆེས་ཡང་བ་ནི་དགའ་ལྡན་པ་རྣམ་སུའོ།། དེ་བས་ཆེས་ཤས་ཡང་བ་ནི་འཐབ་བྲལ་བ་རྣམས་སུའོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང ་བ་ནི་སུམ་བཅུ་རྩ་གསུམ་པ་རྣམས་སུའོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སུའོ།། དེ་བས་ཆེས་ཆུང་བ ་དང་། དེ་བས་ཆེས་ཡང་བས་ནི་མི་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ།། མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ ་དང་ཕྲ་མ་དང་། ངག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། རྣབ་སེམས་མེད་པ་དང་གནོད་སེམས་མེད་པ་དང་། ཡང་དག་པར་ལྟ་བ་ཤས་ཆེས་པས་ཀུན་ཏུ་རྟེན་ཅིང ་སྒོམས་ཏེ་མང་དུ་བྱས་པས་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཤེས ་ཡང་བས་ནི་འཕྲུལ་དགའ་བ་རྣམས་སུའོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཤེས་ཡང་བ་ནི་དགའ་ལྡན་པ་རྣམས་སུའོ།། དེ་བས་ཆེས་ཤས་ཆུང་བ ་དང་དེ་བས་ཆེས་ཤེས་ཡང་བས་ནི་འཐའ་བྲལ་བ་རྣམས་སོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཤས་ཡང་བས་ནི་སུམ་ཅུ་རྩ་གསུམ་པ་རྣམས་སུའོ།། ་དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཤས་ཡང་བས་ནི་རྒྱལ་ཆེན་བཞིའི་རིགས་རྣམས་སོ།། དེ་བས་ཆེས་ཤས་ཆུང་བ་དང་།། དེ་བས་ཆེས་ཡང་བས་ནི་མི་རྣམས་དང་། ་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ།། གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་སྐྱེ་ན་ཡང་སྲོག་གཅོད་པ་སྤོང་བས་ནི་ཚེ་རིང་བར་འགྱུར་རོ།། མ་བྱིན་པར་ལེན་པ་སྤོང ་བས་ནི་ལོངས་སྤྱོད་ཆེ་བར་འགྱུར་རོ།། འདོད་པ་ལ་ལོག་པར་གཡེམ་པ་སྤོང་བས་ནི་ཆུང་མ་འདྲན་ཟླ་མེད་པར་འགྱུར་རོ།། རྫུན་དུ་སྨྲས་པ་སྤོང་བས་ནི་སྐོར་པ་མེད་པར ་འགྱུ་རོ།། ཕྲ་མ་སྤོང་བས་ནི་འཛའོ་དང་འབྱེད་པར་མི་འགྱུར་རོ།། ངག་རྩུབ་པོ་སྤོང་བས་ནི་ཡི་དུ་མི་འོང་བའི་སྒྲ་ཐོས་པར་མི་འགྱུར་རོ།། ཚིག་རྐྱལ་པ་སྤོང་བས ་ནི་ཚིག་སྙན་པར་འགྱུར་རོ།། རྣབ་སེམས་སྤོང་བས་ནི་འདོད་ཆགས་ཆེ་བར་མི་འགྱུར་རོ།། གནོད་སེམས་མེད་པས་ནི་ཞེས་སྡང་ཆེ་བར་མི་འགྱུརརོ།། ཡང་དག་པའི་ལྟ་བས ་ནི་ཏི་མུག་མེ་པར་མི་འགྱུར་རོ།། བར་སྡོམ་ནི། སྐར་བ་མེད་དང་མཛ་མི་བྱེད། དེ་བཞིན་ཡིད་དུ་འོང་བ་དང་། མཉན་པའི་ཚིག་ཏུ་གྱུར་པ་ཏེ། ཡི་གེ་བཞི་ནི་རྗོད་པར་ཡིན ་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་རྣམས་ཀྱི་ནང་ན་ནི་ལས་གང་གི་རྣམ་པར་སྨིན་པར་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོའི་ཚེའི་ཚད་སྐལ་པ་ལེན་པ་དེ ་ཐ་ཆད་ཡིན་ནོ།། དུད་འགྲོ་མྱོང་བར་འགྱུར་བའི་ལས་རྣམས་ཀྱིས་ནང་ནི་ལས་ཀྱི་འབྲས་བུ་ས་སྲུང་གི་བུས་ས་སྲུང་གི་བུ་ཉིད་དང་། རབ་རྟེན་གྱི་རབ་རྟན་ཉིད་ཐོབ་པ་དེ་ཐ ་ཆད་ཡིན་ནོ།། མི་སྐྱེ་གནས་མྱོང་བར་འགྱུར་བའི་ལས་རྣམས་ཀྱི་ནང་ན་ནི། ལས་གང་གི་རྣམ་པར་སྨིན་པས་ནི། རྒྱལ་པོ་གཤིན་རྗེའི་འཇིག་རྟེན ་པའི་སེམས་ཅན་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཅུག་ལ་དབང་བྱེད་པ་དེ་ཐ་ཆད་ཡིན་ནོ།། མིའི་སྐྱེ་གནས་མྱོང་བར་འགྱུར་བའི་ལས་རྣམས་ཀྱི་ནང་ན་ནི། ལས་གང་གི་རྣམ་པར ་སྨིན་པས་ང་ལས་ནུས་ཉིད་ཐོབ་པ་དེ་མཆོག་ཡིན་ནོ།། རྒྱལ་ཆེན་བཞི་པ་མྱོང་བར་འགྱུར་བའི་ལས་དེ་རྣམས་ཀྱི་ནང་ན་ནི། ལས་གང་གི་རྣམ་པར་སྨིན་པས། རྒྱལ་པོ་ཆེན་པོ ་བཞིས་རྒྱལ་སྲིད་ལས་དབང་ཕྱུག་བྱེད་པ་དེ་མཆོག་ཡིན་ནོ།། སུམ་ཅུ་རྩ་གསུམ་མྱོང་བར་འགྱུར་བའི་ལས་རྣམས་ཀྱི་ནང་ན་ནི། ལས་གང་གི་རྣམ་པར་སྨིན་པས་བརྒྱ ་བྱིན་གྱིས་རྒྱ་བྱིན་ཉིད་ཐོབ་པར་དེ་མཆོག་ཡིན་ནོ།། འཐབ་བྲལ་བ་མྱོང་བར་འགྱུར་བའི་ལས་རྣམས་ཀྱི་ནང་ན། ལས་གང་གི་རྣམ་པར་སྨིན་པས་རབ་ཏུ་མཐའ་བྲལ་ཉིད་ཐོབ་པར ་རེ་མཆོག་ཡིན་ནོ།། དགའ་ལྡན་མྱོང་བར་འགྱུར་བས་ལས་དེ་རྣམས་ཀྱི་ནང་ན་ནི། ལས་གང་གི་རྣམ་པར་སྨིན་པས་ཡོངས་སུ་དགའ་ལྡན་གྱི་ཡོངས་སུ་དགའ་ལྡན་ཉིད་ཐོབ་པར་དེ ་མཆོག་ཡིན་ནོ།། འཕྲུལ་དགའ་མྱོང་བར་འགྱུར་བའི་ལས་རྣམས་ཀྱི་ནང་ན་ནི། ལས་གང་གི་རྣམ་པར་སྨིན་པས་རབ་འཕྲུལ་གྱིས་རབ་འཕྲུལ་ཉིད་ཐོབ་པ་དེ་མཆོག་ཡིན་ནོ།། ་གཞན་འཕྲུལ་དབང་བྱེད་མྱོང་བར་འགྱུར་བའི་ལས་དེ་རྣམས་ཀྱི་ནང་ན་ནི། ལས་གང་གིས་རྣམ་པར་སྨིན་པས་དབང་བྱེད་ཅིང་དབང་བྱེད་ཉིད་ཐོབ་པ་དེ་མཆོག་ཡིན་ནོ།། ་ཇི་ལྟར་འཛམ་བུ་གླིང་གི་མི་རྣམས་ལ་ཀྲེས་པ་དང་སྐོམ་པ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་གླང་སྤྱོད་རྣམས་དང་། བྱང་གི་སྒྲ་མི ་སྙན་རྣམས་དང་། རྒྱལ་ཆེན་བཞིའི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས ་དང་། གཞན་འཕྲུལ་དབང་བྱེད་རྣམས་ཡང་ཡོད་དོ།། དེ་ཡན་ཆད་ལ་ནི་ཀྲེས་པ་དང་སྐོམ་པ་མེད་དོ།། ཇི་ལྟར་འཛམ་བུ་གླིང་གི་མི་རྣམས་ལ་ཁ་ཟས་འདི་ལྟ་སྟེ ་འབྲས་ཆན་དང་། ཟན་དང་། ཕྱེ་དང་ཤ་དང་ཁུར་བ་རྣམས་ཡོད་པ་བཞིན་དུ། ཤར་གྱིས་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་གྲང་སྤྱོད་རྣམས་ལ་ཡང་ཡོད་དོ།། ། ་བྱང་གི་སྒྲ་མི་སྙན་རྣམས་ནི་མ་སྨོས་མ་བཏབ་པའི་འབྲས་བུཿས་ལུའི་འབྲུ་ཟའོ།། རྒྱལ་ཆེན་བཞིའི་ལྷ་རྣམས་ནི་འབྲིའོ།། བདུད་རྩི་ཡང་ཟའོ།། རྒྱལ་ཆེན་བཞི་ནི ་ལྷ་རྣམས་ཇི་ལྟ་བ་བཞིན་དུ་སུམ་བཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱང་དེ་བཞིན་ནོ།། དེ་ཡན་ཆང་ནི་ཁམས་ཀྱི་ཟས་མེད་དོ།། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ནི་བདུད་རྩི་ནི་བཞི་སྟེ། སྔོན ་པོ་དང་སེར་པོ་དང་། དམར་པོ་དང་དཀར་པོ་རྣམས་སོ།། རྒྱལ་ཆེན་བཞིའི་ལྷ་རྣམས་ནི་ཇི་ལྟ་བ་བཞིན་དུ་སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་བ་རྣམས་དང་། ་དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱང་དེ་བཞིན་ནོ།། ཚངས་རིས ་པ་རྣམས་ནི་མེད་དོ།། དེ་ཡན་ཆད་ལ་མེད་དོ།། ཇི་ལྟར་འཛམ་བུ་གླིང་གི་མི་རྣམས་ལ་གཤང་བ་དང་། ཅི་བ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམ ་དང་། ནུབ་ཀྱི་བ་གླང་སྤྲོད་པ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་ལ་ཡང་ཡོད་དོ།། རྒྱལ་ཆེན་བཞིའི་ལྷ་རྣམས་ལ་ནི་མེད་དོ།། དེ་ཡན་ཆད་ལ་ཡང་མེད་དོ།། ་ཇི་ལྟར་འཛམ་བུ་གླིང་པོན་མི་རྣམས་ལ་ཆར་འབབ་འཁས་པ་དང་། ཆར་འབབ་མི་འཁས་པ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ ་ཀྱི་བ་གླང་སྤྲོད་རྣམས་ལ་ཡང་ཡོད་དོ།། བྱང་གི་སྒྲ་མི་སྙན་པ་རྣམས་དང་། རྒྱལ་ཆེན་བཞིའི་རིས་རྣམས་ལ་ནི་མེད་དོ།། དེ་ཡན་ཆད་ལ་ཡང་མེད་དོ།། ཇི་ལྟར ་འཛམ་བུའི་གླིང་གི་མི་རྣམས་ལོ་ལེགས་པ་དང་། མུ་གེ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་གྲང་སྤྱོད་པ་རྣམས་ལ་ཡང་ཡོད་དོ།། ་བྱང་གི་སྒྲ་མི་སྙན་རྣམས་དང་། རྒྱལ་ཆེན་བཞིའི་རིས་རྣམས་ལ་ནི་མེད་དོ། དེ་ཡན་ཆད་ལ་ཡང་མེད་དོ།། ཇི་ལྟར་འཛམ་བུ་གླིང་གི་མི་རྣམས་ལ་ནི་འཇིགས་པ་དང་བདེ ་བ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་དང་། ནུབ་ཀྱི་བ་གླང་སྤོད་པ་རྣམས་ལ་ཡང་ཡོད་དོ།། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལ་ནི་མེད་དོ།། རྒྱལ་ཆེན་བཞིའི ་བ་རྣམས་དང་། གཞན་འཕྲུལ ་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་དབང་བྱེད་པ་རྣམས་ལ་ཡང་ཡོད་དོ།། ་ཚངས་རིས་པ་རྣམས་ལ་ནི་མེད་དོ།། དེ་ཡན་ཆད་ལ་ཡང་མེད་དོ།། འཇིག་རྟེན་བཞག་པ་ལས་ཚིག་གསུམ་པའོ།། སྡོམ་ནི་ཉོ་ཚོང་མདོག་དང་ཁར་ལ་འཇུག་པ་དང་། ་བདིང་བ་དང་ནི་བཞག་གོས་དང་། ཡང་དང་དགེ་དང་ཐ་དད་དང་། བག་མ་ལེན་པ་ཅུ་ཚན་ཡིན། ཇི་ལྟར་འཛམ་བུ་གླིང་གི་མི་རྣམས་ལ། ནོར་རམ་འབྲུ་འམ། གསེར ་རམ་དངུལ་གྱི་ཉོ་ཚོང་བྱ་བ་ཡོད་པ་དེ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་གླང་སྤྱོད་རྣམས་ལ་ནི་ཡོད་དོ།། བྱང་གི་སྒྲ་མི་སྙན་རྣམས་དང་། རྒྱལ ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་མེད་དོ།། དེ་ཡན་ཆད་ལ་མེད་དོ།། འདི་སྐད་དུ་འཛམ་བུ་གླིང་གི་མི་རྣམས་ནི་ནོར་དང་། འབྲུ་རྣམས་ཉེ་ཚོང་བྱེད་དོ།། ཤར་གྱི་ལུས་འབག ་པོ་རྣམས་ནི་རས་དང་བྱི་རུ་རས་རྣམས་ཀྱིསོ།། ནུབ་ཀྱི་བགྲང་སྤྱོད་པ་རྣམས་ནི་བ་གླང་དང་ནོར་བུ་རྣམས་ཀྱིསོ།། ཞེས་ཟེར་བ་ཡོད་དོ།། ཇི་ལྟར་འཛམ་བུ་གླིང་གི་ནི་རྣམས ་ནི་མདོག་ནག་པོ་དང་། དཀར་པོ་དང་། སྔོ་སངས་དང་། མདོག་སྤྱ་ནར་རྣམ་པར་བཞི་ཡོད་པ་བཞིན་དུ་ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་གླང་སྤྱོད་པ ་རྣམས་ཀྱང་དེ་བཞིན་ནོ།། བྱང་གི་སྒྲ་མི་སྙན་རྣམས་ནི་མདོག་ཅིག་སྟེ་དཀར་པོའོ།། རྒྱལ་ཆེན་བཞི་པ་རྣམས་ནི་མདོག་ཅིག་སྟེ། སྔོན་པོ་དང་སེར་པོ་དང་དམར་པོ་དང་། དཀར ་པོ་རྣམས་སོ།། རྒྱལ་ཆེན་བཞི་པ་རྣམས་ཀྱི་ཇི་ལྟ་བ་དེ་བཞིན་དུ་སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ། ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱང་དེ་བཞིན་ནོ།། ཚངས་རིས་ཀྱི་ལྷ་རྣམས་ནི་མདོག་ཅིང་ཏེ་དཀར་པོའོ།། ཚངས་རིས ་ཇི་ལྟ་བ་བཞིན་དུ། ཚངས་པ་འདུན་ན་འདོན་རྣམས་དང་། ཚངས་པ་ཆེན་པོ་རྣམས་དང་། འོད་ཆུང་བ་རྣམས་དང་། ཚད་མེད་འོང་བ་རྣམས་དང་། འོད་གསལ་བ་རྣམས ་དང་། དགེ་ཆུང་རྣམས་དང་། དགེ་རྒྱས་རྣམས་དང་། སྤྲིན་མེད་དགེ་རྣམས་དང་། བསོད་ནམས་སྐྱེས་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། ་མི་གདུང་བ་རྣམས་དང་། གྱ་ནོམ་སྣང་བ་རྣམས་དང་། ཤིན་དུ་མཐོང་བ་རྣམས་དང་། འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱང་དེ་བཞིན་དུ་ན་མཁའ་མཐའ་ཡས་སྐྱེ་མཆེད་པ ་རྣམས་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་པ་དང་། འདུ་ཤེས་མེད་མིནི་སྐྱེ་མཆེད་པ་ནི་ཁ་དོག་མེད་དོ།། ཇི་ལྟར་འཛམ ་བུ་གླིང་བ་རྣམས་ཀྱི་ཁང་པ་ཆེད་དུ་བྱས་པ་རྣམས་དང་། གཞལ་མེད་ཁང་པ་འདྲ་བ་དང་། ས་ཁང་རྣམས་ཡོད་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ་ནུབ་ཀྱི་བ་གླང་སྤྲོད་པ་རྣམས་ཀྱང་དེ་བཞིན་ནོ།། བྱང་གི་སྒྲ་མི་སྙན་པའི་མི་རྣམས་ཀྱི་ཁང་པ་ནི་ཆེད་དུ་བྱས་པ་མ་ཡིན། ལས་ཁང་དག་གོ། རྒྱལ་ཆེན་བཞི་པ་རྣམས་ཀྱི ་བཞལ་མེད་ཁང་ནི་ཆེད་དུ་བྱས་པ་དང་ཆེད་དུ་བྱས་པ་མ་ཡིན་པ་དག་གོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ། ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱང་དེ་བཞིན་ནོ།། ཚངས་རིས་པ་རྣམས་ཀྱི་གཞལ་མེད་ཁང་། ་རྣམས་ནི་ཆེད་དུ་བྱས་པ་མ་ཡིན་པ་དག་གོ་ཚངས་རིས་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་འོག་མིན་པ་རྣམས་ཀྱི་བར་དུ་བཞལ་མེད་ཁང་རྣམས་ཀྱང་ཆེད་དུ་མ་བྱས་པ་ཡིན་ནོ།། གཟུགས་མེད ་པ་རྣམས་ལ་ནི་ཁང་པ་དག་མེད་དོ།། ཇི་ལྟར་འཛམ་བུ་གླིང་གི་མི་རྣམས་ལ་ནི་གདིང་བ་དང་། བགོ་བ་འདི་ལྟ་སྟེ། བལ་གོས་དང་། ཤ་ནིའི་རས་དང་། གསོ་རས་དང་། ་ཟར་མའི་རས་དང་། རས་གོས་དང་། དར་ཛ་བ་དང་། ཀོ་ཏམ་པའི་རས་དང་། ཙཱ་དུ་གུ་ལའི་གོས་དང་། ཨ་པ་རན་ད་ཀའི་གོས་དང་། རས་དང་། བྱིའུ་རས་ཡོད་པ ་བཞིན་དུ། ཤར་ལུས་འཕགས་པོ་རྣམས་དང་། ནུབ་པ་གླང་སྤྲོད་པ་རྣམས་ལ་ཡོད་དོ།། བྱང་གི་སྒྲ་མི་སྙན་པའི་མི་རྣམས་ནི་དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས ་དག་གོན་ནོ།། ཇི་ལྟར་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་དག་གོན་པ་བཞིན་དུ། རྒྱལ་ཆེན་བཞི་པའི་རིས་ཀྱི་ལྷ་རྣམས་དང་སུམ ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་ལྷ་ཡང་དེ་བཞིན་ནོ།། ་ཚངས་རིས་ཀྱི་ལྷ་རྣམས་ནི་གོས་གོན་པ་བཞིན་དུ་སྐྱེའོ།། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་དཔག་བསམ་གི་ཤིང་རྣམས་ནི་རྣམ་པ་བཞི་སྟེ། ་སྔོན་པོ་དང་སེར་པོ་དང་དམར་པོ་དང་། གཞན་གོས་ཀྱང་རྣམ་པ་བཞི་སྟེ། སྔོན་པོ་དང་སེར་པོ་དང་། དམར་པོ་དང་དཀར་པོ་རྣམ་སོ།། དཔག་བསམ་གྱི་ཤིང་ལས་བྱུང ་བའི་གོས་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་སྐྱེས་པ་འམ། བུད་མེད་དག་གི་སེམས་སྐྱེད་པ་དག་དུ་དེ་ལ་ཡལ་ག་འདུད་པར་བྱེད་དོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་དཔག་བསམ། ་གྱི་ཤིང་རྣམ་པ་བཞི་སྟེ། སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་རྣམས་སོ།། དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་ཀྱང་རྣམ་པ་བཞི་སྟེ། སྔོན་པོ་དང་། ་སེར་པོ་དང་དམར་པོ་དང་དཀར་པོ་རྣམས་སོ།། དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་ཇི་ལྟ་བུ་ལགས། ལྷའི་བུ་དག་གི་སེམས་སྐྱེད་མ་ཐག་ཏུ་ཡལ་ག་འདུད་པར་བྱེད། ་དེའི་ལག་ཏུ་འོང་བར་འགྱུར་རོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ། གཞན་འཕྲུལ་དབང་བྱེད་ཀྱི་བར་དག་གི་ཡང་དེ་བཞིན་ནོ།། ཚངས་རིས་ཀྱི་ལྷ ་རྣམས་ལ་ནི་དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་མེད་དོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ་གདིང་བ་དང་། བགོ་བ་ལྕི་བ་དང་། ཡང་བ་ཡོད་པ་བཞིན་དུ། ་ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བགྲང་སྤྱོད་པ་རྣམས་ལ་ཡོད་དོ།། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་ལ་སྲང་ཅིག ་ཡོད་དོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་ལ་ནི་སྲང་བྱེད་ཡོད་དོ།། སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ནི་སྲང་གི་བཞིན་ཅིག་གོ། མཐབ་བྲལ་བ་རྣམས་ཀྱི་རྒྱང་ཆ་ཅིག་གོ།། ་དགའ་ལྡན་པ་རྣམས་ཀྱི་སྲང་གི་ཅུ་དྲུག་ཆ་ཅིག་གོ།། འཕྲུལ་དགའ་བ་རྣམས་ཀྱི་ནི་སྲང་གི་སུམ་ཅུ་རྩ་གཉིས་ཀྱི་ཆ་ཅིག་གོ།། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ནི ་དཔག་ཚད་གྱི་ཤིང་ལས་བྱུང་བའི་གོས་ནི་སྲང་གི་དྲུག་ཅུ་རྩ་བཞི་ཆ་ཅིག་ཡོད་དོ།། ཚངས་རིས་ཀྱི་ལྷ་རྣམས་ཀྱིས་ནི་གཞལ་དུ་མེད་པའི་གོས་ཡིན་ནོ།། ཚངས་རིས ་པ་རྣམས་ཀྱི་ཇི་ཙམ་བཞིན་དུ་འོག་མིན་གྱི་ལྷ་རྣམས་ཀྱི་ཡང་གཞལ་དུ་མེད་པའི་གོས་ཡིན་ནོ།། ཉི་ཟེར་གྱི་རྡུལ་བདུན་ལ་ནི་རི་བོང་བདུལ་ཅིག་གོ།། རི་བོང་བདུན་ལ་ནི ་ལུག་རྡུལ་ཅིག་གོ། ལུག་རྡུལ་བདུན་ལ་ནི་གླང་རྡུལ་བདུན་ནོ་གླང་རྡུལ་བདུན་ལ་ནི་སྲོ་མ་ཅིག་གོ། སྲོ་མ་བདུན་ལ་ནི་ཨ་བ་ན་ཅིག་གོ།། ཨ་བ་ན་གོ་བདུན་ལ་ནི་བ་ཏི་ཙིགོ། ་བ་ཏི་ཀ་བདུན་ལ་ནི་ནས་འབྲུ་ཅིག་གོ། ནས་འབྲུ་བདུན་ལ་ནི་སོར་ཅིག་གོ། སོར་ཉི་ཤུ་རྩ་བཞི་ལ་ནི་ཁྲུ་གང་ངོ་།། འཛམ་བུ་གླིང་གི་མི་ཁ་ཅིག་ནི་ཁྲུ་ཚང་དེ་ལྟར་རྩིས་ཁྲུ་ཕྱེ ་དང་བཞི་པའོ།། ཤར་གྱི་ལུས་འཕགས་པོ་རྣམས་ནི་ཁྲུ་བརྒྱད་པའོ།། ནུབ་ཀྱི་བ་གླང་སྤྲོད་པ་རྣམས་ནི་ཁྲུ་ཅུ་དྲུག་པའོ།། བྱང་གི་སྒྲ་མི་སྙན་པ་རྣམས་ནི་ཁྲུ ་སུམ་ཅུ་རྩ་གཉིས་པའོ།། རྒྱལ་ཆེན་བཞི་པ་རིས་ཀྱི་ལྷ་རྣམས་ཀྱི་ལུས་ཐོབ་པ་ནི། རྒྱང་གྲོགས་ཀྱི་བཞི་ཆ་ཅིག་གོ། སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་རྒྱང་གྲགས ་བྱེད་དོ།། འཐབ་བྲལ་བ་རྣམས་ཀྱི་ནི་རྒྱང་གྲགས་ཀྱི་བཞི་ཆ་གསུམ་མོ།། དགའ་ལྡན་པ་རྣམས་ཀྱི་རྒྱང་གྲགས་ཅིག་གོ།། འཕྲུལ ་དགའ་བ་རྣམས་ནི་རྒྱང་གྲགས་ཅིག་དང་། རྒྱང་གྲགས་ཀྱི་བཞིན་ཅིག་གོ། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱིས་རྒྱང་གྲགས་ཕྱེ་དང་གཉིས་སོ།། ཚངས ་པའི་རིས་རྣམས་ཀྱི་དཔག་ཚད་དོ།། ཚངས་པ་འདུན་ན་འདོན་རྣམས་ཀྱི་ནི་དཔག་ཚད་ཅིག་གོ།། ཚངས་པ་ཆེན་པོ་རྣམས་ཀྱི་ནི་དཔག་ཚད་ཕྱེ་དང་གཉིས།། འོད ་ཆུང་བ་རྣམས་ཀྱི་ནི་དཔག་ཚད་གཉིས་སོ།། ཚད་མེད་འོང་བ་རྣམས་ཀྱི་ནི་དཔག་ཚད་བཞིའོ།། འོད་གསལ་བ་རྣམས་ཀྱི་ནི་དཔག་ཚད་རྒྱད་དོ།། དགེ་ཆུང་བ་རྣམས ་ཀྱི་ནི་དཔག་ཚད་ཅུ་དྲུག་གོ། ཚད་མེད་དགེ་བ་རྣམས་ཀྱི་ནི་དཔག་ཚད་སུམ་ཅུ་རྩ་གཉིས་སོ།། དགེ་རྒྱས་པ་རྣམས་ཀྱི་ནི་དཔག་ཚད་དྲུག་ཅུ་རྩ་གཉིས་སོ།། སྤྲིན་མེད ་པ་རྣམས་ཀྱི་ནི་དཔག་ཚད་བཞིའོ།། གསོད་ནམས་སྐྱེས་པ་རྣམས་ཀྱི་ནི་དཔག་ཚད་ཉིས་རྒྱ་ལཱ་ཅུའོ།། འབྲས་བུ་ཆེ་བའི་ལྷ་རྣམས་ནི་དཔག་ཚད་ལྔ་རྒྱའོ།། འདུ ་ཤེས་མེད་པའི་སེམས་ཅན་རྣམས་ཀྱི་ཡང་དེ་དང་འདྲའོ།། མི་ཆེ་བའི་ལྷ་ལུས་ཐོབ་པ་རྣམས་ཀྱི་དཔག་ཚད་སྟོང་ངོ་།། མི་བདུང་བ་རྣམས་ཀྱི་དཔག་ཚད་ཉིས་སྟོང་ངོ་།། ་གྱ་ནོམ་སྣང་བ་རྣམས་ཀྱི་ནི་དཔག་ཚད་བཞི་སྟོང་ངོ་།། ཤིན་དུ་མཐོང་བ་རྣམས་ཀྱི་ནི་དཔག་ཚད་རྒྱད་སྟོང་ངོ་།། འོག་མིན་གྱི་ལྷ་རྣམས་ཀྱི་ལུས་ཐོབ་པ་རྣམས་ནི་དཔག ་ཚད་ཁྲི་དྲུག་སྟོང་ངོ་།། མི་གདུང་བ་རྣམས་ཀྱི་གསགས་པའི་ལུས་མེད་དོ།། ཉི་ཟེར་གདུལ་གྱི་བཞི་བཅུ་རྩ་དགུའི་རྡུལ་ཅིག་ནི་རྡུལ་ཕྲ་རབ་ཡིན་ནོ།། རྡུལ་ཕྲ་རབ་བདུན། ་ལ་ནི་རྡུལ་ཕྲ་མོ་ཅིག་གོ།། རྡུལ་ཕྲ་མོ་བདུན་ལ་ནི་ཉི་ཟེར་གྱི་རྡུལ་ཅིག་གོ།། བརྒྱད་པར་ཁྲུ་གང་གི་བར་དུ་སྟེ། འཛམ་བུ་གླིང་གི་མི་ཁ་ཅིག་ནི་ཁྲུ་རྒྱད་པ་གྱོན་ཏོ། ཁ ་ཅིག་ནི་ཁྲུ་ཅུའོ། ཤར་གྱི་ལུས་འཕགས་པ་རྣམས་ཀྱི་ཁྲུ་ཉི་ཤུའོ།། ནུབ་ཀྱི་བ་གླང་སྤྱོད་པ་རྣམས་ཀྱི་ནི་ཁྲུ་བཞི་ཅུའོ།། བྱང་གི་སྒྲ་མི་སྙན་པའི་མི་རྣམས་ནི་དཔག ་བསམ་གྱི་ཤིང་ལས་བྱུང་བའི་གྲོས་ཁྲུ་རྒྱ་ཅུ་པ་གྱོ་ནོ།། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱང་ལུས་ལ་ཅི་རན་པའི་གོས་གྱོན་ཏོ།། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས ་ཇི་ལྟ་བ་དེ་བཞིན་དུ། འོག་མིན་གི་བར་དུག་གི་དེ་བཞིན་ནོ།། འཛམ་བུ་གླིང་གི་མི་རྣམས་དབང་པོ་ཐ་དད་དོ།། ཁ་ཅིག་ལ་མེའི་དབང་པོ་དང་། ཁ་ཅིག་ལ་པོའི ་དབང་པོ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་གླང་སྤྲོད་པ་རྣམས་དང་། རྒྱལ་ཆེན་བཞི་པའི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ལ་ཡང་ཡོད་དོ།། ། ་ཚངས་རིས་ཀྱི་ལྷ་རྣམས་ལ་ནི་མེའི་དབང་པོ་ཡང་མེད། པོའི་དབང་པོ་ཡང་མེད་དོ།། ཚངས་རིས་པ་རྣམས་ཇི་ལྟ་བ་བཞིན་དུ། འོག་མིན་པར་དག་གི་ཡང་དེ ་བྱང་གི་སྒྲ་མི་སྙན་པ་རྣམས་དང་། ་6། དགའ་ཞན་པན་5། བཞིན་ནོ།། ཇི་ལྟར་འཛམ་བུ་གླིང་གི་མི་རྣམས་ལ་བག་མ་བཏོང་བ་དང་། ལེན་པ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་།། ་ནུབ་ཀྱི་བ་གླང་སྤྱོད་རྣམས་ཡང་ཡོད་དོ།། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལ་མེད་དོ།། རྒྱལ་ཆེན་བཞིའི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ། ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ལ་ཡང་ཡོད་དོ།། ཚངས་རིས་ཀྱི་ལྷ་རྣམས་ལ་བག་མ་ཏོང་བ་མེད། བག་མ་ལེན་པ ་ཡང་མེད་དོ། ཚངས་རིས་ཀྱི་ལྷ་རྣམས་ཇི་ལྟ་བ་བཞིན་དུ། འོག་མན་གྱི་བར་དག་ཀྱང་དེ་བཞིན་ནོ།། འཇིག་རྟེན་བཞག་པ་ལས་ཚིག་བཞི་པའོ།། སྡོམ་ནི་གྲང་དང ་དུས་ཚིགས་མཚན་མོ་དང་། ཕ་མ་དང་ནི་རྗེས་ཁོལ་དང་། ནོར་དང་འབྲུ་དང་མངོན་པར་ཞེ་ན། ཅུ་ཚན་ཡོངས་སུ་རྗོད་པ་ཡིན། ཇི་ལྟར་འཛམ་བུ་གླིང་གི་མི་རྣམས་ཤིན་དུ ་གྲང་བ་དང་། ཤིན་དུ་ཚ་བ་ཡོད་པ་བཞིན། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་གླང་སྤྲོད་པ་རྣམས་ལ་ཡང་ཡོད་དོ།། བྱང་གི་སྒྲ་མི་སྙན་གྱི་མི་རྣམ ་ལ་ནི་མེད་དེ། རྒྱལ་ཆེན་བཞི་པའི་ལྷ་རྣམས་ལ་མེད་དོ།། དེ་ཡན་ཆད་ལ་ཡང་མེད་དོ། ཇི་ལྟར་འཛམ་བུ་གླིང་གི་མི་རྣམས་ལ་དུས་ཚིགས་འདི་ལྟ་སྟེ། དགུན་དང་། ་དཔྱིད་དང་། དབྱར་ཡོད་པ་བཞིན་དུ་ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་གླང་སྤོང་པ་རྣམས་དང་། རྒྱལ་ཆེན་བཞི་པའི་ལྷ་རྣམས་དང་། སུམ་ཅུ་རྩ ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་གྱི་ལྷ་རྣམས་ལ་ཡོད་དོ།། ཚངས། ་རིས་ཀྱི་ལྷ་རྣམས་དང་། འོག་མིན་གྱི་བར་རྣམས་ལ་ཡང་དེ་བཞིན་ནོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ་མཚན་མོ་དང་ཉིན་མོ་ཡོད་པ་བཞིན་དུ་ཤར་གྱི་ལུས་འཕགས ་པོ་རྣམས་དང་། ནུབ་ཀྱི་བ་གླང་སྤོད་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་དང་། རྒྱལ་ཆེན་བཞི་པའི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས། ཚངས་རིས་ཀྱི་ལྷ་རྣམས་ལ་མཚན་མོ་ཡང་མེད ་ཉིན་མོ་ཡང་མེད་དོ།། ཚངས་རིས་པ་རྣམས་ལ་ཇི་ལྟ་བ་བཞིན་དུ། འོག་མིན་གྱི་བར་དག་ལ་ཡང་དེ་བཞིན་ནོ།། ཇི་ལྟར་འཛམ་བུ་གླིང་གི་མི་རྣམས་ལ་ཡང་པ་དང་མ་ཡོད ་བ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་གླང་སྤྱོད་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་དང་། རྒྱལ་ཆེན་བཞི་པའི་ལྷ་རྣམས་དང་། སུམ ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ ་ཡང་ཡོད་དོ།། ཚངས་རིས་ཀྱི་ལྷ་རྣམས་ལ་ནི་ཕ་ཡང་མེད་མ་ཡང་མེད་དོ།། ཚངས་རིས་ཀྱི་ལྷ་རྣམས་ཇི་ལྟ་བ་བཞིན་དུ་འོག་མན་གྱི་བར་དག་ལ་ཡང་དེ་བཞིན་ནོ།། ་། ཇི་ལྟར་འཛམ་བུ་གླིང་གི་མི་རྣམས་ལ་ཇོ་བོ་དང་བྲན་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་དང་། ནུབ་ཀྱི་བ་གྲང་སྤྱོད་པ་རྣམས ་ལ་ཡང་ཡོད་དོ། བྱང་གི་སྒྲ་མི་སྙན་པའི་མི་རྣམས་ལ་ནི་ཇོ་བོ་ཡང་མེད་བྲན་ཡང་མེད་དོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་ནི་ཇོ་བོ་དང་བྲན་ཡང་ཡོད་དོ། རྒྱལ་ཆེན་བཞིའི ་ལྷ་རྣམས་ཇི་ལྟ་བ་བཞིན་དུ། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན ་འཕྲུལ་དབང་བྱེད་པ་རྣམས་ལ་ཡང་དེ་བཞིན་ནོ།། ཚངས་རིས་ཀྱི་ལྷ་རྣམས་ལ་ནི་ཇོ་བོ་ཡང་མེད་བྲན་ཡང་མེད། ཚངས་རིས་པ་རྣམས་ལ་ཇི་ལྟ་བ་བཞིན་དུ། འོག་མིན ་གྱི་བར་དག་ལ་ཡང་དེ་བཞིན་ནོ།། ཇི་ལྟར་འཛམ་བུ་གླིང་གི་མི་རྣམས་ལ་ནོར་དང་འབྲུ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་གྲང་སྤོང་རྣམས ་ལ་ཡང་ཡོད་དོ།། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལ་ནི་འབྲུ་ནི་ཡོད་ལ་ནོར་ནི་མེད་དོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་ལ་ནི་ནོར་དང་འབྲུ་ཡོད་པ་ནི་མེད་དོ།། རྒྱལ་ཆེན་བཞིའི ་ལྷ་རྣམས་ཇི་ལྟ་བ་བཞིན་དུ་སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང ་བྱེད་པ་རྣམས་ལ་ཡང་དེ་བཞིན་ནོ།། ཚངས་རིས་ཀྱི་ལྷ་རྣམས་ལ་ནི་ནོར་དང་མེད་འབྲུ་ཡང་མེད་དོ།། ཚངས་རིས་ཀྱི་ལྷ་རྣམས་ལ་ཇི་ལྟ་བ་བཞིན་དུ་འོག་མིན་གྱི་བར་དག་ལ ་མཛ ་ཡང་དེ་བཞིན་ནོ།། ཇི་ལྟར་འཛམ་བུ་གླིང་གི་མི་རྣམས་ལ་པ་འམ། མའམ་བུ་པོ་འམ་བུ་མོའམ་ཇོ་བོ་འམ། བྲམ་འམ་ནོར་རམ། འབྲུ་ལ་སྔོན་པར་ཞེན་པ་དེ་བཞིན་དུ། ་ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་གླང་སྤྱོད་པ་རྣམས་ལ་ཡོད་དོ།། བྱང་གི་སྒྲ་མི་སྙན་པ་རྣམས་ནི་ཅི་ལ་ཡང་མངོན་པར་ཞེན་པ་མེད་དོ།། རྒྱལ་ཆེན་བཞི ་པའི་ལྷ་རྣམས་ལ་ནི་འབྲུ་མ་རྟོགས་ལ་མངོན་པར་ཞེན་པ་ཡོད་དོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཇི་ལྟ་བ་བཞིན་དུ། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་ཀྱང་དེ་བཞིན་ནོ།། ཚངས་རིས་ཀྱི་ལྷ་རྣམས་ནི་ཅི་ལ་ཡང ་མངོན་པར་ཞེན་པ་མེད་དོ།། ཚངས་རིས་རྣམས་ཇི་ལྟ་བ་བཞིན་དུ་ཚངས་པ་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་རྣམས་དང་། འོད་ཆུང་བ་རྣམས་དང་། ཚད ་མེད་འོད་རྣམས་དང་། འོད་གསལ་བ་རྣམས་དང་། དགེ་ཆུང་བ་རྣམས་དང་། ཚད་མེད་དགེ་བ་རྣམས་དང་། དགེ་རྒྱས་པ་རྣམས་དང་། བསོད་ནམས་སྐྱེས་པ ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནོམ་སྣང་བ་རྣམས་དང་། ཤིན་དུ་མཐོང་བ་རྣམས་དང་། འོག ་མིན་གྱི་ལྷ་རྣམས་ཀྱང་དེ་བཞིན་ནོ།། འཇིག་རྟེན་གདགས་པ་ལས་ཚིག་ལྔ་པའོ།། སྡོམ་ནི། ཟླ་མཚན་ཁྲག་དང་ཁུ་ནུ་དང་། ཚེ་དང་ནག་པོ་ཆུ་ཀླུང་ཁྲག། ས་ལ ་@རྫིང་དང་གླང་པོ་དང་། སྲུངས་མ་འཁོར་ལོ་སྒྱུར་བའི་ལམ། ཇི་ལྟར་འཛམ་བུ་གླིང་གི་མི་རྣམས་ལ་བུད་མེད་ཟླ་མཚན་ཅན་དང་སྦྲུམ་མ ་དང་། བུ་ཙ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་བླང་སྤྱོད་རྣམས་དང་། བྱང་གི་སྒྲ་མི་སྙན་རྣམས་ལ་ཡོད་དོ།། རྒྱལ་ཆེན་བཞི་པའི་ལྷ ་རྣམས་ཀྱི་ནི། འཛམ་བུ་གླིང་བ་རྣམས་ཀྱི་ནི་ཁྱེའུ་འམ། བུ་མོ་ལོ་ལྔ་ལོན་པ་ཇི་ཙམ་པ་དེ་ཙམ་བཞིན་དུ། ལྷ་འམ་ལྷའི་བུ་མོའི་ཕྲག་པ་འམ། བང་པར་སེམས་ཅན་རྫུས་ཏེ ་སྐྱེ་བར་འགྱུར་ཏེ། དེ་ནས་ལྷ་འམ་ལྷའི་བུ་མོ་དག་འདི་སྙམ་དུ་འདི་ནི་བདག་གི་བུ་འམ་བུ་མོའོ་སྙམ་དུ་སེམས་སོ།། ཁྱེའུ་འམ་བུ་མོ་དེ་དག་ཀྱང་འདི་སྙམ་དུ། འདི་ནི་བདག ་ཅག་གི་མ་འམ་པའོ།། སྙམ་དུ་སེམས་སོ།། སུམ་ཅུ་རྩ་གསུམ་པ་རྣམས་ནི་ལོ་དྲུག་ལོན་པ་ཇི་ཙམ་པ་བཞིན་ནོ།། འཐབ་བྲལ་བ་རྣམས་ནི་ལོ་བདུན་ལོན་པ་ཇི་ཙམ་པ་བཞིན་ནོ།། ་དགའ་ལྡན་པ་རྣམས་ནི་ལོ་རྒྱད་ལོན་པ་ཇི་རྩམ་པ་བཞིན་ནོ།། འཕྲུལ་དགའ་བ་རྣམས་ཀྱིས་ལོ་དགུ་ལོན་པ་ཇི་ཙམ་པ་བཞིན་ནོ།། གཞན་འཕྲུལ་དབང་བྱེད་པ་རྣམས ་ཀྱིས་ནི་མི་རྣམས་ཀྱི་ཁྱེའུ་དང་། བུ་མོ་ལོ་ཅུ་ལོན་པ་ཇི་ཙམ་པ་དེ་བཞིན་དུ། ལྷ་འམ་ལྷའི་བུ་མོ་དྲག་པ་འམ་བང་པར་རྫུས་ཏེ་སྐྱེས་པའི་སེམས་ཅན་འབྱུང་བར་འགྱུར་ཏེ། ་དེ་ན་ལྷ་འམ་ལྷའི་བུ་མོ་དག་འདི་སྙམ་དུ། འདི་ནི་བདག་གི་བུ་འམ་བུ་མོ་སྙམ་དུ་སེམས་སོ།། ཁྱེའུ་དང་བུ་མོ་དེ་དག་ཀྱང་འདི་སྙམ་དུ་འདི་བདག་ཅག་གི་པའོ་སྙམ་སེམས་སོ།། ་ཚངས་རིས་ཀྱི་ལྷ་རྣམས་ནི་ཐོག་མ་ཉིད་ནས་ཡན་ལག་ཐམས་ཅད་རྫོགས་པར་སྐྱེ་ཤིང་འཆི་བ་ན་ཡང་དེ་ཁོ་ན་བཞིན་ནོ།། འོག་མིན་གྱི་བར་ཡང་དེ་བཞིན་ནོ།། གཟུགས་མེད་པ ་རྣམས་ལ་ནི་ལུས་ཀྱི་གཟུགས་མེད་དོ།། དེ་ནས་དེ་དག་ནི་སྐྱེ་བར་ཡང་མི་མངོན་འཆི་བར་ཡང་མི་མངོན་ནོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ཚངས་པར་སྤྱོད་པ་འཁྲིག ་བའི་ཆོས་རྟེན་པ་ནི། གཉིས་ཀྱི་སྤོར་བ་ཡོད་པ་བཞིན་དུ་ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་གླང་སྤྱོད་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་དང་། རྒྱལ ་ཆེན་བཞི་པའི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་ཀྱང་དེ་བཞིན་ནོ།། འཐབ་བྲལ་བ་རྣམས་ཁྱད་པ་ཙམ་གྱིས་བདུང་བ་ཞི་བར་འགྱུར་རོ།། དགའ་ལྡན་པ་རྣམས ་ཀྱི་ནི་ལག་པ་ནས་བཟུང་བ་ཙམ་གྱིསོ།། འཕྲུལ་དགའ་བ་རྣམས་ཀྱིས་རྒད་པ་ཙམ་གྱིསོ།། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱིས་ནི་ལྟས་པ་ཙམ་གྱིས་གདུང་བ ་སེལ་བར་འགྱུར་རོ།། ཚངས་རིས་པ་རྣམས་ལ་འདོད་ཆགས་མེད་དོ།། ཚངས་རིས་པ་རྣམས་ཇི་ལྟ་བ་བཞིན་དུ། འོག་མིན་གྱི་བར་རྣམས་ཀྱང་དེ་བཞིན་ནོ།། ཇི་ལྟར ་མི་རྣམས་ལ་ཁུ་ཆུ་མི་ཙང་བ་ཡོད་པ་འབྱུང་བ་ཡོད་པ་བཞིན་དུ་ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་གླང་སྤྲོད་པ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས ་པ་ཡང་དེ་བཞིན་ཡོད་དོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་ནི་རླུང་ལས་བྱུང་ངོ་།། རྒྱལ་ཆེན་བཞིའི་ལྷ་རྣམས་ཇི་ལྟ་བ་བཞིན་དུ། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ཡང་དེ་བཞིན་ནོ།། ཚངས ་རིས་ཀྱི་ལྷ་རྣམས་ལ་འདོད་ཆགས་མེད་དོ།། ཚངས་རིས་ཀྱི་ལྷ་རྣམས་ཇི་ལྟ་བ་བཞིན་དུ་འོག་མིན་གྱི་བར་དག་ཀྱང་དེ་བཞིན་ནོ།། སེམས་ཅན་དམྱལ་བའི་སེམས་ཅན་རྣམས་ཀྱི ་ཚེའི་ཚད་ནི་བར་གྱི་སྐལ་པ་ཅིག་ཏེ། བར་མ་དོར་འཆི་བ་ནི་ཡོད་དོ།། དུད་འགྲོ་སྐྱེ་གནས་སུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་སྐལ་བ་ཅིག་སྟེ། བར་མ ་དོར་མཆི་བ་ནི་ཡོད་དོ།། མི་རྣམས་ཀྱི་ཉིན་ཞག་སུམ་ཅུ་གང་ཡིན་པ་དེ་ནི་ཡི་དྭགས་རྣམས་ཀྱི་ཉིན་ཞག་ཅིག་ཏེ་ཞག་སུམ་ཅུ་ལ་ཟླ་བ་ཅིག། ཟླ་བཅུ་གཉིས་ལེ་ཅིག་ཏེ། ཡི ་དྭགས་རྣམས་ནི་ཚེའི་ཚད་ནི་རབ་ནི་ལྔ་རྒྱ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། མི་ལྟར་ཙིན་ལོ་ཁྲི་ལྔ་སྟོང་ཡོད་དོ།། ཤར་གྱི་ལུས་འཕགས་ཀྱི་མི་རྣམས་ཀྱི་ཚེའི་ཚད་ཀྱི ་བར་ནི་ལོ་སྟོང་ཉིས་རྒྱ་ལྔ་ཅུ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། ནུབ་ཀྱི་བ་གླང་སྤྲོད་པའི་མི་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་ལྔ་རྒྱ་སྟེ་བར་མ་དོར་འཆི་བ་ནི་ཡོད་དོ།། བྱང་གི ་སྒྲ་མི་སྙན་གྲི་མི་རྣམས་ཀྱི་ཚེའི་ཚད་ཀྱང་རབ་ཀྱི་ལོ་སྟོང་སྟེ། བར་མ་དོར་འཆི་བ་ནི་མེད་དོ།། ཅིའི་ཕྱིར་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལ་བར་མ་དོར་འཆི་བ་མེད་ཅེ་ན། ་དེ་དག་ལ་བདག་གི་བག་མེད་ཅིང་ཡོངས་སུ་འཛིན་པ་མེད་དེ། ཚེ་ངེས་ཤིང་ཁྱད་པར་དུ་འགྲོ་བ་ཡིན་པས་དེའི་ཕྱིར། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལ་བར་མ་དོར ་མཆི་བ་མེད་དོ།། འཛམ་བུ་གླིང་གི་མི་རྣམས་ལ་ནི་ཡང་སྐྱེ་བ་དང་མར་འགྲིབ་པ་ཡོད་དོ།། འཛམ་བུ་གླིང་གི་མི་རྣམས་རེས་འགའ་ནི་ཚེ་དཔག་ཏུ་མེད་པར་འགྱུར། ་ལ་རེ་འགའ་ནི་ཚེ་ལོ་ཅུ་པར་ཡང་འགྱུར་རོ།། མི་རྣམས་ཀྱི་ནི་ལོ་ལྔ་ཅུ་གང་ཡིན་པ་དེ་ནི། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ཉིན་ཞག་ཅིག་གོ།། ཉིན་ཞག་དེ ་སུམ་ཅུ་ལ་ཟླ་བ་ཅིག། ཟླ་བཅུ་གཉིས་ལ་ལོ་ཅིག་ཏེ། སེམས་ཅན་དམྱལ་བ་ཡང་སོས་ཀྱི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་སེམས་ཅན་དམྱལ་བའི ་ལོ་ལྔ་རྒྱ་སྟེ། བར་མདོར་འཆི་བ་ནི་ཡོད་དོ།། དེ་མི་ལྟར་རྩི་ན་ལེ་བྱེ་བ་ས་ཡ་ཕྲག་འབུམ་དྲུག་ཁྲི་ཉིས་སྟོང་ཡོད་དོ།། མི་རྣམས་ཀྱི་ལོ་རྒྱ་གང་ཡིན་པ་དེ་ནི་སུམ ་ཅུ་རྩ་གསུམ་གི་ལྷ་རྣམས་ཀྱི་ཉིན་ཞག་ཅིག་ཏེ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་ཅིག། ཟླ་བཅུ་གཉིས་ལ་ལོ་ཅིག་ཏེ། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ཚེའི ་ཚད་ཀྱི་རང་ནི་ལྷའི་ལོ་སྟོང་སྟེ་བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི་ལྟར་ཅི་ན་ལེ་བྱེ་བ་ཕྲག་གསུམ་དང་། ས་ཡ་དྲུག་ཡོད་དོ།། དེ་ནི་སེམས་ཅན་དམྱལ ་བཆེན་པ་ཐིག་ནག་གི་ཅན་ག་གཅིག་པོ། ཉིན་ནག་དེ་སུམ་རྒྱ་ལ་ཟླ་བཅིག་གོ།། ཟླབ་ཅུ་གཉིས་ལ་ལོ་ཅིག་ཏེ། སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གི་ཚེའི་ཆང ་ཀྱི་རབ་ནི་སེམས་ཅན་དམྱལ་བའི་ལོ་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི་ལྟར་ཅིན་ལོ་བྱེ་བ་ཕྲག་འབུམ་ཁྲག་ཅུ་གཉིས་དང་། བྱེ་བ་ཕྲག་དགུ ་གཅིག ་དྲུག་སྟོང་ཡོད་དོ།། མི་རྣམས་ཀྱི་ལོ་ཉིས་རྒྱ་གང་ཡིན་པ་དེ་ནི་འཐབ་བྲལ་བའི་ལྷ་རྣམས་ཀྱི་ཉིན་ཞག་གོ།། ཉིན་ནག་དེ་སུམ་ཅུ་ལ་ཟླ་བ་ཅིག ་ཟླ་བཅུ་གཉིས་ལ་ལོ་ཙོག་ཏེ། འཐབ་བྲལ་བ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་ལྷའི་ལེ་ཉིས་སྔོ་སྟེ། བར་མདོར་འཆི་བ་ནི་ཡོད་དོ།། དེ་མིའི་ལྟར་ཅེན་ལོ་བྱེ་བ་ཕྲག་ཅུ་བཞི ་དང་ས་ཡ་ཕྲག་ཡོད་དོ།། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་སྡུས་འཇོམས་ཀྱི་ཉིན་ཞག་ཅིག་གོ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་ཅིག། ཟླ་བཅུ་གཉིས་ལ་ལོ་ཅིག་ཏེ། ་སེམས་ཅན་དམྱལ་བ་ཆེན་པོ་སྔས་འཇོམས་ཀྱི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་རབ་ནི་སེམས་ཅན་དམྱལ་བའི་ལོ་ཉིས་སྟོང་ཏེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི ་ལྟར་ཅིན་ལེ་བྱེ་བ་ཕྲག་ཅིག་དང་། བྱེ་བ་ཕྲག་འབུམ་དང་། བྱེ་བ་ཕྲག་དྲུག་ཁྲི་རྒྱད་སྟོང་ཡོད་དོ།། མི་རྣམས་ཀྱི་ལོ་བཞི་རྒྱ་གང་ཡིན་པ་དེ་ནི། དགའ་ལྡན་གྱི་ཉིན ་ཞག་དེ་གསུམ་ཅུ་ལ་ཟླ་བ་ཅིག། ཟླ་བཅུ་གཉིས་ལ་ལོ་ཅིག་གོ།། དགའ་ལྡན་གྱི་ལྷ་རྣམས་ཀྱི་ཆེའི་ཚད་ཀྱི་རབ་ནི་ལྷའི་ལོ་བཞི་སྟོང་ཏེ། བར་མདོར་འཆི་བ་ནི་ཡོད་དོ།། ་མི་ལྟར་རྩི་ན་ལོ་བྱེ་བ་ཕྲག་ལྔ་ཅུ་བདུན་དང་། ལོ་ས་ཡ་དྲུག་ཡོད་དོ།། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་ཉིན་ཞག་ཅིག། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་ཅིག། ་ཟླ་བཅུ་གཉིས་ལ་ལོ་ཅིག་ཏེ། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་སེམས་ཅན་དམྱལ་བའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་ལོ་བཞི་སྟོང་སྟེ། བར་མ་དོར་མ ་ནམའ། འ་ཅནས་ག་གདུང་མ་། ན་སྨྲ ་དེ་ནི། འཕྲུལ་དགའི་ལྷ་རྣམས་ཀྱི་ཉིན་ཞག་ཅིག་གོ། ཉིན་ཞག་དེ་གསུམ་ཅུ་ལ་ཟླ་བ་ཅིག་ཟླ་བཅུ་གཉིས་ལ་ལོ་ཅིག་ཏེ། འཕྲུལ་དགའ་བ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི ་ལྷའི་ལོ་རྒྱད་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི་ལྟར་རྩིས་ན་ལེ་བྱེ་བ་ཕྲག་ཉིས་རྒྱ་སུམ་ཅུ་དང་། ལོ་ས་ཡ་ཕྲག་བཞི་ཡོད་དོ།། སེམས་ཅན་དམྱལ་བ་ཆེན་པོ། ་ངུ་འབོད་ཆེན་པོའི་ཉིན་ཞག་ཅིག་གོ།། ཉིན་ཞག་སུམ་ཅུ་ལ་ཟླ་བ་ཅིག། ཟླ་བཅུ་གཉིས་ལ་ལོ་ཅིག་ཏེ། སེམས་ཅན་དམྱལ་བ་ཆེན་པོའི་ངུ་འབོད་ཆེན་པོའི་ཉིན་ཞག་ཅིག། ་ཉིན་ཞག་སུམ་ཅུ་ལ་ཟླ་བཅུ་གཉིས་ལ་ལོ་ཅིག་ཏེ། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོའི་ཚེའི་ཚད་ཀྱི་བར་ནི་ལོ་རྒྱ་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། ་དེ་མིའི་ལྟར་རྩིན། ལོ་བྱེ་བ་ཕྲག་བྱེ་བ་དྲུག་ཅུ་དང་། བྱེ་བ་ཕྲག་ས་ཡ་གསུམ་དང་། བྱེ་བ་ཕྲག་ལྔ་འབུམ་ལྔ་ཁྲི་ཉིས་སྟོང་ཡོད་དོ། མི་རྣམས་ཀྱི་ལོ་སྟོང་ཕྲག་རྒྱ་གང ་ཡིན་པ་དེ་ནི། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཁྲི་རྣམས་ཀྱི་ཉིན་ཞིགཅིག་གོ།། ཉིན་ནག་དེ་སུ་བཅུ་ལ་ཟླ་བ་ཅིག་ཟླ་བཅུ་གཉིས་ལ་ལོ་ཅིག་གོ།། གཞན་འཕྲུལ ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་ལྷའི་ལོ་ཁྲི་དྲུག་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། དེ་མོའི་ལྟར་ཙིན། ལོ་བྱེ་བ་ཕྲག་དྲུག་ཡོད་དོ།། དེ་ནི་སེམས ་ཅན་དམྱལ་བ་ཆེན་པོ་ཆེ་བའི་ཉིན་ཞག་ཅིག་གོ།། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་ཅིག། ཟླ་བཅུ་གཉིས་ལ་ལོ་ཙིག་ཏེ། སེམས་ཅན་དམྱལ་བ ་ཆེན་པོ་ཆེ་བའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་རབ་ནི་ལོ་ཁྲི་དྲུག་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི་ལྟར་ཙི་ན། ལོ་བྱེ་བ་ཕྲག་བྱེ་བ་ལྔ་རྒྱ་དང་ལོ་བྱེ་བ་ཕྲག་བྱེ་བ་སུམ ་ཅུ་དང་ལེ་བྱེ་བ་ཕྲག་ས་ཡ་རྒྱད་དང་བཞི་འབུམ་དང་། ལོ་བྱེ་བ་ཁྲག་ཁྲིག་དྲུག་སྟོང་ཡོད་དོ།། ང་བར་སྡོམ་ནི་དགུ་དང་གསུམ་དང་ཅུ་བཞི་དང་ནི་ལྔ་ཅུ་རྩ་བདུན་དང་། ཉིས་རྒྱ་དགུ་རྒྱ ་རྣམས་ནི་མིའི་གྲངས་ཀྱི་ལྷའི་ཆེར་བཤད། དེ་བཞིན་ཅིག་དང་ཅུ་གཉིས་ཅིག་དང་རྒྱད་དང་དྲུག་ཅུ་དང་། ལྔ་རྒྱ་དག་ནི་ལྷའི་གྲངས་ཀྱི་སེམས་ཅན་དམྱལ་བའི་ཚེ་ཚད་གཤད། ཚངས ་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་སྐལ་བ་བྱེད།། བར་མ་དོར་འཆི་བ་ནི་ཡོད་དོ།། ཚངས་པ་འདུན་འདོན་རྣམས་ཀྱི་ཚེའི་ཚད་ནི་བར་གྱི་སྐལ་པ་ཅིག་ཏེ་བར་མ་དོར་འཆི་བ་ནི་ཡོད་དོ།། ། ་སེམས་ཅན་དམྱལ་བ་ཆེན་པོ་མྱན་རཱ་ཅིའི་ཚད་ཀྱི་བར་ནི་སྐལ་བ་ཅིག་ཏེ། བར་མ་དོར་འཆི་བ་ནི་ཡོད་དོ།། ཚངས་པ་ཆེན་པོ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་སྐལ་བ་ཕྱེ་དང་གཉིས་ཏེ། ་བར་མདོར་འཆི་བ་ནི་ཡོད་དོ།། འོད་རླུང་གི་ལྷ་རྣམས་ཀྱི་ཆེའི་ཚད་ཀྱི་བར་ནི་སྐལ་པ་གཉིས་ནི་བར་མ་དོར་འཆི་བ་ནི་ཡོད་དོ།། ཆད་མེད་འོ་རྣམས་ཀྱི་ཚེའི་ཆད་ནི་རབ་ནི་ཚེའི་ཆང ་རབ་ནི་སྐལ་པ་བཞི་སྟེ། བར་མོ་འཆི་བ་ནི་ཡོད་དོ།། འོད་གསལ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི། སྐལ་བརྒྱད་དེ་བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་ཆུང་གི་ལྷ་རྣམས ་ཀྱི་ཚེའི་ཚད་ཀྱི་རབ་ནི་སྐལ་བཅུ་དྲུག་ཏེ། བར་མ་དེར་འཆི་བ་ནི་ཡོད་དོ།། ཚད་མེད་དགེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་སྐལ་པ་སུམ་ཅུ་རྩ་གཉིས་ཏེ། བར་མ་དོར། ་འཆི་བ་ནི་ཡོད་དོ།། དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་སྐལ་པ་དྲུག་ཅུ་རྩ་བཞི་ཏེ། བར་མ་དོར་འཆི་བ་ནི་ཡོད་དོ།། སྐྱེན་མཆེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་སྐལ་བ ་རྒྱ་ཉི་ཤུ་རྩ་ལྔ་ཏེ། བར་མ་དོར་འཆི་བ་ནི་ཡོད་དོ། བསོད་ནམས་སྐྱེས་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་སྐལ་པ་ཉི་རྒྱ་ལྔ་ཅུ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། འབྲས་བུ་ཆེ་བའི ་ལྷ་རྣམས་ཀྱི་ཚེའི་ཚད་ནི་རབ་ནི་སྐལ་པ་ལྔ་རྒྱ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། མི་ཆེ་བའི་ལྷ་རྣམས་ཀྱི་ཚེ་ཚད་ཀྱི་རབ་ནི་སྐལ་བ་ཉིས་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། ་གྱ་ནོམ་སྣང་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་རབ་ནི་སྐལ་བ་བཞི་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། ཤིན་དུ་མཐོང་བའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་སྐལ་པ་རྒྱད ་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། འོག་མིན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་སྐལ་པ་ཁྲི་དྲུག་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། ན་མཁའ་མཐའ་ཡས ་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་སྐལ་པ་ཉི་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་སྐལ ་པ་བཞི་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་སྐལ་པ་དྲུག་ཁྲི་སྟེ་བར་མ་དོར་འཆི་བ་ནི་ཡོད་དོ།། འདུ་ཤེས ་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ཚེའི་ཚད་ཀྱི་རབ་ནི་སྐལ་པ་རྒྱད་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། འདི་ནས་བྱང་ཕྱོགས་སུ་རི་ནག་པོ་གསུམ ་ཡོད་དེ། རི་ནིག་པོ་གསུམ་པོ་དེ་དག་གི་བྱང་ཕྱོགས་ན། རི་ནག་པོ་གསུམ་ཡོད་དེ། རི་ནག་པོ་གཞན་གསུམ་པོ་དེ་དག་གི་བྱང་ཕྱོགས་ན་ཡང་རི་ནག་པོ་གཞན་གསུམ་དག་ཡོད་དེ། རི ་ནག་པོ་གཞན་གསུམ་པོ་དེ་དག་གི་བྱང་ཕྱོགས་ན། རིའི་རྒྱལ་པོ་གངས་ཞེས་བྱ་བ་ཡོད་དེ། རིའི་རྒྱལ་པོ་གངས་ཀྱི་བྱང་ཕྱོགས་ན། རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡང་བ་ཞེས་བྱ་བ ་ཡོད་དེ། རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡང་ནས་དཔག་ཚད་བཅུའི་ཚུ་རོལ་ན་མཆེ་ཆེན་པོ་ཆུ་ཞེས་བྱ་བ་ཡོད་དེ་མ་གྲོས་པ་ཞེས་བྱའོ།། མཚོ་ཆེན་པོ་ཆུ་ཞེས་བྱ་བ་དེ་ལ་ཚུར་དཔག་ཚད་ལྔ་ཅུ་ཞེང ་དུ་དཔག་ཚད་ལྡ་ཅུ་ཡོད་དོ།། ཁོར་ཡུག་དུ་ནི་དཔག་ཚད་ཉིས་རྒྱའོ།། དབྱིབས་ལེགས་པ་ལྟ་ན་སྡུག་པ་མཛེས་པ་ཆུ་གསིལ་ཞིང་ཆུ་བྲེངས་ཅི་ལྟར་བུ་གང་བ། མེ་ཏོག་ཨུ་བ་ལ ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོས་ཀུན་དུ་ཁྱེབས་པར་འདུག་གོ། དེའི་ནང་ན་ཆུ་རླུང་ཆེན་པོ་བཞི་འདི་ལྟ་སྟེ། གང་ག་དང་། སནི་དྷུ་དང་། སི་ཏ་དང་། ་བག་ཤུ་དང་འདི་རྣམས་འབབ་བོ།། གང་ག་ནི་ཤར་ཕྱོགས་ནས་གླང་བེ་རེའི་ཁ་ནས་འབབ་སྟེ། དེ་ནི་མཚོ་ཆེན་པོ་ཆུ་ཞེས་བྱ་བ་ལ་གཡས་ཕྱོགས་སུ་སྐོར་ནས་རླུང་ལྔ་རྒྱ་དང་། ལྷན ་ཅིག་ཏུ་ཤར་ཕྱོགས་ཀྱི་རྒྱ་མཚོར་ཆེན་པོར་འགྲོའོ།། སནི་དྷུ་ནི་ལྷོ་ཕྱོགས་ནས་ཁྱུ་མཆོག་གི་ཁ་ནས་འབབ་སྟེ། འདི་ནི་མཚོ་ཆེན་པོ་ཆུ་ཞེས་བྱ་བ་གཡས་སྐོར་དུ་ནས། རླུང་ལྔ་རྒྱ་དང ་ལྷན་ཅིག་ཏུ་ལྷོ་ཕྱོགས་སུ་རྒྱམ་ཆེ་ཆེན་པོར་འགྲོའོ།། བག་ཤུནི་ནུ་ཕྱོགས་ནས་སེང་གེའི་ཁ་ནས་འབབ་སྟེ། དེ་ནི་མཆེ་ཆེན་པོ་ནུ་ཞེས་བྱ་བ་ལ་གཡས་ཕྱོགས་སུ་སྐོར་ནས། རླུང ་ལྔ་ཡབ་དང་ལྷན་ཅིག་ཏུ་ནུབ་ཕྱོགས་ཀྱི་བརྒྱ་མཚོ་ཆེན་པོར་འགྲོའོ།། སིང་ཏི་ནི་བྱང་ཕྱོགས་ནས་སེང་གེའི་ཁ་ན་འབབ་སྟེ། དེ་ནི་མཚོ་ཆེན་པོ་ནུ་ཞེས་བྱ་བ་ལ་གཡས་ཕྱོགསུ ་སྐོར་ནས་རླུང་ལྔ་རྒྱ་དང་ལྷན་ཅིག་ཏུ་བྱང་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་འགྲོའོ།། ཇི་སྐད་དུ་བྱང་ཕྱོགས་ཁ་གུར་འགྱུར་བའི་རྒྱ་མཚོ་ཡོད་དེ་གཞན་ཡང་ནི། དེ་ནི་མཚོ་ཆུན་ཞེས ་བྱ། ཐ་དད་རྒྱུན་རྣམས་འབྱུང་དོགས་ཡོད། ཆུ་རླུང་ག་ག་སི་རཱུ་པ་ག་ཤུ་དང་། སི་ཏརྦ་རླབས་དྲུ་བའི་འཕྲེང་བ་ཅན། ཆུ་གང་ཁྱབ་པར་འཕགས་པ་བཞི་འབབ་སྟེ། ཕྱོགས ་བཞི་དག་ན་ཀུན་དུ་རྣམ་པར་འབབ། གང་ག་ཤར་ཕྱོགས་རྒྱ་མཚོར་འགྲོ་བ་སྟེ། སིན་དྷུ་ལྷོ་ཕྱོགས་རྒྱ་མཚོར་འགྲོ་བ་ཡིན་ཏེ། པག་ཤུ་ཡང་ནི་ནུབ་ཕྱོགསུ་རྒྱ་མཚོར་འགྲོ། ་དེའི་བྱང་ཕྱོགསུ་རྒྱ་མཚོར་སིད་ཏ་འགྲོ། ཆུ་རླུང་རབ་མཆོག་བཞི་པོ་འདི་དག་ནི། མཆོག་ཏུ་བཟང་ཞིང་སོ་སོར་འབབ་པ་སྟེ། རེ་རེ་ཞིང་ཡང་ལྔ་རྒྱུ་ཁྱེར་ནས་ནི། ཆུའི ་རྒྱུན་རྣམས་རྒྱ་མཚོ་ཆེན་པོར་འགྲོ། ཞེས་ཀྱང་འབྱུང་བ་ལྟ་བུའོ།། རི་སྤོས་ཀྱི་ངད་ལྡན་དེའི་བྱང་ཕྱོགས་སུ་དཔག་ཚད་ཉི་ཤུ་ན་གསེར་གྱི་བྲག་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས ་ཞེས་བྱ་བ་ཡོད་དེ། ཆུར་དཔག་ཚད་ལྔ་ཅུ་ཞེང་དུ་ཡང་དཔག་ཚད་ལྔ་ཅུ་འཁྲུག་དུ་དཔག་ཚད་ཉིས་རྒྱ། འཕང་དུ་དཔག་ཚད་ལྔ་ཅུ་ཞེང་དུ་ཡང་དཔག་ཚད་ལྔ་ཅུ་འཁོར་ཡུག ་ཏུ་དཔག་ཚད་ཉིས་རྒྱ། འབང་དུ་དཔག་ཚད་ཕྱེད་དང་བཞི་ཡོད་པ། དབྱིབས་ལེགས་པ་ལྟ་ན་སྡུག་པ་འཛེས་ཤིང་ཡོད་དེ། དེའི་ནངས་གཞི ་ཡང་དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་གསེར་གྱི་བྱེ་མ་བདལ་བ། ཙན་དན་གྱི་ཆུས་ཆག་ཆག་ཏབ་པ། དེར་ཡིད་དུ་འོང་བ་ཤིང་ངམ། གསེག་མ་འམ། གང་ཅི་ཡང་རུང་བ ་ངག་ལྷུང་ན་དེ་མི་མ་ཡིན་པ་རྣམས་ཀྱི་རླུང་གི་ཕྱི་རོལ་དུ་འདོར་རོ།། དེའི་ཁོ་ར་ཁོར་ཡུག་དུ་གསེར་གྱི་བྲག་བྱ་སྐྱིབས་རྒྱ་སྟོང་ཡོད་དེ། དེ་དག་ཐམས་ཅད་ཀྱང་དབྱིབས་ལེགས་ཤིང ་ལྟ་ན་སྡུག་ལ་མཛེས་པ་སྟེ་དེ་དག་གི་ནང་གི་ས་གཞི་རྣམས་ཀྱང་དབྱིབས་ལེགས་པ་ལྟ་ན་སྡུག་པ་མཛེས་པ། གསེར་གྱི་བྱེ་མ་བདལ་ཅིང་ཙན་དན་གྱི་ཆག་ཆག་ཏབ་པ་སྟེ། དེ་དག་དུ ་ཡང་ཡིད་དུ་འོང་བའི་གསེག་མ་དང་། གྱོ་མ་གང་ཅི་ཡང་རུང་བ་དག་ལྷུང་ན་དེ་མི་མ་ཡིན་པ་རྣམས་ཀྱིས་རླུང་གི་མཐུས་ཕྱི་རོལ་དུ་མཐོར་རོ།། དེའི་ལམ་སྲིད་དུ་དཔག་ཚད་ཉི་ཤུ། ་ཞེང་དུ་དཔག་ཚད་ཕྱེ་དང་གཉིས་ཡོད་པ། དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་གསེར་གྱི་བྱེ་མ་བངལ་ཅིང་ཙན་དན་གྱི་ཆག་ཆག་ཏབ་པ་ཡོད་དེ། དེ་ཡང་ཡིད་དུ་མི་འོང་བའི ་ཤིང་ངམ་གསོག་མ་འམ། གང་ཅི་ཡང་རུང་བ་དག་ལྷུང་ན་དེ་མི་མ་ཡིན་པ་རྣམས་ཀྱི་རླུང་གི་མཐུས་ཕྱི་རོལ་དུ་འདོར་རོ།། བྲག་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་དེའི་བྱང་ཕྱོགས་སུ ་དཔག་ཚད་ཉི་ཤུ་ན། ས་ལའི་རྒྱལ་པོ་རབ་རྟན་ཞེས་བྱ་བ་ས་ལའི་འཕྲེང་བ་རིམ་བདུན་གྱིས་སྐོར་བ་ཡོད་དེ། ས་ལའི་རྒྱལ་པོ་རབ་རྟན་དེའི་རྩ་བ་ནི་འདོམ་བཅུ་བཞི་མཐུར ་དུ་ཟུག་གོ།། ས་ལའི་ཕྲེང་བ་དང་པོའི་རྩ་བ་ནི་འདོམ་སུམ་ཅུ་ཐུར་དུ་ཟུག། གཉིས་པ་ནི་ཅུ་གཉིས་སོ།། གསུམ་པ་ནི་ཅུ་ཅིག་གོ། བཞི་པ་ནི་བཅུའོ།། ལྔ་པ་ནི་དགུའོ།། ་དྲུག་པ་ནི་རྒྱད་དོ།། ས་ལའི་ཕྲེང་བ་བདུན་པའི་རྩ་བ་ནི་འདོམ་བདུན་ཐུར་དུ་ཟུག་གོ།། ས་ལའི་རྒྱལ་པོ་རབ་རྟན་དེའི་ཡལ་བ་དང་། ལོ་མ་དང་། ཡལ་ག་རྣམས་གང ་ཡིན་པ་དེའི་ས་ལའི་ཕྲེང་བ་དང་པོ་ལ་ཐུག་གོ།། ས་ལའི་འཕྲེང་བ་དང་པོའི་ཡལ་ག་གང་ཡིན་པ་དེ་ནི་གཉིས་པ་ལ་ཐུ་གོ། གཉིས་པ་གང་ཡིན་པ་དེ་ནི་གསུམ་པ་ལའོ།། ་གསུམ་པ་གང་ཡིན་པ་དེ་ནི་དྲུག་པ་ལའོ།། དྲུག་པ་གང་ཡིན་པ་དེ་ནི་བདུན་པ་ལའོ།། ས་ལའི་ཕྲེང་བ་བདུན་པའི་ཡལ་ག་དང་། ལོ་མ་དང་ཡལ་གང་ཡིན་པ་དེ་ནི་ནམ ་མཁའ་ཁྱབ་པར་འདུགོ།། དེ་དག་གང་གི་ས་གཞི་ཡང་དབྱིབས་ལེགས་པ་ལྟ་ན་སྡུག་ལ་མཛེས་པ་གསེར་གྱི་བྱེ་མ་བདལ་ཅང་ཙན་དན་གྱིས་ཆུས་ཆུག་ཏབ་སྟེ། དེ་ཡང ་ཡིད་མི་འོང་བ་ཤིང་ངམ་གསེག་མ་འམ། གང་ཅི་ཡང་རུང་བ་ལྷུང་ན་དེ་མི་མ་ཡིན་པ་རྣམས་ཀྱི་མཐུས་ཕྱི་རོལ་དུ་མདོར་རོ།། དེའི་ལམ་སྲིད་དུ་དཔག་ཚད་ཉི་ཤུ། ཞེང ་དུ་དཔག་ཚད་ཕྱེད་དང་གཉིས་ཡོད་དེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་སྟེ། དེ་ཡང་ཡིད་མི་འོང་བའི་ཤིང་ངམ་གསེག་མ་འམ། གང་ཅི་ཡང་རུང ་བ་དག་ལྷང་ནི་མི་མ་ཡིན་པ་རྣམས་ཀྱི་ཀླུང་གི་མཐུས་ཕྱི་རོལ་དུ་མདོར་རོ།། ས་ལའི་རྒྱལ་པོ་རབ་རྟན་གྱིས་ཤར་ཕྱོགས་དཔག་ཚད་ཉི་ཤུ་ན་རྫིང་བུ་དལ་གྱིས་འབབ ་ཅེས་བྱ་བ་ཚུར་དཔག་ཚད་ལྡཅུ། ཁ་ཚོན་དུ་དཔག་ཚད་ལྡཅུ་ཏེ། མཐོའི་སྐོར་དུ་དཔག་ཚད་རྒྱ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ། ་མཛེས་པ་ཆུ་གསིལ་ཤིང་ཆུ་སྦྲང་རྩི་ལྟ་བུས་གང་བ། མེ་ཏོག་ཨུད་པ་ལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོ་ཁྱབས་པ་ཡོད་དེ་རྫིང་དལ་གྱི་འབབ་ཀྱི་ནང་གི ་པདྨའི་ལོ་མ་རྣམས་ཏེ། ཞེང་མཆོག་ཏུ་ཆེ་ཏེ། འདི་ལྟ་སྟེ་བ་གླང་གཡོགས་པ་རྩམ་མོ།། པདྨའི་སྡོང་པོ་རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ་གཤོལ་མདའ་ཙམ་མོ།། ་པདྨའི་མེ་ཏོག་རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ་ཤིནྡ་རྟའི་འཕང་ལོ་རྩ་མོ།། པདྨའི་རྩ་བ་རྣམས་ཆེ་ཞིང་མཆོག་ཏུ་ཆེ་ཏེ། འདི་ལྟ་སྟེ་སྐྱེས་བུ་ཆེན་པོའི་བླ་རྩ་མོ།། རོ ་མངར་ཞིང་མཆོག་ཏུ་མངར་ཏེ། འདི་ལྟ་སྟེ་སྦྲང་རྩི་སྒྲོལ་བ་བཞིན་ནོ།། བཅད་ན་ཡང་འོ་མ་འཛག་གོ། རྫིང་དལ་གྱིས་འབབ་ཀྱི་ཁོར་ཁོར་ཡུག་ན་རྫིང་བུ་རྒྱུད་ཡོད་དེ། དེ་དག ་ཐམས་ཅད་ཀྱང་དབྱིབས་ལེགས་པ་ལྟ་ན་སྡུག་པ་ཆུ་གསིལ་ཤིང་ཆུ་སྦྲང་རྩི་ལྟ་བུས་གང་ངོ་།། དེ་དག་གི་ནང་གི་པདྨ་རྣམས་ཀྱང་ཆེ་ཞིང་མཆོག་ཏུ་ཕྱེ་སྟེ། འདི་ལྟ་སྟེ་བ་ལང ་ཡོགས་པ་ཙ་མོ།། པདྨའི་སྡོང་བུ་རྣམས་ཆེ་ཞིང་། མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ་གཤོལ་མདའ་ཙམོ།། པདྨའི་མེ་ཏོག་རྣམས་ཆེ་ཞིང་མཆོག་ཏུ་ཆེ་ཏེ། འདི་ལྟ་སྟེ་ཤིང་རྟིར ་འཕང་ལོ་རྩ་མོ།། པདྨའི་རྩ་བ་རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ་སྐྱེས་བུ་ཆེན་པོའི་རཱ་ཙ་མོ།། རོ་མངར་ཞིང་མཆོག་ཏུ་མངར་ཏེ། འདི་ལྟ་སྟེ་སྦྲང་མའི་སྦྲང་ཙི་སྐོལ ་བ་བཞིན་ནོ། བཅད་ན་ཡང་འོ་མ་འཛག་གོ།། དེའི་ལམ་སྲིད་དུ་དཔག་ཚད་ཉི་ཤུ་ཁ་ཚོན་དུ་དཔག་ཆད་ཕྱེད་དང་གཉིས་ཡོད་དེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས ་པ། གསེར་གྱི་བྱེ་མ་བདལ་ཅིང་ཙན་དན་གྱིས་ཆུས་ཆག་ཆ་གཏབ་པ་ཡོད་དེ། དེར་ཡིད་དུ་མི་འོང་བའི་ཤིང་ངམ། གསེག་མ་འམ། གང་ཅི་ཡང་རུང་བ་དག་ལྷུང་ན་དེ་མི་མ ་ཡིན་པ་རྣམས་ཀྱང་རླུང་གི་མཐུས་ཕྱི་རོལ་ཏུ་འདོར། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གླང་པོ་ཆེའི་རྒྱལ་པོར་གཡུལ་ངོར་སྤྱད་པ་རབ་རྟན་ཞེས་བྱ་བ་གཟུགས་བཟང ་ཞིང་ལྟ་ན་སྡུག་པ་མཛེས་པ་ཡོད་དེ། མེ་ཏོག་ཀུན་མུ་ཏིའི་མདོག་ལྟར་ཐལ་ཀར་འདུག་ལ། ཡན་ལག་བདུན་ཤིན་ཏུ་ལེགས་པར་གནས་པ་སྟེ། དེའི་མགོ་ཡང་དབྱིབས ་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་སྟེ། སྡེ་ཞིང་དབུས་སྲོག་ཆགས་ལྷམ་བུ་ཆུ་གཤེར་གྱི་མདོག་ལྟར་དམར་ལ་ཆེ་བ་དྲུག་ཡོ། དེ་དག་ཐམས་ཅད་དང་གཟུགས ་བཟང་ཞིང་ལྟ་ན་སྡུག་ལ་མཛེས་ལ། མེ་ཏོག་ཀུ་མུ་ཏིའི་མདོག་ལྟར་ཐལ་ཀར་དུ་འདུག་པ། ཡན་ལག་བདུན་ཤིན་དུ་ལེགས་པར་གནས་ཏེ། དེ་དག་གི་མགོ་ཡང ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་སྟེ་སྔོ་ཞིང་དབུས་སྲོག་ཆགས་ལྷམ་བུ་གཤེར་གྱི་མདོག་ལྟར་དམར་ལ་ཆེ་བ་དྲུག་ཡོད་པ་ཤ་སྟག་ཏེ། གླང་པོ་ཆེའི་རྒྱལ་པོ་རབ་རྟན ་དེ་འཁོར་དང་བཅས་པ་དགུ་ཟླ་བ་བཞི་ནི་བྲག་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་ཀྱི་ནང་ན་གནས་ཀྱི་དུ་འདུག། དཔྱིད་ཟླ་བ་བཞི་ནི་ཤིང་ས་ལའི་རྒྱལ་པོ་རབ་རྟེན་གྱི་ནང་ན་གནས ་ཤིང་དུ་འདུག། གང་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་རྟེན་དྲག་བྱ་སྐྱིབས་ལཱ་མ་ཡིན་གྱིས་ངོས་ཀྱི་ནང་ན་གནས་ཤིང་འདུག་པ་དེའི་ཚེ་ནི་གླང་པོ་ཆེ། ་རྒྱད་སྟོང་པོ་རྣམས་འདི་ལྟ་སྟེ། གླང་པོ་ཆེའི་རྒྱལ་པོ་རབ་རྟེན་སྲུང་བ་དང་། རྔ་བ་དང་འཛེས་པར་བྱ་བའི་ཕྱིར། བྲག་བྱ་སྐྱིབས་རྒྱ་སྟོང་དག་གི་ནང་ན། ཉེ་བར་གནས་ཤིང ་འཁོད་དོ།། གང་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་རྟེན་པ་བྲག་བྱ་སྐྱིབས་ལྷ་མཾ་ཡིན་གྱི་ནང་ནས། ཤིང་ས་ལའི་རྒྱལ་པོ་རབ་རྟན་གྱི་དྲུང་དུ་འགྲོ་བ་ན་རེས་འགའ་ནི་ཐ་མལ་གྱི ་ཚུལ་གྱིས་འགྲོ། རེ་འགའ་ནི་འདི་ལྟ་སྟེ་ལྷ་མ་འམ་ལྷའི་བུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གང་རུང་བ་དང་འདྲ་བ་བདག་ཉིད་མངོན་པར་སྤྲུལ་ནས། གླང་པོ་ཆེ་དེ་དག་ཐམས ་ཅད་ཀྱི་ནང་ན་དབང་ཆེ་བར་གྲགས་པ་གང་ཡིན་པ་དེ་ཉིད་ཀྱི་མགོ་བོ་འམ། བྱ་ལ་ཁར་ཞོར་ཏེ་སིལ་སྙན་དང་ཕེག་རྡོབ་པ་དག་རྒྱ་ཆེར་བྱེད་ཅིང་འགྲོའོ།། གང་གི་ཚེ་གླང་པོ ་ཆེའི་རྒྱལ་པོ་རབ་རྟན་ཤིང་ས་ལའི་རྒྱལ་པོ་རབརྟན་གྱི་དྲུང་ན་གནས་ཤིང་ས་ལའི་རྒྱལ་པོ་རབ་རྟན་ཤིང་ས་ལའི་རྒྱལ་པོ་རབ་རྟན་གྱི་དྲུང་ན་གནས་ཤིང་འདུག་པ་དེའི་ཚེ་ནི་གླང་པོ ་ཆེ་རྒྱང་སྡོང་པོ་དེ་དག་ཀྱང་འདི་ལྟ་སྟེ་གླང་པོ་ཆེ་རྒྱལ་པོ་རབ་ཏན་སྲུང་བ་དང་། སྦ་བ་དང་། མཛེས་པར་བྱ་བའི་ཕྱིར་ཤིང་ས་ལའི་ཕྲེང་བ་རིམ་པ་བདུན་པོ་དེ་དག་གི་ནང་། ་དུ་ལྟ་ཞིང་འཁོད་དེ། ཤིང་ས་ལིའི་འཕྲེང་བ་དང་པོའི་ནང་ན་གང་དག་འཁོད་པ་དེ་དག་ཀྱང་ནང་དུ་ལྟ་སྟེ་འཁོད་དོ།། གཉིས་པའི་ནང་ན་གང་དག་འཁོད་པ་དེ ་དག་ཀྱང་ནང་དུ་ལྟའོ།། གསུམ་པའི་ནང་ན་གང་དག་འཁོད་དེ་དག་ཀྱང་ནང་དུ་ལྟའོ།། བཞི་པའི་ནང་ན་གང་དག་འཁོད་བ་དེ་དག་ཀྱང་ནང་དུ་ལྟའོ།། ལྔ་པའི ་ནང་ན་གང་དག་འཁོད་པ་དེ་དག་ཀྱང་ནང་དུ་ལྟའོ།། དྲུག་པའི་ནང་ན་གང་དག་འཁོད་པ་དེ་དག་ཀྱང་ནང་དུ་ལྟའོ།། བདུན་པའི་ནང་ན་གང་དག་འཁོད་པ་དེ་དག་ནང ་དུ་ལྟས་ན་འཁོད་དོ།། གང་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་རྟན་ཤིང་ས་ལའི་རྒྱལ་པོ་རབ་རྟེན་ནས་རྫིང་བུ་དལ་གྱིས་འབབ་པར་འགྲོ་བ་ན། རེ་འགའ་ནི་ཐ་མལ་པའི་ཚུལ ་གྱིས་འགྲོའོ།། རེས་འགའ་ནི་འདི་ལྟ་སྟེ་ལྷ་འམ་ལྷའི་བུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གང་དག་རུང་བ་དང་འདྲ་བར་བདག་ཉིད་མངོན་པར་སྤྲུལ་ནས། གླང་པོ་ནི་དེ་དག ་ཐམས་ཅད་ཀྱི་ནང་ན་དབང་ཆེ་བར་གྲགས་པ་དེ་དག་གི་མགོའོ་འམ། བྱལ་ཁར་ཞོན་ཏེ་སིལ་སྙན་ནམ་ཕེག་རྡོབ་པ་དག་རྒྱ་ཆེར་བྱེད་ཅིང་འབྲིའོ།། གང་གི་ཚེ་གླང་པོ་ཆེའི ་རྒྱལ་པོ་རབ་རྟེན་རྫིང་དལ་གྱི་འབབ་ཀྱི་ནང་དུ་ཞུགས་ནས་རྩེ་ཞིང་དགའ་ལ་དགའ་འགུར་སྤྲོད་པ་དེའི་ཚེ་གླང་པོ་ཆེ་རྒྱ་སྟོང་པོ་དེ་དག་འདི་ལྟ་སྟེ་གླང་པོ་ཆེའི་རྒྱལ་པོ་རབ་རྟན ་དེ་སྲུང་བ་དང་། སྦ་བ་དང་། མཛེས་པར་བྱ་བའི་ཕྱིར་རྫིང་དལ་གྱི་འབབ་གྱི་ནང་དུ་ཞུགས་ནས་པདྨའི་རྩ་བ་རྣམས་ཏེ། ཤིན་དུ་བཀྲུས་རབ་ཏུ་བཤལ་ནས་གླང་པོ་ཆེའི། ་རྒྱལ་པོ་རང་རྟེན་ལ་འབུའོ།། གང་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་རྟན་གྱི་ཟོས་ཤིང་འཐུངས་ཏེ། འབྲངས་པར་གྱུར་པ་དེ་དག་ཀྱང་དེའི་ཚེ་གླང་པོ་ཆེ་གཞན་རྒྱ་སྤོང་པོ་དེ ་དག་ཀྱང་རྫིང་བུ་རྒྱ་སྟོང་དག་གི་ནང་དུ་རྫིང་བུ་རེ་རེ་ཞུགས་ནས་རྩེ་ཞིང་དགའ་ལ་དགའ་འགུར་སྤྱོད་དེ། པདྨའི་རྩ་བ་དག་བླངས་ནས་ཤིན། ་ཏུ་དཀྲུས་ཏེ་རབ་ཏུ་བཤལ་ཏེ་བྷཱུའོ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གླང་པོ་ཆེ་ལ་རྒྱལ་པོ་གཡུལ་སྤྲད་པ་རབ་རྟན་གྱི་མཐུ་ནི་དེ་ཙ་མོ།། སེམས་ཅན་ཐམས་ཅད་ཀྱི ་སྲུངས་མ་དང་བཅས་ཤིང་སྲུང་བ་དང་སྐྱོབ་པ་དང་སྦེད་པ་དང་། མི་འབྲལ་ན་དེ་ཅིའི་ཕྱིར་འཚེ་བ་དག་ཡོད་པར་སེམས། སྨྲས་པ་སྲུངས་མ་མཐུ་ཆུང་བ་ཞིག་ཡིན་ན་དེ་ཟིལ ་གྱི་མནན་ནས་མཆེ་བ་དག་ཡོད་དོ།། སྲུངས་མ་བག་མེད་ཅིང་བག་མེད་པ་ལ་གནས་པ་ཞིག་ཡིན་ན། དེའི་བག་མེད་པའི་རྒྱུ་ལས་ཀྱང་འཚེ་བ་དག་ཡོད་དོ།། སྲུངས་མ ་ཉིས་སྡོམས་ནས་ཀྱང་ཟིལ་གྱིས་མནན་ནས་མཆེ་བར་བྱེད་དོ།། མི་རྣམས་ཆོས་མ་ཡིན་པར་སྤྱོད་ཅིང་མི་རིགས་པ་ཞིག་ཡིན་ན་ཆོས་མ་ཡིན་པ་སྤྱོད་པ་དང་། མི་རིགས་པ་སྤྱོད ་བ་དེ་དག་ལ་ཡང་འཆེ་བ་དག་ཡོད་དོ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་མི་རྣམས་ཀྱི་སྲུངས་མ་འདི་ལྟ་སྟེ་ལམ་པོ་ཆེ་དང་སྲུང་དང་། བཞི་མདོ་དང་། སུམ་སྔོ་དང་། ་སྤོས་མཆོང་བའི་གནས་རྣམས་དང་མེ་ཏོག་གི་འཕྲེང་བ་ཚོང་བའི་གནས་རྣམས་དང་། ཟོང་བ་གྲམ་པའི་གནས་རྣམས་དང་ཏུང་བ་མཆོང་བའི་གནས་དང་། རྟག་ཏུ་མྱོས ་བའི་གནས་རྣམས་དང་། གསོད་བྱེད་ཀྱི་གནས་རྣམསུ་བཀོད་པ་དག་ཡོད་དོ།། ཟླ་བ་ཕྱེད་ཀྱི་ཚེས་རྒྱད་ལ་རྒྱལ་པོ་ཆེན་པོ་བཞི་པོ་དག་གི་གཡོག་ཞོ་ཤས་འཚོ་བ་རྣམས ་ལམ་པོ་ཆེ་དང་། སྲང་དང་བཞི་མདོ་དང་སུམ་མདོ་དང་། སྤོས་མཆོང་བའི་གནས་རྣམས་དང་། མེ་ཏོག་འཕྲེང་བ་འཚོང་བའི་གནས་རྣམས་དང་། ཟོང་བཀྲམ་པའི ་གནས་རྣམས་དང་། བཏུང་བ་འཚོང་བའི་གནས་རྣམས་དང་། རྟག་ཏུ་མྱོས་པའི་གནས་རྣམས་དང་། གསོད་བྱེད་ཀྱི་གནས་རྣམས་ན་སུ་ཞིག་འདུག་ཅེས་འཇིག ་རྟེན་ཐམས་ཅད་ལ་ཉུལ་ཏེ། གལ་ཏེ་དེ་དག་གི་རྐྱེན་པར་ཚོར་ན་དེ་དག་གནས་མཐོན་པོ་ལ་འབྲེལ་གལ་ཏེ་དེ་དག་གི་རྐྱེན་པར་ཚོར་ན། དེ་དག་དམའ་བ་ལ་འགོད་དོ།། ་ཟླ་བ་ཕྱེད་ཀྱི་ཚེས་ཅུ་བཞི་ལ་ནི་རྒྱལ་པོ་ཆེན་པོ་དག་གི་བུ་རྣམས་ལམ་པོ་དང་། སྲང་དང་བཞི་མདོ་དང་། སུམ་མདོ་དང་། སྤོས་མཚོང་བའི་གནས་དང་། མེ་ཏོག་འཕྲེང ་བ་མཆོང་བའི་གནས་དང་། ཟོང་བ་གྲམ་པའི་གནས་རྣམས་དང་། ཏུང་བ་མཆོང་བའི་རྣམས་དང་། གསོད་བྱེད་ཀྱི་གནས་རྣམས་ནས་སུ་ཞིག་འདུག་ཅེས་འཇིག ་རྟེན་ཐམས་ཅད་ལ་ཉུལ་ཏེ། གལ་ཏེ་དེ་བདག་གི་རྐྱེན་པར་ཚོར་ན་ནི་དེ་དག་གནས་མཐོན་པོ་ལ་འགོད་དོ། གལ་ཏེ་དེ་དག་གི་རྐྱེན་པར་ཚོར་ན་ནི་གནས་དམའ་བ་ལ ་འགོད་དོ།། ཟླ་བ་ཕྱེད་ཀྱི་ཚེས་ཅཝོ་ལྔ་ལ་ནི་རྒྱལ་པོ་ཆེན་པོ་དེ་དག་ཉིད་ལམ་པོ་ཆེ་དང་། སྲང་དང་བཞི་མདོ་དང་། སུམ་མདོ་དང་། སྤོས་མཆོང་བའི་གནས་རྣམས་དང་། ་མེ་ཏོག་འཕྲེང་བ་མཆོང་བའི་གནས་རྣམས་དང་། ཟོང་དགྲམ་པའི་གནས་རྣམས་དང་། ཏུང་བ་མཆོང་བའི་གནས་རྣམས་དང་། རྟག་ཏུ་མྱོས་པའི་གནས་རྣམས ་དང་། གསོད་བྱེད་ཀྱི་གནས་སུ་སུ་འདུག་ཅེས་འཇིག་རྟེན་ཐམས་ཅད་དུ་ཉལ་ཏེ། གལ་ཏེ་དེ་དག་གི་རྐྱེན་པར་ཚེར་ན་ནི་གནས་འཐོན་པོ་ལ་དགོ་དོ།། ་གལ་ཏེ་དེ་དག་གི་རྐྱེན་པ་མཚེར་ན་ནི་དེ་དག་གནས་སྨྲ་བ་ལ་འགོད་དོ།། བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ་དགེ་སློང་དག་ཟླ་བ་ཕྱེད་ཀྱི་ཚེས་ཅོ་བརྒྱད་ལ་ནི་རྒྱལ་པོ་ཆེན་པོ ་བཞི་པོ་དག་གི་གཡོག་ཞོ་ཤས་མཚོ་བ་རྣམས་མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་འཛིན་པ་དང་པར་འཛིན་པ་དང་། དགེ་སློང་དུ་འཛིན་པ་དང་བྲམ་ཟེར་འཛིན་པ་དང་། རིགས ་ཀྱི་ཙོ་བོར་རིམི་འགྲོ་བྱེད་པ་དང་། དོན་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཕྱི་མ་ལ་ཁ་ན་མ་ཐོ་བས་འཇིགས་པར་བྱེད་པ་དང་། སྦྱིན་པ་དག་བྱིན་ཞིང ་བསོད་ནམས་དག་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་པ་དག་མང་ངམ། ཞེས་འཇིག་རྟེན་ཐམས་ཅད ་ལ་ཉུ་ལོ།། ཟླ་བ་ཕྱེད་ཀྱི་ཆོས་ཅུ་བཞི་ལ་ནི་རྒྱལ་པོ་ཆེན་པོ་བཞི་པོ་དག་གི་བུ་རྣམས་ཅི་མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་འཛིན་པ་དང་པར་འཛིན་པ་དང་། དགེ་སློང ་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རགས་ཀྱི་ཙོ་བོ་ལ་རམི་འགྲོ་བྱེད་པ་དང་། དོན་བྱེད་པ་དང་བྱ་བའི་རིགས་པ་ལས་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ་ཚེ་འདི་དང་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱི་འཇིག་པར་ལྟ་བ་དང་། སྦྱིན་པ་དང་བྱིན་ཞིང་བསོད་ནམས་དག་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས ་ཡང་དག་པར་བླངས་ནས་འདུག་པ་དག་མང་ངམ། ཞེས་འཇིག་རྟེན་ཐམས་ཅད་ལ་ཉུ་ལོ།། ཟླ་བ་ཕྱེད་ཀྱི་ཚེས་ཅཝོ་ལྔ་ལ་ནི་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་ཉིད་མི་དང་མི་མ་ཡིན་པའི ་འཇིག་རྟེན་ན་མར་འཛིན་པ་དང་པར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ཙོ་བོ་ལ་རིམ་འགྲོ་བྱེད་པ་དང་། དོན་བྱེད་པ་དང་། ་བྱ་བའི་རིགས་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཕྱི་མ་ལ་ཁ་ན་མ་ཐོ་བ་སྤངས་འཇིགས་པར་ལྟ་བ་དང་། སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱེད་པ ་དང་། གསོ་སྦྱོང་དག་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་པ་དག་མང་ངམ་ཞེས་འདི་འཇིག་རྟེན་ཐམས་ཅད་ལ་ཉུ་ལོ། གལ་ཏེ་མི་དང་མི་མ ་ཡིན་པའི་འཇིག་རྟེན་ན་མར་མི་འཛིན་པ་དང་། པར་མི་འཛིན་པ་དང་དགེ་སློང་དུ་མི་འཛིན་པ་དང་བྲམ་ཟེར་མི་འཛིན་པ་དང་། རིགས་ཀྱི་ཙོ་བོ་མི་འཛིན་པ་དང་། དོན་མི་བྱེད་པ ་དང་། བྱ་བའི་རིགས་པ་མི་བྱེད་པ་དང་། བསོད་ནམས་མི་བྱེད་པ་དང་། ཚེ་འདི་དང་ཕྱི་མ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་མི་ལྟ་བ་དང་སྦྱིན་པ་དག་མི་བྱིན་ཞིང་བསོད ་ནམས་དག་མི་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་མི་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ། མི་འདུག་པ་དག་མང་ན་ནི། རྒྱལ་པོ་ཆེན་པོ་བཞི་པོ་རྣམས ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལྷའི་མདུན་ས་ཆོས་བཟང་དུ་འདུག་ཤིང་འཁོད་པའི་ནང་དུ་སོང་ནས། འདི་སྐད་དུ་གྲོགས་པོ་དག་ཤེས་པར་གྱིས་ཤིག། མི་དང་མི་མ་ཡིན ་པའི་འཇིག་རྟེན་ན། མར་མི་འཛིན་པ་དང་། བར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། རིགས་ཀྱི་ཙོ་བོ་རིམ་གྲོ་མི་བྱེད་པ་དང་། ་དོན་མི་བྱེད་པ་དང་། བྱ་བའི་རིགས་པ་མི་བྱེད་པ་དང་། བསོད་ནམས་མི་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱི་འཇིགས་པར་མི་ལྟ་བ་དང་། བྱིན་པ་མི ་བྱིན་ཞིང་བསོད་ནམས་དག་མི་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་མི་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ། མི་འདུག་པ་དག་མང་ན་ནི་རྒྱལ་པོ་ཆེན་པོ་བཞི་པོ ་རྣམས། སུམ་ཅུ་རྩ་གསུམ་པར་ལྷ་རྣམས་ཆོས་བཟང་ལྷའི་མདུན་ས་ན་འཁོད་ཅིང་ནང་དུ་སོང་ནས། འདི་སྐད་དུ་གྲོགས་པོ་དག་ཤེས་པར་གྱིས་ཤིག། མི་དང་མི་མ་ཡིན ་བའི་འཇིག་རྟེན་ན་མར་མི་འཛིན་པ་དང་། པར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དང་། རིགས་ཀྱི་ཙོ་བོ་ལ་རིམ་གྲོ་མི་བྱེད་པ ་དང་། དོན་མི་བྱེད་པ་དང་བྱ་བའི་རིགས་པ་མི་བྱེད་པ་དང་། བསོད་ནམས་མི་བྱེད་པ་དེའི་ཚེ་འདི་དང་ཚེ་ཕྱི་མ་ལ་ཁོ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་མི་ལྟ་བ་དང་། སྦྱིན ་པ་དག་མི་བྱིན་ཞིང་བསོད་ནམས་དག་མི་བྱེད་པ་དང་གསོ་སློང་ལ་ཉེ་བར་མི་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་མི་འདུག་པ་དག་མང་ངོ་ཞེས་སྙད་དོ།། དེ་དག ་ལས་ཐོས་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཡིད་མ་རང་ཞིང་མི་དགའ་མ་འགུ་བར་གྱུར་ནས། ཡི་མ་རང་བ་རྣམས་ཀྱང་ཕྱིར་སློབ་པར་བྱེད་དེ། ཀྱེ་མ་གྲོགས་པོ་དག་འདི། ་ལྟར་མི་མ་ཡིན་པའི་འཇིག་རྟེན་ན་མར་མི་འཛིན་པ་དང་། པར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དང་། རིགས་ཀྱི་གཙོ་བོ་ལ་རིམ ་འགྲོ་མི་བྱེད་པ་དང་། བྱ་བའི་རིགས་པ་ལས་མི་བྱེད་པ་དང་། བསོད་ནམས་མི་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་མི་ལྟ་བ་དང་། ་སྦྱིན་པ་དག་བྱིན་ཞིང་བསོད་ནམས་མི་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་མི་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་མི་འདུག་པ་མང་བ་ནི་མི་རྣམས་ཀྱི་ཆོས ་བཟང་པོ་མ་ཡིན་ནོ།། རྐྱེན་དུ་བབས་པ་མ་ཡིན་ནོ།། ལེགས་པ་མ་ཡིན་ནོ། དགེ་བ་མ་ཡིན་ནོ།། དེ་ལྟར་ལྷ་རྣམས་ཀྱི་ཚོགས་ནི་ཡོངས་སུ་འགྲིབ་པར་འགྱུར་ལ། ་ལྷ་མ་ཡིན་རྣམས་ཀྱི་ཚོགས་ནི་མངོན་པར་འཕེལ་བར་འགྱུར་རོ།། ཞེས་ཟློས་སོ་གལ་ཏེ་མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་འཛིན་པ་དང་། པར་འཛིན་པ་དང་། ་དགེ་སློང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ཙོ་བོ་ལ་རིམ་གྲོ་བྱེད་པ་དང་། དོན་བྱེད་པ་དང་། བྱ་བའི་རིགས་པ་བྱེད་པ་དང་། བསོད་ནམས ་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱི་འཇིགས་པར་ལྟ་བ་དང་། སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱེད་པ་དང་། གསོ་སྤོང་ལ་ཉེ་བར ་གནས་པ་དང་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་འདུག་པ་མང་ན་ནི་རྒྱལ་པོ་ཆེན་པོ་བཞི་པོ་རྣམས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལྷའི་མདུན་ས་ཆོས་བཟང་དུ་འདུས་ཤིང ་འཁོད་པའི་ནང་དུ་སོང་ནས། འདི་སྐད་དུ་གྲོགས་པོ་དག་ཤེས་པར་གྱིས་ཤིག། མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་འཛིན་པ་དང་། པར། ་འཛིན་པ་དང་། དགེ་སློང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ཙོ་བོ་ལ་རི་མོ་བྱེད་པ་དང་། དོན་བྱེད་པ་དང་། བྱ་བའི་རིགས་པ་བྱེད་པ་དང་། གསོད་ནམས ་བྱེད་པ་དང་། ཚེ་འདི་དང་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་ལྟ་བ་དང་། སྦྱིན་པ་དག་བྱིན་བསོད་ནམས་དག་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་གནས་པ་དང་། ་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་འདུག་པ་དག་མང་ངོ་ཞེས་སྨད་ན་ནི། དེ་དག་ལས་ཐོས་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཡི་རངས་ཞིང་འགུ་བར་གྱུར་ནས། ཡིད ་རངས་པ་ཉིད་ཀྱང་སློབ་པར་བྱེད་དེ། ཀྱེ་མ་གྲོགས་པོ་དག་འདི་ལྟར་མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་འཛིན་པ་དང་། པར་འཛིན་པ་དང་། དགེ་སློང་དུ་འཛིན་པ་དང་།། ་བྲམ་ཟེར་འཛིན་པ་དང་། རིགས་ཀྱི་རྩེ་བོ་ལ་རིམ་འགྲོ་བྱེད་པ་དང་། དོན་བྱེད་པ་དང་། བྱ་བའི་རིགས་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཕྱི་མ་ལ་ཁ་ན ་མཐོ་བ་རྣམས་ཀྱིས་འཇིགས་པར་ལྟ་བ་དང་། སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་པ་དང་། གསོ་སྦྱོང་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་སྤངས ་ཏེ། འདུག་པ་དག་མང་བ་ནི་མི་རྣམས་ཀྱི་ཆོས་བཟང་ངོ་།། རྐྱེན་དུ་བབ་པོ་ལེགས་སོ་དགེའོ།། དེ་ལྟར་ན་ལྷ་རྣམས་ཀྱི་ཚོགས་ནི་མངོན་པར་འཕེལ་བར་འགྱུར་ལ། ལྷ་མ ་ཡིན་རྣམས་ཀྱི་ཚོགས་ནི་ཡོངས་སུ་འདྲི་བ་བར་འགྱུར་རོ།། ཞེས་ཟློས། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས། ལྷའི་འཁོར་རབ་ཏུ་དགའ་ལ་ཟདེ་ཞིང་ཡིད་བདེ་བ་སྐྱེས ་པར་རིག་ནས་དེའི་ཚེ་ཚིགསུ་བཅད་པ་སྨྲས་པ།། འདིར་ནི་ཟླ་ཕྱེད་ཚེས་རྒྱད་དང་།། དེ་བཞིན་ཅུ་བཞི་ཅཝོ་ལྔ་དང་།། ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ།། གསོ་སྦྱོང་ཡན་ལག་རྒྱད་པ་ལ།། ་ཤིན་དུ་མཉམ་བཞག་གནས་བྱེད་འདྲིར།། ང་ཅི་འདྲ་བར་དེ་བཞིན་དུ་གྱུར། དགེ་སློང་དག་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གང་འདི་སྐད་དུ།། འདིར་ནི་ཟླ་ཕྱེད་ཚེས་རྒྱས་དང་།། ་དེ་བཞིན་ཅུ་བཞི་ཅོ་ལྔ་དང་།། ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ།། གསོ་སྦྱོང་ཡན་ལག་རྒྱད་པ་ལ།། ཤིན་དུ་མཉམ་གཞག་གནས་བྱེད་འདིར།། ང་ཅི་འདྲ་བར་དེ་འདྲར་འགྱུར།། ་ཞེས་ཚིག་སུ་བཅད་པ་སྨྲས་པ། དེ་ནི་ཉེས་པར་སྨྲས་པ་ཡིན་གྱི་ལེགས་པར་སྨྲས་པ་མ་ཡིན་ནོ།། ཉེས་པར་སྟོད་པ་ཡིན་གྱི་ལེགས་པར་སྟོད་པ་མ་ཡིན་ནོ།། ཉེས་པར་རྗོད ་པ་ཡིན་གྱི་ལེགས་པར་རྗོད་པ་མ་ཡིན་ནོ།། དགེ་སློང་དག་དེ་ཅིའི་ཕྱིར་ཞེ་ན། ལྷའི་དབང་པོ་བརྒྱ་བྱིན་དེ་ནི་འདོད་ཆགས་དང་བཅས་པ་ཞེ་སྡང་དང་བཅས་པ་ཏི་མུག་དང་བཅས་ཏེ། ་སྐྱེ་བ་དང་རྒ་བ་དང་། ན་བ་དང་། མཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ ་མ་གྲོལ་ལོ།། ཞེས་ང་ལ་སྨྲའོ།། དེ་ལྟ་བས་དེས་གང་འདི་སྐད་དུ་འདིར་ནི་ཟླ་ཕྱེད་ཚེས་རྒྱང་ལ། དེ་བཞིན་དུ་ཅུ་བཞི་ཅོ་ལྔ་དང་། ཆོ་འཕྲུལ་དང་ནི་ཟླ་ཕྱེད་ལ། གསོ་སྦྱོང ་ཡན་ལག་རྐྱད་པ་ལ། ཤིན་ཏུ་མཉམ་གཞག་གནས་བྱེད་འདིར། ང་ཅི་འདྲ་བར་དེ་བཞིན་འགྱུར། ཞེས་ཚིག་སུ་བཅད་དེ་སྨྲས་པ། ཉེས་པར་སྨྲས། ་པ་ཡིན་གྱི་ལེགས་པར་སྨྲས་པ་མ་ཡིན་ནོ།། ཉེས་པར་སྟོད་པ་ཡིན་གྱི་ལེགས་པར་སྟོད་པ་མ་ཡིན་ནོ།། ཉེས་པ་རྗོད་པར་ཡིན་གྱི་ལེགས་པར་རྗོད་པ་མ་ཡིན་ནོ། དགེ་སློང་དག་གང ་དགྲ་བཅོམ་པ་ཡིན་ཞིང་། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེསུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ། ཡོངས་སུ་ཟད་པ་ཡང་དག ་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དེས་ནི་གང་འདི་སྐད་དུ།། འདིར་ནི་ཟླ་ཕྱེད་ཚེས་རྒྱད་ལ།། དེ་བཞིན་ཅུ་བཞི་ཅཝོ་ལྔ་དང་།། ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ།། གསོ་སྦྱོང་ཡན ་ལག་རྒྱད་པ་ལ།། ཤིན་དུ་མཉམ་གཞག་གནས་བྱེད་འདིར། ད་ཅི་འདྲ་བར་དེ་བཞིན་འགྱུར་ཞེས་ཚིགསུ་ཅད་པ་འདི་སྨྲས་ནས་ལེགས་པར་སྨྲས་པ་མ་ཡིན་ནོ།། ལེགས་པར་སྟོད ་པ་ཡིན་ཏེ་ཉེས་པར་སྟོང་པ་མ་ཡིན་ནོ།། ལེགས་པར་རྗོད་པ་ཡིན་ཏེ། ཉེས་པར་རྗོད་པ་མ་ཡིན་ནོ།། དགེ་སློང་དག་དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་ནི་འདོད་ཆགས་དང་བྲལ་བ།། ་ཞེ་སྡང་དང་བྲལ་བ། ཏི་མུག་དང་བྲལ་བ་སྟེ། སྐྱེ་བ་དང་རྒ་བ་དང་། ན་བ་དང་འཆི་བ་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་ལས ་ཡོངས་སུ་གྲོལ་ཞིང་། སྡུག་བསྔལ་ལས་ཡོངས་སུ་གྲོལ་བའོ།། ཞེས་ང་སྨྲ་སྟེ། དེ་ལྟ་བས་ན་དེས་ནི་གང་འདི་སྐད་དུ། འདིར་ནི་ཟླ་ཕྱེད་ཚེས་རྒྱད་དང་། དེ་བཞིན་ཅུ་བཞི ་ལྔ་དང་།། ཆོ་འཕྲུལ་དང་ནི་ཟླ་ཕྱེད་ལ།། གསོ་སྦྱོང་ཡན་ལག་རྒྱད་པ་ལ།། ཤིན་དུ་མཉམ་བཞག་གནས་བྱེད་འདིར།། ང་ཅི་འདྲ་བར་དེ་བཞིན་འགྱུར།། ཞེས་ཚིགསུ་བཅད་པ། ་འདི་སྨྲས་ན།། ལེགས་པར་སྨྲས་པ་ཡིན་ཏེ།། ཉེས་པར་སྨྲས་པ་མ་ཡིན་ནོ།། ལེགས་པར་སྟོང་པ་ཡིན་ཏེ།། ཉེས་པར་སྟོང་པ་མ་ཡིན་ནོ།། ལེགས་པར་རྗོད་པ་ཡིན་ཏེ། ་ཉེས་པར་རྗོད་པ་མ་ཡིན་ནོ་ཞེས་གསུངས་སོ།། འཛམ་བུ་གླིང་གི་ཁོ་ར་ཁོར་ཡུག་ན་འཁོར་ལོ་སྒྱུར་བའི་ལམ་དཔག་ཚད་ཅིག་ཏུ་གསེར་གྱི་བྱེ་མ་རྡལ་ཏེ། རྒྱ་མཚོ་ཆེན་པོའི ་ནུས་པུས་མོ་ནུབ་ཙམ་དུ་ཡོངས་སུ་ཁྱབ་པོ།། གང་གི་ཚེ་འཁོར་ལོ་སྒྱུར་བའི་རྒྱལ་པོ་འབྱུང་བ་རྟེན་དུ་འབྱུང་བ་དེའི་ཚེ། རྒྱ་མཚོ་ཆེན་པོ་དཔག་ཚད་ཅུ་གཉིས་ཀྱི་བར་དུ་ཆུ་སྐམ ་ཞིང་མེད་པར་ཏེ། འཁོར་ལོ་སྦྱོར་བའི་རྒྱལ་པོ་གང་ནས་གླིང་དུ་འགྲོ་བ་དེ་ནི་འཁོར་ལོ་སྒྱུར་བའི་ལམ་ཡིན་ནོ།། བཅོམ་ལྡན་འདས་ཀྱི་ཀྱང་འདི་སྐད་དུ། དགེ་སློང་དག་སྔོན ་བྱུང་བའི་འཁོར་ལོ་སྒྱུར་བའི་རྒྱལ་པོ་གླང་པོ་རིན་པོ་ཆེ་རྟག་པར་འདོད་པ། ཉི་མ་ཤར་བའི་དུས་ཀྱི་ཚེ་གླང་པོ་ཆེ་ལ་ཞོན་ནས་ས་ཆེན་པོ་རྒྱ་མཚོ་ལ་ཐུག་པ་འདི་སྐོར་ཏེ། རྒྱལ ་པོའི་ཕོ་བྲང་འཁོར་དུ་དེ་ཉིད་དུ་སོང་ནས། ཁྱེའུ་སུས་ཀྱི་བྱ་བ་བྱེད་དོ།། དགེ་སློང་དག་བཞན་ཡང་འཁོར་ལོ་སྒྱུར་བའི་རྒྱལ་པོ་རྟ་རིན་པོ་ནི་རྟག་པར་འདོད་པ། ཉི་མ ་ཤར་བའི་དུས་ཀྱི་ཚེ་རྟ་རིན་པོ་ཆེ་ལ་ཞོན་ནས་ས་ཆེན་པོ་རྒྱ་མཚོ་ལ་ཐུག་པ་འདི་ཉིད་སྐོར་ཏེ། རྒྱལ་པོའི་ཕོ་བྲང་དེ་ཉིད་དུ་སོང་ནས་ཁྱེའུ་སུས་ཀྱི་བྱ་བ་བྱེད་དོ།། སྤྱིའི་སྡོམ་ནི། ་རི་དང་སྐྱེས་པའི་གནས་དག་དང་། ནམ་མཁའ་ལྡིང་དང་ཉེ་ཚོང་དང་། གྲང་བ་དང་ནི་ལྔ་པར་བྱས། དུས་ཚིགས་དང་ནི་ཐ་མ་ཡིན། འཇིག ་རྟེན་བདགས་པ་ལས་ཚིག་དྲུག་པའོ།། སྡོམ་ནི།། སྲུངས་མ་ལྷའི་གྲོང་ཁྱེར་སྲུང་དང་རྒྱལ་བྱེད། ཆོས་བཟངས་སྒྱུ་མའི་ལམ་དང་འོབས་དང་སྐྱེད་མོ་ཚོལ། ས་གཞི ་དང་ནི་ཡོངས་སུ་རྡོལ་དང་གླང་ཆེན་རྣམས། ལྷ་མ་ཡིན་རྣམས་ཀྱི་ཡང་དེ་དང་འདྲ་བ་ཡིན། ལྷའི་གྲོང་ཁྱེར་དང་ལྷ་མ་ཡིན་གྱི་གྲོང་ཁྱེར་གྱི་བར་དུ། སུམ་ཅུ་རྩ་གསུམ ་པའི་སྲུངས་མ་རྣམས་པ་ལྔ་བཀོད་པ་ལ་འདི་ལྟ་སྟེ། ཆུ་ན་གནས་པའི་ཀླུ་རྣམས་དང་། ལག་ན་ཡོལ་གོ་ཐོག་པའི་ལྷ་རྣམས་དང་། ཕྲེང་བ་ཐོགས་པའི་ལྷ་རྣམས་དང་། ་རྟག་ཏུ་མྱོས་པའི་ལྷ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་རྣམསོ། གང་གི་ཚེ་ལྷ་མ་ཡིན་རྣམས། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དང་། ལྷན་ཅིག་གཡུལ་འགྱེད ་པར་འདོད་པར་གྱུར་པའི་ཚེ། དཔུང་གི་ཚོགས་ཡན་ལག་བཞི་པ་འདི་ལྟ་སྟེ་གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། བུང་བུ་ཆུང་གི་ཚོགས ་རྣམས་གོ་གྱོན་ཏོ།། གོ་ཆ་རྣམ་འགྱོན་པ་ལ་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལ་བྱས་པ་དང་། བཻ་དུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་སོ།། ་གོ་ཆ་རྣམ་བཞི་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་དཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་བགོས་ནས་མཚོན་ཆ་རྣམས་ལ་འདི་ལྟ་སྟེ། རལ ་གྲི་དང་དུང་དང་། འཕང་མདུན་དང་། མདའ་བཞུ་རྣམས་ལེན་ཏོ།། མཚོན་ཆ་རྣམ་བཞི་རལ་གྲི་དང་མདུང་དང་། འཕང་མདུང་དང་། མདའ་བཞུ་རྣམས་བླངས་ནས་སུམ།། ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་འགྱེད་པའི་ཕྱིར་ལྷ་མ་ཡིན་གྱི་གྲོང་ཁྱེར་ནས་བྱུང་ངོ་།། ལྷ་མ་ཡིན་དེ་དག་གི་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང་། ་རྟའི་ཚོགས་དང་། ཤན་རྟའི་ཚོགས་དང་། བུང་བུ་ཆུང་གི་ཚོགས་ཀྱི་གོ་ཆ་བགོས་ཏེ། གོ་ཆ་རྣམ་པ་བཞི་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་དཱུརྱ ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་བགོས་ནས། མཚོན་ཆ་རྣམ་བཞི་རལ་གྲི་དང་། མདུང་དང་འཕང་མདུང་དང་། མདའ་བཞུ་རྣམས་བླངས་ཏེ། ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དང་གཡུལ་འགྱེད་པའི་ཕྱིར་ལྷ་མ་ཡིན་གྱི་གྲོང་ཁྱེར་ནས་བྱུང་བ་དེ་དག་ཆུ་ན་གནས་པའི་ཀླུ་རྣམས་ཀྱིས་མཐོང་ངོ་། མཐོང་ནས་ཆུན ་གནས་པའི་ཀླུ་རྣམས་ཀྱང་། དཔུང་གི་ཚོགས་གི་ཡན་ལག་བཞི་པ་འདི་ལྟ་སྟེ་གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། བུང་བུ་ཆུང་གི ་ཚོགས་ཀྱིས་གོ་ཆ་བགོས་ན། གོ་ཆ་རྣམ་བཞི་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་བགོས་ནས། མཚོན་ཆ་རྣམ་བཞི་རལ་གྲི ་དང་། མདུང་དང་། འཕང་མདུང་དང་། མདའ་གཞུ་རྣམས་བླངས་ཏེ། ལྷ་མ་ཡིན་རྣམས་དང་། ལྷན་ཅིག་ཏུ་གཡུལ་འགྱེད་དོ།། དེར་གལ་ཏེ་ཀླུ་རྣམས ་རྒྱལ་ཏེ་ལྷ་མ་ཡིན་རྣམས་ཕམ་པར་གྱུར་ན་ནི། ཀླུ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་ཕམ་པར་བྱས་ཏེ་བཟློག་ཅིང་རྒྱབ་སྟོན་པར་བྱས་ནས། ་ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འགྲོ་བར་འགྱུ་རོ།། གལ་ཏེ་ལྷ་མ་ཡིན་རྣམས་རྒྱལ་ཏེ་ཀླུ་རྣམས་ཕམ་ན་ནི་ལྷ་མ་ཡིན་གྱི་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྲུངས་མ་དང་། ཀླུ་རྣམས ་ཐུབ་ཅིང་ཕམ་པར་བྱས་ཏེ། ཟློག་ཅིང་རྒྱབ་སྟོན་པར་བྱས་ནས། རྒྱ་མཚོ་ཆེན་པོ་ནས། རིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་དང་པོ་ན་ལག་ན་ཡོལ་གོ་ཐོགས་ཀྱི་ལྷ་རྣམས་གང་ན་འཁོད ་པར་དཱུར་ཞིང་འགྲོའོ།། དེ་ལག་ན་ཡོལ་གོ་ཐོགས་ཀྱི་ལྷ་རྣམས་དང་ཆུན་གནས་པའི་ལྷ་རྣམས། སྲུངས་མ་གཉིས་ཅིག་ཏུ་བསྡོངས་ནས། ལྷ་མ་ཡིན་དང་ལྷན་ཅིག་ཏུ་གཡུལ ་འགྱེད་དོ།། དེར་གལ་ཏེ་སྲུངས་མ་གཉིས་རྒྱལ་ཏེ་ལྷ་མ་ཡིན་རྣམས་ཕ་མ་ནི་ནི་སྲུངས་མ་གཉིས་ལྷ་མ་ཡིན་རྣམས་ཐུབ་ཅིང་ཕམ་པར་བྱས་ཏེ། བཟློག་ཅིང་རྒྱབ་སྟོན་པར་བྱས་ནས་ལྷ ་མ་ཡིན་གྱི་གྲོང་ཁྱེར་དུ་འགྲོ་བར་འགྱུརརོ།། དེར་གལ་ཏེ་ལྷ་མ་ཡིན་རྣམས་རྒྱལ་ཏེ་སྲུངས་མ་གཉིས་འཕམ་ན་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྲུངས་མ་གཉིས་ལྷ་མ་ཡིན ་རྣམས་ཀྱིས་ཐུབ་ཅིང་ཕམ་པར་བྱས་ཏེ། བཟློག་ཅིང་རྒྱབ་སྟོན་པར་བྱས་ནས་རིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་དང་པོ་ནས་བང་རིམ་གཉིས་པ་ཕྲེང་ཐོགས་ཀྱི་ལྷ་རྣམས་གང་ནས ་འཁོད་པར་རྣར་ཅིང་འགྲོའོ།། དེ་ནས་ཕྲེང་ཐོགས་ཀྱི་ལྷ་རྣམས་དང་། ལག་ན་ཡོལ་གོ་ཐོགས་པའི་ལྷ་རྣམས་དང་། ཆུ་ན་གནས་པའི་ལྷ་རྣམས་དང་། སྲུངས་མ ་གསུམ་པོ་རྣམས་ཅིག་སྤོངས་ནས། ལྷ་མ་ཡིན་རྣམས་དང་ལྷན་ཅིག་གཡུལ་འགྱེད་དོ།། དེར་གལ་ཏེ་སྲུངས་མ་གསུམ་པོ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་འཕམ་ན་ནི ་སྲུངས་མ་གསུམ་པོ་དག་གིས། ལྷ་མ་ཡིན་རྣམས་ཐུབ་ཅིང་འཕམ་པར་བྱས་ནས། བཟློག་ཅིང་རྒྱབ་སྟོན་པར་བྱས་ནས། ལྷ་མ་ཡིན་གྱི་གྲོ་ཁྱེར་དུ་འགྲོ་བར་འགྱུར་རོ།། ་གལ་ཏེ་ལྷ་མ་ཡིན་རྒྱལ་ཏེ་སྲུངས་མ་གསུམ་པོ་རྣམས་ཕམ་ན་ནི། སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་སྲུངས་མ་གསུམ་པོ་རྣམས་ལྷ་མ་ཡིན་རྣམས་ཀྱི་ཐུབ་ཅིང་ཕམ་པར་བྱས་ནས། ཟློག ་ཅིང་རྒྱབ་སྟོན་པར་བྱས་ནས་རིའི་རྒྱལ་པོ་རི་རབ་བང་གཉིས་པ་ནས་བང་རིམ་གསུམ་རྟག་ཏུ་མྱོས་པའི་ལྷ་རྣམས་གང་ནས་འཁོད་པར་རྡུར་ཞིང་འགྲོའོ།། དེ་ནས་རྟག་ཏུ་མྱོས་པའི་ལྷ ་རྣམས་དང་། ཕྲེང་ཐོགས་ཀྱི་ལྷ་རྣམས་དང་། ལག་ན་ཡོལ་གོ་ཐོགས་པའི་ལྷ་རྣམས་དང་། ཆུ་ན་གནས་པའི་ལྷ་རྣམས་དང་། སྲུངས་མ་བཞི་པོ་རྣམས་ལྷན་སྡོངས ་ནས། ལྷ་མ་ཡིན་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ།། དེར་གལ་ཏེ་སྲུངས་མ་བཞི་པོ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི། སྲུངས་མ་བཞི་པོ་རྣམས་ཀྱིས ་ལྷ་མ་ཡིན་རྣམས་ཐུབ་ཅིང་ཕམ་པར་བྱས་ཏེ། བཟློག་ཅིང་རྒྱབ་སྟོན་པར་བྱས་ནས། ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འགྲོ་བར་བྱེད་དོ།། གལ་ཏེ་ལྷ་མ་ཡིན་རྣམས་རྒྱལ་ཏེ། ་སྲུངས་མ་བཞི་པོ་རྣམས་ཕམ་ན་ནི། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྲུངས་མ་བཞི་པོ་དག། ལྷ་མ་ཡིན་རྣམས་ཀྱི་ཐུབ་ཅིང་ཕམ་པར་བྱས་ཏེ། བཟློག་ཅིང་རྒྱབ་སྟོན། ་། པར་བྱས་ནས། རིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་གསུམ་པ་ན། བང་རིམ་བཞི་པའི་རྒྱལ་པོ་བཞི་པ་རྣམས་གང་ན་འཁོད་པར ་རྡུར་ཞིང་འགྲོའོ།། དེ་ནས་རྒྱལ་པོ་ཆེན་པོ་བཞི་པོ་རྣམས་དང་། རྟག་ཏུ་མྱོས་པའི་ལྷ་རྣམས་དང་། ཕྲེང་ཐོགས་ཀྱི་ལྷ་རྣམས་དང་། ལག་ན་ཡོལ་གོ་ཐོགས་ཀྱི ་རྣམས་དང་། ཆུ་ན་གནས་པའི་ཀླུ་རྣམས་དང་། སྲུངས་མ་ལྔ་པོ་རྣམས་དུས་ཅིག་ཏུ་སྤོངས་ནས། ལྷ་མ་ཡིན་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ།། དེར ་གལ་ཏེ་སྲུངས་མ་ལྔ་པོ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི་སྲུང་མ་ལྔ་པོ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་ཕམ་པར་བྱས་ཏེ། ཟློག་ཅིང་རྒྱབ་ཏོན་པར ་བྱས་ནས་ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འགྲོ་བར་འགྱུར་རོ།། གལ་ཏེ་ལྷ་མ་ཡིན་རྣམས་རྒྱལ་ཏེ་སྲུངས་མ་ལྔ་པོ་རྣམས་ཕམ་ན་ནི། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི། ་སྲུངས་མ་ལྔ་པོ་རྣམས་ལྷ་མ་ཡིན་རྣམས་ཀྱིས་ཐུབ་ཅིང་ཕམ་པར་བྱས་ཏེ། བཟློག་ཅིང་རྒྱབ་སྟེན་པར་བྱས་ནས་རིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་བཞི་པ་ནས། སྟེང་གི་བཞི ་ཅུ་རྩ་གསུམ་པའི་ལྷ་རྣམས་གང་ན་འཁོད་པར་ནུས་ཤིང་འགྲོའོ།། དེ་ནས་རྒྱལ་པོ་བཞི་པོ་རྣམས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་གང་ན་བ་དེར་སོང་སྟེ། ཕྱིན་ནས། ་ལྷ་རྣམས་ཀྱི་དབང་པོ་རྒྱ་བྱིན་ལ་འདི་སྐད་ཅེས་སྨྲསོ།། ཀོའུ་ཤི་ཀ་གང་བདག་ཅག་སྲུངས་མ་ལྔ་པོ་རྣམས་ལྷ་མ་ཡིན་རྣམས་ཀྱིས་ཐུབ་ཅིང་ཕམ་པར་བྱས་ཏེ། ་བཟློག་ཅིང་རྒྱབ་སྟོན་པར་བྱས་ནས། རིའི་རྒྱལ་པོ་རི་རབ་ཀྱི་སྟེང་གི་བཞིར་ནུར་ཏེ་འཆིས་པ་མཁྱེན་པར་མཛེག་ཅིག། ཀོའུ་ཤི་ཀ་ད་ལྟར་གྱི་དུས་ལ་བབ་པར་བགོངས་ཤིག། ་དེ་ནས་ལྷའི་དབང་པོ་རྒྱ་བྱིན་གྱིས་རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱིས་ལྟར་མཉན་ནས། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་གང་སྲུངས་མ ་ལྔ་པོ་རྣམས་ལྷ་མ་ཡིན་རྣམས་ལྷ་མ་ཡིན་རྣམས་ཀྱིས་ཐུབ་ཅིང་ཕམ་པར་བྱས་ཏེ། ཟློག་ཅིག་རྒྱབ་སྟོན་པར་བྱས་ནས། རིའི་རྒྱལ་པོ་རི་རབ་ཀྱི་སྟེང་གི་གཞི་ནུར་ཏེ། ་འོངས་པར་ཤེས་པར་གྱིས་ཤིག། གྲོགས་པོ་དག་གིས་དུས་ལ་བབ་པ་སོམས་ཤིག། དེ་ནས་ལྷ་རྣམས་ཀྱི་དབང་པོ་རྒྱ་བྱིན་གྱིས་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་རྟེན་པ ་ལ་བསམས་སོ།། དེ་ནས་གླང་པོ་ཆེའི་རྒྱལ་པོ་རབ་རྟན་གྱིས། ལྷའི་དབང་པོ་རྒྱ་བྱིན་གྱིས་བསམ་པ་རྟོགས་ནས། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པས་ལག ་བསྐམ་པ་ལ་སྦྱང་བ་འམ། རྐྱང་བ་ལས་བསྐམ་པ་བཞིན་དུ། གླང་པོ་ཚེ་རབ་ཏུ་བརྟན་པ་འཛམ་བུ་གླིང་ནས་མི་སྣང་བར་གྱུར་ཏེ། སུམ་བཅུ་རྩ་གསུམ་པའི ་ལྷའི་རྣམས་ཀྱི་ནང་དུ་སོང་ངོ་།། སོང་ན་ཡང་མེགོ་སུམ་བཅུ་རྩ་གཉིས་སྔོན་པར་སྤྲུལ་ན། མགོ་རེ་རེ་ལ་མཆེ་བ་དྲུག་དྲུག་མཆེ་བ་རེ་རེ་ལ་རྫིང་བུ་བདུན་བདུན། རྫིང་། ་བུ་རེ་རེ་ལ་པདྨ་བདུན་བདུན། པདྨ་རེ་ལ་སྡོང་བུ་བདུན་བདུན། སྡོང་བུ་རེ་རེ་ལ་ལྷའི་བུ་མོ་བདུན་བདུན། ལྷའི་བུ་མེ་རེ་རེ་ལ་གཡོག་མོ་བདུན་བདུན། གཡོག ་མེ་རེ་རེ་ལ་སིལ་སྙན་བདུན་བདུན། མངོན་པར་སྤྲུལ་ཏེ། མགོའ་དི་དག་ཐམས་ཅད་ཀྱི་ནང་ན་ཁྱད་པར་འཕགས་པ་གང་ཡིན་པ་དེ་ནི་ལྷའི ་དབང་པོ་རྒྱ་བྱིན་ཞོན་ནོ།། དེ་ལས་བཞན་པའི་ལྷ་རྣམས་ནི་ཉེ་དབང་སུམ་བཅུ་རྩ་གཉིས་པོ་རྣམས་ཞོན་ནོ།། དེ་ལས་བཞན་པའི་གླང་པོ་ཆེ་རྣམས་ལ་ནི། དེ་ལས་བཞན་པའི་སུམ ་བཅུ་རྩ་གསུམ་པའི་ལྷ་རྣམས་ཞོན་ནོ།། དེ་ཤིན་དུ་འགྱོགས་ཏེ། དཔེར་ན་འཇིགས་པའི་རླུང་ངམ། འཆགས་པའི་རླུང་སྟེ། དེ་ནས་ལྷ་འམ་ལྷའི་བུ་མོ་སུ་ཡང་འདི་སྙམ་དུ་འདི་ནི ་བདག་གི་མདུན་དུ་འགྲོའོ་ཞེས་འམ། ཕྱིན་ནས་འོངས་ངོ་སྙམ་དུ་སེམས་དཔའ་མེད་དོ།། དེ་ནས་གླང་པོ་ཆེའི་རྒྱལ་པོ་རབ་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གྲོང ་ཁྱེར་ཀྱི་ལྷོ་ཕྱོགས་ཀྱི་སྒོ་ནས་བྱུང་སྟེ། སྐྱེད་མོས་ཚལ་གཙུབ་འགྱུར་ཚལ་དུ་ཕྱིན་ནས་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་བཏང་ནས། འདི་ལྟ་སྟེ་ལྷ་འམ་ལྷའི་བུ་རྫུ་འཕྲུལ་ཆེ ་ཞིང་མཐུ་ཆེ་བ་གང་ཡང་རུང་བ་དང་འདྲ་བར་བདག་ཉིད་མངོན་པར་སྤྲུལ་ཏེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་ལྷན་ཅིག་ཏུ་ལྷའི་འདོད་པའི་ཡོན་ཏན་ལྔ་དག་འབྱོར་ལྡན་པར་འགྱུར། ་ཏེ། རྩེ་ཞིང་དགའ་ལ་དགུར་བཅོད་དེ། རང་གི་འབྲས་བུ་ཉམ་སུ་མྱོང་ངོ་།། ཅི་ཙམ་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད་མོ་ཚོལ་རྩུབ་འགྱུར་དུ་རྩེ་ཞིང་དགའ་ལ་དགུར། ་གཅོད་པ་དེ་ཙམ་དུ་ལུས་ཀྱང་རྩུབ་པར་འགྱུར་ལ་སེམས་ཀྱང་རྩུབ་པར་འགྱུར་ཏེ། དེ་དག་ལུས་རྩུབ་པ་དང་། སེམས་རྩུབ་པ་དང་། གཡུལ་འགྱེད་པ་ལ་མངོན་པར་མོས། ་བར་གྱུར་ནས། དཔུང་གི་ཚོགས་ཡན་ལག་འདི་ལྟ་སྟེ། གྲང་པོའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་རྣམས་ཀྱིས་གོཿ ་རྣམ་བཞི་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་དུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་སྒོ་སོ།། གོས་ཆ་རྣམ་བཞི་གསེར། ་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་དཱུརྱ་ལས་བྱས་དང་། ཤེལ་ལས་བྱས་པ་རྣམས་དགོས་ནས། མཚོན་ཆ་རྣམ་བཞི་འདི་ལྟ་སྟེ་རལ་གྲི་དང་མདུང་དང་། ་འཕང་མདུང་དང་། མདའ་བཞུ་རྣམས་བླངས་སོ།། མཚོན་ཆ་རྣམ་བཞིར་རལ་གྲི་དང་། མདུང་དང་འཕང་མདུང་དང་། མདའ་གཞུ་རྣམས་བླངས་ནས། ལྷ་མ་ཡིན ་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དེ། ཇི་སྟེ་ལྷ་མ་ཡིན་རྣམས་རྒྱལ་ཏེ། ལྷ་རྣམས་ཕམ་ན་ནི། ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་ཐུབ་ཅིང་འཕམ་པར་བྱས་ཏེ། ་བཟློག་ཅིང་རྒྱབ་རྟེན་པར་བྱས་ནས། ཤིང་རྟ་བྱང་ཕྱོགས་སུ་ལྷའི་གྲོང་ཁྱེར་གང་ན་བར་ཕྱིར་ལོག་ལོ།། འོན་ཀྱང་ལྷ་མ་ཡིན་རྣམས་ལྷའི་ཕྱི་བཞིན་དུ་སྙེགས་པར་བྱེད ་ན་ནི་དེར་ལྷ་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟ་ལྷ་མ་ཡིན་འདི་དག་བདག་ཅག་གི་ཕྱི་བཞིན་དུ་སྙེགས་པ་ལས་ན་ཡང་། ལན་གཉིས་སུ་གཡུལ་འགྱེད་པར་འདོད་དོ།། ་སྙམ་དུ་ཤེས་ནས་ཕྱིར་ལོག་སྟེ། ལྷ་མ་ཡིན་རྣམས་དང་ལྷན་ཅིག་གཡུལ་འགྱེད་དོ།། གལ་ཏེ་ལེན་གཉིས་སུ་ཡང་ལྷ་མ་ཡིན་རྣམས་རྒྱལ་ཏེ། ལྷ་རྣམས་འཕམ་ན། ་ནི། ལྷ་མ་ཡིན་རྣམས་ཀྱི་ལྷ་རྣམས་ཐུབ་ཅིང་འཇམ་པར་བྱས་ཏེ། ཟློག་ཅིང་རྒྱབ་རྟེན་པར་བྱས་ནས། ཤིང་རྟ་བྱང་ཕྱོགསུ་ལྷའི་གྲོང་ཁྱེར ་གང་ན་བར་ཕྱིར་ལོག་གོ། འོན་ཀྱང་ལྷ་མ་ཡིན་རྣམས་ལྷ་རྣམས་ཀྱི་ཕྱི་བཞིན་དུ་སྙེགས་པར་བྱེད་ན་ནི། དེར་ལྷ་རྣམས་འདི་སྙམ་དུ་སེམས་ཏེ་འདི་ལྟར་ལྷ་མ་ཡིན་འདི་དག་བདག ་ཅག་གི་ཕྱི་བཞིན་དུ་སྙེགས་པར་བྱས་ནས། ཡང་ལན་གསུམ་དུ་གཡུལ་འགྱེད་པར་འདོད་དོ།། སྙམ་དུ་ཤེས་ནས་ལྷ་རྣམས་ཕྱིར་ལོག་ཏེ། ལྷ་མ་ཡིན་རྣམས་དང་ལྷན་ཅིག ་ཏུ་གཡུལ་འགྱེད་དེ། གལ་ཏེ་ལྷ་མ་ཡིན་རྣམས་འབའ་ཤིག་རྒྱལ་ཏེ། ལྷ་མ་ཡིན་གྱིས་ལྷ་རྣམས་འཇམ་པར་བྱས་ཏེ། ཟློག་ཅིང་རྒྱབ་ཏོན་པར་བྱས་ནས། ལྷའི་གྲོང ་ཁྱེར་དུ་འཇུག་གོ། ལྷའི་གྲོང་ཁྱེར་དུ་ཞུགས་ནས་སྒོ་བཅད་དེ། ལྷ་རྣམས་ལ་ལྷ་མ་ཡིན་རྣམས་ཀྱིས་མི་ཚུགས་ཀྱང་འཇིགས་ཤིང་སྐྲག་པ་དང་། ལྡན་པའི་སེམས་ཀྱིས་ཤ་ཆེར ་གན་སོ།། འོན་ཀྱང་ལྷ་མ་ཡིན་རྣམས་ཀྱིས་དེར་མི་རྫི་བཞིན་དུ་ལྷ་མ་ཡིན་རྣམས་ཀྱང་འདི་ལྟར་ལྷ་རྣམས་ནི་ལྷའི་གྲོང་ཁྱེར་དུ་འདུག་ཀྱང་འཇིགས་ཤིང་སྐྲག་པ་ལྡན་པའི་སེམས་ཀྱིས ་ཤས་ཆེར་གནས་མོད་ཀྱི། བདག་ཅག་གི་ནི་མི་རྗེའོ་སྙམ་པའི་ཤེས་པའི་མཐོང་བ་འཇུག། གལ་ཏེ་ལྷ་རྣམས་རྒྱལ་ཏེ་ལྷ་མ་ཡིན་རྣམས་ཕམ་ན་ནི་ལྷ་རྣམས་ཀྱིས། ལྷ་མ་ཡིན ་རྣམས་ཐུབ་ཅིང་ཕམ་པར་བྱས་ཏེ། ཟློག་ཅིང་རྒྱབ་སྟོན་པར་བྱས་ནས། ཤིང་རྟ་ལྷོ་ཕྱོགས་སུ་ལྷ་མ་ཡིན་གྱི་གྲོང་ཁྱེར་གང་ན་བར་ཕྱིར་ལྡོག་གོ།། འོན་ཀྱང་ལྷ་རྣམས་ལྷམ ་ཡིན་གྱི་ཕྱི་བཞིན་སྙེགས་པར་བྱེད་ན་ནི། དེར་ལྷ་མ་ཡིན་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་འདི་དག་བདག་ཅག་གི་ཕྱི་བཞིན་དུ་སྙེགས་པ་ལགས་ན། ཡང་ལན་གཉི་སུ། ་གཡུལ་འགྱེད་པར་འདོད་དོ་སྙམ་དུ་སེམས་ནས་ལྷ་མ་ཡིན་རྣམས་ཕྱིར་ལོག་སྟེ། ལྷ་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ།། གལ་ཏེ་ལན་གཉིས་སུ་ཡང་ལྷ་རྣམས་རྒྱལ་ཏེ། ་ལྷ་མ་ཡིན་རྣམས་ཕམ་ན་ནི་ལྷ་རྣམས་ཀྱིས། ལྷ་མ་ཡིན་རྣམས་ཐུབ་ཅིང་ཕམ་པར་བྱས་ནས། ཤིང་རྟ་ལྷོ་ཕྱོགས་སུ་ལྷ་མ་ཡིན་གྱི་གྲོང་ཁྱེར་གང་ན་བདེར་ཕྱིར་ལོག་གོ།། འོན ་ཀྱང་ལྷ་རྣམས་ལྷ་མ་ཡིན་གྱི་ཕྱི་བཞིན་སྙེགས་པར་བྱེད་ན་ནི་དེར་ལྷ་མ་ཡིན་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་རྣམས་བདག་ཅག་གིས་ཕྱི་བཞིན་དུ་སྙེགས་པ་ལས་ན། ་ཡང་ལན་གསུམ་དུ་གཡུལ་འགྱེད་པར་འདོད་དོ།། སྙམ་དུ་ཤེས་ནས་ལྷ་མ་ཡིན་རྣམས་ཕྱིར་ལོག་སྟེ། ལྷ་རྣམས་དང་ལྷན་ཅིག་དུ་གཡུལ་འགྱེད་དོ།། གལ་ཏེ་ལན་གསུམ། ་དུ་ལྷ་རྣམས་འབའ་ཞིག་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི། ལྷ་རྣམས་ཀྱི་ལྷ་མ་ཡིན་རྣམས་ཐུབ་ཅིང་ཕམ་པར་བྱས་ཏེ། བཟློག་ཅིང་རྒྱལ་སྟོན་པར་བྱས་ནས། ལྷམ ་ཡིན་གྱི་གྲོང་ཁྱེར་དུ་འཇུག།། ལྷ་མ་ཡིན་གྱིས་གྲོང་ཁྱེར་དུ་ཞུགས་ནས་སྒོ་རྣམས་གཅད་དེ། ལྷ་མ་ཡིན་རྣམས་ལ་ལྷ་རྣམས་ཀྱི་མི་ཚུགས་ལ། ཀྱང་འཇིགས་སྐྲག་པ ་དང་ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་སོ།། འོན་ཀྱང་ལྷ་རྣམས་ཀྱི་དེར་མི་འཛི་བཞིན་དུ་ལྷ་རྣམས་ཀྱང་འདི་ལྟར་ལྷ་མ་ཡིན་རྣམས་ནི་ལྷ་མ་ཡིན་རྣམས་ཀྱི་གྲོང་དུ ་འདུག་ཀྱང་། འཇིགས་ཤིང་སྐྲག་པ་དང་། ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་མོད་ཀྱི་བདག་ཅག་ནི་འདིར་མི་བརྫི་བོ་སྙམ་དུ་མཐོང་བ་འཇུག། ་བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ། དགེ་སློང་དག་སྔོན་འབྱུང་བ་ལྷ་དང་ལྷ་མ་ཡིན་གཡུལ་དུ་ཞུགས་པ་ན་ལྷ་མ་ཡིན་རྣམས་རྒྱལ་ཏེ་ལྷ་རྣམས་ཕམ་ན་ནི། ལྷ་མ ་ཡིན་རྣམས་ཀྱི་ལྷ་རྣམས་ཐུབ་ཅིང་ཕམ་པར་བྱས་ཏེ། བཟློག་ཅིང་རྒྱབ་སྟོན་པར་བྱས་ཏེ། ཤིང་རྟ་བྱང་ཕྱོགས་སུ་ལྷའི་གྲོང་ཁྱེར་གང་ན་བ་དེར་ཕྱིར་ལྡོག་གོ། འོན ་ཀྱང་ལྷ་མ་ཡིན་རྣམས་ཕྱི་བཞིན་དུ་སྙེགས་པར་བྱེད་ན་ནི། དེར་ལྷ་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་མ་ཡིན་འདི་དག་བདག་ཅག་གི་ཕྱི་བཞིན་དུ་སྙེགས་པ་ལས་ན། ་ཡང་ལན་གཉིས་སུ་གཡུལ་འགྱེད་པར་འདོད་དོ།། སྙམ་དུ་ཤེས་ནས་ལྷ་རྣམས་ཕྱིར་ལོག་གོ། ལྷ་མ་ཡིན་རྣམས་དང་ལྷན་ཅིག་དུ་གཡུལ་འགྱེད་དོ།། གལ་ཏེ་ལན་གཉིས་ཡང ་ལྷ་མ་ཡིན་རྣམས་རྒྱལ་ཏེ། ལྷ་རྣམས་ཕམ་ན་ནི། ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་ཐུབ་ཅིང་ཕམ་པར་བྱས་ཏེ། བཟློག་ཅིང་རྒྱབ་སྟོན་པར་བྱས་ནས། ཤིང་རྟ་བྱང་ཕྱོགསུ ་ལྷའི་གྲོང་ཁྱེར་གང་ན་བར་ཕྱིར་ལྡོག་གོ། འོན་ཀྱང་ལྷ་མ་ཡིན་རྣམས་ཀྱི་ཕྱི་བཞིན་དུ་སྙེགས་པར་བྱེད་ན་ནི་དེར་ལྷ་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་མ་ཡིན་འདི་དག་བདག ་ཅག་གི་ཕྱི་བཞིན་དུ་སྙེགས་པ་ལས་ན། ཡང་ལན་གསུམ་དུ་གཡུལ་འགྱེད་པར་འདོད་དོ།། སྙམ་དུ་ཤེས་ནས་ཕྱིར་ལོག་གོ། ལྷ་མ་ཡིན་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ།། ་དགེ་སློང་དག་དེ་ལྷ་མ་ཡིན་འབའ་ཞིག་རྒྱལ་ཏེ། ལྷ་རྣམས་ཕམ་ན་ནི། ལྷོ་མ་ཡིན་རྣམས་ཀྱི་ལྷ་རྣམས་ཐུབ་ཅིང་ཕམ་པར་བྱས་ཏེ། ཟློག་ཅིང་རྒྱབ་སྟོན་པར་བྱས་ནས། ་ལྷའི་གྲོང་ཁྱེར་དུ་འཇུག་གོ། ལྷའི་གྲོང་ཁྱེར་དུ་ཞུགས་ནས་སྒོ་རྣམས་བཅད་དེ། ལྷ་རྣམས་ལ་ལྷ་མ་ཡིན་རྣམས་ཀྱིས་མི་ཚུགས་ཀྱང་འཇིགས་ཤིང་སྐྲག་པ་དང་། ལྡན་པའི ་སེམས་ཀྱིས་ཤས་ཆེར་གནས་སོ།། འོན་ཀྱང་ལྷ་མ་ཡིན་རྣམས་ཀྱིས་མི་རྫི་བཞིན་དུ་ལྷ་མ་ཡིན་རྣམས་ཀྱང་། འདི་ལྟར་ལྷ་རྣམས་ནི་ལྷའི་གྲོང་ཁྱེར་ན་འདུག་ཀྱང་འཇིགས་ཤིང ་སྐྲག་པ་དང་ལྡན་པའི་ཀྱིས་ཤས་ཆེར་གནས་མོད་ཀྱི། བདག་གིས་ནི་དེར་མི་རྫིའོ་སྙམ་དུ་ཤེས་པའི་མཐོང་བ་འཇུག་གོ། དགེ་སློང་དག་སྔ་མ་འདས་པའི་དུས་ནས། ལྷ་དང ་ལྷ་མ་ཡ་ནི་གཡུལ་དུ་ཞུགས་པ་ན། ལྷ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི། ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་ཕམ་པར་བྱས་ཏེ། ཟློག་ཅིང་རྒྱབ ་སྟོན་པར་བྱས་ནས། ཤིང་རྟ་ལྷོ་ཕྱོགས་སུ་ལྷ་མ་ཡིན་རྣམས་ཀྱི་གྲོང་ཁྱེར་གང་ན་བ་དེར་ཕྱིར་ལྡོག་གོ། འོན་ཀྱང་ལྷ་རྣམས་ལྷ་མ་ཡིན་རྣམས་ཀྱི་ཕྱི་བཞིན་དུ་སྐེགས་པར་བྱེད། ་པ་ནི། དེར་ལྷ་མ་ཡིན་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟ་ལྷ་འདི་དག་གི་ཕྱི་བཞིན་དུ་སྙེགས་པ་ལས་ན། ཡང་ལག་གཉིས་སུ་གཡུལ་འགྱེད་པར་འདོད་དོ་སྙམ ་དུ་ཤེས་ནས། ལྷ་མ་ཡིན་རྣམས་ཕྱིར་ལོག་ཏེ། ལྷ་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ།། གལ་ཏེ་ལན་གཉིས་སུ་ལྷ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི ་@#ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་ཕམ་པར་བྱས་ཏེ། ཟློག་ཅིང་རྒྱབ་པར་བྱས་ནས། ཤིང་རྟ་སྟེ་ཕྱོགས་ན་ལྷ་མ་ཡིན་གྱི་གྲོང་ཁྱེར་གང་ནས། ་དེར་ཕྱིར་ལྡོག་གོ། འོན་ཀྱང་ལྷ་རྣམས་ལྷ་མ་ཡིན་རྣམས་ཀྱི་ཕྱི་བཞིན་དུ་སྙེགས་པར་བྱེད་ན་ནི། དེར་ལྷ་མ་ཡིན་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་འདི་དག་བདག་ཅག་གི་ཕྱི ་བཞིན་དུ་སྙེགས་པ་ལས་ན། ཡང་ལན་གསུམ་དུ་གཡུལ་འགྱེད་པར་འདོད་དོ་སྙམ་དུ་ཤེས་ནས་ལྷ་མ་ཡིན་རྣམས་ཕྱིར་ལྡོག་ཏེ། ལྷ་རྣམས་ཀྱང་ལྷན་ཅིག་གཡུལ་འགྱེད་དོ།། གལ ་ཏེ་ལན་གསུམ་དུ་ལྷ་རྣམས་འབའ་ཞིག་རྒྱལ་ཏེ་ལྷ་མ་ཡིན་རྣམས་ཕམ་ན་ནི། ལྷ་རྣམས་ཀྱི་ལྷ་མ་ཡིན་རྣམས་ཐུབ་ཅིང་ཕམ་པར་བྱས་ཏེ། ཟློག་ཅིང་རྒྱབ་སྟོན་པར་བྱས་ནས། ལྷམ ་ཡིན་གྱི་གྲོང་ཁྱེར་དུ་འཇུག་གོ།། ལྷ་མ་ཡིན་གྱིས་གྲོང་ཁྱེར་དུ་ཞུགས་ནས་སྒོ་བཅད་དེ། ལྷ་མ་ཡིན་རྣམས་ལ་ལྷ་རྣམས་ཀྱི་མི་ཚུགས་ཀྱང་འཇིགས་ཤིང་སྐྲག་པ་དང་ལྡན་པའི་སེམས ་ཀྱིས་ཤས་ཆེར་གན་སོ།། འོན་ཀྱང་ལྷ་རྣམས་ཀྱིས་དེར་མི་རྫི་བཞིན་དུ་ལྷ་རྣམས་ཀྱང་ཇི་ལྟར་ལྷ་མ་ཡིན་རྣམས་ནི། ལྷ་མ་ཡིན་གྱི་གྲོང་ཁྱེར་ན་འདུག་ཀྱང་འཇིགས་ཤིང་སྐྲག་པ་དང་། ་ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་མོད་ཀྱི་བདག་ཅག་གིས་ནི་དེར་མི་རྫི་བོ་སྙམ་དུ་ཤེས་པའི་མཐོང་བ་འཇུག་གོ།། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་དེ་ལྟ་བུར་གྱུར་ཏོ།། ་ཇི་སྐད་དུ་གང་ཚེ་ལྷ་དང་ལྷ་མནི་ལྷན་ཅིག་ཏུ། གཉིས་ཀ་འདུས་ཤིང་གཡུལ་ནི་འགྱེད་པ་ན། ཤིང་རྟག་པའི་ཉི་ཟླ་མཚུངས་པ་མེད། ལྷའི་ཤིང་རྟ་པའི་མཆོག་ཡིན་ནོ།། ཞེས ་འབྱུང་བ་ལྟ་བུའོ།། རིའི་རྒྱལ་པོ་རི་རབ་ཀྱི་སྟེང་གང་གི་བཞིན། སུམ་བཅུ་རྩ་གསུམ་པའི་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱས་པ་ཚུར་དཔག་ཚད་ཉིས་སྟོང་ལྔ་རྒྱ། རྒྱར་དཔག ་ཚད་ཉིས་སྟོང་ལྔ་ནྱ། མཐའ་བསྐོར་དུ་དཔག་ཚད་ཁྲི་ཡོད་པ་དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་མཛེས་པ་བཞི་ཡོད་དེ། གསེར་གྱི་རབས་སྐོར་ཏེ། རབ་པང་དུ་དཔག ་ཚད་ཕྱེད་དང་གསུམ་ཡོད་དོ། ར་བ་དེ་ལས་ཅོག་རྣམ་པ་བཞི་ལས་བྱས་པ་ཡོད་དོ།། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་དཱུརྱ་ལས་བྱས་པ་དང་། ་ཤེལ་ལས་བྱས་པ་རྣམས་སོ།། བྱེན་དུ་འཕགས་པའི་མདའ་ཡབ་དང་། ཐར་དུ་འཕྱང་བའི་མདའ་ཡབ་དང་། སྟི་ཁང་རྣམས་བཞི་ཡོད་དོ།། གསེར་ལས་བྱས་པ་དང་། ་དངུལ་ལས་བྱས་པ་དང་། བཻ་དཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་སོ།། དེའི་ནང་གིས་གཞི་དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་མཛེས་ཏེ། བཀྲ་ཤིས་ཤིན ་དུ་བཀྲ་བ་ཚོག་སྣ་རྒྱ་རྩ་ཅིག་གིས་བཀྲ་བ་སྟེ། འཇམ་ཤིང་ཤིན་དུ་འཇམ་པ་ནི་དཔེར་ན་ཤིང་བལ་གྱི་འདབ་མ་འམ། རས་བལ་གྱི་འདབ་མ་བཞིན་ཏེ། རྐང་པ་རྟག་ན་ནི ་བར་ཞེས་བྱེད་ལ། མེ་ཏོག་མན་དྷ་ར་བ་མང་པོས་པུས་མོ་ནུབ་ཙམ་དུ་ཡོངསུ་ཁྱེབས་ཏེ། ཀླུང་གི་མཐུས་མེ་ཏོག་རྙིང་པ་རྣམས་ནི་འདོར་མེ་ཏོག་གསར་པ་རྣམས་ནི་ལེགས ་པར་འགྲེམས་ཏེ་འདི་སྐད་དུ། ལྷ་རྣམས་བསོད་ནམས་ཀྱིས་དབང་གིས་མཐུ་སྟོབས་ཀྱིས། ལྷའི་གྲོང་ཁྱེར་དག་ན་ཀླུང་ཆེན་དང་། མེ་ཏོག་རྙིང་པ་དག་གི་མདོར་བར ་གང་པ་བགགན་ནི་མ་ཤེས་བྱེད། ་བྱེད། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས། ཞེས་འབྱུང་བ་ལྟ་བུའོ།། ལྷའི་གྲོང་ཁྱེར་དེ་ན་སྒོ་དགུ་བཅུ་རྩ་དགུ་ཡོད་དེ། ་སྒོ་རེ་རེ་ལ་ཡང་འཕང་དུ་དཔག་ཚད་ཕྱེད་དང་གསུམ་ཞེང་དུ་དཔག་ཚད་ཕྱེད་དང་གཉིས་ཡོད་དོ།། སྒོ་རེ་རེ་ལ་ཡང་སྐར་མའི་གཟུགས་སུ་བྱས་པ་རྣམ་པ་བཞི་ཡོད་དེ། གསེར་ལས ་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་དཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམསོ།། ཟླ་བ་ཁམས་པ་ལྟ་བུ་ཡོངས་སུ་གྲུབ་པ། བ་གླང་གི་མགོ་ལྟ་བུ་དང་། མི ་ལོང་རྣམས་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་དཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་བཞི་ཡོད་ཏེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ ་མཛེས་པ་ཡོད་དོ།། སྒོ་རེ་རེ་ལ་ཡང་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་སྲུང་བའི་སྲུང་བའི་ཕྱིར་དང་། སྐྱབ་པའི་ཕྱིར་དང་མཛེས་པར་བྱ་བའི་ཕྱིར་དང་། གོ་ཆ་བགོས་ཤིང ་མཚོན་ཆ་སྣ་ཚོགས་པ་ཐོགས་པ་ལྔ་རྒྱ་ཡོད་ལ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལམ་སྲང་སྲིད་དུ་དཔག་ཚད་ཉིས་སྟོང་རྒྱ་ཡོད་པ། ཞེང་དུ་དཔག་ཚད་བཅུ་གཉིས་ཡོད་པ། ་དབྱིབས་ལེགས་པ་བལྟ་ན་སྡུག་པ་མཛེས་པ་གསེར་གྱི་བྱེ་མ་བདལ་བཅིང་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་ཡོད་དེ། སྲང་དེའི་ངོས་གཡས་གཡོན་རྫིང་གསེར་ལས་བྱས་པ། ་དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་བཞི་རྩིགས་པའི་ངག་ཡོད་དེ། ཐེམ་སྐས་དེ་དག་ཀྱང་འདི་ལྟ་སྟེ། གསེར་ལས ་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་བཞིས་རྩིགས་པའི་རྫིང་དག་ཡོད་དོ།། རྫིང་དེ་དག་གི་ཕྱོགས་བཞིན། ་ཐེམ་སྐས་བྱ་བ་ཡོད། རྫི་དེ་དེ་དག་གི་ལན་ཀར་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་དུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་པ་བཞི་ས ་ཀུན་ནས་སྐོར་ཏེ། གསེར་གྱི་ལན་ཀན་གྱི་རྟེན་མ་དང་། གཉྫ་ནན་དང་། ཤར་བ་ནི་དངུལ་ལས་བྱསོ།། དངུལ་ནི་གསེར་ལས་བྱས།། བཻ་དུརྱའི་ཤེལ་ལས་བྱསོ།། ཀུ་མུ ་ཏ་དང་དཀར་པོས་ཡོངས་སུ་ཁེབས་ཏེ་ཆུ་ན་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་སྙན་པ་དང་། འདོད་དགུར་སྦྱར་བའི་གཟུགས ་ཅན་རྣམས་སྐད་སྙན་པ་བྱིན་ཏེ། རྫིང་དེ་དག་གི་ཉེན་ཀོར་ན་མེ་ཏོག་གི་ཤིང་ལྗོན་པ་དང་། འབྲས་བུའི་ཤིང་ལྗོན་པ་སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་།། ་དབྱིབས་ལེགས་པར་སྐྱེས་ཤིང་། དབྱིངས་ལེགས་པ་ཡོངས་སུ་གྲུབ་པ་ཏེ། མེ་ཏོག་ཐོགས་བཞིན་དུ་གྱུར་པ་ནི་དཔེར་ན་མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མི ་ཏོག་གི་ཕྲེང་ཐེ་གུ་ལ་རྒྱུས་པ་དང་། མེ་ཏོག་གི་རྣ་བརྒྱན་ལེགས་པར་བྱས་བཞིན་ཏེ། སྐམ་ལ་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་དང་། སྐད་ཡིད་དུ་འོང་བ་དང་། ་སྐད་མཉན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། དེ་དག་གི་ཉེན་སྐོར་ན་དཔག་བསམ་གྱི་ཤིང་ལྗོན་པ་དག་རྣམ་པ་བཞི་སྟེ་སྔོན ་པོ་དང་དམར་པོ་དང་སེར་པོ་དང་དཀར་པོ་དག་གོ། གཞག་གོས་དག་རྣམ་པ་བཞི་སྟེ། སྔོན་པོ་དང་སེར་པོ་དང་། དམར་པོ་དང་དཀར་པོ། ་དག་གོ། དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་རྣམ་པ་བཞི་སྟེ། སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དག་གོ། རྒྱན་སྣ་ཚོགས་ལག་རྒྱན་དང་། རྐང ་རྒྱན་དང་སྣ་རྒྱན་དང་། སྙན་པ་སྣ་ཚོགས་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དེ་ལྷ་འམ་ལྷའི་བུ་མོ་དག་གིས་ཇི་ལྟ་བུ་འདོད་པའི་སེམས་སྐྱེད་མ་ཐག་ཏུ་དེ་ལྟ་བུ་དེ་དག་གི་ལག་ཏུ་འོང ་བར་འགྱུར་རོ།། རོལ་མོའི་ཆ་བྱ་སྣ་ཚོགས་པི་བང་དང་གླང་བུ་དང་། པི་བང་རྒྱུད་གསུམ་པ་དང་ཁར་རྔ་དང་། སྒྲ་སྙན་རྣམས་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དེ། ལྷ་འམ ་ལྷའི་བུ་རྣམས་ཀྱིས་ཇི་ལྟ་བུར་འདོད་པའི་སེམས་སྐྱེད་མ་ཐག་དུ་དེ་དག་གི་ལག་དུ་འོང་བར་འགྱུར་རོ།། བདུད་རྩི་རྣམ་པ་བཞི་དང་། སྦྲང་ཆང་གི་གཏུང་དག་ཡོད་དོ།། ཡང་། ་ཏོག་རྣམས་དང་། ཁང་པ་རྩེགས་པ་རྣམས་དང་། ཁྱིམ་རྣམས་དང་། ཁང་བཟངས་རྣམས་དང་། སལི་ཁང་རྣམས་དང་། ལྟད་མོ་ལྟ་བའི་ས་རྣམས་དང་། སྟི་ཁང་རྣམས ་བུད་མེད་ཀྱི་ཚོགས་ཀྱིས་མཛེས་པར་བྱས་ཤིང་། ལྷའི་བུ་མང་པོས་སྟེན་པ་དང་། སིལ་སྙན་དང་། ཕེག་རྡོབ་པ་དག་གི་སྒྲ་སྙན་པ་སྒྲོགས་པ་དང་། དྲའི་ཚོགས་ཀྱིས་ལེགས ་པར་སྒོ་བ་དང་། བཟླ་བ་དང་། བཏུང་བ་དང་། ལྡན་པ་དག་ཡོད་དེ། དེ་ན་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་འཁོར་དང་བཅས་པ་རྩེ་ཞིང་དགའ་དགུར་སྤོད་དོ།། རང ་གི་ལས་ཀྱི་འབྲས་བུ་ཉམ་སུ་མྱོང་ངོ་།། ལྷའི་གྲོང་ཁྱེར་ཀྱི་དབུས་ན། ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བྱེད་ནུར་དཔག་ཚད་ཉིས་རྒྱ་ལྔ་བཅུ། རྒྱར ་དཔག་ཚད་ཉིས་རྒྱ་ལྔ་བཅུ། མཐོའི་སྐོར་དུ་དཔག་ཚད་སྟོང་ཡོད་པ། དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་མཛེས་པ་ཞིག་ཡོད་དེ། དེ་ན་ལྷའི་གྲོང་ཁྱེར་ལས་དཔག་ཚད ་ཕྱེ་དང་ལྔས་བྱིན་དུ་འཕག་སོ། ཁང་བཟངས་རྣམ་པར་རྒྱལ་བྱེད་དེའི་རྨང་རྟེན་རྣམ་པ་བཞི་ལས་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། ་བཻ་དཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་དང་། ཁང་བཟངས་རྣམ་པར་རྒྱལ་བ་དེའི་ཐེམ་སྐས་རྣམ་པ་བཞི་ཡོད་པ་ལས་འདི་སྐྲོད་པ་ལ་འདི་ལྟ་སྟེ་གསེར ་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་དཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་དང་། རྣམས་སོ།། ཁང་བཟངས་རྣམ་པར་རྒྱལ་བྱེད་ཀྱི་ཀ་བ ་རྨུགས་པ་ལ་འདི་ལྟ་སྟེ། གསེར་ལ་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་དཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་ཏེ། གསེར་གྱི་རྐབ་ནི ་ཀ་རྟེན་དང་ཀ་ཞུ་དང་། བྲེ་ཕུལ་དང་། གདུང་རྣམས་དངུལ་ལས་བྱསོ།། ཤེལ་གྱི་ནི་ཀ་རྟེན་དང་ཀ་ཞུ་དང་། བྲེ་ཕུལ་དང་། གདུང་བཻ་དཱུརྱ་ལས་བྱསོ།། ཁང་བཟངས ་རྣམ་པར་རྒྱལ་བྱེད་དེའི་ཕྱམ་རྟེན་རྣམ་པ་བཞི་ལས་བྱས་པ་དག་ཡོད་དེ། འདི་ལྟ་སྟེ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་དཱུརྱ་ལས་བྱས་པ་དང་། ་ཤེལ་ལས་བྱས་པ་རྣམསོ། ཁང་བཟངས་རྣམ་པར་རྒྱལ་བྱེད་ལ་ཐེམ་ཀླས་བཞི་ལས་བྱས་པ་དག་ཡོད་དོ།། འདི་ལྟ་སྟེ་གསེར་ལས་བྱས། ་བ་དང་དངུལ་ལས་བྱས་པ་དང་། བཻ་དཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམསོ།། རྣམ་པ་བཞི་རྩིག་སོ།། ཁང་བཟངས་རྣམ་པར་རྒྱལ་བྱེད་ལ། ལན་ཀན ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་དཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞིས་ཀུན་ནས་སྐོར་ཏེ། གསེར་གྱི་ལན་ཀན་གྱི ་རྟེན་མ་དང་། གཉན་ན་དང་། ཤར་བ་ནི་དངུལས་བྱསོ།། དངུལ་གྱི་ནི་གེ་སེར་ལས་བྱསོ།། བཻ་དཱུརྱའི་ནི་ཤེལ་ལས་བྱསོ།། ཤེལ་གྱི་རྟེན་མ་དང་གཉནན་དང་། ་ཤར་བ་ནི་བཻ་དཱུརྱ་ལས་བྱསོ།། བར་སྡོམ་ནི། རྨང་རྟེན་ཐེམ་པ་རྐང་པ་དང་། ཕྱ་མ་རྟེན་དང་ནི་སྟོབས་ལྡན་བྱ་མ། འཁོར་ས་དང་ནི་སྤང་ལེན་ཁང་། ཡ་ཕུབ་དག ་ནི་ཐ་མ་ཡིན། ཁང་བཟངས་རྣམ་པར་རྒྱལ་བྱེད་ལ། བགམ་བརྒྱ་ཡོད། བ་ག་མ་རེ་རེ་ལ་ཡང་ཁང་པརྩེགས་པ་བདུན་བདུན་ཡོད་དོ། ཁང་བརྩེགས་པ་རེ་རེ་ལ ་ཡང་གནས་ཁང་བདུན་བདུན་ཁུང་རེ་རེ་ལ་ལྷའི་བུ་མོ་བདུན་བདུན། ལྷའི་བུ་མོ་རེ་རེ་ལ་གཡོག་མོ་བདུན་བདུན། གཡོག་མེ་རེ་རེ་ལ་ཡང་སིལ་སྙན་བདུན་བདུན་ཡོད་དེ།། ་ཁང་བཟངས་རྣམ་པར་རྒྱལ་བྱེད་ན་ནང་ན། རྫིང་དུ་བྱས་པ་ཡོད་དེ་རྫིང་བུ་དེ་ལ་ཚུར་དཔག་ཚད་ལྔ་བཅུ། ཁ་ཚོན་དུ་ཡང་དཔག་ཚད་ལྔ་བཅུ་མཐའ་སྐོར་དུ་ཡང་དཔག ་ཆད་ཉིས་རྒྱ་ཡོད་དོ།། རྫིང་བུ་དེའི་ཕྱོགས་བཞིན་ཐེམ་སྐས་བྱས་པ་དག་ཡོད་དོ།། ཐེམ་རྒས་དེ་དག་ཀྱང་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ ་དང་། བཻ་དཱུརྱ་ལས་བྱས་པའི་ཕ་གུ་རྣམ་བཞི་རྩིགསོ།། རྫིང་བུ་དེའི་ཕྱོགས་བཞིར་ཡང་ལན་ཀན་དག་གིས་ཀུན་ནས་སྐོར་ཏེ་ལན་ཀན་རྣམ་པ་བཞི་དག་གིས་རྣམ་པ་བཞིན ་ཏེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་མཛེས་པ་ཆུ་བསིལ་ཞིང་ནུ་སྦྲང་ཅི་ལྟ་བུས་གང་སྟེ་མེ་ཏོག་ཨུད་པ་ལ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོས་ཡོངས་སུ་ཁེབས་པ་ཆུ ་ན་སྐྱེས་པ་བྱ་སྣ་ཚོགས་སྐད་སྙན་པ་དང་སྐད་ཡིད་དུ་འོང་བ་དང་། སྐད་གཉེན་པ་དང་། འདོད་དགུར་སྦྱར་བའི་གཟུགས་ཅན་སྐད་སྙན་པ་འབྱིན་ཏོ།། རྫིང་བུ་དེའི་ཉེན ་སྐོར་ན་མེ་ཏོག་གི་ཤིང་ལྗོན་པ་དང་འབྲས་བུས་ཤིང་ལྗོན་པ་རྣམ་པ་སྣ་ཚོགས་པ་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་ཐོང ་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག་འཕྲེང་རྒྱུད་དམ། མེ་ཏོག་འཕྲེང་རྒྱུད་ཀྱི་སློབ་མ་མཁས་པས། མེ་ཏོག་གི་ཕྲེང་བ་ཐེ་གུ་ལ་སྐྱེས་པ་དང་། མེ་ཏོག་གི་རྣ་རྒྱན་ལེག ་པར་བྱས་པ་བཞིན་ཏེ། སྐམ་ལ་སྐྱེས་པའི་བྱ་རྣ་ཚོགས་སྐད་སྙན་པ་དང་། ཡིད་དུ་འོང་བ་དང་། སྐད་གཉེན་པ་དང་། འདོད་དགུར་སྦྱར་བའི་གཟུགས་ཅན་རྣམས ་སྐད་སྙན་པ་འབྱིན་ཏོ།། དཔག་བསམ་གྱི་ཤིང་ལྗོན་པ་དག་རྣམ་པ་བཞི་སྟེ། སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དག་གོ། བཞག་གོས་རྣམ་པ་བཞི་སྟེ། ་@སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དག་གོ། དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་རྣམ་པ་བཞི་སྟེ་སྔོན་པོ་དང་སེར་པོ་དང ་དཀར་པོ་དག་གོ།། བརྒྱན་སྣ་ཚོགས་དང་། ལག་བརྒྱན་དང་རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་དག་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དོ།། རོལ་མོའི་ཆ་བྱང ་སྣ་ཚོགས་འདི་ལྟ་སྟེ་པི་བང་དང་། རྒྱུད་གསུམ་པ་དང་། ཁརྔ་དང་སྒྲ་སྙན་པ་དག་འབྱུང་བའི་ཤིང་ལྗོན་པ་དག་ཀྱང་ཡོད་དོ།། ལྷ་དང་ལྷའི་བུ་རྣམས་ཀྱིས་ཇི་ལྟ་བུ་འདོད ་པའི་སེམས་སྐྱེད་མ་ཐག་ཏུ་དེ་ལྟ་བུ་དེ་དག་གི་ལག་ཏུ་འོང་བར་འགྱུརརོ།། བདུད་རྩི་རྣམ་པ་བཞི་དང་། སྦྲང་རྩི་དང་སྤང་ཆང་གི་གཏུང་བ་དག་ཀྱང་ཡོད་དོ།། ཡང་རྟོག་རྣམས ་དང་། ཁང་པརྩེགས་པ་རྣམས་དང་། ཁྱིམ་རྣམས་དང་བསིལ་ཁང་རྣམས་དང་། ལྟད་མོ་ལྟས་རྣམས་དང་། བསྟི་ཁང་རྣམས་བུད་མེད་ཀྱི་ཚོགས་ཀྱིས་མཛེས་པར ་བྱས་ཤིང་ལྷའི་བུ་མོ་མང་པོ་སྟོན་པ་དང་། སིལ་སྙན་དང་། ཕེག་རྡོབ་པ་དག་གི་སྒྲ་སྒྲོགས་པ་དང་། དྲི་སྣ་ཚོགས་ཀྱིས་ལེགས་པར་གོས་པ་དང་། བཟའ་བ་དང་གཏུང ་བ་དང་། ལྡན་པ་ཡོད་དེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གཡོག་འཁོར་དང་བཅས་པ་རྩེ་ཞིང་དགའ་དགུར་སྤྱོད་དོ་རང་གིས་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། ལྷའི ་གྲོང་ཁྱེར་གྱི་ཤར་ལྷོ་མཚམས་ན་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལྷའི་མདུན་ས་ཆོས་བཟང་ཞེས་བྱ་བ་ཡོད་དེ། ཆུར་དཔག་ཚད་སུམ་རྒྱ་རྒྱར་དཔག་ཚད་སུམ་རྒྱ། མཐའ ་སྐོར་དུ་དཔག་ཚད་དགུ་རྒྱ་ཡོད་དོ།། ལྷའི་གྲོང་ཁྱེར་གྱི་ཤར་ལྷོ་མཚམས་དཔག་ཚད་ཕྱེད་དང་བཞི་འཕག་སོ།། ལྷའི་མདུན་ས་ཆོས་བཟངས་ཀྱི་བཞི་དང་། ཡང་ཏོག ་དང་དགའ་བ་དང་སྤྱི་འདུས་ཀྱི་གདུང་དང་། ཡང་ཏོག་གི་རྩེ་བཞི་དང་། ཕྱ་མ་གཟུངས་དང་། ཕྱམ་དགུ་པོ་ཐམས་ཅད་ཤེལ་ལས་བྱས་པ། དབྱིབས་ལེགས་ཤིང་། ་ལྟ་ན་མཛེས་པ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞི་ཀུན་ནས་སྐོར་ཏོ།། དེ་ལ་སྒོ་དང་ཡང ་ཕུག་དང་། ཡང་ཏོག་གི་རྩེ་བཞི་དང་། ལུན་དང་། ཕྱ་མ་དགུ་པོ་ཡོད་དེ། ཕྱ་མ་དགུ་པོ་རེ་རེ་ལ་ཡང་ཀ་བ་བཅུ་དྲུག་བཅུ་དྲུག་གི་ཀུན་ནས་རྟེན་ཏོ།། རྒྱུ་བའི་ལམ་ནི ་རིམ་པ་བདུན་ཡོད་དོ།། དེའི་དབུས་ན་བཻ་ཌཱུརྱ་ལ་བྱས་པའི་ཀ་བཟུར་རྒྱད་པ་གསལ་ཤིང་འཕགས་མེད་ལ་མཚན་དང་ལྡན་པ་བཞི་ཀ་ཡོད།། སྐྲའི་རྩེ་མོ་ཙམ་གྱི་ཁང་པ ་རྩེགས་པའི་སྤྱི་འདུས་ཀྱི་རྟེན་ལ་མི་རེག་གོ།། དེའི་འོག་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་གསེར་གྱི་ཁྲི་བཟང་པོ་དང་སུམ་བཅུ་རྩ་གསུམ་པའི་ལྷ་ལྷག་མ་རྣམས་ཀྱི་ཁྲི་བཤམས ་པ་ཡོད་དོ།། དེར་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་འདུས་ཤིང་འཁོད་ནས། ལྷ་རྣམས་དང་མི་རྣམས་ཀྱི་དོན་དང་། ཆོས་སེམས་ཤིང་དཔྱོད་དེ། ཡོངས་སུ ་རྟོག་པར་བྱེད་དོ།། ལྷའི་གྲོང་ཁྱེར་ན་རྒྱུ་བའི་ལམ་ཁ་མཚོན་དུ་དཔག་ཚད་བཅུ་གཉིས་ཡོད་པ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ། གསེར་གྱི་བྱེ་མ་བདལ ་དུ། ཅིང་ཙན་དན་གྱིས་ནུས་ཆག་ཆག་བཏབ་པ་ཡོད་དེ་དེ་ངོས་གཡས་གཡོན་ན་མེ་ཏོག་གི་ཤིང་ལྗོན་པ་དང་། འབྲས་བུའི་ཤིང་ལྗོན་པ་སྣ ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་། དབྱིབས་ལེགས་ལ་ཡོངསུ་གྲུབ་པ་སྟེ། མེ་ཏོག་ཐོག་བཞིན་གྱུར་པ་ནི། དཔེར་ན་མེ་ཏོག་ཕྲེང་རྒྱུད་དམ། མེ་ཏོག་ཕྲེང ་རྒྱུད་ཀྱི་བསློབ་མ་མཁས་པས་མེ་ཏོག་གི་ཕྲེང་བ་ཐེ་གུ་ལ་རྒྱུས་པ་དང་། མེ་ཏོག་གི་རྒྱན་ལེགས་པར་བྱས་པ་བཞིན་ཏེ་སྐམ་ལ་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་དང་། སྐད ་ཡིད་དུ་འོང་བ་དང་། སྐད་གཉེན་པ་དང་། འདོད་དགུར་གྱུར་པའི་གཟུགས་ཅན་རྣམས་ཀྱང་སྐད་སྙན་འབྱིན་ཏོ།། ལྷའི་གྲོང་ཁྱེར་འོབས་བདུན་རིམ་གྱིས་སྐོར་ཏེ་འོབས ་དེ་དགས་ཀྱང་ཟབས་དང་། ཁ་མཚོན་དུ་དཔག་ཚད་ཙམ་ཡོད་དེ། ཕ་གུ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། རྣམ་པ ་བཞིའི་རྩིག་པ་ལས་ཆུ་གསིལ་ཞིང་ཆུ་སྦྲད་ཙི་ལཱ་ལུས་གང་སྟེ། མེ་ཏོག་ཨུད་པ་ལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོས་ཡོངས་སུ་ཁྱེབས་ལ་ཆུ་ན ་སྐྱེས་པའི་བྱ་ན་ཚོགས་སྐད་སྙན་པ་དང་། སྐད་པད་དུ་འོང་བ་དང་། སྐད་གཉེན་པ་དང་། འདོད་དགུར་རྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། འོབས་དེ ་དགན་ནུ་དཀའ་དང་། རྒྱུ་མུ་གུང་དང་། གྲུ་སྣ་ཚོགས་བྱས་པ་དག་ཡོད་དེ། དེ་ནས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ནུའི་རྩེད་མོ་ལ་རྩེ་ཞིང་དགའ་དགུར་སྤྱོད་དོ།། འོན ་དེ་དག་གི་ཉེན་ཀོར་ན་མེ་ཏོག་གི་ཤིང་ལྗོན་པ་དང་། འབྲས་བུའི་ཤིང་ལྗོན་པ་སྣ་ཚོགས་ཡོད་རྣམས་ལེགས་པར་སྐྱེ་ཞིང་། དབྱིབས་ལེགས་ཤིང་ཡོངསུ་གྲུབ་པ་སྟེ། མེ་ཏོག ་ཐོང་བཞིན་དུ་གྱུར་ན་ནི། དཔེར་ན་མེ་ཏོག་ཕྲེང་རྒྱུད་དམ། མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས། མེ་ཏོག་གི་ཕྲེང་བ་ཐེག་ལ་རྒྱུས་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར ་བྱས་པ་བཞིན་ཏེ། སྐམ་ལ་སྨྲས་པའི་བྱ་སྣ་ཚོགས་སྐད་སྙན་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་གཉེན་པ་དང་། འདོད་དགུར་གྱུར་པའི་གཟུགས་ཅན་སྐད ་སྙན་པ་འབྱིན་ཏེ། དེ་ནས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་འཁོར་དང་བཅས་པ་རྩེ་དགའ་ལ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། ལྷའི་གྲོང ་ཁྱེར་གྱི་ཤར་ཕྱོགས་དཔག་ཚད་ཉི་ཤུ་ན། སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་སྐྱེད་མོ་ཚལ། ཤིང་རྟ་སྣ་ཚོགས་ཅན་ཞེས་བྱ་བ་ཡོད་དེ། ཚུར་དཔག་ཚད་ཉིས་རྒྱ་ལྔ་བཅུ ་ཡོད་རྒྱར་དཔག་ཚད་ཉིས་རྒྱ་ལྔ་བཅུ་མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་པ། དབྱིབས་ལེགས་ཤིང་ལྟ་ན་སྡུག་མཛེས་པ་གསེར་གྱི་དྲ་བས་ཀུན་ནས་བསྐོར་ཏེ། ར་བའི ་འཕང་དུ་དཔག་ཚད་ཅིག་ཡོད་པར་བ་དེ་ལ་ཅོག་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞི་ཡོད། ་གྱེན་དུ་འཕངས་པ་དང་ཐུར་དུ་འཕྱང་བའི་མདའ་ཡབ་དང་། སྟི་ཁང་རྣམ་པ་བཞི་ཡོད་དེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ ་ཚོགས ་དང་། ཤེལ་ལས་བྱས་པ་རྣམས་སོ།། དེའི་ནང་ནི་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་བཀྲ་ཤིས་ཤིན་དུ་བཀྲ་བ་སྣ་ཚོན་སྣ་རྒྱ་རྩ་ཅིག ་གི་བཀྲ་བ་སྟེ། འཇམ་པ་ནི་དཔེར་ན། ཤིང་བལ་གྱི་འདབ་མ་འམ། རས་བལ་གྱི་འདབ་མ་བཞིན་ཏེ། རྐང་པ་བཞག་ན་ནི་ནེམས་ཞེས་བྱེད་ལ། མེ་ཏོག་མན་དྷ་ར་བ་མང ་པོས་པུས་མེ་ནུབ་ཙམ་དུ་ཡོངས་སུ་ཁྱེབས་ཏེ། རླུང་གིས་མཐུས་མེ་ཏོག་སྙིང་པ་རྣམས་ནི་དོར་མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས། ཇི་སྐད་དུ་ལྷ་རྣམས་བསོད ་ནམས་དབང་གིས་རྟེན་གྱིས་ན་ཤིང་རྟ་སྣ་ཚོགས་ཅན་ན་རླུང་ཆེ་ལྡན། མེ་ཏོག་གསར་པ་རྣམ་ནི་ལེགས་པར་འགྲེམས། ཞེས་འབྱུང་བ་ལྟ་བུའོ།། སྐྱེད་མོ་ཚོལ་ཤིང་རྟ་སྣ ་ཚོགས་ཀྱི་ནང་ན། རྫིང་བུ་དཔག་ཚད་ལྔ་བཅུ། ཁ་ཚོན་དུ་ཡང་དཔག་ཚད་ལྔ་བཅུ། མཐའ་སྐོར་དུ་ཡང་དཔག་ཚད་ཉིས་བརྒྱ་ཡོད་དོ།། རྫིང་དེ་ཡང ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་རྩིགསོ།། རྫིང་དེའི་ཕྱོགས་བཞི ་ན་ཐེམ་སྨྲས་བྱས་པ་ཡོད་དོ།། ཐེམ་སྐས་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་དང་། ་ཕ་གུ་རྣམ་པ་བཞི་རྩིག་སོ། རྫིང་དེའི་ལན་ཀན་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལིས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ ་བཞིས་ཀུན་ནས་བསྐོར་ཏེ། ནུ་བསིལ་བ་དང་། ཆུ་སྦྲང་རྩི་ལྟ་བུས་གང་ཞིང་མེ་ཏོག་ཨུད་པ་ལ་དང་། པདྨ་དང་ཀུ་མུ་ཏ་དང་། པདྨ་དཀར་པོ་ཡོངས་སུ་ཁྱེབས་ལ། ནུ་ལ ་སྐྱེས་པའི་བྱ་སྣ་ཚོགས། སྐད་སྙན་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་གཉེན་པ་དང་། འདོད་དགུར་རྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་དག་འབྱིན་ཏོ།། རྫིང ་དེའི་ཉེ་སྐོར་ན་མེ་ཏོག་གི་ཤིང་ལྗོན་པ་དང་། འབྲས་བུའི་ཤིང་ལྗོན་པ་དང་། ལེགས་པར་སྐྱེས་ཤིང་། དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་དག་ཡོད་དེ། མེ་ཏོག་ཐོད་བཞིན ་དུ་གྱུར་པ་ནི། དཔེར་ན་མེ་ཏོག་ཕྲེང་རྒྱུད་དེ་ལས། མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས། མེ་ཏོག་གི་ཕྲེང་བ་ཐེ་གུ་ལ་རྒྱུས་པ་དང་། མེ་ཏོག་གི་སྣ་རྒྱན་ལེགས་པར་བྱས ་པ་བཞིན་ཏེ། སྐམ་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་གཉེན་པ་དང་། འདོད་དགུར་གྱུར་པའི་གཟུགས་ཅན་རྣམས ་སྐད་སྙན་པ་དག་འབྱིན་ནོ།། དཔག་བསམ་གྱི་ཤིང་དག་རྣམ་བཞི་ཏེ། སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དག་གོ། བཞགས་གོས་རྣམ་པ་བཞི་སྟེ། སྔོན ་པོ་དང་སེར་པོ་དང་། དམར་པོ་དང་དཀར་པོ་དག་གོ། དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་དག་རྣམ་པ་བཞི་སྟེ། སྔོན་པོ་དང་སེར་པོ་དང་། དམར་པོ་དང་དཀར ་པོ་དག་གོ། རྒྱན་སྣ་ཚོགས་ལག་རྒྱན་དང་། རྐང་རྒྱན་དང་རྒྱན་སྣང་བ་དང་མི་སྣང་བ་རྣམས་ལ་ཤིང་ལྗོན་པ་དག་ཡོད་དོ།། རོལ་མོའི་ཆ་བྱད་སྣ་ཚོགས་འདི་ལྟ་སྟེ་བི ་བང་དང་གླིང་བུ་དང་། པི་བང་རྒྱུད་གསུམ་པ་དང་། ཁརྡ་དང་སྒྲ་སྙན་རྣམས་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དོ།། ལྷ་འམ་ལྷའི་བུ་མོ་རྣམས། ་ཀྱིས་ཇི་ལྟ་བུ་འདོད་པའི་སེམས་སྐྱེད་མ་ཐག་ཏུ་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ།། བདུད་རྩི་རྣམས་པ་བཞི་དང་སྦྲང་ཙི་དང་། སྦྲང་ཆང་གི་ཏུང་བ་དག་ཀྱང་ཡོད་དོ།། ཡང་། ་རྟོག་རྣམས་དང་། ཁང་པ་རྩེགས་པ་དང་། ཁྱིམ་རྣམས་དང་། ཁང་བཟེངས་རྣམས་དང་། བསིལ་ཁང་རྣམས་དང་། ལྟད་མོ་ལྟ་བའི་ས་རྣམས་དང་། སྟི་ཁང ་རྣམས་བུ་མེད་ཀྱི་ཚོགས་ཀྱིས་མཛེས་པར་བྱས་ཤིང་། ལྷའི་བུ་མོ་དག་གིས་སྟེན་པ་དང་། སིལ་སྙན་དང་ཕེག་རྡོབ་པ་དག་གི་སྒྲ་སྙན་པ་སྒྲོགས་པ་དང་། དྲི་སྣ་ཚོགས་ཀྱིས ་ལེགས་པར་བགོས་པ་དང་། བཟའ་བ་དང་གཏུང་བ་དང་ལྡན་པ་དག་ཡོད་དོ།། དེ་ནས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་གཡོག་འཁོར་དང་བཅས་ཏེ་རྩེ་ཞིང་དགའ ་ལ་དགུར་སྤྱོད་དེ། བདག་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། དེའི་ལམ་ཆུར་དཔག་ཚད་ཉི་ཤུ། ཁ་ཚོན་དུ་དཔག་ཚད་ཕྱེད་དང་གཉིས་པ། དབྱིབས་ལེགས་པ ་བལྟ་ན་སྡུག་ལ་མཛེས་པ། གསེར་གྱི་བྱེ་མ་བདལ་ཅིང་རྩན་གྱི་ཆུས་ཆག་ཆག་བཏབ་པ་ཡོད་དོ།། དེའི་ངོས་གཡས་གཡོན་ན་མེ་ཏོག་གི་ཤིང་ལྗོན་པ་འབྲས་བུའི་ཤིང ་ལྗོན་པ་སྣ་ཚོགས་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་ལ་ཡོངསུ་གྲུབ་པ་དག་ཡོད་དོ།། མེ་ཏོག་ཐོད་བཞིན་དུ་གྱུར་པ་ནི་དཔེར་ན་མེ་ཏོག་ཕྲེང་རྒྱུད་དམ། མེ་ཏོག་ཕྲེང ་རྒྱུད་ཀྱི་སློབ་མ་མཁས་པས། མེ་ཏོག་ཕྲེང་བ་ཐེ་ག་ལ་རྒྱུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་དག་ཏེ། སྐམ་ལ་སྐྱེས་པ་བྱ་སྣ་ཚོགས་སྐད་སྙན་པ་དང་། སྐད ་ཡིད་དུ་འོང་བ་དང་། སྐད་སྙན་པ་དང་། འདོད་དགུར་གྱུར་པའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏེ། དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་རྣམ་པ་བཞི་སྟེ། སྔོན་པོ ་དང་སེར་པོ་དང་། དཀར་པོ་དང་། དམར་པོ་དང་། དཔག་བསམ་གྱིས་ཤིང་ལས་བྱུང་བའི་གོས་རྣམ་པ་བཞི་སྟེ། སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དག་གོ།། ་རོལ་མེའི་ཆ་བྱད་སྣ་ཚོགས་པི་བིང་དང་། གླིང་བུ་དང་། པི་བང་རྒྱད་གསུམ་པ་དང་། ཁར་རྔ་དང་། སྒྲ་སྙན་རྣམས་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དེ། རྒྱན་སྣ་ཚོག ་ལག་རྒྱན་དང་། རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྙན་པ་རྣམས་བྱུང་བའི་ལྗོན་པ་དག་ཡོད་དོ།། ལྷ་འམ་ལྷའི་བུ་མོ་དག་གིས་ཇི་ལྟ་བུ་མོ་དག་གིས་ཇི་ལྟ་བུ་འདོད ་པའི་སེམས་སྐྱེད་མ་ཐག་ཏུ་དེ་ལྟ་བ་དེ་དག་གི་ལག་ཏུ་འོངས་པར་འགྱུར་རོ།། ལམ་དེ་ན་བཞོན་པ་སྣ་ཚོགས་བཀོད་པ་འདི་ལྟ་སྟེ། གླང་པོ་ཆེའི་གཞོན་པ་དང་། རྟའི་བཞོན ་བ་དང་། ཤིང་རྟའི་བཞོན་པ་དང་། སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཡོད་དོ།། ལྷ་འམ་ལྷའི་བུ་མོ་དག་བཞོན་པ་ཇི་ལྟ་བུ་འདོད་པའི་སེམས་སྐྱེད་མ་ཐག་ཏུ་དེ་ལྟ་བུའི ་བཞོན་པ་ལ་ཞོན་པར་འགྱུར་ཏེ། སྐྱེད་མོས་ཚལ་ཤིང་སྣ་ཚོགས་ཅན་དུ་དོང་ནས་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གིས་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། ་ཕྱི་ད་པ་མ་མས་སཞེས་། སྐས་པ་བྱེད་ཐམ་པ་གང་རྣམསས། རྗེ་རྣམས ་ཤིང་ལྡན་པ་མ་ཆོགས་དང་། མམན་ཆགས་དང་། མཐོག་ག་ཚོགས་དང་། འབྲས་བུ་ག་ཚོགས་དང་། གོས་དང་རྒྱན་ཚོགས་དང་། ལྷའི་བུམ་ཚོགས་ཡངས ་གང་གི་ཚེ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད་མོས་ཚལ་ཤིང་དགའ་ལ་དགའ་དགུར་སྤྱོད་ལ། རང་གི་ལས་ཀྱི་འབྲས་བུ་ནི་ཉམ་སུ་མྱོང་བ་དེའི་ཚེ། ཡང་རྣམ་པ་སྣ་ཚོགས ་ཀྱིས་ཤིང་དུ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དོ།། རང་གི་ལས་ཀྱི་འབྲས་བུ་ཉམ་སུ་མྱོང་བ་ན། དེའི་ཕྱིར་སྐྱེད་མོ་ཚལ་གྱི་མིང་ཤིང་རྟ་སྣ་ཚོགས་ཅན་ཞེས་བྱའོ།། སྐྱེད་མོས ་ཚལ་ཤིང་རྟ་སྣ་ཚོགས་ཅན་གྱི་ཤར་ཕྱོགས་དཔག་ཚད་ཉི་ཤུ་ན། ས་བཞི་བཟང་པོ་སྣ་ཚོགས་ཞེས་བྱ་བ་ཡོད་དོ།། ཚུར་དཔག་ཚད་ཉི་རྒྱ་ལྔ་བཅུ་རྒྱར་དཔག་ཚད་ཉིས་རྒྱ་ལྔ་བཅུ་མཐའ ་སྐོར་དུང་དཔག་ཆད་སྟོང་ཡོད་པ་དབྱིབས་ལེགས་ཤིང་ལྷན་སྡུག་ལ་མཛེས་པ། ལན་ཀན་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང ་ཤེལ་ལས་བྱས་པ་བཞིས་ཀུན་ནས་བསྐོར་ཏེ། གསེར་གྱིས་རྟེན་མ་གཞན་ན་དང་། ཤར་བ་ནི་དངུལ་ལས་བྱསོ།། དངུལ་གྱི་ནི་གསེར་ལས་བྱས།། བཻ་ཌཱུརྱའི་ནི་ཤེལ་ལ ་བྱས་སོ།། ཤེལ་གྱི་རྟེན་མ་དང་། མཉའ་ནན་དང་། ཤར་གྱི་བཻ་དཱུརྱ་ལས་བྱས་སོ།། དེའི་ནང་གིས་གཞི་དབྱིངས་ལེགས་ཞིང་ལྟ་ན་སྡུག་ལ་མཛེས་པ། བཀྲ་ཤིས ་ཀུན་དུ་བཀྲག། ཚོན་སྔ་རྒྱ་རྩ་ཅིག་གིས་བཀྲ་བ་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི་དཔེར་ན་ཤིང་བལ་གྱི་འདབ་མ་འམ། རས་བལ་གྱི་འདབ་མ་འམ། རྐང་པ་བཞག་ནིན ་ནེ་ནས་ཞེས་བྱེད། མེ་ཏོག་མན་ཏ་ར་བ་མང་པོས་པུས་མོ་ནུབ་ཙམ་དུ་ཡོངས་སུ་ཁྱེབས་ཏེ། དེ་ན་མི་མ་ཡིན་པ་རྣམས་ཀྱི་རླུང་གི་མཐུས་མེ་ཏོག་རྙིང་པ་རྣམས་ནི་འདོར། མེ་ཏོག ་གསར་པ་རྣམས་ནི་ལེགས་པར་འགྲེམས་ཏེ། ཇི་སྐད་དུ་ལྷ་རྣམས་ལས་ཀྱི་དབང་གི་རྐྱེན་གྱིས་ན། ས་བཞི་སྣ་ཚོགས་ཅན་ནས་རླུང་ཆེན་ལྡང་། མེ་ཏོག་སྙིང་པ་རྣམས ་ནི་འདོར་བར་བྱེད་མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས་ཞེས་འབྱུང་བ་ལྟ་བུའོ།། དེའི་ལམ་སྲིད་དུ་དཔག་ཚད་ཉི་ཤུ། ཁ་ཆེན་དཔག་ཚད་ཕྱེད་དང་གཉིས་ཡོད་ལ ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས། གསེར་གྱི་བྱེ་མ་བདལ་ཅིང་ཙན་དན་གྱིས་ཆུས་ཆག་ཆག་བཏབ་པ་ཡོད་དེ། དེའི་ངོས་གཡས་གཡོན་ན་མེ་ཏོག་གི་ཤིང ་ལྗོན་པ་དང་། འབྲས་བུའི་ཤིང་ལྗོན་པ་དང་། འབྲས་བུའི་ཤིང་ལྗོན་པ་སྣ་ཚོགས་སྐྱེས་ཤིང་། དབྱིབས་ལེགས་ཤིང་ཡོངས་སུ་གྲུབ་པ་དག་ཡོད་དེ། མེ་ཏོག་ཐོད ་བ་བཞིན་དུ་གྱུར་པ་ནི་དཔེར་ན། མེ་ཏོག་ཕྲེང་རྒྱུད་དམ། མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས། མེ་ཏོག་གི་ཕྲེང་བ་ཐེ་གུ་ལ་རྒྱུས་ཏེ། མེ་ཏོག་གི་རྣ་རྒྱན་ལེགས ་པར་བྱས་པ་བཞིན་ཏེ། སྐམ་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་གཉེན་པ་དང་། འདོད་དགུར་རྒྱུར་བའི་གཟུགས་ཅན་རྣམས ་སྐད་སྙན་འབྱིན་ཏོ།། དཔག་བསམ་གྱི་ཤིང་ལྗོན་པ་སྔོན་པོ་དང་སེར་པོ་དང་། དམར་པོ་དང་དཀར་པོ་རྣམས་པ་བཞི་ཡོད་དོ།། གཞག ་གོས་སྔོན་པོ་དང་། གསེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་སྔོན་པོ་དང་། སེར་པོ་དང་དམར ་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། རོལ་མོའི་ཆ་བྱད་སྣ་ཚོགས་བི་བང་དང་། གླིང་བུ་དང་། པི་བང་རྒྱུད་གསུམ་པ་དང་། ཁར་རྔ་དང་། སྒྲ་སྙན་རྣམས་འབྱུང ་བའི་ཤིང་ལྗོན་པ་དག་ཡོད་དོ།། རྒྱན་སྣ་ཚོགས་ལག་རྒྱན་དང་། རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་རྣམས་པ་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དོ།། དེ་ལྟ ་འམ་ལྷའི་བུ་རྣམས་ཇི་ལྟ་བུ་འདོད་པའི་སེམས་སྐྱེད་མ་ཐག་ཏུ་དེ་ལྟ་བུ་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ།། ལམ་དེ་ལ་བཞོན་པ་སྣ་ཚོགས་བཀོད་པ་འདི་ལྟ་སྟེ་གླང་པོ་ཆེའི ་ཞོན་པ་དང་། རྟའི་ཞོན་པ་དང་། ཤིང་རྟའི་བཞོན་པ་དང་། ཁྱོགས་ཀྱིས་བཞོན་པ་དག་ཡོད་དེ། ལྷ་འམ་ལྷའི་བུ་མོ་རྣམས་བཞོན་པ་ཇི་ལྟ་བུ་འདོད་པའི་སེམས ་སྐྱེད་མ་ཐག་ཏུ་དེ་ལྟ་བུའི་བཞོན་པ་འོང་བར་འགྱུར་ཏེ། དེ་ལས་ཞོན་ནས་ས་བཞི་སྣ་ཚོགས་ཅན་དུ་འདོང་ཞིང་ཅི་བདེར་གནས་པར་དགའ་བར་བྱེད་དོ།། དེ་ནས་ལྷའི་དྲང་སྲོང ་རྣམས་རང་དགར་ཚངས་པར་སྤང་བ་སྤོང་། དེ་བཞིན་དུ་ལྷའི་གྲོང་ཁྱེར་གྱི་ལྷོ་ཕྱོགས་དཔག་ཚད་ཉི་ཤུར་སྐྱེད་མོས་ཚལ་ཙུབ་འགྱུར་འཚལ་ཞེས་བྱ་བ་ཡོད་དེ། ཚུར ་དཔག་ཚད་ཉིས་རྒྱ་ལྔ་བཅུ་མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་པ་དབྱིབས་ཤཱིང་ལྟ་ན་སྡུག་ལ་མཛེས་པ་གསེར་གྱི་དྲ་བས་ཀུན་ནས་སྐོར་ཏེ། དྲ་བའི་འབང་དུ་དཔག་ཚད། ་ཅིག་ཡོད་དེ་ཤིང་རྟ་སྣ་ཚོགས་ཅན་ན་ཇི་ལྟ་བ་དེ་བཞིན་དུ་རྒྱས་པར་བྱའོ།། བྱེ་བྲ་གི་འདི་ཡིན་ཏེ། ཅིའི་ཕྱིར་སྐྱེད་མོ་ཚལ་གྱི་མིང་རྩུབ་འགྱུར་ཞེས་ན། སྨྲས་པ་སྐྱེད ་མོས་ཚལ་རྩུ་བ་འགྱུར་ནས་རྫིང་བུ་རྩུབ་འགྱུར་ཞེས་བྱ་བ་དང་། ཤིང་རྣམས་དང་། ལོ་མ་རྣམས་དང་། མེ་ཏོག་རྣམས་དང་། འབྲས་བུ་རྣམས་དང་། རྒྱུན་རྣམས ་རྩུབ་པར་འགྱུར་བ་དང་། ལྷའི་བུ་མོ་རྩུབ་པར་འགྱུར་བ་རྣམས་ཡོད་ལ་གང་གི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད་ཚུལ་རྩུབ་འགྱུར་ཚལ་དུ་དགའ་ལ་དགའ་དགུར ་སྤྱོད་པ་དེའི་ཚེ། ཡང་ལུས་ཀྱང་རྩུབ་པར་འགྱུར་ཞིང་། སེམས་ཀྱང་རྩུབ་པར་འགྱུར་ཏེ། གཡུལ་ལ་མོས་པར་འགྱུར་བས་ནས་དེའི་ཕྱིར་སྐྱེད་མོས་ཚལ་རྩུབ ་འགྱུར་ཚལ་ཞེས་བྱའོ།། སྐྱེད་མོས་ཚལ་རྩུབ་འགྱུར་ཚལ་གྱིས་ལྷོ་ཕྱོགས་དཔག་ཚད་ཉི་ཤུ་ན་ས་གཞི་བཟང་པོ་རྩུབ་འགྱུར་ཚལ་ཞེས་བྱ་བ་ཡོད་དེ་ཚུར་དཔག་ཚད ་ཉིས་རྒྱ་ལྔ་བཅུ་རྒྱར་ཡང་དཔག་ཚད་ཉིས་རྒྱ་ལྔ་མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་དེ། ཚུར་དཔག་ཚད་ཉིས་རྒྱ་ལྔ་བཅུ། རྒྱར་དཔག་ཚད་ཉིས་རྒྱ་ལྔ་བཅུ་མཐའ་སྐོར ་དུ་དཔག་ཚད་སྟོང་ཡོད་ལ། གསེར་གྱི་དྲ་བས་ཀུན་ནས་བསྐོར་ཏེ། ར་བའི་འབང་དུ་དཔག་ཚད་ཅིག་ཡོད་དེ། སྔ་མ་རྣམས་ཇི་སྐད་བཤད་པ་དེ་བཞིན་དུ་རྒྱས་པར ་རྗོད་པར་བྱའོ།། བྱེ་བྲག་ནི་འདི་ཡིན་ཏེ། ཅིའི་ཕྱིར་སྐྱེད་མོ་ཚོལ་གྱི་མིང་འདྲེས་པའི་ཚལ་ཞེས་བྱ་ཞེ་ན། སྨྲས་པ་སྐྱེད་མོས་ཆལ་འདྲེས ་བའི་ཚལ་ནི་རྫིང་འདྲེས་པ་ཞེས་བྱ་བ་དང་། ཤིང་རྣམས་དང་ལོ་མ་རྣམས་དང་། མེ་ཏོག་རྣམས་དང་། འབྲས་བུ་རྣམས་དང་། གོས་རྣམས་དང་། རྒྱན་རྣམས ་དང་འདྲེས་པ་དང་། ལྷའི་བུ་མོ་རྣམས་འདྲིས་པ་ཡོད་དེ། གང་གི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད་མོ་ཚོལ་འདྲེས་པའི་ཚལ་ན་རྩེ་ཞིང་དགའ་ལ་དགའ ་དགུར་སྤྱོད་པ་དེའི་ཚེ་ཡང་ཚོལ་བར་འདྲེས་ཏེ། ཤིན་དུ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམ་སུ་མྱོང་བས་ན། དེའི་ཕྱིར་སྐྱེད ་མོ་ཚོལ་གྱི་མིང་འདྲེས་པའི་ཚལ་ཞེས་བྱའོ།། སྐྱེད་མོ་ཚལ་འདྲེས་པའི་ཚལ་གྱི་ནུབ་ཕྱོགས་དཔག་ཚད་ཉི་ཤུ་ན། ས་གཞི་བཟང་པོ་མཛེས་པ་ཞེས་བྱ་བ་ཡོད་དོ།། ཚུར ་དཔག་ཚད་ཉིས་རྒྱ་ལྔ་བཅུ། རྒྱར་དཔག་ཚད་ཉིས་རྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་དེ། ས་གཞི་བཟང་པོ་སྔ་མ་རྣམས་ཇི་ལྟ་བ་བཞིན་དུ་རྒྱས་པར་བརྗོད ་པར་བྱའོ།། ལྷའི་གྲོང་ཁྱེར་གྱི་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན། སྐྱེད་མོས་ཚལ་དགའ་བའི་ཚལ་ཞེས་བྱ་བ་ཡོད་དོ།། ཚུར་དཔག་ཚད་ཉིས་རྒྱ་ལྔ་བཅུ། རྒྱར་དཔག ་ཚད་ཉིས་རྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་ལ། གསེར་གྱི་ར་བས་ཀུན་ནས་སྐོར་ཏེ། ར་བའི་ཕང་དུ་དཔག་ཚད་ཅིག་ཡོད་དེ། སྔ་མ་རྣམས་ཇི ་སྐད་བཤད་པ་བཞིན་དུ་བརྗོད་པར་བྱའོ།། བྱེ་བྲག་ནི་འདི་ཡིན་ཏེ། ཅིའི་ཕྱིར་སྐྱེད་མོས་ཚལ་གྱི་མིང་དགའ་བའི་ཚལ་ཞེས་བྱས་པ་ཞེ་ན། སྨྲས་པ་སྐྱེད་མོས་ཚལ་དགའ ་བའི་ཚལ་ན། རྫིང་བུ་དགའ་བ་ཞེས་བྱ་བ་དང་། ཤིང་རྣམས་དང་ལོ་མ་རྣམས་དང་། མེ་ཏོག་རྣམས་དང་འབྲས་བུ་རྣམས་དང་། གོས་རྣམས་དང་། རྒྱན་རྣམས་དང་། ་ལྷའི་བུ་མོ་དགའ་བ་རྣམས་ཡོད་ལ། གང་གི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད་མོ་ཚལ་དུ་རྩེ་ཞིང་དགའ་འགུར་སྤྱོད་པ། དེའི་ཚེ་ཀུན་དགའ་ཞིང་རབ་ཏུ་དགའ་ལ ་དགའ་ཞིང་ཡིད་བདེ་བར་གྱུར་ནས་རྩེ་དགའ་ལ་དགའ་དགུར་དཔྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམ་སུ་མྱོང་ནས། དེའི་ཕྱིར་སྐྱེད་མོ་ཚལ་གྱི་མིང་དགའ་བའི ་ཚལ་ཞེས་བྱའོ།། སྐྱེད་མོ་ཚལ་དགའ་བའི་ཚལ་གྱི་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན། ས་གཞི་བཟང་པོ་དགའ་བ་ཞེས་བྱ་བ་ཡོད་དེ། ཚུར་དཔག་ཚད་ཉི་རྒྱ་ལྔ་བཅུ ་རྒྱར་དཔག་ཚད་ཉིས་རྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་ལ། དབྱིབས་ལེགས་ཞིང་ལྟ་ན་སྡུག་ལ་མཛེས་པ་སྟེ། ས་གཞི་བཟང་པོ་སྔ་མ་རྣམ ་ཇི་ལྟ་བ་བཞིན་བརྗོད་པར་བྱའོ།། ལྷའི་གྲོང་ཁྱེར་གྱི་བྱང་ཤར་འཚམས་ན་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་རྟོལ་ཞེས་བྱ་བ་ཡོད་དེ། ་ཡོངས་འདུས་ས་རྟོལ་གྱི་རྩ་བ་ནི་དཔག་ཚད་ལྔ་ཐུར་དུ་ཟུག་གོ།། བང་དུ་དཔག་ཚད་རྒྱ་ཡོད་དོ།། ཡལ་ག་ཕྱིར་བྱིས་པ་ནི་ལྔ་བཅུ་ཡོད་དོ།། ཡོངསུ་ས་རྟོལ་ལ ་ཡལ་ག་ལྔ་ཡོད་དོ།། ཡལ་གཅིག་ནི་ཤར་ཕྱོག་སུ་དཔག་ཚད་ལྔ་བཅུར་དུད་དོ།། ཡལ་ག་གཉིས་པ་ནི་ལྷོ་ཕྱོགསུ་དཔག་ཆད ་ལྔ་བཅུར་དུད་དོ།། ཡལ་ག་གསུམ་པ་ནི་ནུབ་ཕྱོགསུ་དཔག་ཚད་ལྔ་བཅུ་དུད་དོ།། ཡལ་ག་ལྔ་པ་ནི་བྱང་ཕྱོགསུ་དཔག་ཚད་ལྔ་བཅུ་དུད་དོ།། ཡལ་ག་སྟེང་མ་ནི་དཔག ་ཚད་ལྔ་བཅུར་སྟེང་གི་ན་མཁའ་ལ་འཁྱབ་པར་འདུག། ཡོངསུ་ས་རྟོལ་གྱི་སྲིད་དུ་དཔག་ཚད་ལྔ་བཅུ་ཡོད་དོ།། སྦོམས་སུ་ཡང་དཔག་ཚད་ལྔ་བཅུ་ཡོད་དོ།། མཐའ ་སྐོར་དུ་དཔག་ཚད་རྒྱ་ལྔ་བཅུ་ཡོད་དོ།། ཡོངསུ་ས་རྟོལ་གྱི་དྲི་རྫི་ཕྱོགསུ་ནི་དཔག་ཚང་རྒྱར་དད་ལྡང་ངོ་།། རྫིང་ཕྱོགས་མ་ཡིན་པ་ནི་དཔག་ཚད་ལྔ་བཅུར་དད་ལྡང་ངོ་།། ་དཔག་ཚད་ལྔ་བཅུར་ནི་འོད་དང་ཁ་དོག་གིས་ལྷམ་མེ་ལྷན་ནེ་ལྷང་ངེར་འདུག་གོ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཤིང་ཡོངསུ་ས་རྟོལ་གྱི་ལོ་མ་སེར་པ་ན། དེའི་ཚེ ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངསུ་ས་རྟོལ་འདི་ལོ་མ་སེར་བ་ལས་ན། ད་ནི་རིང་པོར་མི་ཐོགས་པར་འདབ་མ་ལྷག་པས་ན་རོ་ཉམ་ནས། ཀུན་དུ་དགའ་ཞིང ་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ཤིང་ཡོངསུ་ས་རྟོལ་གྱི་མདབ་མ་ལྷག ་བས་ན། དེའི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུས་རྟོལ་འདི་འདབ་མ་ལྷག་པ་ལས་ན། འདི་རིང་པོ་མི་ཐོགས་པར་སྦལ་མིག་ཐོན་པར་འགྱུརརོ།། ་སྙམ་ནས། ཀུན་དུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང ་ཡོངས་འདུས་ས་རྟོལ་གྱི་སྦལ་མིག་ཐོན་པ་ན། དེའི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུས་རྟོལ་འདི་སྦལ་མིག་མཐོན་པོ་ལས་ན། ད་ནི་རིང་པོ་མ ་ཐོགས་པར་སྦལ་མིག་བྱེ་བར་འགྱུརརོ་སྙམ་ནས་ཀུན་དུ་དགའ་ཞིང་རབ་ཏུ་དགའ་བས་གནས་པས་གང་ཡིན་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། སུམ ་བཅུ་རྩ་གསུམ་པའི་ཤིང་ཡོངས་འདུས་རྟོལ་སྦལ་མག་བྱེད་པར་འགྱུ་རོ་སྙམ་ནས། ཀུན་དུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད ་ལ་སྐབས་དང་ཡོད་དོ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཡོངས་འདུས་རྟོལ་གྱི་མེ་ཏོག་ཁ་འབུས་ན་དེའི་ཚེ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས ་འདུས་རྟོལ་འདི་མེ་ཏོག་ཁ་འབུས་ལས་ན། ད་ནི་རིང་པོ་མི་ཐོགས་པར་མེ་ཏོག་ཁ་བྱེ་བར་འགྱུར་སྙམ་ནས། ཀུན་དུ་དགའ་ཞིང་རབ་ཏུ་དགའ་བས་གནས་གང་ཡིན་པ ་དེའི་དུས་ཀྱང་ཡོད་དོ།། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་རྟོལ་གྱི་མཏོག་ཁ་བྱེད་ནི། དེའི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས། ་ཡོངས་འདུས་རྟོལ་འདི་མེ་ཏོག་ཁབྱེ་བ་ལས་ན། དོན་རིང་པོ་མི་ཐོགས་པར་མེ་ཏོག་ཐམས་ཅད་ཡང་སུ་འདུས་པར་འགྱུརརོ།། སྙམ་ནས་ཀུན་དུ་དགའ་ཞིང་དག། ་ཡོད་ལ། རེས་བསྐ ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་།། ་ཡོངས་འདུས་རྟོལ་འདི་མེ་ཏོག་ཐམས་ཅད་ཡོངསུ་རྒྱས་པ་ན། ཡོངས་འདུས་རྟོལ་གྱི་མེ་ཏོག་ཐམས་ཅད་ཡོངས་སུ་རྒྱས་པའི་དྲི་རྫི་ཕྱོགས་སུ་ནི་དཔག་ཚད་རྒྱར་ངད་ལྡང་ངོ་།། ་རྫིང་ཕྱོགས་མ་ཡིན་པར་ནི་དཔག་ཚད་ལྔ་བཅུར་དད་ལྡང་ངོ་།། ཁ་དོག་གིས་ལྷམ་མེ་ལྷན་ནེ་ལྷང་ངེར་འདུག་གོ།། བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ། དགེ་སློང་དག ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་རྟོལ་གྱི་རྩ་བ་ནི་དཔག་ཚད་ལྔ་ཐུར་ལ་ཟུགོ། འཕང་དུ་ནི་དཔག་ཚད་རྒྱ་ཡོད་དོ།། ཡལ་ག་དང་ལོ་མ་དང་། ་འདབ་མ་རྣམས་ཀྱིས་ནི་དཔག་ཚད་ལྔ་བཅུར་ཁྱབ་པོ།། དགེ་སློང་དག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་རྟོལ་གྱི་ལོ་མ་སེར་བ་ན། དེའི་ཚེ་སུམ ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུས་རྟོལ་འདི་ལོ་མ་སེར་བ་ལས་ན། ད་ནི་རིང་པོ་མི་ཐོགས་པར་འདབ་མ་ལྷག་པར་འགྱུ་རོ་སྙམ་ནས། ཀུན་དུ་དགའ ་ཞིང་རབ་དུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་དོ།། དགེ་སློང་དག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་རྟོལ་གྱི་འདབ་མ་ལྷགས་པ་ན།། ་དེའི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུས་རྟོལ་འདབ་མ་ལྷགས་པ་ལས་ན་ད་ནི་རིང་པོ་མི་ཐོགས་པར་སྦལ་མིག་ཐོན་པར་འགྱུར་རོ་སྙམ་ནས། ཀུན་དུ་དག ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་དོ།། དགེ་སློང་དག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་རྟོལ་སྦལ་མིག་འཐོན་པ་ན།། ་དེའི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུས་རྟོལ་འདི་སྦལ་མིག་འཐོན་པ་ལས་ན། དེ་ནི་རིང་པོར་མི་ཐོགས་པར་སྦལ་མིག་འབྱེ་བར་འགྱུར་རོ་སྙམ་ནས། ་ཀུན་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་དོ།། དགེ་སློང་དག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་རྟོལ་སྦལ ་མིག་བྱེ་བ་ན། དེའི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས། ཀྱེ་མ་ཡོངས་འདུ་ས་རྟོལ་འདི་སྦལ་མིག་བྱེད་པ་ལས་ན་ད་ནི་རིང་པོ་མི་ཐོགས་པར་མེ་ཏོག་ཁ་འབུ་བར ་འགྱུ་རོ་སྙམ་ནས་ཀུན་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་དོ།། དགེ་སློང་དག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཤིང་ཡོངས ་འདུས་རྟོལ་མེ་ཏོག་ཁ་འབུས་པ་ན། དེའི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཡོངས་འདུས་རྟོལ་འདི་མེ་ཏོག་ཁ་འབུས་པ་ལས་ན། ད་ནི་རིང་པོ་མི ་ཐོགས་པར་མེ་ཏོག་ཁ་བྱེ་བར་འགྱུར་སྙམ་ནས། ཀུན་དུ་དགའ་ཞིང་རབ་ཏུ་དགའ་བས་དེའི་ཚེ་གནས་པ་གང་ཡིན་པ་དེའི་དུས་མེ་ཏོག་ཁ་བྱེ་བ་ལས་ནད་ནི་རིང་པོར ་མི་ཐོགས་པར་མེ་ཏོག་ཐམས་ཅད་ཡོངསུ་རྒྱས་པར་འགྱུ་རོ་སྙམ་ནས། དེའི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་མ་སུམ་བཅུ་རྩ་གསུམ་པའི་མེ་ཏོག ་ཡང་ཁབྱེ་བ་ལས་ན། ད་ནི་རིང་པོ་མི་ཐོགས་པར་མེ་ཏོག་ཐམས་ཅད་ཡོངསུ་རྒྱས་པར་འགྱུར་སྙམ་ན། ཀུན་དུ་དགའ་ཞིང་རབ་ཏུ་དགའ་བས ་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་དོ།། དགེ་སློང་དག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་རྟོལ་གྱི་མེ་ཏོག་ཐམས་ཅད་ཡོངསུ་རྒྱས་པ་ན། ཡོངས་འདུས ་རྟོལ་གྱི་མེ་ཏོག་ཐམས་ཅད་ཡོངསུ་རྒྱས་པའི་དྲི་རྫི་ཕྱོགསུ་ནི་དཔག་ཚད་ལྔ་རྒྱར་དད་ལྡང་ངོ་།། རྫིང་ཕྱོགས་མ་ཡིན་པར་ནི་དཔག་ཚད་ལྔ་བཅུར་དད་ལྡང་ངོ་།། དཔག་ཚད་རྒྱ ་བཅུ་ནི་འོད་དང་ཁ་དོག་གི་ལམ་མེ། ལྷན་ནེ་ལྷང་ངེར་འདུག། ཤིང་ཡོངས་འདུས་རྟོལ་ཐམས་ཅད་ཡོངསུ་རྒྱས་པའི་འོག་ན་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དབྱར་ཟླ་བ ་བཞི་ལྷའི་འདོད་པའི་ཡོན་ཏན་ལྔ་དག་འབྱོར་ཅིང་ལྡན་པར་གྱུར་ཏེ། རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དོ།། རང་གི་ལས་ཀྱི་འབྲས་བུ་ཉམ་སུ་མྱོང་།། དགེ་སློང་དག་སུམ ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་རྟོལ་གྱི་མཐུ་ནི་དེ་ཙམ་མོ་ཞེས་གསུངསོ།། བར་གྱི་སྡོམ་ནི། དང་པོར་ལོ་མ་སེར་བ་དང་། དེ་ནས་འདབ་ལྷག་སྦལ ་མིག་ཐོན། སྦལ་མིག་བྱེད་དང་མེ་ཏོག་འབུས། མེ་ཏོག་ཁ་བྱེ་ཐམས་ཅད་རྒྱས། ཤིང་ཡོངས་འདུས་རྟོལ་གྱི་ནང་ན་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཨར་མོར་ནིག ་ལྟ་བུའི་རྡོ་ལེབ་ཡོད་དོ།། ཚུར་དཔག་ཚད་ལྔ་བཅུ་ཞེང་དུ་དཔག་ཚད་ལྔ་བཅུ་མཐའ་སྐོར་དུ་དཔག་ཚད་ཉིས་རྒྱ། འཕང་དུ་དཔག་ཚད་ཕྱེ་དང་དྲུག་དང་དཔག་ཚད་བྱེ་དང ་བཅོ་རྒྱད་ཀྱི་ཆ་ཅིག་ཡོད་དེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་བཀྲ་ཤིས་ཤིན་ཏུ་བཀྲ་བ་ཚོན་སཱ་རྒྱ་རྩ་ཅིག་གིས་བཀྲ་བ་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི། དཔེར་ན། ་ཤིང་བལ་གྱི་འདབ་མ་འམ་རས་བལ་གྱི་འདབ་མ་བཞིན་ཏེ། རྐང་པ་བཞག་ན་ནི་ནེམས་ཞེས་བྱེད། རྐང་པ་ཏེ་ག་ན་ནི་པར་ཞེས་བྱེད་ལ། མེ་ཏོག་མན་ད་ར་བ་མང་པོས་པུས་མ ་ནུབ་ཙམ་དུ་ཡོངསུ་ཁྱེབས་ཏེ། དེའི་དབུས་ན་ལྷའི་དབང་པོ་བརྒྱ་བྱིན་སེང་གེའི་ཁྲི་བཟང་པོ་དང་། སུམ་བཅུ་རྩ་གསུམ་པའི་ལྷ་ལྷག་མ་རྣམས་ཀྱི་ཁྲི་བཤམས་པ་ཡོད་དོ།། ་དེ་ནས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་གཡར་ཟླ་བ་བཞི་ལྷའི་འདོད་པའི་ཡོན་ཏན་ལྔ་དག་འབྱོར་ཅིང་ལྡན་པར་འགྱུར་ཏེ། རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང ་གི་ལས་ཀྱི་འབྲས་བུ་ཉམ་སུ་མྱོང་ངོ་།། ཨར་མེ་ནིག་ལྟ་བུའི་རྡོ་ལེབ་ཀྱི་ཁོ་ར་ཁོར་ཡུག་ན་མེ་ཏོག་གི་ཤིང་ལྗོན་པ་དང་། འབྲས་བུའི་ཤིང་ལྗོན་པའི་ཚོགས་ཡོད་པ་རྣམས ་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་ལ་ཡོངསུ་གྲུབ་སྟེ། མེ་ཏོག་ཐོད་བཞིན་དུ་གྱུར་པ་ནི་དཔེར་ན་མེ་ཏོག་འཕྲེང་རྒྱུད་དམ། མེ་ཏོག་འཕྲེང་རྒྱུད་ཀྱི་སློབ་མ་མཁས་པས། ་མེ་ཏོག་འཕྲེང་བ་ཐེ་གུ་ལ་རྒྱུས་པ་དང་། མེ་ཏོག་གི་སྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། སྐམ་ལ་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་དང་། སྐད་ཡིད་དུ་འོང་བ་དང་། ་སྐད་གཉེན་པ་དང་། འདོད་དགུར་སྦྱར་བའི་གཟུགས་ཅན་སྐད་སྙན་པ་དག་འབྱིན་ཏོ།། དེའི་ཉེན་སྐོར་ན་དཔག་བསམ་གི་ཤིང་ལྗོན་པ་དག་རྣམ་པ་བཞི་སྟེ། སྔོན་པོ། ་དང་སེར་པོ་དང་དམར་པོ་དང་དཀར་པོ་དག་གོ།། རོལ་མོའི་ཆ་བྱད་སྣ་ཚོགས་འདི་ལྟ་སྟེ་པི་དང་དང་གླིང་དུ་དང་། པི་བང་རྒྱུད་གསུམ ་པ་དང་། ཁར་རྔ་དང་། སྒྲ་སྙན་རྣམས་འབྱུང་བའི་གོས་རྣམ་པ་བཞི་སྟེ་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དག་གོ།། རོལ་མོའི་ཆ་བྱད་སྣ་ཚོགས་འདི་ལྟ་སྟེ ་པི་བང་དང་གླིང་བུ་དང་། པི་བང་རྒྱུད་གསུམ་པ་དང་། ཁར་རྔ་དང་། སྒྲ་སྙན་རྣམས་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དོ།། རྒྱན་སྣ་ཚོགས་ལག་རྒྱན་དང་རྐང་རྒྱན་སྣང་བ་དང་། ་མི་སྣང་བ་རྣམས་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དོ།། ལྷ་འམ་ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པའི་སེམས་སྐྱེད་མ་ཐག་དུ་དེ་ལྟ་བུའི་དེ་དག་གི་ལག་དུ་འོང་བར་འགྱུར་རོ།། ་བདུད་རྩི་རྣམ་པ་བཞི་དང་སྦྲང་ཙི་དང་། སྦྲང་ཆང་གི་བཏུང་བ་དག་ཀྱང་ཡོད་དོ། ཡང་ཏོག་རྣམས་དང་། ཁང་པ་རྩེགས་པ་རྣམས་དང་། ཁྱིམ་རྣམས་དང་། ཁང་བཟངས་རྣམས། ་དང་། བསིལ་ཁང་རྣམས་དང་། ལྟད་མོ་ལྟ་བའི་ས་རྣམས་དང་། སྟི་ཁང་རྣམས་དང་། ཁྱེར་དུ་འདུག་པ་རྣམས་དང་། སོ་སོ་ན་འདུག་པ་རྣམས་དང་། རྒྱུད་མི་རྣམས ་དང་། བུད་མེད་ཀྱི་ཚོགས་ཀྱིས་མཛེས་པར་བྱས་ཤིང་། ལྷའི་བུ་མང་པོས་རྟེན་པ་དང་། སིལ་སྙན་དང་། ཕེག་རྡོབ་པ་དག་གི་སྒྲ་གཉན་པ་སྒྲོགས་པ་དང་། དྲི་སྣ་ཚོགས ་ཀྱིས་རྣམ་པར་དགོས་པ་དང་། བཟའ་བ་དང་གཏུང་བ་དང་ལྡན་ཏེ། དེ་ནས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་གཡོག་འཁོར་དང་བཅས་རྩེ་ཞིང་དགའ་དགུར་སྤྱོད་དེ། རང ་གི་ལས་ཀྱི་འབྲས་བུ་ཉམ་སུ་མྱོང་ངོ་།། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གླང་པོ་ཆེའི་རྒྱལ་པོ་སྐྱེད་མོས་ཚལ་དུ་སྤྱད་པས་སྲུང་ཞེས་བྱ་བ་གཟུགས་བཟང་ཞིང་ལྟ་ན་སྡུག ་ལ་མཛེས་པ་ཡོད་དེ། མེ་ཏོག་ཀུ་མུ་ཏའི་མདོག་ལྟར་ཐལ་དཀར་དུ་འདུག་ལ། ཡན་ལག་བདུན་ལེགས་པར་གནས་པ་སྟེ། དེའི་མགོ་བོ་དབྱིབས་ལེགས་ཤིང་ལྷན ་སྡུག་ལ་མཛེས་པ་སྟེ། སྔོ་ཞིང་སྲོག་ཆགས་ལྷམ་བུ་ཆུ་གཤེར་གྱི་མདོག་ལྟར་དབུས་དམར་ལ་ཆེ་བ་དྲུག་ཡོད་དེ། གླང་པོ་ཆེའི་རྒྱལ་པོ་ས་སྲུང་གི་བུའི་སྲིད་དཔག ་ཚད་ཕྱེད་དང་གསུམ། ཞེང་དུ་དཔག་ཚད་ཅིག་ཕང་དུ་དཔག་ཚད་ཕྱེ་དང་གཉིས་མཐའ་སྐོར་དཔག་ཚད་བདུན་ཡོད་དོ།། གླང་པོ་ཆེའི་རྒྱལ་པོ་ས་སྲུངས་གི་བུའི ་འཁོར་གླང་པོ་ཆེ་རྒྱ་སྟོང་ཡོད་དེ་དེ་དག་ཐམས་ཅད་ཀྱང་གཟུགས་བཟང་ཞིང་ལྷ་ན་སྡུག་ལ་མཛེས་པ་མེ་ཏོག་ཀུ་མུ་ཏའི་མདོག་ལྟར་ཐལ་དཀར་དུ་འདུག་ཅིང་ཡན་ལག ་བདུན་ཤིན་དུ་ལེགས་པར་གནས་པ་སྟེ། དེ་དག་གི་མགོ་བོ་ཡང་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་ཏེ། སྡེ་ཞིང་སྲོག་ཆགས་ལྷམ་བུ་ཆུ་གཤེར་གྱི་མདོག ་ལྟར་དབུས་དམར་ལ་མཆེ་བ་དྲུག་ཡོད་པ་ཤ་སྐག་ཏེ། གང་གི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད་མོས་ཚལ་གྱི་སར་འགྲོ་བར་འདོད་པ་དེའི་ཚེ་གླང་པོ་ཆེའི ་རྒྱལ་པོ་ས་སྲུང་གི་བུས་མགོ་བོ་སུམ་བཅུ་སོ་གཉིས་མངོན་པར་སྤྲུལ་ཏེ། མགོ་བོ་རེ་རེ་ལ་མཆེ་བ་དྲུག་དྲུག། མཆེ་བ་རེ་རེ་ལ་རྫིང་བུ་བདུན་བདུན། རྫིང་བུ་རེ་རེ་ལ་པདྨ ་@#བདུན་བདུན། པདྨ་རེ་རེ་ལ་སྡོང་བུ་བདུན་བདུན། སྡོང་བུ་རེ་རེ་ལ་ལྷའི་བུ་མོ་བདུན་བདུན་ལྷའི་བུ་མོ་རེ་རེ་ལ་གཡོག་མོ་བདུན་བདུན། གཡོག། ་མེ་རེ་རེ་ལ་སིལ་སྙན་བདུན་བདུན་མངོན་པར་སྤྲུལ་ཏེ། མགོ་བོ་དེ་དག་ཐམས་ཅད་ཀྱི་ནང་ན་ཁྱད་པར་དུ་འཕགས་པ་གང་ཡིན་པ་དེ་ལ་ལྷའི་དབང་པོ་རྒྱ་བྱིན་ཞོན་ནོ་མགོ་བོ་ལྷག་མ ་རྣམས་ལ་ནི་ཉེ་དབང་སུམ་བཅུ་སོ་གཉིས་པོ་གཞན་རྣམས་ཞོན་ནོ། གླང་པོ་ཆེ་ལྷག་མ་རྣམས་ལ་ནི་སུམ་བཅུ་སོ་གཉིས་པའི་ལྷ་རྣམས་ཞེ་ན། དེ་ཤིན་དུ་འགྱོགས་ཏེ་དཔེར ་ན་འཇིག་པའི་རླུང་དམ་ཆགས་པའི་རླུང་བཞིན་ཏེ། དེ་ན་ལྷ་འམ་ལྷའི་བུ་མོ་འདི་སྙམ་དུ་འདི་ནི་བདག་གི་འདུན་དུ་འགྲོ་བ་ཞེ་འམ། ཕྱི་ནས་འོངས་ངོ་སྙམ་དུ་སེམས་པ་མེད་དོ།། ་དེ་ནས་གླང་པོ་ཆེ་ས་སྲུང་གི་བུ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་སོ་སོར་གྲོང་ཁྱེར་གྱི་སྒོ་ནས་འདོན་ཏོ།། བཏོན་ནས་སོ་སོར་སྐྱེད་མོ་ཚལ་དུ་ཕྱིན་པར་བྱས་ཏེ། རྫུ་འཕྲུལ ་མངོན་པར་འདུ་བྱེད་པ་དེ་བཏང་ནས་འདི་ལྟ་སྟེ་ལྷ་འམ་ལྕིའི་བུ་མོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གང་ཡང་རུང་བ་དང་། འདྲ་བར་བདག་ཉིད་མངོན་པར་སྤྲུལ་ཏེ་ལྷའི་འདོད་པ་ལྔ ་དག་འབྱོར་ཅིང་སྟན་པར་བྱས་ཏེ། རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དོ། ཇི་ལྟར་རྒྱ་བྱིན་ལྷའི་དབང་པོ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག ་ལ་དབང་བྱེད་པ་བཞིན་དུ་དེ་བཞིན་དུ་ལྷ་མ་ཡིན་གྱི་དབང་པོ་ཐག་བཟང་རིས་ལྷ་མ་ཡིན་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དོ།། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས ་ཀྱི་རྒྱལ་པོའི་ཕོ་ཟང་འཁོར་གྲོང་ཁྱེར་ལྟ་ན་སྡུག་པ་ཇི་ལྟ་བ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི་རྒྱལ་པོའི་ཕོ་བྲང་འཁོར་གྲོང་ཁྱེར་གསེར་ལྡན་ཞེས་བྱའོ།། ལྷའི་དབང ་པོ་རྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བ་ཇི་ལྟ་བ་དེ་བཞིན་དུ། ལྷ་མ་ཡིན་གྱི་དབང་པོ་ཐག་བཟངས་རིས་ཀྱི་ཁང་བཟངས་ཀྱང་པདམ་པ་ཅན་ཞེས་བྱའོ།། སུམ་བཅུ་རྩ ་གསུམ་པའི་ལྷ་རྣམས་ཀྱི་མདུན་ས་ཆོས་བཟང་ཞེས་བྱ་བ་ཇི་ལྟ་བ་དེ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི་ལྷ་མ་ཡིན་གྱི་མདུན་ས་ནོར་བཟངས་ཞེས་བྱའོ།། སུམ་བཅུ་རྩ་གསུམ ་པའི་ལྷ་རྣམས་ཀྱི་སྐྱེད་མོ་ཚལ་བཞི་འདི་ལྟ་སྟེ། ཤིང་རྟ་སྣ་ཚོགས་ཅན་དང་། རྩ་འགྱུར་ཚལ་དང་། དགའ་བའི་ཚལ་ཇི་ལྟ་བ་དེ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི ་སྐྱེད་མོ་ཚལ་བཞི་ཡང་འདི་ལྟ་སྟེ། ཀུན་དུ་དགའ་བ་དང་། རབ་ཏུ་དགའ་བ་དང་། དགའ་བ་དང་། དགའ་བའི་ཀུན་དགའ་ར་བ་རྣམས་ཡིན་ཏོ།། སུམ་བཅུ་རྩ ་གསུམ་པའི་ལྷ་རྣམས་ཀྱི་ཟས་བཟང་པོ་བཞི་འདི་ལྟ་སྟེ། སྣ་ཚོགས་རྩུབ་འགྱུར་དང་། འདྲེས་པ་དང་། དགའ་བ་ཇི་ལྟ་བ་དེ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི ་ས་བཞི་པོ་ཡང་ཀུན་ཏུ་དགའ་མ་དང་། རབ་ཏུ་དགའ་མ་དང་། དགའ་མ་དང་། དགའ་བའི་ཀུན་དགའ་ར་བ་མ་རྣམསོ།། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི། ་ཤིང་ཡོངས་འདུས་རྟོལ་ཇི་ལྟ་བ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི་ཤིང་ཡང་ཙིད་ཏྲ་པ་ཊ་ལ་ཞེས་བྱའོ།། སུམ་བཅུ་རྩ་གསུམ་པ་རྣམས་ཀྱི་ཨར་མེ་ནི་ག་ལྟ་བུ་རྡོ། ་ལེབ་ཇི་ལྟ་བ་དེ་བཞིན་དུ་ལྷ་མ་ཡིན་རྣམས་ཀྱི་ལྷ་མ་ཡིན་གྱི་རྡོ་ལེབ་ཞེས་བྱའོ།། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གླང་པོ་ཆེའི་རྒྱལ་པོ་སྐྱེད་མོ། ་ཚལ་དུ་སྤྱད་པ་ལས་སྲུང་གི་བུ་ཇི་ལྟ་བཞིན། ལྷ་མ་ཡིན་རྣམས་ཀྱི་གླང་པོ་ཆེའི་རྒྱལ་པོ་སྐྱེད་མོས་ཚལ་དུ་ཇི་ལྟ་བ་སྤྱོད་པ་ཡང་ཏི་སའི་གངས་ཞེས་བྱའོ།། སུམ་བཅུ་རྩ་གསུམ ་པའི་ལྷ་རྣམས་ཀྱི་གླང་པོ་ཆེའི་རྒྱལ་པོ་གཡུལ་ངོར་སྤྱད་པ་རབ་རྟན་ཇི་ལྟ་བ་དེ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི་ཏིའི་རྒྱལ་པོ་ཡང་བྲག་འགུལ་ཞེས་བྱའོ།། སུམ་བཅུ་རྩ ་གསུམ་པའི་ལྷ་རྣམས་ཀྱི་ལྷའི་གྲོང་ཁྱེར་ཇི་ལྟར་འཁོར་དང་ལྡན་པ་དེ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི་གྲོང་ཁྱེར་ཡང་འཁོར་དང་ལྡན་པ་དེ་ཡིན་ནོ།། ལྷ་མ་ཡིན་རྣམས ་ཀྱི་ལྷ་མ་ཡིན་གྱི་རྒྱལ་སྲིད་ཀྱང་། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཇི་ལྟ་བ་དེ་བཞིན་དུ་རྒྱས་པར་རྗོད་པར་བྱའོ།། འཇིག་རྟེན་བདགས་པ་ལས་ཚིགས་བདུན་པའོ།། ་སྡོམ་ནི། ཕྱེད་ང་དྲུག་ཐུང་ཅིག་མཐའ། ཐུང་དང་གང་དང་འབྲི་བ་དང་། རྙོག་པ་དང་ནི་སྡུ་བ་དང་། ཕྱོགས་དང་ཤར་ཕྱོགས་འདུ་བྱེད་པ། ཟླ་བ་དྲུག་དུ་ཉི་མ་ལྷོ ་ཕྱོགསུ་འགྲོ་བ་ན་དཔག་ཚད་ཕྱེ་དང་དྲུག་དང་། བྱང་ཕྱོགས་སུ་འགྲོ་བ་ན་དཔག་ཚད་ཕྱེད་དང་དྲུག་དང་། དཔག་ཚད་ཀྱི་བཅཝོ་རྒྱང་མ་ཅིག་གིས་རྒྱ་མཚོ་ཆེན་པོར ་འདོར་ཏེ། འཛམ་བུའི་གླིང་དཔག་ཚད་ཕྱེད་དང་དྲུག་དང་། དཔག་ཚད་ཀྱི་བཙོ་རྒྱད་ཀྱི་ཆ་ཅིག་ཁྱབ་པར་བྱེད་དོ།། ཟླ་བ་དྲུག་དུ་ཉི་མ་ལྷོ་ཕྱོགསུ་འགྲོ་སྟེ་ལྷོ་ཕྱོགས ་སུ་འགྱུ། འཇམ་དུ་ཤིང་གི་ངྒཱ་མྱུར་དུ་འདུར།། ཐ་དྲུན་ཙུ་ཀྱང་ཕྱོགས་འགྲོ། བྱང་རྒྱབས་འཛ་ལས་ང་ག ་འདིརོ།། ཅིའི་ཕྱིར་དགུན་མཚན་མོ་རིང་ལ། ཉིན་མཐུང་ཤེན། སྨྲས་པ་ཟླང་དྲུག་ཉིས་བྱང་ཕྱོག་སུ་འགྲསྟེ། ཕྱོགསུ་འགྲོ་བ་ན། ལ་ལ་དུ་ན ་མཐའ་མྱུར་དུ་མདོར་བས། དེ་ཅིའི་ཕྱིར་ན་དགུན་མཚན་མོ་རིང་ལ་ཉིན་མཐུང་ངོ་།། ཅིའི་ཕྱིར་དཔྱིད་དང་དབྱར་གཉིས་ཉིན་མོ་རིང་ལ་མཚན་མོ་ཐུང་ཞེན་སྨྲས་པ། ་ཟླ་བ་དྲུག་ཉི་མ་བྱང་ཕྱོགསུ་འགྲོ་ཏེ། བྱང་ཕྱོགསུ་འགྲོ་བ་ན། འཛམ་བུ་གླིང་གི་དབུས་རིང་ཞིག་གིས་འདོར་བས་དེའི་ཕྱིར་དཔྱིད་དང་དབྱར་ཉི་མོ་རིང་ལ་མཚན་མོ ་ཐུང་ངོ་།། ཅིའི་ཕྱིར་དགུན་དྲང་བར་འགྱུར་ཞེ་ན་སྨྲས་པ་ཟླ་བ་དྲུག་ཉི་མ་ལྷོ་ཕྱོགསུ་འགྲོ་སྟེ། ལྷོ་ཕྱོགསུ་འགྲོ་བ་ན་དཔག་ཚད་བཞི་ཁྲི་ནས་ཉི་མའི་འོད་ཟེར་འབྱུང ་བ་རྣམས་རྒྱ་མཚོ་ཆེན་པོར་བབ་པས། གླིང་རྣམ་སུ་གྲང་བར་གྱུར་ཏེ། དེའི་ཕྱིར་དགུན་དྲང་ངོ་།། དེའི་ཕྱིར་དཔྱིད་དྲོ་བར་གྱུར་ཅེ་ན། སྨྲས་པ། ཟླ་བ་དྲུག་ཉིམ ་བྱང་ཕྱོགས་སུ་འགྲོ་སྟེ། བྱང་ཕྱོགསུ་འགྲོ་བ་ན། དཔག་ཚད་བཞི་ཁྲི་ནས་ཉི་མའི་འོད་ཟེར་འབྱུང་བ་རྣམསུ་བབ་པས་གླིང་རྣམསུ་འགྲོ་བར་འགྱུར་ཏེ། དེའི ་ཕྱིར་ན་དཔྱིད་དང་དབྱར་གཉིས་དྲོའོ།། ཅིའི་ཕྱིར་ཟླ་བའི་དཀྱིལ་འཁོར་མར་གྱི་ངོ་ཚས་བཅུ་དྲུག་མན་ཆད་འོད་འབྲི་ཞིང་ཁ་དོག་དང་དཀྱིལ་འཁོར་དང་ཆུ་ཞེང ་འབྲི་ཞེ་ན། སྨྲས་པ། ཉི་མ་དང་ཉེ་བར་འགྲོ་ཏེ། ཉེ་བར་འགྲོ་བ་དེ་རང་གི་དཀྱིལ་འཁོར་ལས་དེའི་གྲིབ་མ་སླར་བབས་ཏེ། ་དེས་དེའི་དཀྱིལ་འཁོར་ཁེབས་ཤིང་དེའི་དཀྱིལ་འཁོར་ཡོགས་པར་གྱུར་ཏེ། མི་སྣང་བས་དེའི་ཕྱིར་ན་ཟླ་བའི་དཀྱིལ་འཁོར་མར་གྱི་ངོ་ཚེས་བཅུ་དྲུག་ཕན་ཆད་འོད ་འབྲི་ཞིང་། ཁ་དོག་དང་དཀྱིལ་འཁོར་དང་། ཆུ་ཞེང་འབྲི་ཞེ་ན། དེ་ཅིའི་ཕྱིར་ཟླ་བའི་དཀྱིལ་འཁོར་མར་གྱི་ངོ་གནམ་སྟོང་ལ་ཐམས་ཅད་ཀྱིས་ཐམས་ཅད་དུ་མི་སྣང ་ཞེ་ན། སྨྲས་པ་ཉི་མ་དང་རྣམ་པ་ཐམས་ཅད་ཀྱིས་ཉེ་རུ་སོང་སྟེ། རྣམ་པ་ཐམས་ཅད་ཀྱི་ཉེ་བར་འགྲོ་བ་དེ་རང་གི་དཀྱིལ་འཁོར་ལས་གྲིབ་མ་སླར་འབབས་པས། དེའི་དཀྱིལ ་འཁོར་ཁེབས་ཤིང་དེས་དེའི་དཀྱིལ་འཁོར་ཡོག་པར་གྱུར་ཏེ། མི་སྣང་བས་དེའི་ཕྱིར་ན་ཟླ་བའི་དཀྱིལ་འཁོར་མར་གྱི་གནམ་སྟོང་ལ་ཐམས་ཅད་དུ་མི་སྣང་ངོ་།། ་ཅིའི་ཕྱིར་ཟླ་བའི་དཀྱིལ་འཁོར་ཡར་གྱི་ངོས་ཚེས་ཅིག་ཡན་ཆད་འོད་སྐྱེ་ཞིང་། ཁ་དོག་དང་དཀྱིལ་འཁོར་དང་ཆུ་ཞེང་སྐྱེ་ཞེ་ན། སྨྲས་པ་ཉི་མ་དང་མི་ཉེ་བར ་འགྲོ་སྟེ། ཉི་མ་མི་ཉེ་བར་འགྲོ་བ་དེ་རང་གི་དཀྱིལ་འཁོར་ལས་གྲིབ་མ་ཆུང་ངུར་འགྱུར་ཏེ། གྲིབ་མ་ཆུང་ངུར་གྱུར་པས། དཀྱིལ་འཁོར་དེའི་ཕྱོགས་ཅིག ་སྣང་བར་གྱུར་ཏེ། དེའི་ཕྱིར་ན་ཟླ་བའི་དཀྱིལ་འཁོར་ཡར་གྱི་ངོས་ཚེས་ཅིག་ཡན་ཆད་འོད་སྐྱེ་ཞིང་། ཁ་དོག་དང་དཀྱིལ་འཁོར་དང་ནུ་ཞེང་སྐྱེའོ།། ཅིའི་ཕྱིར ་ཟླ་བའི་དཀྱིལ་འཁོར་ཆེས་ཅོ་ལྔ་ལ་རྣམ་པ་ཐམས་ཅད་དུ་ཡོང་སུ་རྫོགས་པར་འགྱུར་ཞེ་ན། སྨྲས་པ་ཉི་མ་དང་རྣམ་པ་ཐམས་ཅད་ཀྱིས་ཉེ་བར་མི་འགྲོ་སྟེ། རྣམ་ཐམས་ཅད ་ཀྱི་ཉེ་བར་མི་འགྲོ་བས་དེའི་དཀྱིལ་འཁོར་ལ་སྒྲིབ་པ་གང་ཡིན་པས་ཉི་མའི་གྲིབ་མ་དེ་དཀྱིལ་འཁོར་སླར་ལོག་སྟེ། དེས་དེའི་དཀྱིལ་འཁོར་སྣང་བར་གྱུར་པས། དེའི ་ཕྱིར་ཟླ་བའི་དཀྱིལ་འཁོར་ཡར་གྱི་དེ་ཆོས་བཅཝོ་ལྔ་ལ་རྣམ་པ་ཐམས་ཅད་དུ་ཡོངསུ་རྫོགས་པར་འགྱུརརོ།། ཅིའི་ཕྱིར་ཟླ་བའི་དཀྱིལ་འཁོར་གྱི་དབུས་རྙོག་པར་འགྱུར། ་མཐའ་རྣམ་པར་དང་ཞིང་། རྙོག་པ་མེད་ཞེ་ན། སྨྲས་པ། ཉི་མ་དང་རྣམ་པ་ཐམས་ཅད་ཀྱིས་ཉེ་བར་མི་འགྲོ་སྟེ། རྣམ་པ་ཐམས་ཅད་ཀྱི་ཉེ་བར་མི་འགྲོ་བ་གླིང་གྱི་དེའི་དབུས ་རྙོག་པ་ཡོད་ལ། ཆུའི་རྐྱེན་གྱིས་མཐའ་རྣམ་པར་དང་ཞིང་རྙོག་པ་མེད་དེ། གླིང་རྣམས་ཀྱི་གཟུགས་རྙན་གང་ཡིན་པ་དེས་ནི་དབུས་རྙོག་པ་ཡོད་ལ། ཆུའི་གཟུགས ་རྙན་གང་ཡིན་པ་དེ་ནི་འཐའ་རྣམ་པར་དང་ཞིང་རྙོག་པ་མེད་དོ།། གཞན་ཡང་ཟླ་བའི་དཀྱིལ་འཁོར་དེ་ལ་ཀུན་དགའ་ར་བ་དང་། ཁྱིམ་རྣམས་དང་། ཁང་བརྩེགས ་པ་རྣམས་ཡོད་པས་དེའི་ཕྱིར་ཟླ་བའི་དཀྱིལ་འཁོར་གྱི་དཀྱིལ་དབུས་རྙོག་པ་ཡོད་ལ། མཐའ་རྣམ་པར་དང་ཞིང་རྙོག་པ་མེད་དོ།། གང་གི་ཚེ་འཛམ་བུ་གླིང་དུ་ཉི་མ་འཆར ་བ་དེའི་ཚེ་ཤར་གྱིས་ལུས་འངགསུ་ཉི་མ་བྱེད་དོ།། བྱང་སྒྲ་མི་སྙན་ན་ནི་ནུབ་བོ།། ནུབ་ཀྱི་བགླང་སྤྱོད་ཀྱི་གླིང་ན་ནི་ནམ་ཕྱེད་དོ།། གང་གི་ཚེ་འཛམ་བུ་གླིང་དུ་ཉི་མ་ཕྱེད ་། པར་གྱུར་པ་དེའི་ཚེ། ཤར་གྱི་ལུས་འཕགས་ན་ནི་ཉི་མ་ནུབ་པོ།། བྱང་གི་སྒྲ་མི་སྙན་ནི་ནམ་ཕྱེད་དོ།། ནུབ་ཀྱི་བགྲང་སྤྱོད་ཀྱི་གླིང་ན ་ནི་ཉི་མ་མཚ་རོ།། གང་གི་ཚེ་འཛམ་བུ་གླིང་ན་ཉི་མ་ནུབ་པ་དེའི་ཚེ། ཤར་གྱི་ལུས་འཕགས་ན་ནི་ནམ་བྱེད་དོ།། བྱང་གི་སྒྲ་མི་སྙན་ན་ནི་ཉི་མ་འཆར་རོ།། ནུབ་ཀྱི་བ་གླང ་སྤྱོད་ན་ནི་ཉི་བྱེད་དོ།། གང་གི་ཚེ་འཛམ་བུ་གླིང་ན་ནམ་ཕྱེད་དུ་གྱུར་པ་དེའི་ཚེ། ཤར་གྱི་ལུས་འཕགས་ཀྱི་གླིང་ན་ནི་ཉི་མ་འཚར་རོ།། བྱང་གི་སྒྲ་མི་སྙན་ན་ནི་ཉི་མ ་ཕྱེད་དོ།། ནུབ་གྱི་བ་གླང་སྤྲོད་ན་ནི་ཉི་མ་ནུབ་པོ།། ཇི་ལྟར་འཛམ་བུ་གླིང་ཐོག་མ་སྨོས་ཏེ་བཤད་པ་དེ་བཞིན་དུ་ཤར་གྱི་ལུས་འཕགས་དང་། བྱང་གི་སྒྲ་མི་སྙན་དང་། ་ནུབ་ཀྱི་བ་གླང་སྤྱོང་དང་། ཐོག་མར་སྨོས་ཏེ། ཐམས་ཅད་བརྗོད་པར་བྱའོ།། འཛམ་དུ་གླིང་གི་ཤར་ཕྱོགས་གང་ཡིན་པ་དེ། ཤར་གྱི་ལུས་འཕགས་ཀྱི་ལྷ ་ཕྱོགསོ།། འཛམ་བུ་གླིང་གི་བྱང་ཕྱོགས། བྱང་གི་སྒྲ་མི་སྙན་གྱི་ནུབ་ཕྱོགསོ།། འཛམ་བུ་གླིང་གི་ལྷོ་ཕྱོགས་གང་ཡིན་པ་དེ་ཤར་གྱི་ལུས་འཕགས་ཀྱི་ནུབ་ཕྱོགས་སོ།། ་བྱང་གི་སྒྲ་མི་སྙན་གྱི་ནི་བྱང་ཕྱོགས་སོ།། ནུབ་ཀྱི་བ་བླང་སྤྱོད་གྱི་ནི་ཤར་ཕྱོགས་སོ།། འཛམ་བུ་གླིང་གི་ནུབ་ཕྱོགས་གང་ཡིན་པ་དེ། ཤར་གྱི་ལུས་འཕགས་ཀྱི་ནི་བྱང ་ཕྱོགས་སོ།། བྱང་གི་སྒྲ་མི་སྙན་གྱི་ནི་ཤར་ཕྱོགས་ཏེ། ནུབ་ཀྱི་བ་གྲང་སྤོང་ནི་ལྷོ་ཕྱོགསོ།། འཛམ་བུ་གླིང་གི་བྱང་ཕྱོགས་གང་ཡིན་པ་དེ། ཤར་གྱི་ལུས་འཕགས་ཀྱི ་ཤར་ཕྱོག་སོ།། བྱང་གི་སྒྲ་འི་སྙན་གྱི་ནི་ལྷོ་ཕྱོགས་སོ།། ནུབ་ཀྱི་བགྲང་སྤྱོད་ཀྱི་ནུབ་ཕྱོགས་ཏེ། ཇི་ལྟར་འཛམ་བུ་གླིང་ཐོག་མར་སྨོས་ཏེ་བཤད་པ་དེ་བཞིན་དུ། བྱང ་གི་སྒྲ་མི་སྙན་དང་། ནུབ་ཀྱི་བ་གླང་སྤྱོད་ཤར་གྱི་ལུས་འཕགས་ཀྱང་ཐོབ་མར་སྨོས་ཏེ་བརྗོད་པར་བྱའོ།། ཕྱོགས་ནི་བཞི་ཡོད་དེ། ཤར་ཕྱོགས་དང་། ལྷོ་ཕྱོགས་དང་། ་ནུབ་ཕྱོགས་དང་། བྱང་ཕྱོགསོ།། ཤར་ཕྱོགས་ལ་ཤར་ཕྱོགསུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད། ལྷོ་ཕྱོགས་སུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད།། ་ནུབ་ཕྱོགས་སུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད།། བྱང་ཕྱོགསུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད་དོ།། ལྷོ་ཕྱོགས་ལ་ལྷོ་ཕྱོགས་སུ་འདུ་ཤེས་པའི ་སེམས་ཅན་དག་ཀྱང་ཡོད།། ཤར་ཕྱོགསུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད།། ནུང་ཕྱོགསུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད།། བྱང་ཕྱོགསུ་འདུ ་ཤེས་པའི་སེམས་ཅན་དག་ཡོད་དོ།། ནུབ་ཕྱོགས་ཤར་ཕྱོགསུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད།། ལྷོ་ཕྱོགསུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད།། ནུབ ་ཕྱོགསུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད།། བྱང་ཕྱོག་སུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད།། བྱང་ཕྱོགས་ཤར་ཕྱོགསུ་འདུ་ཤེས་པའི་སེམས་ཅན་དག ་ཀྱང་ཡོད། ལྷོ་ཕྱོགསུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད།། ནུབ་ཕྱོགསུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད་དོ།། བྱང་ཕྱོགསུ་འདུ་ཤེས་པའི་སེམས ་ཅན་དག་ཀྱང་ཡོད་དེ། ཕྱོགས་དེ་དག་ལ་དེ་ལྟར་ཐ་སྙད་འདོགས་སོ།། འཇིག་རྟེན་གདགས་པ་ལས་ཚིག་བརྒྱད་པ་ཡོད་དོ།། ་སྡོམ་ནི་ཟླ་བ་ཉི་མ་གཉིས་ཀྱི་ཚད། སྐར་མ་རྣམས་ནི་དེ་བཞིན་ཏེ། ཟླ་དྲུག་ཉི་མ་འགྲོ་བ་དང་། གནོད་པར་བྱེད་པ་ཐ་མ་ཡིན། ཟླ་བའི་དཀྱིལ་འཁོར་གྱི་ཚད ་ཇི་ཙམ་ཞེ་ན། སྨྲས་པ་ཟླ་བའི་དཀྱིལ་འཁོར་ནི་ཚུར་དཔག་ཚད་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་རྒྱ་ལྔ་ཅུ་རྔམ་སུ་དཔག་ཚད་ཕྱེ་དང་དྲུག་དང་དཔག་ཚད་ཀྱི་བཅཝོ་རྒྱང ་ཀྱི་ཆ་ཅིག་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཤེལ་ལས་གྲུབ་པ་སྟེ། གསེར་གྱི་ར་བས་ཀུན་ནས་སྐོར་ཏོ།། ར་དེའི་འཕང་ཡང་དཔག་ཚད ་བྱེད་ཡོད་ལ། ར་བ་དེ་ལ་ཅོག་རྣམ་པ་བཞིས་བྱས་པ་དག་ཡོད་དོ།། འདི་ལྟ་སྟེ་གསེར་ལས་བྱས་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ ་ལས་བྱས་པ་དག་གོ།། གྱེན་དུ་འཕྱང་བའི་འདའ་ཡབ་དང་། མཐུར་དུ་འཕྱང་བའི་འདའ་ཡབ་དང་། སྟི་ཁང་རྣམ་པ་བཞི་དག་ཡོད་། དེའི་ནང་གི་ས་གཞི ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་སྟེ། བཀྲ་ཞིང་ཤིན་དུ་བཀྲ་བ། ཚོན་སྣ་བརྒྱ་རྩ་ཅིག་གིས་བཀྲ་བ་སྟེ། འཇམ་ཞིང་ཤིང་དུ་འཇམ་པ་ནི། དཔེར་ན་ཤིང ་བལ་གྱི་འདབ་མ་འམ། རས་བལ་གྱིས་འདབ་མ་བཞིན་ཏེ། རྐང་པ་བཞིག་ན་ནི་ནེམས་ཞེས་བྱེད་པ། རྐང་པ་ཏེག་ན་ནི་དཔར་ཞེས་བྱེད་པ། མེ་ཏོག་མན་ད་ར་བ་དག ་གིས་པུས་མོ་ནུབ་ཙམ་དུ་ཁྱེངས་ཏེ། དེ་ན་མི་མ་ཡིན་པ་རྣམས་ཀྱི་རླུང་གི་མཐུས་མེ་ཏོག་སྙིང་པ་རྣམས་ནི་འདོར། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས་ཏེ་འདི་སྐད། ་ཟླ་བའི་དཀྱིལ་རྣམས་དབང་གི་རྐྱེན་གྱིས་ན། ཟླ་བའི་གྲོང་ཁྱེར་དག་ན་རླུང་ཆེན་ལྡང་། མེ་ཏོག་རྙིང་པ་རྣམས་ནི་འདོར་བར་བྱེད། མེ་ཏོག་གསར་པ་རྣམས་ནི་ལེགས ་པར་འགྲེམས་ཤིས་འབྱུང་བ་ལྟ་བུའོ།། ཟླ་བའི་དཀྱིལ་འཁོར་གྱི་ནང་ན། ལམ་སྲང་ཆུར་དཔག་ཚད་ལྔ་ཅུ། ཁ་ཚོན་དུ་དཔག་ཚད་ཕྱེད་དང་གཉིས་ཡོད་དེ། དབྱིབས ་ལེགས་ཤིང་། བལྟ་ན་སྡུག་ལ་འཛེས་པ། གསེར་གྱི་བྱེ་མ་བདལ་ཅིང་ཙན་དན་གྱིས་ནུས་ཆག་ཆག་བཏབ་པ། དེའི་ངོས་གཡས་གཡོན་དུ་རྫིང་བྱས་པ་དག་ཡོད་དོ།། ་རྫིང་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམས་པ་བཞིས་རྩིགསོ།། རྫིང ་དེ་དག་གི་ཕྱོགས་བཞིན་ཐེམ་སྐས་བྱས་པ་དག་ཡོད་དོ།། ཐེམ་སྐས་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་རྩིག་སོ།། རྫིང་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ ་དང་། ཤེལ་ལས་བྱས་པའི་ལན་ཀན་རྣམ་པ་བཞིས་ཀུན་ནས་བསྐོར་ཏེ། གསེར་གྱི་ལན་ཀན་གྱི་རྟེན་མ་དང་། གཞནན་དང་། ཤར་ང་ནི་དངུལ་ལས་བྱསོ།། དངུ ་བྱི་ནི་གསེར་ལས་བྱསོ།། བཻ་ཌཱུརྱ་ནི་ཤེལ་ལས་བྱས་སོ།། ཤེལ་གྱི་རྟེན་མ་དང་། གཉེནན་དང་། ཤར་བ་ནི་བཻ་ཌཱུརྱ་ལས་བྱས་སོ།། ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ནུ་བསིལ་དང་། ཆུ་སྦྲང་ཙི་ལྟ་བུས་གང་བ་སྟེ། མེ་ཏོག་ཨུད་པ་ལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོས་ཡོངས ་ཁྱེབས་ཤིང་ཆུན་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་གཉེན་པ་དང་། འདོད་དགུར་རྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན ་ཏོ།། དེ་དག་གི་ཉེ་ཀོར་ན་མེ་ཏོག་གི་ཤིང་ལྗོན་པ་དང་། འབྲས་བུའི་ཤིང་ལྗོན་པ་སྣ་ཚོགས་ཡོད་པ་རྣམས་པར་སྐྱེ་ཤིང་དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་ཐོད ་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག་ཕྲེང་རྒྱུད་དམ། མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་གི་ཕྲེང་བ་ཐེ་གུ་ལ་རྒྱུས་པ་དང་། མེ་ཏོག་གི་རྣམ་རྒྱན་ལེགས་པར ་བྱས་པ་བཞིན་ཏེ། སྐབ་ལ་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་གཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས ་སྐད་འབྱིན་ཏོ།། དཔག་བསམ་གྱི་ཤིང་ལྗོན་པ་དག་རྣམ་པ་བཞི་སྟེ། སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དག་གོ། བཞག་གོས་རྣམ་པ་བཞི་སྟེ། སྔོན་པོ་ང ་སེར་བ་དང་། དམར་པོ་དང་དཀར་པོ་དག་གོ།། དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་རྣམ་པ་བཞི་ཏེ། སྔོན་པོ་དང་སེར་པོ་དང་དབར་པོ་དང་དཀར་བ་དན་གོ། རོ ་མེའི་ཆ་བྱད་སྣ་ཚོགས་པི་བང་དང་། གླིང་བུ་དང་། བི་བང་རྒྱུད་གསུམ་པ་དང་། ཁརྡ་དང་། སྒྲ་སྙན་རྣམས་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དོ།། རྒྱན་སྣ་ཚོགས་ལག་རྒྱན་དང་།། ་རྐང་རྒྱན་དང་། རྒྱན་སྣང་བ་དང་། རྒྱན་མི་སྣང་བ་རྣམས་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དོ།། ལྷ་འམ་ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟར་བུར་འདོད་པའི་སེམས་སྐྱེད་མ་ཐང་ཏུ། ་དེ་ལྟ་བུ་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ།། བདུད་རྩི་རྣམ་པ་བཞི་སྦྲང་རྩི་དང་། སྦྲང་གི་ཏུང་བ་དག་ཀྱང་ཡོད་དོ།། ཡང་ཏོག་རྣམས་དང་། ཁང་པ་རྩེགས་པ་རྣམས་དང་། ཁྱིམ་རྣམས ་དང་། ཁང་བཟངས་རྣམས་དང་། གསིལ་ཁང་རྣམས་དང་། ལྟད་མོ་ལྟ་བའི་ས་རྣམས་དང་། སྟི་ཁང་རྣམས་བུད་མེད་ཀྱི་ཚོགས་ཀྱི་མཛེས་པར་བྱས་ཤིང་། ལྷའི་བུ་མོ་མང་པོས ་རྟེན་པ་དང་། ཕེག་རྡོབ་པ་དག་གི་སྒྲ་སྙན་པ་སྒྲོགས་པ་དང་། དྲི་སྣ་ཚོགས་ཀྱིས་ལེགས་པར་གོས་པ་དང་། བཟའ་བ་དང་བཏུང་བ་དང་། སྨན་པ་དག་ཡོད་དོ།། དེར་ལྷའི ་བུ་ཟླ་བ་འཁོར་དང་བཅས་བརྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་མངོན་པར་མྱོང་ངོ་།། ཉི་མའི་དཀྱིལ་འཁོར་གྱི་ཚད་ཇི་ཙམ་ཞེ་ན། སྨྲས་པ་ཉི ་མའི་དཀྱིལ་འཁོར་ལ་ཚུར་དཔག་ཚད་ཅིག། ཞེང་དུ་དཔག་ཚད་ལྔ་བཅུ་རྩ་ཅིག་མཐའ་སྐོར་དུ་དཔག་ཚད་ལྔ་བཅུ་རྩ་གསུམ་རྔམསུ་དཔག་ཚད་ཕྱེད་དང་དྲུག་དང་དཔག་ཚད། ་ཀྱི་རྒྱད་ཆ་ཅིག་ཡོད་དེ། དབྱིབས་ལེགས་ཤིན་ལྟ་ན་སྡུག་ལ་མཛེས་པ། མི་ཤེལ་ལས་གྲུབ་པ་སྟེ། གསེར་གྱི་ར་བས་ཀུན་ནས་ཀོར་ཏོ།། ར་བ་དེའི་འཕང་ཡང་དཔག ་། ཚད་ཕྱེད་ཡོད་ལ་ར་བ་དེ་ལོ་ཅོག་རྣམ་པ་བཞི་བྱས་པ་དག་ཡོད་དེ། འདི་ལྟ་སྟེ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས ་བྱས་པ་དང་། ཤེལ་ལས་བྱས་པ་དག་གོ། གྱེན་དུ་འཕང་བའི་འདའ་ཡབ་དང་། མཐུར་དུ་འཕང་བའི་འདའ་ཡབ་དང་། སྟི་ཁང་རྣམ་པ་བཞི་དག་ཡོད་དོ། དེའི་ནང་གི་ས ་བཞི་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་སྟེ། ཀྲ་ཞིང་ཤིན་དུ་ཀྲ་བ་ཚོན་སྣ་རྒྱ་ཅིག་གིས་ཀྲ་བ་སྟེ། འཇམ་ཤིང་ཤིན་ཏུ་འཇམ་པ་ནི། དཔེར་ན་ཤིང་བལ་གྱི་འདའ་མ་འམ། ་རས་བལ་གྱི་འདབ་མ་བཞིན་ཏེ། རྐང་པ་བཞག་ན་ནི་ནེམས་ཞེས་བྱེད། རྐང་པ་ཏེག་ན་ནི་པར་ཞེས་བྱེད། མེ་ཏོག་མན་ད་ར་བ་དག་གིས་པུས་མོ་ནུབ་ཙམ་དུ་ཁྱེབས་ཏེ། དེ་ནས ་མི་མ་ཡིན་པ་རྣམས་ཀྱིས་མཐུས་མེ་ཏོག་རྙིང་པ་རྣམས་ནི་དོར། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས། འདི་སྐད་དུ་ཉི་མའི་བསོད་ནམས་དབང་གྱི་རྐྱེན་གྱི ་ན་ཉི་མའི་དཀྱིལ་འཁོར་དག་ན་རླུང་ཆེན་ལྡང་། མེ་ཏོག་སྙིང་པ་རྣམས་ནི་འདོར་བར་བྱེད། མེ་ཏོག་གསར་བ་རྣམས་ནི་ལེགས་པར་འགྲེམས་ཞེས་ཀྱང་བྱའོ།། ་མའི་དཀྱིལ་འཁོར་གྱི་ནང་ན་ལམ་སྲང་ཆུར་དཔག་ཚད་ལྔ་བཅུ་རྩ་ཅིག། ཞེང་དུ་དཔག་ཚད་ཕྱེ་དང་གཉིས་པཞིག་ཡོད་དོ།། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས ་པ་གསེར་གྱིས་བྱེ་མ་བདལ་ཅིང་ཙན་དན་གྱིས་ཆུས་ཆག་ཆག་ཏང་པ། དེའི་བློ་གཡས་གཡོན་ན་རྫིང་བུ་དག་བྱས་པ་ཡོད་དེ། རྫིང་བུ་དེ་དག་ཀྱང་གསེར་ལས་བྱས་པ ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམས་པ་བཞིས་རྩིགསོ།། རྫིང་དེ་དག་གི་ཕྱོགས་བཞིན་ཡང་ཐེམ་སྐས ་བྱས་པ་དག་ཡོད་དེ། ཐེམ་སྐས་དེ་དག་ཀྱང་གསེར་ལས་བྱས་པ་དང་དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་ཤེལ་ལས་བྱས་པའི་ཕ་གུ་རྣམས་པ་བཞིས་རྩིག་སོ།། ་རྫིང་དུ་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་དུརྱ་ལས་བྱས་པ་དང་ཤེལ་ལས་བྱས་པའི་ལན་ཀན་རྣམ་པ་བཞིས་ཀུན་ནས་སྐོར་ཏེ། ་གསེར་གྱི་ལན་ཀན་གྱི་རྟེན་མ་དང་། གདོང་བུ་དང་། གཟུངས་གཟེར་དངུལ་ལས་བྱས།། དངུལ་གྱི་གསེར་ལས་བྱས་སོ།། བཻ་ཌཱུརྱ་ནི་ཤེལ་ལས་བྱསོ།། ཤེལ་གྱི ་རྟེན་མ་དང་། གདོང་བུ་དང་གཟུགས་ཟེར་ནི་བཻ་ཌཱུརྱ་ལས་བྱསོ།། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ཆུ་གསིལ་བ་དང་ཆུ་སྦྲང་རྩི་ལྟ་བུས་གང་བ་སྟེ། མེ་ཏོག་ཨུད ་པ་ལ་དང་། པདྨ་དང་། ཀུ་མུ་ཏ་དང་པདྨ་དཀར་པོས་ཡོངས་སུ་ཁྱེབས་ཏེ། ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིན་དུ་འོང་བ་དང་། སྐད ་རྙེན་པ་དང་། འདོད་དགུར་སྦྱར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། དེ་དག་གི་ཉེ་འཁོར་ན་མེ་ཏོག་གི་ཤིང་དང་འབྲས་བུའི་ཤིང་སྣ་ཚོགས་ཡོད་པ་རྣམས ་ལེགས་པར་སྐྱེ་ཤིང་། དབྱིངས་ལེགས་ལ་ཡོངསུ་གྲུབ་པ་སྟེ། མེ་ཏོག་ཕྲེང་བས་སྐྲོད་པ་བཞིན་དུ་གྱུར་པ་ནི་དཔེར་ན། མེ་ཏོག་ཕྲེང་རྒྱུད་དམ་མེ་ཏོག་ཕྲེང་རྒྱུད་ཀྱི་སློང་མ ་མཁས་པས། མེ་ཏོག་ཕྲེང་བ་ཐེ་གུ་ལ་རྒྱུས་པ་དང་། མེ་ཏོག་གི་མ་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལ་སྐྱེས་པའི་བྱ ་སྣ་ཚོགས་སྐད་སྙན་ཞིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་སྙན་པ་དང་། འདོད་དགུར་རྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། དཔག་བསམ ་ཤིང་སྤོ་བོ་དང་། སེར་པོ་དང་དམར་པོ་དང་དཀར་པོ་རྣམ་པ་བཞི་ཡོད་དོ།། གཞག་གོས་རྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་བཞི་ཡོད་དོ།། དཔག ་བསམ་གྱི་ཤིང་ལས་བྱུང་བའི་གོས་རྣམ་པ་བཞི་སྔོན་པོ་དང་། སེར་པོ་དང་དམར་པོ་དང་དཀར་པོ་རྣམ་པ་བཞི་ཡོད་དོ།། རོལ་མའི་ཆ་བྱད་སྣ་ཚོགས་པི་བང་དང་། གླིང ་བུ་དང་པི་དང་རྒྱུད་གསུམ་པ་དང་། ཁར་རྔ་དང་ཧ་ཤང་རྣམས་འབྱུང་བའི་དཔག་བསམ་གྱི་ཤིང་དག་ཡོད་དོ།། རྒྱན་སྣ་ཚོགས་ལག་རྒྱན་དང་། རྐང་རྒྱན་དང་། ་རྒྱན་སྣང་བ་དང་། མི་སྣང་བའི་བྱུང་བའི་ཤིང་ལྗོན་པ་དག་ཡོད་དེ། ལྷ་འམ་ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པའི་སེམས་སྐྱེད་མ་ཐག་ཏུ་དེ་དག་གི་ལག་ཏུ་འོང་བར ་འགྱུརརོ།། བདུད་རྩི་རྣམ་པ་བཞི་ལ། སྦྲང་རྩི་དང་། སྦྲང་ཆང་གི་ཏུང་བ་དག་ཀྱང་ཡོད་དོ།། ཡང་རྟོག་རྣམས་དང་། ཁང་པ་རྩེགས་པ་རྣམས་དང་། ཁྱིམ་རྣམས ་དང་། ཁང་བཟངས་རྣམས་དང་། བསིལ་ཁང་རྣམས་དང་། ལྟད་མོ་ལྟ་བའི་ས་རྣམས་བུད་མེད་ཀྱི་ཚོགས་ཀྱི་མཛེས་པར་བྱས་ཤིང་། ལྷའི་བུ་མོ་མང་པོས་སྟེན་པ་དང་། ་སིལ་སྙན་དང་། ཕེབ་རྡོབ་པ་དག་གི་སྒྲ་སྙན་པ་སྒྲོགས་པ་དང་། བཟའ་བ་དང་གཏུང་བ་དག་ཡོད་དེ། དེ་ནས་ལྷའི་བུ་ཉི་མ་འཁོར་དང་བཅས་བརྩེ་ཞིང་དགའ་ལ་དགའ་དགུར ་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམ་སུ་མྱོང་ངོ་།། སྐར་མའི་གཟུགས་སྙན་རྣམས་ཀྱི་ཚད་ནི་ཇི་ཙམ་ཞེ་ན། སྨྲས་པ་སྐར་མའི་གཟུགས་རྣམས་ལ་ཐམས་ཅད་ཀྱི་ནང་ན ་ཆེ་བ་གང་ཡིན་པ་དེ་ནི་རྒྱང་དྲགས་ཅཝོ་རྒྱ་།། ཐམས་ཅད་ཀྱི་ནང་ན་ཆུང་བ་གང་ཡིན་པ་དེ་དག་ནི་རྒྱང་གྲགས་གསུམ་པའོ།། ཕལ་ཆེར་ནི་རྒྱང་གྲགས་ཅུ་པ་དང་ཅུ་གཉིས་པ ་ཡིན་ཏེ། དབྱིབས་ལེགས་ཤིང་ལྷ་ན་སྡུག་ལ་མཛེས་པ་ཤེལ་ལས་གྲུབ་པ་སྟེ། གསེར་གྱི་དྲ་བས་ཀུན་ནས་སྐོར་ཏེ། ར་བ་དེ་ལ་རྩིག་པ་གསེར་ལས་བྱས་པ་དང་དངུལ ་ལས་བྱས་པ་དང་། བཻ་དུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞི་དང་། མདའ་ཡང་དང་ལྟད་མོ་ལྟ་བའི་ས་རྣམས་པ་བཞི་ཡོད། དེའི་ནང་གིས་སི་བཞི ་ཡང་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་བྲིས་ཤིང་ལེགས་པར་བྲིས་པ་མཚོན་སྣ་རྒྱ་རྩ་ཅིག་གི་བྲིས་ཏེ། འཇམ་ཤིང་ཤིན་ཏུ་འཇམ་པ་ནི་དཔེར་ན་ཤིང་བལ ་གྱི་འདབ་མ་འམ། རས་བལ་གྱི་འདབ་མ་བཞིན་ཏེ། རྐང་པ་བཞག་ན་ནི་ནེམས་ཞེས་བྱེད། རྐང་པ་རྟག་ན་ནི་པར་ཞེས་བྱེད་ལ། མེ་ཏོག་ནི་མན་ད་རབ་དག་གི ་པུས་མོ་ནུབ་རྩམ་དུ་ཁྱེབས་ཏེ། རླུང་གི་མཐུས་མེ་ཏོག་སྣང་པ་རྣམས་ནི་མདོར། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམ་སྟེ། འདི་སྐད་དུ་ལྷ་རྣམས་བསོད ་ནམས་དབང་གི་རྐྱེན་གྱིས་ན། གཞལ་མེད་ཁང་མཆོག་དག་ན་རླུང་ཆེན་ལྡང་། མེ་ཏོག་སྙིང་པ་རྣམས་ནི་འདོར་བར་བྱེད། མེ་ཏོག། ་གསར་པ་རྣམས་ནི་ལེགས་པར་འགྲེམས་ཞེས་ཀྱང་བྱའོ།། དེ་དག་གི་ནང་ན་རྫིང་བུ་བྱས་པ་དག་ཡོད་དེ། རྫིང་བུ་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས། ་བྱས་པ་དང་། བཻ་དཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་དང་བ་གུ་རྣམ་པ་བཞི་རྩིགས་སོ།། རྫིང་བུ་དེ་དག་གི་ཕྱོགས་བཞིན་ཡང་ཐེམ་སྐས་བྱས་པ་དག ་ཡོད་དེ། ཐེམ་སྐས་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམས་པ་བཞི་རྩིག ་སོ།། རྫིང་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ལན་ཀན་རྣམ་པ་བཞིས་ཀུན ་ནས་སྐོར་ཏེ། གསེར་གྱི་ལན་ཀན་གྱི་རྟེན་པ་དང་། གདོང་དུ་དང་། གཟུངས་གསེར་གྱིས་དངུལ་ལས་བྱས་པའོ།། དངུལ་ནི་གསེར་ལས་བྱས།། བཻ་ཌཱུརྱ་ནི་ཤེལ ་ལས་བྱསོ།། ཤེལ་གྱི་རྟེན་མ་དང་། གདོང་བུ་དང་གཟུངས་གསེར་ནི་བཻ་ཌཱུརྱ་ལས་བྱས་ཏེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ཆུ་བསིལ་དང་། ནུ་སྦྲང ་ལྟ་བུས་གང་སྟེ། མེ་ཏོག་ཨུད་པ་ལ་དང་། པདྨ་དང་ཀུ་མུ་ཏ་དང་། པདྨ་དཀར་པོས་ཡོངས་སུ་ཁེབས་ཤིང་ཆུན་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཞིང་འཇེབས་པ་དང་། ་སྐད་ཡིད་དུ་འོང་བ་དང་། སྐད་མཉན་པ་དང་། འདོད་དགུར་རྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། དེ་དག་གི་ཉེན་བཀོར་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིག ་སྣ་ཚོགས་ཡོད་པ་རྣམ་པ་སྐྱེ་ཤིང་དབྱིབས་ལེགས་ལ་ཡོངསུ་གྲུབ་པ་སྟེ། མེ་ཏོག་ཕྲེང་བ་བཞིན་དུ་བཀོད་པར་གྱུར་པ་ནི་དཔེར་ན། མེ་ཏོག་ཕྲེང་རྒྱུད་དམ། མེ་ཏོག་ཕྲེང་རྒྱུད ་ཀྱི་སློབ་མ་མཁས་པས་མེ་ཏོག་གི་ཕྲེང་བ་ཐེ་གུས་ལ་རྒྱུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལ་སྐྱེས་བྱ་སྣ་ཚོགས་སྐད་སྙན་པ་འཇེབས་པ་དང་། ་སྐད་ཡིད་དུ་འོང་བ་དང་། སྐད་གཉེན་པ་དང་། འདོད་དགུར་སྦྱར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། དཔག་བསམ་གྱི་ཤིང་སྔོན་པོ་དང་། སེར་པོ་དང་། ་དམར་པོ་དང་། དཀར་པོ་རྣམས་ཡོད་དེ། རྒྱས་པར་ལྔ་མ་བཞིན་ཏེ། དེ་དག་ན་གཞལ་མེད་ཁང་ནས་གནས་པའི་ལྷ་རྣམས་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དོ།། ་རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། ཉི་མ་ཟླ་བ་དྲུག་དུ་སྐྲོད་པ་གང་ཡིན་པ་དེ་ནི། ཟླ་བས་ཟླ་བ་ཅིག་ཏུ་འགྲོ་བ་དང་འོང་བར་བྱེད་དོ།། ཅིའི་ཕྱིར་ཉི་མའི་དཀྱིལ ་འཁོར་ལ་ལྟས་ན་མིག་ལ་གནོད་པར་འགྱུར་ལ་ཟླ་བའི་དཀྱིལ་འཁོར་ནི་ཆུ་ཤེལ་ཡང་ཡིན་ལ་གནོད་པར་མི་འགྱུར་ཞེ་ན། སྨྲས་པ་ཟླ་བའི་དཀྱིལ་འཁོར་ནི་ཆུ་ཤེལ ་ཡང་ཡིན་ལ་ཤེལ་དང་ཡང་ཡིན། ཉི་མའི་དཀྱིལ་འཁོར་ནི་མི་ཤེལ་ཡང་ཡིན་ལ། དེའི་ཕྱིར་ནི་ཉི་མའི་དཀྱིལ་འཁོ་ལ་ལྟས་ན་ནི་མིག་ལ་གནོད་པར་འགྱུར་ལ། ཟླ་བའི ་@དཀྱིལ་འཁོར་ནི་པཱར་མི་འགྱུརརོ།། འཇིག་རྟེན་གདགས་པ་ལས་ཚིགས་དགུ་པའོ།། སྡོམ་ལ། འབྱུང་བ་ཆེན་པོ་འདུ་ཤེས་དང་། བདག ་ཏུ་ཡང་ནི་འདུས་ཤེས་དང་། ན་མཁའ་ལ་ནི་སར་འདུ་ཤེས། དུས་ནི་གཉི་སུ་བྱས་པ་དང་། སྐད་ཅིག་པ་ནི་ཐ་མ་ཡིན། འབྱུང་བ་ཆེན་པོ་བཞི་ནི་སའི་ཁམས་དང་ཆུའི་ཁམས ་དང་། མེའི་ཁམས་དང་། རླུང་གི་ཁམས་སོ་སེམས་ཅན་ས་ལ་སར་འདུ་ཤེས་པ་དག་ཀྱང་ཡོད། རླུང་དུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན་མེ་ལསར་འདུ་ཤེས་པ་དག ་ཀྱང་ཡོད། ཆུར་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན་ཆུ་ལ་སར་དུ་འདུ་ཤེས་པ་དག་ཀྱང་ཡོད། ཆུར་འདུ་ཤེས་པ་དག་ཀྱང་ཡོད། མེར་འདུ་ཤེས་པ་དག་ཀྱང་ཡོད།། ་རླུང་དུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན་མེ་ལ་སར་འདུ་ཤེས་པ་དག་ཀྱང་ཡོད། ཆུར་འདུ་ཤེས་པ་དག་ཀྱང་ཡོད། མེར་འདུ་ཤེས་པ་དག་ཀྱང་ཡོད། རླུང་དུ་འདུ། ་ཤེས་པ་དག་ཀྱང་ཡོད་དོ།། སེམས་ཅན་ས་ལ་བདག་ཏུ་འདུ་ཤེས་པ་དག་ཀྱང་ཡོད་དེ། སའི་ཁམས་གང་ཡིན་པ་དེ་ནི་བདག་ཡིན་ལ་བདག་གང་ཡིན་པ་དེ་ནི་ས་ཡིན་ཏེ། དེ་ལྟར ་ས་དང་བདག་དང་གཉི་སུ་དབྱེར་མེད་ཅིང་ཐ་དད་པ་མ་ཡིན་ཏེ། བདག་གི་བདག་ནི་རྫོགས་པ་ཡིན་ནོ།། ཞེས་ནས་དེ་དག་ས་ལ་བཀུར་སྟི་བྱེད། ཙུན་པར་བྱེད། རི་མོར་བྱེད། ་མཆོད་པར་བྱེད།། དེ་དག་གི་བཀུར་སྟི་བྱས། ཙུན་པར་བྱས་རི་མོར་བྱས། མཆོད་པར་བྱས་ནས་དགའ་ཞིང་མགུ་ལ་ཡིད་རང་སྟེ། བཀུར་སྟི་བྱེད་ཅིང་ཉེ་བར་སྟེན་ཏེ། གནས ་ལ་སེམས་ཀྱི་ལུང་སྙན་པ་མ་ཡིན་ལ། སེམས་ཅན་ཆུ་དང་མེ་དང་རླུང་ལ་བདག་ཏུ་འདུ་ཤེས་པ་དག་ཀྱང་ཡོད། རླུང་གང་ཡིན་པ་དེ་ནི་བདག་ཡིན་ལ། བདག་གང་ཡིན་པ་དེ་ནི ་རླུང་ཡིན་ཏེ། དེ་ལྟར་རླུང་བདག་གཉི་སུ་མེད་ཅིང་ཐ་དད་པ་མ་ཡིན་ཏེ། བདག་གི་བདག་ནི་རྫོགས་པ་ཡིན་ནོ་ཞེས་ནས་དེ་དག་རླུང་ལ་བཀུར་སྟི་བྱེད། ཙུན་པར་བྱེད་རི་མོར་བྱེད།། ་མཆོད་པར་བྱེད།། དེ་དག་གི་བཀུར་སྟི་བྱས། ཙུན་པར་བྱས། རི་མོར་བྱས། མཆོད་པར་བྱས་ནས། དགའ་ཞིང་འགུལ་ཡིད་རངས་ཏེ། བཀུར་སྟི་བྱེད་ཅིང་ཉེ་བར་རྟེན ་ནས་ལ་སེམས་ཀྱི་ལུང་སྙན་པ་མ་ཡིན་ནོ།། སེམས་ཅན་ས་ལ་ན་མཁར་འདུ་ཤེས་པ་དག་ཀྱང་ཡོད་དོ།། ན་མཁའ་ལ་སར་འདུ་ཤེས་པ་དག་ཀྱང་ཡོད་དོ།། ས་ལ ་ན་མཁའ་འདུ་ཤེས་པ་ཇི་ལྟ་བུ་ཞེ་ན། ཏིལ་མེད་པའི་མི་ལ་ལ་ཞིགི་ཁྲོན་པ་རྐོས་པའི་མི་འགའ་ཞིག་ལ་འདི་སྐད་དུ། ཀྱེ་སྡོང་པོ་མེ་རེག་མ་དང་འདྲ་བའི་མི་གླང་མཐོང་། ་དམ་ཞེས་སྨྲས་སོ།། དེས་མཐོང་བར་སྨྲསོ།། ཏིལ་ཟ་འམ་མི་ཟ་སྨྲས་པ། མི་ཟའོ་ཞེས།། དེ་ལྟར་ན་ས་ལ་ནི་མཁའ་འདུ་ཤེས་པ་ཡིནོ།། ཇི་ལྟར་ན་མཁའ་ལ ་སར་འདུ་ཤེས་ཞེ་ན། སྨྲས་པ་ཇི་ལྟར་བྲམ་ཟེ་ལ་ལ་ཞིག་བོང་དུའི་ཤིང་རྟས་སོང་ནས་བོང་བུའི་ཤིང་རྟ་ལས་བབས་ཏེ། བོང་བུའི་ཤིང་རྟ་བུར་བུ་ལ་རྟགས་ནས་ཕུར་བུ ་ནམ་མཁའ་བཏབ་ཏེ་རྨུགས་ནས་མགོ་ལ་བཀྲིས་ཏེ། ས་ལ་གན་ཀྱལ་དུ་ཉལ་བ་དེ་བཞིན་དུ་ན་མཁའ་ལ་སར་འདུ་ཤེས་པ་ཡིན་ནོ།། ལོ་ཅིག་ལ་དུས་ཅིག་ཏུ་མཚན་མོ ་ཡུད་ཙམ་ཅོ་རྒྱད་ཉིན་མོ་ཡུད་ཙམ་བཅུ་གཉིས་པ་ཡོད་དེ། ལོ་ཅིག་ལ་དུས་ཅིག་ཏུ་མཚན་མེ་ནི་ཡུད་ཙམ་བཙོ་རྒྱད་ཉིན་མེ་ནི་ཡུད་ཙམཅུ་གཉིས་པ་དེ ་གང་ཞེ་ན། དགུན་ཟླ་ཐ་ཆུངས་ཡར་གྱི་དེ་ཚེས་རྒྱད་ལ་མཚན་མེ་ནི་ཡུད་ཙམ་ཅོ་རྒྱད་ཉིན་མོ་ནི་ཡུད་ཙམ་བཅུ་གཉིས་ཡོད་དོ།། ཚེས་དགུ་ཕན་ཆད་ནི་མཚན་མོ་ནི་འབྲི་ཉིན་མེ་ནི་སྐྱེ་སྟེ། ་མཚན་མོ་ནི་ཐང་ཅིང་རེ་རེ་སྐྱེའོ།། ལོ་ཅིག་ལ་དུས་ཅིག་ཏུ་ཉིན་ནི་ཡུད་ཙམ་རྒྱད་མཚན་མེ་ནི་ཡུད་ཙམ་ཅུ་གཉིས་པ་ཡོད་དེ། ལོ་ཅིག་ལ་དུས་ཅིག་ཏུ་ཉིན་མེ་ནི་ཡུད་ཙམ་ཙེ་རྒྱུད་མཚན ་མེ་ནི་ཡུད་ཙམ་ཅུ་གཉིས་པ་དེ་གང་ཞེ་ན། སྨྲས་པ་སྟོན་ཟླ་ར་བའི་ཡར་དེའི་ཚེས་རྒྱད་ལ་ཉིན་ནི་ཡུད་ཙམ་ཅུ་གཉིས་ཡོད་དོ།། ཚེས་དགུ་ཕན་ཆད་ཉིན་མོ་འདྲི་མཚན་མ་ཞི་ནི་སྐྱེ་སྟེ། ་ཉིན་མེ་ནི་ཐང་ཅིག་རེ་རེས་སྐྱེའོ།། ལོ་ཅིག་ལ་དུས་གཉི་སུ་མཚན་མོ་ཡུད་ཙམ་ཅཝོ་ལྔ་པ་ཡོད་དེ། ལོ་ཅིག་ལ་དུས་གཉི་སུ་མཚན་མོ་ཡང་ཡུད་ཙམ་ཅོ་ལྔ། ཉིན་མོ་ཡང་ཡུད་ཙམ་ཅུ ་ལྔ་པ་དེ་གང་ཞེ་ན་སྨྲས་པ། དཔྱིད་ཟླ་ར་བའི་བར་གྱི་ངོས་ཆེས་རྒྱང་དང་སྟོན་ཟླ་ཐ་ཆུངས་ཡར་གྱི་ངོ་ཚེས་རྒྱང་ལ། མཚན་མོ་ཡང་ཡུད་ཙམ་ཅོ་ལྔ། ཉིན་མོ་ཡང་ཡུད་ཙམ་ཅོ་ལྔ་ཡོད་དོ།། ་ཆོས་བཞི་ཡོད་དེ་བཞི་གང་ཞེ་ན། སྐད་ཅིག་དང་། དེའི་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་རྣམས་སོ།། སྐད་ཅིག་རྒྱ་ཉི་ཤུ་ལ་དེའི་སྐད་ཅིག་གོ། ཐང་ཅིག་སུམ་ཅུ་ལ ་ནི་ཡོད་ཙམ་ཅིག་གོ།། ཉིན་ཞག་ཅིག་གི་སུམ་བཅུ་ཅིག་གོ། ཡུད་ཙམ་གྱི་སུམ་ཆ་ཅིག་གོ། ཐང་ཅིག་གི་དྲུག་ཅུ་ཆ་ཅིག་ནི་དེའི་སྐད་ཅིག། དེའི་སྐད་ཅིག་གི་རྒྱ་ཉི་ཤུ་ཆ་ཅིག་གོ།། སྐད ་ཅིག་གི་ཚད་ནི་ཇི་ཙམ་ཞེ་ན། འདི་ལྟ་སྟེ། བུད་མེད་བལ་ཁལ་བའི་འབྲིང་གིས་ཧ་ཅང་མི་རིང་མི་ཐུང་བར་བལ་སྨ་དེ་དེ་ཙམ་གྱི་ཡུན་ནི་སྐད་ཅིག་གི་ཚད་ཡིན་ནོ།། དེ་ལྟ་བུའི་སྐད་ཅིག་རྒྱ་ཉི་ཤུ། ་ལ་དེའི་སྐད་ཅིག་གོ། དེའི་སྐད་ཅིག་དེ་ལྟ་བུ་ལ་དྲུག་ཅུ་ལ་ཐང་ཅིག་གོ། ཐང་ཅིག་དེ་ལྟ་བུ་སུམ་ཅུ་ལ་ཡུད་ཙམ་ཅིག་གོ།། ཡུད་ཙམ་དེ་སུམ་ཅུ་ལ་ཉིན་ཞག་ཅིག་གོ། ཉིན་ཞག་དེ ་ལྟ་བུ་སུམ་ཅུ་ལ་ཉིན་ཞག་ཅིག་གོ། ཟླ་བཅུ་གཉིས་ལ་ལོ་ཅིག་གོ། འཇིག་རྟེན་བཞག་པ་ལས་ཚིག་ཅུ་པའོ།། །། གླིང་བཞི་ནི་ཡུལ་མཉན་དུ་ཡོད་པ་སྟེ། བཅོམ་ལྡན་འདས་འདི ་སྐད་དུ་སྐལ་པ་ནི་གྲང་མེད་པ་བཞི་སྟེ། གྲངས་མེད་པ་དག་གི་སྐལ་པ་འཇིག་གོ། གྲངས་མེད་པ་དག་གི་སྐལ་པ་ཞིག་པར་གནསོ།། གྲངས་མེད་པ་དག་གི་སྐལ་པར་རགསོ།། ། ་གྲངས་མེད་པ་དག་གི་སྐལ་བར་ཆགས་པར་གནསོ།། ཞེས་གསུངསོ།། བར་གྱི་སྐལ་བརྒྱ་ཅུ་ལ་ནི་སྐལ་པ་ཆེན་པོ་ཅིག་ཏེ། བར་གྱི་སྐལ་པ་ཉི་ཤུ་ནི་འཇིག་གོ།། བར་གྱི་བར་སྐལ་བ ་ཉི་ཤུ་ནི་འཇིག་རྟེན་ཞིག་པར་གནསོ།། བར་གྱི་སྐལ་པ་ཉི་ཤུས་ནི་འཇིག་རྟེན་འཆག་སོ།། བར་གྱི་སྐལ་པ་ཉི་ཤུས་ནི་འཇིག་རྟེན་འཆགས་པར་གནསོ།། འཇིག་པ་ནི་རྣམ་པ་གསུམ་སྟེ། མེས ་འཇིག་པ་དང་ཆུས་འཇིག་པ་དང་། རླུང་གིས་འཇིག་པའོ།། འཇིག་པ་གསུམ་གྱི་རྩེ་མེ་ནི་འོད་གསལ་བ་དང་། དགེ་རྒྱས་དང་འབྲས་བུ་ཆེ་བ་རྣམས་ཏེ། གང་གི་ཚེ་མེས་འཇིག་པ་འབྱུང་། ་ཁ་དེའི་ཚེ་འོད་གསལ་གྱི་ལྷ་རྣམས་ལ་འཇིག་པའི་རྩེ་མོ་ཐུག། གང་གི་ཚེ་ཆུས་འཇིག་པ་འབྱུང་བ་དེའི་ཚེ། དགེ་རྒྱས་ཀྱི་ལྷ་རྣམས་ལ་འཇིག་པའི་རྩེ་མོ་ཐུག་གོ། གང་གིས་ཚེ་རླུང ་གི་འཇིག་པ་འབྱུང་བ་དེའི་ཚེ། འབྲས་བུ་ཆེ་བའི་ལྷ་རྣམས་ལ་འཇིག་པའི་རྩེ་མཐུ་གོ། མེས་འཇིག་པ་ལ་ལན་བདུན་ནུས་འཇིགས་ལ་ལན་ཅིག། ནུས ་འཇིག་པ་ལ་ལན་བདུན། ཞིང་རླུང་གི་འཇིག་པ་ལ་ལན་ཅིག་འབྱུང་།། བར་གྱི་སྐལ་བ་ནི་གསུམ་ཏེ། མཚོན་གྱི་བར་གྱི་སྐལ་པ་དང་། ནད་ཀྱི་བར་གྱི་སྐལ་པ་དང་། མུ་གེའི་བར་གྱི་སྐལ་བ་སྟེ། ་སྐལ་བ་ནི་མཚོན་དང་། ནད་དང་མུ་གེ་གསུམ་གྱི་མཐའ་ཐུག་པར་འགྱུར་རོ།། གང་གི་ཚེ་མཚོན་གྱི་བར་གྱི་སྐལ་པ་འོང་དུ་ཞིང་ཅི་ལེགས་ཅི་བདེར་བ་དེའི་ཚེ་མི་རྣམས་ཀྱི་ཚེ་ལོ་ཅུ་ཐུབ་པར་འགྱུར ་ཏེ། ཚེ་ལོ་ཅུ་པའི་མི་རྣམས་ཀྱི་ནང་ན་གང་ཡུན་རིང་དུ་འཚོ་བ་དེའི་ལྷོ་ཅུ་ཐུབ་སྟེ། དཔེར་ན་ད་ལྟར་གྱི་ནང་ན་གང་ཡུན་རིང་དུ་འཚེ་ཞིང་ཅི་ལེགས་ཅི་བདེར་རིམ་འགྲོ་བྱེད་པ་དེས་ལོ ་རྒྱ་འམ་ཆུང་ལྷག་པ་དེ་བཞིན་དུ། ཚེས་ལྡོ་ཅུ་བའི་མི་རྣམས་ཀྱི་ནང་ན་གང་ཡུན་རིང་དུ་མཚོ་བ་དེས་ལོ་ཅུ་ཐུབ་བོ།། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་བུ་ཅིག་པ་སྡུག་ཅིང་ཡིད་དུ་འོང་བ་ལ། ་མས་ལོགས་པར་སྨོན་པ་ན་འདི་སྐད་དུ། བདག་གི་བུ་ལོ་རྒྱའི་བར་དུ་ཡུན་རིང་དུ་འཚོ་བར་གྱུར་ཅིག་ཅེས་ལེགས་སྨོན་པར་བྱེད་པ་དེ་བཞིན་དུ། ཚེ་ལོ་ཅུ་པའི་མི་རྣམས་ཀྱི་བུ་ཅིག་པ་སྡུག ་ཅིང་ཡིང་དུ་འོང་བ་ལ། མས་ལེག་སུ་སྨོན་པ་ན་འདི་སྐད་དུ་བདག་གི་བུ་ལོ་ཙུའི་བར་དུ་འཚོ་བར་གྱུར་ཅིག་ཅེས་ལེག་སུ་སྨོན་པར་བྱེད་དོ།། ཆེ་ལོ་ཅུ་པའི་མི་རྣམས་བུ་མོ་ཅེས་ནས་བླག ་ལྔ་ལོན་པ་ན་ཁྱིམ་ཐབ་ལ་ཏོང་བར་འགྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་བུ་མོ་ཅོ་ལྔ་འམ་ཙུ་དྲུག་ལོན་པ་ན་ཁྱིམ་ཐབ་ལ་གཏོང་བ་དེ་བཞིན་དུ། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་བུ ་མཙོས་ནས་རྫ་བ་ལྔ་ལོན་པ་ན་ཁྱིམ་ཐབ་ལ་ཏོང་བར་འགྱུར།། རྗེ་ལོ་ཅུ་བའི་གོས་ཀྱི་ནང་ན་སྒྲའི་ལབ་མཆོག་ཏུ་གྱུར་ཏེ། དཔེར་ན་དེ་ལྟར་གྱི་མི་རྣམས་ཀྱིས་གོས་ཀ་ཤི་ཀའི ་རས་བྲན་ནམ། ཟར་མའི་རས་ཕྲན་ནམ། དུ་གུ་ལའི་རས་བྲན་ནམ། ཀོ་ཏ་མའི་རས་བྲན་མཆོག་ཡིན་པ་དེ་བཞིན་དུ། ཚེ་ལོ་ཙཱ་པ་རྣམས་ཀྱི་གོས་ཀྱི་ནང་ན་སྐ་བའི་ལ་བ་མཆོག་ཏུ ་འགྱུར་རོ།། ཚེ་ལྷོ་ཅུ་པའི་མི་རྣམས་ཀྱི་ཁ་ཟས་ཀྱི་ནང་ན་ཀོ་འདྲ་བ་མཆོག་ཏུ་གྱུར་ཏེ། དཔེར་ན་ད་ལྟར་ཀྱི་མི་རྣམས་ཀྱི་ཟས་ནི་ཆན་ནག་བག་ཙལ་བ། ཚོད་མ་དང་ཁུ་ར་དང་། ་ཁྱ་ན་སྣ་ཚོགས་དང་། ལྡན་པ་མཆོག་ཡིན་པ་དེ་བཞིན་དུ་ཚེ་ལོ་ཙུ་པའི་མི་རྣམས་ཀྱི་ནང་ན་ཀོ་དྲ་བ་མཆོག་ཏུ་འགྱུརརོ།། ཚེ་ལོཙུ་པའི་མི་རྣམས་ཀྱི་རོ་རྣམ་ལྔ་ནུབ་པར་འགྱུར་ཏེ། ་ལྔ་གང་ཞེ་ན། འོ་མ་ཡང་ཡོད་ཞོ་ཡང་ཡོད་མོད་ཀྱི་མར་མི་འབྱུང་བ་དང་། ཏིལ་ཡང་ཡོད་ཏིལ་གྱི་ཕྱེ་མ་ཡང་ཡོད་མོད་ཀྱི་ཏིལ་མར་མི་འབྱུང་བ་དང་། སྦྲང་དུ་ཡང་ཡོད ་སྦྲང་ཚིལ་ཡང་ཡོད་མོད་ཀྱི་སྦྲང་ཅི་མི་འབྱུང་བ་དང་། བུ་རམ་ཤིང་ཡང་ཡོད་མོད་ཀྱི་བུ་རམ་དུ་མི་འགྱུར་བ་དང་། ལན་ཆ་ནི་རྟེན་མེད་པར་འགྱུརརོ།། ཆེ་ལོ་ཙུ་པའི་མི་རྣམས ་མཚོན་ཆ་རྒྱན་ཅིང་མཚོན་ཆས་བཞག་པར་འགྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་རྒྱུན་འགུལ་བདུད་དང་། གདུབ་བུ་རྒྱན་ཅན་ནམ། རྣ་ཆ་གདུབ་བཀོར་དང་། དཔུང་རྒྱན་རྣམས ་སམ། ལག་པའི་རྒྱན་རྣམས་སམ། རྐང་པའི་རྒྱན་རྣམས་སམ། སོར་ཐུབ་ཀྱི་རྒྱན་ནམ། གསེར་གྱི་འགྲེང་བ་ཐོགས་བཞིན་དུ། ཆེ་ལོ་ཅུ་པའི་མི་རྣམས་མཚན་ཆས ་རྒྱན་ཅིང་མཚོན་མས་བཞ་གོ། ཆེ་ལོ་ཅུ་པའི་མི་རྣམས་ཀྱི་ནང་ན་གང་མར་མི་འཛིན་པ་དང་། པར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། ཟམ། ་ཟེར་མི་འཛིན་པ་དེ་དག་ནི་ཅེསུ་བྱ་བ་དང་། རབ་ཏུ་སྔགས་པར་འགྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་ནང་ན། གང་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན ་པ་དང་། བྲམ་ཟེར་འཛིན་པ་དེ་དག་བཀུར་ཞིང་བཅེསུ་བྱ་བ་དང་། རབ་ཏུ་སྔགས་པ་ནི་ཚེ་ལོ་ནུ་པའི་མི་རྣམས་ཀྱི་ནང་ན་གང་མར་མི་འཛིན་པ་དང་། ཕར་མི་འཛིན་པ་དང་། དགེ་སྦྱོང་དུ ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དེ་དག་ཀུར་ཅིང་ཅེསུ་བྱ་བ་དང་། རབ་ཏུ་སྔགས་པར་འགྱུར་རོ།། ཚེ་ལོ་བཅུ་པའི་མི་རྣམས་སེམས་ཅན་ཅིག་གིས་ཅིག་མཐོང་ཞིང་། ཤས ་ཆེར་གནོད་པ་བྱ་བའི་སེམས་དང་། གསད་པའི་སེམས་པར་གནས་པར་འགྱུར་ཏེ་དཔེར་ན་ད་ལྟར་གྱི་མི་རི་དྭགས་ཀྱི་སྔོན་པས་དགོན་པའི་རི་དྭགས་མཐོང་ནས་ཤས་ཆེར་གནོད་པར་བྱ་བའི ་སེམས་དང་། བསད་པའི་སེམས་ཉེ་བར་གནས་པར་འགྱུར་བ་དེ་བཞིན་དུ་ཚེ་ལོ་ཅུ་པའི་མི་རྣམས་ཅིག་གིས་ཅིག་མཐོང་ན། ཆ་ཤ་ཆེར་གནོད་པའི་བྱ་བའི་སེམས་དང་། བསད ་པའི་སེམས་ཉེ་བར་གནས་པར་འགྱུར་ཏེ། ཚེ་ལོ་ཅུ་པའི་མི་རྣམས་ཀྱི་ཁྱིམ་དུ་ཞག་བདུན་དུ། ཁྱིམ་ཕུང་བར་བྱེད་པ་རྣམས་འབྱུང་བར་འགྱུར་ཏེ། དེ་དག་ཤིང་ངམ། གསེག ་མ་འམ། གྱོ་མོའང་རུང་སྟེ། གང་དང་གང་ལ་ནོམ་པ་དེ་དག་ཐམས་ཅད་མཚོན་ཆ་ཤིན་དུ་རྡོ་ཞིང་འཇེབས་པར་འགྱུར་ཏེ། ཤིང་དུ་རྣོ་ཞིང་འཇེབས་པ་དེ་དང་། དེ་དགཞི ་ཅིག་ལ་ཅིག་སྲོག་དང་བྲལ་བར་བྱེད་དེ། ཉེ་དུ་ཟད་པ་དང་། ལོངས་སྤྱོད་ཟད་པ་དང་། ནོར་ཟད་པར་ཡང་འགྱུརརོ།། མཚོན་གྱི་བར་གྱི་སྐལ་པ་དེ་ཡང་ཞག་བདུན་ཁོ་ནར་ཟད་ཏེ། ་ཞག་བདུན་འདས་ནས་མཐར་ཐུག་པར་བརྗོད་པར་བྱའོ།། དེ་ཚེ་གང་སུ་ཡང་རུང་ཏེ་འཆི་བ་དེ་དག་ཐམས་ཅད་ལུས་ཞིག་ནས་སེམས་ཅན་དམྱལ་བ་རྣམསུ་སྐྱེས་པར་འགྱུརརོ།། དེ་ན་མི་གང་། ་དག་མཚོན་གྱི་བར་གྱི་སྐལ་པ་དེས་ཁ་འདོག་ཅིང་འཛེས་པར་འབྱུར་ལ་སྨོད་པ་དེ་དག་ལས་ཁ་ཅིག་ཆུའི་རྫིང་དང་། རིའི་ལྡོང་དང་། རྩ་སྟུག་པོ་དང་། ནགས་ཚལ་སྟུག་པོ་དག་ཏུ ་ཞུགས་ཏེ་དེར་ཞག་བདུན་གྱི་བར་དུ་རྩ་དང་ཆུས་འཚོ་ཞིང་འདུག་ནས། གྲོང་དང་གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་ཕྱིར་ལེག་པར་སེམས ་ཅན་དེ་དག་ཅིག་གིས་ཅག་མཐོང་ནས་བྱམས་པ་དང་སྡུག་པ་དང་། གུས་པ་དང་སྙིང་རྩེ་བའི་སེམས་ཉེ་བར་གནས་པར་འགྱུར་ཏེ། འདི་སྐད་དུ་ཀྱེ་མ་ཀྱེ་མ་སེམས་ཅན་གསོན་པོ ་མཐོང་ངོ་།། ཀྱེ་མ་ཀྱེ་མ་སེམས་ཅན་གསོན་པོ་མཐོང་ངོ་ཞེས་ཀྱང་ཟེར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་མ་ལ་བུ་ཅིག་པ་སྡུག་ཅིང་ཡིད་དུ་འོང་བ་ཞིག་ཡོད་ལ། ཟླ་བརྒྱད་དམ ་དགུ་ལོན་ཏེ། ཕྲད་ནས་ཤས་ཆེར་བྱམས་པ་དང་། སྡུག་པ་དང་། གུས་པ་དང་། སྙིང་རྩེ་བའི་སེམས་ཉེ་བར་གནས་ཏེ། འདི་སྐད་ཀྱེ་མ་བུ་གསོང་པོ་མཐོང་ངོ་ཀྱེ་མ་བུ་གསོན ་པོ་མཐོང་ངོ་ཟེར་བ་དེ་བཞིན་དུ་སེམས་ཅན་ཅིག་གིས་ཅིག་མཐོང་ན་ཤས་ཆེར་བྱམས་པ་དང་། སྡུག་པ་དང་གུས་པ་དང་། སྙིང་རྩེ་བའི་སེམས་ཉེ་བར་གནས་པར་འགྱུར་ཏེ། ་འདི་སྐད་དུ་སེམས་ཅན་གསོན་པོ་མཐོང་ངོ་།། ཀྱེ་མ་སེམས་ཅན་གསོན་པོ་མཐོང་ངོ་ཞེས་ཀྱང་ཟེར་རོ།། བར་གྱི་སྡོམ་ནི། རིང་དུ་གནས་འཚོམ་དང་བུ་མོ་དང་། ་གོས་དང་ཟས་དང་ནུབ་པར་འགྱུར་བ་དང་། རྒྱན་རྣམས་དང་ནི་བཀུར་དང་གནོད་པ་དང་། ཞག་བདུན་ཁྱིམ་དུ་ཁྱིམ་ཕུང་བྱེད་པ་འབྱུང་། སེམས་ཅན་དེ་དག་འདི་སྙམ་དུ་མཆོད་ཆའི ་སྲོག་གཅོད་པ་འདི་ཅིག་ལ་ཅིག་རྣམ་པར་གནོད་པ་སེལ་ཞུགས་པས་ཉེ་དུ་ཟད་པར་གྱུར་ཅིང་། ལོང་སྤོང་ཟད་པ་དང་། ནོར་ཟད་པར་གྱུར་གྱིས་བདག་ཅག་གི་དགེ་བའི་ཆོས་འགའ ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱས་ནས། བདག་གི་དགེ་བའི་ཆོས་འགའ་ཞིག་ཡང་པར་བླངས་ཏེ། འཁོད་པར་བྱ་སྙམ་དུ་སེམས་སོ།། དེ་དག་འདི་སྙམ་དུ་ཀྱེ ་བདག་ཅག་གི་སྲོག་གཅོད་པ་ཡིན་གྱིས། བདག་ཅག་གི་མཚོན་ནས་སྲོག་གཅོད་པ་སྤང་བར་བྱའོ་སྙམ་ནས། དེ་དག་ལ་མཚོན་ཆས་སྲོག་གཅོད་པ་སྤང་ངོ་།། ཚེ་ལོ་བཅུ་པའི ་མི་མཚོན་ཆས་སྲོག་གཅོད་པ་སྤོང་བ་དག་གི་བུ་དང་བུ་མོ་བཅས་པ་རྣམས་ཚེ་ལོ་ཉི་ཤུ་ཐུབ་པར་གྱུར་ཏོ།། ཚེ་ལོ་ཉི་ཤུ་པའི་མི་རྣམས་འདི་སྙམ་དུ་ཀྱེ་མ་དགེ་བའི་ཆོས་རྣམས་ཡང ་དག་པར་བླངས་པའི་རྒྱུས་ཚེ་ཡང་ནུར་ལ། ཁ་དོག་དང་སྟོབས་དང་ལོང་སྤྱོད་དག་ཀྱང་འཕེལ་བར་སྣང་གིས། བདག་ཅག་གིས་ཀྱང་ལྷག་པར་དགེ་བའི་ཆོས་འགའ ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན། བདག་ཅག་གི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ།། བདག་འདི་སྙམ་དུ་བདག་ནི་མ ་མ་བྱིན་པར་ལེན་པ་ཡིན་གྱི། བདག་གིས་མ་བྱིན་པར་ལེན་པར་སྤང་བར་བྱའོ་སྙམ་ནས། དེ་དག་མ་བྱིན་པར་ལེན་པར་སྦེད་དོ།། ཚེ་ལེ་ཉི་ཤུ་པའི་མི་མ་བྱིན་པར་ལེན་པ་སྤོང་བ་དེ་དག ་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་བཞི་བཅུ་ཐུབ་པར་འགྱུར་ཏེ། དེ་དག་ལས་ཁ་ཅིག་ནི་ཚེ་ལོ་ལྔ་བཅུ་ཐུབ་པར་གྱུར་ཏོ།། ཚེ་ལོ་ལྔ་བཅུ་པའི་མི་རྣམས་འདི་སྙམ་དུ། ་ཀྱེ་དགེ་བའི་ཆོས་རྣམས་ལ་ཡང་དག་པར་བླངས་པའི་རྒྱུས་ཚེ་ཡང་ནུར་ལ། ཁ་དོག་དང་སྟོབས་དང་བདེ་བ་དང་ལོང་སྤྱོད་འཕེལ་བར་སྣང་གི། བདག་ཅག་གིས་ཀྱང་ལྷག ་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པ་ན། བདག་ཅག་གི་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་པ་སྟེ་འཁོད་པར་བྱའོ་སྙམ་དུ་སེམསོ།། ། ་དེ་དག་འདི་སྙམ་དུ་ཀྱེ་བདག་ཅག་ནི་ལོག་པར་གཡེམ་པ་ཡིན་གྱིས་བདག་ཅག་གིས་འདོད་པ་ལ་ལོག་པར་གཡེམ་པ་སྤང་བར་བྱའོ་སླ་ན་དེ་དག་འདོད་པ་ལ་ལོག་པར་གཡེམ་པ ་སྤོང་། ཚེ་ལོ་ལྔ་ཅུ་པའི་མི་འདོད་པ་ལ་ལོག་པར་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་རྒྱ་ཐུབ་པར་འགྱུར་རོ།། ཚེ་ལོ་རྒྱ་ཐུབ་པའི་མི་རྣམས་འདི་སྙམ་དུ་དགེ ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་རྒྱས་ཚེ་ཡང་ནུར་ལ་སྟོབས་དང་ཁ་དོག་དང་། བདེ་བ་དང་། ལོང་སྤྱོད་དག་ཀྱང་འཕེལ་བར་སྣང་གིས། བདག་ཅག་གི་དགེ ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱ་སྙམ་དུ་སེམས། དེ་དག་ནི་འདི་སྙམ་དུ་ཀྱེ་བདག་ཅག་ནི་རྫུན་དུ་སྨྲ་བ་སྤང་བར་བྱ་སྙམ་ནས། དེ་དག་རྫུན ་དུ་སྨྲ་བ་སྤོང་ངོ་།། ཚེ་ལོ་རྒྱ་བའི་མི་རྫུན་དུ་སྨྲ་བ་སྤོང་བ་དེ་དག་གིས་བུ་དང་བུ་མོ་བཙས་རྣམས་ཆེ་ཉི་རྒྱ་ཐུབ་པར་འགྱུར་ཏེ། དེ་དག་ལས་ཁ། ་ཅིག་ནི་ཚེ་ལོ་རྒྱ་ཐུབ་པར་གྱུར་ཏོ།། ཚེ་ལེ་ཉིས་རྒྱ་ལྔ་བཅུ་པའི་མི་རྣམས་འདི་སྙམ་དུ་ཀྱེ་དགེ་བའི་ཆོས་འགའ་ཡང་དག་པར་བླངས་པའི་རྒྱུས་ཚེ་ཡང་ནུར་ལ། ཁ་དོག་དང ་སྟོབས་དང་བདེ་བ་དང་། ལོང་སྤྱོད་དང་འཕེལ་བར་སྣང་གིས། བདག་ཅག་གིས་ཀྱང་ལྷ་ལས་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་འཁོད་པར་བྱས་ན་བདག ་ཅག་གི་དགེ་བའི་ཆོས་འགའ་ཞི་གོ་ཡང་དག་པར་བླངས་ཏེ་འཁོད་པར་སྙམ་དུ་སེམསོ།། དེ་དག་འདི་སྙམ་དུ་ཀྱེ་བདག་ཅག་ནི་ཕྲ་མ་ཅན་ཡིན་གྱིས་ཕྲ་མ་སྤང་བར་བྱའོ་སྙམ ་ནས། དེ་དག་ཕྲ་མ་སྤོང་ངོ་།། ཚེ་ལེ་ཉིས་རྒྱ་ལྔ་བཅུ་པའི་མི་ཕྲ་མ་སྤོང་བ་དེག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ལྔ་རྒྱ་ཐུབ་པར་འགྱུརརོ།། ཚེ་ལོ་ལྔ་རྒྱ་པའི་མི་རྣམས ་འདི་སྙམ་དུ་ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་རྒྱུས་ཚེ་ཡང་ནུར་ལ། ཁ་དོག་དང་སྟོབས་དང་བདེ་བ་དང་། ལོང་སྤྲོད་དག་ཀྱང་འཕེལ་བར་སྣང་གིས། ་བདག་གིས་ཀྱང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱས་ནས་བདག་ཅག་གི་དགེ་བའི་ཆོས་ཡང་དག་པར་བླངས་ཏེ་འཁོད་པར་བྱ ་སྙམ་དུ་སེམསོ།། དེ་དག་འདི་སྙམ་དུ་ཀྱེ་བདག་ཅག་ནི་ངག་རྩུབ་པོ་སྨྲ་བ་ཡིན་གྱིས་བདག་ཅག་གི་ཡང་ངག་རྩུབ་པོ་སྨྲ་བ་སྤོང་། ཚེ་ལོ་ལྔ་བརྒྱ་པའི་མི་ངག་རྩུབ་པོ་སྤོང་བ ་དེ་དག་གིས་བུ་དང་བུ་མོ་བཅས་པ་རྣམས་ཚེ་ལེ་སྟོང་ཐུབ་པར་འགྱུརརོ།། ཆེ་ལོ་སྟོང་གི་མི་རྣམས་འདི་སྙམ་དུ་སྐྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་རྒྱུ་ཆེ་ཡང་ནུར་ལ། ་ཁ་དོག་དང་སྟོབས་དང་བདེ་བ་དང་། ལོང་སྤྱོད་དག་ཀྱང་འཕེལ་བར་སྣང་གིས། བདག་ཅག་གིས་ཀྱང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་སྟེ ་འཁོད་པར་བྱས་ན་བདག་ཅག་གི་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ།། འཁོད་པར་བྱ་སྙམ་དུ་སེམསོ།། དེ་དག་འདི་སྙམ་དུ་ཀྱེ་བདག་ཅག་ནི་ཚིག་ཀྱལ་བ ་ཅན་ཡིན་གྱི་བདག་ཅག་ཚིག་ཀྱལ་པ་སྤང་བར་བྱའོ་སྙམ་ནས། ཆེ་ལོ་སྟོང་ཐུབ་པའི་མི་ཚིག་ཀྱལ་པ་སྤོང་བ་དེ་དག་གི་བུ་དང་བུ་མོ་བཅས་པ་རྣམས་ཚེ་ལེ་ཉིས་སྟོང་ཐུབ ་པར་འགྱུར་རོ།། དེ་དག་ལས་ཁ་ཅིག་ཚེ་ལོ་ཉེས་སྟོང་ལྔ་རྒྱ་ཐུབ་པར་གྱུར་ཏོ།། ཚེ་ལེ་ཉིས་སྟོང་ལྔ་རྒྱ་བའི་མི་རྣམས་འདི་སྙམ་དུ་ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར ་བླངས་པའི་རྒྱུས་ཚེ་ཡང་ནུར་ལ། ཁ་དོག་དང་སྟོབས་དང་བདེ་བ་དང་། ལོང་སྤྱོད་དག་ཀྱང་འཕེལ་བར་སྣང་གིས། བདག་གིས་ཀྱང་ལྷག་པར་དགེ་བའི་ཆོས ་འགའ་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱས་ནས་བདག་ཅག་གི་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱ་སྙམ་དུ་སེམསོ།། དེ་དག ་འདི་སྙམ་དུ་ཀྱེ་མ་བདག་ཅག་རྣང་སེམས་ཅན་ཡིན་གྱིས་རྣབ་སེམས་སྤང་བར་བྱའོ།། སྙམ་རྣབ་སེམས་སྤོང་ངོ་།། ཚེ་ལེ་ཉིས་སྟོང་ལྔ་རྒྱ་པའི་མི་རྣམས་རྣབ་སེམས་སྤོང ་@#། དེ་དག་གི་བུ་དང་བུ་མོ་བཙས་པ་དེ་རྣམས་ཚེ་ལོ་ལྔ་སྟོང་ཐུབ་པར་གྱུར་ཏོ།། ཚེ་ལོ་ལྔ་སྟོང་པའི་མི་རྣམས་དགེ་བའི་ཆོས་ཡང་དག་པར ་བླངས་པའི་རྒྱུས་ཆེ་ཡང་ནུར། ཁ་དོག་དང་སྟོབས་དང་བདེ་བ་དང་། ལོང་སྤྱོད་དག་ཀྱང་འཕེལ་བར་སྣང་གིས་བདག་ཅག་གིས་ཀྱང་ལྷག་པར་དགེ་བའི་ཆོས་འགའ་ཞིག ་ཡང་དག་པར་བླངས་ཏེ་འཁོར་བར་བྱའོ་སྙམ་དུ་སེམསོ།། དེ་དག་འདི་སྙམ་དུ་ཀྱེ་བདག་ཅག་ནི་གནོད་སེམས་ཅན་ཡིན་གྱིས། བདག་ཅིག་གིས་གནོད་སེམས་སྤང་བར ་བྱའོ་སྙམ་ནས་དེ་དག་གནོད་སེམས་སྤོང་ངོ་།། ཚེ་ལོ་ལྔ་སྟོང་པའི་མི་གནོད་སེམས་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ཁྲི་ཐུབ་པར་གྱུར་ཏོ།། ཚེ་ལོ་ཁྲི་པའི་མི ་རྣམས་འདི་སྙམ་དུ་ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་རྒྱུས་ཚེ་ཡང་ནུར་ལ་ཁ་དོག་དང་སྟོབས་དང་བདེ་བ་དང་། ལོང་སྤོད་དག་ཀྱང་འཕེལ་བར་སྣང་གིས། བདག ་ཅག་གིས་ཀྱང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན་བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱ། ་སྙམ་དུ་སེམས་སོ།། དེ་དག་འདི་སྙམ་དུ་བདག་ཅག་ནི་ལོག་པར་ལྟ་བ་ཅན་ཡིན་གྱིས། བདག་ཅག་ནི་ལོག་པར་ལྟ་བ་སྤངས་པར་བྱའོ་སྙམ་ནས་དེ་དག་ལོག་པར་ལྟ་བ་སྤོང་ངོ་།། ་ཆེ་ལོ་ཁྲི་བའི་མི་ཞིག་པར་ལྟ་བ་སྤོང་བའི་དེ་དག་གི་བུ་དང་བུ་མོ་བཅས་པ་རྣམས་ཆེ་ལོ་ཁྲི་ཐུབ་པར་གྱུར་ཏོ།། ཚེ་ལོ་ཉི་ཁྲི་ཐུབ་པའི་མི་རྣམས་འདི་སྙམ་དུ་ཀྱེ་དགེ་བའི་ཆོས་ཡང ་དག་པར་བླངས་པའི་རྒྱུས་ཚེ་ཡང་ནུར་ལ་ཁ་དོག་དང་། སྟོབས་དང་བདེ་བ་དང་། ལོང་སྤྱོད་དག་ཀྱང་འཕེལ་བར་སྣང་གིས། བདག་ཅག་གིས་ཀྱང་ལྷག་པར་དགེ་བའི ་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱས་ནས་བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམསོ།། དེ་དག ་འདི་སྙམ་དུ་ཀྱེ་བདག་ཅག་ནི་ཆོས་མ་ཡིན་པ་ཆགས་པས་ཆགས་པ་དང་། མི་རིགས་འདོད་པས་ཟིལ་གྱིས་ནོན་པ་དང་། ལོག་པའི་ཆོས་དང་ལྡན་པའི་ཡིན་གྱིས་བདག་གིས་ཆོས ་འདི་གསུམ་སྤང་བར་བྱའོ་སྙམ་ནས་དེ་དག་ཆོས་དེ་གསུམ་སྤོང་ངོ་ཚ་ལོ་ཉི་ཁྲི་པའི་མི་ཆོས་གསུམ་པོ་དེ་དག་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་བཞི་ཁྲི་ཐུབ་པར་འགྱུ། ་ཚེ་ལོ་བཞི་ཁྲི་པའི་མི་རྣམས་འདི་སྙམ་དུ་ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་རྒྱས་ཚེ་ཡང་ནུར་ལ་ཁ་དོག་དང་། སྟོབས་དང་བདེ་བ་དང་། ལོང་སྤྱོད་དག་ཀྱང་འཕེལ ་བར་སྣང་གིས། བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ། བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ ་འཁོད་པར་བྱ་སྙམ་དུ་ཀྱེ་བདག་ཅག་ནི་མར་མི་འཛིན་པ་པར་མི་འཛིན་པ། དགེ་སྦྱོང་དུ་མི་འཛིན་པ་བྲམ་ཟེར་མི་འཛིན་པ་རིགས་ཀྱི་ཙོ་བོ་ལ་རིམ་འགྲོ་མི་བྱེད་པ་ཡིན་གྱིས། ་བདག་ཅག་གིས་ཀྱང་མར་འཛིན་པ་དང་པར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་གཙོའི་རི་མོར་བྱའོ་སྙམ་ནས་དེ་དག་པར ་འཛིན་པར་བྱེད་པར་འཛིན་པར་བྱེད་དགེ་སྦྱོང་དུ་འཛིན་པར་བྱེད། བྲམ་ཟེར་འཛིན་པར་བྱེད། རིགས་ཀྱི་གཙོ་བོ་རི་མོར་བྱེད་དོ།། ལོ་བཞི་ཁྲི ་པའི་མི་རྣམས་མར་འཛིན་པ་དང་། བར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་གཙོ་བོ་རི་མོར་བྱེད།། ལོ་བཞི་ཁྲི་བའི་མི་མར ་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། རིགས་ཀྱི་གཙོ་བོ་རི་མོ་བྱེད་པ་དེ་དག་གི་བུ་དང་བུ་མོར་བཅས་པ་རྣམས་ཚེ་ལོ་རྒྱ་ཁྲི་ཐུབ་པར་གྱུར་ཏོ།། ཚེ་ལོ ་རྒྱ་ཁྲི་པའི་མི་རྣམས་འཛམ་བུ་གླིང་འདི་ཉིད་ན་འབྱོར་པ་དང་། རྒྱས་པ་དང་བདེ་བ་དང་ལོ་ལེགས་པར་འགྱུར་ཞིང་སྐྱེ་བོ་དང་། མི་མང་པོས་གང་དེ་ཚེ་ལོ་བརྒྱ་ཁྲི་པའི་མི་རྣམས ་ཀྱི་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་དྲང་འཁོར་གྱི་བར་བྱ་གག་འཕུར་བའི་སླེབ་ཙམ་དུ་འགྱུར་རོ།། ཚེ་ལོ་རྒྱ་ཁྲི་བའི་མི་རྣམས་ཀྱི་བུ་མོ ་བཙས་ནས་ལོ་ལྔ་རྒྱ་ལོན་ནས་ཁྱིམ་འཐབ་ལ་སྟོང་ངོ་།། ཚེ་ལོ་རྒྱ་ཁྲི་པའི་མི་རྣམས་ཀྱི་ནང་ནི་རྣམ་པ་གསུམ་ཡོད་དེ། འོད་བ་དང་ཟས་མི་ཟ་བ་དང་། རྒ་བ་རྣམས་ཡིན་ནོ།། ་ཚེ་ལོ་བརྒྱ་ཁྲི་བའི་མི་རྣམས་ཀྱི་འབྲུ་རྣམས་ནི་ཆེ་ཞིང་མཆོག་ཏུ་ཆེ་ཏེ། དཔེར་ན་ཨེན་དྲ་བེ་ནུའི་འབྲས་བུ་བཞིན་ཏེ། རྒྱལ་ཞིང་ཆོག་ཏུ་རྒྱལ་ལ་སྙིམ་རེ་རེ་ལས་ཀྱང་བྲེ་བོ་ཆེ ་བཞི་འབྱུངངོ་།། བཅོམ་ལྡན་འདས་ཀྱིས་ཀྱང་མུ་ཁྱུད་ལུང་སྟན་ལས། འདི་སྐད་དུ་དགེ་སློང་དག་མི་རྣམས་ནི་སྡིག་པ་མི་དགེ་བའི་ཆོས་འདི་དག་ཡང་དག་པར་འཛིན་པའི ་རྒྱུས་ཚེ་ལོ་བཅུ་ཐུབ་པར་འགྱུར་རོ།། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ནང་ན་ཡང་ཡུན་རིང་དུ་མཚོ་བ་དེས་ཚེ་ལོ་བཅུ་ཐུབ་སྟེ། སྔ་མ་བཞིན་ནི་ཚེ་ལོ་རྒྱ་ཁྲི་བའི་མི་རྣམས་ནི་འཛམ་བུ ་གླིང་འདི་ཉིད་ན་འབྱོར་པ་དང་། རྒྱགས་པ་དང་བདེ་བ་དང་ལོ་ལེགས་པར་འགྱུར་བ་དང་། སྐྱེ་བོ་དང་མི་མང་པོས་གང་ངོ་།། ཚེ་ལོ་རྒྱ་ཁྲི་པའི་མི་རྣམས་ཀྱི་གྲོང་དང་གྲོང་རྡལ་དང་ཡུལ ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ཀྱི་བར་བར་བྱ་གག་འཔུར་བས་སླེབ་པ་ཙམ་དུ་གྱུར་རོ།། ཚེ་ལོ་རྒྱ་ཁྲི་བའི་མི་རྣམས་ཀྱི་བུ་མོ་བཙས་ནས་ལོ་ལྔ་རྒྱ་ལོན་པ་ཡང་བུ་མོ་བཞིན ་ནོ།། ཚེ་ལོ་རྒྱ་ཁྲི་པའི་མི་རྣམ་པ་གསུམ་ཡོད་དོ།། འདོད་པ་དང་ཟས་མི་ཟ་བ་དང་རྒ་བ་རྣམས་ཡིན་ནོ།། ཞེས་གསུངསོ།། གང་གི་ཚེ་ནད་ཀྱི་སྐལ་པ་བར་མ་འོང་ཆེ་ཞིང་འབྱུང་དུ་ཉེ་བར ་གྱུར་པ་དེའི་ཚེ་མི་རྣམས་ཀྱི་ཚེ་ལོ་བཅུ་ཐུབ་འགྱུར་ཏེ། ཚེ་ལོ་ཅུ་པའི་མི་རྣམས་ཀྱི་ནང་ན་གང་ཡུན་རིང་དུ་མཚོ་བ་དེས་ཚེ་ལོ་བཅུ་ཐུབ་སྟེ་རྒྱས་པར་སྡོམ་ནི། རིང་དུ་གང་འཚོ་མ་དང་བུ་དང་། གོས ་དང་ཟས་དང་ནུབ་པར་གྱུར་པ་ན། རྒྱན་རྣམས་དང་ནི་བཀུར་དང་གནོད་པའོ།། སྡོམ་གྱི་ཚིག་སུ་བཅད་པ་བྱས་ནས་བྱའོ།། མཚོན་ཆ་རྒྱན་དང་ཞག་བདུན་ཁྱིམ་ཕུང་བར་བྱེད་པ་ནི་མ་རྟོག་སོ།། ་ཚེ་ལོ་བཅུ་པའི་མི་རྣམས་ཆོས་མ་ཡིན་པར་སྤྱོད་ཅིང་མི་རིགས་པ་བྱེད་དེ། དེ་དག་ཆོས་མ་ཡིན་པ་སྤྱོད་ཅིང་མི་རིགས་པ་བྱེད་པས་མི་མ་ཡིན་པ་རྣམས་རབ་ཏུ་འཁྲུགས་ནས་ནད་དང་། ཡམས་ཀྱི ་ནད་དང་། གནོད་པ་དང་། ནད་འགོ་བ་རྣམས་ཀྱང་གཏོང་གཏོང་སྟེ། དེར་འདི་ལྟ་སྟེ། མི་མང་པོ་ནད་ཀྱིས་འཆི་བར་འགྱུར་རོ། དེའི་ཚེ་གང་སུ་ཡང་རུང་སྟེ། འཆི་བ་དེ་ཐམས ་ཅད་ལས་ཞིག་ནས་སེམས་ཅན་དམྱལ་བ་རྣམསུ་སྐྱེ་བར་འགྱུརརོ།། ནང་པར་གྱི་བསྐལ་པ་དེ་ཡང་ཟླ་བ་བདུན་དང་ཉིན་ཞག་བདུན་ཁོ་ནར་ཟུད་དེ་ཟླ་བ་བདུན་དང ་ཉིན་ཞག་བདུན་གྱིས་མཐའ་ཐུག་པར་བརྗོད་པར་བྱའོ་དེ་ནས་མི་དགའ་འདི་སྙམ་དུ་བདག་ཅག་ཆོས་མ་ཡིན་པར་སྤྱོད་ཅིང་མི་རིགས་པ་བྱེད་པ་འདི་དང་། སྡུག་བསྔལ་ལ་ཞུགས་པ་འདིས་ཉེ་དུ ་ཟད་ཅིང་ནོར་ལ་ལོང་སྤྱོད་ཟད་པར་གྱུར་གྱིས་བདག་ཅག་གིས་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱས་ན་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད ་པར་བྱ་སྙམ་དུ་སེམས།། དེ་དག་འདི་སྙམ་དུ་ཀྱེ་མ་བདག་ཅག་ནི་སྲོག་ཅོད་པ་ཡིན་གྱི་བདག་ཅག་གིས་སྲོག་གཅོད་པ་པང་བར་བྱའོ་སྙམ་ནས། དེ་དག་སྲོག་གཅོད་པ་སྤོང་ངོ་།། ཚེ་ལོ་བཅུ ་པའི་མི་སྲོག་གཅོད་པ་དེ་དག་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལེ་ཉི་ཤུ་ཐུབ་པ་ནས། རྒྱས་པར་ལོ་བརྒྱ་ཁྲིའི་མི་རྣམས་འཛམ་བུ་གླིང་འདི་ཉིད་ན་བྱོན་པ་དང་། རྒྱས་པ་དང་བདེ་བ་དང་ལོ་ལག ་པར་འགྱུར་ཞིང་སྐྱེ་བོ་དང་མི་མང་པོས་གང་བ་དང་བུ་དང་བུ་མོ་ལོ་ལྔ་རྒྱ་ལོན་པའི་བར་དུ་སྔ་མ་བཞིན་ནོ།། ནད་རྣམ་པ་གསུམ་ཡོད་པ་ནས་འབྲུ་རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། དཔེར་ན་ཨན ་དྲ་བེ་ནུ་འབྲས་བུ་ཡིན་ཏེ་རྒྱལ་ཞིང་མཆོག་ཏུ་རྒྱལ་ཏེ། སྙི་མ་རེ་རེ་ལས་ཀྱང་བྲེ་བོ་ཆེ་བཞི་བཞི་འབྱུང་བའི་བར་དུ་རྒྱས་པར་བྱའོ།། གང་གི་ཚེ་མུ་གེའི་བར་གྱི་སྐལ་པ་འོང་དུ་ཆ་ཞིང་འབྱུང ་དུ་ཉེ་བར་གྱུར་པ་དེའི་ཚེ། མི་རྣམས་ཀྱི་ཚེ་ལོ་བཅུ་ཐུབ་པར་འགྱུར་ཏེ། ཆེ་ལོ་བཅུ་པའི་མི་རྣམས་ཀྱི་ནང་ན་གང་ཡུན་རིང་དུ་འཚེ་བ་དེས་ལོ་བཅུ་ཐུབ་པ་ནས། ཚེ་ལོ་བཅུ་པའི་མི་རྣམས་ཆེ ་མ་ཡིན་པ་སྤྲོད་ཅིང་མི་རིགས་པ་བྱེད་པའི་བར་དུ་རྒྱས་པར་རྗོད་པར་བྱའོ།། དེ་དག་ཆོས་མ་ཡིན་པར་སྤྱོད་ཅིང་མི་རིགས་པ་བྱེད་པས་ལྷ་ཡང་དུ་དུས་སུ་ཆར་གྱི་རྒྱུན་ལེགས་པར་མི་འབབ་ཏེ་མུ་གེ་དང་། ་ཚེགས་ཆེན་པོ་དང་། གནོད་པ་དང་། ཐུར་མས་འཚོ་བ་དང་། བརྡུང་པ་དང་། རུས་པ་དཀར་པོ་འབྱུང་བར་འགྱུར་ཏེ། མུ་གེ་ཞེས་བྱ་བ་དེའི་ཚེ་བློང་བ་རྣམས་ཀྱི་བློང་མོ་རྙེད་པར་དཀའ། ་དེ་བས་ན་མུ་གེ་ཞེས་བྱའོ།། ཚེགས་ཆེན་པོ་ཞེས་བྱ་བ་ནི་དེའི་ཚེ་མི་རྣམས་ལ་བཅོལ་བ་ཆེན་པོ་དང་། འབད་པ་ཆེན་པོ་དང་བཤམ་པ་ཆེན་པོ་དང་། ལུས་ཀྱི་གཟིར་བ་ཆེན་པོས་ཟས་དང ་གོས་སྒྲུབ་པར་བྱེད། དེ་བས་ན་ཚེགས་ཆེན་པོ་ཞེས་བྱའོ།། གནོད་པ་ཞེས་བྱ་བ་ནི་ཇི་ལྟར་ད་ལྟར་ནགས་ཁུང་ཆེན་པོའི་གནོད་པ་དང་། ཆུས་གནོད་པ་དང་། ཆོམ་རྐུན་གྱི་གནོད་པ་ཡོད ་པ་དེ་བཞིན་དུ་བཟའ་བ་དང་བཏུང་བ་དང་བགོ་བའི་གནོད་པ་ཆེན་པོ་ཡོད་དེ་དེ་བས་ན་གནོད་པ་ཞེས་བྱའོ།། རྗུད་པ་ཞེས་བྱ་བ་ནི་ད་ལྟར་འགྱེལ་ཞེས་བྱ་བ་གང་ཡིན་པ་དེ་དེའི་ཚེ་དེའི་དུས་རྗུད་པ ་ཞེས་བྱ་བ་ཏེ། དེའི་ཚེ་དེ་དག་སྐྱེས་པ་དང་། ཉམས་ཆུང་བ་དང་། ལྡན་པའི་ས་ལ་འགྱེལ་ལོ།། འགྱེལ་ནས་ཀྱང་ལྡང་མི་ནུསོ། གཞན་ཡང་སུ་ཡང་རློང་ནུས་པ་མེདོ།། དེ་དག ་ཉིད་དུ་འཆི་བར་འགྱུར་ཏེ། རྗུད་པས་ན་མི་དེ་ཤི་བར་ན་མི་རྗུང་བརྡུད་པ་ཞེས་བྱ་བར་གྱུར་ཏེ། གཞན་ཡང་རྗུད་པའི་མིང་ནི་གབ་ཚེ་ལ་ཡང་བྱས་ཏེ། དེའི་ཚེ་མི་དག་གང་གི་འབྲུ་སྣ ་ཚོགས་དང་འབྲུ་རྣམས་གབ་ཚེའི་ནང་དུ་བཅུག་ཏེ། འདི་སྐྱེ་བོ་ཕྱི་མ་རྣམས་ཀྱི་འབྲུའི་ས་བོན་དུ་བྱའོ།། སྙམ་ནས་འཆི་བར་འགྱུར་ཏེ། དེ་བས་ནས་རྗུད་པ་ཞེས་བྱའོ།། ཐུར་མས་འཚོ ་བ་ཞེས་བྱ་བ་ནི་དེའི་ཚེ་ན་མི་རྣམས་ཀྱི་ས་ས་ལ་ས་བོན་གང་སྐྱེད་པ་དེ་དག་འབྲུ་ཆུང་དང་། འབྲུ་རེ་རེ་བྱུང་བར་འགྱུར་བ་དང་། གཞན་ཡང་ཚེ་ཐུང་བའི ་མི་རྣམས་བཟའ་མི་རིམ་གྱིས་ཐུར་མས་འབྲིམ་ཏེ། དེ་རིང་ནི་ཇོ་བོས་གསོལ་གྱིས་སང་ནི་ཇོ་མོས་གསོལ་ཏོ།། དེ་རིང་ནི་ཇོ་མོས་གསོལ་གྱིས། སང་ནི་ཇོ་ཅོ་ལྕམ་གསོལ་ལེ་ཞེས་བྱ ་བ་དང་། གཞན་ཡང་དེའི་ཚེ་མི་རྣམས་བཀྲེས། བང་བ་དང་། འབྲུའི་བང་བ་དག་ནས་འབྲུ་སྣ་ཚོགས་ཐུར་མས་འབྲུས་ཏེ། ཆུ་མང་པོ་དང་རྫ་མའི་ནང་ན་བླུགས་ནས་དཀོལ་ཏེ་འཐུངས ་པས་དེའི་ཕྱིར་ཐུར་མས་འཚེ་བ་ཞེས་བྱའོ།། རུས་པ་དཀར་པོ་ཞེས་བྱ་བ་ནི་དེའི་ཚེ་མི་རྣམས་བཀྲེས་ཤིང་ཉམས་ཆུང་བ་དང་། ལྡན་པ་བཞིན་དུ་འཆི་བ་དེ་དག་གི་རུས་པ་དེ་དག་རྩུབ་ཅིང་གནུམ ་བག་མེད་པ་དང་། གཞན་ཡང་དེའི་ཚེ་མི་རྣམས་ཀྱི་རུས་པ་དེ་དག་སྔས་ཏེ་ཆུ་མང་པོ་དང་། རྫ་མའི་ནང་དུ་བླུགས་ནས་རུས་པའི་ཁུ་བ་བཀོལ་ཏེ་འཐུངས་པས་དེའི་ཕྱིར་རུས་པ་དཀར་པོ་ཞེས ་བྱའོ།། དེ་ལ་སོགས་པ་རྣམས་གྲངས་མང་པོ་རྗོད་པར་བྱའོ།། དེའི་ཚེ་མུ་གེ་ཆེན་པོ་བར་གྱི་བསྐལ་པ་དེ་དེ་ལྟ་བུར་གྱུར་ཏེ། དེའི་ཚེ་གང་སུ་ཡང་རུང་ཏེ། ཤི་བ་དེ་དག་ཐམས་ཅད་ཡི ་དྭགས་སུ་སྐྱེ་བར་འགྱུར་རོ།། མུ་གེའི་བར་གྱི་བསྐལ་པ་དེ་ཡང་ལོ་བདུན་དང་ཟླ་བ་བདུན་དང་ཉི་མ་བདུན་ཁོ་ནར་ཟད་དོ།། ལོ་བདུན་དང་ཉི་ཞག་བདུན་འདས་ནས་མཐར་ཐུག་པར་བརྗོད ་པར་བྱའོ། དེར་མི་གང་དག་མུ་གེའི་བར་གྱི་བསྐལ་པས་ཁ་དོག་ཅིང་འཛེམ་པར་འགྱུར་ལ་སྨོད་པ་དེ་དག་ལས། ཁ་ཅིག་ཆུ་རླུང་ཆེན་པོ་དག་དང་། མཚོ་ཆེན་པོ་དག་དང་། རྫིང་ཆེན ་པོ་དག་དང་། ལུམ་ཆེན་པོ་དག་དང་། ལྟེང་ཀ་དག་ཏུ་སོང་ནས། ཁྲེ་རྐེང་དང་། ཨུད་པ་ལའི་རྩ་བ་དག་གིས་འཚོ་ཞིང་འདུག་ཏེ། ལོ་བདུན་དང་ཟླ་བ་བདུན་དང་། ཉིན་ཞག་འདུན་ལོན ་ནས་གྲོང་དང་གྲོང་རྡལ་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་དག་ཕྱིར་ལྡོག་ཏེ། སེམས་ཅན་དེ་དག་ཅིག་གིས་ཅིག་མཐོང་ནས་ཤས་ཆེར་བྱམས་པ་དང་སྡུག་པ་དང་གུས་པ ་དང་སྙིང་རྩེ་བའི་སེམས་ཉེ་བར་གནས་པར་འགྱུར་ཏེ། འདི་སྐད་དུ་སྐྱེ་ཀྱེ་མ་སེམས་ཅན་གསོན་པོ་མཐོང་ངོ་།། ཀྱེ་མ་ཀྱེ་སེམས་ཅན་གསོན་པོ་མཐོང་ངོ་།། ཞེས་ཀྱང་ཟེར་རོ་དཔེར ་ན་དེ་ལྟར་ཀྱི་མི་རྣམ་ཀྱི་མལ་ཞེས་བྱ་བ་དེ་བཞིན་དུ་ཚེ་ལོ་བཅུ་པའི་མི་རྣམས་ཀྱེ་མ་ཀྱེ་སེམས་ཅན་གསོར་ངོ་།། ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། དེ་དག་འདི་སྙམ་དུ་བདག་ཅག་ཆོས ་མ་ཡིན་པ་སྤོད་པ་འདི་དང་མི་རིགས་པ་བྱེད་པ་དང་། སྡུག་བསྔལ་ལས་ཞགས་པ་འདི་ཤེས་བྱ་བ་ཡང་སྔ་མ་བཞིན་ནོ།། བདག་ཅག་གིས་དགེ་བའི་ཆོས་འགའ་ཞིག་ཡང་དག ་བར་བླངས་ཏེ་འཁོད་པར་བྱ་ན་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་ནས་དེ་དག་འདི་སྙམ་དུ་ཀྱེ་བདག་ཅག་ནི་སྲོག་གཅོད་པ་ཡིན་གྱིས། བདག་ཅག ་གིས་སྲོག་གཅོད་པ་སྤོང་ངོ་སྙམ་ནས། དེ་དག་སྲོག་གཅོད་པ་སྤོང་ངོ་། ཚེ་ལོ་བཅུ་པའི་མི་སྲོག་གཅོད་པ་དེ་དག་གི་བུ་དང་བུ་མོ་ཙས་པ་རྣམས་ཚེ་ལོ་ཉི་ཤུ་ཐུབ་པར་གྱུར་ཏོ།། ཞེས ་བྱ་བ་ནས་སྔ་མ་བཞིན་དུ། ཚེ་ལོ་རྒྱ་ཁྲི་པའི་མི་རྣམས་ཀྱི་འབྲུ་རྣམས་ཆེ་ཞིང་མཆོག་ཏུ་ཆེ་བ་ནི། དཔེར་ན་ཨེན་དྲ་བེ་ནའི་འབྲས་བུ་བཞིན་ཏེ་རྒྱལ་སྲིད་མཆོག་ཏུ་རྒྱལ་སྙི་མ་རེ་རེ་ལས ་ཀྱང་བྲེ་བོ་ཆེ་བཞི་བཞི་འབྱུང་བའི་བར་དུ་རྒྱས་པར་བྱའོ།། གང་གི་ཚེ་མིས་འཇིག་པའི་འོང་དུ་ཆ་ཞིང་འབྱུང་དུ་ཉེ་བར་གྱུར་པ་དེའི་ཚེ་མི་རྣམས་ཚེ ་ལོ་བརྒྱ་ཁྲི་ཐུབ་པར་གྱུར་ཏེ། ཚེ་ལོ་བརྒྱ་ཁྲི་བའི་མི་རྣམས་འཛམ་བུ་གླིང་འདི་ཉིད་ན་འབྱོར་པ་དང་། རྒྱས་པ་དང་། ལོ་ལེགས་པ་འགྱུར་ཞིང་སྐྱེ་བོ་མང་པོས་གང་ངོ་།། ཚེ ་ལོ་རྒྱ་ཁྲི་བའི་མི་རྣམས་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྙེ་མ་རེ་རེ་ལ་བྲེ་བཞི་འབྱུང་ངོ་ཞེས་བྱ་བའི་བར་དུ་རྒྱས་པར་བྱའོ།། སེམས་ཅན་དམྱལ་བ་དག་ནས་སེམས་ཅན་རྣམས་འཆི་འཕོལ ་སྐྱེ་བ་ནི་མེད་པའི་དེའི་དུས་ནས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་ལ། གང་གིས་ཚེ་སེམས་ཅན་དམྱལ་བ་པ་ནས་སེམས་ཅན་རྣམས་འཆི་འཕོ་ལ་སྐྱེ་བ་ནི་མེད་ན། དེ་ཙམ་གྱིས་ན ་འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་ཆགས་པར་གནས་པ་དེ་མཐར་པར་བརྗོད་པར་བྱའོ།། སེམས་ཅན་དམྱལ་བར་སེམས་ཅན་ཀུན་ཡང་མ་ལུས་པར་འགྱུར་བ་དེའི་ལུས་ཀྱང ་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། གང་གི་སེམས་ཅན་དམྱལ་བར་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་ན་དེ་ཙམ་གྱི་ན་འཇིག་རྟེན་འདི་ལྟ་སྟེ་སེམས་ཅན་དམྱལ་བར་འཇིག་རྟེན ་འགྱུར་བ་ཞིག་པར་རྗོད་པར་བྱའོ།། སེམས་ཅན་དམྱལ་བ་ཇི་ལྟ་བ་དེ་བཞིན་དུ་དུད་འགྲོ་དང་། ཡི་དྭགས་སུ་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་པ་དེའི་དུས་ཀྱང་ཡོད་ལ་དེའི ་སྐབས་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། དེ་ནས་འཇིག་རྟེན་འདིའི་བར་གྱི་བསྐལ་པ་ཉི་ཤུས་འཇིགས་པ་དེ་བྱུང་བར་བརྗོད་པར་བྱའོ།། འཛམ་བུའི་གླིང་འདི་ན ་སེམས་ཅན་གང་ཡང་རུང་བ་ཞིག་ལུང་མེད་པར་གྱུར་པ་ཉིད་ཀྱི་ཐོབ་པའི་བསམ་གཏན་དང་པོ་ལ་མཉམ་པར་ཤོག་ཏོ། ཏིང་ངེ་འཛིན་དེ་ལས་ལངས་ཏེ། ཀྱེ་མ་དབེན་པ་ལས་སྐྱེས ་པའི་དགའ་བ་དང་བདེ་བ་ནི་བདེ་བའོ།། ཞེས་སྒྲ་རྗོད་ཅི་དབྱངས་སྒྲོགས་པར་བྱེད་དོ།། སྒྲ་དེ་ཚེགས་ཆུང་ངུས་འཛམ་བུ་གླིང་ཐམས་ཅད་ཁྱད་པར་འགྲོལ་དེ་ལས་གཞན་པའི་སེམས ་ཅན་དག་གིས་ཀྱང་སྒྲ་དེ་ཐོས་ནས་ཆོས་ཉིད་ཀྱི་འཐོབ་པའི་བསམ་གཏན་དང་པོ་ལ་མཉམ་པར་འཇོག་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། འཛམ་བུ་གླིང་ན་སེམས ་ཅན་གང་དག་འཆི་འཕོ་ལ་སྐྱེ་བ་ནི་མེད་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། འཛམ་བུའི་གླིང་ན་སེམས་ཅན་འགའ་ཡང་མ་ལུས་པར་འགྱུར་བ་དེའི་དུས་ཀྱང ་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ།། གང་གིས་འཛམ་བུ་གླིང་ན་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་ན། དེ་ཙམ་ནི་འཇིག་རྟེན་འདི་འདི་ལྟ་སྟེ། སེམས་ཅན་དམྱལ་བ་འཇིག ་པར་འགྱུར་བ་དང་། དུད་འགྲོ་འཇིག་པར་འགྱུར་བ་དང་། ཡི་དྭགས་འཇིག་པར་འགྱུར་བ་དང་། འཛམ་བུ་གླིང་འཇིག་པར་འགྱུར་བ་ཞིག་པར་རྗོད་པར་བྱའོ།། འཛམ ་བུ་གླིང་ཇི་ལྟ་བ་བཞིན་དུ། ཤར་གྱི་ལུས་འཕགས་དང་ནུབ་ཀྱི་བ་བླང་སྤྲོད་ལ་དེའི་སྐབས་ཀྱང་ཡོད་དོ།། བྱང་གི་སྒྲ་མི་སྙན་ནས་སེམས་ཅན་གང་དག་འཆི་འཕོ་ལ་སྐྱེ་བ་ནི་མེད་པ ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ།། བྱང་གི་སྒྲ་མི་སྙན་གྱི་སེམས་ཅན་འགའ་ཡང་མ་ལུས་པར་འགྱུར་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ།། གང་གིས ་ཀྱང་པ་མི་ག་ན་སེམས་ཅ་ཅས་ཀྱངས་སྩས་པར་གྱུར་པ་དེ་མས་ན། འ་ན་འདི་འདི་ག་མས་ཅན་དབྱམ་པ་འཛག་པར་འགྱུར་བ་དང་། ་དུད་འགྲོ་འཇིག་འགྱུར་བ་དང་། ཡི་དྭགས་འཇིག་པར་འགྱུར་བ་དང་། མི་འཇིག་པར་འགྱུར་བ་ཞིག་པར་བརྗོད་པར་བྱའོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ནང་ན་སེམས་ཅན་གང ་ཡང་རུང་བ་ཞིག་ལུང་མེད་པར་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོ་ལ་སྙེམ་པར་གཞོག་གོ།། དེ་ཏིང་ངེ་འཛིན་ལས་ལངས་ནས། ཀྱེ་མ་དབེན་པ་ལ་སྐྱེས་པ་འདི་དག་དགའ་བ ་དང་། བདེ་བ་ནི་བདེ་བ་ནི་བདེའོ།། ཀྱེ་མ་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ནི་བདེ་བ་ནི་བདེའོ།། ཞེས་པ་སྒྲ་རྗོད་ཅིང་དབྱངས་སྒྲོགས་པར་བྱེད་དོ།། སྒྲ་དེ་ཚེགས་རླུང ་དུས་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ནང་དུ་ཁྱབ་པར་འགྲོ་ལ། ངེས་ནས་དེ་ལས་བཞན་པའི་སེམས་ཅན་དག་གིས་ཀྱང་། སྒྲ་དེ་ཐོས་ནས་ཆོས་ཉིད་ཀྱི་འཐོབ་པའི་བསམ་གཏན་དང་པོ་ལ ་མཉམ་པར་བཞོག་པ་དེ་དེ་དག་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ།། གང་གི་ཚེ་རྒྱལ་ཆེན་བཞི་པའི་ལྷ་རྣམས་ནི་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་ན་དེ་ཙམ་གྱིས་ན་འཇིག ་རྟེན་འདི་ལྟ་སྟེ། སེམས་ཅན་དམྱལ་བ་འཇིག་པར་འགྱུར་བ་དང་། དུད་འགྲོ་འཇིག་པར་འགྱུར་བ་དང་། མི་འཇིག་པར་འགྱུར་བ་དང་། རྒྱལ་ཆེན་བཞི་པའི་ལྷ་རྣམས ་འཇིག་པར་འགྱུར་བ་ཞིག་པར་རྗོད་པར་བྱའོ།། རྒྱལ་རྟེན་བཞི་པ་ཇི་ལྟ་བ་བཞིན་དུ་སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་འཕྲུལ་དགའ་དང་། བཞན ་འཕྲུལ་དབང་བྱེད་རྣམས་ཀྱང་དེ་དང་འདྲའོ།། གང་གི་ཚེ་བཞིན་འཕྲུལ་དབང་བྱེད་ན་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་ན། དེ་ཙལ་གྱིས་ན་འཇིག་རྟེན་འདི་ལྟ་སྟེ། འདོད་པའི ་ཁམས་འཇིག་པར་འགྱུར་བའི་ཞིག་པར་བརྗོད་པར་བྱའོ།། ཚངས་པའི་འཇིག་རྟེན་ན་སེམས་ཅན་གང་ཡང་རུང་བ་ཞིག་ལུང་མེད་པར་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས ་པ་ལ་མཉམ་པར་བཞག་སྟེ། ཏིང་ངེ་འཛིན་དེ་ལས་ལངས་ན་ཀྱེ་མ་ཏིང་ངེ་འཛིན་དེ་ལས་སྐྱེས་པའི་དགའ་བ་དང་བདེ་བ་དང་ཞི་བ་ནི་བདེའོ།། ཀྱེ་མ་ཏིང་ངེ་འཛིན་དེ་ལས་སྐྱེས ་བའི་དགའ་བ་དང་བདེ་བ་དང་ཞི་བ་ནི་བདེ་བ་གཉིས་སྒྲ་རྗོད་ཅིང་དབྱངས་སྒྲོགས་པར་བྱེད་དེ། སྒྲ་དེ་ཚེགས་ཆུང་ངུས་ཚངས་པའི་འཇིག་རྟེན་ཐམས་ཅད་ཁྱབ་པར་འགྲོ་ལ། ་དེ་ནས་དེ་ལས་གཞན་པའི་སེམས་ཅན་རྣམས་ཀྱང་ཆོས་ཉིད་ཀྱི་ཐོབ་པའི་སྒྲ་དེ་ཐོས་ནས་བསམ་གཏན་ལ་མཉམ་པར་བཞོག་པ་དེའི་དུས་ཀྱང་ཡོང་ལ་དེའི་སྐབས་ཀྱང་ཡོད་དོ།། ཚངས ་པའི་འཇིག་རྟེན་ནས་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་པ་དེ་ཙམ་གྱིས་ན་འཇིག་རྟེན་འདི་ལྟ་སྟེ་སེམས་ཅན་འཇིག་པར་འགྱུར་བ་ཞིག་པར་རྗོད་པར་བྱས་ཏེ། འཇིག་རྟེན་འདི ་སྟོངས་པར་འགྱུརརོ།། ལྷ་ཡང་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་མི་འབེབས་ཏེ། ལྷ་དུས་དུས་སུ་ཆར་གྱི་རྒྱུན་ལགས་པར་ཕབ་པས། ས་ཆེན་པོ་འདི་ལ་ས་བོན་གྱི་ཚོགས་དང་། ་འབྱུང་བའི་ཚོགས་དང་། སྨན་དང་། རྩཝ་དང་། འབྲས་བུའི་ཤིང་གང་ཡིན་པ་དེ་དག་ཐམས་ཅད་སྐམ་པར་འགྱུར་ཏེ་མེད་པར་འགྱུར་ཏོ།། ཡུན་རིང་པོ་ཞིག་འདས་ནས་ཉི་མ ་གཉིས་པ་འཇིག་རྟེན་དུ་འབྱུང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། ཉི་མ་གཉིས་པ་འཇིག་འཇིག་རྟེན་དུ་བྱུང་བས་ས་ཆེན་པོ་འདི་ནི་ལྟེང་ཀ ་ཆུང་ངུ་དང་། ལྟེང་ཀ་ཆེན་པོ་ཡོད་པ་དེ་ཐམས་ཅད་སྐམ་པར་འགྱུར་ཏེ་མེད་པར་འགྱུརརོ།། ཡུན་རིང་བ་ཞིག་ནས་ཉི་མ་གསུམ་པ་འཇིག་རྟེན་དུ་འབྱུང་བ་དེའི་དེའི་དུས་ཀྱང་ཡོད་ལ་དེའི ་སྐབས་ཀྱང་ཡོད་དོ།། ཉི་མ་གསུམ་པ་འཇིག་རྟེན་དུ་བྱུང་བས་ས་ཆེན་པོ་འདི་ན་ཆུ་ཀླུང་ཆུང་ངུ་དང་། ཆུ་ཀླུང་ཆེན་པོ་གང་ཡིན་པ་དེ་དག་ཐམས་ཅད་སྐབས་པར་འགྱུར་ཏེ་མེད་པར་འགྱུརརོ།། ། ་ཡུན་རིང་པོ་ཞིག་འདས་པ་ནས་ཉི་ལ་བཞི་པ་འཇིག་རྟེན་དུ་འབྱུང་བ་དེའི་དུས་ཀྱང་། ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། ཉི་མ་བཞི་པའི་འཇིག་རྟེན་དུ་བྱུང་བས་མཚོ་མ་དྲོས་པ་ཞེས་བྱ་བའི ་མཚོ་ཆེན་པོ་གང་ནས་རླུང་ཆེན་པོ་བཞི་འདི་ལྟ་སྟེ། ག་འགའ་དང་། སིནི་དྷུ་དང་། སི་ཏ་དང་། བག་ཤུ་རྣམས་འབྱུང་བའི་མཚོ་ཆེན་པོ་དེའི་ཚེ་སྐམ་པར་འགྱུར་ཞིང་ང་བར་འགྱུར ་ཏེ་མེད་པར་འགྱུརརོ་ཡུན་རིང་མོ་ཞིག་ནས་ཉི་མ་ལྔ་པ་འཇིག་རྟེན་དུ་འབྱུང་བར་འགྱུར་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། ཉི་མ་ལྔ་པ་འཇིག་རྟེན་དུ་འབྱུང་བས་རྒྱ་མཚོ་ཆེན ་པོའི་ཆུ་དཔག་ཚད་རྒྱ་སྐམས་པར་འགྱུར་ཞིང་ད་བར་འགྱུར་མེད་པར་འགྱུརརོ།། ཆུ་དཔག་ཚད་ཉིས་རྒྱས་དང་སུམ་རྒྱ་དང་། བཞི་རྒྱ་དང་། ལྔ་རྒྱ་དང་། དྲུག་རྒྱ་དང་། བདུན་རྒྱ་དག ་ཀྱང་སྐམས་པར་འགྱུར་ཏེ་ང་ད་བར་འགྱུརརོ།། ཉི་མ་ལྔ་འཇིག་རྟེན་དུ་བྱུང་བས་རྒྱ་མཚོ་ཆེན་པོའི་ཆུ་དཔག་ཚད་བདུན་སྟོང་ལུས་པར་འགྱུར་ཞིང་། དཔག་ཚད་དྲུག་སྟོང་དང་ལྔ་སྟོང ་དང་། བཞི་སྟོང་དང་། སུམ་སྟོང་དང་། ཉི་སྟོང་དང་། ཚིག་སྟོང་ལུས་པར་འགྱུརརོ།། ཉི་མ་ལྔ་པ་འཇིག་རྟེན་དུ་འབྱུང་བས་བརྒྱ་མཚོ་ཆེན་པོའི་ཆུ་དཔག་ཆད་བདུན་བརྒྱ་ལུས་པར ་འགྱུར་ཞིང་དཔག་ཚད་དྲུག་རྒྱ་བ་དང་། ལྔ་རྒྱ་པ་དང་བཞི་རྒྱ་པ་དང་། སུམ་རྒྱ་པ་དང་། ཉིས་རྒྱ་དང་། ཚིག་བརྒྱ་ལུས་པར་འགྱུར་རོ།། ཉི་མ་ལྔ་འཇིག་རྟེན་དུ་འབྱུང་བས་བརྒྱ ་མཚོ་ཆེན་པོའི་ཆུ་དཔག་ཚད་བདུན་ལུས་པར་འགྱུར་ཞིང་། དཔག་ཚད་དྲུག་དང་། ལྔ་དང་། བཞི་དང་། གསུམ་དང་། གཉིས་དང་ཅིག་ལུས་པར་འགྱུར་རོ།། ཉི་མ་ལྔ་འཇིག ་རྟེན་དུ་བྱུང་བས་རྒྱ་མཚོ་ཆེན་པོའི་ཆུ་རྒྱང་གྲགས་བདུན་ལུས་པར་འགྱུར་ཞིང་། རྒྱང་གྲགས་དྲུག་དང་། ལྔ་དང་། བཞི་དང་། གསུམ་དང་གཉིས་དང་། ཅིག་ལུས་པར་འགྱུར་རོ།། ་ཉི་མ་ལྔ་འཇིག་རྟེན་དུ་བྱུང་བས་བརྒྱ་མཚོ་ཆེན་པོ་དེ་ཆུར་ཏ་ལ་བདུན་ཙམ་ལུས་པར་འགྱུར་ཞིང་། ཏ་ལ་དྲུག་དང་། ལྔ་དང་བཞི་དང་གསུམ་དང་གཉིས་ཅིག་ལུས་པར་འགྱུར་རོ།། ཉི་མ ་ལྔ་པ་འཇིག་རྟེན་དུ་བྱུང་བས་རྒྱ་མཚོ་ཆེན་པོའི་ནུ་མི་འགྲེང་བདུན་ཙམ་ལུས་པར་འགྱུར་ཞིང་། དེ་མི་འགྲེང་དྲུག་དང་། ལྔ་དང་བཞི་དང་གསུམ་དང་གཉིས་དང་ཅིག་ཙམ་ལུས་པར ་འགྱུར་རོ།། ཉི་མ་ལྔ་འཇིག་རྟེན་དུ་བྱུང་བས་ནུ་རྐོག་མར་ལུས་པར་འགྱུར་ཞིང་མཆན་ཁུང་ཙམ་དང་། ལྟེ་བ་ཙམ་དང་། རྐྱེད་པ་ཙམ་དང་། རྭ་ཙམ་དང་། རྗེ་ངར་ཙམ་དང་། ་ལོང་བུ་ཙམ་ནུབ་པའི་ཆུ་ལུས་པར་འགྱུརརོ།། ཉི་མ་ལྔ་འཇིག་རྟེན་དུ་འབྱུང་བས་ཆུ་རྟན་སྐམས་པར་འགྱུར་ཞིང་ད་བར་གྱུར་ཏེ་མེད་པར་འགྱུརརོ།། ཐ་ན་འཇུག་མོ་གཤེར་བ་ཙམ་ཡ ་མེད་དོ།། ཡུན་རིང་པོ་ཞིག་འདས་ནས་ཉི་མ་དྲུག་འཇིག་རྟེན་དུ་འབྱུང་བར་འགྱུར་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ།། ཉི་མ་དྲུག ་འཇིག་རྟེན་དུ་བྱུང་བས་ས་ཆེན་པོ་འདི་དང་། རིའི་རྒྱལ་པོ་རི་རབས་ལ་དུ་ཐུལ་བ་ཀུན་ཏུ་རབ་ཏུ་འཐུལ་ཏེ། དཔེར་ན་རྫ་མཁན་སོ་བཏོང་བ་དེས་ཐོག་མར་མེ་བཏང་བ་ན་ཐུལ་ལ་ཀུན་ཏུ་རབ ་ཏུ་འཐུལ་བ་དེ་བཞིན་ནུ་ཉི་མ་དྲུག་པ་འཇིག་རྟེན་དུ་བྱུང་བས་ས་ཆེན་པོ་འདི་དང་། རིའི་རྒྱལ་པོ་རི་རབ་ལ་འཐུལ་ཞིང་རབ་ཏུ་འཐུལ་ཏེ་ཀུན་ཏུ་རབ་ཏུ་འཐུལ་ལོ།། ཡུན་རིང་པོ་ཞིག ་འདས་ནས་ཉི་མ་བདུན་པ་འཇིག་དུ་འབྱུང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད། ཉི་མ་བདུན་པ་འཇིག་རྟེན་དུ་འབྱུང་བས་ས་ཆེན་པོ་འདི་དང་། རིའི་རྒྱལ་པོ་རི་རབ་ཏུ ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཞིང་ཀུན་ཏུ་འཚེད་ཅིང་འབར་ལ་མེ་ལྕེ་ཅིག་ཏུ་གྱུར་ཅིང་སྲེག་སྟེ། དཔེར་ན་ཤིང་ཁུར་བཅུ་ལས་རྟེན་ནས། ཉི་ཤུ་འམ་སུམ་བཅུ་འམ། བཞི་ཅུ་འམ། ་ཤིང་ཁུར་བརྒྱ་དང་ཤིང་ཁུར་སྟོང་ངམ། ཤིང་ཁུར་འབུམ་དག་ལ་རྟེན་ཏེ་མེའི་ཕུང་པོ་ཆེན་པོ་འབར་བ་དེ་བཞིན་དུ་ཉི་མ་བདུན་པོ་འཇིག་དུ་བྱུང་བས། ས་ཆེན་པོ་འདི་དག་རིའི་རྒྱལ་པོ་རི ་རབ་འབར་ཞིང་རབ་ཏུ་འབར་ཏེ། ཀུན་དུ་རབ་ཏུ་འབར་ནས་མེ་ལྕེ་ཅིག་ཏུ་གྱུར་ཅིང་སྲོག་གོ། ས་ཆེན་པོ་དང་རིའི་རྒྱལ་པོ་རི་རབ་དེ་འབར་ཞིང་རབ་ཏུ་འབར་ཏེ། ཀུན་དུ་རབ་དུ་འབར ་ཏེ་མེ་ལྕེ་ཅིག་ཏུ་གྱུར་ཅིང་ཚིག་པའི་མེ་ལྕེ་རླུང་གིས་གྱེན་དུ་འདས་པའི་བཞལ་མེད་ཁང་སྟོང་པ་རྣམས་ཀྱི་བར་དུ་སྲེག་ཅིང་འགྲོ་སྟེ། འོད་གསལ་གྱིས་ལྷའི་རིས་ན་སེམས་ཅན ་སྐྱེས་ནས་རིང་པོ་མ་ལོན་ལ་འཇིག་རྟེན་འཇིག་པའི་རྒྱུ་ལས་མི་མཁས་པ་དེ་དག་གིས་མེ་ལྕེ་དེ་འདི་ཚངས་པའི་གཞལ་མེད་ཁང་སྟོང་པའི་བར་དུ་སྲེགས་ནས་འདི་ཉིད་དུ་མེ་འོད་གྲངས་ཞེས ་མི་དགའ་ཞིང་སྐྱོ་བར་འགྱུར་རོ།། དེ་ལ་འོད་གསལ་གྱི་ལྷའི་རིས་ན་སེམས་ཅན་གང་སྔོན་སྐྱེས་པ་འཇིག་འདི་འཇིག་པའི་རྒྱུ་ལས་མཁས་ཤིང་ཆགས་པའི་རྒྱུ་ལས་མཁས་པ་དེ་དག་ནི ་སེམས་ཅན་འཇིགས་པ་དེ་དག་ནི་གྲོགས་པོ་དག་མ་འཇིགས་ཤིག་མ་འཇིགས་ཤིག། མེ་ལྕེ་འདི་ནི་སྔོན་ཡང་ཚངས་པའི་གཞལ་མེད་ཁང་སྟོང་པའི་བར་དུ་སྲེགས་ནས་སླར་དེ་ཉིད ་དུ་མི་སྣང་བར་གྱུར་ཏོ།། དེ་ལྟར་ཡང་མེ་ལྕེ་འདི་ནི་ཚངས་པའི་གཞལ་མེད་ཁང་སྟོང་པའི་བར་དུ་སྲེགས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། ཞེས་འབྱིན་པར་བྱེད་དེ་ཉི་མ་བདུན ་པ་འཇིག་རྟེན་དུ་བྱུང་བས། རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོ་དཔག་ཚད་བརྒྱ་འཇིག་ཅིང་རབ་ཏུ་འཇིག་ལ་འབར་བར་འགྱུར་ཏེ་མེད་པར་གྱུར་ཏེ། རྩེ་མོ་དཔག་ཚད་ཉིས་རྒྱ་དང་། སུམ ་བརྒྱ་དང་། བཞི་བརྒྱ་དང་། ལྔ་བརྒྱ་དང་། དྲུག་བརྒྱ་དང་། བདུན་བརྒྱ་ཡང་འཇིག་ཅིང་རབ་ཏུ་འཇིག་ལ་དབང་འགྱུར་ཏེ། ས་ཆེན་པོ་འདི་དང་། རིའི་རྒྱལ་པོ་རི་རབས་སྲེགས་ཤིང ་ཚིག་པའི་དུ་བ་མེད་ལ་ཐལ་བའི་ལྷག་མ་ཡང་མེད་དེ་དཔེར་ན་མར་རམ་འབྲུ་མར་ཡང་རུང་སྟེ། ནམ་མཁའ་ལ་སྲོགས་ཤིང་ཚིག་པའི་དུ་བ་ཡང་མེད་ཐལ་བའི་ལྷག་མ་ཡང་མེད་པ་དེ་བཞིན ་དུས་ཆེན་པོ་འདི་དང་། རིའི་རྒྱལ་པོ་རི་རབ་སྲེགས་ཤིང་ཚིག་པའི་དུ་བ་ཡང་མེད་ཐལ་བའི་ལྷག་མ་ཡང་མེད་དོ།། ཇི་སྐད་དུ། དུས་མཐའི་ཚེ་ན་འཆི་བའི་འཇིག་རྟེན་འདིར། ་སྤྲིན་རྣམས་ཆུ་ནི་ཆུང་ཟད་གཏོང་མི་བྱེད་ཉི་མ་ཅིག་པུ་རྩ་དང་བྲེལ་བ་དང་། སྨན་དང་ས་བོན་ཤིང་ཟད་པར་བྱེད། ཉི་མ་གཉིས་ཀའི་ལྟེང་ཀ་ཆུང་ངུའི་ཚོགས།། ་དེ་བཞིན་ཆུ་རླུང་ཆུང་ངུ་སྐམས་པར་འགྱུར། ལྟེང་ཀ་ཆེན་པོའི་ཚོགས་དང་ཀླུང་ཆེན་གྱིས་ཆུ་རྣམས་ཉི་མ་གསུམ་ལ་མེད་པར་བྱེད། མི་མ་ཡིན་གནས་མཚོན་ནི་རྒྱ་ཆེན་བ། མ་དྲོས་ཞེས་བྱ ་ཤིན་ཏུ་ཡིད་དུ་འོང་ཞིང་། གཙང་མའི་ཆུ་ཡིས་ཤིན་དུ་གང་བ་ནི། ཉི་མ་བཞི་པ་ཡིས་ནི་སྐམས་པར་འགྱུར། རིན་ཆེན་མང་པོའི་གང་ཞིང་རབ་འཇིགས་ལ། སེམས་ཅན་ཚེགས་ཅན ་དག་གི་གནས་གྱུར་པ། རྒྱ་མཚོ་དག་ནི་ཉི་མ་ལྔ་རྣམས་ཀྱི། ཡོངསུ་གདུང་བའི་མ་ལུས་སྐམ་པར་འགྱུར། ས་དང་གྲངས་དང་དེ་བཞིན་རི་རབ་དང་། གསེར་གྱི་རི་རབ་རྒྱལ་ཆེན ་པོ་རྣམས་ཉི་མ་དྲུག་པོ་དག་གིས་རབ་གདུངས་པས། ཀུན་ནས་དུད་པ་བཞིན་དུ་འཐོར་བར་བྱེད། གང་ཚེ་ཉི་མ་བདུན་པ་ཤར་གྱུར་པས། འདིར་ནི་འོད་ཟེར་དྲ་བ་རབ་གཏོང་བ། ་དེའི་ཚེ་ན་ས་དང་རི་རྣམས་དང་། ཐམས་ཅད་ཤིན་ཏུ་རབ་ཏུ་འབར་བར་འགྱུར། འོད་ཟེར་དྲ་བ་རབ་འཇེབས་ལྡན་པའི། ཉི་མ་དེ་བདུན་རྣམ་པར་རྒྱུ་བ་ན། ས་འདི་དང་ནི་དེ་བཞིན ་གསེར་གྱི་བཞི། སེམས་ཅན་དམྱལ་རྒྱད་རི་རྣམས་ཐམས་ཅད་དང་། འདོད་ལྡན་ལྷ་རྣམས་ཀྱིས་ནི་ཁང་པ་དང་། འདོད་པ་ཀུན་གྱི་གནས་སུ་སོང་ན་སུ། འདོད་པའི་ལྷ་གང ་ཤིན་དུ་ཡིད་དུ་འོང་བྲལ། ཚངས་པའི་གནས་རྣམས་ཤིན་དུ་སྲེག་པར་བྱེད། ཇི་སྐད་སྨྲས་ཤིང་མ་ལུས་ཀུན་སྲེགས་ནས། དུས་མཐོའི་ཉི་མ་གཟི་བརྗིད་ཆེ་ལྡན་པ། དེ་དག ་ཉི་ཀྱང་དབང་ནི་མེད་གྱུར་ཞིང་། མི་རྟག་ཉིད་ཀྱིས་བཅོམ་ནས་ཞིག་པར་འགྱུར། དེ་ལྟར་ལྷུན་པོ་རྒྱ་མཚོ་ཆེ་དང་ས། དེ་བཞིན་མཐོ་རིས་ཟད་འགྱུར་ཤེས་ནས་ནི། སྤྱི་བོ་དམ་པ་དག ་གིས་རྟེན་པ་ཡིན། འཕགས་པའི་གནས་དག་ཏུ་བློ་ཞོག་ཤིག། ཞེས་འབྱུང་བ་ལྟ་བུའོ།། བཅོམ་ལྡན་འདས་ཀྱིས་ཀྱང་ཉི་མ་བདུན་ལུང་སྙན་པ་ལ་འདི་སྐད་དུ་དགེ་སློང་དག་འདུ་བྱེད ་ཐམས་ཅད་ནི་མི་རྟག་པ་མ་རྟག་པ། དབུགས་འབྱིན་པ་མ་ཡིན་པ་སྟེ་འགྱུར་བའི་ཆོས་ཅན་ནོ།། དགེ་སློང་དག་འདུ་བྱེད་ཀྱི་ཡི་ཆོ་གོ། སྐྱེ་བོར་བྱས་ན་ལེགསོ།། མ་ཆགས་པར་བྱས ་ན་ལེགས་སོ།། རྣམ་པར་ཐར་བྱས་ན་ལེག་སོ།། དགེ་སློང་དག་ཡུན་རིང་པོ་ཞིག་འདས་ནས་ཆར་མི་འབབ་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ།། ཆར་མི་འབབ ་པས་ས་ཆེན་པོ་འདི་ལ་ས་བོན་གྱི་ཚོགས་དང་། ཤིང་རྟའི་ཚོགས་དང་སྨན་དང་བརྩ་དང་། འབྲས་བུའི་ཤིང་གང་ཡིན་པ་དེ་དག་ཐམས་ཅད་སྐམས་པར་འགྱུར་ཞིང་ད་བར་འགྱུར ་ལ་མེད་པར་འགྱུར་རོ་དགེ་སློང་དག་འདུ་བྱེད་ཐམས་ཅད་ནི་མི་རྟག་གོ། དེ་ལྟར་ན་མི་རྟེན་པའོ།། དེ་ལྟར་ན་དབུགས་འབྱིན་པ་མ་ཡིན་པའོ།། དེ་ལྟར་ན་འགྱུར་བའི་ཆོས་ཅན་ནོ།། ་དགེ་སློང་དག་འདུ་བྱེད་གྱིས་ནི་ཆོག་གོ།། སྐྱོ་བར་བྱས་ན་ལེག་སོ།། མ་ཆགས་པར་བྱས་ན་ལེག་སོ་རྣམ་པར་ཐར་པར་བྱས་ན་ལེག་སོ།། དགེ་སློང་དག་གང་ཡུན་རིང་པོ་ཞིག ་འདས་ནས་ཞེས་བྱ་བ་ནས་དེའི་དུས་ནང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་མདོ་ཐམས་ཅད་རྗོད་པར་བྱའོ།། འཇིག་རྟེན་འདི་ཡང་ཚིག་ལ། ་@ནམཁའ་ལ་རླུང་ལྡང་བར་གྱུར་ཏེ། དེ་ཙམ་གྱིས་ན་འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་འཇིག་པ་དེ་མཐར་ཐུག་པར་རྗོད་པར་བྱའོ་གང་གི་ཚེ ་འཇིག་རྟེན་འདི་བར་གྱི་སྐལ་པ་ཉི་ཤུར་ཞིག་པར་གནས་པར་འགྱུར་བ་དེ་ཡང་འབྱུང་བ་བརྗོད་པར་བྱའོ་ཡུན་རིང་པོ་ཞིག་འདས་ནས་ནམ་མཁའ་ལ་རླུང་འཇམ་པོ་ལྡང་བ་དེའི་དུས་ཀྱང་ཡོད་ལ ་དེའི་སྐབས་ཀྱང་ཡོད་དོ།། དེ་ཙམ་གྱིས་ན་འཇིག་རྟེན་གྱིས་གནས་འདི་བར་གྱི་སྐལ་བ་ཉི་ཤུ་ཞིག་པར་གནས་པ་དེ་མཐར་ཐུག་པར་རྗོད་པར་བྱའོ་གང་གི་ཚེ་འཇིག་རྟེན་འདི་བར་གྱི་བསྐལ་པ ་ཉི་ཤུར་འཆགས་པ་དེ་ཡང་འབྱུང་བ་རྗོད་པར་བྱའོ།། རླུང་དེ་དག་ཀྱང་རྒྱས་པར་གྱུར་ཅིང་། སྡུག་པར་གྱུར་པ་དེ་ནི་རླུང་གི་དཀྱིལ་འཁོར་ཡིན་ནོ།། རྔམསུ་དཔག་ཚད་ས་ཡ་ཅིག་དང ་དྲུག་འབུམ་ཡོད་དོ།། རྒྱར་ནི་གྲངས་མེད་ཚད་མེད་དེ། ཤིན་ཏུ་རྟེན་ཞིང་སྲ་བ་དེ་ལ་ཚན་པོ་ཆེན་པོ་དང་། རབ་གནོན་དང་། སྲེད་མེད་ཀྱི་བུ་ལ་སོགས་པ་ཡང་རྔུབས་པར་འགྱུར་ལ་རྡོ ་རྗེས་ཀྱང་མི་བྱེད་དོ།། ཡུན་རིང་པོ་ཞིག་འདས་ནས་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་ནུའི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆར་འབབ་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ།། ་རླུང་གི་དཀྱིལ་འཁོར་གང་ཡིན་པ་དེ་དག་གིས་ཆུ་དེ་དག་ཡོངསུ་འཛིན་ཅིང་ཀུན་ནས་རྟེན་པ་མེད་པར་ཡང་མི་བྱེད་པ་དེ་ནི་ཆུའི་དཀྱིལ་འཁོར་ཞེས་བྱ་སྟེ་རྔམ་སུ་དཔག་ཚད་ས་ཡ་ཅིག་དང་དཔག ་ཆད་འབུམ་ཉི་ཁྲི་ཡོད་དོ།། རྒྱར་ནི་དཔག་ཚད་ས་ཡ་ཅིག་དང་ཉི་འབུམ་དང་། དཔག་ཚད་བཞི་རྒྱ་ལྔ་བཅུ་ཡོད་དོ་མཐའ་སྐོར་ནི་དཔག་ཚད་ས་ཡ་ཕྲག་དྲུག་དང་། དྲུག་འབུམ་དང་དཔ ་ཚང་སུམ་རྒྱ་ལྔ་བཅུ་ཡོད་དོ།། ཡུན་རིང་པོ་ཞིག་འདས་ནས་ཆུའི་དཀྱིལ་འཁོར་དེའི་སྟེན་དུ་རླུང་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ་དེ་དག་གིས་ཆུ་དེ་དག་ཀུན་ཏུ་འདུས་པར། ་བྱས་ནས་ཅིག་ཏུ་བདུད་ཅིང་ཀུན་ཏུ་འདུ་བར་བྱེད་དོ།། ཀུན་ཏུ་སྡུས་ཤིང་ཀུན་དུ་འདུས་པར་བྱས་ཅིག་ཏུ་བསྡུས་ཏེ། ཐུར་ཏུ་ཟུག་པར་བྱེད་ཅིང་སྟེང་ཆུ་དང་ཁང་ཆང་དུ་བཞག་སྟེ། དེ་ནི ་གསེར་གྱི་ས་བཞི་ཆེན་པོ་ཡིན་ཏེ། རྔམསུ་དཔག་ཚད་སུམ་འབུམ་ཉི་ཁྲི་ཡིད།། རྒྱར་ནི་དཔག་ཚད་ས་ཡ་ཅིག་དང་བཞི་འབུམ་དང་། དཔག་ཚད་བཞི་བརྒྱ་ལྔ་བཅུ་ཡོད་དོ།། མཐའ ་སྐོར་ནི་དཔག་ཚད་ས་ཡ་ཕྲག་གསུམ་དང་། དྲུག་འབུམ་སུམ་རྒྱ་ལྔ་བཅུ་ཡོད་དོ།། ཡུན་རིང་པོ་ཞིག་འདས་ནས་གསེར་གྱིས་ས་བཞི་ཆེན་པོ་དེའི་སྟེང་དུ་ཆུའི་རྒྱུན་ཤིང་རྟའི་སྲོག་ཤིང ་ཙམ་གྱིས་ཆར་བབ་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད། གསེར་གྱི་ས་བཞི་ཆེན་པོ་དེས་ཆུ་དེ་དག་ཡོངས་སུ་འཛིན་ཅིང་ཀུན་ནས་རྟེན་ལ་མེད་པར་ཡང་མི་བྱེད་པ་དེ་ནི་ཆུའི་རྒྱ་མཚོ ་ཆེན་པོ་ཡིན་ནོ།། ཆུའི་རྒྱ་མཚོ་ཆེན་དེའི་སྟེང་དུ་ནང་དུ་ལྟས་པ་དང་། ཕྱི་རོལ་དུ་ལྟས་པའི་ཀླུང་འཁོར་ར་ཁོར་ཡུ་གྲུབ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། དེ་དག ་གི་ཆུ་དེ་དག་ཀུན་ཏུ་སྡུད་ཅིང་ཀུན་ཏུ་འདུ་བར་བྱེད་དོ།། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འདུས་པར་བྱས་ནས་ཅིག་ཏུ་འདུས་པར་བྱས་ཏེ། ཐུར་དུ་ཡང་ཟུག་པར་བྱེད་ཅིང་གྱེན་དུ་ཡང ་འབྱུང་བར་བྱེད་དོ། དེའི་ནི་རིའི་རྒྱལ་པོ་རབ་ཅེས་བྱ་བ་ཡིན་ཏེ་དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་བཞི་ཆེན་པོ་ལ་རྟེན་ཏེ། དཔག་ཚད་རྒྱ་ཁྲི་ནི་ཆུ་ལས་འཕགས་ཏེ་དེའི ་འབང་དུ་དཔག་ཅད་འབུམ་དྲུག་ཁྲི་ཡོད་དོ།། རླུང་ཡང་དཔག་ར་རྒྱ་ཁྲི་ཡིད་ལ་གེང་དུ་ཡང་དཔག་ན་རྒྱ་ལྔ་ཡོད་དེམཐ་ན་དཔའ་དང་། ་འབུམ་ཅི་ཁྲི་ཡོད་ལ་དབྱིབས་ལེགས་ཤིང་ལྡན་སྡུག་ལ་མཛེས་པ་སྟེ། རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་ཡིན་ནོ།། ཆུའི་བརྒྱ་མ་ཚོ་ཆེན་པོ་གང་ཡིན་པ་དེའི་སྟེང་དུ་ནང་དུ་ས་པ་དང་། ་རོལ་དུ་ལྷས་པའི་དྲུང་ཁོར་ཁོར་ཡུག་ནས་གྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་དག་གི་དག་ཀུན་དུ་སྲུད་ཅིང་ཀུན་དུ་འདྲུ་བར་བྱེད།། ཀུན་ཏུ་བརྫུམ ་ཤིང་ཀུན་དུ་འདུས་པར་བྱས་ནས། ཐུར་དུ་ཟུག་པར་བྱེད་ཅིང་གྱེན་དུ་ཡང་འབྱུང་བར་འགྱུར།། དེ་ནི་རིའི་རྒྱལ་པོ་གཉ་ཤིང་འཛིན་ཅེས་བྱས་པ་ཡིན་ཏེ། དཔག་ནད་བརྒྱ་ཁྲི་ནི་ནུའི་ཚོ ་གསེར་གྱིས་བཞི་ཆེན་པོ་ལ་རྟེན་ཏེ། དཔག་ཆད་བཞི་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་ས་རྔམ་སུ་ཡང་དེ་དང་འདྲ་སྟེ་དབྱིབས་ལེགས་ཤིང་ལྡན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། ་ཡུན་རིང་པོ་ཞིག་ནས་ཆུའི་རྒྱ་མཚོ་ཆེན་པོའི་སྟེང་དུ་ནང་དུ་ལྟས་པ་དང་། ཕྱི་རོལ་དུ་ལུས་པའི་རླུང་ཁོར་ཁོར་ཡུག་ནས་གྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡད་ལ་དེའི་སྐབས་ཀྱང ་ཡོད་དེ། དཔག་ཆད་རྒྱང་ཁྲིན་ཆུའི་གསེར་གྱིས་བཞི་ཆེན་པའི་རྟེན་ཏོ།། དཔག་ཆད་ཀྱི་ཁྲི་ནི་རྒྷ་ལས་གྱེན་དུ་འཕགསོ།། རྔམ་སུ་ཡང་དེ་དང་འདྲ་སྟེ། དབྱིངས་ལེགས་ཤིང་། ་ལྷ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ།། ཡུན་རིང་བཞིག་འདས་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་ལྟས་པ་དང་། ཕྱི་རོལ་དུ་ལུས་པའི་རླུང་ཁོར་ཁོར་ཡུག་ནས་ཆུ ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད། དེ་དག་གི་ཆུ་དེ་དེ་དག་ཀུན་ཏུ་སྡུད་ཅིང་ཀུན་འདུ་བར་བྱེདའོ།། ཀུན་དུ་བསྡུས་ཤིང་ཀུན་ཏུ་འདུས་པར་བྱས་ནས་ཐུར་དུ། ་ཡང་ཟུག་ཅིང་གྱེན་དུ་ཡང་འབྱུང་བྱེད།། དེ་ནི་རིའི་རྒྱལ་པོ་སེང་ལྡེང་ཅན་ཞེས་བྱས་ཏེ། དཔག་ཚད་རྒྱ་ཁྲི་ནི་ཆུའི་འོག་གསེར་གྱིས་བཞི་ཆེན་པོ་ལ་རྟེན་ཏོ།། དཔག་ཚད་ཁྲི་ནི་ཆུ ་ལས་གྱེན་དུ་འཕགསོ།། རྔམ་སུ་ཡང་དེ་དང་འདྲ་སྟེ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ།། ཡུན་རིང་པོ་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན ་པོ་དེའི་སྟེང་དུ་ནང་དུ་ལྟས་པ་དང་། ཕྱི་རོལ་དུ་ལྟས་པའི་རླུང་གི་ཁོ་ར་ཁོར་ཡུག་ནས་རླུང་གྲུ་བཞིར་ལྡང་བ་དེའི་དུས་ཡང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ།། དེ་དག་གི་ཆུ་དེ ་དག་ཀུན་དུ་སྡུད་ཅིང་ཀུན་ཏུ་འདུ་བར་བྱེད་དོ།། ཀུན་ཏུ་སྡུས་ཤིང་ཀུན་ཏུ་འདུས་པར་བྱས་ནས། ཐུར་དུ་ཡང་ཟུག་པར་བྱེད་ཅིང་གྱེན་དུ་ཡང་འབྱུང་བར་བྱེད་དོ།། དེ་ནི་རིའི་རྒྱལ ་པོ་ལྟ་ན་སྡུག་ཅེས་བྱས་པ་ཡིན་ནོ།། དཔག་ཚད་རྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་ལ་རྟེན་ཏོ།། དཔག་ཚད་ལྔ་སྟོང་གི་ཆུ་ལས་གྱེན་དུ་འཕགས་སོ།། རྔམས་སུ་ཡང་དེ་དང་འདྲ་སྟེ། ་དབྱིབས་ལེགས་ཤིང་ལྷོ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ།། ཡུན་རིང་པོ་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན་པོའི་སྟེང་དུ་ནང་དུ་ལྟས་པ་དང་། ཕྱི་རོལ་དུ་ལྷས ་པའི་རླུང་ཁོ་ར་ཁོར་ཡུག་ནས་གྲུ་བཞིར་ལྡང་དེའི་དུས་ཀྱང་ཡོད་དེའི་སྐབས་ཀྱང་ཡོད་ན། དེ་དག་གི་ཆུ་དེ་དག་ཀུན་ཏུ་འདུ་བར་བྱེད་དོ།། ཀུན་ཏུ་སྡུས་པར་བྱས་ནས། ཐུར་དུ་ཡང ་ཟུག་པར་བྱེད་ཅིང་གྱེན་དུ་ཡང་འབྱུང་བར་བྱེད་དེ། དེ་ནི་རཱིའི་རྒྱལ་པོ་རྟ་ན་རི་ཞེས་བྱ་བ་ཡིན་ཏེ། དཔག་ཚད་རྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་བཞི ་ཆེན་པོ་ལ་རྟེན་ཏེ། དཔག་ཚད་ཉི་སྟོང་ལྔ་རྒྱ་ནི་ཆུ་ལས་གྱེན་དུ་འཕགས་སོ།། རྔམས་སུ་ཡུབ་འདྲ་སྟེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ།། ་ཡུན་རིང་པོ་ཞིག་འདས་པ་ནས་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་གི་ནང་དུ་ལྟས་པ་དང་། ཕྱི་རོལ་དུ་ལྟས་པས་ཁོ་ར་ཁོར་ཡུག་ནས་གྲུ་བཞིར་ལྡང་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། ་དེ་དག་ནི་ཆུ་དེ་དག་ཀུན་ཏུ་འདུ་བར་བྱེད་དོ།། ཀུན་ནས་སྡུས་ཤིང་ཀུན་ཏུ་འདུས་པར་བྱས་ནས་ཐུར་དུ་ཟུག་པར་བྱེད་ཅིང་། གྱེན་དུ་ཡང་འབྱུང་བར་བྱེད་དེ། དེ་ནི་རིའི་རྒྱལ་པོ་མུ་ཁྱུད ་འཛིན་ཞེས་བྱ་བ་ཡིན་ཏེ། དཔག་ཚད་རྒྱ་ཁྲི་ནི་ཆུའི་འོག་གསེར་གྱི་ས་བཞི་ཆེན་པོ་ལ་རྟེན་ཏེ། དཔག་ཚད་སྟོང་ཉིས་རྒྱ་ལྔ་བཅུ་ནི་ཆུ་ལས་གྱེན་དུ་འཕགས་སོ།། རྔམས་སུ་ཡང་དེ་དང ་འདྲ་སྟེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ།། ཡུན་རིང་པོ་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་གི་ནང་དུ་ལྟས་པ་དང་། ཕྱི་རོལ་དུ་ལྟས ་བའི་རླུང་ཁོ་ར་ཁོར་ཡུག་ནས་གྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། དེ་དག་གི་ཆུ་དེ་དག་ཀུན་དུ་སྡུད་ཅིང་ཀུན་དུ་འདུ་བར་བྱེད་དོ།། ཀུན་ནས་བསྡུས་ཤིང་ཀུན་དུ ་འདུས་པར་བྱས་ནས་ཐུར་དུ་ཡང་ཟུག་པར་བྱེད་ཅིང་། གྱེན་དུ་ཡང་འབྱུང་བར་བྱེད་དོ།། དེ་ནི་རིའི་རྒྱལ་པོ་རྣམས་པར་འདུད་ཅེས་བྱ་བ་ཡིན་ནོ།། དཔག་ཆད་རྒྱ་ཁྲི་ནི་ཆུའི་འོག་གསེར་གྱི ་ས་བཞི་ཆེན་པོ་ལ་རྟེན་ཏེ། དཔག་ཚད་དྲུག་རྒྱ་ཉི་ཤུ་ལྔ་ནི་ནུ་ལས་བྱེན་དུ་འང་གསོ་རྔམ་སུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ།། ཡུན ་རིང་པོ་ཞིག་འདས་ནས་ཆུའི་བརྒྱ་མཚོ་ཆེན་པོ་དེའི་སྟེང་དུ་ནང་དུ་ལྟས་པ་དང་ཕྱི་རོལ་དུ་ལྟས་པས་རླུ་ཁོ་ར་ཁོར་ཡུག་ནས་ཟླུམ་པོ་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། དེ་དག་གི ་ཆུ་དེ་དག་ཀུན་ཏུ་སྡུད་ཅིང་ཀུན་འདུ་བར་བྱེད་དེ། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འདུས་པར་བྱས་ནས་ཐུར་དུ་ཡང་ཟུག་པར་བྱེད་ཅིང་གྱེན་དུ་ཡང་འབྱུང་བར་བྱེད་དོ།། དེ་ནི་རིའི་རྒྱལ་པོ་ཁོ་ར་ཁོར ་ཡུག་གི་རི་ཞེས་བྱ་བ་ཡིན་ཏེ། དཔག་ཚད་རྒྱ་ཁྲི་ནི་ཆུའི་འོག་གསེར་གྱི་ས་བཞི་ཆེན་པོ་ལ་རྟེན་ཏོ་དཔག་ཚད་སུམ་རྒྱ་རྩ་ཕྱེ་དང་བཅུ་གསུམ་ནི་ཆུ་ལས་གྱེན་དུ་འཕགསོ་རྔམས་སུ་ཡང་དེ་དང་འདྲ་སྟེ། ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ལྕག་ལས་གྲུབ་པ་ཡིན་ནོ།། ཡུན་རིང་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་རིའི་རྒྱལ་པོ་རི་རབ་ཀྱི་ལྷོ་ཕྱོགས་ཀྱི་ཕྱི་རོལ་གྱི་རྒྱ་མཚོ་ཆེན། ་པེའི་ནང་དུ་ལྟས་པ་དང་ནང་རྒྱ་ཆེ་བ་དང་ཕྱི་རོལ་དུ་ལྷས་པ་དང་། ཤིང་རྟའི་དབྱིབས་ལྟ་བུར་རླུང་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། དེ་དག་གི་ཆུ་དེ་དག་ཀུན་དུ་སྡད ་ཅིང་ཀུན་དུ་འདུ་བར་བྱེད་དོ།། ཀུན་དུ་སྡུས་ཤིང་ཀུན་དུ་འདུས་པར་བྱས་ནས་ཅིག་ཏུ་འདུས་པར་བྱས་ཏེ། ཐར་དུ་ཡང་ཟུག་པར་བྱེད་ཅིང་། སྟོང་དུ་ནི་ཆུང་བ་ཁང་ཆད་དུ་བཞོག་གོ།། ་དེ་ནི་འཛམ་བུ་གླིང་ཞེས་བྱ་བའི་གླིང་ཞེས་བྱ་བ་ཡིན་ཏེ། དཔག་ཚད་རྒྱ་ཁྲི་ནི་ཆུའི་འོག་གསེར་གྱི་ས་བཞི་ཆེན་པོ་ལ་རྟེན་ཏོ།། སྟེང་གི་ཆུ་དང་ཁ་ཆང་དུ་འདུག་སྟེ། དེའི་ངོས་ནང་གི་རིང ་པོ་གང་ཡིན་པ་དེ་ལ་ནི་དཔག་ནང་ཆང་ཀྱི་སྟོང་ཡོད་དོ།། དེས་ནང་གི་ཐུང་ངུ་གང་ཡིན་པ་དེ་ལ་ནི་དཔག་ཆད་ཕྱེ་དང་བཞི་སྟོང་ཡོད་ལ། མཐའ་སྐོར ་དུ་དཔག་ཚད་དྲུག་སྟོང་དང་། དཔག་ཚད་ཕྱེ་དང་བཞི་ཡོད་དེ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་ཡིན་ནོ།། ཡུན་རིང་མོ་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན་པོ་དེའི ་སྟེང་རྟ་རིའི་རྒྱལ་པོ་རི་རབ་ཀྱི་ཤར་ཕྱོགས་ཀྱི་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོའི་ནང་དུ་ལྟས་ཤིང་། ཕྱི་རོལ་བརྒྱ་ཆེ་བའི་རླུང་ཟླ་གམ་ལྟ་བུ་གྲུབ་ཅིང་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང ་ཡོད་དོ།། དེ་དག་གི་ནུ་དེ་དག་ཀུན་ཏུ་སྡུད་ཅིང་འདུ་བར་བྱེད་དོ།། ཀུན་ཏུ་འདུས་ཤིང་ཀུན་དུ་འདུས་པར་བྱས་ཏེ་ཅིག་ཏུ་འདུས་པར་བྱས་ཏེ། ཐུར་དུ་ཡང་ཟུག་པར་བྱེད་ཅིང་སྟེང་ནི་ཆུ ་དང་ཁ་དན་དུ་བཞགོ། དེ་ནི་ཤར་གྱི་ལུས་འཕགས་ཀྱི་གླིང་ཞེས་བྱ་བ་ཡིན་ཏེ། དཔག་ཚད་རྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་བཞི་ཆེན་པོ་ལ་རྟེན་ཏོ།། རྟེང་ནི་ཆུ་དང་ཁང་ཆད་དུ ་འདུག་སྟེ། དེའི་ངོས་ནང་གི་རིང་པོ་གང་ཡིན་པ་དེ་ལ་ནི་དཔག་ཚད་ཉིས་སྟོང་ཡོད་དོ།། ངོས་ནང་གི་ཐུང་ངུ་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་ལ། མཐའ་སྐོར་དུ་དཔག་ཆང ་དྲུག་སྟོང་དང་། དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་དེ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་ཡིན་ནོ།། ཡུན་རིང་པོ་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན་པོ་དེའི ་སྟེ། རིའི་རྒྱལ་པོ་རི་རབ་ཀྱི་ནུབ་ཕྱོགས་ཀྱི་ཕྱི་རོལ་གྱི་བརྒྱ་མཚོ་ཆེན་པོར་ནང་དུ་ལྟས་པ་དང་། ཕྱི་རོལ་དུ་ལྟས་པའི་རླུང་ཁོ་ར་ཁོར་ཡུག་ནས་ཟླུམ་པོར་ལྡང་བ་དེའི་དུས་ཀྱང་ཡོད་ལ ་དེའི་སྐབས་ཀྱང་ཡོད་དེ། དེ་དག་གི་ཆུ་དེ་དག་ཀུན་ཏུ་སྡུད་ཅིང་ཀུན་ཏུ་འདུ་བར་བྱེད་དོ།། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འདུས་པར་བྱས་ནས་ཅིག་ཏུ་འདུས་པར་བྱས་ནས་ཐུར་དུ་ཡང་ཟུག་པར ་བྱེད་ཅིང་། སྟེང་ནི་ཆུ་དང་ཁང་ཆད་དུ་བཞག་གོ། དེ་ནི་ནུབ་ཀྱི་བ་ལང་སྤྱོད་ཞེས་བྱ་བའི་གླིང་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ནུའི་འོག་གསེར་གྱི་ས་བཞི་ཆེན་པོ་ལ་རྟེན་ཏེ།། སྟེང་ནི་ཆུ ་དང་ཁང་ཆད་དུ་འདུག་སྟེ། ཆུར་དཔག་ཚད་ཉི་སྟོང་ལྔ་རྒྱ་ཡོད་ལ་མཐའ་སྐོར་དུ་དཔག་ཚད་བདུན་སྟོང་ལྔ་རྒྱ་ཡོད་དེ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་ཡིན་ནོ།། ་ཡུན་རིང་པོ་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་གི་རིའི་རྒྱལ་པོ་རི་རབ་ཀྱི་བྱང་ཕྱོགས་ཀྱི་ཕྱི་རོལ་གྱི་བརྒྱ་མཚོ་ཆེན་པོར་ནང་དུ་ལྟས་པ་དང་། ཕྱི་རོལ་དུ་ལྟས་པའི་རླུང་ཁོར་ཁོར་ཡུག ་ནས་གྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས་ཆུ་དེ་དག་ཀུན་དུ་སྡུད་ཅིང་ཀུན་དུ་འདུ་བར་བྱེད་དོ།། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འདུས་པར་བྱས་ནས ་ཅིག་ཏུ་འདུས་པར་བྱས་ཏེ། ཐུར་དུ་ཡང་ཟུག་པར་བྱེད་ཅིང་སྟེང་དུ་ནི་ཆུ་དང་ཁང་ཆང་དུ་གཞོག་གོ།། དེ་ནི་བྱང་གི་སྒྲ་མི་སྙན་གྱི་གླིང་ཡིན་ཏེ། དཔག་ཚད་བརྒྱ་ཁྲི་ནི་ཆུའི་འོག་གསེར ་གྱི་ས་བཞི་ཆེན་པོ་ལ་རྟེན་ཏོ།། སྟེང་དུ་ནི་ཁ་ཆད་དུ་འདུག་སྟེ། ཆུར་དཔག་ཚད་ཉི་སྟོང་ཞེང་དུ་དཔག་ཚད་གཉིས་ཡོད་ལ་མཐའ་སྐོར་དུ་དཔག་ཚད་རྒྱ་སྟོང་ཡོད་དེ། དབྱིབས་ལེགས ་ཤིང་ལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་ཡིན་ནོ།། ཡུན་རིང་པོ་ཞིག་འདས་ནས་ན་མཁའ་ལ་ཚངས་པའི་བཞལ་མེད་ཁང་སྟོང་པ་ལེགས་པར་གནས་པར་གྱུར་པ་དེའི་དུས་ཀྱང་ཡོད་ལ ་དེའི་སྐབས་ཀྱང་ཡོད་དེ། དེ་ནས་སེམས་ཅན་གཞན་ཆེ་ཟད་ལས་བསོད་ནམ་ཟད་ནས། འོད་གསལ་གྱིས་ལྷའི་རིས་ནས་ཚེ་འཕོས་ཏེ། ཚངས་པའི ་གཞལ་མེད་ཁང་སྟོང་པའི་ནང་དུ་སྐྱེ་བར་འགྱུར་རོ།། དེ་ནས་སེམས་ཅན་གཞན་ཡང་ཚེ་ཟད་ཅིང་ལས་ཟད་ལ་བསོད་ནམས་ཟད་ནས་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས། ཚངས ་པ་བདུན་ན་འདོན་གྱི་ལྷར་སྐྱེ་བར་འགྱུར་རོ།། དེ་ནས་ཚངས་རིས་སུ་སྐྱེའོ།། དེ་ནས་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེ་ཙམ་གྱིས་ན་འཇིག་རྟེན་འདི་བར་གྱི་བསྐལ ་པ་ཉི་ཤུར་ཆགས་པ་དེ་མཐར་ཐུག་པར་བརྗོད་པར་བྱའོ།། དེ་བས་ན་འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་ཆགས་ནས། གནས་པ་དེ་ཡང་བྱུང་བར་བརྗོད་པར་བྱའོ།། ཡུན་རིང ་བེ་ཞིག་འདས་ནས་ནུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་ཆུའི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆར་འབབ་པའི་དེའི་དུས་ཀྱང་ཡོད་ལ་དེའི་སྐངས་ཀྱང་ཡོད་ལ། དེས་མཚོན་རྣམས་ཀྱང་གང་བར་བྱེད ་ལ་གླིང་རྣམས་ཀྱང་ཆུ་དང་ཁ་ད་ཆད་དུ་གཞག་གོ། ས་ཆེན་པོ་འདི་ཆུ་ཅིག་ཅིང་རྒྱ་མཚོ་ཅིག་ཏུ་འགྱུར་བར་བྱེད་དོ།། ས་ཆེན་པོ་ཆུ་ཅིག་ཅིང་རྒྱ་མཚོ་གཅིག་ཏུ་གྱུར་པ་དེའི་སྟེང་དུ་རླུང་གི་པྲིས ་མ་ཀུན་ཏུ་སྡུད་ཅིང་ཀུན་ཏུ་འདུ་བར་བྱེད་དེ་ལེགས་པར་གནས་པར་བྱེད་ཅིང་ཀུན་ཏུ་བདལ་ཏེ། དཔེར་ན་འོམ་དཀོལ་ཏེ་བགྲངས་པའི་སྟེང་སུ་རླུང་གི་ཕྲིས་མ་ཀུན་སྡུད་ཅིང་ཀུན་དུ་འདུ་བར་བྱེད་དོ།། ་ལེགས་པར་གནས་པར་བྱེད་ཅིང་ཀུན་དུ་བདལ་བ་ཏེ་བཞིན་དུ་ས་ཆེན་པོ་ཆུ་ཅིག་ཅིང་རྒྱ་མཚོ་ཆེན་པོ་ཙོག་ཏུ་གྱུར་པའི་སྟེང་དུ་རླུང་གི་བྲིས་མ་ཀུན་སྡུད་ཅིང་ཀུན་ཏུ་འདུ་བྱེད་དེ། ལེགས་པར་བྱེད། ་ཅིང་ཀུན་དུ་བདལ་ཏེ། དེ་ནི་སའི་བཅུད་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་རོ་ཕུན་སུམ་ཚོགས་ཡིན་ཏེ། ཁ་དོག་ནི་དཔེར་ན་མར་སར་གཞིན་ནོ།། རེ་ནི་དཔེར་ན ་སྦྲང་བུའི་སྦྲང་རྩི་བཀོལ་བ་བཞིན་ནོ།། དེ་ནས་སེམས་ཅན་བཞན་དག་ཀྱང་ཚེ་ཟད་ཅིང་བསོད་ནམས་ཟད་ནས། འོད་གསལ་གྱི་ལྷའི་རིས་ཀྱིས་ཤི་འཕོས་ཏེ། འཇིག་རྟེན་འདིར་སྐྱེ ་བར་འགྱུར་རོ།། དེ་དག་འདིར་གཟུགས་བཟང་བ་དང་། ཡིད་ལས་སྐྱེས་པ་དང་། མ་ཉམས་པ་དང་། དབང་པོ་ཚང་བ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་དང་། ་བཟང་བ་དང་མདོག་སྡུག་པ་དང་། དགའ་བའི་ཟས་དང་། རང་ལ་འོད་འབྱུང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། ཚེ་རིང་ཞིང་ཡུན་རིང་པོར་གནས།། དེའི་ཚེ་ན་ཉི་མ་དང ་ཟླ་བ་འདི་གཉིས་འཇིག་རྟེན་དུ་མི་འབྱུང་ངོ་།། རྒྱུ་སྐར་རྣམས་ཀྱང་མི་འབྱུང་།། དུས་ཚིགས་དང་ལོ་རྣམས་ཀྱང་མི་འབྱུང་ཟླ་བ་ཕྱེད་རྣམས་མི་འབྱུང་། མཚན་མོ་དང་ཉིན་མོ་རྣམས ་ཀྱང་མི་འབྱུང་སྐད་ཅིག་དང་ཐང་ཅིག་དང་། ཡུད་ཙམ་རྣམས་མི་འབྱུང་། སྐྱེས་པ་དང་བུད་མེད་རྣམས་ཀྱང་མེད་དེ། གཞན་དུ་སེམས་ཅན་སེམས་ཅན་ཞེས་བྱ་བའི་མིང་འབའ ་ཞིག་འབྱུང་ངོ་དེ་ནས་སེམས་ཅན་རྐམ་པའི་རང་བཞིན་ཅན་གཞན་ཞིག་གིས་སའི་བཅུད་འཛུབ་མོས་ཐོར་ཏོས་བླངས་ཏེ་མྱངས། ཇི་ཙམ་དུ་མྱང་བར་བྱེད་པ་དེ་ཙམ་དུ་མྱང་བར་བྱེད་དོ།། ་ཇི་ཙམ་དུ་སྲེད་པར་གྱུར་པ་དེ་ཙམ་དུ་ཁམས་ཀྱིས་ཟ་བར་བྱེད་དོ།། སེམས་ཅན་གཞན་དག་གི་ཀྱང་སེམས་ཅན་དེའི་སའི་བཅུད་འཛུབ་མེའི་ཐོར་ཏོར་བླངས་ཏེ། མྱང་བར་བྱེད་པ་མཐོང་།། ་མཐོང་ནས་སེམས་ཅན་དེ་དག་གིས་ཀྱང་སའི་བཅུད་འཇུབ་མའི་ཐོར་ཏོར་བླངས་ཏེ་རུང་བར་བྱེད་དོ།། ཇི་ཅམ་དུ་མྱང་བར་གྱུར་པ་དེ་ཙམ་སྲེད་པར་བྱེད་དོ།། ཕྲ ་ཙམ་དུ་སྲིད་པར་གྱུར་པ་དེ་ཙམ་དུ་ཁམ་གྱིས་ཟ་བར་བྱེད་དོ།། སེམས་ཅན་དེ་དག་གི་ལུས་ལམ་ཁྲད་པ་དང་ལྕི་བཞུགས་པར་གྱུར་ཏོ།། འོད་དང་ཁ་དོག་གི་མདོག་གང་ཡིན་པ་དེ་ནི་བ ་པར་འགྱུར་ཏོ།། འཇིག་རྟེན་དུ་མུན་པ་བྱུང་བར་གྱུར་ཏོ།། ཆོས་ཉིད་ཀྱིས་ན་འཇིག་རྟེན་དུ་མུན་པར་བྱུང་ན་ཉི་མ་དང་ཟླ་བ་འདི་གཉིས་འཇིག་རྟེན་དུ་འབྱུང་བར་འགྱུརརོ།། རྒྱུ་སྐར ་རྣམས་དང་མཚན་མོ་དང་ཉི་མོ་རྣམས་དང་། དུས་ཚིགས་དང་པོ་རྣམས་དང་། སྐད་ཅིག་དང་ཐང་ཅིག་དང་། ཡུད་ཙམ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ།། དེ་ནས ་སེམས་ཅན་དེ་དག་གི་ཤར་ཕྱོགས་ནས་ཉི་མའི་དཀྱིལ་འཁོར་འཆར་བ་ན་དེ་དག་འདི་སྙམ་དུ་སེམས་ཏེ་འདི་ནི་ལྷའི་འོད་དེ་ཉིད་ཡིན་ནོ།། དེ་ནི་ལྷའི་འོད་དེ་ཉིད་ཡིན་ནོ་སྙམ་ནས་མིང་དེ ་ཉིན་པར་ཉིན་པར་ཞེས་བྱ་བར་འགྱུར་ཏོ།། དེ་ནས་སེམས་ཅན་དེ་དག་གི་ནུང་ཕྱོགསུ་ཉི་མའི་དཀྱིལ་འཁོར་ནུབ་པ་ན་དེ་དག་འདི་སྙམ་དུ་སེམས་ཏེ། དམར་པོ་འདི་ནི་ལྷའི་འོད་དེ་ཉིད་ཡིན་ནོ།། ་དམར་པོ་དེ་ནི་ལྷའི་འོད་དེ་ཉིད་ཡིན་ནོ་སྙམ་ནས། མཚན་མོ་མཚན་མོ་ཞེས་བྱ་བའི་གྲངས་སུ་བགྲང་ངོ་།། དེ་ནས་སེམས་ཅན་དེ་དག་གི་ཤར་ཕྱོགས་ནས་ཟླ་བའི་དཀྱིལ་འཁོར་འཆར་བ ་ན་སེམས་ཅན་དེ་དག་འདི་སྙམ་དུ་སེམས་ཏེ། འཁོར་བ་འདི་ནི་མུན་པ་དང་བཀྲ་བར་བྱེད་དོ།། སྙམ་ནས་ཟླ་བ་ཟླ་བ་ཞེས་བྱ་བའི་བགྲངསུ་བགྲངོ་།། དེ་ནས་སེམས་ཅན་དེ་དག་གི ་ཤར་ཕྱོགས་ནས་ཡང་ཉི་མའི་དཀྱིལ་འཁོར་འཆར་བ་ན། དེ་དག་འདི་སྙམ་དུ་སེམས་ཏེ་འཁོར་བ་འདི་ནི་ལྷའི་འོད་ཡིན་ནོ།། འཁོར་བ་འདི་ནི་ལྷའི་འོད་དེ་ཉིད་ཡིན་ནོ་སྙམ་ནས་ཉི་མ་ཉི་མ། ་ཞེས་བྱ་བ་འོད་བྱུང་ངོ་།། དེ་དག་བཟའ་བ་དེ་དང་ཁ་ཟས་དེ་ཟ་ལ་ཚེ་རིང་ཡུན་རིང་དུ་གནས་སོ།། དེ་དག་གིས་གང་ནས་གང་ཁ་ཟས་ཆེས་མང་དུ་ཟ་བ་དེ་ནི་ཁ་དོག་ངན་པར་འགྱུར་རོ།། ། ་གང་ཁ་ཟས་ཆུང་ངུ་ཟ་བ་དེ་ནི་ཁ་དོག་བཟང་བར་འགྱུར་རོ།། དེ་ལྟར་ཁ་ཟས་སྣ་ཚོགས་ལ་རྟེན་ཡོད་པར་འགྱུར་རོ།། ཁ་དོག་སྣ་ཚོགས་ཡོད་པར་གྱུར་པའི་ཀྱེ་སེམས་ཅན་ང་ནི་ཁ་དོག ་བཟང་བ་ཡིན་ནོ།། ཁྱེད་ནི་ཁ་དོག་ངན་པ་ཡིན་ནོ།། ཞེས་སེམས་ཅན་གྱིས་སེམས་ཅན་ལ་མ་ཉམས་པར་འགྱུར་རོ། ཁ་དོག་གི་མངོན་པའི་ང་རྒྱལ་ཅན་དེ་དག་གིས་སྡིག་པ་མི་དགེ་བའི ་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་རྒྱུས་སའི་བཅུད་ནུད་པར་གྱུར་ཏེ། དེ་ནས་སེམས་ཅན་དེ་དག་འདུས་ཤིང་འཚོགས་ནས་མྱ་ངན་བྱེད་ཅིང་ཡིད་ཆད་ལ་སྨྲེ་སྔགས་འདོན་ཏེ། ་འདི་སྐད་དུ་ཀྱེ་འུང་སའི་བཅུད་ཀྱེ་ཧུད་སའི་བཅུད་ཅེས་ཀྱང་ཟེར་ཏེ། དཔེར་ན་ད་ལྟར་ཀྱི་མི་རྣམས་ཀྱིས་ཁ་ཟས་ཞིམ་པོ་དང་། བཟང་པོ་འགའ་ཞིག་ཉེད་ནས་སྔོན་གྱི་ཡི་གེ་དང་། ་ཚིག་དང་ཚིག་འབྲུ་དེ་དག་རྗེས་སུ་ཟློས་པར་བྱེད་དོ།། འདི་སྐད་དུ་ཀྱེ་ཧུད་བྲོབ་ཀྱེ་ཧུད་བྲོ་བ་ཞེས་ཟེར་བ་དེ་བཞིན་དུ་སེམས་ཅན་དེ་དག་འདུས་ཤིང་འཚོགས་ནས་མྱ་ངན་བྱེད་ཅིང་ཡི ་ཆད་ལ་སྨྲེ་སྔགས་འདོན་ཏེ་འདི་སྐད་དུ་ཀྱེ་ཧུད་སའི་བཅུད་ཀྱི་ཧུད་སའི་བཅུད་ཅེས་ཟེར་ཏེ། འོན་ཀྱང་སྨྲས་པ་འདིའི་དོན་འདི་ཡིན་ནོ།། ཞེས་སྨྲས་པའི་དོན་ཡང་ཡང་མི་ཤེས་སོ།། སའི ་བཅུད་ནུབ་པར་གྱུར་པ་ན་སེམས་ཅན་དེ་དག་གིས་ཞག་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་དབྱུང ་བར་འགྱུར་ཏེ། ཁ་དོག་ནི་དཔེར་ན་དོང་ཀའི་མེ་ཏོག་བཞིན་ནོ།། རེ་ནི་དཔེར་ན་སྦྲང་མའི་སྦྲང་རྩི་མ་སྐོལ་བ་བཞིན་ཏེ། དེ་དག་བཟའ་བ་དང་ཁ་ཟས་དེ་ཟལ་ཚེ་རིང་ཞིང་ཡུན་རིང་དུ་གནསོ།། ་དེ་དག་གི་ནང་ན་ཁ་ཟས་ཆེས་མང་དུ་ཟོས་པ་དེ་ནི་ཁ་དོག་ངན་པར་འགྱུར་རོ།། གང་ཁ་ཟས་ཆེས་ཉུང་ངུ་ཟ་བ་དེ་ནི་ཁ་དོག་བཟང་བར་འགྱུར་ཏེ། དེ་ལྟར་ཁ་ཟས་སྣ་ཚོགས་རྟེན་ནས་ཁ་དོག ་སྣ་ཚོགས་ཡོད་པར་གྱུར་ཏོ།། ཁ་དོག་སྣ་ཚོགས་ཡོད་པར་གྱུར་པས། ཀྱེ་སེམས་ཅན་ནང་ནི་ཁ་དོག་བཟང་བ་ཡིན་ནོ།། ཁྱེད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་གྱིས་སེམས ་ཅན་བརྙས་པར་འགྱུར་ཏོ།། ཁ་དོག་གི་མངོན་པའི་ང་རྒྱལ་ཅན་དེ་དག་གི་ཡང་སྡིག་མ་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་རྒྱུས་ས་ཞག་ཀྱང་ནུབ་པར་གྱུར་ཏེ། དེ་ནས ་སེམས་ཅན་དེ་དག་འདུས་ཤིང་འཚོགས་ནས་མྱ་ངན་བྱེད་ཅིང་ཡི་ཆད་ལ་སྨྲེ་སྔགས་འདོན་ཏེ། འདི་སྐད་དུ་ཀྱེ་མ་ཀྱེ་ཧུད་ཀྱེ་མ་ཀྱེ་ཧུད་ཅེས་ཀྱང་ཟེར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ལས ་ལ་ཞིག་ནང་རྒྱུན་རིང་པོའི་ནད་ཀྱིས་བཏབ་ན། སྔོན་གྱི་ཡིག་གེ་དང་། ཚིག་དང་ཚིག་འབྲུ་དེ་དག་རྗེས་སུ་ཟློས་ཏེ་འདི་སྐད་དུ་ཀྱེ་མ་ཀྱེ་ཧུད་ཀྱེ་མ་ཀྱེ་ཧུད་ཅེས་ཟེར་བ་དེ་བཞིན་དུ་སེམས ་ཅན་དེ་དག་འདུས་ཤིང་འཚོགས་ཞེས་བྱ་བ་ནས་སྨྲེ་སྔགས་འདོན་པའི་བར་དུ་སྟེ། འོན་ཀྱང་སྨྲས་པ་འདིའི་དོན་ནི་འདི་ཡིན་ནོ།། ཞེས་སྨྲས་པའི་དོན་ཡང་མི་ཤེས་སོ།། ས་ཞག་ནུབ ་པོར་གྱུར་པ་ན་སེམས་ཅན་དེ་དག་གི་མྱུ་གུའི་ཚལ་ཁ་དོག་ཕུན་སུམ་ཚོགས་པ་དང་དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་བྱུང་སྟེ། ཁ་དོག་ནི་དཔེར་ན་ཀ་ཏམ་འབུ་ཀའི་མེ་ཏོག ་བཞིན་ཏོ།། རེ་ནི་དཔེར་ན་སྦྲང་རྩིམ་སྐོལ་བའི་རོ་བཞིན་ནོ།། དེ་དག་བཟའ་བ་དེ་དག་ཁ་ཟས་དེ་ལ་ཚེ་རིང་དུ་གནས་སོ།། དེ་དག་གི་ནང་ན་གང་ཁ་ཟས་ཆེས་མང་དུ་ཟ་བ་དེ་ནི་ཁ་དོག་ངན ་པར་འགྱུརརོ།། གང་ཁ་ཟས་ཆེས་ཉུང་ངུ་ཟ་བ་དེ་ནི་ཁ་དོག་བཟང་འགྱུ་རོ།། དེ་ལྟར་ཁ་ཟས་སྣ་ཚོགས་ལ་རྟེན་ནས་ཁ་དོག་སྣ་ཚོགས་ཡོད་པར་གྱུརརོ། ཁ་དོག་སྣ་ཚོགས་ཡོད་པར་གྱུར ་བས་ཀྱི་སེམས་ཅན་ནང་ནི་ཁ་དོག་བཟང་བ་ཡིན་ནོ།། ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་སེམས་ཅན་གྱི་སྙས་པར་གྱུར་ཏོ།། ཁ་དོག་མངོན་པའི་ང་རྒྱལ་ཅན་དེ་དག་གིས་ཡང་སྡིག་པ་མི་དགེ་བའི ་ཆོས་དེ་དག་ཡང་དག་པར་སྤངས་རྒྱས་མྱུ་གུའི་ཚ་ལ་ཡང་ནུབ་པར་གྱུར་ཏེ། དཔེར་ན་མི་རྣམས་ལ་ལ་ཞིག་ཚིག་གྲག་པོའི་རྒྱུ་གང་གིས་སྤྱོད་པར་འདོད་པ་ན་སྔོན་གྱི་ཡི་གེ་དང་ཚིག་དང་། ཚིག ་འབྲུ་དེ་དག་རྗེས་སུ་ཟློས་ཏེ། འདི་སྐད་དུ་བར་སོང་བར་སོང་ཞེས་སྨྲས་དེ་བཞིན་དུ་སེམས་ཅན་དེ་དག་འདུས་ཤིང་འཚོགས་ནས་མྱ་ངན་བྱེད་ཅིང་ཡི་ཆད་ལ་སྨྲེ་སྔགས་འདོན་ཏེ་ཕར་སོང་བར ་སོང་ཞེས་ཟེར་ཏོ།། འོན་ཀྱང་སྨྲས་པ་དེའི་དོན་ནི་འདི་ཡིན་ནོ།། འདིའི་དོན་འདི་ཡིན་ནོ་ཞེས་སྨྲས་པ་དེའི་དོན་ཡང་མི་ཤེས་སོ།། མྱུ་གུའི་ཚལ་ནུབ་པར་གྱུར་པ་ན་སེམས ་ཅན་དེ་དག་མ་སྨོས་མ་བཏབ་པའི་འབྲས་ས་ལུ་འབྲུ་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་ཏེ། གཟིགས ་མེད་ཅིང་ཕུབླ་མ་མེད་ལ་དག་ཅིང་བཙང་སྟེ། སོར་བཞི་ཅམ་ལ་ཡོངས་སུ་གཡོགས་པ་མེད་པ་དེ་ནང་རྫས་ན་ནུབ་སྐྱེ། ནུབ་རྔས་ན་ནང་སྐྱེས་ཏེ། ་དེ་ལྟར་རྔས་ཤིང་རྔས་ཤིང་སྐྱེས་ལ། རྔས་པར་ཡང་མི་རྔོན་ལ། དེ་དག་གཟའ་བ་དེ་དང་། ཁ་ཟས་དེ་ཟལ་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ།། གང་གི་ཕྱིར་སེམས་ཅན ་དེ་དག་གི་མ་སྨོས་མ་བཏབ་པའི་འབྲས་ས་ལུའི་འབྲུ་དེ་ལྟ་བུའི་རིམས་ཀྱི་ཡོངསུ་ལོངས་སྤྱོད་པས་དེའི་ཕྱིར་དེ་དག་གི་དབང་པོ་ཐ་དད་པར་བྱང་བར་གྱུར་ཏེ། ཁ་ཅིག་ལ་ནི་མེའི་དབང ་པོ་ཁ་ཅིག་ལ་ནི་ཕོའི་དབང་པོ་ཅན་ཡིན་པ་དག་དང་། པེའི་དབང་ཅན་གང་ཡིན་པ་དེ་དག་ཅིག་ལ་ཅིག་གིས་མི་ཚུག་སུ་ལྟའོ།། ཇི་ཙམ་དུ་མག་གིས་མི་ཚུགས་ལྟས་པ་དེ་ཙམ ་དུ་ཀུན་དུ་ཆགསོ།། ཇི་ཙམ་དུ་ཀུན་དུ་ཆགས་པ་དེ་ཙམ་དུ་ངོ་ཚ་མི་ཤེས་སོ།། ཇི་ཙམ་དུ་ངོ་ཚ་མི་ཤེས་པ་དེ་ཙམ་དུ་ལོག་པོ་ལ་ཞུག་སོ།། སེམས་ཅན་དེ་དག་གི་ཀྱང་སེམས ་ཅན་ལོག་པ་ལ་ཞུགས་པ་མཐོང་ངོ་།། མཐོང་ནས་ཀྱང་སས་འཐོར་ཞིང་བོང་བ་དང་། གསེག་མ་དང་གྱོ་མོ་དག་ཀྱང་འཕེན་ཏེ། འདི་སྐད་དུ་དྲན་ཅིང་བླུན་པའི་སེམས་ཅན ་མི་བྱ་བ་བྱེད་པ་དེ་སེམས་ཅན་གྱིས་སེམས་ཅན་སུན་དབྱུང་བ་ག་ལ་སྲིད་ཞེས་ཟེར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་བག་མེ་ལེན་པ་ན། གཉེན་དུ་ན་རྣམས་ཀྱིས་མེ་ཏོག་གམ། འབྲས་ཡོས་སན། ་ཙན་དན་གྱི་ཕྱེ་མ་དག་གིས་གཏོར་ཏེ་འདི་སྐད་དུ་སྲུང་སྐྱིད་པར་གྱུར་ཅིག་སྲུ་སྐྱིད་པར་ཅིག་ཅེས་ཀྱང་ཟེར་ཏེ། དེ་བཞིན་དུ་སེམས་ཅན་དེ་དག་ཅིག་ལ་ཅིག་སེམས་ཅན་ལོག་པ་ལ་ཞུགས་པ ་མཐོང་ན་སྔ་མ་བཞིན་དུ་དེ་སེམས་ཅན་གྱིས་སེམས་ཅན་སུན་དབྱུང་བ་ག་ལ་སྲིད་ཞེས་ཟེར་རོ། དེ་ལྟར་ན་སྔོན་ཆོས་མ་ཡིན་པར་གྲགས་པའི་གང་ཡིན་པ་དེ་དག་ནི། ད་ལྟར་གྱི་མི་རྣམས། ་ཀྱི་ཆོ་སུ་གྲགསོ།། སྔོན་སྤང་བ་དེ་ནི་ད་ལྟར་རབ་ཏུ་སྔགས་པར་གྱུར་གང་གི་ཕྱིར་སེམས་ཅན་དེ་དག་སེམས་ཅན་དེ་དག་སྡིག་པ་དང་། དམ་པའི་ཆོས་མ་ཡིན་པ་དེ་ལ་ཞེན་ཅིང་འཇུད ་པར་བྱེད་དེ། ངེས་པར་ཞུགས་པ་དེས་ན་ཕྱོགས་ཅིག་ཏུ་སོང་སྟེ། ཁྱིམ་གྱི་བྱ་བ་ལ་ཞགས་ཤིང་རྩོམ་པར་གྱུར། འདིར་བདག་ཅག་གཉིས་ཀྱིས་མི་བྱ་བ་བྱ་བའོ་ཞེས་ཟེར ་ལས་ཁྱིམ་ཁྱིམ་ཞེས་བྱ་བའི་མི་འབྱུང་།། དེ་དག་ཕྱི་མ་རེད་ཟ་བར་འདོད་པའི་ཕྱིར་ནི་ཕྱི་མ་རེང་ས་ལུ་ལེན་ཏོ།། ནད་པར་འདོད་པའི་ཕྱིར་ནི་ནང་པར་ལེན་ཏོ་ནང་པར་འདོད་པའི་ཕྱིར ་ནི་ནང་པར་ལེན་ཏེ་དེ་ནས་སེམས་ཅན་ལེ་ལོ་ཅན་གཞན་དག་གིས་སེམས་ཅན་དེ་ལ་འདི་སྐད་དུ་ཀྱེ་སེམས་ཅན་དག་ཚུར་ཤོག། བདག་ཅག་གཉི་སུ་ས་ལུ་ལེན་དུ་འདོང་ངོ་ཞེས་སྨྲསོ།། ། ་དེས་འདི་སྐད་དུ། ཀྱེ་སེམས་ཅན་ཁྱོད་ས་ལུ་བླང་བའི་ཕྱིར་ནན་ཏན་བྱོས་ཤིག་ངས་ནི་ནང་བར་གྱི་ས་ལུ་ནུབ་མོ་བླང་ཟིན་ཏོ་ཞེས་སྨྲསོ།། དེ་ནས་སེམས་ཅན་དེ་འདི་སྙམ་དུ་ནང་པར ་གྱི་ས་ལུ་ཕྱེ་མ་རེང་ལེན་པ་འདི་ནི་ལེགས་པ་ཡིན་ནོ། འདི་ནི་ཤིན་དུ་ལེགས་པ་ཡིན་གྱིས་བདག་གི་ཞག་གཉིས་དང་། གསུམ་དང་བདུན་གྱི་བར་གྱི་ས་ལུ་བླང་བར་བྱའོ་སྙམ་ནས། ་ཞག་བདུན་གྱི་བར་དུ་བླངསོ།། གང་གི་ཕྱིར་མ་སྨོས་མ་བཏང་བའི་འབྲས་ས་ལུའི་འབྲུ་ཀུན་ཏུ་བསགས་པའི་ཚུལ་གྱིས་ལོང་སྤྱོད་པས་ལོང་སྤྱོད་པ་སེ་དེ་ནས་ས་ལུ་དེ་ལས་གསེག ་@། མ་དང་ཕུབ་མ་ཡང་བྱུང་བར་གྱུར། རྔས་སོ་ཅོག་ཀྱང་མི་སྐྱེལ་བརྔས་པར་ཡང་མངོན་པར་གྱུར་ཏེ། ས་ལུ་རྣམས་ཕུང་པོ་ཕུང་པོར་བཞ་གོ། དེ་ནས ་སེམས་ཅན་དེ་དག་འདུས་འཚོགས་ནས་མྱ་ངན་བྱེད་ཅིང་ཡི་ཆད་ལ་སྨྲེ་སྔགས་འདོན་ཏེ། ཀྱེ་མ་བདག་ཅག་སྔོན་གྱི་གཟུགས་བཟང་ཞིང་ཡིད་ལ་སྐྱེས་པ་དང་། མ་ཉམས་ཞིང་དབང་པོ་རུང་བ་དང ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་དེ་རང་གི་འོད་བྱུང་བ་དང་། ན་མཁའ་ལ་འགྲོ་བ་དང་། བཟང་ཞིང་མདོག་སྡུག་པ་དང་། དགའ་བའི་བཟའ་བ་རྣམས་དང་། དགའ་བའི་ཟས ་རྣམས་ཟ་ལ་ཆེ་རིང་ཞིང་ཡུན་རིང་དུ་གནས་པ་ལས། བདག་ཅག་ལས་གང་ཁ་ཟས་ཆེས་མང་དུ་ཟ་བ་དེ་ནི་ཁ་དོག་ངན་པར་གྱུར་ལ། གང་ཁ་ཟས་ཆེས་ཉུང་ངུ་ཟ་བ་དེ་ནི་ཁ་དོག་བཟང་བར་གྱུར ་ཅིང་། དེ་ལྟར་ཁ་ཟས་སྣ་ཚོགས་ལ་རྟེན་ནས། ཁ་དོག་ཀྱང་སྣ་ཚོགས་ཡོད་པར་གྱུར་ཏེ། ཁ་དོག་སྣ་ཚོགས་ཡོད་པར་གྱུར་པས། ཀྱེ་སེམས་ཅན་ང་ནི་ཁ་དོག་བཟང་བ་ཡིན་ནོ།། ཁྱོད ་ནི་ཁ་དོག་ངན་པ་ཡིན་ནོ།། ཞེས་སེམས་ཅན་གྱིས་སེམས་ལ་བརྙས་པར་གྱུར་ནས། བདག་ཁ་དོག་གི་མངོན་པའི་ང་རྒྱལ་ཅན་རྣམས་ཀྱིས་སྡིག་པ་མི་དགེ་བའི་ཆོས་དེ་དག་པར་བླངས་པའི་རྒྱུས ་སའི་བཅུད་ནུབ་པར་གྱུར་ནས། ས་ཞག་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་དང་། རོ་ཕུན་སུམ་ཚོགས་པར་གྱུར་ཏེ། ཁ་དོག་ནི་དཔེར་ན་དོང་ཀའི་མེ་ཏོག་བཞིན་ནོ།། ་བདག་ཅག་གི་བཟའ་བ་དེ་དང་ཁ་ཟས་དེ་ཟལ་ཚེ་རིང་ཞིང་ཡུན་རིང་དུ་གནས་པ་ལས། བདག་ཅག་ལས་གང་ཟས་མང་དུ་ཟ་བ་དེ་ནི་ཁ་དོག་དེན་པར་གྱུར་ལ། གང་ཁ་ཟས་ཆེས་ཉུང་ངུ་ཟ ་བ་དེ་ནི་ཁ་དོག་བཟང་བར་གྱུར་ཏེ། དེ་ལྟར་ཁ་དོག་སྣ་ཚོགས་ལ་རྟེན་ནས། ཁ་དོག་སྣ་ཚོགས་ཡོད་པར་གྱུར་ཏོ།། ཁ་དོག་སྣ་ཚོགས་ཡོད་པར་གྱུར་པས་སྐྱེ་སེམས་ཅན་ང་ནི་ཁ་དོག་བཟང་བ། ་ཡིན་ནོ།། ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་ལ་བརྙས་པར་གྱུར་ཏོ།། བདག་ཅག་ཁ་དོག་གི་མངོན་པའི་ང་རྒྱལ་ཅན་རྣམས་ཀྱིས་ཡང་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར ་བླངས་རྒྱས་ས་ཞག་ནུབ་པར་གྱུར་ནོས་མྱུ་གུའི་ཚལ་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་རོ་ཕུན་སུམ་ཚོགས་པ་བྱུང་བར་འགྱུར་ཏེ། ཁ་དོག་ནི་དཔེར་ན་ཀ་དན་བུ་ཀའི་མེ ་ཏོག་བཞིན་ལ། རེ་ནི་དཔེར་ན་སྦྲང་བུའི་སྦྲང་རྩིམ་བསྐོལ་ཏེ། བདག་ཅག་བཟའ་བ་དེ་དག་ཁ་ཟས་དེ་དག་ལས་ཚེ་རིང་ཞིང་ཡུན་དུ་གནས་གནས་པ་ལས། བདག་ཅག་ཁ་ཟས་ཆེས་མང ་དུ་ཟས་དེ་ནི་ཁ་དོག་ངན་པར་གྱུར་ལ། གང་ཁ་ཟས་ཆེས་ཉུང་དུ་ཟ་བ་དེ་ནི་ཁ་དོག་བཟང་བར་འགྱུར་ཏེ། དེ་ལྟར་ཁ་དོག་སྣ་ཚོགས་ལ་རྟེན་ནས། ཁ་དོག་སྣ་ཚོགས་ཡོད་པར་གྱུར་ལ།། ་ཀྱེ་སེམས་ཅན་ང་ནི་ཁ་དོག་བཟང་བ་ཡིན་ཏེ། ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་ལ་རྙས་པར་གྱུར་ཏེ། བདག་ཅག་ཁ་དོག་གི་མངོན་པའི་ང་རྒྱལ་ཅན་རྣམས་ཀྱིས་སྡིག་པ་མི་དགེ ་བའི་ཆོས་ཉིད་ཡང་དག་པར་བླངས་པའི་རྒྱུས་མྱུ་གུའི་ཚལ་ནུབ་པར་གྱུར་ཏེ། མ་སྨོས་མ་བཏབ་པའི་འབྲས་ས་ལུའི་འབྲུ་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། ་རོ་ཕུན་སུམ་ཚོགས་པ་བྱུང་བར་འགྱུར་ཏེ། གཟེགས་མ་མེད་ཅིང་བུབ་མ་མེད་པར་དག་ཅིང་བཙང་སྟེ་སོར་བཞི་ཙམ་ལས་ཡོངསུ་གཡོགས་པ་མེད་པ་དེ་ནས་བརྔས་ན་ནུབ་སྐྱེ། ནུབ་བརྔས ་ན་ནང་སྐྱེ་བ་དང་། དེ་ལྟར་བརྔས་ཤིང་བརྔས་ཤིང་སྐྱེ་ལ་བརྔས་པ་དེ་ཡང་མི་མངོན་ཏེ། བདག་ཅག་བཟའ་བ་དེ་དང་ཁ་ཟས་དེ་ཟ་ལ་ཚེ་རིང་ཞིང་ཡུན ་རིང་དུ་གནས་གནས་པ་ལ་གང་གི་ཕྱིར་བདག་ཅག་གིས་མ་སྨོས་མ་བཏབ་པའི་འབྲས་ས་ལུའི་འབྲུ་ཀུན་དུ་བསགས་པས་ཚུལ་གྱིས་ལོང་སྤྱོད་པས་ལོང་སྤྱོད་པ་དེ་ནས་ས་ལུ་དེ་ལ་གཟེགས ་མ་དང་ཕུབ་མ་ཡང་བར་གྱུར། བརྔས་སེ་ཅོག་ཀྱང་མི་སྐྱེ་ལ། བརྔས་པར་ཡང་མངོན་པར་གྱུར་ཏེ། ས་ལུ་རྣམས་ཕུང་པོ་ཕུང་པོར་གཞག་གོ། ད་ནི་བདག་ཅག་གིས་འདི་ནི་ཁྱོད ་ཀྱིའོ། འདི་ནི་ངའི་འོ་ཞེས་ཞིང་རྣམས་གཞལ་ཞིང་བགོས་ལ་མུ་ཏུག་བྲིའོ་ཞེས་ནས། དེ་དག་འདི་ནི་ཁྱོད་ཀྱིའོ།། འདི་ནི་ངའི་འོ་ཞེས་ནས་སེམས་རྣམས་གཞལ་ཞིང་འགྱེད་དེ་མུ་ཏུ ་གི་འདྲའོ།། དེ་ནས་སེམས་ཅན་གཞན་ཞིག་གིས་བདག་ཅག་གི་ས་ལུ་ཡོད་བཞིན་དུ་གཞན་གྱི་ས་ལུ་མ་བྱིན་པར་བླངས་སོ།། སེམས་ཅན་ཞིག་གི་སེམས་ཅན་དེ་དག་ས་ལུ་ཡོད་བཞིན ་དུ་གཞན་གྱི་ས་ལུ་མ་བྱིན་པར་ལེན་པར་མཐོང་ངོ་།། མཐོང་ནས་ཀྱང་འདི་སྐད་དུ། ངན་ཅིང་བླུན་པའི་སེམས་ཅན་ཁྱོད་ནི་མི་བྱ་བ་བྱེད་དོ།། ཀྱེ་སེམས་ཅན་ཁྱོད་བདག་ལ་ས་ལུ་ཡོད ་བཞིན་དུ་གཞན་གྱི་ས་ལུ་མ་བྱིན་པར་ལེན་པ་ག་ལ་སྲིད་ཀྱི་སེམས་ཅན་སོང་ལ་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་ཅེས་སྨྲསོ།། དེ་ནས་སེམས་ཅན་དེ་དག་གིས་བདག་ལས་ལུ་ཡོད་བཞིན་དུ་ལན ་གཉིས་ལན་གསུམ་དུ་བཞན་གྱི་ས་ལུ་མ་བྱིན་པར་བླངས་སོ།། སེམས་ཅན་དེ་བདག་གི་ས་ལུ་ཡོད་བཞིན་དུ་ལན་གཉིས་ལན་གསུམ་དུ་མ་བྱིན་པར་ལེན་པ་སེམས་ཅན་དེས་མཐོང་ངོ་།། ་མཐོང་ནས་ཀྱང་འདི་སྐད་དུ་ངན་ཅིང་བླུན་པའི་སེམས་ཅན་ཁྱོད་ནི་མི་བྱ་བ་བྱེད་པའོ།། ཀྱེ་སེམས་ཅན་ཁྱོད་བདག་གིས་ལུ་ཡོད་བཞིན་དུ། བདག་གི་ས་ལུ་མ་བྱིན་པར་ལེན་པག་ལ། ་སྲིད་ཅེས་སྨྲ་སོ།། དེ་དག་གི་ལག་པ་གཉིས་ནས་ཀྱང་བཟུང་ནས་དེ་ཚུར་འདྲེན་པར་འདྲེན་ལ། དེའི་ཚེ་འཁོར་གྱི་ནང་དུ་ཡང་བཀུག་སྟེ། སེམས་ཅན་དག་གང་སེམས་ཅན ་འདིས་བདག་གི་ས་ལུ་ཡོད་བཞིན་དུ་གཞན་གྱིས་ལུ་མ་བྱིན་པར་ལེན་པ་ཤེས་པར་གྱིས་ཤིག་ཅེས་སྨྲསོ།། དེ་ནས་སེམས་ཅན་དེ་དག་གི་སེམས་ཅན་དེ་ལ་འདི་སྐད་དུ་ངན་ཅིང་བླུན་པའི ་སེམས་ཅན་ཁྱོད་ནི་མི་བྱ་བ་བྱེད་པའོ།། ཁྱོད་བདག་གིས་ལུ་ཡོད་བཞིན་དུ་གཞན་གྱིས་ལུམ་བྱིན་པར་ལེན་པ་ག་ལ་སྲིད། ཀྱེ་སེམས་ཅན་ཁྱོད་སོང་ལ་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག ་ཅེས་སྨྲ་སོ།། དེ་ནས་སེམས་ཅན་དེ་དག་ལ་སེམས་ཅན་དེས་འདི་སྐད་སེམས་ཅན་དག་གང་སེམས་ཅན་འདིས་ས་ལུའི་ཕྱིར་བདག་ཚུར་དྲངས་པར་དྲངས་ཏེ། འཁོར་གྱི་ནང་དུ་ཡང་འགུག ་པར་ཤེས་པར་གྱིས་ཤིག་དེ་ནས་སེམས་ཅན་དེ་དག་གིས་སེམས་ཅན་དེ་ལ་འདི་སྐད་དུ་ཀྱེ་སེམས་ཅན་ཁྱོད་ཀྱི་ས་ལུའི་ཕྱིར་སེམས་ཅན་ཚུར་དྲངས་པར་དྲངས་ལ་འཁོར་གྱི་ནང་དུ་བཀུག་སྟེ། ་ཅི་བྱ་ཀྱེ་སེམས་ཅན་ཁྱོད་སོང་ལ་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་ཅེས་སྨྲས་སོ།། དེ་ནས་སེམས་ཅན་དེ་དག་འདི་སྙམ་དུ་ས་ལུའི་ཕྱིར་འདྲེན་པ་དང་། འཁོར་གྱི་ནང་དུ་ཡང་འགུགས་པ ་དག་སྣང་གིས་བདག་འདུས་ལ་བདག་ཅག་གི་ནང་ནས་སེམས་ཅན་གང་ཆེས་གཟུགས་བཟང་བ། ཆེས་ལྟ་ན་སྡུག་པ་དང་། ཆེས་མཛེས་པ་དང་། ཆེས་དབང་ཆེ་བར་གྲགས ་པ་དེ་དང་། བདག་ཅག་གི་ཞིང་བདག་པོར་སྐོས་ལ། བདག་ཅག་ལ་དུས་དུས་སུ་ཆད་པ་གཅད་པའི་རིགས་པ་གང་ཡིན་པ་རྣམས་ལ་ནི་ཆད ་བ་གཅོད་པར་འགྱུར། ཕན་གདགས་པའི་རིགས་པ་རྣམས་ལ་ནི་ཕན་འདོགས་པར་འགྱུར་ཏེ། གང་བདག་ཅག་གིས་ཞིང་རྣམས་སྐྱེས་པ་དེ་ལས་བདག་ཅག་གིས་དེ་ལ་དུས་དུས ་སུ་ཆོས་བཞིན་དུ། ཐོག་ཤས་སྦྱིན་པར་བྱའོ་སྙམ་དུ་བསམས་སོ།། དེ་ནས་སེམས་ཅན་དེ་དག་འདུས་ནས་དེ་དག་གི་ནང་ནས་སེམས་ཅན་གང་ཆེས་གཟུགས་བཟང་བ་དང་། ལྷ་ན ་སྡུག་པ་ཆེས་མཛེས་པ་དང་། ཆེས་དབང་ཆེ་བར་གྲགས་པ་གང་ཡིན་པའི་སེམས་ཅན་དེ་ལ་འདི་སྐད་དུ། ཀྱེ་སེམས་ཅན་ཁྱོད་ཚུར་ཤོག། བདག་ཅག་གི་བདག་པོ་ལེགས་པ་ཁོ་ནར ་བྱེས་ཤིག། སེམས་ཅན་བདག་ཅག་ལ་ཆད་པས་བཅད་པའི་རིགས་པ་རྣམས་ལ་ནི་ཆད་པས་གཅོད་ཅིང་། ཕན་གདགས་པའི་རིགས་པ་རྣམས་ལ་ནི་ཕན་ཐོགས་ཤིག། བདག ་ཅག་གིས་ཞིང་རྣམས་སྐྱེས་པ་གང་ཡིན་པ་དེ་ལ་ནི་བདག་གིས་དུས་དུས་སུ་ཆོས་བཞིན་དུ་སོགས་སྦྱིན་ནོ་ཞེས་སྨྲས་སོ།། དེ་ནས་སྐྱེ་བོ་མང་པོས་བཀུར་ཏེ་ཞེས་ནས། མང་པོས ་བཀུར་བ་མང་པོས་བཀུར་བ་ཞེས་མིང་དུ་ཆག་སོ།། ཞིང་རྣམས་ཀྱི་བདག་པོར་གྱུར་པ་དང་། ཕོངས་པ་ལ་སྐྱོབ་པའི་ཕྱིར་རྒྱལ་རིགས་རྒྱལ་རིགས་ཞེས་བྱ་བར་མིང་ཆགས་སོ།། ་ཆོས་དང་ཚུལ་ཁྲིམས་ཀྱི་ཆོས་ཀུན་དུ་སྤྱོད་པ་དང་། ཤེས་རབ་ཀྱི་ཆོས་ཀུན་ཏུ་སྤྱོད་པས་འཁོར་དགུ་པར་བྱེད་པའི་ཕྱིར་རྒྱལ་པོ་ཞེས་བྱ་བར་མིང་དུ་ཆགས་སོ་བཅོམ་ལྡན་འདས་ཀྱིས ་ཀྱང་གནས་མཇོག་པར་དཅར་ལུང་སྙན་པ་ལས་འདི་སྐད་དུ་གནས་འཇོག་རྒྱུ་གང་དང་རྐྱེན་གང་གིས་རྒྱལ་རིགས་ཀྱི་ཚེ་རིགས་འཛག་རྟེན་དུ་འབྱུང་ཞེ་ན། འཇིག་རྟེན་འདི་འཇིག་པའི ་ཚེ་འཇིག་རྟེན་ནས་སེམས་ཅན་ཕལ་ཆེར་འོད་གསལ་གྱི་ལྷའི་རིས་སུ་སྐྱེ་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། དེ་དག་དེར་གཟུགས་བཟངས་ཞིང་ཡིད་ལས་སྐྱེས་པ ་དང་མ་ཉམས་ཞིང་དབང་པོ་ཚང་བ་དང་ཡན་ལག་དང་། ཉིང་ལག་ཐམས་ཅད་དང་ལྡན་པ་དང་། བཟང་ཞིང་མདོག་སྡུག་པ་དང་། རང་ལ་འོད་འབྱུང་བ་དང་། ནམ་མཁའ་ལ་འགྲོ ་བ་དང་། དགའ་བའི་བཟང་བ་དང་། དགའ་བའི་བཟའ་ཟ་དང་། ཚེ་རིང་ཞིང་ཡུན་རིང་དུ་གནས་པར་འགྱུར་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། འཇིག་རྟེན ་འདི་ཆགས་ཤིང་ཆགས་པ་ན་འཇིག་རྟེན་དུས་ཆེན་པོ་འདི་ཆུ་ཅིག་ཅིང་། རྒྱ་མཚོ་ཅིག་ཏུ་འགྱུར་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་ལ། ཆུ་ཅིག་ཅིང་རྒྱ་མཚོ་ཅིག་ཏུ་གྱུར ་པའི་ས་ཆེན་པོའི་སྟེང་དུ། རླུང་གི་ཕྲིས་མ་ཀུན་ཏུ་འཐས་པར་བྱས་པ་ནས་སྔ་མ་བཞིན་དུ་རྒྱས་པར་སྐྱེ་བོ་མང་པོས་བཀུར་བའི་ཕྱིར་མང་པོས་བཀུར་བ་ཞེས་མིང་དུ་ཆགས་པ་དང་། ཞིང ་རྣམས་ཀྱི་བདག་པོར་གྱུར་པ་དང་། ཕོངས་པ་ལ་སྐྱོབ་པའི་ཕྱིར་རྒྱལ་རིགས་ཞེས་བྱ་བའི་མིང་དུ་ཆགས་པ་དང་། ཆོས་དང་ཚུལ་ཁྲིམས་ཀྱིས་ཀུན་དུ་སྤྱོད་པ་དང་། ཤེས་རབ ་ཀྱིས་ཚུལ་ཀུན་དུ་སྤྱོད་པས་མགུ་བར་བྱེད་པའི་ཕྱིར་རྒྱལ་པོ་རྒྱལ་རིགས་མིང་དུ་ཆགས་པའི་བར་དུ་ཐམས་ཅད་རྗོད་པར་བྱས་ཏེ། གནས་མཆོག་འདི་ནི་སྔོན་རྒྱལ་རིགས་འཇིག་རྟེན་དུ ་འབྱུང་བའི་བཏན་ཚིགས་ཀྱི་མཆོག་ཡིན་ཏེ། དེ་ཡང་ཆོས་བཞིན་དུ་བྱེད་པ་ཡིན་གྱི། དེ་ལ་འདི་ནི་རྒྱལ་བའི་དབང་པོ་མཆོག་རྣམས་ཀྱི་ཆོས་སོ།། ་གང་གི་ཚེ་མང་བས་བཀུར་བ་རྒྱལ་པོ་ཆེན་པོར་གྱུར་པ་དེའི་ཚེ་མདི་སེམས་ཅན་སེམས་ཅན་ཞེས་བྱ་བར་གྱུར་རོ།། མང་པོས་བཀུར་བའི་བུ་ནི་འོད་མཛེས་ཞེས་བྱ་བར་གྱུར་ཏེ། གང་གི་ཚེ ་འོད་མཛེས་རྒྱལ་པོ་ཆེན་པོར་གྱུར་པ་དེའི་ཚེ་ནི་མི་རྣམས་ཀྱི་མིང་ནུ་སྟོང་ཆུ་སྟོད་ཞེས་བྱ་བར་གྱུར་ཏོ།། འོད་འཛེས་ཀྱི་བུ་ནི་དགེ་བ་ཞེས་བྱ་བར་གྱུར་རོ།། གང་གི་ཚེ་དགེ་བ་ཞེས་བྱུར་རྒྱལ ་བོར་གྱུར་པ་དེའི་ཚེ་ནི་མི་རྣམས་ཀྱི་མིང་ཏིལ་ལས་སྐྱེས་ཞེས་བྱ་བར་གྱུར་ཏོ།། དགེ་བའི་བུ་ནི་དགེ་མཆོག་ཅེས་བྱ་བར་གྱུར་ཏོ།། གང་གི་ཚེ་དགེ་མཆོག་རྒྱལ་པོར་པ་དེའི་ཚེ་ནི་མི་རྣམས ་ཀྱི་མིང་ནི་སྤྲིན་འདྲིན་ཅེས་བྱ་བར་གྱུར་ཏོ།། དགེ་མཆོག་གི་བུ་ནི་གསོ་སྦྱོང་འཕགས་ཞེས་བྱ་བར་གྱུར་ཏོ།། གང་གི་ཚེ་གསོ་སྦྱོང་འཕགས་རྒྱལ་པོར་གྱུར་པ་དེའི་ཚེ་མི་རྣམས་ཀྱི་མིང་ནི ་ཏི་ལ་རྗེ་དར་ཞེས་བྱ་བར་གྱུར་ཏོ།། རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོར་པོ་ལ་མིག་ཅིག་བྱུང་སྟེ། འཇམ་ཞིང་ཤིན་དུ་འཇམ་པ་ནི་དཔེར་ན་ཤིང་བལ་གྱི་འདབ་མ་འམ་རས་བལ ་གྱི་འདབ་མ་བཞིན་ཏེ་དེ་ལ་ཅུང་ཟད་ཀྱང་གནོད་པ་མེད་དོ།། དེ་སྨིན་ཅིང་རྡོལ་བ་ལ་ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས ་དང་ལྡན་པ་ཅཅིག་བྱུང་སྟེ། མིང་སྤྱི་བོ་སྐྱེས་ཞེས་བྱ་བ་དང་། ང་ལ་ནུ་ང་ལ་ནུ་ཞེས་བྱ་བར་གྱུར་ཏོ།། གཞོན་ནུ་དེ་རྫུ་འཕྲུལ་ཆེ་མིང་མཐུ་ཆེ་བར་གྱུར་ཏེ། དེས་གླིང་བཞི་ཆར་ཡང ་རྒྱལ་སྲིད་དབང་ཕྱུག་ལ་དབང་བྱས་ཏེ། གང་གི་ཚེ་རྒྱལ་པོ་ང་ལ་ནུ་བྱུང་བ་དེའི་ཚེ་མི་རྣམས་ཀྱི་མཐའ་རྒྱ་ཆེན་པོ་རྒྱ་ཆེན་པོ་དག་དཔྱད་ཅིང་བསམས་ཏེ། གཞལ་ཞིང་ཉེ་བར་བསམས ་ཏེ། གཞལ་ཞིང་ཉེ་བར་བརྟགས་ནས་བྱས་པ་ན་ཕྱིན་ཆད་ནས་ད་ལྟར་གྱི་བར་དུ་མི་རྣམས་དཔྱོད་པ་ཅན་དང་སེམས་པ་ཅན་དང་། ཉེ་བར་རྟོག་པ་ཅན་དང་། ཤེད་ལས་སྐྱེས་ཞེས ་བྱ་བར་གྱུར་ཏོ།། རྒྱལ་པོ་ང་ལ་ནུའི་བླ་གཡས་པ་ན་ཕོལ་མིག་བྱུང་སྟེ། འཇམ་ཤིང་ཤིན་ཏུ་འཇམ་པ་ནི་དཔེར་ན། ཤིང་བལ་གྱི་འདབ་མ་འམ་རས་བལ་གྱི་འདའ་བ་བཞིན་ཏེ། དེ ་ལ་ཅུང་ཟད་ཀྱང་གནོད་པ་མེད་དོ།། དེ་སྨིན་ཅིང་རྡོལ་བ་ལ་ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་བཞིག་བྱུང་སྟེ། ་རྐང་པ་གཡས་པ་ནས་བྱུང་བའི་ཕྱིར་དེའི་མིང་འཛེས་པ་ཞེས་བྱ་བར་གྱུར་ཏེ། གཞོན་ནུ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་སྟེ། དེས་ཀྱང་གླིང་གསུམ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང ་བྱས། རྒྱལ་པོ་མཛེས་པའི་བླ་གཡོན་པ་ནས་ཕོལ་མིག་བྱུང་སྟེ། འཇམ་ཞིང་ཤིན་དུ་འཇམ་པ་ནི་དཔེར་ན་ཤིང་བལ་འདབ་པ་འམ་རས་བལ་གྱི་འདབ་མ་བཞིན་ཏེ། དེ་ལ་ཆུང་ཟད་ཀྱང ་གནོད་པ་མེད་དོ།། དེ་སྨིན་ཅིང་རྡོལ་བ་ལས་ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པ་ཞིག་བྱུང་སྟེ། རྐང་པ་གཡོན། ་ཁ་ནས་སྐྱེས་སོ་ཞེས་ནས་མིང་ཉེ་མཛེས་ཉེ་མཛེས་ཞེས་བྱ་བར་གྱུར་ཏོ།། གཞོན་ནུ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་སྟེ། དེས་ཀྱང་གླིང་གཉིས་སུ་རྒྱལ་སྲིད་ཀྱི་དབང་ཕྱུག་དབང་བྱས།། ་@རྒྱལ་པོ་ཉེས་མཛེས་ཀྱི་རྐང་པའི་བོལ་ལ་པོ་ལ་མིག་ཅིག་བྱུང་སྟེ། འཇམ་ཞིང་ཤིན་དུ་འཇམ་པ་ནི་དཔེར་ན་ཤིང་བལ་གྱི་འདབ་མ་འམ། རས་བལ ་གྱི་འདབ་མ་བཞིན་ཏེ། དེ་ལ་ཆུང་ཟད་ཀྱང་གནོད་པ་མེད་དོ།། དེ་སྨིན་ཏེ་རྡོལ་བ་ལས་ཁྱེའུ་གཟུག་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོ་མཚན་སུམ་བཅུ་རྩ་གཉིས་དང་ལྡན ་པ་ཞིག་བྱུང་སྟེ། དེ་རྐང་པའི་བོལ་གྱི་འོག་ནས་བྱུང་སྟེ། དེའི་ཕྱིར་མིང་མཛེས་ཅན་མཛེས་ཅན་ཞེས་བྱ་བར་གྱུར་ཏོ།། གཞོན་ནུ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་སྟེ། དེས་གླིང་གཅིག་ཏུ ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། རྒྱལ་པོ་མཛེས་ཅན་གྱི་རྐང་པའི་ཐིལ་འོག་ནས་ཕོལ་མག་ཅིག་བྱུང་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི་དཔེར་ན། ཤིང་བལ་གྱི་འདའ་མ ་འམ་རས་བལ་གྱི་འདའ་བ་བཞིན་ཏེ། དེ་ལ་ཅུང་ཟད་ཀྱང་གནོད་པ་མེད་དོ།། དེ་སྨིན་ཅིང་བརྡོལ་བ་ལས་ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ ་རྩ་གཉིས་དང་ལྡན་པ་ཞིག་བྱུང་སྟེ། རྐང་པའི་ཐིལ་འོག་ནས་སྐྱེས་སོ།། ཞེས་ནས་མིང་མཛེས་ལྡན་ཞེས་བྱ་བར་གྱུར་ཏེ། གཞོན་ནུ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་སྟེ། དེས་ཀྱང་གླིང ་ཅིག་ཏུ་རྒྱལ་སྲིད་ཀྱི་དབང་བྱས་སོ།། དེ་ཕྱིན་ཆད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་ནི་གླིང་ཅིག་ལ་དབང་བ་ཤ་སྟག་ཡིན་པར་རིག་པར་བྱའོ།། མཛེས་ལྡན་གྱི་བུ་ནི་བཏང་བའོ།། ་བཏང་བའི་བུ་ནི་གཏང་གཟུངསོ།། བཏང་གཟུང་གི་བུ་ནི་ཤ་ཀུ་ནིའོ།། ཀུན་ཤའི་བུ་ནི་ཀུ་ཤིའོ།། ཀུ་ཤིའོ་བུ་ནི་ཀུ་ཤི་ཆེན་པོའོ།། ཀུ་ཤི་ཆེན་པོའི་བུ་ནི་ལེགས་མཐོང་ངོ་ལེགས ་མཐོང་གི་བུ་ནི་ལེགས་མཐོང་ཆེན་པོའོ།། ལེགས་མཐོང་ཆེན་པོའི་བུ་གནོད་སེལོ། གནོད་སེལ་གྱི་བུ་ནི་གསེར་མདེ་གོ། གསེར་མདོག་གི་བུ་ནི་སྐ་ལྡན་ནོ།། སྐལ་ལྡན་གྱི་བུ་ནི་ངན ་སྤོང་ངོ་།། ངན་སྤོང་གི་ནི་ལྷུན་པོའོ།། ལྷུན་པོའི་བུ་ནི་ངེས་འགྲོའོ།། དེས་འགྲོའི་བུ་ནི་རབ་ཏུ་སྒྲ་གྲགས་སོ།། རབ་ཏུ་སྒྲ་གྲགས་ཀྱི་བུ་ནི་རབ་ཏུ་གྲགས་ཆེན་པོའོ།། རབ་ཏུ་སྒྲ་གྲགས་ཆེན ་པོའི་བུ་ནི་བདེ་བྱེད་དོ།། བདེ་བྱེད་ཀྱི་བུ་ནི་ཕྱོགས་དག་གོ།། ཕྱོགས་བདག་གི་བུ་ནི་རྡུལ་བཟང་ངོ་།། རྡུལ་བཟང་གྱི་བུ་ནི་རྒྱས་བྱེད་དོ།། རྒྱས་བྱེད་ཀྱི་བུ་ནི་ལྷ་ཆེན་པོའི་བུ་རྒྱུད་དང་། ་ཚ་བོ་དང་ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གི་བགྲོས་པའི་གྲོང་ཁྱེར་དུ་རྒྱལ་སྲིད་ཀྱི་དབང་བྱསོ།། དེ་དག་གི་འོག་ཏུ་རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་བྱངོ་།། མུ་ཁྱུད་ཀྱི་བུ་ནི ་རྒྱལ་བ་པོའོ།། རྒྱལ་བ་པོའི་བུ་ནི་ལྷན་པའོ།། ལྷུན་པོའི་བུ་ནི་འཇིགས་བྱེད་ཀྱི་ཤིང་རྟའོ།། འཇིགས་བྱེད་ཀྱི་ཤིང་རྟའི་བུ་ནི་ཤིང་རྟ་རྒྱ་པའོ།། ཤིང་རྟ་རྒྱ་བའི་བུ་ནི་ཤིང ་རྟ་བཅུ་པའོ།། ཤིང་རྟ་བཅུ་པའི་འོག་ཏུ་རྔ་འཛིན་གྱི་རྒྱལ་པོ་ལྔ་སྟོང་གི་རྒྱལ་སྲིད་དབང་ཕྱུག་ལ་དབང་བྱས་སོ།། ལྔ་འཛིན་གྱི་རྒྱལ་པོ་ལྔ་སྟོང་གི་འོག་ཏུ་ཀ་ལིང་ཀའི་རྒྱལ ་པོ་ལྔ་སྟོང་གི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱསོ།། ཀ་ལིང་ཀའི་རྒྱལ་པོ་ལྔ་སྟོང་གི་འོག་ཏུ་ཨ་མ་ཀའི་རྒྱལ་པོ་བདུན་སྟོང་བྱུང་ངོ་།། ཨ་མ་ཀའི་རྒྱལ་པོ་བདུན་སྟོང་གི ་འོག་ཏུ་སྒྲ་མི་སྙན་གྱི་རྒྱལ་པོ་བརྒྱད་སྟོང་བྱུང་ངོ་།། སྒྲ་མི་སྙན་གྱི་རྒྱལ་པོ་བརྒྱད་སྟོང་གི་འོག་ཏུ་ཐོད་པ་ཅན་གྱི་རྒྱལ་པོ་དགུ་སྟོང་བྱུང་ངོ་།། ཐོད་པ་ཅན་གྱི་རྒྱལ་པོ་དགུ་སྟོང་གིའོ། ་ཏུ་གླུ་དབྱངས་ཀྱི་རྒྱལ་པོ་ཁྲི་བྱུང་ངོ་།། གླུ་དབྱངས་ཀྱི་རྒྱལ་པོ་ཁྲིའི་འོག་ཏུ་མ་གཏིའི་རྒྱལ་པོ་ཁྲི་ཅིག་སྟོང་བྱུང་ངོ་།། མ་ག་ཏའི་རྒྱལ་པོ་ཥ། ་ཅིག་སྟོང་གི་འོག་ཏུ། ཏུ་མ་ལའི་ཏིའི་རྒྱལ་པོ་ཁྲི་ལྔ་སྟོང་བྱུང་ངོ་།། ཏུ་མ་ཏའི་ཏིའི་རྒྱལ་པོ་ཁྲི་ལྔ་སྟོང་གི་འོག་ཏུ་རྒྱལ་པོ་བུ་རམ་ཤིང་སྐྱེས་ཞེས་བྱ་བ་བྱུང་ངོ་།། བུ་རམ་ཤིང་སྐྱེས ་ཀྱི་འོག་ཏུ་ཆའི་རྒྱུད་དང་ཚ་བོ་དང་ཡང་ཆའི་རྒྱུད་བུ་རམ་ཤིང་སྐྱེས་རྒྱལ་པོ་སྟོང་ཅིག་རྒྱས་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱསོ།། དེ་དག་གི་འོག་ཏུ་རྒྱལ་པོ་འཕགས་སྐྱེས་པ་ཞེས་བྱ ་ཁ་བྱུང་ངོ་།། འཕགས་སྐྱེས་པོ་ལ་བུ་བཞི་བྱུང་ལ་ལ་འདི་ལྟ་སྟེ་བཞིན་འབར་བ་དང་། ལག་སྣ་ཅན་དང་། གླང་ཆེན་འདུལ་དང་། རྐང་རྔུབ་ཅན་ནོ།། དེ་ནས་རྔ་རྔུབ་ཅན་གྱི ་རྒྱལ་པོ་རྐང་རྔུབ་ཅན་གྱི་ཞབས་ཞེས་བྱ་བ་བྱུང་ངོ་།། རྐང་རྔུབ་ཅན་གྱི་ཞབས་ཀྱི་བུ་ནི་གནས་འཇིག་གོ། གནས་འཇིག་གི་བུ་ནི་བ་ལང་གནསོ།། བ་ལང་གནས་ཀྱི་བུ་ནི་སེང་གེ་འགྲམ ་སྟེ་སེང་གེ་འགྲམ་མ་ལ་བུ་བཞི་ཡོད་པ་ལ་འདི་ལྟ་སྟེ། ཟས་གཙང་དང་། ཟས་དཀར་དང་བྲེའོ་ཟས་དང་། བདུད་རྩི་ཟས་སོ།། ཟས་ཙང་གི་སྲས་ནི་བཅོམ་ལྡན་འདས་སོ་བཅོམ་ལྡན་འད ་ཀྱི་སྲས་ནི་སྒྲ་གཅན་ཟིན་ནོ།། འདི་ནི་རེ་ཤིག་ཆོས་མངོན་པ་ལས་འབྱུང་བའི་རིམ་པ་སྟེ། བདག་ཉིད་ཆེན་པོ་དེ་དག་གིས་ཡི་གེ་རྒྱ་བ་དག་ལས་མདོར་སྡུས་སོ།། འདུལ་བ་ལས་ཇི་སྐད ་འབྱུང་བ་དེ་བཞིན་དུ་ཡང་བྲི་བར་བྱས་ཏེ། མང་པོས་བཀུར་བ་དང་། འོད་མཛེས་དང་། དགེ་བ་དང་། དགེ་མཆོག་དང་། གས་སྦྱོང་འཕགས་དང་། ང་ལ་ནུ་དང་། མཛེས་པ་དང ་མཛེས་ཅན་དང་། མཛེས་ལྡན་དང་། རྒྱས་བྱེད་དང་། སྲེད་པ་དང་བཏང་བ་དང་། གཏང་བཟུང་དང་ལུས་རྡུལ་དང་གསེར་མདོག་དང་། ང་སྲོང་དང་ཤིང་རྟ་སྡུག་ཅན་དང་། ་བུག་ཅན་དང་དུག་ཅན་ཆེན་པོ་དང་ཤ་ཀུ་ནི་དང་ཤ་ཀུ་ནི་ཆེན་པོ་དང་ཀུ་ཤི་དང་ཉེ་བའི་ཀུ་ཤི་དང་། ཀུ་ཆེན་པོ་ཆེན་པོ་དང་རྒྱས་བྱེད་དང་། རྒྱས་བྱེད་ཆེན་པོ་དང་། ལེགས་མཐོང་དང་ལེག ་ཆེན་པོ་དང་། གནོད་སེལ་དང་། ཉེ་བའི་གནོད་སེལ་དང་། རྨ་བྱ་དང་ངེས་འགྲོ་དང་། བདེ་བྱེད་དང་། རབ་འདུལ་དང་རབ་ཏུ་སྒྲ་གྲགས་དང་། རབ་ཏུ་གསུང་ལྡན་དང་། འོད་བྱེད་དང ་ལྷན་པོ་དང་རི་རབ་དང་ལྷུན་པོ་ལྡན་དང་། མེ་ལྕེ་དང་མེ་ལྕེའི་ཕྲེང་བ་དང་། མེ་ལྡན་དང་མེ་ལྡན་གྱི་བུ་ཆ་རྒྱུད་དང་། ཚ་བོ་དང་། ཡང་ཆའི་རྒྱུད་ཀྱིས་རྒྱལ་པོ་འདུམ་གྱི་གྲོང་ཁྱེར་གྲུ ་འཛིན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས།། དེ་དག་གི་འོག་ཏུ་རྒྱལ་པོ་དགྲ་འདུལ་ཞེས་བྱ་བ་བྱུང་སྟེ་དགྲ་འདུལ་བའི་ཕྱིར་ན་མིང་དགྲ་འདུལ་ཞེས་བྱའོ།། རྒྱལ་པོ་དགྲ་འདུལ ་གྱི་བུ་ཚ་རྒྱུད་དང་། ཚ་བོ་དང་ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་ལྔ་ཁྲི་བཞི་སྟོང་གིས་གྲོང་ཁྱེར་འཐབ་མེད་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱསོ།། དེ་དག་གི་འོག་ཏུ་རྒྱལ་པོ་མ་ཕེབས ་ཞེས་བྱ་བ་འབྱུང་།། རྒྱལ་པོ་ཕེབས་ཀྱི་བུ་ཚ་བོ་དང་རྒྱུད་དང་ཚ་བོ་དང་ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་དྲུག་ཁྲི་སུམ་སྟོང་གི་བ་ར་ན་སེའི་གྲོང་ཁྱེར་དུ་རྒྱལ་སྲིད་བྱི་དབང་ཕྱུག་ལ་དབང་བྱས།། ་དེ་དག་གི་འོབ་ཏུ་རྒྱལ་པོ་བཟོད་པ་དགའ་ཞེས་བྱ་བ་འབྱུང་སྟེ། རྒྱལ་པོ་བཟོད་པར་དཀའ་བུ་ཆ་རྒྱུད་དང་། ཚ་བོ་དང་ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས་གྲོང ་@འདིར་འཛིན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱསོ།། དེ་དག་གི་འོག་ཏུ་ཚངས་པ་བྱིན་ཞེས་བྱ་བ་འབྱུང་སྟེ། རྒྱལ་པོ་གླང་པོ་བྱིན་གྱི་བུ་ཆ་རྒྱུད ་དང་ཚ་བོ་དང་ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་ལྔ་སྟོང་གིས་གྲོང་ཁྱེར་རྡོ་མཇོག་ཏུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དོ།། དེ་དག་གི་འོག་ཏུ་རྒྱལ་པོ་བལ་བུ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་བལ ་བུའི་བུན་རྒྱུང་དང་། ཚ་བོ་དང་ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་སུམ་ཁྲི་ཉེ་སྟོང་གིས་གྲོང་ཁྱེར་ཨུར་ཤར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས།། དེ་དག་གི་འོག་ཏུ་རྒྱལ་པོ་མཚན་ཆེན་ཐུབ་ཞེས ་བྱ་བ་བྱུང་སྟེ། རྒྱལ་པོ་མཚན་ཆེན་ཐུབ་ཀྱི་བུ་ཚེ་རྒྱུད་དང་། ཚ་བོ་དང་ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་སུམ་ཁྲི་ཉི་སྟོང་གི་གྲོང་ཁྱེར་མ་ཕེབས་སུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག ་གི་འོག་ཏུ་རྒྱལ་པོ་ཞེས་བྱ་བ་བ་བྱུང་སྟེ། རྒྱལ་པོ་རྒྱལ་པོ་ཞེས་བྱ་བའི་བུ་ཚ་རྒྱུད་དང་ཚ་བོ་དང་། ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་ཁྲི་ཉི་སྟོང་གིས་ཀུན་ནྱ་ཀུབ་ཆའི་གྲོང་ཁྱེར་དུ་རྒྱལ་སྲིད་ཀྱི ་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་བའི་སྡེ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་རྒྱལ་པོའི་སྡེ་བུ་ཆ་རྒྱུད་དང་། ཚ་བོ་དང་ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་ཁྲི་བརྒྱད་སྟོང་གིས་གྲོང་ཁྱེར ་ཙམ་པར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱསོ།། དེ་དག་གི་འོག་ཏུ་ཀླུའི་ལྷའི་བུ་ཆ་རྒྱུད་དང་། ཚ་བོ་དང་ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་ཉི་ཁྲི་ལྔ་སྟོང་གིས་ཏ་མ་ལིའི་ཏིའི་གྲོང་ཁྱེར་དུ་རྒྱལ ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱསོ།། དེ་དག་གི་འོག་ཏུ་རྒྱལ་པོ་ལྷ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་མིའི་ལྷའི་བུ་ཆུ་རྒྱུད་དང་། ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་ཁྲི་ཉི་སྟོང་གིས་ཡ་ཏ་མ་ལིའི་ཏའི། ་གྲོང་ཁྱེར་ཏུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས།། དེ་དག་གི་རོབ་ཏུ་རྒྱལ་པོ་དུག་ཅན་པའི་ལྷ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་དུག་ཅན་པའི་ལྷའི་བུ་ན་རྒྱུ་དང་ར་བོ་དང་ཡང་ནི་རླུད་ཀྱི ་རྒྱལ་པོ་ཁྲི་བརྒྱད་སྟོང་གིས་གྲོང་ཁྱེར་སོ་ལྡན་དུ་རྒྱལ་སྲི་དབང་ཕྱུག་ལ་དབང་བྱསོ།། དེ་དག་གི་འོག་ཏུ་རྒྱལ་པོ་བློ་བཟང་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་བློ་བཟང་གི་བུ་ཚ་རྒྱུད་དང་ཚ་བོ། ་དང་ཡང་རིའི་རྒྱུད་ཀྱི་རྒྱལ་པོ་ཉི་ཁྲི་ཆིག་སྟོང་གི་གྲོང་ཁྱེར་རྒྱལ་བའི་ཁབ་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་ཏེ། དེ་དག་གི་འོག་ཏུ་རྒྱལ་པོ་མུན་སེལ་བྱ་བ་བྱུང་སྟེ། རྒྱལ་པོ ་མུན་སེལ་གྱི་བུ་ཆ་རྒྱུད་དང་། ཚ་བོ་དང་ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་རྒྱས་གྲོང་ཁྱེར་བ་ར་ན་སེ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱསོ།། དེ་དག་གི་འོག་ཏུ་རྒྱལ་པོ་དབང་ཆེན་སྡེ་ཞེས ་བྱ་བ་བྱུང་། རྒྱལ་པོ་དབང་ཆེན་སྡེའི་བུ་ཚྭ་རྒྱུད་དང་ཚ་བོ་དང་ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས་གྲོང་ཁྱེར་ཀུ་ཤི་ལྡན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱསོ།། དེ་དག ་གི་འོག་ཏུ་རྒྱལ་པོ་རྒྱ་མཚོ་ལྷ་ཞེས་བྱུང་སྟེ། རྒྱལ་པོ་བརྒྱ་མཚོ་ལྷའི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་སྟོང་གིས་ཡང་གྲོང་ཁྱེར་གྲུ་འཛིན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག ་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་དཀའ་ཐུབ་སྤྱོད་ཅེས་བྱ་བ་བྱུང་སྟེ། རྒྱལ་པོ་དགའ་ཐུབ་སྤྱོད་ཀྱི་བུ་ཆ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི ་བཞི་སྟོང་གི་ཡང་གྲོང་ཁྱེར་ཀུ་ཤི་ལྡན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས།། དེ་དག་གིས་འོག་ཏུ་རྒྱལ་པོ་ས་གཙོ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་ས་གཙོའི་བུ་ཆ་རྒྱུད་དང་ར་བོ་དང ་ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་སྟོང་གིས་ཡང་། གྲོང་སྟོང་གིས་ཡང་གྲོང་ཁྱེར་ཀུ་ཤི་ལྡན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱའོ།། དེ་དག་གི་འོག་ཏུ། ་རྒྱལ་པོས་བདག་ཞེས་བྱ་བ་བྱུང་སྟེ། རྒྱལ་པོས་བདག་གི་བུ་ན་རྒྱུད་དང་། ཆ་བོ་དང་ཡང་ནའི་རྒྱུད་ཀྱི་རྒྱལ་པོ་སྟོང་གིས་ཡང་གྲོང་ཁྱེར་འཐབ་བྱེད་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ། ་དབང་བྱས་སོ།། དེའི་འོག་ཏུ་རྒྱལ་པོ་ས་འཛིན་གྱི་བུ་ཆ་རྒྱུད་དང་ཚ་བོ་དང་ཡང་ཆའི་རྒྱུད་ཀྱི་རྒྱ་བ་བརྒྱད་ཁྲི་སྟོང་གིས་ཡང་འདྲེས་པའི་གྲོང་ཁྱེར་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང ་བྱས།། དེའི་འོག་ཏུ་རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བ་བྱུང་སྟེ། ལྷ་ཆེན་པོའི་བུ་ཆ་རྒྱུད་དང་། ཚ་བོ་དང་ཡང་ནི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས་ཡང་གྲོ་ཁྱེར་འདྲེས་པར ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་ནས་ཐམས་ཅད་འདྲེས་པ་ཉིད་དང་། ལྷ་ཆེན་པོ་ཨ་མྲའི་ཚལ་དེ་ཉིད་དུ་རྒྱལ་པོའི་དྲང་སྲོང་དུ་གྱུར་ཏེ། དྲང་གི་ཚངས་པར་སྤོང་ངོ་།། དེ ་ངག་གི་འོག་ཏུ་རྒྱལ་པོ་ངེས་འཕེན་ཞེས་བྱ་བ་བྱུང་ངོ་།། ངེས་འཕེན་གྱི་བུ་ནི་མུ་ཁྱུད་དོ།། མུ་ཁྱུད་ཀྱི་བུ་ནི་མུ་ཁྱུད་རྟེན་ནོ།། མུ་ཁྱུད་རྟན་གྱི་བུ་ནི་ཆེན་པོ་ཆེའོ།། ཆེན་པོ་ཆེའི ་བུ་ནི་ཟ་བའོ།། ཟ་བའི་བུ་ནི་ཉེ་ཟའོ།། ཉེ་ཟའི་བུ་ནི་ཟ་བ་ཅན་ནོ།། དེ་དག་གི་འོག་ཏུ་རྒྱལ་པོ་དེས་ཟ་ལྡན་ནོ།། ཟས་ལྡན་གྱི་བུ་ནི་གྱ་ནོམ་སྣང་བའོ།། གྱ་ནོམ་སྣང་བའི་བུ་ནི ་མཉམ་ལྡན། མཉམ་ལྡན་གྱི་བུ་ནི་ཐོས་པའི་སྔའོ།། ཐོས་པའི་སྔའི་སྔའི་བུ་ནི་རྟོགས་པའོ།། རྟོགས་པའི་བུ་ནི་རྟོགས་པ་ཆེན་ནོ།། རྟོགས་ཆེན་བུ་ནི་རྟོགས་སྡེའོ།། རྟོགས ་སྡེའི་བུ་ནི་མྱ་ངན་མེད་དོ།། མྱ་ངན་མེད་ཀྱི་བུ་ནི་མྱ་ངན་བྲལ་ལོ།། མྱ་ངན་བྲལ་གྱི་བུ་ནི་མཚམས་ཉན་ནོ།། མཚམས་རྟེན་གྱི་བུ་ནི་རྒན་མཚམས་སོ་རྒན་མཚམས་ཀྱི་བུ་ནི་དུན་དུ་མ་རའོ།། ་དུན་དུ་མ་རའི་བུ་ནི་སྐྱེ་རེང་།། སྐྱེ་རེང་གི་བུ་ནི་ཕྱོགས་བདག་གོ། ཕྱོགས་བདག་གི་བུ་རྡུལ་བཟང་ངོ་།། རྡུལ་བཟང་གི་བུ་ནི་བདེ་བྱེད་དོ།། བདེ་བྱེད་ཀྱི་བུ་ནི་ཀུན་དགའོ་ཡི་བུ ་ནི་མེ་ལོང་ཞ་ལོ།། མེ་ལོང་ཞལ་གྱི་བུ་སྐྱེད་པ་པའི་སྐྱེད་པ་པོའི་བུ་ནི་རྒྱལ་བ་ཁྱུང་མཆོག་གི་བུ་ནི་བཟའ་བཏུང་ལྡན་ནོ།། བཟའ་བཏུང་ལྡན་གྱི་བུ་ནི་བཟའ་བཏུང་མོད་དོ།། ་བཟའ་བཏུང་མོད་ཀྱི་བུ་ནི་ཐུབ་མེད་དོ།། ཐུབ་མེད་ཀྱི་བུ་ནི་བཞན་གྱིས་མི་ཐུབ་པའོ།། གཞན་གྱིས་མི་ཐུབ་པའི་བུ་ནི་རྟེན་པའོ།། བརྟན་པའི་རབ་བརྟན་ནོ།། རབ་བརྟན ་གྱི་བུ་ནི་སྟོབས་པོ་ཆེའོ།། སྟོབས་པོ་ཆེའི་བུ་ནི་གཞོན་པ་ཆེའོ།། གཞོན་པ་ཆེའི་བུ་ནི་བློ་བཟང་ངོ་།། བློ་བཟང་གི་བུ་ནི་གཞོན་བརྟན་ནོ།། གཞོན་རྟེན་གྱི་བུ་ནི་གཞོན་བཅུ ་པའོ།། གཞུ་བཅུ་པའི་བུ་ནི་གཞུ་བརྒྱད་པའོ།། གཞུ་བརྒྱད་པའི་བུ་ནི་གཞུ་དགུ་བཅུ་པའོ།། གཞུ་དགུ་བཅུ་པའི་བུ་ནི་རྣམ་པར་རྒྱལ་བའི་གཞུའོ།། རྣམ་པར་རྒྱལ ་བའི་གཞུ་ནི་བཅུ་བཀྲའོ།། གཞུ་བཀྲའི་བུ་ནི་གཞུ་སྲའོ།། གཞུ་སྲའི་བུ་ནི་བཞུ་ཏན་ནོ།། གཞུ་ཏན་གྱི་བུ་ནི་ཤིང་རྟ་བཅུ་པའོ།། ཤིང་རྟ་བཅུ་པའི་བུ་ནི་ཤིང་རྟ་བརྒྱད་པའོ།། ་ཤིང་རྟ་བརྒྱང་བའི་བུ་ནི་ཤིང་རྟ་དགུ་བཅུ་པའོ།། ཤིང་རྟ་དགུ་བཅུ་པའི་བུ་ནི་ཤིང་རྟ་སྣ་ཚོགས་པའོ།། ཤིང་རྟ་སྣ་ཚོགས་པའི་བུ་ནི་ཤིང་རྟ་རྣམ་པ་སྣ་ཚོགས་པའོ།། ཤིང་ན། ་རྣམ་པ་སྣ་ཚོགས་པའི་བུ་ནི་ཤིང་རྟ་བརླིང་བའོ།། ཤིང་རྟ་བརླིང་བའི་བུ་ནི་ཤིང་རྒཏན་ནོ།། རྒྱལ་པོ་ཤིང་རྟ་རྟན་གྱི་བུ་ཆ་རྒྱུད་དང་ཆ་བོ་དང་ཡང་ཅིའི། ་རྒྱུད་ཀྱི་རྒྱལ་པོ་བདུན་ཁྲི་བདུན་སྟོང་གིས་གྲོང་ཁྱེར་ལེགས་པ་སྣང་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ་དེ་དག་གི་འོག་ཏུ་རྒྱལ་པོ་ནམ་མཁའི་བདག་པོ་ཞེས་བྱ་བ་བྱུང་སྟེ། རྒྱལ ་པོ་ནམ་མཁའི་བདག་པོའི་བུ་ནི་ཀླུའི་བསྲུངས་སོ།། རྒྱལ་པོ་ཀླུས་བསྲུངས་ཀྱི་བུར་རྒྱུད་དང་། ཚ་བོ་དང་ཡང་ཆའི་རྒྱུད་རྒྱལ་པོ་རྒྱས་ཡང་གྲོང་ཁྱེར་བར་ན་སེར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ ་དབང་བྱསོ།། དེ་དག་གི་འོག་ཏུ་རྒྱལ་པོ་ཀྲི་ཀྲི་ཞེས་བྱ་བ་བྱུང་སྟེ། དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང ་ཞབསུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་བསྲུངས ་འཇིག་རྟེན་དུ་བྱུང་སྟེ། དེ་བྱང་ཆུབ་སེམས་དཔས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་བསྲུངས་ལས་མ་འོངས་པའི་དུས་ན། བྱང་ཆུབ་ཐོབ་པར་བྱ་བའི ་ཕྱིར་སྨོན་ལམ་བཏབ་ཅིང་ཚངས་པར་སྤྱོད་པ་སྤྱད་ནས། དགའ་ལྡན་ལྷའི་རིས་སུ་སྐྱེས་ཏེ། དེ་དེ་ནས་ཚེ་ཇི་ཙམ་པར་དེ་སྲིད་དུ་གནསོ།། རྒྱལ་བཻ་ཀྲི་ཀྲིའི་བུ་ལེགས་པར་སྐྱེས ་ཞེས་བྱ་བར་གྱུར་ཏེ་རྒྱལ་པོ་ལེགས་པར་སྐྱེས་ཀྱི་བུ་ཆ་རྒྱུད་དང་ཚ་བོ་དང་ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་བརྒྱས་ཀྱང་གྲོང་ཁྱེར་གྲུ་འཛིན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱསོ།། དེ་དག ་གི་འོག་ཏུ་རྒྱལ་པོ་རྣ་བ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་རྣ་བ་ཞེས་བྱ་བའི་བུ་ནི་ཀོའུ་ཏ་མ་དང་བ་ར་དཱ་ཛ་གཉིས།། དེ་གཉིས་ལས་གུའུ་ཏ་མའི་བུ་ནི་བུ་རམ་ཤིང་ཤེས་བྱས།། རྒྱལ་པོ། ་བུ་རམ་ཤིང་སྐྱེས་ཀྱི་བུ་ར་རྒྱུད་དང་། ཚ་བོ་དང་ཡང་ཆ་རྒྱུད་བུ་རམ་ཤིང་སྐྱེས་ཀྱི་རྒྱལ་པོ་རྒྱས་གྲོང་ཁྱེར་གྲུ་འཛིན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱསོ།། དེ་དག་གི་འོག ་ཏུ་རྒྱལ་པོ་འཕགས་སྐྱེས་པོ་ཞེས་པ་བྱུང་སྟེ། རྒྱལ་པོ་འཕགས་སྐྱེས་པའི་བུ་བཞི་ལ་འདི་ལྟ་སྟེ་བཞི་འབར་དང་། ལག་རྣ་ཅན་དང་། གླང་ཆེན་འདུལ་དང་། རྐང་རྔུབ་ཅན ་རྣམས་ཏེ། རྐང་རྔུབ་ཅན་རྣམས་ཀྱི་བུ་ནི་གནས་འཇིག་གོ། གནས་འཛག་གི་བུ་ནི་བ་ལང་གནས་སོ།། བ་ལང་གནས་ཀྱི་བུ་ནི་སེང་གེ་འགྲམ་དང་། སེང་གེ་སྒྲ་གཉིས་སོ།། ་སེང་གེ་འགྲམ་གྱི་བུ་གཞི་ལ་འདི་ལྟ་སྟེ་ཟས་གཙང་དང་ཟས་དཀར་དང་། བྲེ་བོ་ཟས་དང་བདུད་རྩིའི་ཟས་སོ།། བུ་མེ་ནི་གཙང་མ་དང་དཀར་མོ་དང་བྲེ་མོ་དང་བདུད་རྩི་མ་རྣམསོ།། ་ཟས་ཅང་གི་བུ་གཉིས་ལ་བཅོམ་ལྡན་འདས་དང་། ཚེ་དང་ལྡན་པ་དགའོ་དང་། ཟས་དཀར་གྱི་བུ་གཉིས་ལ་ཚེ་དང་ལྡན་པ་རྒྱལ་བ་དང་། བཟང་ལྡནོ།། བྲེ་བོ་ཟས་ཀྱི། ་བུ་གཉིས་ལ་མིང་ཆེན་དང་། མ་འགགས་པའོ།། བདུད་རྩི་ཟས་ཀྱི་བུ་གཉིས་ལ་ཚེ་དང་ལྡན་པ་ཀུན་དགའོ་དང་། ལྷས་སྦྱིན་ནོ།། བདུད་རྩི་མའི་བུ་ནི་བཞི་ལེན་ནོ།། ་བཅོམ་ལྡན་འདས་ཀྱི་བུ་ནི་སྒྲ་ཅན་ཟིན་ནོ།། དེ་ལྟར་མང་པོས་བཀུར་བའི་རྒྱུད་ནི་སྒྲ་ཅན་པ་ནི་མཐུག། སྒྲ་ཅན་ཟིན་གྱི་ཟད་དེ།། སྒྲ་ཅན་ཟིན་གྱིས་འཇུག་གཅང་ནས ་སྲིད་པའི་ལུགས་ཆད་ཅིང་སྐྱེ་བའི་རྒྱུད་ཟད་དེ། དེ་སྲིད་པར་སྐྱེ་བ་མེད་དོ།། འཇིག་རྟེན་གདགས་པ་ལས་ཚིག་སུ་བཅད་པའོ།། སྡོམ་ནི། རླུང ་དང་ཆུ་དང་ས་བཞི་དང་། ནད་དང་ཕྱིའི་རྒྱ་མཚོ་དང་རི་རབ་ཀྱི་ནི་ངེས་རྣམས་དང་།། རྩེ་མོང་བང་རིམ་རི་རྣམས་དང་།། ས་ནི་ཇི་ལྟར་གྱུར་པ་དང་།། རླུང་དང་ཆུ་ནི་རབ་གནས་པ།། ་དེ་དག་ཐམས་ཅད་རིམས་བཞིན་དུ།། རབ་ཏུ་བཤད་ཀྱིས་རྟོགས་པར་བགྱིས།། གང་ལ་ཆུ་ནི་རང་གནས་པའི།། རྣམ་པར་མཐོར་རླུང་ཞེས་ཕྱི་རླུང་། ནམ་མཁའ་ལ་ནི་ལྡང ་བར་གྱུར།། ས་ནི་ཆུ་ལ་རྟེན་པ་ཡིན།། རི་དང་གླིང་ན་བཞི་པོ་དང་།། ཆུ་མིག་མཚོ་དང་འབབ་པ་དང་།། ཉེ་མིང་འཛིན་འཁྲིད་གང་ཡིན་པ།། རྒྱ་མཚོ་ཆེན་པོ་ཡངས་པ་དང་།། ་འབྱོར་ཅིང་རྒྱས་པའི་ལྗོངས་དག་དང་།། གྲོང་དག་དང་ནི་གྲོང་ཁྱེར་རྣམས།། དེ་དག་ཐམས་ཅད་ས་ཆེན་ལ།། རིམས་ཀྱི་སུ་ནི་རབ་ཏུ་གནས།། ནམ་མཁའ་གང་ལ་རླུང་གི་དཀྱིལ ་འཁོར་དེའི་རྔམས་སུ་ནི་དཔག་ཚད་ས་ཡ་ཕྲག་ཅིག་དྲུག་འབུམ་ཡོད་དོ།། རྒྱར་ནི་གྲངས་མེད་ཚད་མེད་དོ།། རླུང་གི་དཀྱིལ་འཁོར་གང་ལ་ནུའི་དཀྱིལ་འཁོར་གནས་པའི་ཆུའི་དཀྱིལ ་འཁོར་དེའི་རྔམ་སུ་ནི་དཔག་ཚད་བརྒྱད་འབུམ་ཡོད་དོ།། རྒྱར་ནི་དཔག་ཆད་ས་ཡ་ཕྲག་ཅིག་དང་། ཉི་འབུམ་བཞི་བརྒྱ་ལྔ་བཅུ་ཡོད་དོ།། མཐའ་སྐོར་དུ་ནི་ས་ལ་ཕྲག་གསུམ། ་དང་དྲུག་འབུམ་སུམ་བརྒྱ་ལྔ་བཅུ་ཡོད་དོ།། ཆུའི་དཀྱིལ་འཁོར་གང་ལ་གསེར་གྱིས་བཞི་ཆེན་པོ་དེའི་རྔམ་སུ་ནི་དཔག་ཆད་སུམ་འབུམ་ཉི་ཁྲི་ཡོད་དོ།། རྒྱར་ནི་དཔག་ཚངས་པ ་ཕྲག་ཅིག་དང་། ཉི་འབུམ་བཞི་རྒྱ་ལྔ་བཅུ་ཡོད་དོ།། མཐའ་སྐོར་ནི་དཔག་ཚ་ས་ཡ་ཕྲག་གསུམ་དང་དྲུག་འབུམ་སུམ་རྒྱ་ལྔ་བཅུ་ཡོད་དོ།། ནང་གི་འཚོ་ཆེན་པོར་ནི་ཆུར་དཔག ་ཚད་ཉི་འབུམ་བཞི་ཁྲི་ཁ་ཚོན་དུ་ཡང་དག་ཉི་འབུམ་བཞི་ཁྲི་ཡོད་དོ།། མཐའ་སྐོར་དུ་ནི་དཔག་ཚད་དགུ་འབུམ་དྲུག་ཁྲི་ཡོད།། ཟབ་སུ་ནི་དཔག་ཚད་བརྒྱད་ཁྲི་ཡོད་དོ།། གསེར ་གི་ས་བཞི་ཆེན་པོ་ལ་རྟེན་ཏོ།། ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོ་ནི་ཁ་ཚོན་དུ་གླིང་མ་རྟོགས་པ་དཔག་ཚད་སུམ་འབུམ་ཉི་ཁྲི་ཡོད་དོ།། གླིང་མ་རྟོགས་པར་ནི་ཁ་ཚོན་དུ་དཔག་ཚད་སུམ ་འབུམ་ཉི་ཁྲི་སྟོང་ཡོད་དོ།། ཆུར་ཡང་དེ་དང་འདྲའོ།། མཐར་སྐོར་ནི་དཔག་ཚད་བརྒྱད་ཁྲི་ཡོད་དོ།། གསེར་གྱི་ས་བཞི་ཆེན་པོ་ལ་རྟེན་ཏོ།། རིའི་རྒྱལ་པོ་རི་རབ་ནི་དཔག ་ཆང་རྒྱད་ཁྲི་ནི་ཐུར་དུ་གསེར་གྱི་ས་བཞི་ཆེན་པོ་ལ་རྟེན་ཏོ།། དཔག་ཚད་བརྒྱ་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་ཏེ། འཕང་དུ་དཔག་ཚད་འབུམ་དྲུག་ཁྲི་ཡོད།། རྔམསུ་དཔག ་ཆད་བརྒྱ་ཁྲི་ཞེང་དུ་ཡང་དཔག་ཚད་བརྒྱད་ཁྲི་ཡོད་དོ།། མཐའ་སྐོར་དུ་ནི་དཔག་ཚད་སུམ་འབུམ་ཉི་ཁྲི་ཡོད་དོ།། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་རིན ་པོ་ཆེ་སྣ་བཞི་ལས་གྲུབ་པ་ཡིན་ཏེ། དེ་ལས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་གནསོ།། རིའི་རྒྱལ་པོ་རི་རབ་ཀྱི་ངོས་ནི་བཞི་ཡོད།། ཤར་ཕྱོགས་ཀྱི་ངོས་ལ་ལྷོ་ཕྱོགས ་དང་ནུའི་ཕྱོགས་ཀྱི་རིས་སོ།། བྱང་ཕྱོགས་ཀྱི་ངོས་སོ།། ཤར་ཕྱོགས་ཀྱི་ངེས་ནི་ཤེལ་ལས་གྲུབ་པའོ།། ལྷོ་ཕྱོགས་ཀྱི་ངེས་ནི་བཻ་ཌཱུརྱ་ལས་གྲུབ་པའོ།། ནུང་ཕྱོགས ་ཀྱི་ངོས་དངུལ་ལས་གྲུབ་པའོ།། བྱང་ཕྱོགས་ཀྱི་ངོས་ནི་གསེར་ལས་གྲུབ་པའོ།། རིའི་རྒྱལ་པོར་རབ་ཀྱི་རྩེ་མོ་བཞི་ཡོད་དོ།། ཤར་ཕྱོགས ་ཀྱི་རྩེ་མོ་དང་། ལྷོ་ཕྱོགས་དང་ནུབ་ཕྱོགས་དང་བྱང་ཕྱོགས་དང་རྩེ་མེའོ།། ཤར་ཕྱོགས་ཀྱི་རྩེ་མོའི་ཆུར་དཔག་ཚད་རྒྱ་ཉི་ཤུ་རྩ་ལྔ་ཞེང་དུ་ཡང་དཔག་ཚད་རྒྱ་ཉི་ཤུ་རྩ་ལྔ་མཐའ ་སྐོར་དུ་ཡང་དཔག་ཚད་ལྔ་རྒྱ་ཡོད་དོ།། དཔག་ཚད་ཕྱེ་དང་ལྔ་ནི་རི་རབས་ལས་གྱེན་དུ་འཕགས་ཏེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ཤེལ་ལས་གྲུབ་པ་སྟེ། དེ་ན་གནོད ་སྦྱིན་ལག་ན་རྡོ་རྗེ་རྣམས་གནསོ།། ལྷོ་ཕྱོགས་ཀྱི་རྩེ་མེ་ནི་ཆུར་དཔག་ཚད་རྒྱ་ཉི་ཤུ་རྩ་ལྔ་ཞེང་དུ་ཡང་དཔག་ཚད་རྒྱ་ཉི་ཤུ་རྩ་ལྔ། མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ་ཡོད་དོ།། དཔག་ཚད་བྱེ ་དང་ལྔ་ནི་རིའི་རྒྱལ་པོ་རི་རབ་ལས་གྱེན་དུ་འཕགས་ཏེ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་བཻ་ཌཱུརྱ་ལས་གྲུབ་པ་སྟེ། དེ་ནས་གནོད་སྦྱིན་ལག་ན་རྡོ་རྗེ་རྣམས་གནས།། ནུབ་ཕྱོགས ་ཀྱི་རྩེ་མེ་ནི་ཆུར་དཔག་ཚད་ཉི་ཤུ་རྩ་ལྔ་ཞེང་དུ་དཔག་ཚད་ཉི་ཤུ་རྩ་ལྔ། མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ་ཡོད་དོ།། དཔག་ཚད་ཕྱེད་དང་ལྔ་ནི་རིའི་རྒྱལ་པོ་རི་རབ་ལས་གྱེན་དུ་འཕག་སོ།། ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་དངུལ་ལས་གྲུབ་པ་སྟེ། དེ་ནས་གནོད་སྦྱིན་ལག་ན་རྡོ་རྗེ་རྣམས་སོ་བྱང་ཕྱོགས་ཀྱི་རྩེ་མེ་ནི་ཆུར་དཔག་ཚད་ཉི་ཤུ་རྩ་ལྔ། ཞེང་དུ་དཔགེ ་ཚད་ཉི་ཤུ་རྩ་ལྔ། ཞེང་དུ་དཔག་ཚད་ཉི་ཤུ་རྩ་ལྔ། མཐའ་སྐོར་དུ་དཔག་ཚད་ལྔ་རྒྱ་ཡོད་དོ།། དཔག་ཆད་ཕྱེ་དང་ལྔ་ནི་རིའི་རྒྱལ་པོ་རི་རབ་ལས་གྱེན་དུ་འཕགས་ཏེ། དབྱིབས ་ལེགས་ཤིང་ཀུན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། དེན་གནོད་སྤྱོད་ལགན་རྡོ་རྗེ་རྣམས་གནསོ།། རོའི་རྒྱལ་པོ་རི་རབ་ཀྱི་བང་རིབ་ནི་ངཞི་ཡོད་དོ།། བང་རིབ་དང་པོ་དང་། ་གཉིས་པ་དང་གསུམ་པ་དང་། བཞི་པའོ།། བང་རིམ་དང་པོ་ནི་ཆུ་ལས་དཔག་ཚད་ཁྲི་གྱེན་དུ་འཕགས་ལ་རིའི་རྒྱལ་པོ་རི་རབ་ལས་དཔག་ཚད་ཁྲི་དྲུག་སྟོང་ཕྱིར་འཕགས་ཏེ། ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་སྟེ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་སྟེ། དེ་ན་ལྷ་ལག་ན་ཡོལ་གོ་ཐོགས་ཀྱི་ལྷ་རྣམས་གནསོ་བང་རིམ་གཉིས་པ་ནི་བང་རིམ་དང་པོ་ལས ་དཔག་ཚད་ཁྲི་གྱེན་དུ་འཕགས་ལ། རིའི་རྒྱལ་པོ་རི་རབ་ལས་དཔག་ཚད་ཁྲིས་གྱེན་དུ་འཕགས་ལ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་རིན་པོ་སྣ་བཞི་ལས་གྲུབ་པ་སྟེ། ་དེ་ན་ཕྲེང་ཐོགས་ཀྱི་ལྷ་རྣམས་གནས།། བང་རིམ་གསུམ་པ་ནི་བང་རིམ་གཉིས་པ་ལས་དཔག་ཚད་ཁྲི་གྱེན་དུ་འཕགས་ལ། རིའི་རྒྱལ་པོ་རི་རབ་ལས་དཔག་ཚད་བཞི་སྟོང་ཕྱིར་འཕགས ་ཏེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་རིན་པོ་ཆེ་སྣ་ཚོགས་ལ་གྲུབ་པ་སྟེ། དེ་ནས་རྟག་ཏུ་མྱོས་པའི་ལྷ་རྣམསོ།། བང་རིམ་བཞི་པ་ནི་བང་རིམ་གསུམ་པ་ལས་དཔག་ཚད་ཁྲི ་གྱེན་དུ་འཕགས་ལ། རིའི་རྒྱལ་པོ་རོ་རབ་ལས་དཔག་ཚད་ཉི་སྟོང་ཕྱིར་འཕགས་ཏེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་རིང་པོ་སྣ་བཞི་ལས་གྲུབ་སྟེ། དེ་ན་རྒྱལ་པོ་ཆེན་པོ ་ཞི་ས་རྣམས་པནས།། རོའི་རྒྱམ་པོས་ཆག་འཛིན་ཅེས་བྱ་བ་ནི། རིའི་རྒྱལ་བ་རི་རབ་ལས་དཔག་ནད་བརྒྱད་ཁྲི་ཕྱི་བོར་ཏེ། དཔག་ནང་མཐོན་འི་འོག་གསེར་གྱིས ་ཆེན་པོ་ལ་རྟེན་ཏོ།། དཔག་ཚད་བཞི་ཁྲི་ནི་ནུ་ལས་གྱེན་དུ་འཕགས་སོ།། ཞེང་དུ་ཡང་དེ་དང་འདྲའོ།། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས ་པ་གསེར་ལས་གྲུབ་པ་སྟེ། དེ་ནས་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་། གྲོང་ཁྱེར་དང་། ལྗོངས་གནསོ།། ཅིའི་ཕྱིར་རིའི་རྒྱལ་པོ་གཉ་ཤིང་འཛིན་ཅེས་བྱ་བ་ནི་སྤྲས་པ་རིའི ་རྒྱལ་པོ་གཉ་ཤིང་འཛིན་གྱི་རྩེ་མེ་ནི་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་ཤིང་རྟའི་གཉ་ཤིང་བཞིན་ཏེ། དེ་བས་ན་རིའི་རྒྱལ་པོ་གཉ་ཤིང་འཛིན་ཅེས་བྱའོ།། རིའི་རྒྱལ་པོ་གཤོལ ་མདའ་མཛིན་ཅེས་བྱ་བ་ནི་རིའི་རྒྱལ་པོ་གཉ་ཤིང་འཛིན་ནས་དཔག་ཚད་བཞི་ཁྲི་བོར་ཏེ། དཔག་ཆད་རྒྱ་ཁྲི་ནི་ཆུའི་འོག་གསེར་གྱི་ས་བཞི་ལ་རྟེན་ཏེ། དཔག་ཚད་ཉི་ཁྲི་ནི་ཆུ་ལས ་གྱེན་དུ་འཕགསོ།། ཞེང་དུ་ཡང་དེ་དང་སྟེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ་དེ་ནས་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་གྲོང་ཁྱེར་དང་ལྗོངས། ་གནས་སོ།། ཅིའི་ཕྱིར་རིའི་རྒྱལ་པོ་གཤོལ་མངའ་འཛིན་ཅེས་བྱ་ཞེ་ན། སྨྲས་པ་རིའི་རྒྱལ་པོ་གཤོལ་འདའ་འཛིན་གྱི་རྩེ་མོ་ནི་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ནི། ་དཔེར་ན་གཤོལ་མདའ་འཛིན་ལྟ་བུ་ཏེ། དེ་བས་ན་རིའི་རྒྱལ་པོ་གཤོལ་མདའ་འཛིན་ཞེས་བྱ་འོག་སྟེ། རིའི་རྒྱལ་པོ་སེང་ལྡེང་ཅན་ཞེས་བྱ་བ་ནི་རྀའི་རྒྱལ་པོ་གཤོལ་མདའ་འཛིན ་ནས་དཔག་ཚད་ཁྲི་བོར་ཏེ་དཔག་ཚད་བརྒྱད་ཁྲི་ནི་ནུ་ཞེང་ནས་གསེར་གྱི་ས་གཞི་ལ་རྟེན་ཏོ།། དཔག་ཚད་ཁྲི་ནི་ནུ་ལས་གྱེན་དུ་འཕགསོ།། ཞེང་དུ་ཡང་དེ་དང་འདྲ་སྟེ་དབྱིངས ་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། དེ་ན་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་གྲོང་དང་གྲོང་ཁྱེར་དང་ལྗོངས་གནས།། ཅིའི་ཕྱིར་རིའི་རྒྱལ་པོ་སེང་ལྡེང་ཅན ་ཞེས་བྱ་ཞེ་ན་སྨྲས་པ་རིའི་རྒྱལ་པོ་སེང་ལྡེང་ཅན་གྱི་ཕྱོགས་དེ་དང་། དེ་དག་ནི་ཇི་ལྟར་གསེར་གྱི་སེང་ལྡེང་ཡོད་བཞིན་དུ་རི་གཞན་དག་ལ་མེད་དེ། དེ་བས་ན་རིའི་རྒྱལ་པོ ་སེང་ལྡེང་ཙན་ཞེས་བྱ་བ། རིའི་རྒྱལ་པོ་ལྟ་ན་སྡུག་ཅེས་བྱ་བ་ནི་རིའི་རྒྱལ་པོ་སེང་ལྡེང་ཅན་ནས་དཔག་ཆད་ཁྲི་བོར་ཏེ། དཔག་ཚད་རྒྱ་ཁྲི་ནི་ཆུའི་འོག་གསེར་གྱི་ས་བཞི་ལ་རྟོན ་ཏོ། དཔག་ཚད་སྟོང་ནི་རུ་ལས་གྱེན་དུ་འཕགས་སོ།། ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། དེ་ན་རྒྱལ་ཆེན ་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་གྲོང་ཁྱེར་དང་ལྗོངས་གནས།། ཅིའི་ཕྱིར་རིའི་རྒྱལ་པོ་ལྟ་ན་སྡུག་ཞེས་བྱ་ཞེ་ན། རིའི་རྒྱལ་པོ་ལྟ་ན་སྡུག་གི་རྩེ་མོ་ནི་ཇི་ལྟར་དབྱིབས་ལེགས ་ཤིང་ལྟ་ན་སྡུག་ལ་མཛེས་པ་བཞིན་དུ་རི་དགས་མེད་དེ་བས་ན་རིའི་རྒྱལ་པོ་ལྟ་ན་སྡུག་ཅེས་ཞེས་བྱའོ།། རིའི་རྒྱལ་པོ་ལྟ་ན་སྡུག་གནས་དཔག་ཚད་ལྔ་སྟོང་དེར་ཏེ། དཔག་ཚང་རྒྱད ་ཁྲོན་ནུའི་འོག་གསེར་གྱི་ས་བཞི་ལ་རྟེན་ཏོ།། དཔག་ཚད་སྟོང་ལ་རྒྱ་ནི་ཆུ་ལས་བྱིན་དུ་འཕགས་ཏེ་ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ ་གསེར་ལས་གྲུབ་པ་སྟེ། དེ་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་གྲོང་ཁྱེར་དང་ལྗོངས་གནས་སོ།། ཅིའི་ཕྱིར་ན་རིའི་རྒྱལ་པོ་ཉན་རཱི་ཞེན་སྨྲས་པ། རོའི་རྒྱལ་བ་རྟེན་རྫོ། ་རྩེ་མོ་དབྱིབས་ལེགས་པ་ལྟ་ན་སྡུག་པ་མཛེས་པ་ནི་དཔེར་རྟའི་རྣ་བ་བཞིན་ནོ།། དེ་བས་ན་རིའི་རྒྱལ་པོ་རྟ་ན་རི་ཞེས་བྱའོ།། རིའི་རྒྱལ་པོ་རྣམ་པར་འདུད ་ཅེས་བྱ་བ་ནི་རིའི་རྒྱལ་པོ་རྟ་ན་རི་ནས་དཔག་ཚད་སྟོང་ལྔ་རྒྱ་བོར་ཏེ། དཔག་ཚད་རྒྱང་ཁྲི་ནི་ཆུའི་འོག་གསེར་གྱི་ས་བཞི་ཆེན་པོ་ལ་རྟེན་ཏོ།། ཅིའི་ཕྱིར་རིའི་རྒྱལ་པོ་རྣམ་པར་འདུད་ཅེས་བྱ་ཞེ་ན། ་སྨྲས་པ་རིའི་རྒྱལ་པོ་རྣམ་པར་བདུད་ཀྱི་རྩེ་མོ་དམའ་ཞིང་བདུད་པ་ནི་དཔེར་ན་སྨན་རུ་བཞིན་ཏེ། དེ་བས་ན་རིའི་རྒྱལ་པོ་རྣམ་པར་བདུད་ཅེས་བྱའོ།། རིའི་རྒྱལ་པོ་མུ་ཁྱུད་འཛིན་ཅེས ་བྱ་བ་ནི། རིའི་རྒྱལ་པོ་རྣམ་པར་བདུད་ནས་དཔག་ཚད་སྟོང་ཉི་རྒྱ་ལྔ་བཅུ་བོར་ཏེ། དཔག་ཚད་རྒྱ་ཁྲི་ནི་ཆུའི་གསེར་གྱི་ས་གཞི་ཆེན་པོ་ལ་རྟེན་ཏོ།། དཔག་ཚད་དྲུག་རྒྱ་ཉི་ཤུ་རྩ་ལྔ་ནི་ཆུ ་ལས་གྱེན་དུ་འཕག་སོ། རྔམསུ་ཡང་དེ་དང་འདྲ་སྟེ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། དེ་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་གྲོང་ཁྱེར ་དང་ལྗོངས་གནསོ།། ཅིའི་ཕྱིར་ན་རིའི་རྒྱལ་པོ་མུ་ཁྱུད་ཅེས་བྱ་ཞེ་ན། སྨྲས་པ་རིའི་རྒྱལ་པོ་མུ་ཁྱུད་འཛིན་གྱི་རྩེ་མོ་དབྱིབས་ལེགས་ཤིང་ལྟ་ན་སྔག་ཤིང་རྟའི་མུ་ཁྱུད་བཞིན་ཏེ། དེ་བས ་ན་རིའི་རྒྱལ་པོ་མུ་ཁྱུད་འཛིན་ཞེས་བྱའོ།། རིའི་རྒྱལ་པོ་ཁོར་ཡུག་རི་ཞེས་བྱ་བ་ནི། ཕྱི་རོལ་གྱི་རྒྱུ་ཆེན་པོ་བོར་ཏེ། དཔག་ཚད་བརྒྱ་ཁྲི་ནི་ཆུའི་འོག་གསེར་གྱི་ས་བཞི་ཆེན་པོ་ལ ་རྟེན་ཏོ།། དཔག་ཚད་སུམ་རྒྱ་རྩ་བྱེ་དང་གསུམ་ནི་ཆུ་ལས་གྱེན་དུ་འཕགས་སོ།། རྔམ་སུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ལྕགས་ལས། ་གྲུབ་པ་སྟེ། དེ་ན་གནོད་སྦྱིན་གོས་སྔོན་པོ་ཅན་རྣམས་གནསོ།། ཅིའི་ཕྱིར་རིའི་རྒྱལ་པོ་ཁོར་ཡུག་རི་ཞེས་བྱ་བ་ན་སྨྲས་པ། རིའི་རྒྱལ་པོ་ཁོར་ཡུག་རིའི་ཕྱོགས་དེ་དང་དེ་དག་ན། ཇི་ལྟར། ་གསེར་གྱི་འཁོར་ལོ་ཡོད་པ་བཞིན་དུ་རི་གཞན་དག་ལ་མེད་པ་དང་། ཡང་རིའི་རྒྱལ་པོ་ཁོར་ཡུག་རིས་གླིང་བཞི་པ་འདི་འཁོར་ལོའི་ཚུལ་དུ་སྐོར་ཏེ། དེ་བས་རིའི་རྒྱལ་པོ་འཁོར་ཡུག ་རི་ཞེས་བྱའོ།། གཉའ་ཤིང་འཛིན་འཕང་དུ་ནི་དཔག་ཚད་བཞི་ཁྲི་ཡོད་པར་སྟན། གཤོལ་མངའ་འཛིན་ནི་ཉི་ཁྲི་སྟེ། ཁྲི་ན་སེང་ལྡེང་ཅན་གྱི་རི།། ལྟ་ན་སྡུག་གི་འཕང་དུ་ནི།། དཔག ་ཚད་ལྔ་སྟོང་ཡོད་པར་སྟན།། དཔག་ཚད་ཉིས་སྟོང་ལྔ་བརྒྱར་ནི།། རྟན་རི་ནི་སྔོན་པར་འཕགས།། སྟོང་དང་ཉིས་རྒྱ་ལྔ་བཅུ་ཡི།། གྲངས་སྙེན་རྣམ་པར་འདུད་པ་འཕགས།། མུ་ཁྱུད ་འཛིན་གྱི་པང་དུ་ནི།། དྲུག་རྒྱ་ཉི་ཤུ་རྩ་ལྔར་སྟན། རྒྱ་མཚོ་འདིའི་ཕྱི་རོལ་ན།། རྒྱ་མཚོ་གང་གི་སྐོར་བ་ཡི། ཁོར་ཡུག་དཔག་ཚད་སུམ་རྒྱ་དང་།། དཔག་ཚད་ཕྱེ་དང་བཅུ་གསུམ ་ཡོད།། དེའི་ཁོ་ར་རི་ར་བཞད་དོ།། འཇིག་རྟེན་པར་མཚམས་ཐམས་ཅད་དུ།། ཉི་ཟླ་དེ་བཞིན་སྐར་མ་དང་།། རྒྱུ་སྐར་ཚོགས་ནི་རྒྱ་ཆེན་རྣམས། ཁོར་ཡུག་མི་འདའ་འཇིག་རྟེན་གྱི།། ་བར་མཚམས་ཐམས་ཅད་མུན་པར་འདུག། མུ་ཁྱུད་འཛིན་དང་རྣམ་པར་འདུད། དེ་བཞིན་རྟ་རྣ་རི་དང་ནི།། ལྟ་ན་སྡུག་དང་སེང་ལྡེང་ཅན།། གཤོལ་མདའ་འཛིན་དང་གཉེ་ཤིང ་འཛིན།། རི་བི་དེ་དག་བདུན་པོ་རྣམས།། རིའི་མཆོག་སྟེ་གསེར་ལས་གྲུབ།། རི་རབ་ལ་སོགས་རི་བོ་རྣམས།། དེ་དག་གསེར་གྱི་བཞི་ལ་རྟེན། འཇིག་རྟེན་གདགས་པ་ལས ་ཚིགས་བཅུ་གཉིས་པའོ།། སྡོམ་ནི། མཚོ་དང་རྒྱ་མཚོ་བོ་བྲང་འཁོར།། གླིང་དག་དག་ནི་གླིང་དྲན་རྣམས།། སྟེང་དང་འོག་ནི་སྡིག་བྲལ་གྱི།། ཤེས ་པ་ཉམས་སུ་མྱོང་བ་ཡོད།། རིའི་རྒྱལ་པོ་གཉ་ཤིང་འཛིན་དང་།། རིའི་རྒྱལ་པོ་གཤེལ་མདའ་འཛིན་གྱི་བར་དེའི་སྐབས་ན།། གཉ་ཤིང་འཛིན་གྱི་མཆོགས་བྱ་བ་ཡོད་དོ།། ཟབས་སུ་ནི ་དཔག་ཚད་བརྒྱ་ཁྲི་ཡོད་ལ།། གསེར་གྱི་ས་བཞི་ཆེན་པོ་ལ་རྟེན་ཏོ།། ཁ་ཚོན་དུ་ནི་དཔག་ཚད་བཞི་ཁྲི་ཡོད་དོ།། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ཆུ་གསིལ་ཞིང་སྦྲང་རྩི་ལྟ་བུས ་གང་སྟེ། ཀླུའི་རྒྱལ་པོ་དག་གིས་རྒྱས་པར་འདུག་གོ། རིའི་རྒྱལ་པོ་གཤོལ་མདའ་མཛིན་དང་། རིའི་རྒྱལ་པོ་སེང་ལྡེང་ཅན་གྱི་བར་དེའི་སྐབས་ན། གཤོལ་མདའ་འཛིན་གྱི་མཚོ ་ཞེས་བྱ་བ་ཡོད་དེ། ཟབ་སུ་དཔག་ཚད་རྒྱ་ཁྲི་ཡོད་ལ། གསེར་གྱི་ས་བཞི་ཆེན་པོ་ལ་རྟེན་ཏོ།། ཁ་ཚོན་དུ་ནི་དཔག་ཚད་ཉི་ཁྲི་ཡོད།། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པརུ ་བསིལ་ཤང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། ཀླུའི་རྒྱལ་པོ་དག་གིས་གང་བར་འདུག་གོ། རིའི་རྒྱལ་པོ་སེང་ལྡེང་ཅན་དང་། རིའི་རྒྱལ་པོ་ལྷ་ན་སྡུག་གི་བར་ན་སེང་ལྡེང་ཅན་གྱི་མཚོ་ཞེས ་བྱ་བ་ཡོད་དེ། ཟབ་སུ་ནི་དཔག་ཚད་རྒྱ་ཁྲི་ཡོད་ལ། གསེར་གྱི་ས་བཞི་ལ་རྟེན་ཏོ། ཁ་ཆེན་ནི་དཔག་ཚད་ཁྲི་ཡོད་དེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ཆུ་བསིལ ་ཞིང་སྦྲང་རྩི་ལྟ་བུས་གང་སྟེ། ཀླུའི་རྒྱལ་པོ་དེ་དག་གིས་རྒྱས་པར་འདུག། རིའི་རྒྱལ་པོ་ལྟ་ན་སྡུག་དང་། རིའི་རྒྱལ་པོ་རྟ་རྣ་རིའི་བར་ན་ལྟ་ན་སྡུག་གི་མཆེ་ཞེས་བྱ་བ་ཡོད་ཟབ་སུ་ནི ་དཔག་ཆད་རྒྱ་ཁྲི་ཡོད་ལ། གསེར་གྱི་ས་བཞི་ཆེན་པོ་ལ་རྟེན་ཏོ།། ཞེང་དུ་ནི་དཔག་ཚད་ལྔ་སྟོང་ཡོད་དེ། དབྱིབས་ལེགས་ཤིང་ལྷ་ན་སྡུག་ལ་མཛེས་པ་རླ་བསིལ་གྱི་སྦྲང་རྩི་ལྷ་དུས ་གང་སྟེ། ཀླུའི་རྒྱལ་པོ་དག་གིས་རྒྱས་པར་འདུགོ།། རིའི་རྒྱལ་པོ་རྣམ་པར་འདུད་ཅེས་བྱ་བའི་བར་ན་རྟ་རྣའི་མཚོ་ཞེས་བྱ་བ་ཡོད་དེ་ཟབ་སུ་ནི་དཔག་ཚད་བརྒྱ་ཁྲི་ཡོད་ལ། གསེར་གྱི ་ས་གཞི་ཆེན་པོ་ལ་རྟེན་ཏོ། ཁ་ཚོན་དུ་ནི་དཔག་ཚད་ཉི་ཁྲི་ལྔ་རྒྱ་ཡོད་ལ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ཆུ་བསིལ་ཞིང་སྦྲང་རྩི་ལྟ་བུས་གང་སྟེ། ཀླུའི་རྒྱལ་པོ་དག་གིས་རྒྱས་པར ་འདུག་གོ། རིའི་རྒྱལ་པོ་རྣམ་པར་འདུད་དང་། རིའི་རྒྱལ་པོ་མུ་ཁྱུད་འཛིན་གྱི་བར་ན། རིའི་རྒྱལ་པོ་རྣམ་པར་འདུད་ཀྱི་མཚོ་ཞེས་བྱ་བ་ཡོད་དེ། ཟབ་སུ་ནི་དཔག་ཚད་རྒྱ་ཁྲི་ཡོད་ལ ་གསེར་གྱི་ས་བཞི་ཆེན་པོ་ལ་རྟེན་ཏོ། ཁ་ཚོན་དུ་དཔག་ཚད་སྟོང་ཉི་རྒྱ་ལྔ་བཅུ་ཡོ་། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ཆུ་བསིལ་ཞིང་སྦྲང་རྩི་ལྟ་བུས་གང་སྟེ། ཀླུའི་རྒྱལ ་པོ་དག་གིས་རྒྱས་པར་འདུགོ། གཉ་ཤིང་འཛིན་གྱི་མཆེའི་བར་ན་གཉ་ཤིང་འཛིན་གྱི་རི། གཤོལ་མདའ་འཛིན་གྱི་མཚོའི་བར་ན་གཤོལ་མདའ་འཛིན་གྱི་རི། སེང་ལྡེང་ཅན་གྱི ་མཆེའི་བར་སེང་ལྡེང་ཅན་གྱི་རེ། བལྟ་ན་སྡུག་གི་མཚོའི་བར་ན་ལྟ་ན་སྡུག་གི་རི། རྟན་མཚོའ་བར་ན་ལྷ་རྣའི་རི་བོ་ཡོད། རྣམ་པར་འདུས་པའི་མཆེའི་ནི་བར་ན་རི་བོ་རྣམ་པར་འདུད། ་མུ་ཁྲུད་འཛིན་གྱི་རྒྱ་མཚོའི་ནང་། རི་རོ་མུ་ཁྲུད་འཛིན་གྱི་ནང་། ཆུ་འཛིན་མཚོ་ནི་བདུད་པོ་རྣམས་དག་གི་བཻ་ཌཱུརྱ་མདོག་བཞིན། རབ་ཏུ་བསིལ་བའི་ཆུ་དག་དང་། སྦྲང་རྩི་ལྔ། ་བུ་ནུས་ཀྱང་གང་། མེ་ཏོག་དུས་ཀྱི་རྗེས་འབྲང་བས། མཚོ་རྣམས་མཛེས་བྱས་རྒྱས་སྤོས་འཁྲུང་། དེ་བཞིན་བལ་བུ་སྤང་སྤོས་དང་། སྨན་ནི ་སྣ་ཚོགས་རྣམས་ཀྱིས་གང་། དེ་བཞིན་འཇིགས་ཤིང་ལུས་ཆེ་ལ། དྲག་ཅིང་མི་བཟང་བཏུག་པ་ཡི། ཀླུའི་རྒྱལ་པོ་རྣམས་ཀྱིས་རྒྱ་འཚོ་བདུན་པོ་དག་ཡིད་འོང་བ། རི་བོ་དག་གི་འོད ་རྣམས་དང་། ཉི་མིའི་འོད་ཟེར་རྣམས་ཀྱིས་གང་། ཉི་མ་མཎྜར་ཀར་ཡུད་རྩམ་ཞིག། ཕྱོགས་བཅུ་དག་ཏུ་ལམ་མེར་སྣང་། གསེར་གྱི་རི་བོ་བདུན་པའི་སསྭ། མཚོ་བདུན་པོ་དག་ཀུན ་ནས་བསྐོར། རི་རྣམས་གཙོ་བོ་རི་རབ་ནི། རྩེ་མོ་དྲིས་པ་བཞིན་དུ་འཕགས། རིའི་རྒྱལ་པོ་རི་རབ་ཀྱི་ཤར་ཕྱོགས་རིའི་རྒྱལ་པོ་གཉ་ཤིང་འཛིན་གྱི་སྟེང་ན། རྒྱལ་པོ་ཆེན་པོ ་ཡུལ་འཁོར་སྲང་གི་ཕོ་བྲང་འཁོར། ཡུལ་འཁོར་སྲུང་བ་ཡོད་དེ། ཆུར་དཔག་ཆད་ཉི་རྒྱ་ལྔ་བཅུ་ཞེང་དུ་དཔག་ཚད་སྟོང་ཡོད་ལ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་འཛེས་པ ་གསེར་ར་བས་སྐསྐོར་ཏེ། ར་བའི་པང་དུ་དཔག་ཚད་ཕྱེད་ཡིད།། ར་བ་དེ་ལ་ཅོག་ཡོད་པ་རྣམས་རྣམ་པ་བཞི་ལས་བྱས་པ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། ་བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་དག་གོ། མདའ་ཡབ་དང་སྟི་ཁང་རྣམ་པ་བཞི་ཡོད། དེའི་ནང་གིས་བཞི་དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་མཛེས་ཏེ། བཀྲ་ཤིང ་ཤིན་དུ་བཀྲ་བ་ཚོན་སྣ་རྒྱ་རྩ་ཅིག་གིས་བཀྲ་བ་སྟེ། འཇམ་ཤིང་ཤིང་དུ་འཇམ་པ་ནི་དཔེར་ན་ཤིང་བལ་གྱི་འདབ་མ་འམ་རས་བལ་གྱི་འདབ་མ་བཞིན་ཏེ། རྐང་པ་བཞག་ན་ནི་ནེམས ་ཞེས་བྱེད། རྐང་པ་ཏེ་ག་ན་ནི་བར་ཞེས་བྱེད་ལ། མེ་ཏོག་མན་ད་ར་བ་དག་གིས་པུས་མོ་ནུབ་ཙམ་དུ་ཡོངསུ་ཁྱེབས་ཏེ། མི་མ་ཡིན་པ་རྣམས་ཀྱི་རླུང་གིས་མཐུས་མེ་ཏོག་རྙིང་པ་རྣམས་ནི་དོར།། ་མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམ་ཏེ། ཇི་སྐད་དུ་ཡུལ་འཁོར་སྲུང་གི་བསོད་ནམས་དབང་གི་མཐུས། ཡུལ་འཁོར་སྲུང་གི་གྲོང་ཁྱེར་རླུང་ཆེན་ལྡང་། མེ་ཏོག་སྙིང་པ ་རྣམས་ནི་མདོར་བར་བྱེད། མེ་ཏོག་གསར་པ་རྣམས་ནི་ལེགས་འ་གྲེམས། ཞེས་འབྱུང་བ་ལྟ་བུའོ།། དེའི་ནང་ན་ལམ་སྲང་ཆུར་དཔག་ཚད་ཉི་རྒྱ་ལྔ་བཅུ་ཞིང་དུ་དཔག་ཚད་ཕྱེ་དང ་གཉིས་པ་ཞིག་ཡོད་དེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་གསེར་གྱི་བྱེ་མ་བདལ་ཅིང་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ། དེའི་བློ་གཡས་གཡོན་རྫིང་བུ་བྱས་པ་ཡོད་དོ།། ་རྫིང་བུ་དེ་དག་འདི་ལྟ་སྟེ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་རྩིགས་སོ།། རྫིང་བུ ་དེ་དག་གི་ཕྱོགས་བཞིན། ཐེམ་སྐས་བྱས་པ་དག་ཡོད་དོ།། ཐེམ་སྐས་དེ་དག་ཀྱང་འདི་ལྟ་སྟེ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་བརྱ་ལས་བྱས་པ་དང་། ་ཤེལ་ལས་བྱས་པའི་ཕ་གུ་རྣམ་བཞི་རྩིགསོ།། རྫིང་བུ་དེ་དག་ལ་ལན་ཀན་རྣམ་པ་བཞིས་སྐོར་ཏེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས ་གང་སྟེ། མེ་ཏོག་ཨུད་པོ་ལ་དང་པདྨ་དང་། པདྨ་དཀར་པོས་ཡོངསུ་ཁྱབས་ལ། ཆུན་སྐྱེས་པའི་བྱན་ཚོགས་སྐད་སྙན་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེ ་པ་དང་། འདོད་གུར་རྒྱུར་བའི་གཟུགས་ཅན་རྣམ་སྐད་སྙན་པ་འབྱིན་ཏོ།། རྫིང་བུ་དེ་དག་གི་ཉེ་ཀོར་ན། མེ་ཏོག་གི་ཤིང་ལྗོན་པ་དང་འབྲས་བུའི ་ཤང་ལྗོན་པ་ཡོད་པ་རྣམས་ལེགས་པར་སྐྱེ་ཤིངོ་དབྱིབས་ལེགས་ལ་ཡོངསུ་གྲུབ་པ་སྟེ། མེ་ཏོག་ཐོད་བཞིན་དུ་རྒྱུར་བ་ནི་དཔེར་ན་མེ་ཏོག་རྒྱུད་དམ། མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས ་པས་མེ་ཏོག་གི་ཕྲེང་བ་ཐེ་གུ་ལ་རྒྱས་པ་དང་། མེ་ཏོག་གི་རྣ་བརྒྱན་ལེགས་པར་བྱས་པ་བཞིན་དུ་སྐམ་ལ་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་དང་སྐད་ཡིད་དུ་འོང་བ་དང་། སྐད ་མཉེན་པ་དང་། འདོད་དགུ་རྒྱར་བའི་གཟུགས་ཅན་རྣམས་སྐད་སྙན་པ་བྱིན་ཏོ།། དེ་དག་གི་ཉེ་ཀོར་ན་དཔག་བསམ་གྱི་ཤིང་ལྗོན་པ་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་རྣམ ་པ་བཞི་ཡོད་དོ།། བཞག་གོས་སྔོན་པོ་དང་སེར་པོ་དང་། དམར་པོ་དང་དཀར་པོ་རྣམ་པ་བཞི་ཡོད་དོ།། དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་སྔོན་པོ་དང་སེར་པོ་དང ་དམར་པོ་དང་དཀར་པོ་རྣམ་པ་བཞི་ཡོད་དོ།། ལག་རྒྱན་དང་རྐང་རྒྱན་དང་། མི་སྣང་བར་འབྱུང་བའི་རྒྱན་གྱི་ཤིང་ལྗོན་པ་རྣམ་པ་བཞི་ཡོད་དེ། ལྷ་འམ་ལྷའི་བུ་དག་གིས་ཇི ་ལྟ་བུར་འདོད་པར་སེམ་སྐྱེད་མ་ཐག་ཏུ་དེ་དག་གི་ལག་དུ་འོང་བར་འགྱུརརོ།། རོལ་མའི་ཆ་བྱད་སྣ་ཚོགས་པ་འོང་བ་དང་། གླིང་བུ་དང་། པི་ཝང་རྒྱུད་གསུམ་པ་དང་། ཁར ་རྔ་དང་། ང་སྙན་རྣམས་འབྱུང་བའི་ཤིང་དག་ཡོད་དོ།། ལྷ་འམ་ལྷའི་བུ་མོ་དག་གིས་ཇི་ལྟ་བུར་འདོད་པར་སེམས་སྐྱེད་མ་ཐག་ཏུ་དེ་ལྟ་བུ་དེ་དག་གི་ལོག་པ་འོང་བར་འགྱུར་རོ།། ་བདུད་རྩི་རྣམ་པ་བཞི་དང་། སྦྲང་རྩི་དང་། སྦྲང་ཆང་གི་གཏུང་བ་དག་ཀྱང་ཡོད་དོ།། ཁང་རྟོག་རྣམས་དང་ཁང་པ་རྩེགས་པ་རྣམས་དང་། ཁྱིམ་རྣམས་དང་། ་ཁང་བཟངས་རྣམས་དང་། གསིལ་ཁང་རྣམས་དང་། ལྟད་མོ་ལྟ་བའི་ས་རྣམས་དང་། སྟེ་ཁང་རྣམས་བུད་མེད་ཀྱི་ཚོགས་ཀྱིས་མཛེས་པར་བྱས་ཤིང་ལྷའི་བུ་མོ་མང་པོས ་རྟེན་པ་དང་། སལ་ཁང་ཕེག་རྡོག་པ་དག་གིས་སྒྲ་སྙན་པ་སྒྲོགས་པ་དང་། དྲི་སྣ་ཚོགས་ཀྱི་ལེགས་པར་བགོས་པ་དང་། ཁ་ཟས་དང་བཏུང་བ་དང་ལྡན་པར་ཡོད་དེ། ་དེ་ན་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲང་དང་བཅས་པ་རྩེ་ཞིང་དགའ་ལ་དགའ་དགུར་སྤོང་ཏེ། རང་གི་བསོད་ནམས་ཀྱི་འབྲས་བུ་ཉམ་སུ་མྱ་ངོ་།། རིའི་རྒྱལ་པོ་རི་རབ་ཀྱི་ལྷོ་ཕྱོགས ་རིའི་རྒྱལ་པོ་གཉ་ཤིང་འཛིན་གྱི་སྟེང་ན་རྒྱལ་པོ་ཆེན་པོ་འཕགས་པར་སྐྱེས་ཞེས་བྱ་བ་ཡོད་དེ་ཆུར་དཔག་ཚད་ཉི་རྒྱ་ལྔ་བཅུ་པ་ཞེང་དུ་དཔག་ཚད་ཉི་རྒྱ་ལྔ་བཅུ་མཐའ་སྐོར་དུ་དཔག ་ཚད་སྟོང་ཡོད་ལ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་སྟེ། གསེར་གྱི་ར་བས་བསྐོར་ལ། ར་བའི་ཕང་དུ་དཔག་ཚད་ཕྱེད་ཡོདདོ།། སྔ་མ་བཞིན་དུ་རྒྱས་པར་བརྗོད ་བར་བྱའོ།། རིའི་རྒྱལ་པོ་རི་རབས་ཀྱི་ནུབ་ཕྱོགས་རིའི་རྒྱལ་གཉི་ཤིང་འཛིན་གྱི་སྟེང་ན་རྒྱལ་པོ་ཆེན་པོ་མིག་མི་བཟང་གི་ཕོ་བྲང་འཁོར་དང་ཚོགས་གཟུགས་ཞེས་བྱ་བ་ཡོད་དེ། ་ཆུར་དཔག་ཚད་ཉི་རྒྱ་ལྔ་བཅུ་ཞེང་དུ་དཔག་ཚད་ཉི་རྒྱ་ལྔ་བཅུ་མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་ལ་དབྱིབས་ལེགས་ཤིང་ལྷ་ན་སྡུག་ལ་མཛེས་པ་སྟེ། སྔ་མ་བཞིན་དུ་ཐམས་ཅད ་བརྗོད་པར་བྱའོ།། རིའི་རྒྱལ་པོ་རི་རབ་ཀྱི་བྱང་ཕྱོགས་རིའི་རྒྱལ་པོ་གཉའ་ཤིང་འཛིན་གྱི་སྟེང་ན། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་བེ་བྲང་ལུང་ལོ་ཅན་ཞེས་བྱ་བ་ཡོད་དེ། ་ནུར་དཔག་ཚད་ཉི་རྒྱ་ལྔ་བཅུ་ཞེང་དུ་དཔག་ཚད་ཉིས་རྒྱ་ལྔ་བཅུ་མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་ལ་དབྱིབས་ཤིང་ལྷན་མཛེས་པ་སྟེ། སྔ་མ་བཞིན ་དུ་ཐམས་ཅད་བརྗོད་པར་བྱའོ།། དྲི་ཟ་དག་གི་བདག་པོ་རྒྱལ། ཤར་གྱི་ཕྱོགས་རྣམས་ཀྱོང་བྱེད་ལ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། གྲོང་ཁྱེར་ཡུལ་འཁོར་སྲུང་ན་གནས། ་གྲུལ་བུམ་དག་གི་བདག་པོ་རྒྱལ། ལྕེའི་ཕྱོགས་རྣམས་སྐྱོང་བྱེད་པ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། གྲོང་ཁྱེར་འཕགས་པར་སྐྱེས་ནས་གནས། ཀླུ་རྣམས་ཀྱི་ནི་བདག་པོ ་རྒྱལ་ནུབ་ཀྱི་ཕྱོགས་རྣམ་སྐྱོང་བྱེད་པ། རྒྱལ་པོ་ཆེན་པོ་མག་མི་བཟང་། གྲོང་ཁྱེར་གནས་ཆོག་སྭཱ་རཱ་གྷ་ནས། གནོད་སྦྱིན་རྣམས་ཀྱི་བདག་པོ་རྒྱལ། བྱང་གི་ཕྱོགས་རྣམས ་སྐྱོང་བྱེད་པ། རྒྱལ་པོ་ཆེན་པོ་རྣམ་ཐོས་བུ། གྲོང་ཁྱེར་ལྕང་ལོ་ཅན་ན་གནས། ཤར་ཕྱོགས་ན་ནི་གནས་སྲུང་པོ། ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། ནུབ་ཕྱོགས་ན་ནི་མིག་མི། ་བཟང་བྱང་ཕྱོགས་ན་ནི་ལུས་ངན་པོ།། རྒྱལ་པོ་ཆེན་པོ་འདི་བཞི་དག། འཇིག་རྟེན་སྐྱོང་བ་གཟི་རྗིད་ལྡན། ཕྱོགས་བཞི་དག་ནི་སྐྱོང་བ་སྟེ། རྫུ་འཕྲུལ་ཆེ་ལ་སྟོབས་ཀྱང ་ཆེ། དེ་དག་ཚོགས་ནི་གསུམ་པོ་རྣམས། སྲུང་བའི་ཕྱིར་ནི་སོ་བསྐྱེ། སུམ་བཅུ་རྩ་གསུམ་ལྷ་རྣམས་དང་། སངས་རྒྱས་བདེན་གཟིགས་རྣམས་དང་། འཁོར་ལོ་ཆོས ་བཞིན་སྐོར་བ་དང་། ལྗོངས་ཀྱི་བདག་པོ་གང་ཡིན་པ། འཁོར་ལོ་སྒྱུར་བ་དེ་ལ་ཡང་། སྲུང་བ་ཡིན་སྤྲོ་བ་ཡིན། རིའི་རྒྱལ་པོ་རི་རབ་ཀྱི་ཤར་ཕྱོགས་ཀྱི་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོ་ན། ་ཤར་གྱི་ལུས་འཕགས་ཞེས་བྱ་བའི་གླིང་ནང་རྒྱ་ཆེལ་ཕྱི་རོལ་ཟླ་གང་ལྟར་གྲུབ་པ་ཡོད་དོ།། དཔག་ཚད་བརྒྱད་ཁྲི་ནི་གསེར་གྱི་ས་གཞི་ཆེན་པོ་རྟེན་ཏོ།། སྟེང་གི་ཆུ་དང་ཁང་ཆང་དུ ་འདུག་སྟེ། ཤར་གྱི་ལུས་འཕགས་པའི་གླིང་གི་ངོས་ནང་གི་རིང་པོ་གང་ཡིན་པ་དེ་ལ་དཔག་ཚད་ཉི་སྟོང་ཡོད་དོ།། ནང་གི་ཐུང་ངུ་གང་ཡིན་པ་དེ་ལ་ནི་དཔག་ཚད་སུམ་རྒྱ་ལྔ་བཅུ་ཡོད་དོ།། ་མཐའ་སྐོར་དུ་དཔག་ཚད་དྲུག་སྟོང་སུམ་རྒྱ་ལྔ་བཅུ་ཡོད་དོ།། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་སྟེ། དེ་ནས་ཤར་གྱི་ལུས་འཕགས་ཀྱི་མི་རྣམས ་ཀྱི་གྲོང་དང་གྲོང་བརྡལ་དང་། གྲོང་ཁྱེར་དང་ཡུལ་འཁོར་དང་ཕོ་བྲང་འཁོར་གནསོ།། རོའི་རྒྱལ་པོ་རི་རབ་ཀྱི་ལྷོ་ཕྱོགས་ཀྱི་རི་ལ་རྒྱ་མཚོ་ཆེན་པོ་ན། འཛམ་བུ་གླིང་ནང་རྒྱ ་ཆེ་ལ་ཕྱི་རོལ་ཤིང་རྟའི་དབྱིབས་ལྟར་གྲུབ་པ་ཞེས་བྱ་བ་ཡིད་དཔག་ཚད་རྒྱད་ཁྲི་ནི་ཐུར་དུ་གསེར་གྱི་ས་གཞི་ཆེན་པོ་ལ་རྟེན་ཏོ། སྟེང་དུ་ནི་ཆུ་དང་ཁྭ་ཆེད་དུ་འདུག་སྟེ། འཛམ་བུ་གླིང་གི ་ངོས་ནང་གི་རིང་པོ་གང་ཡིན་པ་དེ་ལ་ནི་དཔག་ཚད་ཉི་སྟོང་ཡོད་དོ།། ནང་གི་ཐུང་ངུ་གང་ཡིན་པ་དེ་ལ་དཔག་ཚད་ཕྱེ་དང་བཞི་ཡོད་དོ།། མཐའ་སྐོར་ནི་དཔག་ཚད་དྲུག་སྟོང་དང་ཕྱེད་དང ་བཞི་ཡང་དབྱིབས་ལེགས་ཤིང་ལྡན་སྡུག་ལ་མཛེས་པ་ས་ལ་གྲུབ་པ་སྟེ། དེ་ན་འཇམ་བུ་གླིང་བའི་མི་རྣམས་ཀྱི་གྲོང་དང་གྲོང་ཁྱེར་དང་། ཡུལ་འཁོར་གནས་སོ།། རིའི་རྒྱ ་བ་རི་རབ་ཀྱི་ནུབ་ཀྱི་ཕྱི་རོལ་གྱི་ཆུ་མཆེ་ཆེན་པོ་ན། ནུ་ཀྱི་བགྲང་སྤྱད་ཅེས་བྱ་བའི་གླིང་ནང་རྒྱ་ཆེ་ལ་ཕྱི་རོལ་ཀུན་ནས་ཐུབ་པ་གྲུབ་པ་ཡོད་དེ། དཔག་ཆད་ཁྲོན་ཐུར་དུ་གསེར་གྱིས་པའི ་ཆེན་པོ་ལ་རྟེན་ཏོ།། སྟེང་གི་ཆུ་དང་ཁང་ཆང་དུ་འདུག་སྟེ། ནུབ་ཀྱི་བ་གླང་སྤྱོད་ཀྱི་གླིང་གི་རྒྱར་ནི་དཔག་ཚད་ཉི་སྟོང་ལྔ་རྒྱ། མཐའ་སྐོར་དུ་ནི་དཔག། ་ཆང་བདུན་སྟོང་ལྔ་རྒྱ་ཡོད་དོ།། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་སྟེ། དེ་ན་ནུབ་ཀྱི་བ་ལང་སྤྱོད་ཀྱི་མི་རྣམས་དང་གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང ་ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ན་གནས་སོ།། རིའི་རྒྱལ་པོ་རི་རབ་ཀྱི་བྱང་ཕྱོགས་ཀྱི་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོ་ན་བྱང་གི་སྒྲ་མི་སྙན་ཞེས་བྱ་བའི་གླིང་ནང་རྒྱ་ཆེ་ཕྱི་རོལ་གྲུབ་ཞི ་ལྷམ་པར་གྲུབ་པ་ཡོད་དོ།། དཔག་ཚད་བརྒྱ་ཁྲི་ནི་ཐུར་དུ་གསེར་གྱི་ས་གཞི་ཆེན་པོ་ལ་རྟེན་ཏོ།། སྟེང་ནི་ཆུ་དང་ཁྭ་ཆད་དུ་འདུག་སྟེ། བྱང་གི་སྒྲ་མི་སྙན་གྱི་གླིང་གི་དཔག་ཚད་ཅི ་སྟོང་ཞེང་དུ་དཔག་ཚད་ཉི་སྟོང་། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་དེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་སྟེ། དེ་ན་བྱང་གི་སྒྲ་མི་སྙན་པའི་མི་རྣམས ་གནསོ།། གླིང་བྲན་རྒྱང་ཡོད་པ་འདི་ལྟ་སྟེ་ལུས་དང་ལུས་འཕགས་དང་རྔ་ཡབ་གཞན་དང་གཡོན་ལྡན་དང་། ཉེ་བའི་གཡོན་ལྡན་དང་། སྒྲ་མི་སྙན་དང་། སྒྲ་མི་སྙན་གྱི་ཟླ་རྣམ་སོ།། ་གླིང་བྲན་བརྒྱང་པོ་འདི་དག་གི་ནང་ན་བདུན་ལ་ནི་མི་རྣམསོ།། ཅིག་ལ་ནི་མི་མ་ཡིན་རྣམས་གནས་སོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་ནི་འོག་མ་ལ་ཤེས་པའི་མཐོང་བ་འཇུག་གིས། ་ཁོང་མ་ལ་མ་ཡིན་ཏེ། རྫུ་འཕྲུལ་ལས་གཞན་གྱི་མཐུ་ནི་མ་ཏོགས་སོ།། དེ་བཞིན་དུ་སུམ་བཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ལྡན་རྣམས་དང་། ་འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། ཚངས་རིས་རྣམས་དང་། ཚངས་པ་འདུན་ན་འདོན་རྣམས་དང་། ཚངས་ཆེན་རྣམས་དང་། འོད་ཆུང་རྣམས་དང ་འོད་གསལ་རྣམས་དང་། དགེ་ཆུང་རྣམས་དང་། ཚད་མེད་དགེ་རྣམས་དང་། དགེ་རྒྱས་རྣམས་དང་། སྨན་མེད་རྣམས་དང་། བསོད་ནམས་སྐྱེས་རྣམས་དང་། མི་ཆེ་བ་རྣམས་དང་། ་མི་སྡུང་བ་རྣམས་དང་། གྱ་ནོམ་སྣང་བ་རྣམས་དང་། ཤིན་དུ་མཐོང་རྣམས་ཀྱང་འོག་མ་ལ་མཐོང་གི་ཤེས་པ་འཇུག་གོང་མ་ལ་མིན་ཏེ། རྫུ་འཕྲུལ་ཅན་གྱི་མཐུ་ནི་མ་གཏོགས་སོ།། ་འོག་མན་གྱི་ལྷ་རྣམས་ནི་ཐམས་ཅད་དུ་ཤེས་པའི་མཐོང་བ་འཇུག་གོ་གནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོའི་འོག་གི་གཞི་ནི་འདི་ནས་ཐུར་དུ་དཔག་ཚད་བཞི་ནི་འདི་ནས་ཐུར་དུ་དཔག ་ཚད་བཞི་ཁྲི་ལ་ཐུག་གོ།། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོའི་སྟེང་ནི། ངོས་ནི་འདི་ནས་མཐུར་དུ་དཔག་ཚད་ཉི་ཁྲི་ལ་ཐུག་གོ།། དེའི་སྟེང་ན་སེམས་ཅན་དམྱལ་བ་ཆེན ་པོ་རབ་ཏུ་ཚ་བ་འདུག་གོ།། དེའི་སྟེང་ན་སེམས་ཅན་དམྱལ་བ་ཆེན་པོ་ཆེ་བ་འདུག་གོ།། དེའི་སྟེང་ན་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོ་འདུག་གོ། དེའི་སྟེང་ན་སེམས་ཅན་དམྱ ་བ་ཆེན་པོ་ངུ་འབོད་འཇུའོ། དེའི་སྟེང་ན་སེམས་ཅན་དམྱལ་བ་ཆེན་པོ་སྡུས་འཇོམས་འདུག་གོ།། དེའི་སྟེང་ན་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་འདུག་གོ།། དེའི་སྟེང་ན་སེམས་ཅན ་དམྱལ་བ་ཆེན་པོ་ཡང་སོས་འདུག་ཏེ། སེམས་ཅན་དམྱལ་བ་ཆེན་བརྒྱད་པོ་འདི་དག་ནི་མཐོ་མན་དུ་རིམ་པར་གནས་ལ་ལྷག་པའི་འཁོར་བཅུ་དྲུག་བཅུ་དྲུག་ཡོད་དོ།། འདི་ནས་དཔས ་ཚད་བཞི་ཁྲིའི་གོང་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་འདུག་གོ། དང་པོ་ཡན་ཆང་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་བར་ན་ཚད་ཇི་སྲིད་ཡོད་པ་རྒྱལ་ཆེན ་བཞི་པའི་ལྷ་ཡན་ཆད་ནས་དང་པོ་དེ་སྲིད་ཀྱི་གང་དུ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་འདུག་གོ། དེ་བཞིན་དུ་རྒྱས་པར་བྱས་ཏེ། དང་པོ་ཡན་ཆད་རྒྱལ་ཆེན་ཇི་ཙམ་པ་དེ་སྲིད་ན་གྱ ་ནོན་སྣང་བའི་ལྷ་རྣམས་འདུག་གོ། གྱ་ནོན་སྣང་བའི་ལྷ་ཡན་ཆད་ནས་དང་པོ་ཡན་ཆད་ཀྱི་ཇི་ཙམ་པ་དེ་སྲིད་ན་ཤིན་དུ་མཐོང་བའི་ལྷ་རྣམས་འདུག། ཤིན་དུ་མཐོང་བའི་ལྷ་རྣམས་ཡན ་ཆད་ཀྱི་ཚད་ཇི་ཙམ་པ་དེ་སྲིད་ན་འོག་མིན་གྱི་ལྷ་རྣམས་འདུག་གོ།། སྤྲིན་ནི་བརྒྱད་ཡོད་དོ།། སྤྲིན་ནང་གི་མཐོན་པོ་གང་ཡིན་པ་དེའི་འཕང་དུ་ནི་དཔག་ཚད་བྱེ་དང་གཉིས་ཡོད་དོ།། གཉིས ་པ་ནི་དཔག་ཚད་ཅིག་དང་། དཔག་ཚད་ཀྱི་བཞི་ཆ་ཅིག་གོ། གསུམ་པ་ནི་དཔག་ཚད་ཅིག་གོ། བཞི་པ་ནི་དཔག་ཚད་ཅིག་ལ་གཞི་ཆ་མེད་པའོ།། ལྔ་པ་ནི་དཔག་ཚད་བྱེད་དོ།། ་དྲུག་པ་ནི་རྒྱང་བྲགས་ཅིག་གོ། བདུན་པ་ནི་རྒྱང་གྲགས་ཕྱེད་དོ།། བརྒྱད་པ་ནི་གྲགས་ཀྱི་བཞི་ཆ་ཅིག་གོ། འཇིག་རྟེན་བདགས་པ་སེམས་ཅན་ལས་ཚིགས་བཅུ་གསུམ ་པའོ།། གླིང་གཞི་ནི་གཉེན་ན་ཡོད་དེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གནོད་པར་འགྱུར་བ་དང་། གནོད་པར ་འགྱུར་བ་མ་ཡིན་པའི་ཆོས་རྣམས་བཤད་ཀྱིས་ང་ལེགས་པར་རབ་ཏུ་ཉོན་ལ་ཟུང་ཤིག་དང་ངས་བཤད་དོ།། གནོད་པར་འགྱུར་བའི་ཆོས་རྣམས་གང་ཞེ་ན། སྐྱེས་པ་འམ་བུད ་མེད་གང་ཡང་རུང་སྟེ། ཚུལ་ཁྲིམས་ཉམས་པ་སྡིག་པའི་ཆོས་ཅན་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ་དེ་ནི་གང་གི་ཚེ་ནད་ཀྱི་ཐེབས་ཞིང་སྡུག་བསྔལ་བར་གྱུར་ལ། ནང་ཚབས ་ཆེན་པོས་བཏབ་ནས། ཁྲེའུ་ལ་འདུག་གམ། ཁྲི་ལ་འདུག་གམ། ས་ལ་འདུག་གམ་ཉལ་ཀྱང་རུང་སྟེ། ལུས་ཀྱི་ཚོར་བ་སྡུག་བསྔལ་ཞིང་མི་ཟད་ལ་རྩུབ་ཅིང་ཚ་བ་དང་། ་ཡད་དུ་མི་འོང་ཞིང་སྲོག་ལ་འབབ་པ་རྣམས་ཀྱིས་ཐེབས་ནས། དེ་ལ་སྔོན་གྱི་ལུས་ཉེས་པར་སྤོད་པ་འམ། ངག་གི་ཉེས་པ་སྦེད་པ་འམ་ཡིད་ཀྱི་ཉེས་པར་སྤྱོད་པ་ཡང་རུང་སྟེ། ་གང་འབྱུང་བ་དེ་དེའི་ཚེ་དེ་ལ་དམིགས་པར་འགྱུར་ཞིང་ཆེར་དམིགས་ལ་མངོན་པར་འགྱུར་ཏེ། དཔེར་ན་ཕྱེ་མ་རེད་ཀྱི་དུས་ན་རི་ཆེན་པོ་རྣམས་མ་རིའི་རྩེ་མོ་རྣམས་ཀྱིས་གྲིབ་མ་ཤིན་དུ ་འབབས་ཏེ། གྲིབ་སེ་ཚོར་འཆ་བས། གྲིབ་སོ་མངོན་པར་རབ་ཏུ་འབབ་པ་དེ་བཞིན་དུ། དེ་ལ་སྔོན་གྱི་ལུས་ཀྱི་ཉེས་པར་སྤྱོད་པ་འམ། ངག་གི་ཉེས་པར་སྤྱོད་པ་འམ་ཡིད ་ཀྱི་ཉེས་པར་སྤྱོད་པ་ཡང་རུང་སྟེ། གང་འབྱུང་བ་དེ་དེའི་ཚེ་ལ་དམིགས་པར་འགྱུར་ཞིང་ཆེར་དམིགས་ལ་མངོན་པར་རབ་ཏུ་དམིགས་པར་འགྱུར་ཏེ། དེ་འདི་སྙམ་དུ་ཀྱི་ཧུད་བདག ་གི་སྡིག་པ་འདི་ལྟ་སྟེ་ལུས་དང་ངག་དང་ཡིད་ཀྱིས་བྱསོ།། ཀྱི་ཧུད་བདག་གིས་བསོད་ནམས་འདི་ལྟ་སྟེ་ལུས་དང་ངག་དང་ཡིད་ཀྱིས་མ་བྱས།། སྡིག་པ་རྣམས་བྱས་པ་དང་བརླང་པོ ་རྣམས་བྱས་པ་དང་། གདུག་པ་རྣམས་བྱས་པ་དང་། བསོད་ནམས་དག་མ་བྱས་པ་དང་། དགེ་བ་དག་མ་བྱས་པ་དང་། འཇིགས་པ་དང་སྐྲག་པ་རྣམས་ཀྱིས་སྐྱབས་མ་བྱས། ་པ་རྣམས་ཀྱི་འགྲོ་བ་གང་ཡིན་པའི་འགྲོ་བ་དེ་དག་ཏུ་རེ་ཕྱི་བ་ལ་འབྲོ་དགོས་སོ་སྙང་དུ་སེམས་ཏེ་འགྱོད་པར་འགྱུརརོ།། དགེ་སློང་དག་འགྱོད་བཞིན། ་དུ་འཆི་བ་ནི་ལེགས་པོ་མ་ཡིན་ནོ།། དུས་བྱེད་པ་ནི་ལེགས་པོ་མ་ཡིན་ནོ། ཚེ་ཕྱི་མ་ནི་ལེགས་པོ་མ་ཡིན་ཏེ། དེའི་ལུས་ཀྱི་ཉེས་པར་སྤྱོད་པ་སྤྱད་ཅིང་། ངག་དང་ཡིད་ཀྱི་ཉེས་པར ་སྤྱོད་པ་སྤྱད་ནས་རྒྱུ་དེ་དང་། རྐྱེན་དེ་ལུས་ཞིག་ནས་ཤི་བའི་འོག་ཏུ་དྲན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམསུ་སྐྱེ་བར་འགྱུར་ཏེ། འདི་ནི་གནོད་པར་འགྱུར་བའི ་ཆོས་རྣམས་ཞེས་བྱའོ།། གནོད་པར་འགྱུར་བ་མ་ཡིན་པའི་ཆོས་གང་ཞེ་ན། སྐྱེས་པ་འབ་བུད་མེད་གང་རུང་སྟེ། ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ལུས་ཀྱི ་ལེགས་པར་སྤོད་པ་དང་། ངག་གི་ལེགས་པར་སྤྱོད་པ་དང་། ཡིད་ཀྱི་ལེགས་པར་སྤོད་པ་དང་ལྡན་པ་དེ་ནི་གང་གི་ཚེ་ནད་ཀྱིས་ཐེབས་ཤིང་སྡུག་བསྔལ་བར་འགྱུར་ལ། ་ནང་ཚབས་ཆེན་པོས་བཏབ་ནས་ཁྲེའུ་ལ་འདུག་གམ། ཁྲི་ལ་འདུག་གམ་ས་ལ་འདུག་གམ་ཉལ་ཀྱང་རུང་སྟེ། ལུས་ཀྱི་ཚོར་བ་སྡུག་བསྔལ་ཞིང་མི་ཟད་ལ་རྩུབ་ཅིང་བ་དང་། ་ཡིད་དུ་མི་འོང་ཞིང་སྲོག་ལ་བབ་པར་བྱེད་པ་རྣམས་ཀྱིས་ཐེབས་ནས་དེ་ལ་སྔོན་གྱི་ལུས་ཀྱི་ལེགས་པ་འམ། ངག་གི་ལེགས་པར་སྤྱོད་པ་འམ། ཡིད་ཀྱི་ལེགས་པར་སྤྱོད་པ ་ཡང་རུང་ཏེ། གང་བྱུང་བ་དེ་དེའི་ཚེ་ལ་དམིགས་པར་འགྱུར་ཞིང་། ཆེར་དམིགས་ལ་མངོན་པར་རབ་ཏུ་དམིགས་པར་འགྱུར་ཏེ། དཔེར་ན་ཕྱེ་མ་རེད་ཀྱི་དུས་ནི་རི་ཆེན་པོ ་ཡོད་པ་རྣམས་མ། རིའི་རྩེ་མོ་རྣམས་ཀྱི་གྲིབ་སོ་ཤིན་དུ་བབས་ཏེ། གྲིབ་ས་ཆེར་བབས། གྲིབ་སོ་མངོན་པར་རབ་ཏུ་བབས་པ་བཞིན་དུ་དེ་ལ་སྔོན་གྱི་ལེགས་པར་སྤྱོད་པ་འམ། ་ངག་གི་ལེགས་པར་སྤྱོད་པ་འམ། ཡིད་ཀྱི་ལེགས་པར་སྤྱོད་པ་ཡང་རུང་སྟེ། གང་བྱུང་བ་དེ་དེའི་ཚེ་དེ་ལ་དམིགས་ཤིང་ཆེར་དམིགས་ལ་མངོན་པར་རབ་ཏུ་དམིགས་པར་འགྱུར་ཏེ། ་དེ་འདི་སྙམ་དུ་ཀྱེ་མ་བདག་གིས་བསོད་ནམས་འདི་ལྟ་སྟེ་ལུས་དང་ངག་དང་ཡིད་ཀྱི་ལས་བྱསོ།། ཀྱེ་མ་བདག་གིས་འདི་ལྟ་སྟེ། ལུས་དང་ངག་དང་ཡིད་ཀྱིས་མ་བྱསོ།། ་བསོད་ནམས་དག་བྱས་པ་དང་། དགེ་བ་དག་བྱས་པ་དང་། འཛག་པ་དང་སྐྲག་པ་རྣམས་ཀྱི་སྐྱབས་བྱས་ཤིང་སྡིག་པ་རྣམས་མ་བྱས་པ་དང་། བརླང་པོ་རྣམས་མ་བྱས ་པ་དང་། གདུག་པ་རྣམས་མ་བྱས་པའི་འགྲོ་བ་གང་ཡིན་པའི་འགྲོ་བ་དེ་དག་ཏུ་ཚེ་ཕྱི་མ་ལ་འགྲོ་བར་འགྱུར་རོ་སྙམ་དུ་སེམས་ཏེ། འགྱོད་པ་མེད་པར་འགྱུརརོ།། དགེ་སློང ་དག་འགྱོད་པ་མེད་པར་འཆི་བ་ནི་ལེགས་སོ།། དུས་བྱེད་པ་ནི་ལེགསོ།། ཚེ་ཕྱི་མ་ནི་ལེགས་ཏེ། ལུས་ཀྱི་ལེགས་པར་སྤྱོད་པ་སྤྱད་ཅིང་ངག་དང་། ཡིད་ཀྱི་ལེགས་པར་སྤྱོད ་བ་སྤྱད་ནས་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། འདི་ནི་གནོད་པར་འགྱུར་བ་མ་ཡིན་པའི་ཆོས ་རྣམས་ཞེས་བྱའོ།། དགེ་སློང་དག་གནོད་པར་འགྱུར་བ་དང་། གནོད་པར་འགྱུར་བ་མ་ཡིན་པའི་ཆོས་རྣམས་ཤེས་པར་བྱའོ་ཞེས་དེས་སྨྲས་པ་གང་ཡིན་པ་དེ་ནི་བཤེད་པ ་@འདི་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་ཅེས་གསུངས་ནས་སྟོན་པས་གཞན ་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། མི་རིགས་འཚེ་བའི་མི་རྣམས་བྱིས། འདིར་ནི་གནོད་གྱུར་བྱས་པ་ཡིས། འགྲོ་བ་ཕྱི་མ་གང་ཡིན་པ། དམྱལ་འགྲོ་དེ་དག་ང་ལ ་ཉོན། ཡང་སོས་དང་ནི་ཐིག་ནག་དང་། བསྡུས་འཇོམས་དང་ནི་ངུ་འབོད་དང་གཞན་ཡང་གནར་མེད་ཆེན་པོ་དང་ཚ་བ་དང་ནི་རབ་ཏུ་ཚ།། དམྱལ་བ་བརྒྱད་པོ་འདི་དག ་ནི།། འགའ་བར་དཀའ་བ་སྐན་པ་ཏེ།། བརླང་བའི་ལས་བྱས་རྣམས་ཀྱིས་གང་།། རེ་རེ་འཁོར་ནི་བཅུ་དྲུག་ཡོད།། ཆ་བཞི་དང་ནི་སྒོ་བཞིར་ལྡན།། ཆའི་ཆད་ནི་རྣམས་པར་ཕྱེ།། ་ལྕགས་ཀྱི་ར་བས་ཀུན་ནས་བསྐོར།། ལྕགས་ཀྱི་སུ་ནི་ཤིན་དུ་ཁྱེབས།། ལྕགས་ཀྱི་ས་བཞི་རབ་ཚ་བ།། འབར་ཞིང་མེ་ལྕེ་ལྡན་པ་སྟེ།། དཔག་ཚད་རྒྱ་ཕྲག་དུ་མར ་ཡང་།། མེ་ལྕེ་དག་ནི་མཆེད་པར་གནས།། འཇུངས་པ་འདུལ་བ་དྲག་པོ་སྟེ།། མེ་ལྕེར་ལྡན་ཞིང་སྙེན་པར་དཀའ།། དེ་དག་སྤུ་བཞིན་བྱེད་པའི་གཟུགས།། ་འཇིགས་ཤིན་འཇིགས་བྱེད་སྡུག་བསྔལ་བ། དྲང་སྲོང་དག་དང་སྡོམ་ཅན་དང་། དཀའ་ཐུབ་ཅན་ལ་ཁ་ཟེར་བ།། རྐང་པ་འགྲོང་ལ་སྤྱི་རུགསུ།། དམྱལ་བ་དེར ་ནི་ལྟུང་བར་འགྱུར།། དབང་པོ་ཉམས་པ་དེ་དག་རྩེད།། ཉ་ནི་སྐམ་ལ་བོར་བ་བཞིན།། དེ་ལྟར་ཉེས་བྱས་ལས་བྱེད་པ།། ཉིན་མཚན་དུ་ནི་ཆོ་ངེས་འདེབས།། ་དེ་ནི་སྒྲ་ཆེན་རབ་ཏུ་སྒྲོགས།། འཕང་འདུད་གྱིས་ཕོག་བླང་ཆེན་བཞིན།། ལུས་ཀྱི་ཉེས་པ་སྤྱད་བྱས་ཤིང་།། ངག་གིས་ཉེས་པ་དཔྱོད་རྣམས་དང་།། ཡིད་ཀྱི་ཉེས ་པ་སྤོང་བྱས་ནས།། སེམས་ཅན་དམྱལ་བ་རྣམས་སུ་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོ་སོ་ཞེས་པ་ལ་ཅིའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཞེས་བྱ ་ཞེ་ན་སྨྲས་པ། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སེམས་ཅན་གང་དག་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་དང་བྱུང་བ་དང་། ཀུན་ཏུ་བྱུང་བ་དང་། ཕྱིན་པ་དང་། ་མངོན་པར་གྲུབ་པ་དང་། འཐུན་པར་གྱུར་པའི་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི་རལ་གྲི་རྣོ་ཞིང་ཤིན་ཏུ་རྣོལ ་སྤུ་གྱེན་དཀར་ཆོད་པ་དག་ལག་ཏུ་འོད་འགྱུར་རོ།། སེམས་ཅན་དེ་དག་ཀྱང་ཅིག་གིས་མཐོང་ནས། ཤས་ཆེར་གནོད་པ་བྱ་བའི་སེམས་དང་། གསད་པའི ་སེམས་ཉེ་བར་གནས་པར་གྱུར་ཏེ། དཔེར་ན་རྔོན་པས་དགོན་པའི་རི་དགས་མཐོང་ནས་ཤས་ཆེར་གནོད་པར་བྱ་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས་པར ་འགྱུར་བ་དེ་བཞིན་དུ་སེམས་ཅན་དེ་དག་ཀྱང་ཅིག་གིས་ཅིག་མཐོང་ནས་ཤས་ཆེར་གནོད་པར་བྱ་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས་པར་འགྱུར་ཏེ། ་དེ་དག་རལ་གྲི་དེ་དག་གི་ཅིག་ལ་ཀུན་ཏུ་གཅོད་ཅིང་ཀུན་ཏུ་ཟད་ཏེ། ཀུན་ཏུ་རྔུབས་ཅིང་ཀུན་ཏུ་གཤེག་པར་བྱེད་དོ།། ཀུན་ཏུ་གཅད་ཅིང་ཀུན་ཏུ་རྦད་དེ་ཀུན་བཏུབ་ཅིང ་ཀུན་ཏུ་གཤེག་ནས། གང་གི་ཚེ་ཅིག་གིས་ཅིག་གསད་དེ། གར་གྱི་བ་དེའི་ཚེ་ཕྱོགས་ཅིག་ཏུ་འདུའོ།། དུས་བཞན་ཞིག་ན་སེམས ་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་རླུང་བསིལ་བ་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། འདི་སྐད་དུ་སེམས་ཅན་ཁྱེད་རྣམས་ཡང་སོས་པར་གྱུར ་ཅིག། སེམས་ཅན་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་སྒྲ་ཡང་གྲག་པར་འགྱུར་ཏེ། དེས་ན་སེམས་ཅན་དེ་དག་ཡང་འཚོ་བར་འགྱུར་རོ།། དེ་ནས་ཡང ་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས་ལྕགས་ཀྱི་རལ་གྲི་དག་ལག་ཏུ་འོང་བར་འགྱུརརོ།། དེ་ནས་ཡང་སེམས་ཅན་དེ་དག་ཀྱང་སེམས ་ཅན་ཅིག་གིས་ཅིག་མཐོང་ནས། ཕལ་ཆེར་གནོད་པར་བྱ་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས་པར་གྱུར་ཏེ། དཔེར་ན་རྔོན་པས་དགོན་པའི་རི ་དགས་མཐོང་ནས། ཤས་ཆེར་གནོད་པར་བྱ་བའི་སེམས་དང་གསད་པའི་སེམས་ཉེ་བར་གནས་པར་གྱུར་ཏེ། དེ་བཞིན་དུ་སེམས་ཅན་དེ་དག་ཀྱང་སེམས་ཅན་ཅིག ་གིས་ཅིག་མཐོང་ནས། ཤས་ཆེར་གནོད་པར་བྱ་བའི་སེམས་དང་གསད་པར་བྱ་བའི་སེམས་དང་གསད་པའི་སེམས་ཉེ་བར་གནས་པར་གྱུར་ཏེ། དེ་དག་རལ་གྲི་དེ ་དག་གིས་ཅིག་ལ་ཅིག་ཀུན་ཏུ་གཅོད་ཅིང་ཀུན་ཏུ་རྦད་དེ། ཀུན་ཏུ་བཏབ་ཅིང་ཀུན་ཏུ་གཤེག་པར་བྱེད་དོ།། ཀུན་ཏུ་བཅད་ཅིང་ཀུན་རྦད་དེ་ཀུན་ཏུ་བཏུབས་ཤིང་ཀུན་ཏུ ་གཤེགས་ནས། གང་གི་ཚེ་ཅིག་གིས་ཅིག་གསད་དེ་ཤི་བར་གྱུར་པ་དེའི་ཚེ་ཕྱོགས་ཅིག་ཏུ་འདུའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོ་སུ་སེམས་ཅན་གང ་དག་སྐྱེས་པ་དང་། ཀུན་སྐྱེས་པ་དང་བྱུང་བ་དང་ཀུན་ཏུ་བྱུང་བ་དང་། ཕྱིན་པ་དང་། མངོན་པར་གྲུབ་པ་དང་། མཐོན་པར་འགྱུར་བའི་སེམས་ཅན་དེ་དག་གི་སྡིག་པ་མི་དགེ ་བའི་ལས་དེའི་རྣམ་པར་སྨིན་པས་ལྕགས་ཀྱི་ཤང་ལང་རྣོ་ཞིང་ཤིན་དུ་རྣོ་བ་སྤུ་གྱེན་ཀར་ཆོད་པ་དག་ལག་ཏུ་འོང་བར་འགྱུར་རོ།། སེམས་ཅན་དེ་དག་ཀྱང་སེམས་ཅན་ཅིག་གིས་ཅིག ་མཐོང་ནས་ཤས་ཆེར་གནོད་པར་བྱ་བའི་སེམས་དང་གསད་པར་བྱ་བའི་སེམས་པར་གནས་པར་འགྱུར་ཏེ་སྔ་མ་བཞིན་ནོ།། དེ་དག་ཤང་ལང་དེ་དག་གི་ཅིག་གི་ཅིག་ཀུན་ཏུ་བཅད ་ཅིང་ཀུན་དུ་རྦ་དེ། ཀུན་ཏུ་བཏུབ་ཅིང་ཀུན་ཏུ་གཤེགས་པར་བྱེད་དོ།། ཀུན་ཏུ་བཅད་ཅིང་ཀུན་ཏུ་རྦ་དོ།། ཀུན་ཏུ་བཏུབ་ཤིང་ཀུན་ཏུ་གཤེགས་ནས་སྔ་མ་བཞིན་ཏེ། གང ་གི་ཚེ་ཤི་བར་གྱུར་པ་དེ་དག་ཕྱོགས་གཅིག་ཏུ་འདུག་གོ། དགེ་སློང་དག་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོ་སུ་རླུང་བསིལ་བ་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང ་ཡོད་དེ། འདི་སྐད་དུ་སེམས་ཅན་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་སེམས་ཅན་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཞེས་སྒྲ་གྲགས་པར་འགྱུར་ཏེ་དེ་ནས་སེམས་ཅན་དེ་དག། ་ཡང་སོས་པར་འགྱུར་རོ།། དེ་ནས་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས་ལྕགས་ཀྱི་ཤང་ལང་རྣོ་ཤིང་ཤིན་ཏུ་རྣོ་ལ་སྤུ་གྱེན་དུ་ཀར་ཆོད་པ་དེ་དག་ལག ་ཏུ་འོང་བར་འགྱུརརོ།། སེམས་ཅན་དམྱལ་བ་དེ་དག་ཀྱང་སེམས་ཅན་ཅིག་གིས་ཅིག་མཐོང་ན་སྔ་མ་བཞིན་དུ་གསང་བའི་སེམས་ཉེ་བར ་གནས་པར་འགྱུར་ཏེ། དེ་དག་ཤང་ལང་དེ་དག་གིས་ཅིག་ལ་ཅིག་གིས་བཏུབ་ཅོད་ཅིང་ཀུན་དུ་ཅོད་ཅིང་ཀུན་དུ་ཅོད་ཅིང་ཀུན་ཏུ་རྦད་ལ་ཀུན་བཏུབ་ཅིང་ཀུན་ཏུ་གཤེགས་པར་བྱེད་དེ། ་སྔ་མ་བཞིན་དུ་ཤི་བར་གྱུར་ནས་ཕྱོགས་ཅིག་ཏུ་འདུག་གོ། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སེམས་ཅན་གང་དག་སྐྱེས་པ་དང་ཀུན་ཏུ་སྐྱེ་བ་དང་། བྱུང་བ ་དང་། ཀུན་ཏུ་བྱུང་བ་དང་། བྱིན་པ་དང་། མངོན་པར་གྲུབ་པ་དང་། འཐོན་པོར་གྱུར་པའི་སེམས་ཅན་དེ་དག་གི་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས་ལྕགས་ཀྱི་རལ ་གྲི་ལག་ཏུ་འོང་བར་འགྱུར་རོ།། སེམས་ཅན་དེ་དག་ཀྱང་ཅིག་གིས་ཅིག་མཐོང་ན། ཤས་ཆེར་གནོད་པར་བྱ་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས་པར་འགྱུར ་ཏེ་སྔ་མ་བཞིན་ནོ།། དེ་དག་ནུ་གྲི་དེ་དག་གི་བཏུབ་ཅིང་རབ་ཏུ་བཏུབ་པར་བྱེད་དོ། བཏུབ་པར་བྱེད་དོ།། གཏུབ་ཤིང་རབ་ཏུ་བཏུབས་ལ་ཀུན་ཏུ་བཏུབས་ནས། གང་གི་ཚེ ་ཅིག་གིས་ཅིག་བསད་ཏེ་ཤི་བར་གྱུར་པ་དེའི་ཚེ་ཕྱོགས་ཅིག་ཏུ་འདུའོ།། དུས་བཞན་ཞིག་ན་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་རླུང་བསིལ་བ་ལྡང་བ་དེའི་དུས་ཀྱང་ཡོད ་ལ་དེའི་སྐབས་ཀྱང་ཡོད། འདི་དཀད་དུ་སེམས་ཅན་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག། སེམས་ཅན་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག། ཞེས་སྒྲ་ཡང་དགྲགས། ་པར་གྱུར་ཏེ། དེ་ནས་སེམས་ཅན་དེ་དག་ཡང་ཆེ་བར་འགྱུར་ཏེ། དེ་ནས་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་ལས་དེའི་རྣམ་པར་སྨིན་པར་ལྕགས་ཀྱི་ཆུ་གྲི་དག་ལ།། ་ཏུ་འོང་བར་གྱུར་པ་ནས་ཅིག་གིས་ཅིག་གསད་དེ་ཤི་བར་གྱུར་པ་དེའི་རོ་ཕྱོགས་ཅིག་ཏུ་འདུ་བའི་བར་དུ་རྒྱས་པར་བྱའོ་གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སེམས་ཅན ་གང་དག་སྐྱེས་པ་ནི་སྡིག་པ་མི་གེ་བའི་ལས་དེའི་རྣམ་པར་སྨིན་པས་ལྕགས་ཀྱི་སེན་མོ་རྣོ་ཞིང་ཏུ་རྣོལ་རལ་གྲིའི་སོ་ལྟ་བུ་དག་ལག་ཏུ་འོང་བར་འགྱུརརོ།། སྔ་མ་བཞིན་དུ་རྒྱས ་པར་བྱའོ།། སེམས་ཅན་དེ་དག་ཀྱང་ཅིག་གིས་མཐོང་ནས། ཤས་ཆེར་གནོད་པ་བྱ་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས་པར་འགྱུར་བ་སྔ་མ་བཞིན་ཏེ། ་དེ་དག་སེན་མོ་དེ་དག་གི་འདྲད་ཅིང་འཐོག་པར་བྱེད་དེ། ཅིག་གིས་ཅིག་ཕྲད་ཅིང་གཏོགས་ནས། གང་གི་ཚེ་གསད་དེ་ཤི་བར་གྱུར་པ་དེའི་ཚེ་ཕྱོགས་ཅིག་ཏུ་འདུའོ།། ་དུས་གཞན་ཞིག་ན་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་རླུང་བསིལ་བ་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད། དེ་ནས་ཡང་སེམས་ཅན་དེ་དགའ་རོ་བར། ་གྱུར་པའི་བར་དུ་རྒྱས་པར་བྱའོ།། དེ་ནས་ཡང་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས་ལྕགས་ཀྱི་སེན་མེ་རྣོ་ཞིང་ཤིན་ཏུ་རྡོ་ལ། རལ་གྲིའི ་སོ་ལྟ་བུ་དག་ལག་ཏུ་འོང་བར་འགྱུར་རོ།། སེམས་ཅན་དེ་དག་ཀྱང་ཅིག་གིས་ཅིག་མཐོང་ན་སྔ་མ་བཞིན་ཏེ། ཤི་བར་གྱུར་ནས་ལྷོ་ཕྱོག་ཅིག་ཏུ་འདུའོ།། གཞན་ཡ ་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སེམས་ཅན་གང་དག་སྐྱེས་པ་ནས། འཐོན་པར་འགྱུར་བའི་བར་དུ་སྟེ་སེམས་ཅན་དེ་དག ་གི་སྡིག་པ་མི་དགེ་བའི་རྣམ་པར་སྨིན་པས་ལྕགས་ཀྱི་མདུང་ཐུང་རྣོ་ཞིང་ཤིན་ཏུ་རྣོ་ལ་རལ་གྲིའི་སོ་ལྟ་བུ་དག་ལག་ཏུ་འོང་བར་འགྱུརརོ།། སེམས་ཅན་དེ་དག་ཀྱང་ཅིག་གིས་ཅིག ་མཐོང་ནས། ཤས་ཆེར་གནོད་པར་བྱ་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས་པ་པར་འགྱུར་ཏེ་སྔ་མ་བཞིན་ནོ།། དེ་དག་འདུང་ཐུང་དེ་དག་གིས ་ཅིག་ལ་ཅིག་ཀུན་ཏུ་འབིགས་ཤིང་ངེས་པར་འབིགས་ཏེ་གང་གི་ཚེ་ཅིག་གིས་ཅིག་བསད་ནས་ཤི་བར་གྱུར་པ་དེའི་ཚེ་ཕྱོགས་ཅིག་ཏུ་འདུའོ།། དུས་གཞན་ཞིག་ན ་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་རླུང་བསིལ་བ་ལྡང་བའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ།། དེ་ནས་སེམས་ཅན་དེ་དག་ཡང་འཚོ་བར་འགྱུར ་བའི་བར་དུ་རྒྱས་པར་བྱས་སོ།། དེ་ནས་ཡང་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི་མདུང་ཐུང་ལག་ཏུ་འོང་བར ་འགྱུར་རོ།། ཤི་བར་གྱུར་ནས་ཕྱོགས་ཅིག་ཏུ་འདུའ་བའི་བར་དུ་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སེམས་ཅན་གང་དག ་སྐྱེས་པ་ནས། འཐོན་པར་གྱུར་པའི་བར་དུ་སྔ་མ་བཞིན་ཏེ་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་ལས། ལྕགས་ཀྱི་ཐོ་བ་དག་ལག་ཏུ་འོང ་བར་འགྱུརརོ།། སེམས་ཅན་དེ་དག་ཀྱང་ཅིག་གིས་ཅིག་མཐོང་ན། ཤས་ཆེར་གནོད་པར་བྱ་བའི་སེམས་དང་། བསད་པའི་སེམས་ཉེ་བར་གནས་པར་འགྱུར་ཏེ། དཔེར། ་ན་སྔོན་པ་བཞིན་ཏེ་སྔ་མ་བཞིན་ནོ།། དེ་དག་ཐོབ་དེ་དག་གིས་ཅིག་འཇོམས་ཤིང་རབ་ཏུ་འཇོམས་ཏེ། བཅོམ་ཤིང་རབ་ཏུ་བཅོམ་ལ་ཀུན་ཏུ་བཅོམ་ནས། གང་གི་ཚེ་ཅིག་གི ་ཅིག་བསད་དེ་ཤི་བར་གྱུར་པ་དེའི་ཚེ་ཕྱོགས་ཅིག་ཏུ་འདྲེའོ།། དུས་གཞན་ཞིག་ན་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོ་སུ་རླུང་བསིལ་བ་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས། ་ཀྱང་ཡོད་དེ། འདི་སྐད་དུ་སེམས་ཅན་ཁྱེད་རྣམས་སོས་པར་གྱུར་ཅིག། སེམས་ཅན་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་སྒྲ་གྲག་པར་འགྱུར་ཏེ། དེ་ནས་སེམས ་ཅན་དེ་དག་ཡང་འཚེ་བར་འགྱུར་ཏེ། དེ་ནས་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས་ལྕགས་ཀྱི་ཐོ་བ་དག་ལག་ཏུ་འོང་བར་འོང་བར་འགྱུར་རོ།། ་སེམས་ཅན་དེ་དག་ཀྱང་སེམས་ཅན་ཅིག་གིས་མཐོང་བ་ནས་ཤི་བར་གྱུར་ནས་ཕྱོགས་ཅིག་ཏུ་འདུ་བའི་བར་ལྔ་མ་བཞིན་དུ་འཁོར་ལོ་དང་། རྡོ་རྗེ་རྩེ་ཅིག་པ་དང་། མཚོན་རྩ ་ཅིག་པ་དང་། འཕང་མདུང་དང་། མངའ་གཞུ་ལ་སོགས་པའི་མཚོན་རྣམས་ཀྱང་དེ་བཞིན་དུ་བརྗོད་པར་བྱ་སྟེ་མི་བཟང་བ་དེ་དག་དང་། མེ་ཏོག་དེ་དག་དང་། འབྲས ་བུ་དེ་དག་དང་། རྣམ་པར་སྤྲོ་བ་དེ་དག་གིས་ན་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཞེས་བྱ་སྟེ། དེ་ནས་སྡུག་བསྔལ་ཞིང་མི་ཟད་བརྩུབ་ཅིང་། ཚ་བ་དང་ཡིད་དུ་མི་འོང ་ཞིང་སྲོག་ལ་འབབ་པར་བྱེད་པ། ལས་ཀྱི་གནོད་པ་གཞན་དང་གཞན་མང་པོ་དག་ཡོད་དེ། ཇི་སྐད་དུ་ཕན་ཚུན་འཁོར་ཞིང་ཞེ་ནོན་ལ ་མི་རྣམས་མི་ལ་གསད་པ་དང་། ལེ་ནི་བྱེ་བ་ཕྲག་སྟོང་དུ། བསད་ཅིང་བསད་ཅིང་སླར་ཡང་འཚོ། ཞེས་འབྱུང་བ་ལྟ་བུའོ།། གང་དག་པ་མ་སངས་རྒྱས་དང་། ཉན ་ཐོས་རྣམས་ལ་ལྡང་བ་ནི། དམྱལ་བ་ཆེན་པོ་ཐིག་ནག་ཏུ། སྦྲུལ་བསྔལ་ཆེན་པོ་ཉོང་བར་འགྱུར། སེམས་ཅན་དམྱལ་བ་ཆེན་པོ་ཐེག་ན་ག་ཞེས་བྱ་བ་ལ། ཅིའི་ཕྱིར་སེམས ་ཅན་དམྱལ་བ་ཆེན་པོ་ཐིག་ནག་ཞེས་བྱ་ཞེར་སྨྲས་པ། སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་ཏུ་སེམས་ཅན་གང་དག་སྐྱེས་པ་དང་ཀུན་ཏུ་སྐྱེས་པ་དང་། བྱུང་བ་དང་། ཀུན་ཏུ། ་བྱུང་བ་ནས་འཐོན་པར་གྱུར་པའི་བར་དག་གིས་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བའི་སྲུང་མ་དག་གིས་སེམས་ཅན་དེ་དག་ལྕགས་ཀྱི་ས་འབར ་བཅིང་རབ་ཏུ་འབར་བ་ཀུན་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་ལག་ན་རྒྱལ་དུ་གཞག་ནས། ལྕགས་ཀྱི་ཐིག་བཏབ་ཏེ། ལྕགས་ཀྱི་བསྟེའུ་རབ་ཏུ་འབར ་ལ་ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ཁྲེ་ཅིག་ཏུ་གྱུར་པ་དག་གིས་འཇོག་ཅིང་རབ་ཏུ་འཇོག་ལ། ཀུན་ཏུ་རབ་ཏུ་འཇོག་ཏེ། དཔེར་ན་ཤིང་མཁན་གྱིས་ཤིང་ས་ལ ་བཞག་ནས་ཐིག་བཏབ་སྟེ། སྟེའུས་འཇོག་ཅིང་རབ་ཏུ་འཇོག་ལ་ཀུན་ཏུ་རབ་ཏུ་འཇོག་པ་དེ་བཞིན་དུ་སེམས་ཅན་དམྱལ་བའི་སྲུང་མ་དག་གིས་སེམས་ཅན་དེ་དག་ལྕགས་ཀྱི། ་ས་བཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་ཅིག་ཏུ་གྱུར་པ་ལ། གན་རྒྱལ་ཏུ་བཞག་ནས་ལྕགས་ཀྱིས་ཐིག་བཏབ་སྟེ་ལྕགས་ཀྱི་སྟེའུས ་འཇོག་ཅིང་རབ་ཏུ་འཇོག་ལ་ཀུན་ཏུ་རབ་ཏུ་འཇོག་གོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་ཏུ་སེམས་ཅན་གང་དག་སྐྱེས་པ་ནས། འཐོན་པར་འགྱུར་བའི ་བར་དག་གི་སྡིག་པ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བའི་སྲུང་མ་དག་གིས་སེམས་ཅན་དེ་དག་ལྕགས་ཀྱི་ས་བཞི་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ ་མཆོད་ཅིང་འབར་ཏེ། མེ་ལྕེ་ཅིག་ཏུ་གྱུར་པ་གན་རྒྱལ་དུ་བཞག། ལྕགས་ཀྱི་སྟ་རི་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འཚེད་པར་འབར་ཏེ། མེ་ལྕེ་ཅིག་ཏུ་གྱུར ་པས་གཟུལ་ཏེ་དཔེར་ན། ཤིང་མཁན་གྱི་ས་ལ་གཞག་ནས་ཐིག་བཏབ་སྟེ་གཤག་པ་བཞིན་དུ་སེམས་ཅན་དམྱལ་བའི་བསྲུངས་མ་དག་གིས་སེམས་ཅན་གང་དེ་དག་ལྕགས ་ཀྱིས་བཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་དུ་རབ་ཏུ་ཕྱིར་འབར་ཏེ། མེ་ལྕེ་ཅིག་ཏུ་གྱུར་པ་ལ་སྟ་རིས་གཤེག་པའི་བར་དུ་སྔ་མ་བཞིན་ནོ།། གཞན་ཡང་སེམས་ཅན ་དམྱལ་བ་ཆེན་པོ་ཐིག་ནག་དུ་སེམས་ཅན་གང་དག་སྐྱེས་པ་ནས། འཐོན་པར་འགྱུར་བའི་བར་དུ་སྔ་མ་བཞིན་སྟེ་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པའི་སེམས ་ཅན་དམྱལ་བའི་སྲུང་མ་དག་གིས་ལྕགས་ཀྱི་ས་བཞི་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་ཅིག་ཏུ་གྱུར་པ་མགོ་ཐུར་དུ་བསྟན་ཏེ་བཞག་ནས ་སོག་ལེས་ཁ་གཉིས་སམ་ཁ་གསུམ་མམ། ཁ་མང་དུ་གཤེག་པར་བྱེད་དེ། དཔེར་ན་ཤིང་མཁན་གྱིས་ཤིང་ས་ལ་མགོ་ཐུང་དུ་སྙན་ཏེ ་བཞག་ནས་ཁ་གཉིས་སམ་ཁ་གསུམ་མམ་ཁ་མང་དུ་གཤེགས་པས་བར་དུ་སྔ་མ་བཞིན་དུ་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་ཏུ་སེམས་ཅན་གང ་དག་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་ནས་འཐོན་པར་གྱུར་པའི་བར་དག་གི་སྡིག་པ་མི་དགེ་བའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བའི་སྲུང་མ་དག་གིས་སེམས་ཅན་དེ་དག་ལས་ཀྱི ་སྲད་བུ་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་ཅིག་ཏུ་གྱུར་པས་མགོ་བོ་དཀྲི་བར་བྱེད་དོ།། མགོ་བོ་དཀྲིས་ནས་མགུལ་བ་དཀྲི་བར་བྱེད་དོ།། ་འགུལ་པ་དཀྲིས་ནས་ཕྲག་པ་གཉིས་དཀྲི་བར་བྱེད་དོ།། ཕྲག་པ་གཉིས་དཀྲིས་ནས་ལག་པ་གཉིས་དཀྲི་བར་བྱེད་དོ།། ལག་པ་གཉིས་དཀྲིས་ནས་མཚན་མ་གཉིས་དཀྲི ་བར་བྱེད་དོ།། མཚན་མ་གཉིས་དཀྲིས་ནས་རྟ་ཟུར་གཉིས་དཀྲི་བར་བྱེད་དོ།། རྟ་ཟུར་གཉིས་དཀྲིས་ནས་རྭ་གཉིས་དཀྲི་བར་བྱེད་དོ།། རྭ་གཉིས་དཀྲིས་ནས་རྗེ་ངར་གཉིས ་དཀྲི་བར་བྱེད་དོ།། རྗེ་ངར་གཉིས་དཀྲིས་ནས་ལོང་བུ་གཉིས་དཀྲི་བར་བྱེད་དོ།། ལོང་བུ་གཉིས་དཀྲིས་ནས་རྐང་པ་བོལ་གཉིས་དཀྲི་བར་བྱེད་དོ།། རྐང་པའི་བོལ་གཉིས ་དཀྲིས་ནས། སྲད་བུ་དེའི་ཐོར་ཏོ་ནས་བཟུང་སྟེ་སེན་མོ་ཡན་ཆད་དཀྲི་བར་བྱེད་དོ།། སེམས་ཅན་དེ་དག་གི་ལྤགས་པ་དང་། ཤ་དང་ཁྲག་ཆད་ཐམས་ཅད་ཕྱིར་འབྱུང་དེ ་ལ་སོགས་པ་དེ་ལས་གཞན་པའི་གནོད་པ་རྣམས་ཀྱང་རྗོད་པར་བྱས་ཏེ། མི་བཟད་པ་དེ་དག་དང་། མེ་ཏོག་དེ་དག་དང་། འབྲས་བུ་དེ་དག་དང་། རྣམ་པར་སྤྲོས་པ་དེ་དག་གིས ་ན་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་ཞེས་ཏེ། དེ་ན་སྡུག་བསྔལ་ཞིང་མི་བཟང་ལ་ཆ་ཞིང་རྩུབ་ཅིང་ཆེ་བ་དང་། ཡིད་དུ་མི་འོང་ཞིང་སྲོག་ལ་འབབས་པར་བྱེད་པ་ལས་ཀྱི་གནོད ་པ་གཞན་དང་གཞན་མང་པོ་དག་ཀྱང་ཡོད་དེ་ཇི་སྐད་དུ། བྱ་མིན་བྱེད་དུ་འཇུག་པ་དང་། མི་རྣམས་འཛའ་བར་འབྱེད་པ་དང་། ཕྲ་མ་རྫུན་སྨྲ་རྒྱུ་བྱེད་པ། ཐིག་ནག་དུ་ནི ་སྐྱེ་བར་འགྱུར་ཞེས་འབྱུང་བ་ལྟ་བུའོ།། བར་སྡོམ་ནི། རལ་གྲི་ཤད་ཆུ་གྲི་དང་། སེན་མོ་མཐུང་ཐུང་ཐོ་བ་དང་། སྟེའུ་དང་སྟ་རེ་སོག་ལེ་དང་། སྲད་བུ་བཞི་དག ་ཐིག་ནག་གོ། སྡིག་པ་རྣམ་གསུམ་བྱས་པ་དང་། དགེ་བ་རྣམ་གསུམ་བྱས་སོ།། བློ་ངན་སྡུས་གཞོམ་ནས་ནི། སྡུག་བསྔལ་ཚོར་བྱ་མྱོང་བར་འགྱུར། སེམས་ཅན ་དམྱལ་བ་ཆེན་པོ་བསྡུས་ཞོམ་ཞེས་བྱ་བ་ལ་ཅིའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་བཞོམ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་དམྱལ་བ་ཆེན་པོ་བསྡུས་བཞོམ་དུ ་སེམས་ཅན་གང་དག་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་དང་། བྱུང་བ་དང་། ཀུན་དུ་འབྱུང་བ་དང་། ཕྱིན་པ་དང་། མངོན་པར་གྲུབ་པ་དང་། འཐོན་པར་གྱུར་པའི ་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི་ས་བཞི་དཔག་ཚད་མང་པོ་དང་། དཔག་ཚད་རྒྱ་ཕྲག་མང་པོ་དང་། དཔག་ཚད་སྟོང ་ཕྲག་མང་པོ་དང་། དཔག་ཚད་འབུམ་ཕྲག་མང་པོ་ཡོད་པར་འབྱུང་།། དེ་ནས་སེམས་ཅན་དེ་དག་གནས་ཚོལ་ཞིང་སྐྱབས་ཚོལ་ལ་འབྱུང ་བའི་ཐབས་ཚོལ་ཏེ། དེར་རྒྱུག་ཅིང་དེར་རབ་ཏུ་རྒྱུག་ལ་དེར་ཀུན་དུ་རབ་ཏུ་རྒྱུ་གོ།། དེ་དག་དེར་ཕྱོགས་ཅིག་ཏུ་འདུའོ།། གང་གི་ཚེ་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་དང་། ་འབུམ་ཕྲག་མང་པོ་འདུས་པར་གྱུར་པ་དེའི་ཚེ་དེ་དག་འཁོད་པའི་སྟེང་དུ་ལྕགས་ཀྱི་དྲ་བ་འབྱུང་བར་འགྱུར་ཏེ་སེམས་ཅན་དེ་དག་འགེབས་ཤིང་རབ་ཏུ་འགེབས་ལ་ཀུན་ཏུ་རབ་ཏུ་འགེབས ་སོ།། དཀབ་ཅིང་རབ་ཏུ་དཀབ་པ་ལས་ཀུན་ཏུ་དཀབ་ནས། དེ་དག་འཁོད་པའི་སྟེང་དུ་ལྕགས་ཀྱི་ཐོ་བ་དག་འབྱུང་བར་འགྱུར་ཏེ། སེམས་ཅན་དེ་དག་ལ་འཇོམ་ཞིང་རབ ་ཏུ་འཇོམ་སྟེ། ཀུན་ཏུ་རབ་ཏུ་འཇོམ་མོ་བཅོམ་ཞིང་རབ་ཏུ་བཅོམ་ལ་ཀུན་ཏུ་བཅོམ་ནས། གང་གི་ཚེ་གསད་དེ་ཤི་བར་གྱུར་པ་དེའི་ཚེ་སྟེང་དུ་མི་སྣང་བར་འགྱུར་རོ།། དེ་དག་དེ ་ལྟ་བུའི་ཚུལ་གྱིས་ལེ་མང་པོ་དང་། ལོ་རྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་འབུམ་ཕྲག་མང་པོར་སྡུག་བསྔལ་ཞིང་མི་བཟང་ལ་རྩུབ་ཅིང་ཚ་བ་དང་། ་ཡིད་དུ་མི་འོང་ཞིང་སྲོག་ལ་བབ་པར་བྱེད་པའི་ཚོར་བ་དག་ཉམ་སུ་མྱོང་བར་འགྱུར་ཏེ། དེ་དག་སེམས་ཅད་དམྱལ་བ་ཉམ་སུ་མྱོང་བར་འགྱུར་བའི། སྡིག་པ་མི་དགེ་བའི ་ལས་དེ་བཏན་ནས་མ་བྱང་མ་ཟད་ཀྱི་བར་དུ་རེ་ཤིག་འཆི་བའི་དུས་བྱེད་པར་མི་འགྱུར་རོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་བདུད་འཇོམ་དུ་སེམས་ཅན་གང་དག ་སྐྱེས་པ་ནས་མཐོན་པར་འགྱུར་བའི་བར་དུ་སྔ་མ་བཞིན་ཏེ་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས་ལྕགས་ཀྱི་ས་བཞི་དཔག་མང་པོ་དང་། དཔག ་ཚད་རྒྱ་དྲག་མང་པོ་དང་། དཔག་ཚད་སྟོང་ཕྲག་མང་པོ་དང་། དཔག་ཚད་འབུམ་ཕྲག་མང་པོ་འབྱུང་ངོ་།། དེ་ནས་སེམས་ཅན་དེ་དག་གནས་ཚོལ་ཞིང་སྐྱབས་ཚོལ་ཞིང ་འབྱུང་བའི་ཐབས་ཚོལ་ཏེ། དེར་རྒྱུག་ཅིང་དེར་རབ་ཏུ་རྒྱུག་ལ། དེ་དག་དེར་ཕྱོགས་ཅིག་ཏུ་འདུ་བ་ན་རྒྱ་ཕྲག་མང་བའི་བར་དུ་སྔ་མ་བཞིན་ཏེ། དེའི་ཚེ་དེ་དག་འཁོད་པའི ་སྟེང་ན་ལྕགས་ཀྱི་དྲ་བ་འབྱུང་བར་འགྱུར་ཏེ། སེམས་ཅན་དེ་དག་འགེབས་ཤིང་རབ་ཏུ་འགེབས་ལ་ཀུན་ཏུ་རབ་ཏུ་དགེ་བསོ།། དེའི་ཚེ་དེ་དག་འཁོད་པའི་སྟེང་དུ་གླང་པོ་ཆེ ་དག་འབྱུང་བར་འགྱུར་རོ།། སེམས་ཅན་དེ་དག་རྫི་འཆག་ཅིང་རབ་ཏུ་རྫི་འཆག་ལ་ཀུན་ཏུ་རྫི་འཆག་ལ། བརྫིས་བཅགས་ཤིང་རབ་ཏུ་བརྫིས་བཅགས་ལ། ཀུན་ཏུ་རབ་ཏུ ་བརྫིས་བཅགས་ནས། གང་གི་ཚེ་བསད་དེ་ཤི་བར་གྱུར་པ་དེའི་ཚེ་ན་མི་སྣང་བར་འགྱུར་རོ།། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ནས། མ་བྱང་མ་ཟད་ཀྱི་བར་དུ་སྔ་མ ་བཞིན་ཏེ། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་བདུད་བཞོམ་དུ་སེམས་ཅན་གང་དག་སྐྱེས་པ་ནས་མཐོན་པར་འགྱུར་བའི་བར་དུ་སྟེ། སེམས་ཅན་དེ་དག་སྡིག་པ ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་བཟུང་ནས་ལྕགས་བདུན་གྱི་བར་དུ་བཅུག་ཏེ། ལྕགས་བདུན་དག་གིས་མྱུར་བ་མྱུ ་#བར་རྡུང་ཞིང་རབ་ཏུ་རྡུངས་ལ་ཀུན་ཏུ་རབ་ཏུ་རྡུངས་ཏེ། དཔེར་ན་མི་རྣམས་ཀྱི་བརྫུན་གྱི་ནང་དུ་ཐུགས་ནས་བཏུན་པོས་མྱུར་བ་མྱུར་བར་རྡུང་ཞིང་ང ་ཏུ་རྡུང་ལ་ཀུན་ཏུ་རབ་ཏུ་བདུད་བ་དེ་བཞིན་དུ་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་སེམས་ཅན་དེ་དག་ལྕགས་རྟུན་གྱི་ནང་དུ་བཅུག་སྟེ། ལྕགས་ཀྱི་བཏུན་བུ་ཞེས་བྱ་བ་ནས ་ཀུན་ཏུ་རབ་ཏུ་རབ་རྡུངས་ཏེ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ཞེས་བྱ་བའི་བར་དུ་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་སྡུས་བཞོམ་དུ་སེམས ་ཅན་གང་དག་སྐྱེས་པ་ནས། འཐོན་པར་གྱུར་པའི་བར་དག་རྒྱས་པར་བྱས་ཏེ་སེམས་ཅན་དམྱལ་བའི་སྲུང་མ་དེ་དག་གི་སེམས་ཅན་དེ་དག་བཟུང་ནས་ལྕགས་ཀྱི་བཞོད་ཀུང ་གི་ནང་དུ་བཅུག་ཏེ། ལྕགས་ཀྱི་བཏུན་དག་གིས་རྡུང་ཞིང་རབ་ཏུ་རྡུང་ལ་ཀུན་ཏུ་རྡུངས་ཏེ། དཔེར་ན་མི་རྣམས་ཀྱིས་དཀར་གཞོང་ཀུང་གི་ནང་དུ་བླུགས་ནས་རྡུང་ཞིང་རབ ་ཏུ་རྡུང་ལ། ཀུན་ཏུ་རབ་ཏུ་རྡུང་བ་དེ་བཞིན་དུ། སེམས་ཅན་དམྱལ་བའི་སྲུང་མ་དག་གི་སེམས་ཅན་དེ་དག་ལྕགས་ཀྱི་ཞོང་ཁུང་གི་ནང་བཅུག་ནས། ལྕགས་ཀྱི་བཏུན་བུ ་ངག་གིས་ཤེས་བྱ་གནས་མ་བྱང་མ་ཟད་ཀྱི་བར་དུ་སྔ་མ་བཞིནོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་བཞོམ་དུ་སེམས་ཅན་གང་དག་སྐྱེས་པ་ནས་འཐོན་པར་གྱུར ་བའི་བར་དུ་སྔ་མ་བཞིན་རྒྱས་པར་བྱས་ཏེ། སེམས་ཅན་དམྱལ་བའི་སྲུང་མ་དག་གིས་བཟུང་ནས་ལྕགས་དབང་གི་བར་དུ་བཅུག་ཏེ། འཚིར་ཞིང་རབ་ཏུ་འཚིར་ལ་ཀུན་དུ། ་རབ་ཏུ་འཚིར་ཏེ། དཔེར་ན་མི་རྣམས་ཀྱིས་བུ་རམ་ཤིང་དག་དབང་གི་བར་དུ་བཅུག་ཏེ། འཚེར་ཞིང་རབ་ཏུ་འཆིར་ལ་ཀུན་དུ་རབ་ཏུ་འཆིར་བ་དེ་བཞིན་དུ་སེམས་ཅན་དམྱལ་བའི ་སྲུང་མ་དག་གིས་སེམས་ཅན་དེ་དག་བཟུང་ནས་ལྕགས་ཀྱི་དབང་གི་བར་དུ་བཅུག་པ་ནས་ཀུན་དུ་རབ་ཏུ་འཚིར་བའི་བར་སྟེ། དེ་ལྟ་བུའི་ཚུལ་གྱི་ལོ་མང་པོ་དང་། ལོ་རྒྱ་ཕྲག ་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་འབུམ་ཕྲག་མང་པོར་སྡུག་བསྔལ་ཞིང་མི་ཟད་ལ་རྩུབ་ཅིང་ཆི་བ་དང་། ཡིད་མི་འོང་བའི་ཚོར་བ་མྱོང་བར་འགྱུར་ཏེ། དེ་དག ་ནམ་སེམས་ཅན་དམྱལ་བ་ཉམ་སུ་མྱོང་བར་འགྱུར་བའི་སྡིག་པ་མི་དགེ་བའི་ལས་དེ་དག་མྱོང་ནས་མ་བྱང་མ་ཟད་ཀྱི་བར་དུ་རེ་ཞིག་འཆི་བའི་དུས་བྱེད་པར་མི་འགྱུར་རོ།། གཞན ་ཡང་སེམས་ཅན་དམྱལ་བ་ཆེན་པོ་བདུད་བཞོམ་དུ་སེམས་ཅན་གང་དག་སྐྱེས་པ་དང་། ཀུན་དུ་སྐྱེས་པ་དང་བྱུང་བ་དང་། ཀུན་ཏུ་བྱུང་བ་ནས། མཐོན་པར་འགྱུར་བའི་བར ་དུ་སྟེ་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས་རིན་པོ་ཆེ་རྒྱ་ཆེ་རྒྱ་ཆེ་བ་དཔག་ཚད་མང་པོ་དང་། དཔག་ཚད་རྒྱ་ཕྲག་མང་པོ་དང་། དཔག་ཚད་སྟོང ་ཕྲག་མང་པོ་དང་། དཔག་ཚད་འབུམ་ཕྲག་མང་པོ་ཡོད་དེ། སྟེང་གི་ངོས་ནི་མཉམ་ཤིང་སྡུག་ལ། འོག་གི་ཁྲག་འབྱིན་པར་བྱེད་པའི་ལྕགས་ཡོད་དོ།། དེ་ན་སེམས ་དེ་དག་དེར་རྒྱུག་ཅིང་རབ་ཏུ་རྒྱུག་ལ། དེ་དག་ཀུན་དུ་རབ་ཏུ་རྒྱུག་ཏེ། གནས་ཚོལ་ཞིང་སྐྱབས་རོལ་ལོ། འབྱུང་བའི་ཐབས་ཚོལ་ཞིང་དེ་དག་དེའི་ཕྱོགས་ཅིག་ཏུ་འདུའོ།། ་གང་གི་ཚེ་བརྒྱ་དྲག་མང་པོ་ཞེས་བྱ་བ་ནས་རྒྱས་པར་བྱས་ཏེ། དེའི་ཚེ་རི་དེ་སེམས་ཅན་དེ་དག་གི་སྟེང་དུ་བརྡིབ་སྟེ། སེམས་ཅན་དེ་དག་ཀློག ་ལ་ཀུན་དུ་རབ་ཏུ་ཀླེ་མོ།། གླེབས་ཞིང་རབ་ཏུ་གླེམས་ལ་ཀུན་ཏུ་རབ་ཏུ་ཁྲིམས་ནས་གང་གི་རེ་བསད་དེ་ཤི་བར་གྱུར་པ་དེའི་ཚེ་སྟེང་དུ་མི་སྣང་བར་འགྱུར་རོ།། དེ་དག་དེ་ལྟ་བུའི ་ཚུལ་གྱིས་ལོ་མང་པོ་དང་། ལོ་རྒྱ་ཕྲག་མང་པོ་ནས་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོས་བསྡུས་འཇོམས་སུ་སེམས་ཅན་གང་དག་སྐྱེས་པ ་དང་དེ་དག་ཀུན་དུ་སྐྱེས་པའི་བར་དུ་སྔ་མ་བཞིན་ཏེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེས་རྣམ་པར་སྨིན་པས། རིའི་སུལ་ཆེན་པོ་དཔག་ཚད ་མང་པོ་དང་། དཔག་ཆད་རྒྱ་ཕྲག་མང་པོ་སྔ་མ་བཞིན་ནོ།། དེ་ནས་སེམས་ཅན་དེ་དག་དེར་རྒྱག་ཅིང་དེར་རྒྱུག་པས་དེས་འབྱུང་བའི་ཐབས་ཆེན་པོའི་བར་དུ་སྔ་མ ་བཞི་ནོ།། དེ་དག་དེར་ཞུགས་པ་ནས་བརྒྱ་ཕྲག་མང་པོའི་བར་དུ་ཞུགས་པ་དེའི་བར་དུ་སྟེ། དེའི་ཚེ་རི་དེའི་སུལ་དེ་དག་ཕྱིར་གྱད་དེ། སེམས་ཅན་དེ་དག ་འཇིགས་པ་དང་སྡང་བ་དང་། བུ་ཟིང་བྱེད་དོ།། དེ་ནས་སེམས་ཅན་དེ་དག་འཇིགས་ཤིང་སྐྲག་ལ་ཡི་ཆདེ། སྤུ་ཟིང་ཞེས་བྱེད་ནས་ཕྱོགས་ཅག་ཏུ་འདུའོ།། ་གང་གི་ཚེ་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་དང་། འབུམ་ཕྲག་མང་པོ་དག་འདུས་པར་གྱུར་པ་དེའི་ཚེ་རི་དེ་དག་ཕྱོགས་གཉིས་ཀས་ན་འདུ་སྟེ ་སེམས་ཅན་དེ་དག་བཅོམ་ཞིང་རབ་ཏུ་བཅོམ་ལ་ཀུན་ཏུ་རབ་ཏུ་མཅི་མོ།། བཅོམ་ཞིང་རབ་ཏུ་བཅོམ་ལ་ཀུན་ཏུ་རབ་ཏུ་བཅོམ་ནས། གང་གི་ཚེ་བསད་དེ་ཤི་བར་གྱུར་པ་དེའི་ཚེ། ་དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོའི་བར་དུ་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་འཇོམས་དུ་སེམས་ཅན་གང་དག་སྐྱེས་པ་ནས། འཐོན ་པར་འགྱུར་བའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེ་རྣམ་པར་སྨིན་པས། ལྕགས་ཀྱི་ས་བཞི་དེའི་ནང་ན་ནགས་ཚལ་དཔག་ཚད་མང་པོ་ནས་མང་པོ ་སྔ་མ་བཞིན་ནོ།། དེ་ནས་སེམས་ཅན་དེ་དག་དེར་རྒྱུག་ཅིང་དེར་རབ་ཏུ་རྒྱུག་ལ། དེར་ཀུན་ཏུ་རབ་ཏུ་རྒྱུག་པའི་བར་དུ་རྒྱས་པར་བྱེད་ཏེ། དེ་དག་དེའི་བཞི་ནང་དུ་འགྲོའོ།། ་གང་གི་ཚེ་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་དང་། འབུམ་ཕྲག་མང་པོ་ནང་དུ་ཞུགས་པར་གྱུར་པ་དེའི་ཚེ་དེ་དག་འཁོར་པའི་ཚེ་དང་སྟེང་དང་ཕྱོགས་བཞི་ནས་མེ ་བྱུང་སྟེ། སེམས་ཅན་དེ་དག་འཇིགས་པ་དང་། དངང་བ་དང་། སྤུ་ཟིང་ཞེས་བྱེད་པར་བྱེད་དོ།། དེ་ནས་སེམས་ཅན་དེ་དག་འཇིགས་ཤིང་སྐག་ལ་ཡི་ཆད་དེ། སྤུ་ཟིང ་ཞེས་བྱེད་ནས་ཕྱོགས་ཅིག་ཏུ་འདུའོ།། གང་གི་ཚེ་རྒྱ་མང་པོ་འདུས་པར་གྱུར་པའི་བར་དུ་རྒྱས་པས་བྱས་ཏེ། དེའི་ཚེ་མི་དེ་དག་གི་ས་བཞི་རབ་ཏུ་འབར་བར་བྱེད་དོ།། དེ་ནས ་སེམས་ཅན་འབར་བར་བྱས་ནས། ནགས་ཚལ་རབ་ཏུ་འབར་བར་བྱེད་དོ།། དེ་ནས་ཆལ་རབ་ཏུ་འབར་བར་བྱས་ནས། སེམས་ཅན་དེ་དག་རབ་ཏུ་འབར་བར་བྱེད་དོ།། ་དེ་ནས་སེམས་ཅན་དེ་དགའ་བར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་ཅིག་ཏུ་གྱུར་ནས་གལ་ཏེ་ཤར ་ཕྱོགསུ་འགྲོ་ཡང་མེ་འབའ་ཞིག་མཐོང་ངོ་།། གལ་ཏེ་ལྷོ་དང་ནུབ་དང་བྱང་དུ་རྒྱུག་ན་ཡང་མེ་འབའ་ཞིག་མཐོང་ཞིང་ཚིག་སྟེ། དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ནས་སེམས ་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་གཏན་ནས་མ་བྱང་མ་ཟད་ཀྱི་བར་དུ་སྔ་མ་བཞིན་ཏེ། ཇི་སྐད་དུ་བ་འང་རེ་ལུག་མ་ཧེ་དང་། རི་དགས་ཕབ་དང་ཕྱགག ་དང་། དེ་བཞིན་གཞན་གྱི་སྲོག་བཅད་ནས། བདུད་གཞོམ་དུ་ནི་བཞོམ་པར་འགྱུར། ཞེས་བྱུང་བ་ལྟ་བུའོ།། ས་བཞི་ཐོབ་གཞོང་ཀུན་དང་།། དབང ་དང་རྫི་འཆབ་བྱེད་དང་རི།། དེ་ནས་རི་སུལ་ནགས་ཚལ་རྣམས། བསྡུས་བཞོམ་དུ་ནི་གནོད་པ་བརྒྱད།། དེ་དག་ལ་སོགས་པའི་གནོད་པ་མང་པོ་བརྗོད་པར ་བྱས་ཏེ། མི་ཟད་པ་དེ་དག་དང་མེ་ཏོག་དེ་དག་དང་། འབྲས་བུ་དེ་དག་དང་རྣམ་པར་སྤྲོས་པ་དེ་དག་གིས་ནི་སེམས་ཅན་དམྱལ་བ་ཆེན་པོ་སྡུས་བཞོམ་ཞེས་བྱ་སྟེ། ་དེ་ནས་སྡུག་བསྔལ་མི་ཟད་ལ་ཚ་ཞིང་རྩུབ་པ་དང་། ཡིད་དུ་མི་འོང་ཞིང་སྲོག་ལ་འབབ་པར་བྱེད་པ་ལས་ཀྱི་གནོད་པ་གཞན་དང་། གཞན་མང་པོ་དག་ཡོད་དོ།། ་སྲོག་གཙང་པའི་སེམས་ཅན་རྣམས། བ་རླུང་ཞིང་ཁྲག་ནི་འཐུང་བ་དང་། ངན་པའི་ལས་ནི་ཀུན་བྱེད་པ། ངུ་འདོད་ཅུ་དུར་འགྲོ་བར་འགྱུར། སེམས་ཅན་དམྱ ་བཆེན་པོ་དུ་འབོད་ཆུ་ངུར་ཞེས་བྱ་བ་ལ། ཅིའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ནུ་དུ་ཞེས་བྱཞེ་ན། སྨྲས་པ་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ནུ་ངུར་སེམས ་ཅན་གང་དག་སྐྱེས་པ་ནས་འཐོན་པར་འགྱུར་བའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས་ལྕགས་ཀྱི་ས་བཞི་དཔག་ཚད ་མང་པོའི་བར་དུ་རྒྱས་པར་བྱའོ།། དེའི་ནང་ན་ནགས་ཐིབས་པོ་ཡོད་དེ། དེ་ནས་སེམས་ཅན་དེ་དག་དེར་རྒྱུག་ཅིང་དེར་རབ་ཏུ་རྒྱུག་ལ་དེར་ཀུན་ཏུ་རབ་ཏུ་རྒྱུག་སྟེ། ་གནས་ཚོལ་ཞིང་སྐྱབས་ཚོལ་ལ་འབྱུང་བའི་ཐབས་ཚོལ་ཏེ། དེ་དག་དེར་རྒྱུག་ཅིང་འདུའོ།། གང་གི་ཚེ་བརྒྱ་ཕྲག་མང་པོ་ནས་འདུས་པར་གྱུར་གྱི་བར་སྔ་མ་བཞི་ནོ།། ་དེ་ནས་དེ་དག་གི་འོག་དང་སྟེང་དང་། ཕྱོགས་བཞི་ནས་མི་བྱུང་སྟེ། སེམས་ཅན་དེ་དག་འཇིགས་པ་དང་། སྐྲག་པ་དང་སྤུ་ཟིང་ཞེས་བྱེད་པར་བྱེད་དོ།། དེ་ནས ་སེམས་ཅན་དེ་དག་འཇིགས་ཤིང་སྐྲག་ལ་ཡི་ཆང་དེ་སྤུ་ཟིང་ཞེས་བྱེད་པར་འགྱུར་ནས་ནགས་ཐིབས་པའི་ནང་ན་འགྲོའོ།། གང་གི་ཚེ་རྒྱ་ཕྲག་མང་པོ་ན་པ་དེ་དག་འདུས ་པའི་བར་དུ་སྟེ། དེའི་ཚེ་མེ་དེས་ས་པའི་རབ་ཏུ་འབར་བར་བྱེད།། ས་བཞི་རབ་ཏུ་འབར་བར་བྱས། ནགས་ཐིབས་པོ་རབ་ཏུ་འབར་བྱེད་དོ།། ནགས་ཐིབས ་པོ་རབ་ཏུ་རབ་འབར་བར་བྱས་ནས། སེམས་ཅན་དེ་དག་རབ་ཏུ་འབར་བར་བྱེད་དོ།། དེ་དག་དེར་འབར་ཞིང་རབ་ཏུ་འབར་ལ་ཀུན་དུ་རབ་ཏུ་མཆེད་ཅིང་འབར་ཏེ། ་མེ་ལྕེ་ཅིག་ཏུ་གྱུར་ནས། གལ་ཏེ་ཤར་ཕྱོགས་སུ་བརྒྱུགས་ནས། མེ་འབའ་ཞིག་མཐོང་ནས་སེམས་ཅན་རབ་ཏུ་འབར་བར་བྱེད་དོ།། ་དེ་དག་དེར་འབར་ཞིང་རབ་ཏུ་འབར་ལ་ཀུན་དུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་ཅིག་ཏུ་གྱུར་ནས། རྣམ་པར་སྤྲོས་པ་དེ་དག་གིས་ན། སེམས་ཅན་དམྱལ་བ་ཆེན་པོ ་ངུ་འབོད་ནུ་ངུར་ཞེས་བྱ་སྟེ། ཕན་པ་སྡུག་བསྔལ་ཞིང་མི་ཟད་ལ་སྡུག་བསྔལ་བ་ཚ་བ་དང་། ཡིད་དུ་མི་འོང་ཞིང་སྲོག་ལ་བབ་པར་བྱེད་པ་ལས་ཀྱི་གནོད་པ་གཞན་དང ་གཞན་མང་པོ་དག་ཀྱང་ཡོད་དེ། ཇི་སྐད་དུ། གླང་འདེབས་རྒྱུ་བྱེད་རྣམས་ཀྱིས། སྐྱེ་བོ་དག་ལ་གནོད་བྱས་པས། ངུ་འབོད་དུ་ནི་རབ་བྱེད་ཅིང་། འཇིགས་པའི ་ང་རོས་ཚེ་ངེ་འདེབས། ཞེས་བྱུང་བ་ལྟ་བུའོ།། ལྟ་བའི་ཐིབས་པོས་ཁེབས་པ་དང་། མེད་པའི་བཅིངས་པས་བཅིངས་པ་དང་། དམའ་བའི་ལས་ནི་ཀུན་བྱེད་པ། ་ངུ་འབོད་ཆེན་པོར་སྐྱེ་བར་འགྱུརརོ།། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོ་ཞེས་བྱ་བ་ཅིའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོ་ཞེས་བྱ་ཞེ་ན། སྨྲས་པ། ་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོ་ངུ་འབོད་ཆེན་པོར་སེམས་ཅན་གང་དག་སྐྱེས་པ་ནས་འཐོན་པ་འགྱུར་བའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ། ་བའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱིས་བཞི་དཔག་ཚད་མང་པོའི་བར་དུ་རྒྱས་པར་བྱའོ།། ནགས་ཐིབས་པ་དེའི་ནང་ན་ཁྱིམ་ཡོད་དེ། དེ་ནས་སེམས། ་ཅན་དེ་དག་དེར་རྒྱུག་པའི་བར་དུ་སྟེ་རྒྱས་པར་བྱའོ།། དེའི་ཚེ་དེ་དག་གི་འོག་དང་། སྟེང་དང་ཕྱོགས་བཞི་ནས་མེ་བྱུང་སྟེ། སེམས་ཅན་དེ་དག་འཇིགས་པ་དང་། སྐྲག་པ་དང་། ་སྤུ་ཟིང་ཞེས་བྱེད་པར་བྱེད་དོ།། དེ་སེམས་ཅན་དེ་དག་འཇིགས་ཞིང་སྐྲག་ལ་ཡི་ཆད་ལ། སྤུ་ཟིང་ཞེས་བྱེད་ནས། ནགས་ཐིབས་པའི་ནང་དུ་འགྲོའོ།། ནགས་ཐིབས་པོའི ་ནང་དུ་ཞུགས་ནས་གང་གི་ཚེ་འབུམ་ཕྲག་མང་པོར་ཞུགས་པར་གྱུར་པ་དེའི་ཚེ། མེ་དེས་ས་བཞི་རབ་ཏུ་འབར་བར་བྱེད་དོ།། ས་བཞི་རབ་ཏུ་འབར་བར་བྱས་ནས། ནགས ་ཐིབས་པོ་རབ་ཏུ་འབར་བར་བྱེད་དོ།། ནགས་ཐིབས་པོ་རབ་ཏུ་འབར་བར་བྱས་ནས། ཁྱིམ་རབ་ཏུ་འབར་བར་བྱེད་དོ།། ཁྱིམ་རབ་ཏུ་འབར་བར་བྱས་ནས། སེམས ་ཅན་དེ་དག་རབ་ཏུ་འབར་བར་བྱེད་དོ།། དེ་ནས་སེམས་ཅན་དེ་དགའ་བར་ཞིང་རབ་ཏུ་འབར་ནས། ཀུན་དུ་རབ་ཏུ་འཚེད་ཅིང་འབར་ཏེ་མེ་ལྕེ་ཅིག་ཏུ་གྱུར་ནས། ནམ ་སེམས་ཅན་དམྱལ་བ་ཉམས་སུ་མྱོང་བར་འགྱུར་བའི་སྡིག་པ་མི་དགེ་བའི་ལས་དེ་གཏན་ནས་མ་བྱང་མ་ཟད་ཀྱི་བར་དུ་སྔ་མ་བཞིན་ནོ།། དེ་ལ་སོགས་པའི་གནོད་པ་རྣམས ་བརྗོད་པར་བྱས་ཏེ། མི་ཟད་པ་དེ་དག་དང་། མེ་ཏོག་དེ་དག་དང་། འབྲས་བུ་དེ་དག་དང་། རྣམ་པར་སྤྲོ་བ་དེ་དག་གིས་ན། སེམས་ཅན་དམྱལ་བ་ཆེན་པོ་དུ་འབོད ་ཆེན་པོ་ཞེས་བྱ་སྟེ། དེ་ནས་སྡུག་བསྔལ་བ་ནས་སྲོག་ལ་བབ་པར་བྱེད་པ་ལས་ཀྱི་གནོད་པ་གཞན་དང་། གཞན་མང་པོ་དག་ཀྱང་ཡོད་པའི་བར་དུ་རྒྱས་པར་བྱས་ཏེ། ་ཇི་སྐད་དུ། དོར་སྦྱར་བྱེད་པའི་མི་རྣམས་ནི། ངུ་འབོད་ཆེན་པོར་སོང་གྱུར་ན། ཚིག་ཅིང་སྤུ་ཟིང་བྱེད་འགྱུར་ལ།། སེམས་ནི་དང ་དུ་སོང་ཤིང་སྲེག། ཞེས་བྱུང་བ་ལྟ་བུའོ།། སྐྱེ་བོ་མང་པོ་གཅོད་བྱས་ཞིང་།། ཚ་བར་གྱུར་པའི་ལས་བྱས་པ།། བློ་ངན་ཚ་བར་སོང་ནས་ནི།། སྡུག་བསྔལ་ཚོར ་བ་ཉམ་སུ་མྱོང་།། སེམས་ཅན་དམྱལ་བ་ཆེན་པོ་ཆེ་བ་ཞེས་བྱ་བ་ལ། ཅིའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོར་བ་ཞེས་བྱ་བ་ཞེ་ན། སྨྲས་པ་སེམས་ཅན་དམྱལ་བ་ཆེན་པོ ་ཚ་བར་གང་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་ནས་འཐོན་པར་འགྱུར་བའི་བར་དུ་སྟེ་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ ་བའི་སྲུང་མ་དེ་དག་གི་སེམས་ཅན་དེ་དག་བཟུང་ནས། ལྕགས་ཀྱི་ས་བཞི་ལ་དོང་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་ཆེར་འབར་ཏེ། མེ་ལྕེ་ཅིག་ཏུ་གྱུར་པའི་ནང་དུ ་རབ་ཏུ་སྲེག་ནས། ལྕགས་ཀྱི་སྐམ་པས་ཕྱིར་བཟུང་སྟེ། ལྕགས་ཀྱི་ཏི་ཚལ་བཞག་ནས་ཐོ་བས་རྡུང་ཞིང་རབ་ཏུ་རྡུང་ལ་ཀུན་ཏུ་རབ་ཏུ་རྡུང་སྟེ། དཔེར་ན་ལྕགས་མགར་གྱི ་ལྕགས་དང་། ཚེན་མོ་སྟེང་སྟང་གི་མགའ་བས་ཚོན་མེ་སྟེང་དང་། ལུགས་མགར་གྱིས་ལུགས་སུ་བྱ་བ་དང་། ཞ་ཉོའི་མགར་བས་ཞ་ཉེ་དང་། གསེར་འགར་གྱི་གསེ ་དང་། དངུལ་མགར་གྱི་དངུལ་སོ་མལ་གྱི་འདག་མ་ལ་སྲེགས་ནས། ལྕགས་ཀྱི་སྐམ་པས་ཕྱུང་སྟེ། ལྕགས་ཀྱི་ཏི་ཚ་ལ་བཞག་ནས། ལྕགས་ཀྱི་ཐོབས་རྡུང་ཞིང ་རབ་ཏུ་རྡུང་ལ། ཀུན་ཏུ་རབ་ཏུ་རྡུང་བ་དེ་བཞིན་དུ། སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་སེམས་ཅན་དེ་དག་ལྕགས་ཀྱི་དོང་འབར་ཞིང་རབ་ཏུ་འབར་ལ་ལ་ཀུན་ཏུ་རབ་ཏུ་མཆེད ་ཅིང་འབར་ཏེ། མེ་ལྕེ་ཅིག་ཏུ་གྱུར་པའི་ནང་དུ་རབ་ཏུ་སྲེགས་ནས། ལྕགས་ཀྱི་སྐམ་པ་ཕྱིར་ཕྱུང་སྟེ། ལྕགས་ཀྱི་ཏི་ཚ་ལ་བཞག་ནས་ལྕགས་ཀྱི་ཐོ་བས་རྡུང་ཞིང་རབ་ཏུ་རྡུང ་ལ་ཀུན་ཏུ་རྡུང་སྟེ། དེ་དག་ལྟ་བུའི་ཚུལ་གྱིས་ཞེས་བྱ་བ་ནས་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཆེ་བར་གང་དག་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་ནས་མཐོན ་བར་གྱུར་པའི་བར་དུ་སྔ་མ་བཞིན་ཏེ། དེ་དག་སེམས་ཅན་དམྱལ་བའི་སྲུང་མ་རྣམས་ཀྱི་གཟུང་ནས། ལྕགས་ཀྱི་མདུང་རྩེ་གསུམ་པའི་སྙན་པ་འབར་ཞིང་རབ་ཏུ་འབར་ལ། ་ཀུན་ཏུ་རབ་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་ཅིག་ཏུ་གྱུར་པ་ལ་འདུག་དུ་བཅུག་སྟེ། རྩེ་མོ་ཅིག་ནི་དེ་སྐུ་གཡས་ལོག་སུ་རྟོལ་ཏེ་ཕྲག་པ་གཡས་པར་བྱུང་ངོ་།། རྩེ་མོ ་གཉིས་པས་ནི་སྐུ་གཡོན་ལོག་སུ་རྟོལ་ཏེ། ཕྲག་པ་གཡོན་པར་བྱུང་ངོ་།། རྩེ་མོ་གསུམ་པས་ནི་རྟོལ་ཏེ། སྤྱི་བོར་བྱུང་ངོ་།། དེའི་མིག་སྦུབས་གཉིས་ནས་མེ་ལྕེ་བྱུང་། ་ལ། རྣ་བ་དང་། སྣ་དང་། ཁའི་ནང་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་མེ་བྱུང་སྟེ། དེ་དག་དེ་ལྟ་བུའི་ཚུལ་གྱི་ལོ་མང་པོ་ཞེས་བྱ་བའི་བར་དུ་རྒྱས་པར ་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཆེ་བར་སེམས་ཅན་གང་དག་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་ནས་མཐོན་པར་འགྱུར་བའི་བར་སྔ་མ་བཞིན་ཏེ། སེམས། ་ཅན་དེ་དག་སེམས་ཅན་དམྱལ་བའི་སྲུངས་མས་བཟུང་ནས། དབུག་པའི་གནོད་པ་ཆེན་པོ་བྱེད་དེ། དེ་དག་གི་སྦུབས་གཉིས་ནས་ཀྱང་མེ ་འབྱུང་ལ། རྣ་བ་གཉིས་དང་། སྣ་དང་། ཁའི་ནང་དང་། བ་སྤྱིའི་བུ་ག་ཐམས་ཅད་ནས་ཀྱང་མེ་འབྱུང་སྟེ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ཞེས་བྱ་བ་རྣམ་སེམས ་ཅན་དམྱལ་བ་ཉམ་སུ་མྱོང་བར་འགྱུར་བའི་སྡིག་པ་མི་དགེ་བའི་ལས་དེ་གཏན་ནས་མ་བྱང་མ་ཟད་ཀྱི་བར་དུ། དེ་ལ་སོགས་པའི་གནོད་པ་མང་པོ་དག་བརྗོད་པར་བྱས་ཏེ། མི་ཟད ་པ་དེ་དག་དང་། མེ་ཏོག་དེ་དག་དང་། འབྲས་བུ་དེ་དག་དང་། རྣམ་པར་སྤྲོས་པ་དེ་དག་གིས་ན་སེམས་ཅན་དམྱལ་བ་ཆེན་པོ་ཚ་བ་ཞེས་བྱ་ཏེ། དེ་ན་སྡུག་བསྔལ ་ཞིང་མི་ཟད་ལ་རྩུབ་ཅིང་ཚ་བ་དང་། ཡིད་དུ་མི་འོང་ཞིང་སྲོག་ལ་འབབ་པར་བྱེད་པ་དང་། ལས་ཀྱི་གནོད་པ་གཞན་དང་གཞན་མང་པོ་དག་ཡོད་དེ། ཇི་སྐད་དུ་དགེ་སྦྱོང ་བྲམ་ཟེ་དགེ་བ་དང་། དེ་བཞིན་གང་ཞིག་པ་མ་ལ། འདོད་པ་ཡིན་པས་གནོད་བྱེད་པ། དེ་ནི་ཚ་བས་རབ་ཏུ་སྲེག། ཞེས་བྱུང་བ་ལྟ་བུའི། འདོད་པའི་འབྲས་བུར ་གྱུར་པ་ལས། བདེ་འགྲོ་བ་སྤང་བྱས་ཤིང་། བློ་ངན་འདོད་མན་ལས་བྱེད་པ། དེ་ནི་རབ་ཏུ་ཚ་བར་སྲེག། སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བ་ཞེས་བྱ་བ་ལ་ཅིའི ་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བ་ཞེས་བྱ་བ་ཞེ་ན་སྨྲས་པ་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བར་སེམས་ཅན་གང་དག་སྐྱེས་པ་ནས། འཐོན་པར་གྱུར་པའི་བར་དུ་སྟེ ་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བའི་སྲུངས་མ་རྣམས་ཀྱིས་གཟུང་སྟེ། ལྕགས་ཀྱི་མཚོན་གྱིས་དུམ་བུ་དུམ་བུར ་བཅད་ནས། ལྕགས་ཀྱི་གསལ་ཤིང་ལ་བཙུགས་ཏེ། ལྕགས་ཀྱི་དོང་འབར་ཞིང་རབ་ཏུ་འབར་ལ་ཀུན་དུ་རབ་ཏུ་འཚེད་ཅིང་འབར་ཏེ། མེ་ལྕེ་ཅིག་ཏུ་གྱུར་པའི་ནང་དུ ་གསུར་ཅིང་བཟློག་པར་བྱེད་དེ། དཔེར་ན་གཡོས་མཁན་གྱི་ཤ་མཆོད་ཀྱི་ནི་དུམ་བུར་དུམ་བུར་བཅད་ནས་ཐུར་མ་ལ་བཅུག་ཏེ། མ་དག་མའི་དོང་དུ་གསུར་ཅིག་ཟློག་པར ་བྱེད་པ་དེ་བཞིན། སེམས་ཅན་དམྱལ་བའི་སྲུང་མ་ནས་དེ་ལྟ་བུའི་ཚུལ་གྱིས་ཞེས་བྱ་བའི་བར་ཐམས་ཅད་རྒྱས་པར་རྗོད་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ ་ཆེན་པོ་རབ་ཏུ་ཚ་བར་སེམས་ཅན་གང་དག་ནས། འཐོན་པར་གྱུར་གྱིས་བར་དུ་སྔ་མ་བཞིན་ཏེ་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། སེམས ་ཅན་དམྱལ་བའི་སྲུང་མ་རྣམས་ཀྱི་སེམས་ཅན་དེ་དག་བཟུང་ནས། ལྕགས་ཀྱི་མཚོན་གྱིས་དུམ་བུར་བཅད་དེ་ལྕགས་ཀྱི་ས་བཞི་རབ་ཏུ་འབར་ལ་ཀུན་དུ་རབ་ཏུ་མཆེད ་ཅིང་འབར་ཏེ། མེ་ལྕེ་ཅིག་ཏུ་གྱུར་པ་རབ་དུ་སྒྲེང་ཞིང་དུ་རྡོ་བར་བྱེད།། དཔེར་ན་གཡོས་མཁན་གྱིས་ཤ་ལྕགས་ཀྱི་མཚོན་གྱི་དུམ་བུར་དུམ་བུར་བཅད་སྣོད་དུ་བཅུག ་སྟེ་རབ་ཏུ་སྒྲེང་ཞིང་ཤིན་ཏུ་རྡོ་བར་བྱེད་དོ།། ཁུ་བ་ཡང་སྐམ་པར་བྱེད་པ་དེ་བཞིན་དུ་སེམས་ཅན་དམྱལ་བའི་སྲུང་མ་ནས། དེ་དག་དེ་ལྟ་བུའི་ཚུལ་གྱིས་ཞེས་པའི་བར ་དུ་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བར་སེམས་ཅན་གང་དག་སྐྱེས་པ་ན། སྔ་མ་བཞིན་ཏེ། སེམས ་ཅན་དེ་མྱོང་བར་འགྱུར་བའི་སྡིག་པ་མི་དགེ་བའི་ལས་ཏེ་གཏན་ནས་མ་བྱང་མ་ཟད་ཀྱི་བར་དུ་རེ་ཤིག་འཆི་བའི་དུས་བྱེད་པར་མི་འགྱུ་རོ།། ལྷོ་དང་ནུབ་དང་བྱང་ཕྱོགས་སུ ་ཡང་དེ་བཞིན་དུ་རྗོད་པར་བྱའོ།། ཡུན་རིང་པོ་ཞིག་འདས་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་ཤར་ཕྱོགས་ཀྱི་སྒོ་འབྱེད་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས ་ཀྱང་ཡོད། སེམས་ཅན་དམྱལ་བ་དེ་དག་དེར་རྒྱུག་ལ་ཀུན་ཏུ་རབ་ཏུ་རྒྱུ་གོ།། གནས་ཚོལ་ཞིང་སྐྱབས་ཚོལ་ལ། འབྱུང་བའི་ཐབས་ཚོལ་ཏེ་འདིར་འབྱུང་སྟེ། འདི ་ནས་འབྲོས་པར་བྱའོ་སྙམ།། དེ་ནས་བྱུང་ནས་བྲོས་ཏེ། བྱིས་པ་དེ་དག་ནི་ཐར་པ་མ་ཡིན་པ་ལ་ཐར་པར་འདུ་ཤེས་པ་སྟེ། མི་ཤེས་པའོ་དེ་ནས་ལྷག་པའི་འཁོར་མྱོང ་བར་བྱེད་པ་ཡང་ཉམ་སུ་མྱོང་བར་འགྱུར་ཏེ། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་དེའི་འདམ་དྲུད་ཉིད་ན་མེ་མ་མུར་པུས་མོ་ནུབ་ཙམ་ལ་དཔག་ཚད་མང་པོ་དང་། ་དཔག་ཚད་བརྒྱ་ཕྲག་མང་པོའི་བར་དུ་རྒྱས་པར་བྱས་ཏེ། དེ་དག་དེར་རྒྱུག་ལ་ཀུན་ཏུ་རབ་ཏུ་རྒྱུག་ཏེ། གནས་ཚོལ་ཞིང་སྐྱབས་ཚོལ་ལ། འབྱུང་བའི་ཐབས་ཚོལ ་ཏེ། དེ་དག་དེར་རྐང་པ་བཞག་ན་ནི་ལྤགས་དང་ཤ་དང་། ཁྲག་ཀུན་ཞིག་པར་འགྱུར་ལ། རྐང་པ་རྟག་ན་ནི་ལྤགས་པ་དང་ཤ་དང་། ཁྲག་ཀུན་ཕྱིར་ཡང་སྐྱེ་བར ་འགྱུར་ཏེ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ཞེས་བྱ་བ་ཚུལ་གྱིས་ལོ་མང་པོ་ཞེས་བྱ་བ་ནས་སྔ་མ་བཞིན་ནོ།། མེ་མ་མུར་པས་མོར་ཕྱིར་པ་ཙམ་གྱིས་འདབ་དྲུང་ཉིད་ན་རོ་ཉག། ་མོ་དང་། ཕྱི་སའི་འདབ་དཔག་ཚད་མང་པོའི་བར་དུ་རྒྱས་པར་བྱ་སྟེ། འབང་དུ་ནི་མིའི་ས་ལ་རྩོག་ཅིང་དྲིང་དང་། བཤུལ་ཤིང་ཡིད་དང་འཐུན་པ་མ་ཡིན་པ་ཡིད་དོ།། ་དེ་ནས་སེམས་ཅན་དེ་དག་གནས་ཚོལ་ཞིང་སྐྱབས་ཚོལ་ལ་བྱུང་བའི་ཐབས་ཚོལ་ཏེ། རྒྱུག་ཅིག་རབ་ཏུ་རྒྱུག་ལ་ཀུན་ཏུ་རབ་ཏུ་རྒྱུག་སྟེ་འབྲོས་པར་བྱེད་དོ།། རོ་མྱགས་མོ་དང་། ་ཕྱི་སའི་འདམ་དེ་ན་འབུ་མཆུ་རྣོན་བྱ་བ་ཐལ་ཀར་དུ་འདུག་ཅིང་། མགོ་མནག་ལ་མཆུ་ཁབ་འདྲ་བ་དག་གནས་ཏེ། སེམས་ཅན་དེ་དག་གི་ལྤགས་པ་འབིགསོ།། ལྤགས ་ཕུག་ནས་ཤ་འབིགསོ།། ཤ་ཕུག་ནས་རྒྱུས་པ་འབིགསོ།། རྒྱུས་པ་ཕུག་ནས་རུས་པ་འབིགསོ།། རུས་པ་ཕུག་ནས་རྐང་འབྲུ་སྟེ། དེ་དག་དེ་ལྟ་བུའི་ཚུལ་གྱིས ་ཞེས་བྱ་བ་ནས་རྒྱས་པར་བྱས་ཏེ། རོ་མྱགས་མོ་དང་ཕྱི་སའི་འདམ་གྱི་དྲུང་ཉིད་ན་ལམ་པོ་ཆེ་སྤུ་གྲིའི་སོ་བཏམས་པ་ཞེས་བྱ་བ་ཡོད་དེ། དཔག་ཚད་མང་པོས་ཞེས་བྱ་བ ་ནས་རྒྱས་པར་བྱའོ།། དེ་ནས་སེམས་ཅན་དེ་དག་གནས་ཚོལ་ཞིང་སྐྱབས་ཚོལ་ལ། འབྱུང་བའི་ཐབས་ཚོལ་ཏེ། རྒྱུག་ཅིང་རབ་ཏུ་རྒྱུག་ལ་ཀུན་ཏུ་རྒྱུག་གོ།། དེ་དག ་དེར་རྐང་པ་བཞག་ན་ནི། ལྤགས་པ་དང་། ཤ་བཅོད་ཅིང་ཁྲག་འབྱིན་ཏོ།། རྐང་པ་བཏེག་ན་ནི་ལྤགས་པ་དང་། ཤ་དང་ཁྲག་ཀུན་ཕྱིར་ཡང་སྐྱེས་ཏེ། དེ་དག ་དེ་ལྟ་བུའི་ཚུལ་གྱི་ལོ་མང་པོའི་ཞེས་བྱ་བ་ནས་རྒྱས་པར་བྱའོ།། ལམ་པོ་ཆེའི་སྤུ་གྲའི་སོ་བཏམས་པ་ཞེས་བྱ་བའི་འདབ་དྲུ་ཉིད་ནའོ ་མ་རལ་གྲིའི་སོ་ལྟ་བུའི་ཚལ་ཤིང་ཨ་མྲའི་ཚལ་སྔོན་པོ་ལྟར་སྣང་བ་ཡོད་དོ།། དཔག་ཚད་མང་པོ་ཞེས་བྱ་བ་ནས་རྒྱས་པར་བྱ་སྟེ། སེམས་ཅན་དེ་དག་གནས་ཚོལ ་ཞིང་སྐྱབས་ཚོལ་ལ། འབྱུང་བའི་ཐབས་ཚོལ་ཏེ་ནང་དུ་འཇུག་གོ།། དེ་དག་དེར་ཞུགས་ནས། དེ་དག་གི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི ་རླུང་ཆ་བ་ལྡང་སྟེ། རལ་གྲི་དེ་དག་རྩབ་ནས་ཀློག་ཅིང་སེམས་ཅན་དེ་དག་གི་སྟེང་དུ་ལྷུང་ནས་ལོག་པ་དག་བཅོད་ཅིང་རྐང་པ་དག་དང་། རྣ་བ་དག་དང་། སྣ་དག་དང་། ་ཡན་ལག་དག་དང་། ཉིང་ལག་དང་། གཞན་དག་ཀྱང་གཅོད་ཅིང་། དེ་དག་དེ་ལྟ་བུའི་ཚུལ་གྱིས་ཞེས་བྱ་བ་ནས་སྔ་མ་བཞིན་ནོ།། ལོ་མ་རལ་གྲིའི་སོ་ལྟ་བུའི ་ཚལ་དེ་ནས་ཁྱི་སྐྱ་སྐྲ་ཞེས་བྱ་བ་དག་གནས་ཏེ། སེམས་ཅན་དེ་དགས་ལ་སྤྱིའུ་ཚུགས་སུ་བརྡབས་ནས་རྩིབ་ལོགས་གཉིས་ནས་ཤ་ལྤགས་དང་། རྒལ་ཚིགས་བྱུང ་ཞིང་ཟའོ།། ལོ་མ་རལ་གཱིའི་སོ་ལཱ་བུའི་ཚལ་དེའི་འདུངབ་དྲུང་ཉིད་ན། ལྕགས་ཀྱི་ཤིང་ཤལ་མིའི་རིའི་ཚལ་དཔག་ཚད་མང་པོ་ཞེས་བྱ་བ་ནས་སྔ་མ་བཞིན་ཏེ། ་མི་འགྲེང་བརྒྱ་ཕྲག་ས་ཡའི་སྲིད་ཙམ་ཡོད་པ། ཚོན་ནི་ཞིང་སོར་དགུ་བཅུ་པ་ལ་ཚལ་སྔོན་པོའི་ཕྲེང་བ་ལྟར་སྣང་བ་ཡོད་དེ་སེམས་ཅན་དེ་དག་དེའི་ནང་དུ་འདྲ ་ཞིང་དེ་དག་སེམས་ཅན་དམྱལ་བའི་སྲུང་མ་དག་གིས་བཟུང་ནས། ལྕགས་ཀྱིས་མཚོན་གྱིས་ཁ་གཉིས་སམ་ཁ་གསུམ་མམ་མང་དུ་གཤེགས་ཏེ། ལྕགས ་ཀྱི་སླ་ངའི་ནང་དུ་བཅུག་སྟེ། རྡོ་བར་བྱེད་དེ་དཔེར་ན་ཉ་དུམ་བུ་གཉིས་སམ། གསུམ་འམ་དུམ་བུ་མང་པོར་བཏུབས་ནས། སླ་ངའི་ནང་དུ་བཅུག་སྟེ་རྡོ་བ ་དེ་བཞིན་དུ་སེམས་ཅན་དམྱལ་བའི་སྲུང་མ་རྣམས་ཀྱིས་ཞེས་བྱ་བ་ནས་དེ་ལྟ་བུའི་ཚུལ་གྱིས་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་རྒྱས་པར་བྱའོ།། གཞན་ཡང་སེམས ་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བར་སེམས་ཅན་གང་དག་སྐྱེས་པ་ན་སྔ་མ་བཞིན་ཏེ། ལྕགས་ཀྱི་རྫ་བུམ་དགའ་བ་ཞེས་བྱ་བ་གཉིས་ཡོད་པ་ལ་རྫ་བུམ་དགའ་བ་ཞེས ་བྱ་བ་ནི། ཚུར་དཔག་ཚད་ལྔ་བཅུ་ཞེང་དུ་ཡང་དཔག་ཚད་ལྔ་བཅུ་འཕང་དུ་ཡང་དཔག་ཚད་དྲུག་བཅུ། སྦོམས་སུ་ནི་དཔག་ཚད་བརྒྱ་ལྔ་བཅུ་ཡོད་ལ། རྫ་བུམ ་ཉེར་དགའ་ལ་ནི་ཚུར་དཔག་ཚད་ལྔ་བཅུ་རྩ་ཅག། ཞེང་དུ་དཔག་ཚད་ལྔ་བཅུ་རྩ་ཅིག། འཕང་དུ་དཔག་ཚད་ལྔ་བཅུ། སྦོམས་སུ་ནི་དཔག་ཚད་རྒྱ་ལྔ་བཅུ་རྩ ་གསུམ་ཡོད་ལ། རྒ་བའི་ཆུ་ཁོལ་བས་གང་སྟེ། སེམས་ཅན་དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་བཟུང་ནས། རྫ་བུམ་དགའ་བ་དགའ་བ་དང་། ་ཉེར་དགའ་གཉིས་ཀྱི་ནང་དུ་སྤྱིའུ་ཆུགསུ་བོར་ཏེ་དེ་དག་དེ་ན་ཞང་སུ་ཡང་འགྲོ་སྟེ། སྐོལ་ཞིང་འཆེད་ལ་སྟེང་དུ་འགྲོ་སྟེ་སྐོལ་ཞིང་འཚེད་དོ།། ཕྱོགས་དང ་ཕྱོགས་འཚམ་སུ་ཡང་འགྲོ་སྟེ། བསྐོར་ཞིང་འཛིད།། དབུས་ན་ནི་དབུ་བ་འདུས་ཤིང་འདུག་སྟེ། དཔེར་ན་ཏིལ་ལམ་འབྲསམ་སོ།། ་སྲན་གུ་འམ། རྒྱ་ཤུག་གི་འབྲས་སམ། རྒྱ་སྲན་ནུ་མང་པོ་དང་། སྣོད་ཀྱི་ནང་དུ་བླུགས་འོག་ནས་མེ་དྲུག་དུ་སླར་ན་འོག་ཏུ་ཡང་འགྲོ་སྟེ་སྐོལ་ཞིང་འཚེད་ལ། སྟེང་དུ ་ཡང་འགྲོ་སྟེ་སྐོལ་ཞིང་འཚེ་།། དབུས་ན་ནི་དབུ་བའི་དུས་ཞིང་འདུས་པ་དེ་བཞིན་དུ་སེམས་ཅན་དམྱལ་བའི་སྲུང་མ་དག་ནས། ནམ་སེམས་ཅན་དམྱལ་བ་ཉམས་མྱོང ་བར་འགྱུར་བའི་སྡིག་པ་མི་དགེ་བའི་ལས་དེ་དག་གཏན་ནས་མ་ཟང་མ་བྱང་གི་བར་དུ་རྒྱས་པར་བྱའོ།། དེ་ལ་སོགས་པ་གནོད་པ་མང་པོ་དག་རྗོད་པར་བྱ་སྟེ། མི་བཟང ་པ་དེ་དག་དང་། མེ་ཏོག་དེ་དག་དང་། འབྲས་བུ་དེ་དག་རྣམ་པར་སྤོས་པ་དེ་དག་གི་ན། སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བ་ཞེས་བྱས་ཏེ། དེ་ནས་སྡུག་བསྔལ ་གཞན་དང་། གཞན་མང་པོ་དག་ཡོད་དེ་སྔ་མ་བཞིན་ནོ།། ཇི་སྐད་དུ་དགེ་སྦྱོང་བྲམ་ཟེ་དགེ་བ་དང་། དེ་བཞིན་གང་ཞིག་པ་མ་ལ། གང་ཞིག་བླ་མ་གཞན་གསོད ་བ་དེ་ནི་རབ་ཏུ་ཆེ་བར་སྲེག། ཞེས་འབྱུང་བ་ལྟ་བུའོ།། སྡོམ་ནི།། དོང་དང་ལྕགས་དང་དབྱུང་བ་དང་།། ཚ་བ་དང་ནི་གནོད་པ་གསུམ།། གསལ་ཤིང་སྣོད་དང ་སླང་དང་།། རྫ་བུམ་བཞི་ནི་རབ་ཏུ་ཚ།། ངན་འགྲོར་འགྲོ་བའི་ལམ་རྣམས་ལས།། ཤས་ཆེར་བྱས་པར་གྱུར་ན་ནི། བློ་ངན་མནར་མེད་སོང་ནས་ཀྱང་། ་སྡུག་བསྔལ་ཚོར་བ་མྱོང་བར་འགྱུར། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཞེས་བྱ་བ་ལ། ཅིའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཞེས་བྱ་ཞེ་ན། སྨྲས ་པ་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སེམས་ཅན་གང་དག་སྐྱེས་པ་ནས་འཐོན་པར་འགྱུར་བའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ ་བར་སྨིན་པས་སེམས་ཅན་དམྱལ་བའི་སྲུང་བ་ངག་གི་སེམས་ཅན་དེ་དག་གཟུང་ནས། ལྕགས་ཀྱི་ས་བཞི་འབར་ཞིང་རབ་ཏུ་འབར་ཀུན་ཏུ་འཚེད་ཅིང་འབར་ཏེ། མེ་ལུ་ཅིག་ཏུ ་གྱུར་པ་ལས་གན་ཀྱལ་དུ་བཞག་ནས་མི་བཟང་བའི་བཅིང་བ་རྣམ་པ་ལྔའི་གནོད་པ་བྱེད་དེ། ལག་པ་གཉིས་ཀྱང་ལྕགས་ཀྱི་ཕུར་པས་འདེབས་ལེ་རྐང་པ་གཉིས་དང་། དབུས ་སུ་སྙིང་ཁར་ཡང་ལྕགས་ཀྱི་ཕུར་པ་འདེབས་ཏེ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ཤེས་པར་བྱ་བ་ནས་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད ་བར་སེམས་ཅན་གང་དག་ཞེས་བྱ་བ་ནས་སྔ་མ་བཞིན་ཏེ། དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་བཟུང་ནས། ལྕགས་ཀྱི་ས་བཞི་འབར་ཞིང་རབ་ཏུ་འབར ་ལ་ཀུན་ཏུ་འཆེད་ཅིང་འབར་ཏེ། མེ་ལྕེ་ཅིག་ཏུ་གྱུར་པ་ལས་གན་ཀྱལ་དུ་བཞག་ཁ་ནས་མི་བྱུང་སྟེ། ལྕགས་ཀྱི་ཕུར་པ་རྒྱས་བརྐྱངས་ནས་སེམས་ཅན་དེ་དག་གི ་ལྕེ་གཟུགས་ཀྱི་པུར་བ་རྒྱས་བརྐྱངས་པས་ཞེམ་རངས་པར་འགྱུར་ཞིང་ཐང་ཆད་པར་འགྱུར་ཏེ། དཔེར་ན་བ་གླང་གིས་ནོ་བ་པུར་རྒྱས་བརྒྱངས་ནས་གཉེར་མར་རངས ་པར་འགྱུར་ཞིང་ཐང་ཆད་པར་འགྱུར་བ་དེ་བཞིན་དུ། སེམས་ཅན་དམྱལ་བའི་སྲུངས་མ་ཞེས་བྱ་བ་ནས་རྒྱས་པར་དེ་དག་དེ་ལྟ་བུའི་ཚུལ་གྱིས་ཞེས་བྱ་བའི་བར ་སྔ་མ་བཞིན་ནོ།། ཡང་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སེམས་ཅན་གང་དག་སྐྱེས་པ་དང་། ཀུན་དུ་སྐྱེས་པ་དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་བཟུང ་ནས། ལྕགས་ཀྱི་ས་བཞི་འབར་ཞིང་རབ་ཏུ་འབར་ལ་ཀུན་དུ་འཚེད་ཅིང་འབར་ཏེ་མེ་ལྕེ་ཅིག་ཏུ་གྱུར་པ་ལ་སྤྱིའུ་ཚུགས་བཞག་ནས། བློ་གཉིས་ནས་ལྤགས་པ་བཤུས་ཏེ། ལྷག ་མར་ཐུག་པར་བཤུས་ནས་ལྕགས་ཀྱི་ཤིང་རྟ་འདྲེན་དུ་བཅུག་ནས། ལམ་གྱི་བརྒྱད་འཁོར་གང་དུ་འདོད་པ་དང་། ཅི་དགའ་བ་དང་། ཇི་སྲིད་དུ་འདོད་པར་འགྲོ ་བཅུས་ཅིག་ཕྱིར་ཟློག་པར་བྱེད་དེ། དཔེར་ན་རྟག་ཡུང་པོ་བཞི་དང་། སྦྱར་བའི་ཤིང་རྟ་སྲབ་མདའ་རིང་པོ་དང་། སྲབ་སྐྱེགས་དང་། ལྕགས་དང་སྦར ་ཏེ་ལམ་གྱི་བཞི་འདོར་ཆེན་པོར་གཞག་པ་དེ་ལ་གཉི་ཤིང་གིས་འདུལ་བའི་ཁ་ལོ་མཁས་པས་མྱུར་བར་ཞོན་ཏེ། ལག་པ་གཡོན་པས་ནི་སྲབ་མདའ་བཟུང་ལག་པ ་གཡས་པས་ནི་གཞུ་བའི་ལྕག་ཐོགས་དེ་ལམ་པོ་ཆེར་གང་དུ་འདོད་པ་དང་། ཅི་དགའ་བ་དང་། ཇི་སྲིད་དུ་འདོད་པར་འགྲོར་བཅུ་གཅིག་ཕྱིར་ཟློག་པར་བྱེད་པ་དེ ་བཞིན་དུ་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་ཞེས་བྱ་བ་ནས། རྒྱས་པར་དེ་དག་དེ་ལྟ་བུའི་ཚུལ་གྱིས་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ།། གཞན་ཡང་སེམས ་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སེམས་ཅན་གང་དག་སྐྱེས་པ་ནས། འཐོན་པར་གྱུར་པའི་བར་དེ་དག་སེམས་ཅན་དམྱལ་བའི་སྲུང་མ་དག་གིས་བཟུང་ནས། ལྕགས་ཀྱི ་ས་བཞི་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་འཚེད་ཅིང་འབར་ཏེ། ཅི་ལྕེ་ཅིག་ཏུ་གྱུར་པ་ལས་བཞག་ནས། ལྕགས་ཀྱི་བཞི་པ་མ་ལྕགས་ཀྱི་འདབ་མ་འབར་ཞིང་རབ་ཏུ་འབར ་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་ཅིག་ཏུ་གྱུར་པ་ཁྲབ་དུ་འཇུག་གསིག་དུ་འཇུག་ཏེ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ཞེས་བྱ་བའི་བར་དུ་རྒྱས ་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སེམས་ཅན་གང་དག་སྐྱེས་པ་ནས། འཐོན་པོར་གྱུར་པའི་བར་དུ་སྟེ། དེ་དག་སེམས་ཅན ་དམྱལ་བའི་སྲུང་མ་དག་གིས་བཟུང་ནས། ལྕགས་ཀྱི་རི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འཚེད་ཅིང་འབར་ཏེ་མེ་ལྕེ་ཅིག་ཏུ་གྱུར་པ་ལ་འཛེག་ཏེ་འཇུག ་ཅིང་ཕྱིར་ཡང་རབ་ཏུ་འཇུག་ཏེ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ཞེས་བྱ་བ་ནས་རྒྱས་པར་བྱས་ཏེ། དེ་ལ་སོགས་པ་དེ་ལས་གཞན་པ་མང་པོ་དག་ཀྱང་བརྗོད་པར ་བྱ་སྟེ། མི་ཟད་པ་དེ་དག་དང་། མེ་ཏོག་དེ་དག་དང་། འབྲས་བུ་དེ་དག་དང་། རྣམ་པར་སྤྲོས་པ་དེ་དག་གིས་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཞེས་བྱ ་སྟེ། དེ་ན་སྡུག་བསྔལ་ཞིང་མི་ཟད་ལ་རྩུབ་ཅིང་ཚ་དང་། ཡིད་དུ་མི་འོང་ཞིང་སྲོག་ལ་འབབ་པར་བྱེད་པ་ལས་ཀྱི་གནོད་པ་གཞན་དང་། གཞན་མང་པོ་དག་ཀྱང ་ཡོད་དེ། ཇི་སྐད་དུ། གང་གི་ཆོས་ལ་ཆོས་མིན་དང་། ཆོས་མ་ཡིན་ལ་ཆོ་སུ་སྨྲ། སྐྱེ་བོ་དམ་པ་དག་ལ་སྡང་། མེད་པར ་ལྟ་བ་མནར་མེད་ལྷུང་། སྡོམ་ནི་མི་འཆི་བའི་གནོད་པ་དང་། དེ་ནས་མེ་ལྕེ་ཕུར་བརྒྱས་བརྐྱང་། ཤིང་རྟའི་རི་ལ་འཁྲབ་དང་རི། གནོད་པ་ལྔ་ཚན་སྦྱར་བ་ཡིན། སེམས ་ཅན་དམྱལ་བ་རིན་པོའི་ཤར་ཕྱོགས་ཀྱི་སྒོ་འབྱེད་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། དེ་ནས་སེམས་ཅན་དེ་དག་རྒྱུག་ཅིང་རབ་ཏུ་རྒྱུག་ལ། ཀུན་དུ་རབ་ཏུ་རྒྱུག་སྟེ། ་གནས་ཚོལ་ཞིང་སྐྱབས་ཚོལ་འབྱུང་བའི་ཐབས་ཚོལ་ཏེ། ངེས་པར་འབྲོས་པར་བྱའོ་སྙམ།། དེ་དག་ཕལ་ཆེར་ཕྱིར་ནས། ཤར་ཕྱོགས་ཀྱི་སྒོ་བཅིང་བར་གྱུར་ཏེ། དེ་དག་དེར ་སྣད་ཅིང་སྦས་ཏེ་འགྱེལ་ནས་ཅིག་གི་སྟེང་དུ་གཅིག་འཕུངས་པར་འགྱུར་ཏེ། དཔེར་ན་རྩ་འམ་ཤིང་བཞི་ལ་ཉམ་ཐག་པའི་སྐད་ཀྱིས་ཆོ་ངེས་འདེབས་ཏེ། སྡུག་བསྔལ་ཞིང་མི་ཟད་ལ ་ཚ་ཞིང་ནུབ་པ་དང་། ཡིད་དུ་མི་འོང་བའི་ཆོས་ཉམ་སུ་མྱོང་སྟེ། ནམ་སེམས་ཅན་དམྱལ་བ་ཉམས་སུ་མྱོང་བའི་གནས་ཚོལ་བ་ནས་སྔ་མ་བཞིན་ཏེ། སེམས་ཅན་དེ་དག་གི ་ཕྲག་པ་འམ་མགོ་བོར་འདུག་ནས་མིག་འབྲུ་ཞིང་འབྲུ་ཞིང་ཟལ། མགོ་བོ་བརྟོལ་ནས་གླད་པ་འབྲུའོ།། ལྕགས་ཀྱི་ཤིང་ཤལ་མ་ལའི་ཚལ་དེ་ནས་ལྕགས་ཀྱི་རྫ་བུམ་དང་། ་ཁར་བཟངས་པ་ཚ་བའི་ཆུ་ཁོལ་བས་གང་ཞིང་འདུག་པ་ཡོད་དོ།། གང་གི་ཚེ་སེམས་ཅན་དེ་དག་ལྕགས་ཀྱི་ཤིང་ཤལ་མ་ལའི་ཚལ་ལས་སྣད་ཅིང་སྨན་ཏེ། འབབ་པར་གྱུར ་བ་དེའི་ཚེ་སེམས་ཅན་དམྱལ་བའི་སྲུང་མ་དག་གི་སེམས་ཅན་དེ་དག་བཟུང་ནས་ལྕགས་ཀྱི་རྔ་བུམ་འམ། ཁར་ཟངས་ཀྱི་ནང་དུ་སྤྱིའུ་ཚུག་སུ་འང་རོ།། དེ་དག་གི་ནང ་ན་འོག་ཏུ་ཡང་འགྲོ་སྟེ་སྐོལ་ཞིང་འཚེ་།། དེ་བཞིན་དུ་སྟེང་དང་ཐད་ཀ་དང་འོག་འཚམ་སུ་ཡང་འགྲོ་སྟེ། སྐོལ་ཞིང་འཚེད་པ་དེ་ནི་དཔེར་ན་ཏིལ་ལམ། མོན་སྲན་དྲེའུ ་ཞེས་བྱ་བ་ནས་དེ་ལྟ་བུའི་རྡུལ་གྱིས་ཞེས་བྱ་བ་ནི་བར་དུ་རྒྱས་པར་བྱའོ།། ལྕགས་ཀྱི་ཤིང་ཤལ་མའི་ཚལ་དེའི་འདབ་དྲུང་ཉིད་ན་ཆུ་ཀླུང་རབ་མེད་ཞེས་བྱ་བ་ཞིག་ཡོད་དོ།། བ ་ཆའི་ཆུ་ཁོལ་བས་དཔག་ཚད་མང་པོ་ཞེས་བྱ་བ་ནས་རྒྱས་པར་བྱས་ཏེ། སེམས་ཅན་དེ་དག་གི་རྒྱང་རིང་པོ་ནས་མཐོང་ན་ཆུ་འདྲ་བར་སྣང་།། སེམས་ཅན་དེ་དག་གནས་ཚོལ ་སྐྱབས་ཚོལ་ལ། འབྱུང་བའི་སྐྱབས་ཚོལ་ཏེ། རྒྱུག་ཅིང་རབ་ཏུ་རྒྱུག་ལ། ཀུན་ཏུ་རབ་ཏུ་རྒྱུག་ཏེ། འབོད་པར་བྱེད།། ཆུ་ཀླུང་དེའི་འགྲམ་གཡས་གཡོན ་ནས་གཤིན་རྗེའི་མེ་ལག་ན་རལ་གྲི་ཐོགས་པ་དང་། ལག་ན་མཐུང་ཐོགས་པ་དང་། ལག་ན་འཕང་མདུང་ཐོགས་པ་དག་འདུག་སྟེ། སེམས་ཅན་དེ་དག་རྒལ་དུ་ཡང ་བ་སྟེར། དེ་དག་ཆུ་ཀླུང་རབ་མེད་དེ་དག་དེའི་ནང་ན་འོག་ཏུ་ཡང་འགྲོ་སྟེ། སྐོལ་ཞིང་འཚེད་པ་ནི་དཔེར་ན་ཏིལ་ལམ། འབྲས་སམ། རྒྱ་ཤུག་གི་འབྲས་བུ་ནས ་རྒྱས་པར་བྱས་ཏེ། དེ་དག་ཆུ་ཀླུང་རབ་མེད་ཅེས་བྱ་བ་དེ་ནས་ནུའི་འབབ་ཕྱོགསུ་སྐྲ་ཐམས་ཅད་བྱི་ཞིང་། བ་སྤུ་ཐམས་ཅད་དང་། ལྤགས་པ་དང་ཤ་དང་། ཁྲག་ཐམས ་ཅད་འཇིག་ཏེ་ཀེང་རུས་འབའ་ཤིག་ལུས་པར་འགྱུརརོ།། དེ་དག་སེམས་ཅན་དམྱལ་བའི་སྲུང་མ་དག་གིས་ལྕགས་ཀྱི་རྒྱས་ཉ་བཅུ་པ་བཞིན་དུ། ་བཅུས་ནས། ལྕགས་ཀྱི་ས་བཞི་འབར་བ་ནས་རྒྱས་པར་བྱས་ཏེ། གན་རྒྱལ་དུ་མནན་ནས་ཀྱེ་སེམས་ཅན་དག་ཅི་འདོད་ཞེས་བྱེ་བ་འདྲིའོ།། དེ་དག་གིས་སྨྲས་པ། ཀྱེ་བདག ་ཅག་ཉིད་ཀྱང་མི་ཤེས།། བདག་ཅག་ཉིད་མི་མཐོང་ངོ་།། འོན་ཀྱང་བདག་ཅག་ནི་བཀྲེ་སོ་ཞེས་བྱ་བ་དང་། དེ་དག་སེམས་ཅན་དམྱལ་བའི་སྲུང་མ་དག་གིས་ལྕགས ་ཀྱིས་ཁ་ཕྱེ་ནས་ལྕགས་ཀྱི་ཐུ་ལུམ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འཚེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་དག་ཁར་འཛུདདེ། སེམས་ཅན་དེ་དག་གི ་མནུ་དག་ཀྱང་ཚིག་ཅིང་ལྕེ་དང་། རྐན་དང་། རྐོག་མ་དང་། མེད་པའི་སྦུབས་དང་སྙིང་དང་། སྙིང་གི་ཉེན་ཀོར་དང་། རྒྱུ་མ་དང་སྙེམ་རྣམས་ཀྱང་ཚིག་ནས ་ཐུར་དུ་འབྱུང་།། གཞན་ཡང་སེམས་ཅན་དམྱལ་བའི་སྲུང་མ་དག་གིས་སེམས་ཅན་དེ་དག་འཆིལ་མས་ཉ་འབྱུང་བ་བཞིན་དུ་ཕྱུང་ནས་ལྕགས་ཀྱི་ས་བཞི་འབར་ཞིང་རབ་ཏུ ་འབར་ལ། ཀུན་དུ་རབ་ཏུ་འབར་ཏེ། འབར་བ་ཅིག་ཏུ་གྱུར་པ་ལ་གན་ཀྱལ་དུ་བཞག་ནས་སེམས་ཅན་དག་ཅི་འདོད་ཅེས་འདྲིའོ།། དེ་དག་གིས་སྨྲས་པ། ཀྱེ་བདག ་ཅག་ཉིད་ཀྱང་མི་ཤེས་ལ། བདག་ཅག་ཉིད་ཀྱང་མ་མཐོང་ངོ་།། འོན་ཀྱང་བདག་ཅིག་གི་སྐོམ་མོ་ཞེས་བྱས་པ་དང་། དེ་དག་སེམས་ཅན་དམྱལ་བའི་སྲུང་མ་ངག་གིས ་ལྕགས་ཀྱི་སྤྱད་ཀྱིས་ཁ་ཕྱེ་ནས། ཟངས་སྐོལ་བ་འབར་ཤིང་རབ་ཏུ་འབར་ལ། ཀུན་དུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་ཅིག་ཏུ་གྱུར་པ་ཁར་འདུག་སྟེ། སེམས། ་ཅན་དེ་དག་འཆུ་དག་ཀྱང་ཚིག་ནས་ཐུར་དུ་འབྱུང་བའི་བར་སྟེ། དེ་དག་དེ་ལྟ་བུའི་ཚུལ་གྱི་ཞེས་བྱ་བ་ནས་རྒྱས་པར་བྱའོ།། དེ་དག་མཐུ་ཉམས་ཤིང་བྱིན་ཉམས་ལ་རྩོན ་འགྲུས་ཉམས་ཏེ། རབ་མེད་ནི་འགྲམ་ནས་འཁོད་དོ།། རབ་མེད་དེའི་འགྲམ་ན་ཁྭ་ལྕགས་ཀྱི་མཆུ་ཅན་ཞེས་བྱ་བ་དག་གནས་ཏེ། སེམས་ཅན་དག་གིས་ཞེས་བྱ་བ ་ནས་སྔ་མ་བཞིན་ནོ།། དེ་ལ་སོགས་པ་གནོད་པ་མང་པོ་དག་བྱེད་དོ།། དེར་ན་མ་སེམས་ཅན་དེ་དག་གིས་སེམས་ཅན་དམྱལ་བ་ཉམ་སུ་མྱོང་བར་འགྱུར་བའི་སྡིག་པ་མི ་དགེ་བའི་ལས་དེ་གཏན་ནས་ཡོངས་སུ་མ་བྱང་མ་ཟད་ཀྱི་བར་དུ་དེ་དག་ཡང་ཆུ་ཀླུང་རབ་མེད་ལ་འབོག་གོ། ལྕགས་ཀྱི་ཤིང་ཤལ་མ་ལའི་ཚལ་ལ་འཛེག་གོ།། ལོ་མ་རལ ་གྲི་ལྟ་བུའི་ཚལ་ལ་འཇུག། ལམ་པོ་ཆེ་སྤུ་བྲིའི་སོ་སྔམས་པ་ལྟ་བུར་འགྲོའོ།། རོ་མྱགས་མོ་དང་ཕྱི་སའི་འདམ་དུ་འགྲོའོ།། མེ་མ་མུར་པུས་མོས་ཕྱིན་པ་ཙམ་དུ་འབྲེའོ།། ་དེ་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་ཤར་ཕྱོགས་ཀྱི་སྒོར་འཇུག། ཇི་ལྟར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་ཤར་ཕྱོགས་ཀྱི་སྒོའི་སྐབསུ་བཤད ་པ་དེ་བཞིན་དུ་ལྷོ་དང་ནུབ་དང་། བྱང་ཕྱོགསུ་ཡང་བརྗོད་པར་བྱའོ།། ཇི་ལྟར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་འཁོར་དང་བཅས་པ་བསྟན་པ་དེ་བཞིན་དུ། ་@སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོང་དང་བསྡུས་བཞོམ་དང་། ཐིག་ནག་དང་། ་ཡང་སོས་རྣམས་འཁོར་དང་བཅས་པ་རྗོད་པར་བྱའོ།། དེ་དག་ཏུ་ནམ་སེམས་ཅན་དེ་དག་གིས་སེམས་ཅན་དམྱལ་བ་ཉམས་སུ་མྱོང་བར་འགྱུར་བའི་སྡིག་པ་མི་དགེ་བའི ་ལས་དེ་གཏན་ནས་བྱང་ཞིང་ཟད་པར་གྱུར་པ་ན། དེ་དག་གནས་དེ་དག་ནས་ཤི་འཕོས་ཏེ། ཁ་ཅིག་ནི་དུད་འགྲོ་རྣམས་དང་སྐལ་པ་ཉམ་པར་སྐྱེ་བར་འགྱུར་རོ། ཁ་ཅིག་ནི ་ཡི་དྭགས་ཀྱི་ནང་དུ། ཁ་ཅིག་ནི་མི་རྣམས་ཀྱི་ནང་དུ། ཁ་ཅིག་ནི་རྒྱལ་ཆེན་བཞི་པའི་ལྷ་རྣམ་ཀྱི་ནང་དུ། ཁ་ཅིག་ནི་སུམ་བཅུ་རྩ་གསུམ་པ་རྣམས་དང་། འཐའ་བྲལ་བ ་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་བསྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ།། དེ་ལ་སེམས་ཅན་སྔོན་མིར་གྱུར་པའི ་ཚེ་ཆོས་མ་ཡིན་པ་སྤོད་ཅིང་མི་རིགས་པ་བྱེད་པ་དེ་ཅིག་ཏུ་གནག་པའི་ལས་བྱས་པས་སེམས་ཅན་དམྱལ་བ་དག་དུ་སྐྱེས་པ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ནས་ཤི ་འཕོས་ནས་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་མང་པོ་དག་གི་སྐལ་པ་ཅན་དུ་འགྱུ་རོ།། དེ་ལ་སེམས་ཅན་སྔོན་མར་གྱུར་པའི་ཚེ་ཆོས་སྤྱོད ་རིགས་པ་མེད་ལ། ཅིག་ཏུ་དཀར་བའི་ལས་བྱེད་པ་ལས་ཉེས་པར་སྤོང་བ་འབའ་ཞིག་གིས་སེམས་ཅན་དམྱལ་བ་དག་ཏུ་སྐྱེས་པ་གང་ཡིན་པ་དེ་དག་ནི་སེམས་ཅན ་དམྱལ་བ་ནས་ཤི་འཕོས་ནས་བདེད་དང་། ཡིད་བདེ་བ་མང་པོའི་སྐལ་པ་ཅན་དུ་འགྱུརརོ།། བཅོམ་ལྡན་འདས་ཀྱི་ཀྱང་ལྷའི་ཕོ་ཉ་ལྔ་ལུང་སྟན་པའི་མདོ་ལས ་འདི་སྐད་དུ་དགེ་སློང་དག། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཤར་ཕྱོགས་ཀྱི་སྒོ་འབྱེད་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། ཞེས་བྱ་བ་ནས ་འཕྲུལ་དགའ་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་པར་འགྱུར་རོ།། ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དགེ་སློང་དག་དེ་ལ་སེམས་ཅན་གང་དག་སྔོན་མར་གྱུར་པ ་ན། མར་མི་འཛིན་པ་དང་། བར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དང་། རིགས་ཀྱི་གཙོ་བོ་ལ་རིམ་འགྲོ་མི་བྱེད་པ་དང་། ་བྱ་བའི་རིགས་པ་མི་བྱེད་པ་དང་། བསོད་ནམས་མི་བྱེད་པ་དང་། འཇིག་རྟེན་འདི་དང་། འཇིག་རྟེན་ཕ་རོལ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་མི་ལྟ་བ་དང་། ་སྦྱིན་པ་དག་མི་སྦྱིན་ཞིང་བསོད་ནམས་དག་མི་བྱེད་པ་སྙེན་ནས་ལ་མི་གནས་ཏེ། ཚུལ་ཁྲིམས་ཡང་དག་པར་བླངས་ནས། མི་འདུག་པ་དེ་དག་ནི་ཚུལ་འདི་ལྟ་བུར་སྡུག ་བསྔལ་བ་དང་ཡང་མི་བདེ་བའི་སྐལ་བ་ཅན་དུ་གྱུར་པ་དང་། དཔེར་ན་སེམས་ཅན་དམྱལ་བ་དེ་འདུག་པའི་སེམས་ཅན་བཞིན་ནོ།། དེ་ལ་སེམས་ཅན་གང་དག་མར ་འཛིན་པ་དང་། ངར་འཛིན་པ་ནས་སྔ་མ་བཞིན་ཏེ་དེ་དག་ནི་ཚུལ་འདི་ལྟ་བུར་བདེ་བ་དང་། ཡིད་བདེ་བའི་སྐལ་པ་ཅན་དུ་འགྱུར་ཏེ། དེ་དཔེར་ན་གཞལ་མེད་ཁང ་ནས་གནས་པའི་གནོད་སྦྱིན་རྣམས་བཞིན་ནོ་ཞེས་གསུངསོ།། དེ་ལ་གནོད་པར་འགྱུར་བ་ཞེས་བྱ་བ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ ་རྣམས་ཏེ། སྲོག་གཅོད་པ་ནས་ལོག་པར་ལྟ་བའི་བར་དག་གོ། བྱས་ནས་ཞེས་བྱ་བ་ནི་ཡང་དག་པར་བླངས་ཏེ་འདུག་ཞེས་བྱ་བ་ཡིན་ནོ།། མི་རིགས་འཚོ་བའི་མི ་རྣམས་ཀྱིས་ཞེས་བྱ་བ་ལ་མི་རིགས་པ་འཚོ་བ་ཞེས་བྱ་ནི། ཤན་པ་དང་བྱ་གག་འཚོང་པ་དང་། ཕག་འཚོང་བ་དང་། བྱ་བ་དང་། རི་བོང་རྒྱས་འཚོར་བ་དང་། ཉ་བ་དང་། ་རི་དགས་ཀྱི་རྔོན་པ་དང་། ཆོམ་རྐུན་དང་། གཤེང་མ་དང་། བ་གླང་གསོད་པ་དང་། སྦྲུལ་ཚོགས་ཅན་དང་བརྩོན་སྲུངས་དང་ཕྲ་མ་ཅན་དང་། གནོད་བྱེད་དང་དེ ་དག་ལ་སོགས་པ་གཞན་ཡང་གང་ཟག་གང་ཡིན་པ་དེ་དག་ཅེས་བྱ་བའི་བར་དུའོ།། འགྲོ་བ་ཕྱི་མ་གང་ཡིན་པ་ཞེས་བྱ་བ་ནི་མི་རིགས་པ་བྱེད་པ་དང་། མི་རིགས་པས་འཚོ ་བ་གང་ཡིན་པ་དེ་དག་ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཅད་པ་དེ་ལྟ་བུས་དང་། ཡང་དག་པར་སྤྱོད་པའི་ལས་དེ་ལྟ་བུས་ལས་དེས་ན་སེམས་ཅན ་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་སྐྱེ་བར་འགྱུར་རོ།། དམྱལ་བ་བརྒྱད་པོ་འདི་དག་ནི་ཞེས་བྱ་བ་ནི་ཡང་སོས་ནས་བཟུང་སྟེ་མནོར་མེད་པའི་བར་རམ། ཡང་ན་མནར་མེད་པ ་ནས་བཟུང་སྟེ་ཡང་སོས་ཀྱི་བར་དག་གོ།། དེ་ན་སེམས་ཅན་དམྱལ་བ་བརྒྱད་པོ་འདི་དག་གོ་ཞེས་བྱའོ།། སྟན་ཅེས་བྱ་བ་ནི་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན ་ཐོས་རྣམས་དང་། ཡང་དག་པར་ཞུགས་པ་རྣམས་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་ཡང་དག་པར་བསྟན་ཏེ། དེ་ན་སྟན་ཞེས་བྱའོ།། འདའ་བར་དཀའ་བ་ཞེས ་བྱ་ནི་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་འདི་དག་འདའ་བར་དཀའ་ཞིང་ཡང་དག་པར་དཀའ་བ་ཡིན་ཏེ། དེ་ནས་འདའ་བ་དགའ་བ་ཞེས་བྱའོ།། རླུང་བའི་ལས་རྣམས ་ཀྱི་གང་ཞེས་བྱ་བ་ནི། ཤེས་པ་ནས་གནོད་བྱེད་ཀྱི་བར་དེ་དག་མི་རླུང་བའི་ལས་རྣམས་ཞེས་བྱས་ཏེ། དེ་ནས་དམྱལ་བ་ཆེན་པོ་བརྒྱད་པོ་འདི་དག་ནི་འདའ་བར་དཀའ་བ་སྟན ་པ་སྟེ། བརླང་བའི་ལས་རྣམས་ཀྱི་གང་ཞེས་བྱའོ།། རེ་རེའི་འཁོར་ནི་བཅུ་དྲུག་ཡོད་ཞེས་བྱ་བ་ནི། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་ཤར་ཕྱོགས ་ན་ལྷག་མའི་འཁོར་བཞི་ཡོད་དེ་རོ་མྱགས་དང་། ཕྱི་སའི་འདམ་འཛབ་དང་། ལོ་མ་རལ་གྲི་ལྟ་བུའི་ཚལ་དང་། ལྕགས་ཀྱི་ཤིང་ཤལ་མའི་ཚལ་དང་། ཆུ་རུང ་རབ་མེད་ཅེས་བྱ་བ་རྣམསོ།། ཤར་ཕྱོགས་ཇི་ལྟ་བ་བཞིན་དུ་ལྷོ་དང་། ནུབ་དང་བྱང་ཕྱོགས་ཀྱང་དེ་བཞིན་ནོ།། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ན་ཇི་ལྟ་བུ་དེ ་བཞིན་དུ། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་བར་དུ་ཡང་དེ་བཞིན་ནོ།། དེས་ནི་རེ་རེའི་འཁོར་ནི་བཅུ་དྲུག་ཡོད་ཞེས་བྱའོ།། ཆ་བཞི་ཞེས་བྱ་བ་ནི་སེམས ་ཅན་དམྱལ་བ་ཆེན་པོ་མནར་མེང་བ་ལ་ཆ་བཞི་ཡོད་དེ། ཤར་དང་། ལྷོ་དང་། ནུབ་དང་། བྱང་དང་། བྱང་ཕྱོགས་ཀྱི་ནའོ།། མནར་མེད་པ་ལ་ཇི་ལྟ་བ ་@བཞིན་དུ་ཡང་སོས་ཀྱི་བར་དུ་ཡང་དེ་བཞིན་ཏེ། དེས་ན་ཆ་བཞི་ཞེས་བྱའོ།། སྒོ་བཞི་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ལ་སེམས ་ཅན་དམྱལ་བའི་སྒོ་བཞི་ཡོད་དོ།། ཤར་དང་ལྷོ་དང་ནུབ་དང་བྱང་ཕྱོགས་ཀྱི་སྒོ་རྣམསོ།། མནར་མེད་པ་ལ་ཇི་ལྟ་བ་བཞིན་དུ་ཡང་སོས་ཀྱི་བར་དུ་ཡང་དེ་བཞིན་ཏེ། དེས་ན་སྒོ་བཞི ་ཞེས་བྱའོ།། ཆའི་ཚད་ནི་རྣམ་པར་ཕྱེ་སྟེ་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཆུར་ཇི་ཙམ་པ་དེ་བཞིན་དུ་རྒྱུར་ཡང་དེ་ཙམ་ཏེ། དེས་ཆུས་ཚད་རྣམ་པར་ཕྱེའོ་ཞེས་བྱའོ།། ལྕགས ་ཀྱི་རབས་ཀུན་ཏུ་སྐོར་བ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ལྕགས་ཀྱི་རབས་ཀུན་ནས་སྐོར་ཏེ། མནར་མེད་པ་ཇི་ལྟ་བ་དེ་བཞིན་དུ་ཡང་སོས་ཀྱི་བར་དུ་ཡང་དེ ་བཞིན་ཏེ། དེ་ནས་ལྕགས་ཀྱི་ར་བས་ཀུན་ནས་བསྐོར་ཞེས་བྱའོ།། ལྕགས་ཀྱི་སུ་ནི་ཀུན་དུ་ཁྱེ་བས་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྕགས་ཀྱིས་དྲ་བས་ཁེས ་ཏེ། མནར་མེད་པ་ཇི་ལྟ་བཞིན་དུ་ཡང་སོས་ཀྱི་བར་དུ་ཡང་དེ་བཞིན་ཏེ། དེས་ན་ལྕགས་ཀྱི་སུ་རི་ཁེབས་ཞེས་བྱའོ།། ལྕགས་ཀྱི་ས་བཞི་རབ་ཚ་བ། འབར་ཞིང་མེ་ལྕེ་ལྡན་པ་སྟེ། ་དཔག་ཚད་རྒྱ་ཕྲག་དུ་མར་ཡང་།། མེ་ལྕེ་རྣམས་ནི་མཆེད་པར་གནས། ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་དང་། དཔག་ཚད་མང་པོ་དང་དཔག་ཚད ་རྒྱ་ཕྲག་མང་པོ་དང་། དཔག་ཚད་སྟོང་ཕྲག་མང་པོ་དང་། དཔག་ཚད་འབུམ་ཕྲག་མང་པོར་ལྕགས་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ ་ཅིག་ཏུ་གྱུར་ཅིང་སྲེག་པ་དེ་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཇི་ལྟ་བ་དེ་བཞིན་དུ་ཡང་སོས་ཀྱི་བར་དུ་ཡང་དེ་བཞིན་ཏེ། དེས་ན་ལྕགས་ཀྱིས་བཞི་རང་ཆག་འབར་ཞིང་། ་མེ་ལྕེ་ལྡན་པ་ཏེ། དཔག་ཚད་རྒྱ་ཕྲག་དུ་མར་ཡང་། མེ་ལྕེ་རྣམས་ནི་འཚེད་པར་གནས། ཞེས་བྱའོ། འཇུངས་པ་འདུལ་བ་དྲག་པོ་སྟེ། མེ་ལྕེར་ལྡན་ཞིང་སྙེན་པར་དཀའ ་དེ་དག་སྤུ་ཟིང་བྱེད་པའི་གཟུགས། འཇིགས་ཤིང་འཇིགས་བྱེད་སྡུག་བསྔལ་ག་ཞེས་བྱ་བ་ལ་འཇུངས་པ་ཞེས་བྱ་བ་ནི། གང་ཟག་སེར་སྣ་ཅན་སྤར་བ་འཚུམས་ཤིང་ཡོ ་བྱད་རྣམས་ཀུན་དུ་འཛིན་པ། སྦུན་པ་དག་ཀུན་འགྱེད་པར་མི་བྱེད་པ་གང་ཡིན་པ་དེ་དག་གོ། གཞན་ཡང་གང་ཟག་གང་དག་ཉེས་པར་སྤྱོད་པའི་ལས་རྣམ་པ་སྣ་ཚོགས ་བྱེད་པ་དེ་རྣམས་ཡིན་ནོ།། དེས་ན་འཇུངས་པ་ཞེས་བྱའོ།། འཇུངས་པ་དེ་དག་ནི་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དེ་དག་ཏུ་ཤིན་ཏུ་ཚ་ཞིང་ཀུན་ཏུ་ཚལ་ཡོངསུ་ཆེ་བར་གྱུར ་ཏེ། དེས་ན་འཇུངས་པ་འདུལ་བ་དྲག་པོ་ཞེས་བྱའོ།། མེ་ལྕེ་ལྡན་ཞིང་སྙེན་པར་དཀའ་ཞེས་བྱ་བ་ནི། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་འདི་དག་མེ་ལྕེ་འབར་བའི་ཕྲེང་བས ་ཏེ། འཇུངས་པ་དེ་དག་གི་མི་བཟོད་ཅིང་གནག་པར་དཀའ་སྟེ། དེ་ནས་མེ་ལྕེ་དེ་ལྡན་ཞིང་སྤེན་པར་དཀའ་བ་ཞེས་བྱའོ།། དེ་དག་སྤུ་ཟིང་ཞེས་བྱེད་པའི་གཟུགས། འཇིགས་ཤིག ་འཇིགས་བྱེད་སྡུག་བསྔལ་བ་ཞེས་པ་ནི་སེམས་ཅན་དམྱལ་བ་ཆེན་པོ་རྒྱང་པོ་འདི་དག་འཇུངས་པ་དེ་དག་འཇིགས་པ་དང་། སྐྲག་པ་དང་། ཡི་ཆད་པར་བྱེད་ཅིང་སྤུ་ཟིང་ཞེས་བྱེད ་པར་བྱེ་ལ། སྡུག་བསྔལ་བསྐྱེད་པར་བྱེད་དོ།། དེ་ནས་དེ་དག་སྤུ་བྱེད་པའི་གཟུགས། འཇིགས་ཤིང་འཇིགས་བྱེད་སྡུག་བསྔལ་བ། ཞེས་བྱའོ། ་དྲང་སྲོང་དང་སྡོམ་ཅན་དང་། དཀའ་ཐུབ་ཅན་ལ་ཁ་ཟེར་བ་ཞེས་བྱ་བ་ལ། དྲང་སྲོང་ཞེས་བྱ་བ་ནི་སངས་རྒྱས་རྣམས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཏེ། དེ་རྣམས་ཀྱང་མི་མཐུན ་པའི་ལུས་ཀྱི་ལས་ཀུན་ཏུ་སྤྱོད་པ་དང་། མི་མཐུན་པའི་ངག་གི་ལས་དང་། ཡིད་ཀྱི་ལས་ཀུན་དུ་སྤྱོད་པ་སྟེ། དེས་ན་དྲང་སྲོང་དག་ཞེས་བྱའོ།། སྡོམ་ཅན་ཞེས་བྱ་བ་ནི། ལུས་སྡོམ ་པ་དང་། ངག་སྡོམ་པ་དང་། ཡིད་སྡོམ་པ་རྣམས་ཏེ། དེས་ན་སྡོམ་ཅན་ཞེས་བྱའོ།། དཀའ་ཐུབ་ཅན་ཞེས་བྱ་བ་ནི། སྦྱངས་པའི་ཡོན་ཏན་རྣམ་པ་སྣ་ཚོགས་ཡང་དག་པར་བླངས ་པའི་ཕྱིར། དཀའ་ཐུབ་ཅན་ཞེས་བྱ་སྟེ། དེས་ན་དཀའ་ཐུབ་ཅན་ཞེས་བྱའོ།། རྐང་པ་སྒྲེང་ཞིང་སྤྲེའུ་ཆུགསུ། དམྱལ་བར་དེ་ནི་ལྷུང་བར་འགྱུར། ཞེས་བྱ་བ་ནི་འཇུངས་པ་དེ ་དག་གིས་ཉེས་པར་སྤྱོད་པ་དེ་དག་དེ་ལྟ་བུར་ཡང་དག་པར་བླངས་པ་དང་། ཀུན་དུ་སྤྱད་པས་སེམས་ཅན་དམྱལ་བ་ཆེན་པོ་རྒྱད་པོ་དེ་དག་དུ་འདོད་པ་དེ་དེས་ན། རྐང་པ་སྒྲེང་ཞིང་སྤྲིའུ ་ཚུགསུ། དམྱལ་བར་དེར་ནི་ལྟུང་བར་འགྱུར་ཞེས་བྱའོ།། དབང་པོ་ཉམས་པ་དེ་དག་གཅོད་ཅེས་བྱ་བ་ནི། དེ་དག་དབང་པོ་མ་དུལ་བའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་རྒྱད་པོ་དེ་དག ་ཏུ་སྐྱེ་ཞིང་ཉིན་མཚན་དུ་རྩེད་དེ། དེས་ན་དབང་པོ་ཉམས་པ་དེ་དག་གཅོད་ཅེས་བྱའོ།། ཉ་ནི་སྐམ་ལ་བོར་བཞིན་ཞེས་བྱ་བ་ནི་ཇི་ལྟར་ཉ་ནུ་ལས་ཏོན་ཏེ། སྐམ་སར་བོར་བ་རྣམ་སྡུག་བསྔལ་ཞིང ་ཉམ་ཐག་ནས་འདར་བ་དེ་བཞིན་དུ། དེ་དག་འཇིག་རྟེན་འདི་ནས་ཤི་འཕོས་ནས་སེམས་ཅན་དམྱལ་བ་ཆེན་པོ་དག་དུ་བོར་ཏེ་སྡུག་བསྔལ་ཞིང་ཉམས་ཐག་པར་འགྱུར་ཏེ། དེ་ནས་དབང་པོ ་ཉམས་པ་དེ་དག་བརྩེད། ཉ་ནི་སྐམ་ལ་བོར་བ་བཞིན་ཞེས་བྱའོ།། དེ་ལྟར་ཉེས་བྱས་ལས་བྱེད་པ། ཉིན་མཚན་དུ་ནི་ཚེ་དེ་འདེབས། ཞེས་བྱ་བ་ནི་ལས་དཀར་པོ་མ་བྱས་ཤིང་མི་དགེ་བའི ་ཆོས་ལ་ཞུགས་པ་དེ་དག་སེམས་ཅན་དམྱལ་བ་ཆེན་པོ་རྒྱད་དེ་དག་ཏུ་སྐྱེས་ནས་རྟག་པར་རྒྱུན་མི་མཆད་པར་ཡུན་དུ་ཉམས་ཐག་པའི་ང་རེ་ཚེ་དེ་འདེབས་ཏེ། སྡུག་བསྔལ་ཞིང་མི་ཟད ་ལ་རྩུབ་ཅིང་ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་ཉིན་མཚན་དུ་ཉམས་སུ་མྱོང་བ་སྟེ། དེས་ན་དེ་ལྟར་ཉེས་བྱས་ལས་བྱེད་པ། ཉིན་མཚན་དུ་ནི་དྲིས་འདེབས། ཞེས ་བྱའོ།། དེ་ནི་སྒྲ་ཆེན་རབ་ཏུ་སྒྲོགས། འཕང་མདུང་གྱིས་ཕོག་གླང་ཆེན་བཞིན། ཞེས་བྱ་བ་ནི་དེ་དག་སྡུག་བསྔལ་མི་ཟད་པའི་ཟིལ་གྱིས་གནོན་ཏོ།། གླང་པོ་ཆེ་དག ་འཕང་མདུང་གི་འཕོག་པ་དང་། ལྕགས་སྐྱེས་དྲངས་པ་བཞིན་དུ་སྐད་ཤན་དུ་ཆེ་བར་སྒྲ་སྒྲོགས་ཏེ། དེས་ནི་དེ་ནི་སྒྲ་ཆེན་རབ་ཏུ་སྒྲོགས། འཕང་མདུད་གྱིས་ཕོག་གླང ་ཆེན་བཞིན་ཞེས་བྱའོ།། མི་རྣམས་ཀྱི་ལོ་སུམ་ཁྲོ་གང་ཡིན་པ་དེ་ནི། སེམས་ཅན་དམྱལ་བ་ཁ་ཅིག་གི་ནམ་གྱི་ཆ་སྟོད་དོ།། ཁ་ཅིག་ནི་ནམ་གྱི་འཐུན་གྱི་བར་རོ།། ཁ་ཅིག་ནི ་ནམ་གྱི་ཆ་སྤང་གྱི་བར་རོ།། ལོ་དགུ་ཁྲི་ལ་ནི་མཚན་ཅིག་གི།། ལོ་འབུམ་རྒྱ་ཁྲིལ་ནི་ཉིན་ཞག་ཅིག་གོ།། མི་རྣམས་ལེ་ནི་འདི་དག་ན། དགུ་ཁྲི་སྙེད་ནི་གང་ཡིན་ཏེ། ་དམྱལ་བ་དག་ན་མཚན་ཅིག་ཏེ།། ཉིན་མཚན་ཚད་ཀྱང་དེ་ཙམ་མོ།། བྱིས ་བ་མི་ཁོམ་སོང་བ་རྣམས། བརླང་བའི་ལས་ནི་རབ་འཇིགས་པ།། འདི་ལྟ་བུ་ནི་ལོ་གྲངས་པར། ཡུན ་རིངས་བར་དུ་འཚེད་པར་འགྱུར།། འདི་དག་དང་ནི་གཞན་ཡང་རབ་མང་མཐའ་ཡས་པའི།། ་སྡུག་བསྔལ་དམྱལ་བ་དག་ཏུ་བྱིས་པ་དག་གྱིས་མྱོང་།། ། རྒྱ་གར་གི་མཁན་པོ ་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དྷེ་ཡེ་ཤེས་སྡེ་ལ་སོགས་པས་སྦྱར་ཅིང་ཞུས་ཏེ་སྟན་ལ་ཕབ་བོ།། ་བཀྲ་ཤིས། སརྦ་མངྒ་ལཾ། ཞུ་དག། དགེའོ།།་