| Wylie | e-texts produced with BDRC’s OCR application |
འཕགས་པ་སྤྲིན་ཆེན་ཞེས་བྱ་བ་ཞུགས་སོ།། འགྲོ་དོན་འཕེལ་བར་ཤོག། བཀྲ་ཤིས་ཤོག ་ཨཱརརྱ་མ་ཧཱ་མེ་གྷན་ནམ་ཧཱ་ཡན ་སཱུཿ། བད་སྐད་དུ། འཕགས་པ་སྦྱི ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། ་བམ་པོ་དང་པོའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ་འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ ་ལོ།། འདི་སྐད་བདག་གིས་ཟོས་པ་དུས་གཅིག་ན། བཅོམ་ལྡན་འདས ་རྒྱལ་པོའི་ཁབ་ན་བྱ་རྒོད་པོའི་རི་ལ། གནས་བརྟན་འོད་སྲུང་ཆེན་པོ་ལ་སོགས ་པ། དགེ་སློང་ས་ཡ་ཕྲག་དགུ་དང་། བརྒྱད་འབུམ་གྱི ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཐམས་ཅད་ཀྱང་དགྲ་བཅོམ་པ། ་ཟག་པ་ཟད་པ། དབང་དང་ལྡན་པར་གྱུར་པ། ཉོན་མོངས་པ་མེད་པ། ཅང ་ཤེས་པ། གླང་པོ་ཆེན་པོ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ ་ཤིན་ཏུ་རྣམ་པར་གྲོལ་བ། བྱ་བ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། ཡང ་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ། ་མངོན་པར་ཤེས་པ། མཁས་པ་མངོན་པར་ཤེས་པ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་སོ།། དེ་ནས་གནས་བརྟན་འོད་སྲུང་ཆེན་པོ་ལ་སོགས་པ། ་ན་འདས་ཀྱི་ཞབས་མཚན་པོས་ཕྱག་འ། ་དགེ་སློང་ས་ཡ་ཕྲག་དགུ་དང་བརྒྱད་འབུམ་པོ་དེ་དག་ཕྱེ་མ་རངས་ཀྱི་དུས་ཀྱི་ཚེ། རང་རང ་གིས་གནས་ནས་བྱུང་ན། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ལ ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོག ་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་སྐྱེ་རྒུའི་བདག་མོ་གོའུ་ཏ་མ་ལ་སོགས་པ། དགེ་སློང་མ་ས་ཡ་ཕྲག་དྲུག ་དང་ལྔ་འབུམ་ཡང་ཕྱེ་མ་རེངས་ཀྱི་དུས་ཀྱི་ཚེ་རང་རང་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར ་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ། ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ཏེ་ཕྱོག ་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་སྤྲིན་ཆེན་པོ་སྙིང་པོ་ལ་སོགས་པ། བྱང་ཆུབ་སེམས་དཔའི་གཙོ ་ཆེན་པོ་ས་ཡ་ཕྲག་དྲུག་དང་བརྒྱད་འབུམ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་སྤྲིན་སྙིང་པོ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་འོད་བསྲུང་ཞེས་བྱ་བ་དང་། ་གས་ར་དུ ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་འབྲུག་སྔགས་དབྱངས་ཤེས་བྱ་བ་དང་། སྤྲིན་ཆེན་བརྩོན ་འགྲུས་སྲུང་ཞེས་བྱ་བ་དང་། སྤྲིན་ཆེན་དགའ་བྱེད་ཅན་ཞེས་བྱ་བ་དང་། སྤྲིན་ཆེན་རབ་དགའ་ཞེས་བྱ་བ་དང་། ་སྤྲིན་ཆེན་བརྩེགས་ཤེས་བྱ་བ་དང་། སྤྲིན་ཆེན་རྡོ་རྗེ་དཔའ་ཞེས་བྱ་བ་དང་། སྤྲིན་ཆེན་ངེས་པར་སྒྲ་སྒྲོགས་ཤེས ་བྱ་བ་དང་། སྤྲིན་ཆེན་གྲགས་ཤེས་བྱ་བ་དང་། སྤྲིན་ཆེན་པོ་གློག་གི་འོད་ཀྱི་དྲ་བ་ཅན་ཞེས་བྱ་བ་དང་། སྤྲིན ་ཆེན་གློག་སྦྱིན་ཞེས་བྱ་བ་དང་། སྤྲིན་ཆེན་དཔྱོད་པ་ལ་མཁས་པའི་རྒྱལ་པོ་ཞེས་བྱ་བ་དང་། སྤྲིན་ཆེན་རྩལ་གྱི་འགྲོ་ཞེས ་བྱ་བ་དང་། སྤྲིན་ཆེན་སེང་གེ་སྒྲ་སྒྲོགས་རྒྱལ་པོ་ཞེས་བྱ་བ་དང་། སྤྲིན་ཆེན་ཆུ་རྒྱས་བློ་གྲོས་ཞེས་བྱ་བ་དང་། སྤྲིན་ཆེན ་བརྩོན་འགྲུས་ལྟ་ཞེས་བྱ་བ་དང་། སྤྲིན་ཆེན་ལྟ་བའི་དུས་ཚེད་དང་། སྤྲིན་ཆེན་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་དང་། ་སྤྲིན་ཆེན་མངོན་པར་འཕགས་པའི་གྲགས་པ་མཐའ་ཡས་པ་ཞེས་བྱ་བ་དང་། སྤྲིན་ཆེན་ཡང་དག་པར་ལྟ་བ་ཞེས་བྱ་བ་དང་། ་སྤྲིན་ཆེན་མུ་སྟེགས་སུ་གྱུར་པའི་དབང་ཕྱུག་ཅེས་བྱ་བ་དང་། སྤྲིན་ཆེན་བསོད་ནམས་ཞིང་ཞེས་བྱ་བ་དང་། སྤྲིན་ཆེན ་བསིལ་བར་གྱུར་ཅེས་བྱ་བ་དང་། སྤྲིན་ཆེན་ཉི་མིའི་སྙིང་པོ་ཞེས་བྱ་བ་དང་། སྤྲིན་ཆེན་ཟླ་བའི་གཟི་བརྗིད་ཅེས་བྱ་བ་དང་། ་སྤྲིན་ཆེན་རིན་ཟང་མེད་པའི་བཻ་ཌཱུརྱ་ཞེས་བྱ་བ་དང་། སྤྲིན་ཆེན་རྟག་ཏུ་ལྟ་ཞེས་བྱ་བ་དང་། སྤྲིན་ཆེན་རྟག ་པའི་རང་བཞིན་ལ་དགའ་བ་དང་། སྤྲིན་ཆེན་བློ་གྲོས་རྒྱ་མཚོ་ཞེས་བྱ་བ་དང་། སྤྲིན་ཆེན་རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བ་དང་། ་སྤྲིན་ཆེན་འོད་ཞེས་བྱ་བ་དང་། སྤྲིན་ཆེན་རྣམ་པར་རྒྱལ་བའི་ཀླུས་བྱིན་ཞེས་བྱ་བ་དང་། སྤྲིན་ཆེན་དགའ་བས་མཚོ་བའི་དཔལ ་ཞེས་བྱ་བ་དང་། སྤྲིན་ཆེན་དེད་དཔོན་མིག་ཅེས་བྱ་བ་དང་། སྤྲིན་ཆེན་ཅོད་པན་གྱིས་སྤུངས་སྐྱེས་པ་ཞེས་བྱ་བ་དང་། སྤྲིན་ཆེན ་སྟོན་པར་འགྱུར་བ་ཞེས་བྱ་བ་དང་། སྤྲིན་ཆེན་ས་སྲུངས་ཞེས་བྱ་བ་དང་། སྤྲིན་ཆེན་རྣམ་པར་རྒྱས་པའི་པདྨ་དཀར་པོ་ཞེས་བྱ་བ་དང་། ་སྤྲིན་ཆེན་མེ་ལྟ་བུའི་ཡེ་ཤེས་ཀྱི་པདྨ་ཞེས་བྱ་བ་དང་། སྤྲིན་ཆེན་བསྒོ་བས་སྦས་པའི་ཨུཏྤ་ལའི་དྲི་ལྡན་ཞེས་བྱ་བ་དང་། སྤྲིན་ཆེན ་རྟག་ཅེས་བྱ་བ་དང་། སྤྲིན་ཆེན་འདྲེན་སྤྱོད་ཅེས་བྱ་བ་དང་། སྤྲིན་ཆེན་མི་འཇིགས་སྒྲ་ཞེས་བྱ་བ་དང་། སྤྲིན་ཆེན་ཏ་ལའི་ལོ་མ་གསིལ་བ་ཞེས་བྱ་བ་དང་། སྤྲིན་ཆེན ་རིན་ཆེན་ཙན་ངན་བསིལ་བའི་ལུས་ཤེས་བྱ་བ་དང་། སྤྲིན་ཆེན་དམ་པ་ཞེས་བྱ་བ་དང་། སྤྲིན་ཆེན་ཡ་མཚན་ལ་མཁས་པ་ཞེས་བྱ་བ་དང་། སྤྲིན་ཆེན་དགའ་བ ་སྲེད་མེད་ཀྱི་བུ་ཞེས་བྱ་བ་དང་། སྤྲིན་ཆེན་སྙན་སྔགས་མཁན་གྱི་ཁྱུ་མཆོག་ཅེས་བྱ་བ་དང་། སྤྲིན་ཆེན་སྙིང་པོ་ཕྲ་བ་ལ་འཇུག་པ་ཞེས་བྱ་བ་དང་། སྤྲིན་ཆེན ་དམ་པའི་ཆོས་མཆོག་པདྨ་དཀར་པོ་རྒྱུས་གདོང་ཞེས་བྱ་བ་དང་། སྤྲིན་ཆེན་དམ་པའི་ཆོས་ཀྱི་རྒྱུན་གཏོགས་ཤེས་བྱ་བ་དང་། སྤྲིན་ཆེན་གྲགས་པའི་བདེ་བ ་ཞེས་བྱ་བ་དང་། སྤྲིན་ཆེན་གསེར་གྱི་རི་བོ་རྒྱལ་པོ་ཞེས་བྱ་བ་དང་། སྤྲིན་ཆེན་ཀུན་སྦྱིན་ཞེས་བྱ་བ་དང་། སྤྲིན་ཆེན་སྨན་པའི་རྒྱལ་པོ་ཞེས་བྱ་བ་དང་། སྤྲིན ་ཆེན་ལུས་ཆེན་ཞེས་བྱ་བ་དང་། སྤྲིན་ཆེན་མཁའ་ལ་མངོན་པར་འཕགས་ཞེས་བྱ་བ་དང་། སྤྲིན་ཆེན་སྒྲ་ལྡན་ཞེས་བྱ་བ་དང་། སྤྲིན་ཆེན་དྲི་མ་སེལ་ཅེས་བྱ་བ་དང་། ་སྤྲིན་ཆེན་སྒྲོན་མ་པདྨའི་དཔལ་ཞེས་བྱ་བ་དང་། སྤྲིན་ཆེན་རྣམ་པར་སྒྲོགས་པ་ལེན་པ་མེད་པའི་རྟོག་པ་མ་འདྲེས་པ་ཞེས་བྱ་བ་དང་། སྤྲིན་ཆེན་མུན་སེལ་ཅེས་བྱ་བ ་དང་། སྤྲིན་ཆེན་རིམས་པའི་ཐོག་སེལ་བ་ཞེས་བྱ་བ་དང་། དེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ས་ཡ་ཕྲག་དྲགས་དང་བརྒྱད་འབུམ་ཡང་ཕྱེ་མ་རེངས་ཀྱི་དུས་ཀྱི་ཚེ། ་། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག ་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཕྱོགས་ཅིག་ཏུ་འཁོད་དོ།། ཡང ་དེའི་ཚེ་སེང་གེ་སྒྲོན་མ་ལ་སོགས་པ་ལི་ཙ་བྱི་གཞོན་ནུ་ས་ཡ་ཕྲག་ལྔ་དང་བརྒྱད་འབུམ་ལ། འདི་ལྟ་སྟེ། ལི་ཙ་བྱི་གཞོན་ནུ་ཚོས་དང་། ལི་ཙ་བྱི་གཞོན་ནུ་ཀླུ་མགོ་ཞེས་བྱ་བ་དང་། ་ལིད་ཙ་བྱི་གཞོན་ནུ་ཆོས་སྡེ་ཞེས་བྱ་བ་དང་། ལིད་ཙ་བྱི་གཞོན་ནུ་དབང་པོས་བྱིན་ཞེས་བྱ་བ་དང་། ལིད་ཙ་བྱི་གཞོན་ནུ་དབང་པོའི་རྟོག་ཅེས་བྱ་བ་དང་། ལིད་ཙ་བྱི་གཞོན་ནུ་དབང ་པོའི་རྒྱལ་མཚན་འོད་ཅེས་བྱ་བ་དང་། ལིད་ཙ་བྱི་གཞོན་ནུ་སེང་གེའི་སྒྲ་སྒྲོགས་བློ་གྲོས་ཞེས་བྱ་བ་དང་། ལིད་ཙ་བྱི་གཞོན་ནུ་རིན་ཆེན་མགྲིན་དབྱངས་ཤེས་བྱ་བ་དང་། ལིད་ཙ་བྱི ་གཞོན་ནུ་རང་བྱེད་དཔལ་དང་། ལིད་ཙ་བྱི་གཞོན་ནུ་ཀླུ་དཔལ་ཞེས་བྱ་བ་དང་། ལིད་ཙ་བྱི་གཞོན་ནུ་རྡོ་རྗེ་ཕྲེང་ལྡན་ཞེས་བྱ་བ་དང་། ལིད་ཙ་བྱི་གཞོན་ནུ་སངས་རྒྱས་འབངས་ཞེས ་བྱ་བ་དང་། ལིད་ཙ་བྱི་གཞོན་ནུ་རྒྱལ་བའི་འབངས་ཤེས་བྱ་བ་དང་། ལིད་ཙ་བྱི་གཞོན་ནུ་རྒྱལ་བའི་ཟླ་བ་ཞེས་བྱ་བ་དང་། ལིད་ཙ་བྱི་གཞོན་ནུ་ལག་ཆེན་ཞེས་བྱ་བ་དང་། ལིང ་ཙ་བྱི་གཞོན་ནུ་དཔའ་ཆེན་ཞེས་བྱ་བ་དང་། ལིད་ཙ་བྱི་གཞོན་ནུ་གང་གས་བྱིན་ཞེས་བྱ་བ་དང་། ལིད་ཙ་བྱི་གཞོན་ནུ་འཇམ་དཔའ་སྙིང་པོ་ཞེས་བྱ་བ་དང་། ལིད་ཙ་བྱི་གཞོན་ནུ ་དགའ་སྟོང་ཞེས་བྱ་བ་དང་། ལིང་ཙ་བྱི་གཞོན་ནུ་ཀླུས་སྐྱོང་ཞེས་བྱ་བ་དང་། ལིང་ཙ་བྱི་གཞོན་ནུ་ཆོས་སྐྱོང་ཞེས་བྱ་བ་དང་། ལིད་ཙ་བྱི་གཞོན་ནུ་འོད་གྲགས་ཤེས་བྱ་བ་དང་། ་ལིད་ཙ་བྱི་གཞོན་ནུ་ནམ་མཁའི་མཛོད་ཅེས་བྱ་བ་དང་། ལིད་ཙ་བྱི་གཞོན་ནུ་གང་གས་སྐྱོང་ཞེས་བྱ་བ་དང་། ལིད་ཙ་བྱི་གཞོན་ནུ་སྲིན་ཕྱིས་ཀྱི་རྣ་ཆ་བདུག་འཁོར་ཅེས་བྱ་བ་དང་། ་ལིད་ཙ་བྱི་གཞོན་ནུ་གློག་འཕྲེང་ཅན་ཞེས་བྱ་བ་དང་། ལིད་ཙ་བྱི་གཞོན་ནུ་རྣམ་པར་དག་པ་ཞེས་བྱ་དང་། ལིད་ཙ་བྱི་གཞོན་ནུ་ཁྱད་པར་ཅན་གྱི་རིགས་ཤེས་བྱ་བ་དང་། ལིད་ཙ་བྱི་གཞོན ་ནུ་དྲི་མེད་འོད་གྲགས་ཞེས་བྱ་བ་དང་། ལིད་ཙ་བྱི་གཞོན་ནུ་གླིང་བུ་ཅན་གྱི་བུ་ཞེས་བྱ་བ་དང་། ལིད་ཙ་བྱི་གཞོན་ནུ་སའི་དབང་ཕྱུག་ཅེས་བྱ་བ་དང་། ལིད་ཙ་བྱི་གཞོན་ནུ་ས་སྟེང ་འཕྲེང་བ་ཅན་ཞེས་བྱ་བ་དང་། ལིད་ཙ་བྱི་གཞོན་ནུ་མཚུངས་པའི་རྡོ་རྗེ་དྲན་ཞེས་བྱ་བ་དང་། དེ་དག་ལ་སོགས་པ། ལིང་ཙ་བྱི་གཞོན་ནུ་ས་ཡ་བྲག་ལྔ་དང་བརྒྱང་འབུམ་ཏེ། ལིང ་བྱི་གཞོན་ནུ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ། ཐེག་པ་ཆེན་པོ་ལ་སེམས་རབ་ཏུ་དགའ་བ་སྟེ། ཕྱེ་མ་རེངས་ཀྱི་དུས ་ཀྱི་ཚེ། རང་རང་གི་གནས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེར ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཕྱོགས་ཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་ལྷའི་བུ་མཐོང་ན་དགའ་བའི་དྲི་ཟའི་རྒྱལ་པོ་ལ་སོགས་པ། ལྷའི་བུ་ས་ཡ་ཕྲག་བཞི་དང་། བཞི ་འབུམ་ལ་འདི་ལྟ་སྟེ། ལྷའི་བུ་མཐོང་ན་དགའ་བའི་དྲི་ཟའི་རྒྱལ་པོ་ཞེས་བྱ་བ་དང་། ལྷའི་བུ་དགའ་ཞིང་དད་པའི་གྲགས་པ་ཞེས་བྱ་བ་དང་། ལྷའི་བུ་ཟླ ་བའི་གཙུག་ཕུད་ཅན་ཞེས་བྱ་བ་དང་། ལྷའི་བུ་ཉི་མ་མདོག་ཅེས་བྱ་བ་དང་། ལྷའི་བུ་རྣ་ཆ་གདུབ་བསྐོར་ཞེས་བྱ་བ་དང་། ལྷའི་བུ་རངས་བྱེད་ཀྱི་རོལ་མོའི་ས་འཛིན་ཅེས་བྱ་བ་དང ་ལྷའི་བུ་དཔལ་ཆེན་ཞེས་བྱ་བ་དང་། ལྷའི་བུ་བཟང་མོའི་ཚུལ་ཆེན་པོ་ལ་འཇུག་པ་ཞེས་བྱ་བ་དང་། ལྷའི་བུ་ནག་པོ་ཆེན་པོ་ཞེས་བྱ་བ་དང་། ལྷའི་བུ་དཔའ་བའི་བློ་གྲོས་ཞེས་བྱ་བ། ་དང་། ལྷའི་བུ་ནམ་མཁའ་ལྟར་མིག་དྲི་མ་མེད་པ་ཞེས་བྱ་བ་དང་། ལྷའི་བུ་དགའ་བ་ལ་རྣམ་པར་མོས་པའི་དཔལ་ཞེས་བྱ་བ་དང་། ལྷའི་བུ་དགའ་འཕྲེང་རྒྱལ་པོ་ཞེས་བྱ་བ་དང ་ལྷའི་བུ་དགའ་བར་གྲགས་པའི་འོད་ཅེས་བྱ་བ་དང་། ལྷའི་བུ་བཞིན་དགའ་ཞེས་བྱ་བ་དང་། ལྷའི་བུ་ཡིད་འཕྲོག་ཅེས་བྱ་བ་དང་། ལྕི་བུ་བཻ་ཌཱུརྱའི་འོད་ཅེས་བྱ་བ་དང་། ལྕིལ ་བུ་བཻ་ཌཱུརྱ་སྣང་ཞེས་བྱ་བ་དང་། ལྷའི་བུ་རྣམ་པར་འཇོམ་པ་ཞེས་བྱ་བ་དང་། ལྷའི་བུ་བརྒྱ་བྱིན་དགའ་ཞེས་བྱ་བ་དང་། ལྷའི་བུ་གཞོན་ནུ་ཡིད་དུ་འོང་བ་ཞེས་བྱ་བ་དང་། ལྷའི ་བུ་མན་ད་རབ་རྩེགས་པ་ཞེས་བྱ་བ་དང་། ལྷའི་བུ་མགོན་ལ་ཁྲིག་ཤིང་ཐེགས་པ་ཞེས་བྱ་བ་དང་། ལྷའི་བུ་བུར་མ་སེལ་བའི་བློ་གྲོས་ཞེས་བྱ་བ་དང་། ལྷའི་བུ་དམ་པའི་ཆོས་འཇི ་ཅེས་བྱ་བ་དང་། དེ་དག་ལྷ་སྙིའི་བུ་ས་ཡ་ཕྲག་བཞི་དང་། བཞི་འབུམ་ཏེ། ལྷའི་བུ་དེ་དག་ཐམས་ཅད་དང་། ཐེག་པ་ཆེན་པོ་ལ་དད་པ་སེམས་ཅན་ལ་ཕན་པར་རབ་ཏུ་དགའ་བ། ་ཟེ་ཀྱ་ག་བ་ཤེས་བྱ་བ་དག་ཀྭའི་བུ་འཕྲལ་བ་ཆགས་ནས་ཀྱབ་དང། བུངས་པར་ན་ཐོགས་པས་བཞེས་བྱ ་དམ་པའི་ཆོས་སྲུང་བར་དགའ་བ། དམ་པའི་ཆོས་རྒྱས་པར་དགའ་བ། ཏིང་ངེ་འཛིན་ཐམས་ཅད་བཟུང་བར་དགའ་བ་ཤ་སྟག་ཏེ། སེམས་ཅན་རྣམས་ལ་ཕན་པ་དང་། བདེ་བའི་ཕྱིར ་ཕྱེ་མ་རེངས་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ་བཅོམ་ལྡན་འདས་ལ་ལན་སྟོང་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་ཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་ཀླུའི་རྒྱལ་པོ་ས་ཡ ་ཕྲག་གཉིས་དང་། བརྒྱད་འབུམ་ལ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་པདྨ་དང་། ཀླུའི་རྒྱལ་པོ་འཇོག་པོ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་མ་དྲོས་པ ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་སྟོབས་ཀྱི་རྒྱུ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་མཐའ་ཡས་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་དཔལ་འབྱོར་གནས ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་བྱིས་པ་རྩེ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་ཆེ་བ་མཆོག་ཏུ་རྣོ་བ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་མང་ཁྱེར་ཞེས་བྱ་བ་དང་། ཀྭའི་རྒྱལ་པོ་ཡན་ལག་འཆ ་རི་དག་མིག་ཅེས་བྱ་བ་དང་། ཀླུའི་རྒྱལ་པོ་ཕུར་བུ་སྐྲ་རིགས་ཅེས་བྱ་བ་དང་། ཀླུའི་རྒྱལ་པོ་གསེར་མདོག་གདོང་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་བཏང་ཟིལ་གཙུག་ཕུད་ཅེས་བྱ་བ་དང ་ཀླུའི་རྒྱལ་པོ་ཆུའི་ཤུགས་འཛིན་ཅེས་བྱ་བ་དང་། ཀླུའི་རྒྱལ་པོ་ཏེ་སེའི་གངས་འདུག་ཅེས་བྱ་བ་དང་། ཀླུའི་རྒྱལ་པོ་བྱི་རུ་བཟང་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་བྲེང་སྒྲ་སྙན་ཞེས་བྱ་བ ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་ལུག་གདོང་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་གནས་སྒྲོགས་མཁས་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་གཟི་ཅན་ཞེས་བྱ་བ་དང་། ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་དེ་དག་ལ་སོགས་པ་ཀླུའི་རྒྱལ་པོ་ས་ཡ་ཕྲག་གཉིས་དང་། བརྒྱད་འབུམ་ཏེ། ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་། ཐེག ་པ་ཆེན་པོ་ཐོས་པར་འདོད་པ་ཐོས་ནས་ཀྱང་། གཞན་དག་ལ་རྒྱས་པར་སྟོན་པར་འདོད་པ། དམ་པའི་ཆོས་འཆད་པར་འདོད་པ། དམ་པའི་ཆོས་ཀུན་ཏུ་སྲུང་བར་ཡོངས་སུ་འཛིན་པའི་ངང་། ་ཚུལ་ཅན། དམ་པའི་ཆོས་སྲུང་བའི་ཁུར་ཁྱེར་བ། ཡོངས་སུ་འཛིན་པའི་ངང་ཚུལ་ཤ་སྟག་སྟེ། ཕྱེ་མ་རེངས་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས ་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ཏེ་ཕྱོགས་ཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་གནོད་སྦྱིན་གྱི་བདག་པོ་རྣམ་ཐོས་ཀྱི་བུ་ལ་སོགས་པ་གནོད་སྦྱིན་གྱི་རྒྱལ་པོ་ས་ཡ་ཕྲག་གསུམ་དང་། དྲུག ་འབུམ་ལ་འདི་ལྟ་སྟེ། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་ལ་བོད་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་མ་འཛིན་ཅེས་བྱ་བ་དང་། གནོད ་སྦྱིན་གྱི་རྒྱལ་པོ་མ་ལ་དཔལ་དུ་འཛིན་པ་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་ལག་སྒོ་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་འཇིག་ཆེན་འཇིགས་བྱེད་ཅེས་བྱ་བ་དང་། གདོན་སྦྱིན ་གྱི་རྒྱལ་པོ་ཁྲོ་གཉེར་མི་ཟུར་བ་ཅན་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་ས་བསྐུལ་ཞེས་བྱ་བ་དང་། གནོད་སྤྲིན་གྱི་རྒྱལ་པོ་ཉི་མ་རང་བྱེད་ཞེས་བྱ་བ་དང་། གནོད་སྦྱིན་གྱི ་རྒྱལ་པོ་ཤེས་ལྡན་དང་ཚུལ་ཅན་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་ནོར་བུ་བཟང་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་འོད་ཆགས་པདྨ་མཛོད་ཅེས་བྱ་བ་དང་། གནོད ་སྦྱིན་གྱི་རྒྱལ་པོ་ཤིང་རྟ་བཏོང་བའི་པདྨའི་སྙིང་པོ་དཔལ་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་ཐག་མོ་ལས་རྣམ་པར་རྒྱལ་བའི་གཡུལ་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་ལྔ ་རྩེན་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་ནོར་བུ་སྤྱོད་ཅེས་བྱ་བ་དང་། དེ་དག་ལ་སོགས་པ་གནོད་སྦྱིན་གྱི་རྒྱལ་པོ་ས་ཡ་ཕྲག་གསུམ་དང་། དྲུག་འབུམ་དང་། གནོད་སྦྱིན ་གྱི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་། དེ་བཞིན་གཤེགས་པ་མི་འཁྲུགས་པའི་བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་རྗེས་སུ་སློབ་པར་འདོད་པ། དམ་པའི་ཆོས་སྲུང་བ། ཡོངས ་སུ་འཛིན་པའི་ངང་ཚུལ་ཅན་ཤ་སྟག་ཏེ། ཕྱེ་མ་རེངས་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྤགས་ནས། བཅོམ་ལྡན་འདས ་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཕྱོགས་ཅིག་ཏུ ་འཁོད་དོ།། ཡང་དེའི་ཚེ་ནམ་མཁའ་ལྡིང་གི་རྒྱལ་པོ་ས་ཡ་ཕྲག་བཞི་དང་། དགུ་འབུམ་ལ་འདི་ལྟ་སྟེ། ནམ་མཁའ་ལྡིང་གི་རྒྱལ་པོ་སྤོས་ཀྱི་གླང་པོ་ཆེན་པོ་རླུང་གི་སྟོབས་དང ་མཉམ་པའི་ཤུགས་ཅན་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་འུར་འུར་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་ལྔ་པོ་ཆེ་དང་ཅང་ཏེའུ ་སྒྲ་ལྟར་དིར་དིར་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་ཀླུང་སྟོབས་དང་དྲེགས་པ་འཇོམས་པ་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་སང་སང་ཞེས་བྱེ་བ་དང་། ནམ་མཁའ ་ལྡིང་གི་རྒྱལ་པོ་འོད་ཆེན་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་ཤོག་ཟེག་བཀྲམ་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་བུང་རྒྱལ་གདོང་ཞེས་བྱ་བ་དང་། ནམ ་མཁའ་ལྡིང་གི་རྒྱལ་པོ་རེག་སྔགས་ཀྱི་སིལ་སིལ་འཆད་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་ནོར་རྒྱས་ཀྱི་བུའི་རིགས་ཞིག་པར་དགའ་བ་ཞེས་བྱ་བ་དང་། ནམ་མཁའ་ལྡིང ་གི་རྒྱལ་པོ་ནོར་རྒྱས་ཀྱི་བུའི་རིགས་རབ་ཏུ་འཇོམས་པ་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་ཡང་དག་པར་མཐོང་བ་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ ་བྱམས་པ་ཆེན་པོའི་ཚིག་སྙན་པར་སྒྲོགས་པ་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་ཆོས་དགའ་ཞེས་བྱ་བ་དང་། ནམ་མཁའི་ལྡིང་གི་རྒྱལ་པོ་གསེར་གྱི་ཤོག་པ་སྦྱིན་ཞེས ་བྱ་བ་དང་། དེ་དག་ལ་སོགས་པ་ནམ་མཁའ་ལྡིང་གི་རྒྱལ་པོ་ས་ཡ་ཕྲག་བཞི་དང་། དགྲ་འབུམ་ཏེ། ནམ་མཁའ་ལྡིང་གི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་། དྲེག་པ་དང་། ་ང་རྒྱལ་དང་། རྒྱགས་པ་དང་། བྲལ་བ་དང་། ཐེག་པ་ཆེན་པོ་ལ། དད་པའི་སེམས་ཐོབ་དམ་པའི་ཆོས་ཀུན་ཏུ་སྲུང་བར་གྱུར་པ་ཤ་སྟག་སྟེ། ཕྱེ་མ་རེངས་ཀྱི་དུས་ཀྱི་ཚེ། ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་ཅིག་ཏུ་འཁོད་དོ།། ་ཡང་དེའི་ཚེ་དྲི་ཟའི་རྒྱལ་པོ་ས་ཡ་ཕྲག་དྲག་དང་བརྒྱད་འབུམ་ལ་འདི་ལྟ་སྟེ། དྲི་ཟའི་རྒྱལ་པོ་དགའ་བའི་སྙིང་པོ་ཞེས་བྱ་བ་དང་། དྲི་ཟའི་རྒྱལ་པོ་གདང་སྙན་ཞེས་བྱ་བ་དང་། ་དྲི་ཟའི་རྒྱལ་པོ་རྟ་གོན་ལ་དགའ་བ་ཞེས་བྱ་བ་དང་། དྲི་ཟིའི་རྒྱལ་པོ་ཁྱུ་མཆོག་ལྷ་ཞེས་བྱ་བ་དང་། དྲི་ཟའི་རྒྱལ་པོ་ཤུགས་ཀྱི་འཁྱིག་པར་ལེན་པ་ཞེས་བྱ་བ་དང་། དྲི་ཟའི ་རྒྱལ་པོ་ཤང་ཤང་ཏེའུ་ཡིད་སྐད་འབྱིན་ཅེས་བྱ་བ་དང་། དྲིའི་རྒྱལ་པོ་ས་ཡ་ཕྲག་དྲུག་དང་བརྒྱད་འབུམ་ཏེ། དྲི་ཟའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་། དྲེགས་པ་དང་། ང ་རྒྱལ་དང་། རྒྱགས་པ་དང་། བྲལ་བ། ཐེག་པ་ཆེན་པོ་ལ་དད་པའི་སེམས་ཐོབ་པ། དམ་པའི་ཆོས་ཀུན་ཏུ་སྲུང་བར་གྱུར་པ་ཤ་སྟག་ཏེ། ཕྱེ་མ་རེངས་ཀྱི་དུས་ཀྱི་ཚེ། ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཕྱོགས་ཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་མི་འམ་ཅིའི་རྒྱལ་པོ་ས་ཡ་ཕྲག་དགུ་དང་། བརྒྱད་འབུམ་ལ་འདི་ལྟ་སྟེ། མི་འམ ་ཅིའི་རྒྱལ་པོ་ལེགས་མཐོང་ཡིད་འཕྲོག་ཅེས་བྱ་བ་དང་། མི་འམ་ཅིའི་རྒྱལ་པོ་ཀླུས་ཁྱེར་ཞེས་བྱ་བ་དང་། མི་འམ་ཅིའི་རྒྱལ་པོ་བུད་མེད་སེམས་ཕྲོག་ཅེས་བྱ་བ་དང་། མི་འམ ་ཅིའི་རྒྱལ་པོ་བུད་མེད་ཀྱི་སྙིང་དུ་བདུག་ཅེས་བྱ་བ་དང་། མི་འམ་ཅིའི་རྒྱལ་པོ་བུ་མོ་ལ་འབོད་ཞེས་བྱ་བ་དང་། མི་འམ་ཅིའི་རྒྱལ་པོ་ཉོན་མོངས་པ ་ཀུ་བ་ཞེས་བྱ་བ་དང་། མི་འམ་ཅིའི་རྒྱལ་པོ་དགྲ་རིག་དྲེགས་འཇོམས་བསོད་ཅེས་བྱ་བ་དང་། མི་འམ་ཅིའི་རྒྱལ་པོ་བདུད་ཀྱི་བུ་མོ་དགའ་བ་ཞེས་བྱ་བ་དང་། མི་འམ་ཅིའི་རྒྱལ ་པོ་བདུད་ཀྱི་སྡེ་འཇོམས་པ་ཞེས་བྱ་བ་དང་། མི་འམ་ཅིའི་རྒྱལ་པོ་ཡེ་ཤེས་སྙིང་པོ་ཞེས་བྱ་བ་དང་། མི་འམ་ཅིའི་རྒྱལ་པོ་ཟེའི་མོ་ཚུལ་དགོས་ཞེས་བྱ་བ་དང་། མི་འམ་ཅིའི་རྒྱལ ་པོ་དྲི་མ་མེད་པར་སྣང་བའི་དཔལ་ཞེས་བྱ་བ་དང་། མི་འམ་ཅིའི་རྒྱལ་པོ་དབང་པོ་སྲུང་ཞེས་བྱ་བ་དང་། མི་འམ་ཅིའི་རྒྱལ་པོ་རྒྱང་རིང་མཐོང་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་མི ་འམ་ཅིའི་རྒྱལ་པོ་ས་ཡ་ཕྲག་དགུ་དང་བརྒྱད་འབུམ་ཏེ། མི་འམ་ཅིའི་རྒྱལ་པོ་དེ་དག་ཐམས་ཅད་དྲེགས་པ་དང་། ང་རྒྱལ་དང་། རྒྱགས་པ་དང་བྲལ་བ། ཐེག་པ་ཆེན་པོ་ལ་དང ་པའི་སེམས་ཐོབ་པ། དམ་པའི་ཆོས་ཀུན་ཏུ་བསྲུང་བ་ཤ་སྟག་ཏེ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས ་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་ཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་སྲིན་བུའི་རྒྱལ་པོ་ས་ཡ་དང་། བརྒྱད་འབུམ་ལ་འདི་ལྟ་སྟེ། སྲིན་བུའི ་རྒྱལ་པོ་འཇིགས་སུ་རུང་བ་ཞེས་བྱ་བ་དང་། སྲིན་བུའི་རྒྱལ་པོ་རྩི་བ་མ་བསྲེགས་ཞེས་བྱ་བ་དང་། སྲིན་བུའི་རྒྱལ་པོ་དྲང་སྲོང་ཟས་ལན་སྐྲ་སེར་ཞེས་བྱ་བ་དང་། སྲིན་བུའི་རྒྱལ་པོ ་སོ་རང་རོད་ཅན་ཞེས་བྱ་བ་དང་། སྲིན་བུའི་རྒྱལ་པོ་རྣ་བཅས་ཐོད་པ་ཅན་ཞེས་བྱ་བ་དང་། སྲིན་བུའི་རྒྱལ་པོ་སེར་པོ་སྦྲང་རྩི་མདོག་ཅེས་བྱ་བ་དང་། སྲིན་བུའི་རྒྱལ་པོ་མགུལ་ངར ་ཞེས་བྱ་བ་དང་། སྲིན་བུའི་རྒྱལ་པོ་སྒྲ་བོ་ཆེ་ཞེས་བྱ་བ་དང་། སྲིན་བུའི་རྒྱལ་པོ་མགོ་བཟོད་ཅེས་བྱ་བ་དང་། སྲིན་བུའི་རྒྱལ་པོ་གྱད་ལ་བསྐལ་ཞེས་བྱ་བ་དང་། སྲིན་བུའི ་རྒྱལ་པོ་སྐྲག་བྱེད་གཟུགསས་ཅན་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་སྲིན་བུའི་རྒྱལ་པོ་ས་ཡ་དང་། བརྒྱད་འབུམ་ཏེ། སྲིན་པོའི་རྒྱལ་པོ་ཐམས་ཅད་ཀྱང་སྲིན་པོའི་རང ་བཞིན་དང་བྲལ་བ། ཐེག་པ་ཆེན་པོའི་སེམས་དུལ་བར་གྱུར་པ། དམ་པའི་ཆོས་ཀུན་ཏུ་སྲུང་བ་དང་ལྡན་པར་གྱུར་པ། ཤ་སྟག་ཏེ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས ་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་ཅིག་ཏུ་འཁོད་དོ།། ཡང་དེའི་ཚེ ་གྲུལ་བུམ་གྱི་རྒྱལ་པོ་ས་ཡ་ཕྲག་བདུན་དང་། བརྒྱད་འབུམ་ལ་འདི་ལྟ་སྟེ། གྲུལ་བུམ་གྱི་རྒྱལ་པོ་གླང་པོ་ཆེའི་རྣ་ཞེས་བྱ་བ་དང་། གྲལ་བུམ་གྱི་རྒྱལ་པོ་ཤིན་ཏུ་ཆེ་བ་ཞེས་བྱ་བ་དང་། ་གྲུལ་བུམ་གྱི་རྒྱལ་པོ་ས་ཡ་ཕྲག་བདུན་དང་། བརྒྱད་འབུམ་ཏེ། གྲུལ་བུམ་གྱི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་། གྲུལ་བུམ་གྱི་རང་བཞིན་དང་བྲལ་བ། དམ་པའི་ཆོས་ཀུན་ཏུ ་སྲུང་བར་གྱུར་པ་ཤ་སྟག་སྟེ། བྱེ་མོ་རད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་ཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་འབྱུང་པོའི་རྒྱལ་པོ་ས་ཡ་ཕྲག་གསུམ་དང་། བརྒྱད་འབུམ་ལ་འདི་ལྟ་སྟེ། འབྱུང ་པོའི་རྒྱལ་པོ་གླང་པོ་ཆེའི་གདོང་ཅན་ཞེས་བྱ་བ་དང་། འབྱུང་པོའི་རྒྱལ་པོ་མྱུར་གུ་ཞེས་བྱ་བ་དང་། འབྱུང་པོའི་རྒྱལ་པོ་ཁྱིམ་འབུག་རྐུན་པོ་ཞེས་བྱ་བ་དང་། འབྱུང་པོའི་རྒྱལ་པོ་བོད ་སྐད་ཅན་ཞེས་བྱ་བ་དང་། འབྱུང་པོའི་རྒྱལ་པོ་མེ་ཏོག་གི་རྣ་ཆ་ཅན་ཞེས་བྱ་བ་དང་། འབྱུང་པོའི་རྒྱལ་པོ་བྱི་སོ་མཛོད་ཅེས་བྱ་བ་དང་། འབྱུང་པོའི་རྒྱལ་པོ་བྱི་ལ་འགྲོས་མཛེས་ཞེས ་བྱ་བ་དང་། འབྱུང་པོའི་རྒྱལ་པོ་སྲེ་མོ་འགྲམ་ཞེས་བྱ་བ་དང་། འབྱུང་པོའི་རྒྱལ་པོ་སྤྲིན་བཞིན་ཟླའི་གདོང་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་འབྱུང་པོའི་རྒྱལ་པོ་ས་ཡ་ཕྲག ་གསུམ་དང་། བརྒྱད་འབུམ་ཏེ། འབྱུང་པོའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་། ཐེག་པ་ཆེན་པོ་ལ་སེམས་དད་ཅིང་རབ་ཏུ་དགའ་བ་ཤ་སྟག་ཏེ། གར་བྱེད་ཅིང་རོལ་མོ་སྒྲ་སྒྲོགས་ལ། ་སིལ་སྙན་རྣམས་རྡོབ་ཅིང་། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མ ་བོས་ཕྱག་འཚལ་ཏེ། ཕྱོགས་ཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་གཅོད་བྱེད་ཀྱི་བུའི་རྒྱལ་པོ་བྱ་ཆུ་ཅན་ཞེས་བྱ་བ་དང་། གཅོད་བྱེད་ཀྱི་བུའི་རྒྱ་མཚོ་འཁྲུག་བྱེད་ཅེས་བྱ་བ་དང་། དེ་དག་ལ ་སོགས་པ་གཅོད་བྱེད་ཀྱི་བུའི་རྒྱལ་པོ་ས་ཡ་ཕྲག་བརྒྱད་ཏེ། གཅོད་བྱེད་ཀྱི་བུའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་། ཐེག་པ་ཆེན་པོ་ལ་མངོན་པར་རྩེ་བ། ཐེག་པ་ཆེན་པོ་ལ་སེམས ་མངོན་པར་རབ་ཏུ་དགའ་བ། ཐེག་པ་ཆེན་པོ་མངོན་པར་འདོད་པ། ཐེག་པ་ཆེན་པོ་མངོན་པར་སྐམ་པ། ཐེག་པ་ཆེན་པོ་མངོན་པར་སྲིད་པ། ཐེག་པ་ཆེན་པོ་ལ་དམ་པ། ཐེག་པ ་ཆེན་པོ་བཀྲེས་པ། ཐེག་པ་ཆེན་པོ་དམ་པའི་ཆོས་ཀུན་ཏུ་སྲུང་བར་དམ་བཅས་པ། ཐེག་པ་ཆེན་པོ་དམ་པའི་ཆོས་ཀུན་ཏུ་སྲུང་བར་ཡོངས་སུ་འཛིན་པའི་ངང་ཚུལ་ཅན་ཤ་སྟག་ཏེ། ཕྱེ་མ ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས ་ཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་ལྷ་མ་ཡིན་གྱི་རྒྱལ་པོ་བྱེ་བ་ཕྲག་བརྒྱད་དང་། བརྒྱད་འབུམ་ལ་འདི་ལྟ་སྟེ། ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟངས་རིགས་ཀྱི་མདུན་ན་སྒྲ་གྲོགས་ཤེས ་བྱ་བ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་ཡུལ་གྱི་གཡོན་སྤྱོད་ཞེས་བྱ་བ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་གང་ག་དྲི་མ་མེད་པ་ཞེས་བྱ་བ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་ས་སྟེང་ཞི་བྱེད་ཞེས་བྱ་བ་དང་། ་ལྷ་མ་ཡིན་གྱི་རྒྱལ་པོ་བྱ་མགྲིན་ཞེས་བྱ་བ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་འདོད་རྩེ་གསུམ་པ་འཆང་ཞེས་བྱ་བ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་ཐལ་བའི་གཙུག་པུད་ཅན་ཞེས་བྱ་བ་དང་། ་ལྷ་མ་ཡིན་གྱི་རྒྱལ་པོ་དྲག་ཏུ་ཁྲོ་བ་ཞེས་བྱ་བ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་མེའི་གཟི་བརྗིད་ཀྱི་ཤུག་ཅན་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་ལྷ་མ་ཡིན་གྱི་རྒྱལ་པོ་ས་ཡ་ཕྲག ་བརྒྱད་དང་། བརྒྱད་འབུམ་ཏེ། ལྷ་མ་ཡིན་གྱི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་། ལྷ་མ་ཡིན་གྱི་རང་བཞིན་དང་བྲལ་བ། སེམས་དུལ་བ། ཡིད་རབ་ཏུ་སྟོན་པ་ཤ་སྟག་ཏེ། ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབསེ་ལ ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་ཅིག་ཏུ་འཁོད་དོ།། ཡང་དེའི་ཚེ། རིག་སྔགས་འཆང་གི་རྒྱལ་པོ་ས་ཡ་ཕྲག་དྲུག་དང་། ལྔ་འབུམ་ལ་འདི་ལྟ་སྟེ། རིག་སྔགས་འཆང་གི ་རྒྱལ་པོ་རིན་ཆེན་འཆང་ཞེས་བྱ་བ་དང་། རིག་སྔགས་འཆང་གི་རྒྱལ་པོ་ལོངས་སྤྱོད་ཟད་མི་ཤེས་འཆང་དང་། དེ་དག་ལ་སོགས་པ་རིག་སྔགས་འཆང་གི་རྒྱལ་པོ་ས་ཡ་ཕྲག་དྲུག་དང ་ལྔ་འབུམ་ཏེ། རིག་སྔགས་འཆང་གི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་། ཐེག་པ་ཆེན་པོ་འཆང་བ། ཏིང་ངེ་འཛིན་ཐོབ་པ། ཏིང་ངེ་འཛིན་ཚོལ་བར་འདོད་པ། ཐེབ་པ་ཆེན་པོའི་ཏིང་ངེ ་འཛིན་གྱི་སྤྱོད་པ་སྤྱད་པར་འདོད་པ། བདག་གི་ཡིད་གཉིས་གསལ་བར་འདོད་པ། དམ་པའི་ཆོས་ཀུན་བསྲུང་བར་ཡོངས་སུ་འཛིན་པའི་ཚུལ་ཁྲིམས་དང་། རྟུལ་ཤུགས ་ཅན་ཤ་སྟག་ཏེ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་ནས་བྱུང་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ ་ཏེ་ཕྱོགས་ཅིག་ཏུ་འཁོད་དོ།། ཡང་དེའི་ཚེ། དྲང་སྲོང་མངོན་པར་ཤེས་པ་ལྔ་ཐོབ་པ། ས་ཡ་ཕྲག་དགུ་དང་། དགུ་འབུམ་ལ་འདི་ལྟ་སྟེ། དྲང་སྲོང་མི་བྱིན་གྱི་བུ་ཞེས་བྱ་བ་དང ་དྲང་སྲོང་ཏེ་མ་བུ་ཀ་ཞེས་བྱ་བ་དང་། དྲང་སྲོང་ཤིང་ཤུན་ཞེས་བྱ་བ་དང་། དྲང་སྲོང་དཀའ་ཐུབ་ཅན་ཞེས་བྱ་བ་དང་། དྲང་སྲོང་ཡང་དག་སྦྱོར་ཞེས་བྱ་བ་དང་། དྲང་སྲོང་ཀུན་ཏུ་རྒྱལ ་ཞེས་བྱ་བ་དང་། དྲང་སྲོང་ངན་སློང་ཞེས་བྱ་བ་དང་། དྲང་སྲོང་རི་རངས་བྱེད་བཞུང་ཅན་ཞེས་བྱ་བ་དང་། དྲང་སྲོང་མ་རི་དགས་ཤེས་ཞེས་བྱ་བ་དང་། དྲང་སྲོང་ཤ་མེད་ཟས་སྦྱིན་ཞེས ་བྱ་བ་དང་། དྲང་སྲོང་གནས་མཆོག་སེལ་ཏོན་ཞེས་བྱ་བ་དང་། དྲང་སྲོང་སྒྲ་མི་སྙན་ལྔ་ལེན་རིལ་བ་ཅེན་ཞེས་བྱ་བ་དང་། དྲང་སྲོང་འདོད་པ་ལ་རྒྱབ་ཀྱི་ཕྱོགས་པ་ཞེས་བྱ་བ་དང་། དྲང་སྲོང ་དུས་དང་པོ་ལ་དགའ་བ་ཞེས་བྱ་བ་དང་། དྲང་སྲོང་བརྒྱ་བྱིན་ལྟར་འཛིན་ཡུན་རིང་གནས་ཤེས་བྱ་བ་དང་། དྲང་སྲོང་མཛོད་ལྡན་སྒྲ་མི་སྙན་ཞེས་པ་དང་། དྲང་སྲོང་བྷ་ར་ད་ཛ་ཤང་ཤུན་ཅན ་ཞེས་བྱ་བ་དང་། དྲང་སྲོང་ཀླུའི་རིལ་བ་ཅན་ཞེས་བྱ་བ་དང་། དྲང་སྲོང་འདམ་བུས་ཅན་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་དྲང་སྲོང་མངོན་པར་ཤེས་པ་ལྔ་ཐོབ་པ་ས་ཡ་ཕྲག་དགུ་དང་། ་དགུ་འབུམ་ཏེ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་གལ་བ་དེར་ལོགས་སུ་ཐལ་མོ་སྦར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན ་སུམ་ཅུ་རྩ་གསུམ་པའི་ལྷའི་ཚོགས་འབུམ་ཕྲག་དུ་མ་དང་། ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས ་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ། འཇིག ་རྟེན་སྐྱོང་བ་བཞི་དང་། ལྷའི་བུ་འབུམ་ཕྲག་དུ་མས་མདུན་གྱིས་བལྟས་ཏེ། ཡོངས་སུ་བསྐོར་ནས། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་བྱུང་ནས། ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ། ཡུལ་གཉེན་ཡོད་ནས། ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རང་གི་བློན་པོ་ཆེན་པོ་ལ་མངོན་པར་རྩེ་བས་དེ་དག་དེ་དག་རང་གི་འཁོར་དང་། དཔུང་གི་ཚོགས་ཡན་ལག་བཞི་པ་དག་དང་། ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི ་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ ་འཁོད་དོ།། ཡང་དེའི་ཚེ། རབ་སྤྲིན་ལ་སོགས་པ་ཁྱིམ་བདག་འབུམ་དུ་མ། བསླབ་པའི་བཞི་ལྔ་བླངས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ། ་དེ་དག་ཐས་ཅད་ཆོས་འདོད་པ་དང་། ཆོས་དོན་དུ་གཉེར་བ་དང་། འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་སུ་རྟོག་པའི་ཆོས་རྣམས་ཡང་དག་པར་བསྡུ་བའི་ཕྱིར། བཅོམ་ལྡན་འདས་ཉིད་ཀྱི་ཕྱིར ་འབྲང་བ་དེ་དག། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ། ཡུལ་པན་ཙ་ནས་རྒྱལ་ཕྲན་ཟླ་བ་སྐྱོང་ཞེས་བྱ་བ ་རང་རང་གིས་བློན་པོ་ཆེན་པོ་དང་། གྲོང་ཁྱེར་གྱི་བློན་པོ་སྟོང་བསླབ་པའི་བཞི་ལྔ་བླངས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་དེ་དག་ཐམས་ཅད ་ཆོས་འདོད་པ་དང་། ཆོས་དོན་དུ་གཉེར་བ་དང་། འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་ཡང་དག་པར་བསྡུ་བའི་ཕྱིར། བཅོམ་ལྡན་འདས་ཉིད་ཀྱི་ཕྱིར་འབྲང་བ་དེ་དག། ་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦར་བ་བཏུད་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ། ཡུལ་ཆེན་པོ་བཅུ་དྲུག་གི་གྲོང་ཁྱེར་དང་། གྲོང་རྡལ་དང་། ལུང ་པའི་མདོ་དང་། གྲོང་དང་ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་ཀྱི་མི་རྣམས། བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བའི་ཕྱིར་ལྷགས་སོ།། དེ་དག་ཐོས ་ཅད་ཀྱང་། དམ་པའི་ཆོས་ཀུན་ཏུ་བསྲུང་བ། བསླབ་པའི་བཞི་ལྔ་བླངས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཤ་སྟག་སྟེ། ཆོས་འདོད ་པ་དང་། ཆོས་དོན་དུ་གཉེར་བ་དང་། འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་བསྡུ་བའི་ཕྱིར། བཅོམ་ལྡན་འདས་ཉིད་ཀྱི་ཕྱིར་འབྲང་བ་དང་། བྱམས་པའི་སེམས་སྒོམ ་བ་དེ་དག། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག ་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ། བཙུན་མོ་ཕྲེང་ལྡན་མ་ལ་སོགས་པ། ཆུང་མའི་འཁོར་དང་། བཙུན་མོ་ཁྲི་དྲུག་སྟོང་དང་། གཞན་ཡང་རང་གི་བློན་པོ ་ཆེན་པོའི་བཙུན་མོ་འབུམ་དང་ལྷན་ཅིག་ཏུ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས ་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ། དགེ་བསྙེན་མ་ས་ཡ་འབུམ་ཕྲག་དུ་མ་དང་། ལྷན་ཅིག་ཏུ་ཕྱེ ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ། ལྷའི་བུ་དབང་ཕྱུག་ཆེན་པོའི་རྫུ་འཕྲུལ་དང་། སྣང་བ་ཆེན་པོ་དང་ལྡན་པ་འབུམ ་ཕྲག་དུ་མ་དང་ལྷན་ཅིག་ཏུ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། མེ་ཏོག་ཕུར་མ་རི་རབ་ཙམ་དང་། སྤོས་དང་། མེ་ཏོག་གི་ཕྲེང་བ་དང་། བྱུག་པ་དག་གིས་དེ ་བཞིན་གཤེགས་པ་ལ་མངོན་པར་གཏོར་ནས། གདུག་པ་དག་གིས་ཡོངས་སུ་བདུགས་ཏེ། ཙན་དན་གྱི་ཕྱེ་མ་དག་གིས་ཡོངས་སུ་གཏོར་ནས། སིལ་སྙན་དག་རྡུང་ནས། གཞན ་ཡང་ཤིང་རྟིའི་པང་ལོ་ཙམ་གྱི་པདྨའི་སིལ་མ་དག་གིས་ཁྱེབས་པར་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ། ཚངས ་པ་རིན་ཆེན་ཕྲེང་བ་འཆང་ཞེས་བྱ་བ་དང་། ཚངས་པ་ཐོར་ཚུགས་འཆང་ཞེས་བྱ་བ་དང་། ཚངས་པ་གཞོན་ནུ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་རྫུ་འཕྲུལ་ཆེན་པོས།། རྒྱལ་པོའི་ཁབ་དང ་བཅས། བྱ་རྒོད་ཕུང་པོ་རི་དང་བཅས། འོད་མའི་ཚལ་བྱ་ཀ་ལན་ཏ་ཀ་གནས་དང་བཅས། ཐམས་ཅད་མཛེས་པར་བྱས་ཏེ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཁོར་ཡུག་ཁྱེབས་པ་ཙམ་གྱི་མེ་ཏོག་གི་སིལ་མ་དག་གི་དེ་བཞིན་གཤེས ་པ་ལ་མངོན་པར་གཏོར་ཏེ། སིལ་སྙན་རྣམས་རྡུང་ནས་ཙན་དན་གྱི་ཕྱེ་མ་དང་། བྱུག་པ་དག་གི་གཏོར་ཏེ། རྒྱལ་པོའི་ཁབ་དང་བཅས། བྱ་རྒོད་ཕུང་པའི་རི་དང་བཅས། འོད་མའི་ཚལ་བྱ་ཀ ་ལན་ཏ་ཀ་གནས་པ་དང་བཅས། བསོད་ནམས་ཆེན་པོའི་ཞིང་དུ་གྱུར་པ། དཀྱིལ་འཁོར་ཆེན་པོ་མུ་སྟེགས་ཀྱི་གནས་སུ་གྱུར་པ། ཁོ་ར་ཁོར་ཡུག་ཏུ་ལ་བ་དང་། རས་དང་། ཟབ་དར་དང་། ཟར་མིའི ་རས་འཇམ་པོ་དང་། ལྷའི་གོས་དང་། ལྷའི་ཕྱེ་མས་དགོས་ཤིང་། ཙན་དན་གྱི་ཕྱེ་མར་བྱས་ནས། ལྷའི་གདུགས་པས་བདུགས་པ་དག་གཏིང་སྟེ། མངོན་པར་སྤྲུལ་པ་བཞིན་དུ་བྱས་ནས། མེ་ཏོག ་གི་ཆར་མངོན་པ་ཕབ་སྟེ། ལྷའི་རིན་པོ་ཆེ་དུ་མས་ཡོངསུ་མཛེས་པར་བྱས་ནས། བཅོམ་ལྡན་འདས་སེང་གེའི་ཁྲི་འབུམ་བཤམ་སྟེ། ལན་ས་ཡ་ཕྲག་གསུམ་བསྐོར་བ་བྱས་ནས། རང་རང་གི་བླ་གོས་བཅ ་ལྡན་འདས་ཀྱི་སྐུ་ལ་གསོལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས། ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ། བདུད་ཀྱི་རིས་ཀྱི་ལྷ་མོ་མངོན་པར་སྡུད་པ་ཞེས་བྱ་བ་བདུད་ཀྱི། ་རིས་ཀྱི་ལྷ་མོ་འབུ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། རྔ་ཡབ་དང་། རྨ་བྱའི་མདོངས་ལག ་ན་ཐོབ་ཤིང་། ལྷའི་ཕེག་དང་། གླིང་བུ་དང་། བདུག་པ་ཐོག་ཏེ། ལྷའི་མེ་ཏོག་སིལ་མས་དེ་བཞིན་གཤེགས་པ་ལ་མངོན་པ་གཏོར་ནས། སིལ་སྙན་རྣམས་སྤུངས་ཏེ། གར་བྱེད ་ཅིང་གླུ་ལེན་ཏོ།། ལྷ་མོ་དེ་དག་ཐམས་ཅད་ཀྱང་། ཐེག་པ་ཆེན་པོ་ལ་སེཾས་དད་ཅིང་རབ་ཏུ་དགའ་བ། ཐེག་པ་ཆེན་པོ་ལ་དད་ཅིང་ཡིད་དགེ་བར་གྱུར་པ་ཤ་སྟག་སྟེ། བཅོ་ལྡན་འདས་ག་ལ་བ་དེར་དོང་སྟེ། ་ལྷག་ནས། བཅོ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། ཕྱོག་གཅིག་ཏུ་འཁོད།། ཡང་དེའི་ཚེ། ལྷའི་བུ་མོ་ཆུ་ཤིང་ལྟ་བུ་ཞེས་པ་ལ་སོག་པ་ལྷའི་བུ་མོ་འབུམ་ཕྲག་དུ་མ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདག་ལ་བ་དེར་དོང་སྟེ་ལྷག་ནས། ལྷའི་གསེར་གྱི་ཚོང་སྡོང་དང་། ལྷའི་རིན་པོ་ཆེའི་ཕྲེང་བ་དང་། ལྷའི་མེ་ཏོག་གི་ཕྲེང་བ་དག་གི་དེ་བཞིན་གཤེགས་པ་ལ་མངོན ་པར་གཏོར་ཏེ། སིལ་སྙན་རྣམས་རྡུངས་ནས། ཙན་དན་གྱི་ཕྱེ་མ་དང་། བྱུག་པ་དག་གི་ཀྱང་གཏོརོ།། ལྷའི་བུ་མོ་དེ་དག་ཐས་ཅད་ཀྱང་བུད་མེད་ཀྱི་སེམས་ཀྱི་གཡོ་སྤྱིའི་རང་བཞིན་དང་བྲལ་བ། ཐེག་པ་ཆེན་པོ་ལ ་སེམས་དད་ཅིང་། རབ་ཏུ་དགའ་བ་ཐེག་པ་ཆེན་པོ་ལ་དད་ཅིང་ཡིད་དགེ་བར་གྱུར་པ་ཤ་སྟག་སྟེ། གླུ་ལེན་ཅིང་གར་བྱེད་ལ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན ་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོག་སུ་ཐོལ་སྦར་བ་བཏུད་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་ཚེ། ལྗོངས་ཀྱི་ཕྱོགས་དག་ན། དགེ་སློང ་ཇི་སྙེད་གནས་ཤིང་། འཁོད་པ་དེ་དག་ཐམས་ཅད། རྒྱལ་པོའི་ཁབ་དང་། བྱོ་རྒོད་ཕུང་པོའི་རི་ག་ལ་བ་དེར་དོང་བར་གྱུར་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་མཛད་ཏོ།། དེར་ཕྱིན་ནས ་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ། ནམ་མཁའ་ལས་སིལ་སྙན་སྟོང་གི་གླུ་དབྱངས་ལྟ་བུ་མཐུན་པའི་སྒྲ་མངོན་པར་གྲགས་ཏེ། ཏང་ཟིལ་གྱི་རི་ལྟ་བུ་འཇུ ་པའི་སྤྲིན་ཆེན་པོའི་ཚོགས་ལྷའི་རིན་པོ་ཆེའི་ཆུས་ཡོངས་སུ་རྒྱས་པ་དག་ཀྱང་། བཅོམ་ལྡན་འདས་སེང་གེའི་སྒྲ་ཆེན་པོ་སྒྲོགས་ཤིང་ཆོས་སྟོན་པ་ལམ་གནོད་པའི་ཕྱིར་སྡོད་དོ།། ཡང་དེའི ་ཚེ། རླུང་གི་རྒྱལ་པོ་ཆེན་པོ་བཞི་འདི་ལྟ་སྟེ། རླུང་གི་རྒྱལ་པོ་ཆེན་པོ་རྣམས་པར་འཐོར་རླུང་ཞེས་བྱ་བ་དང་། རླུང་གི་རྒྱལ་པོ་ཤུགས་མཉམ་པ་ཞེས་བྱ་བ་དང་། རླུང ་གི་རྒྱལ་པོ་ཤུགས་མཉམ་པ་ཞེས་བྱ་བ་དང་། རླུང་གི་རྒྱལ་པོ་ཆེན་པོ་འཇིགས་བྱེད་ཆེན་པོ་ཞེས་བྱ་བ་རྣམས། ལྷའི་བདེ་བའི་ལོངས་སྤྱོད་དང་། ཡོངས་སུ་བཅད ་པའི་དུས་ཚིགས་དྲུག་གི་བདེ་ཞིང་བསིལ་བའི་མེ་ཏོག་དང་། རྣམ་པར་འགྲེས་པའི་དྲི་བསྲུང་ཞིང་པའི་ངང་གཏོང་ཞིང་རླུང་གི་རྒྱལ་པོ་ཆེན་པོ་རྣམས་ཀྱིས། བཅོམ་ལྡན ་འདས་སྲི་ཞུ་བྱ་བའི་ཕྱིར། དྲི་ཞིམ་པོ་རབ་ཏུ་འགྱེད་དེ། བཅོམ་ལྡན་འདས་སེང་གེའི་སྒྲ་ཆེན་པོ་སྒྲོགས་ཤིང་ཆོས་སྟོན་པ་ལ་མ་གནོད་པའི་ཕྱིར་སྡོད་དོ།། ་བམ་པོ་གཉིས་པ།། ་ཡང་དེའི་ཚེ། ངང་པའི་རྒྱལ་པོ་སེང་གེ་ལྷ་དཔལ་བ་ཞེས་བྱ་བ་དང་། ངང་པ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་། ་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྡེ་ལྷགས་ནས། རང་གི་འདབ་མ་ཐལ་མོའི་ཐབས་སུ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས ་ཕྱག་འཚལ་ཏེ། སློབ་དཔོན་དང་སློབ་མས་ལེགས་པར་སྒྲུབས་པའི་སིལ་སྙན་སྟོང་གི་གླུ་དབྱངས་ལྟ་བུར་སྐད་མཐུན་པར་འབྱིན་ཅིང་། ངང་པའི་ཚོགས་ཀྱི་བཅོམ་ལྡན་འདས་ལ ་སྲིད་ཞུ་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། འོད་མའི་ཚལ་བྱ་ཀ་ལན་ཏ་ཀ་གནས་པའི་ཕྱོགས་གཅིག་ཏུ་བཟུང་ངོ་།། ཡང་དེའི་ཚེ། རྨ་བྱའི། ་རྒྱལ་མོ་བལྟ་ན་འདོད་ཆགས་པ་ཞེས་བྱ་བ། རྨ་བྱའི་རིགས་འབུམ་དུ་མ་དང་། ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར ་དོང་སྟེ་ལྷགས་ཏེ། རང་རང་གི་འདབ་མ་ཐལ་མོ་ཐབས་སུ་སྦར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལྷ་དང་དྲི་ཟའི་སློ་དཔོན་དང་། སློབ་མས ་ལེག་པར་སྒྲུབས་པའི་སིལ་སྙན་སྟོང་གི་གླུ་དབྱངས་ལྟ་བུར་མགྲིན་པ་སྡེབས་ཏེ། སྐད་སྙན་ཅིང་མཐུན་པ་འབྱིན་ཏེ། རྨ་བྱའི་ཚོགས་ཀྱིས། བཅོམ་ལྡན་འདས་ལ་སྲིད་ཞུ ་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། འོད་མའི་ཚལ་བྱ་ཀ་ལན་ཀ་གནས་པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་།། ཡང་དེའི་ཚེ། ཁུ་དབྱུག ་གི་རྒྱལ་པོ་སྡེ་བདག་ཅེས་བྱ་བ། ཁུ་དབྱུག་གི་རྒྱལ་པོ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། ཅ་ཅོའི་སྒྲ་བཏོན་ནས། བུང་བའི་མདོག་འདྲ་བའི་ཁུ་དབྱུག ་གི་ཚོགས་ཀྱིས། བཅོམ་ལྡན་འདས་ལ་སྲིད་ཞུ་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། འོད་མའི་ཚལ་བྱ་ཀ་ལན་ཏ་ཀ་གནས་པའི་ཕྱོགས་ཅིག་ཏུ ་འཁོད་བཟུང་ངོ་།། ཡང་དེའི་ཚེ། གངས་ཀྱི་རི་ལ་གནས་པའི་བྱ་ཀ་ལ་པིང་ཀའི་རྒྱལ་པོ་པདྨའི་འདབ་མ་འདྲ་བའི་མིག་གི་ཅེས་བྱ་བ། ཀ་ལ་པིང་ཀའི་རྒྱལ་པོ་འབུམ་ཕྲག་དུ་མ ་དང་ལྷན་ཅིག་ཏུ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། རང་རང་གི་འདབ་མ་ཐལ་མོའི་ཐབས་སུ ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཡིད་དུ་འོང་བའི་སྒྲ་བྱུང་སྟེ། ཀ་པིང་ཀའི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས ་ནས། འོད་མའི་ཚལ་བྱ་ཀ་ལན་ཏ་ཀ་གནས་པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་།། ཡང་དེའི་ཚེ། བྱའི་རྒྱལ་པོ་ཤང་ཤང་ཏེའུ་ཞེས་བྱ་བ། བྱའི་རྒྱལ་པོ་ཤང་ཤང་ཏེའུ་འདུམ ་ཕྲག་དུ་མ་དང་ལྷན་ཅིག་ཏུ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། རང་རང་གི་འདབ་མ་ཐལ་མོ། ་ཐབས་སུ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཡིད་དུ་འོང་བའི་སྒྲ་བྱུང་སྟེ། ཤང་ཤང་ཏེའུ་ཚོགས་ཀྱིས། བཅོམ་ལྡན་འདས་ལ ་སྲིད་ཞུ་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། འོད་མའི་ཚལ་བྱ་ཀ་ལན་ཏ་ཀ་གནས་པའི་ཕྱོགས་གཅིག་ཏུ་གོ་བཟུང ་ངོ་།། ཡང་དེའི་ཚེ། བྱ་སྣ་ཚོགས་ཐམས་ཅད་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། རང་རང ་གི་འདབ་མ་ཐལ་མོའི་ཐབས་སུ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཡིད་དུ་འོང་བའི་སྒྲ་འབུམ་ཕྲག་དུ་མ་བྱུང་སྟེ། ནམ་མཁའི་དཀྱིལ ་ཡོངས་སུ་གང་བར་བྱས་ནས། བཅོམ་ལྡན་འདས་ལ་སྲིད་ཞུ་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། འོད་མའི་ཚལ་བྱ་ཀ་ལན་ཏ་ཀ་གནས ་པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་།། ཡང་དེའི་ཚེ། རིའི་རྒྱལ་པོ་རི་རབ་ཀྱི་བཏང་བཟུང་དང་། བཏང་བཟུང་ཆེན་པོའི་ལྷ་འབུམ་ཕྲག་དུ་མ་དང་། ལྷའི་བུ་འོད་ཆེན་དང་། ་ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས། ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། འོད་མའི་ཚལ་བྱ་ཀ་ལན་ཏ་ཀ་གནས་པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་།། ཡང་དེའི་ཚེ། གངས ་ཀྱི་རི་ལ་གནས་པའི་སྨན་གྱི་ཚོགས་ཀྱི་ལྷ་མོ་རྣམས། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་རྣས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ཏེ། བཅོམ་ལྡན ་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། རིའི་མཆོག་བྱ་རྒོད་ཀྱི་ཕུང་པོའི་རི་ལ་མཛེས་པར་འཁོད་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས།། ་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་དང་། བཅས་པ་ཐམས་ཅད་སྣང་བར་བྱས་ནས། ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ། རྔ་དང་རྔ་བོ་ཆེ་དང་། ལྕང་ཏེའུ་དང་། དུང་དང་། ་ལྕགས་ཀྱི་སིལ་བཀྲོལ་དང་། ཧིན་ཏི་མ་དང་། ཁར་རྔ་དང་། རྫར་རྔ་ཆེན་པོ་དང་། བལ་བིལ་ས་དང་། པི་ཝང་དང་། རྫ་རྔ་ཁ་ཅིག་པ་དང་། དྲིལ་བུ་དང་། གླིང་བུ་དང་། ་ཤུ་ཀ་དང་། ཤུ་ན་ལ་སོགས་པ་རྣམས་མ་རྡུངས། མ་བཅོས། མ་བླང་བར་སིལ་སྙན་གྱི་སྒྲ་དང་། ཡིད་དུ་འོང་བའི་སྒྲ་བྱུང་ངོ་།། ཡང་དེའི་ཚེ། བཅོམ་ལྡན་འདས་ལ་སྲི་ཞུ་བྱ ་བའི་ཕྱིར། ནགས་རྣམས་དུས་མ་ཡིན་པར་མེ་ཏོག་རྒྱས་ཤིང་། དུས་མ་ཡིན་པར་འབྲས་བུ་དང་། ལྕུག་ཕེན་དང་། དོག་པ་རྣམ་པ་སྣ་ཚོགས་རྒྱས་པས། བྱ་རྒོད་ཀྱི་ཕུང་པོའི་རི་ལ ་ཤིན་ཏུ་བཀྲམ་མོ།། ཡང་དེའི་ཚེ། གངས་ཀྱི་རི་ལ་གནས་པའི་སེང་གེའི་རྒྱལ་པོ་རིན་ཆེན་པདྨ་ཞེས་བྱ་བ་དང་། སེང་གེའི་རྒྱལ་པོ་འབུམ་ཕྲག་དུ་མ་དང་། ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས ་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། གཅན་ཟན་དང་། རི་དག ་ཐམས་ཅད་བདེ་བའི་སྒྲ་སྐད་འབྱིན་ཅིང་སྲོག་ཆགས་ལ་ཤིན་ཏུ་རྩེ་ཏེ། བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བྱ་རྒོད ་ཀྱི་ཕུང་པོའི་རི་ངོས་ཅིག་ཏུ་གོ་བཟུང་ངོ་།། ཡང་དེའི་ཚེ། སྤོས་ཀྱི་གླང་པོའི་བློ་དང་། སྲིན་བུ་ལྟ་བུ་ཞེས་བྱ་བ་སྤོས་ཀྱི་གླང་པོའི་རྒྱལ་པོ་འབུམ་ཕྲག་དུ་མ ་དང་ལྷན་ཅིག་ཏུ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག ་འཚལ་ཏེ། འབྲུག་སྒྲ་ཆེན་པོ་བཞིན་དུ་སྒྲོགས་ཤིང་། སྐད་ཕྱུང་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བྱ་རྒོད་ཕུང་པོའི་རི་ཕྱོགས་ཅིག་ཏུ་གོ་བཟུང་ངོ་།། ་དེ་བཞིན་དུ་གཅན་ཟན་དང་། རི་དགས་ཐམས་ཅད་ཀྱི་བར་དག་གིས། བྱ་རྒོད་ཀྱི་ཕུང་པོའི་རི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་།། ཡང་དེའི་ཚེ། ཤ་སྦྲང་དང་། སྦྲང་བུ་དང་། ཆུ་སྲིན་དང་། ་ཉ་དང་། རུས་སྦལ་དང་། སྡིག་པ་དང་། སྲིན་གྱི་མེ་དང་། བ་ར་སུ་མི་ཀ་དང་། ཙུན་ཙུན་ཀ་དང་། ས་རི་ཀ་དང་། སྲོག་ཆགས་གདུག་པའི་རིགས་རྣམས་ཀྱིས། དུག་ནཱཾ ་པར་སྤང་ནས། དུག་གི་རང་བཞིན་དང་བྲལ་བར་འགྱུར་ཏེ། འཁོད་དོ།། ཡང་དེའི་ཚེ། ནད་བཞི་རྒྱ་རྩ་བཞིས་ཐེབ་པའི་སེམས་ཅན་གང་སུའང་རུང་བ་དག་དང་། ཡི་དགས ་སུ་གྱུར་པ་དག་དང་། སེམས་ཅན་དམྱལ་བའི་སྐྱེ་གནས་སུ་གྱུར་པ་དེ་དག་ཐམས་ཅད་ཟས་སྐོམ་གྱིས་ཚིམ་པར་གྱུར་ཏེ། བདེ་བ་དང་བསིལ་བའི་རླུང་གིས་ཕྱོགས་ནས། གཉིད ་འོང་ཞིང་མངོན་པར་རྩེ་བར་གྱུར་ཏོ།། ཡང་དེའི་ཚེ། ལས་མི་ཟད་པ་རྣམ་པ་བཅུ་དྲུག་གིས་འཚོ་བའི་སེམས་ཅན་རྣམས་ཀྱིས་ལས་ཟད་པའི་རང་བཞིན་བཏང་ནས། དེ་དག་ཐམས ་ཅད་ཀྱང་ཟས་དང་སྐོམ་གྱི་ཚིམ་པར་གྱུར་ཏེ། བདེ་བ་དང་བསིལ་བའི་རླུང་གི་ཕོག་ནས། གཉིད་འོང་ཞིང་མངོན་པར་རྩེ་བར་གྱུར་ཏོ།། ཤ་ཟ་ཞིང་སྲིན་པོའི་རང་བཞིན་ལྟ་བུར་གྱུར་པའི་སེཾས ་ཅན་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་། ཤ་ཟ་བ་སྤངས་ཏེ། ཇི་སྲིད་འཚོའི་བར་དུ་ཚུལ་ཁྲིམས་བླངས་སོ།། ཡང་དེའི་ཚེ། སེམས་ཅན་གང་དག་བྱི་བོ་བྱེད་པ་དང་། རྐུ་འཕྲོག་ལ ་ཞུགས་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱི་ཀྱང་ཚུལ་ཁྲིམས་བླངས་ཏེ་དུལ་བ་དང་། ཡང་དག་པར་སྦོམ་པ་ལ་དགའ་བར་གྱུར་ཏོ།། དེ་ནས་ལས་མི་ཟད་པ་ཆེན་པོ་བཅུ་དྲུག་གི་འཚེ་བ་དང་། ་ཤ་ཟ་བ་དང་། བྱི་བོ་བྱེད་པ་དང་། མ་བྱིན་པ་ལེན་པ་ལ་ཞུགས་པའི་སེམས་ཅན་དེ་དག་གི་རང་རང་གི་སེམས་རྗེས་སུ་དྲན་ནས། གར་བྱེད་ཅིང་གླུ་ལེན་ཏེ། སྲི་ཞུ་བྱ་བར་རྩམས་སོ།། ་ཡང་དེའི་ཚེ། དེ་དག་དང་། གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། སྲིན ་པོ་དང་། གྲུལ་བུམ་དང་། འབྱུང་པོ་དང་། གཅོད་བྱེད་ཀྱི་བུ་དང་། བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་དང་། ཚངས་པ་དང་། ནགས་ཀྱི་ལ་དང་། བྱ་དང་། རིག་སྔགས ་འཆང་བ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་གྱི་ལྷ་མོའི་ཚོགས་དུ་མ་དག་ཀྱང་། ཆོས་ཀྱི་འདྲ་སྔོན་གྱི་མཆོག་དཀྱིལ་འཁོར་ཆེན་པོ་ཐོས་ཏེ། རབ་ཏུ་དགའ་བར་འགྱུར་ནས ་ཚུལ་ཁྲིམས་ཡོངས་སུ་དག་ཅིང་། ཐེག་པ་ཆེན་པོ་རྒྱས་པར་བྱ་བར་འདོད་པ་མཚུངས་པ་མེད་པའི་མདོ་ཆེན་སྒྲུབ་པར་བཟུང་བར་འདོད་པ་དང་། དམ་པའི་ཆོས་ཀྱི་ཕྱོགས་སུ ་རྟོགས་པའི་སེམས་ཅན་རྣམས་སུ་ཡུན་རིང་དུ་གནས་པར་འདོད་པ། མ་འོངས་པའི་སེམས་ཅན་བསོད་ནམས་ཆུང་ངུ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ ་བསྐྱེད་པ་དང་། དམ་པའི་ཆོས་གནས་འདོད་པ་རྣམས། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ ་ལྡན་འདས་ཀྱི་ཆོས་ཀྱི་འདུ་སྟོན་ལ་མཆོད་པ་བྱས་ཏེ། མཚན་མཐའ་ཡས་པས་ཡང་དག་པར་སྟོན་པ། སྟོན་ཟླ་ཐ་ཆུང་གི་ཟླ་བ་ཉ་བ་ལྟ་བུའི་རྒྱལ་བའི་ཞབས་ལ་ཡུན་རིང ་དུ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ལ་མོ་སྦྱར་བ་བཏུད་ནས། ཕྱོགས་གཅིག ་ཏུ་འཁོད་དོ།། དེ་ནས་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོ་ཞེས་བྱ་བ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གས ་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུ་བ་ལུང་བསྟན ་པའི་སླད་ཏུ། བཅོམ་ལྡན་འདས་ཀྱི་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན ་འདས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྤྲིན་ཆེན་སྙིང་པོ་ཁྱོད་དེ་བཞིན་གཤེགས་པ་ལ་ཅི་འདོད་པ་དྲིས་ཤིག ་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རང་བར་བྱའོ།། དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན ་སྙིང་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམ་རྟོག་གང་དང་ལྡན་ན། ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར ་བ་དང་། ཏིང་ངེ་འཛིན་ཡང་དག་པར་སྩོགས་པར་ཡང་འགྱུར་བ་དང་། ཐོས་པའི་རྒྱ་མཚོར་ཡང་འགྱུར་བ་དང་། ཐོས་པ་ཡང་དག་པར་སྩོགས་པར་ཡང་འགྱུར་བ་དང་། བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོམ་ཉི་མི་འཚལ་ཞིང་། ཡིད་གཉིས་མ་མཆིས་ལ། ཐེ་ཚོམ་འཚལ་བར་ཡང་མི་འགྱུར་བ་དང་། མི་ཁོམ་པ་རྣམས་སུ་སྐྱེ་བར་མི་འགྱུར ་བ་དང་། ཚེ་རབས་དྲན་པར་ཡང་འགྱུར་བ་དང་། འཁོར་བའི་ལས་ཀྱི་ཞིང་གི་རྒྱ་མཚོ་ལ་མི་སྲིད་པར་ཡང་འགྱུར་བ་དང་། ཚེ་རབས་ཐམས་ཅད་དུ་ཐ་ན་རྨི་ལམ་དུ་ཡང་སངས ་རྒྱས་མཐོང་བ་དང་འབྲལ་བར་མི་འགྱུར་བ་དང་། དེ་དག་གི་དགེ་བའི་ཆོས་རྣམས་ལ་བར་ཆད་བགྱི་བའི་སྲད་དུ། བདུད་སྡིག་ཅན་གླགས་ལྟ་བ་དང་། སྐབས་ཚོལ་བར་གླགས ་རྙེད་པར་ཡང་མི་འགྱུར་བ་དང་། ང་རྒྱལ་ཆོམ་པར་ཡང་འགྱུར་བ་དང་། གཟུངས་ཐོབ་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་ལྡེམ་པོ་དག་དཔྱོད་པ་ལ ་མཁས་པར་ཡང་འགྱུར་བ་དང་། ཆོས་ཐམས་ཅད་ཀྱི་གསང་བའི་སྒོ་འཇུག་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་གཏེར་ཡང་དག་པར་སྟོན་པར་ཡང་འགྱུར ་བ་དང་། དེ་བཞིན་གཤེགས་པའི་ཚུལ་ལ་འཇུག་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་རྒྱ་མཚོའི་ཆུ་སྲིན་དུ་ཡང་འགྱུར་བ་དང་།། ་དེ་བཞིན་གཤེགས་པའི་གཞུང་ལུགས་ཀྱི་ནང་དུ་ཆུད་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་སྒྱུ་འཕྲུལ་གསང་བའི་གསུངས་མར་ཡང་འགྱུར་བ་དང་། དེ ་བཞིན་གཤེགས་པའི་གསུངས་རྒྱུན་མི་གཅོད་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་དམིགས་པ་ལ་རྣལ་འབྱོར་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས ་པ་ཉི་མིའི་འོད་ཟེར་དུ་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པ་ཟླ་བའི་དཀྱིལ་འཁོར་གྱི་བཟེར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཏོག་གི་རྩེ་མོའི་མཆོག་ཏུ ་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་མཚམས་འཛིན་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཕྲིན་ལས་ལ་བརྩོན་པར་ཡང་འགྱུར་བ་དང་། དེ་བཞིན ་གཤེགས་པའི་རྩལ་གྱི་ཤུགས་སུ་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་མུ་སྟེགས་ལ་ངས་པའི་པདྨ་དཀར་པོར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་དགེས་པ ་ལ་དགའ་བར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་མཛོད་ཀྱི་བསྐོར་བར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་རྟོག་པ་ཉིད་དུ་མཐོང་བར་ཡང་འགྱུར་བ་དང་། ་དེ་བཞིན་གཤེགས་པའི་རྟག་པ་དང་ཐེར་ཟུག་པ་ཉིད་ཤིན་ཏུ་གསལ་བར་མཐོང་ནས། བདག་ཉིད་སྔགས་པ་བརྗོད་པའི་རྒྱལ་པོར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པ་ནི་ཐེར ་ཟུག་པའི་སྐུ་ཡིན་ནོ་ཞེས་ཐེར་ཟུག་ཏུ་སྨྲ་བར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཞི་བའི་རང་བཞིན་ལ་མངོན་པར་དགའ་བའི་ལྟ་བ་ཕུན་སུམ་ཚོགས་པར་ཡང་འགྱུར ་བ་དང་། དེ་བཞིན་གཤེགས་པ་ནི་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའོ།། ཞེ་རྣམ་པ་ཐམས་ཅད་དུ་ལྟ་བའི་རྒྱ་མཚོ་ཐམས་ཅད་དུ་ཡང་འགྱུར་བ་དང་། དེ་བཞིན ་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་ཡིན་ནོ་ཞེས་དེ་ཁོ་ན་མཐོང་བར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པ་རྡོ་རྗེའི་སྐུ་ཡིན་ནོ་ཞེས་ཡང་དག་པར་མཐོང་བར་ཡང་འགྱུར་བ་དང་། དེ་བཞིན ་གཤེགས་པ་ནི་རུས་པ་མ་ཡིན་ཞིང་། ཤ་མ་ཡིན་ལ་ཁྲག་མ་ཡིན་ཏེ། དེ་རྒྱུས་པ་མ་ཡིན་ནོ་ཞེས་སྟོང་པ་ཉིད་དུ་སྨྲ་བར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཆོས་བསྟན་ནི་འབྲས་བུ་ལ ་པ་ཡིན་ནོ་ཞེས་འབྲས་བུ་ཡོད་པར་སྨྲ་བར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཆོས་བསྟན་པ་ལས་ནི་འབྲས་བུ་མེད་པར་ཡང་འགྱུར་བ་མེད་དོ།། ཞེས་མེད་པར ་སྨྲ་བར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པ་ལ་ནི་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་མེད་དོ།། ཞེས་གསལ་བར་སྨྲ་བར་འགྱུར་བ་དང་། དེ་བཞིན་གཤེས ་པའི་རྗེས་སུ་རབ་ཏུ་བྱུང་བའི་སེམས་ཅན་རྣམས་ལ་ནི་ཚུལ་ཁྲིམས་ཉམས་པ་མེད་དོ་ཞེས་ཚུལ་ཁྲིམས་ཀྱི་སྔགས་པ་བརྗོད་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ ་ནི་ནུབ་པར་འགྱུར་བ་མེད་དོ།། ཞེས་ནུབ་པར་མི་འགྱུར་བའི་སྔགས་པ་བརྗོད་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་རིགས་པ་དང་། རྒྱུད་དག་ཅིང་ཡོངས་སུ་དག་ལ་དྲི་མ ་མེད་པས། བྱང་ཆུབ་སེམས་ནི་ཐབས་ཀྱི་རིགས་ཀྱི་རྒྱུད་ཡིན་ནོ།། ཞེས་ལྟ་བ་ཕུན་སུམ་ཚོགས་པར་ཡང་འགྱུར་བ་དང་། རྟག་ཏུ་འཁོར་བ་ལ་སྡུག་པར ་སེམས་པར་ཡང་འགྱུར་བ་དང་། འཁོར་བའི་སྔགས་པ་བརྗོད་པར་ཡང་འགྱུར་བ་དང་། འཁོར་བའི་ཆེད་དུ་ཐོས་པ་རྒྱ་མཚོར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་རིགས་ལ ་དམིགས་པར་འདོད་པར་ཡང་འགྱུར་བ་དང་། རྟག་ཏུ་ཉོན་མོངས་པ་ལ་སེམས་པར་ཡང་འགྱུར་བ་དང་། ཉོན་མོངས་པ་ལ་སྡུག་པར་སེམས་པར་ཡང་འགྱུར་བ་དང་། ཉོན་མོངས་པའི ་སྒོ་རྣམ་པ་སྣ་ཚོགས་ཐོབ་པ་ལ་དད་པ་ཐོབ་པར་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་ཞིང་ལ་སྨོན་ལམ་འདེབས་པའི་སེམས་སུ་ཡང་འགྱུར་བ་དང་། ལས་ཐམས་ཅད ་ཀྱི་རྩ་བ་ནི་ཉོན་མོངས་པ་ཡིན་ནོ་ཞེས་རྙེད་པ་ལེགས་པར་རྙེད་པ་ལྟ་བར་ཡང་འགྱུར་བ་དང་། སངས་རྒྱས་ཀྱི་རྟག་པ་ཉིད་ལ་ཡང་སོམ་ཉིད་མི་འཚལ་ཞིང་ཡིད་གཉིས་མ་མཆིས་ལ། ཐེ ་ཚོམ་འཚལ་བར་ཡང་མི་འགྱུར་བ་དང་། འཁོར་བ་ལ་མངོན་པར་དགའ་བར་ཡང་འགྱུར་བ་དང་། འཁོར་བ་ལ་མོས་པར་ཡང་འགྱུར་བ་དང་། བདག་སངས་རྒྱས་སུ་འགྱུར་བར་བྱའོ། ་ཞེས་རྟག་ཏུ་དང་བའི་སེམས་སུ་ཡང་འགྱུར་བ་དང་། བདག་གིས་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ།། བདག་གིས་སེམས་ཅན་རྣམས་དཀྲོལ་བར་བྱའོ།། བདག་གིས་སངས་རྒྱས ་ཀྱི་གདུང་མི་འཆད་པར་བྱའོ་ཞེས་དམ་འཆའ་ཞིང་སྨོན་ལམ་འདེབས་ཏེ། བྱང་ཆུབ་སེམས་དཔའ་དེད་དཔོན་དུ་ཡང་འགྱུར་བ་དང་། བདུད་ཀྱི་སྨན་པར་ཡང་འགྱུར་བ་དང་། འཁོར་བའི་ཉོན ་མོངས་པའི་རྒྱ་མཚོའི་སྟོན་པ་པོར་འགྱུར་བ་དང་། འཁོར་བའི་ཉོན་མོངས་པའི་ཚོང་རྡལ་ཐོབ་པར་ལྟ་བར་ཡང་འགྱུར་བ་དང་། འཁོར་བའི་རྒྱ་མཚོ་ཆེན་པོ་ཐོབ་པས་སྐོམ་པར་ཡང་འགྱུར ་བ་དང་། འཁོར་བའི་སྲིད་པར་ཡང་འགྱུར་བ་དང་། འཁོར་བ་ཐོབ་པར་ལ་རེག་པས་སེམས་སུ་འགྱུར་བ་དང་། འཁོར་བ་ཐོབ་པར་མི་བཏོང་བར་ཡང་འགྱུར་བ་དང་། འཁོར་བའི་ཆུ ་ལ་པདྨས་སྒོམ་པར་ཡང་འགྱུར་བ་དང་། འཁོར་བའི་ཉོན་མོངས་པའི་རྒྱ་མཚོ་བཞིལ་བར་འགྱུར་བ་དང་། འཁོར་བའི་ཉོན་མོངས་པ་ལ་རྟག་ཏུ་སྨོན་ལམ་འདེ་བས་སེམས་སུ་ཡང ་འགྱུར་བ་དང་། སེམས་ཅན་དམྱལ་བའི་འགྲོ་བ་ལ་དགའ་བར་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བ་ཐོབ་འགྲོ་བ་ལ་སེམས་ཤིང་རྟག་ཏུ་བསམ་པ་གརྟོང་པའི་ངང་ཚུལ་ཅན ་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བའི་ཚོང་རྡལ་གྱི་ཚོང་པར་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བ་ཐོབ་མི་གཏོང་བར་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བའི ་མེ་ལ་སེམས་རྒྱས་པར་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བའི་ཉོན་མོངས་པས་ཉོན་མོངས་པར་འགྱུར་བ་རྣམས་ལ་དགེ་ཞིང་བསིལ་བའི་རླུང་དུ་ཡང་འགྱུར་བ་དང་། སེམས ་ཅན་དམྱལ་བའི་མེའི་དྲག་པ་ལ་སྤྲིན་ཆེན་པོ་ལུས་ཆར་ཀུན་ཏུ་འབེབས་པར་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བའི་ཐོག་ཏོག་ཏུ་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བའི ་སྟོན་པ་པོར་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བའི་རྒྱ་མཚོའི་མཉན་པ་ཆེན་པོར་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བའི་སྨན་དུ་ཡང་འགྱུར་བ་དང་། སེམས་ཅན་དམྱལ ་བའི་ཟས་སུ་ཡང་འགྱུར་བ་དང་། འཁོར་བའི་སྡུག་བསྔལ་དང་། ཉོན་མོངས་པ་ཐམས་ཅད་ཀྱི་ཟིན་པའི་མུན་ནག་གསལ་བའི་ཕྱིར་སྒྲོན་མེ་ལྟ་བུ་ཡང ་འགྱུར་བ་དང་། སྣང་བར་བྱ་བའི་ཕྱིར་མར་མེ་ལྟ་བུར་ཡང་འགྱུར་བ་དང་། སྲིད་པའི་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་མྱུར་དུ་གཏུག་པ་རྣམ་པ་སྣ་ཚོགས་ཀྱི་ཀྱང་གོས་པར་མི ་འགྱུར་བའི་ཕྱིར་བར་སྣང་ལྟ་བུར་ཡང་འགྱུར་བ་དང་། སེམས་ནམ་མཁའ་དང་མཚུངས་པའི་ཕྱིར་མི་གནས་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ ་བྱུང་སྟེ། ཚུལ་ཁྲིམས་དང་སྟོབས་དང་། ཡེ་ཤེས་དང་ལྡན་པའི་ཕྱིར། ཁ་བའི་ཕུང་པོ་ལྟ་བུའི་ཉོན་མོངས་པ་སེལ་བའི་ཕྱིར་ཉི་མི་ལྟ་བུར་ཡང་འགྱུར་བ་དང་། ལེགས་པར ་སྨྲས་པ་ཡང་འགྱུར་བ་དང་། གཞན་གྱི་དྲིང་མི་འཇོགས་པར་ཡང་འགྱུར་བ་དང་། ཡེ་ཤེས་རྒྱ་མཚོ་དང་པཱའི་ཕྱིར་རྒྱ་རྣོ་དུག་ཅན་ལྟ་བུར་ཡང་འགྱུར་བ་དང་། དཀར་པོའི་ཆོས ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཟླ་བ་ལྟ་བུར་ཡང་འགྱུར་བ་དང་། གཏི་མུག་གི་མུན་པ་སེལ་བའི་ཕྱིར། ཉི་མ་ལྟ་བུར་ཡང་འགྱུར་བ་དང་། ཉོན་མོངས་པས་འཁོར་བ་ལ ་མངོན་པར་འཇུག་ཅིང་འགྲོ་བའི་ཚེ། བར་སྣང་ལྟ་བུར་ཡང་འགྱུར་བ་དང་། དེ་དང་དེ་མངོན་པར་རྟོགས་ཏེ། པདྨ་ལྟ་བུར་གོས་པ་མེད་པར་འགྱུར་བ་དང་། སེམས་ནམ་མཁའ་ང། ་མཚུངས་པའི་ཕྱིར་མི་གནས་པར་ཡང་འགྱུར་བ་དང་། ཆོས་ཐམས་ཅད་ལ་ངེས་པར་འབིགས་པའི་ཕྱིར་རྡོ་རྗེ་ལྟ་བུར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་གྱི ་ཆེ་བ་ཉིད་རྟག་པ་དང་། ཐེར་ཟུག་པ་དང་། རྟག་པ་ཐོས་ན་མི་གཡོ་བའི་ཕྱིར་རི་རབ་ལྟ་བུར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་རིགས་དང་རྒྱུད་ལ་ཡེ་ཤེས་རྣམ་པར་དག ་པའི་ཕྱིར། བཻ་ཌཱུརྱ་བུར་ཡང་འགྱུར་བ་དང་། ཉོན་མོངས་པའི་རྙོག་པ་སེལ་བའི་ཕྱིར། རྒྱ་མཚོ་དུག་ཅན་པའི་གསེར་གྱི་ཕ་བོང་ལྟ་བུར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི ་རྟག་པ་དང་། ཐེར་ཟུག་པ་དང་། རྟེན་པའི་རང་བཞིན་མཐོང་བའི་ཕྱིར། ཟླ་བ་ལྟ་བུར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཆོས་ལས་མི་གཡོ་བའི་ཕྱིར། རི་ལྟ་བུར་ཡང ་འགྱུར་བ་དང་། དེ་བཞིན་གཤེགས་པ་བརྟན་དུ་མྱ་ངན་ལས་མི་འདའ་ཞིང་ཆོས་ནུབ་པར་ཡང་མི་འགྱུར་བ་དང་། ཟོས་ན་མི་གཡོ་བའི་སྒོའི་ཐེམ་པ་ལྟ་བུར་ཡང་འགྱུར་བ་དང་། ཡང ་དག་པ་མཐོང་བའི་ཕྱིར། སེམས་བརྟན་ཞིང་གནས་པར་ཡང་འགྱུར་བ་དང་། སེམས་མི་ཕྱེད་པའི་ཕྱིར། རྡོ་རྗེ་ལྟ་བུར་ཡང་འགྱུར་བ་དང་། མངོན་སུམ་དུ་ཡོན་ཏན་མང་པོ་ཐོབ་པ། ་མང་པོ་ཡང་འགྱུར་བ་དང་། ཡང་དག་པ་མཐོང་བའི་ཕྱིར། སེམས་མི་ཕྱེད་པའི་ཕྱིར། རྡོ་རྗེ་ལྟ་བུར་ཡང་འགྱུར་བ་དང་། མངོན་སུམ་དུ་ཡོན་ཏན་མང་པོ་ཐོབ་པར་མང་བ་ཡང་འགྱུར་བ་དང ་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་ལྡན་པར་ཡང་འགྱུར་བ་དང་། མཛེས་པར་ཡང་འགྱུར་བ་དང་། ལྷ་ན་སྡུག་པར་ཡང་འགྱུར་བ་དང་། རྐམ་པ་མེད་པར་ཡང་འགྱུར་བ་དང་། ལུས ་ཆུང་ངུར་ཡང་མི་འགྱུར་བ་དང་། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པར་ཡང་འགྱུར་བ་དང་། རིགས་མཐོན་པོར་ཡང་སྐྱེ་བར་འགྱུར་བ་དང་། རིགས་ཆེན་པོར་ཡང་སྐྱེ་བ་འགྱུར་བ་དང་། ་འཁོར་མང་བར་ཡང་འགྱུར་བ་དང་། འཁོར་མི་ཕྱེད་པར་ཡང་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ཉམས་པར་ཡོངས ་སུ་ཉམས་པར་ཡང་མི་འགྱུར་བ་དང་། ཁ་ཟས་ལ་སྐམ་པར་མི་འགྱུར་བ་དང་། ཤའི་ཁ་ཟས་ཀྱང་རྣམ་པར་ཡང་འགྱུར་བ་དང་། བློ་གྲོས་དང་ལྡན་པར་ཡང་འགྱུར་བ་དང་། སྐྱེ་བོ ་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་ཆེར་བཀུར་བར་ཡང་འགྱུར་བ་དང་། དྲན་པ་དང་ལྡན་པར་ཡང་འགྱུར་བ་དང་། གཟི་བརྗེད་དང་ལྡན་པར་ཡང་འགྱུར་བ་དང་། ཤེས་རབ་དང་ལྡན་པར ་འགྱུར་བ་དང་། དགའ་བ་དང་ལྡན་པར་ཡང་འགྱུར་བ་དང་། འཇིག་རྟེན་དང་མཐུན་པར་ཡང་འགྱུར་བ་དང་། འཇིག་རྟེན་ལ་ཕན་པར་འདོད་པར་ཡང་འགྱུར་བ་དང་། འཇིག་རྟེན་ལ ་བདེ་བར་ཡང་འགྱུར་བ་དང་། འཇིག་རྟེན་གྱི་མཐུ་བོ་ཡང་འགྱུར་བ་དང་། འཇིག་རྟེན་གྱི་གཙོ་བོར་ཡང་འགྱུར་བ་དང་། འཇིག་རྟེན་གྱི་མཆོག་ཏུ་འགྱུར་བ་དང་། འཇིག་རྟེན་གྱི ་རབ་ཏུ་ཡང་འགྱུར་བ་དང་། འཇིག་རྟེན་ཐམས་ཅད་ཀྱིས་ཕྱག་བྱ་བར་འོས་པར་འགྱུར་བ་དང་། འཇིག་རྟེན་ཐམས་ཅད་ཀྱི་མཆོད་པའི་གནས་སུ་ཡང་འགྱུར་བ་དང་། སྦྱིན་བདག་ཆེན ་བོར་ཡང་འགྱུར་བ་དང་། སྟོབས་ཆེན་པོ་དང་ལྡན་པར་ཡང་འགྱུར་བ་དང་། དཔའ་བོ་ཆེན་པོར་ཡང་འགྱུར་བ་དང་། བརྩོན་འགྲུས་ཆེན་པོ་དང་ལྡན་པར་ཡང་འགྱུར་བ་དང་། བྱམས ་པའི་སེམས་དང་ལྡན་པར་ཡང་འགྱུར་བ་དང་། བདེན་པར་སྨྲ་བར་ཡང་འགྱུར་བ་དང་། བརྟུལ་ཤུགས་བརྟན་པར་ཡང་འགྱུར་བ་དང་། བརྩོན་འགྲུར་བརྩམས་པར་ཡང་འགྱུར ་བ་དང་། བྱམས་པ་ལ་གནས་པར་ཡང་འགྱུར་བ་དང་། སྙིང་རྗེ་ལ་གནས་པར་ཡང་འགྱུར་བ་དང་། དགའ་བ་ལ་གནས་པར་འགྱུར་བ་དང་། གཏང་སྙོམས་ལ་གནས་པར ་ཡང་འགྱུར་བ་དང་། སྟོང་པའི་ཆོས་ལ་གནས་ལ་སྟོང་པར་སྨྲ་བར་འགྱུར་བ་དང་། སྟོང་པ་མ་ལགས་པའི་ཆོས་རྣམས་ལ་སྟོང་པ་མ་ལགས་པར་སྨྲ་བར་ཡང་འགྱུར་བ་དང་། སངས་རྒྱས ་ཀྱི་ཆོས་ཀྱི་དམ་རྟགས་སྨྲ་བར་ཡང་འགྱུར་བ་དང་། སངས་རྒྱས་ཀྱི་དེ་ཁོ་ནའི་ཆོས་ཀྱི་ལྟ་བ་སྨྲ་བར་ཡང་འགྱུར་བ་དང་། གཙང་བར་འགྱུར་བ་དང་། གཙང་མས་ཕྱུག་པར་ཡང་འགྱུར ་བ་དང་། ཡོན་ཏན་གྱི་ཕྱུག་པར་ཡང་འགྱུར་བ་དང་། ཚུལ་ཁྲིམས་ཀྱིས་ཕྱུག་པར་ཡང་འགྱུར་བ་དང་། ཆོས་ཀྱི་ཕྱུག་པར་ཡང་འགྱུར་བ་དང་། འབྲོག་དུ་མར་མཆིས་པའི་རྫས་ཀྱི་ཕྱུག ་པར་ཡང་འགྱུར་བ་དང་། སྐྱེ་བོ་དབུལ་པོ་སློང་བ་ལ་སོགས་པ་ལ་གཏེར་ལྟ་བུར་ཡང་འགྱུར་བ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པའི་ཆོས་རྣམས་སྟོན་པ ་ན། མི་སྐྲག་མི་དངང་ཞིང་དངང་བར་ཡང་མི་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་བགྱི་བར་སེམས་བསྐྱེད་པར་འགྱུར་བ་དང་། དེར་སྐྱེ་བར་ཡང་འགྱུར་བ། ་དང་། རྙེད་པ་དང་། བསྐུར་སྟི་དང་། ཚིགས་སུ་བཅད་པ་དོན་དུ་གཉེར་བར་ཡང་འགྱུར་དང་། ཚུལ་ཁྲིམས་འཆལ་པ་རྣམས་སྦས་ནས། དམ་པའི་ཆོས་ལ་ཡང་དགོད་པར་འགྱུར ་བ་དང་། ཚུལ་ཁྲིམས་འཆལ་པ་གཡོ་རྒྱུ་དང་ལྡན་པ་རྣམས་ལ། ཐོགས་ཏོག་ལྟ་བུར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པ་ལ་བྱས་པ་མི་བཟོ་བ་རྣམས་བྱས་པ་བཟོ ་བ་ལ་ཡང་དག་པར་སྦྱོར་བར་ཡང་འགྱུར་བ་དང་། མུ་སྟེགས་ཅན་གྱི་གནས་ཐམས་ཅད་དུ་མི་འཕྲོགས་པར་ཡང་འགྱུར་ཞིང་། སླར་དེ་ལ་ཐབས་དང ་ལྡན་པར་ཡང་འགྱུར་བ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། མུ་སྟེགས་ཅན་ཕས་ཀྱི་རྒོལ་བ་མང་པོ་དག་གིས། ཕུག་རྡུགས་སུ་མི་ཆུད་ཅིང་། སླར་དེ་ལ་ཐབས་ཀྱི་བསྟན་པར ་ཡང་འགྱུར་བ་དང་། མུ་སྟེགས་ཅན་གྱི་གནས་ཐམས་ཅད་ཀྱི་གསང་ཚིག་རྣམས་ལ་འདུན་པར་འགྱུར་ཞིང་། སླར་དེ་ལ་ཐབས་ཀྱི་འདུན་པར་བགྱིད་པར་འགྱུར་བ་དང་། ལྷ་དང ་ཀླུ་དང་། གནོད་སྦྱིན་དང་། དྲི་ཟའི་གནས་ཐབས་ལ་རྟེན་པར་མི་འགྱུར་ཞིང་། སླར་ཡང་དེ་ལ་ཐབས་ཀྱིས་ཡང་དག་པར་བསྟེན་པ་ལྟ་བུར་ཡང་འགྱུར་བ་དང་། ལས་ལ་སྟོན་པར ་འགྱུར་གྱི། བཀྲ་ཤིས་དང་། དགེ་མཚན་ལ་རྟེན་པར་ཡང་མི་འགྱུར་བ་དང་། སྲོག་གཅོད་པ་སྤང་བར་ཡང་འགྱུར་བ་དང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། ་བྱུག་པ་དང་། ཕྱེ་མས་གདུབ་པ་དང་། ཁྱིམ་པའི་ལོངས་སྤྱོད་དང་། ཡོངས་སུ་སྦྱང་བ་རྣམ་པ་དུ་མ་ངག་དང་། ཆུང་མ་དང་ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་སྤྱོད་ཀྱང་། ཤིན ་ཏུ་ཚངས་པར་སྤྱོད་པར་ཡང་འགྱུར་བ་དང་། སྲོག་གཅོད་པ་དང་། རྐུ་འཕྲོག་བགྱིད་རྫུན་གྱི་ཚིག་དང་། སྐྱེམས་འཆལ་བ་ལ་སོགས་པ་ལ་རྟེན་ཅིང་ལས་རྣམས་བགྱིད་ལ་བྲུ་དང ་ཆུང་མ་རྣམས་རྟོན་ཀྱང་ཤིན་ཏུ་ཚངས་པར་སྤྱོད་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པམས་ཅད་ཀྱི་མཆོད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེང ་པར་ཡང་འགྱུ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀུར་བར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྡུག་པར་བྱ་བའི་སྲས་སུ་ཡང་འགྱུར་བ་དང་། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱས་པ་བཟོ་བའི་མགོ་སྐལ་ལ་དཔྱོད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་མཚུངས་པའི་ཆོས་ཀྱི་དེ་ཁོ་ན ་མཐོང་བར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་དང་། ཡེ་ཤེས་ཀྱི་ཡང་དག་པར་རྟོག་པ་མཚུངས་པར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་གས ་བ་རྣམ་པ་མང་པོ་ལུང་བསྟན་པའི་ཡུལ་ལ་སྤྱིས་བརྩོན་པའི་རྒྱལ་པོར་ཡང་འགྱུར་བ་དང་། སངས་རྒྱས་ཀྱི་གསང་བའི་ཆོས་སྟོན་པ་རྣམ་པ་དུ་མ་བརྗོད་པར་ཡང་འགྱུར་བ་དང་། ་སངས་རྒྱས་ཀྱི་བཞེད་པའི་ང་ང་རྒྱལ་ལ་གནས་པའི་ཡུལ་ལ་མཁས་པར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་འདོད་ཆགས་མ་མཆིས་པ་དང་། དྲི་མ་མཆིས་པ ་དང་། འཇིགས་པ་མ་མཆིས་པ་གསང་བ་རྣམ་པ་མང་པོའི་ཆོས་སྟོན་པའི་རང་བཞིན་དག་ལ། རིན་པོ་ཆེ་ལྟ་བུར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་སེམས་ཅན ་འདུད་པའི་དབང་གིས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། འཇིག་རྟེན་པའི་ཆོས་ཀྱི་ཕྱོགས་ཐམས་ཅད་ལ་འཇུག་པ་དང་། ཡང་དག་པར་མཐོང་བར་ཡང ་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཡུན་རིང་པོར་བསྐལ་པ་བྱེ་བ་བགྲངས་པ་མང་པོ་ནས་རྒལ་ནས་ཉོན་མོངས་པའི་རྒྱ་མཚོ་ལས་གྲོལ་བར་མཛད་པའི་གསང་བ་ཐམས་ཅད ་ཀྱི་དེ་ཁོ་ན་མཐོང་བར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་འདུ་བའི་དབང་གིས་ཉོན་མོངས་པའི་རྒྱ་མཚོ་སྐྱེམ་པ་བསྟན་ཏེ། རྒལ་ནས་སྤྲུལ ་བྱའོ།། གྲོལ་ནས་སྒྲོལ་བར་བྱའོ།། སྙམ་ནས་བསྟན་པའི་གསང་བའི་ཁྱད་པར་གྱི་སྒོའི་རང་བཞིན་དག་མཐོང་བར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡུན་རིང ་པོ་བསྐལ་པ་བྱེ་བ་བགྲངས་པ་མང་པོ་འདས་ནས། བདུད་བྱེ་བ་རབ་ཏུ་བཅོམ་པའི་རྣམ་པ་གསང་བའི་དེ་ཁོ་ན་མཐོང་བར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་སེཾས ་ཅན་འདུལ་བའི་དབང་གིས། བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་འདུལ་བའི་གསང་བའི་ཁྱད་པར་གྱི་སྒོའི་རང་བཞིན་སྟོན་པ་ལྟ་བུར་བཅོས་པ་ལེགས་པར་མཐོང་བར་ཡང་འགྱུར་བ ་དང་། ཐབས་ཀྱི་འཁོར་ལོ་བསྐོར་བ་དང་། ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ལྟ་བུར་བཅོས་པའི་དེ་ཁོ་ན་མཐོང་བར་ཡང་འགྱུར་བ་དང་། སངས་རྒྱས་ཐོས ་ཅད་རོལ་པའི་གསང་བའི་རྒྱལ་པོའི་མཆོག་ཏུ་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་མཚུངས་པ་མ་མཆིས་པ། དཔེ་མ་མཆིས་པ ་གྲངས་མ་མཆིས་པ། དཔག་ཏུ་མ་མཆིས་པ། བགྲང་བ་ལས་འདས་པ་ལས་བགྲང་བའི་རྒྱལ་པོར་ཡང་འགྱུར་བའི་བྱང་ཆུབ་སེམས་དཔའི་མོད་གང་ལགས། དེ་སྐད་ཅེས་གསོལ ་ནས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྲིན་ཆེན་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྤྲིན་ཆེན་སྙིང་པོ་ལེགས་སོ་ལེགས་སོ།། སྤྲིན་ཆེན་སྙིང་པོ་ཁྱོད་སེམས ་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དང་། སེམས་ཅན་དམུས་ལོང་དུ་གྱུར་པ་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་ཆེ་བ་འདི་ཉིད་ཀྱི་བསྔགས་པ་བརྗོད། ་པའི་དེ་ཁོ་ན་ཤེས་པའི་མིག་གིས་རྒྱུའི་དོན་དང་། རྟག་ཏུ་མིག་མཐོང་བར་བྱ་བའི་དོན་དང་། འཁོར་བའི་ཉོན་མོངས་པའི་རྒྱ་མཚོའི་ཕ་རོལ་ཏུ་ངེས་པར་སྒྲོལ་བའི་དོན་དང་། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་ཤེས་པར་བྱ་བའི་དོན་དང་། འཁོར་བའི་རྒྱ་མཚོའི་ཉོན་མོངས་པའི་སྒོ་ངའི་སྦུབས་ཡོངས་སུ་རྟོལ་ཏེ། བྱང་ཆུབ ་སེམས་དཔའི་སྤྱོད་པའི་རྗེས་སུ་ཡང་དག་པར་བསླབས་ནས། ཕྱིར་ཡང་འཁོར་བའི་རྒྱ་མཚོའི་ཉོན་མོངས་པའི་སྒོ་ངའི་སྦུབས་སུ་ཐབས་ཀྱིས་འཇུག་པར་བྱ་བའི་དོན་དང་། མི ་རྟག་པ་དང་། སྟོང་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་དང་། བདག་མེད་པའི་སྔགས་པ་བརྗོད་པའི་སེམས་ཅན་རྣམས་ལ། སངས་རྒྱས་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་ཡོངས་སུ ་མྱ་ངན་ལས་འདས་པ་རྟག་པ་དང་། ཐེར་ཟུག་པ་དང་། བསྟན་པ་དང་། ཞི་བའི་རང་བཞིན་གྱི་བདག་ཉིད་དུ་གནས་པར་ཡོངས་སུ་བསྟན་པའི་དོན་དང་། ཆོས་ནུབ་པར་འགྱུར་བའི ་སེམས་ཅན་རྣམས་ལ་དམ་པའི་ཆོས་བསྟན་པའི་རང་བཞིན་གྱི་མིག་རྣམ་པར་སྦྱངས་པའི་དོན་དང་། ལྷའི་གནས་ཀྱི་གཟུགས་ཐམས་ཅད་ལ་ལོག་པར་ལྟ་བའི་དུག་གིས་ཕོག་པའི ་སེམས་ཅན་རྣམས་ལ་ཕྱིར་གཡོ་བའི་ལས་ཆེན་པོའི་ཆོ་གའི་སྐྱུག་སྨན་དང་དཀྲུག་སྨན་བཏང་བའི་དོན་དང་། དེ་བཞིན་གཤེགས་པའི་ལྡེམ་པོ་དག་ལ་སེམས་ཡོངས་སུ་རྨོངས་ཤིང་། ་@། རྣམ་པར་འཕུལ་བའི་སེམས་ཅན་རྣམས་ལ་ཡང་དག་པའི་རིག་སྔགས་བརྗོད་ཅིང་། ཆུ་བུམ་པ་ཐོགས་པའི་གསང་སྔགས་ཀྱི་སྦྱོར་བའི་ཆོ་གའི་སྨན ་གནོན་སྡེ་མཁའ་བའི་སྨན་པ་ཆེན་པོ་ཡོངས་སུ་བཟུང་བའི་དོན་དང་། སྤྱོད་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་ལ་སོགས་པ་འོས་མ་ཡིན་པའི་ལྷའི་གཟུགས་ལ་རྟག་པ་དང་། འོས ་པའི་རང་བཞིན་དུ་འཛིན་པའི་དུག་གིས་ཕོག་པའི་སེམས་ཅན་རྟག་པ་དང་། འོས་པར་སྨྲ་བ་རྣམས་ལ་དུག་ཧ་ལ་ཧ་ལའི་ཟུག་རྔུ་དབྱུང་བའི་ཕྱིར་མི་རྟག་པ་དང་། འོས་པ་མ་ཡིན ་པའི་ལྟ་བ་མི་སྟོན་པར་བྱ་བའི་དོན་དང་། མི་རྟག་པ་དང་། འོས་མ་ཡིན་པའི་ལྟ་བ་རྣམས་སྤངས་པར་བྱ་བའི་དོན་དང་། མི་རྟག་པ་དང་། འོས་མ་ཡིན་པ་དང་། ལྷ་མ་ཡིན་པ ་ལྟ་བས་བཅིངས་པ་ལས་དགྲོལ་བའི་དོན་དང་། མི་རྟག་པ་དང་། འོས་མ་ཡིན་པ་དང་། ལྷ་མ་ཡིན་པའི་ལྟ་བའི་ནད་བཞི་སྐྲག་པ་དང་། བཀྲུ་བའི་དོན་དང་། མི་རྟག་པ་དང་། ་འོས་མ་ཡིན་པ་དང་། ལྷ་མ་ཡིན་པའི་བལྟ་བའི་དུག་གིས། སྐྲངས་པའི་བཏང་བའི་དོན་དང་། མི་རྟག་པ་དང་། འོས་མ་ཡིན་པ་དང་། ལྷ་མ་ཡིན་པའི་ལྟ་བའི་དུག་གིས་ཤ་མཇེད ་བཅད་པའི་དོན་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དུས་ཀྱི་རྣམ་པར་འཕྲུལ་པ་ལ་འཇུག་པའི་གནས་དང་། སྤྱོད་ཡུལ་དང་། གདུང་དང་། མཚན་དང་། ཞིང་དང་། དེ ་ཁོ་ན་ཉིད་མཁྱེན་པ་དང་། རོ་དང་། ཁ་ཟས་ཞིམ་པོ་དང་། བདེ་བར་བྱེད་པའི་བསྙེན་བཀུར་བ་དང་། ཆེ་བ་ལ་འོས་པའི་ལམ་བསྟན་བདེ་བ་དང་། བཏུང་བ་དང་། ཁྲུས་དང་། སྤོས་དང་། ་མེ་ཏོག་འཕྲེང་དང་། ཕྱེ་མས་སྒོ་བ་དང་། བདུག་པ་དང་། གོས་ཀྱི་མཆོག་ཕྲེང་ཞིང་། ཤིན་ཏུ་ཕྲ་བ་དང་། རབ་ཏུ་མཛེས་པ་ཡང་དག་པར་བསྟན་པའི་དོན་དང་། དེ་བཞིན ་གཤེགས་པའི་སྐུ་ཆོས་ཀྱི་སྐུ་ཡིན་པར་ཡང་དག་པར་བསྟན་པའི་དོན་དུ། ཁྱེད་ཀྱིས་ཚིག་འདི་ལེགས་པར་སྨྲས་པ་ནི་ལེགས་སོ།། དེ་བཞིན་གཤེགས་པའི་སྐུ་དེ་ཡང་ཤིན ་ཏུ་མི་ཟབ་པའི་མཚན་ཉིད་དེ། མཚན་གཅིག་པ་ཡང་མ་ཡིན། མཚན་གྱི་བཞི་མེད་པར་ཡང་མ་ཡིན། མཚན་གྱི་བཞི་མངོན་པར་ཡང་མ་ཡིན། རྟོགས་པར་འགྱུར་བ་ཡང་མ་ཡིན། ་རྟོགས་པར་མི་འགྱུར་བ་ཡང་མ་ཡིན། ཚུ་རོལ་ན་ཡང་མ་ཡིན། ཕ་རོལ་ན་ཡང་མ་ཡིན། བར་ན་ཡང་མ་ཡིན། ཐོག་མ་ན་ཡང་མ་ཡིན། ཐོག་མ་མེད་པ་ཡང་མ་ཡིན། འདི་ན་ཡང་མ ་ཡིན། གཞན་ན་ཡང་མ་ཡིན། རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན། ཚད་མར་བྱ་བ་ཡང་མ་ཡིན། ཚད་མར་མི་བྱ་བ་ཡང་མ་ཡིན། མཚན་མོ་མ་ཡིན། མཚན་མོ་མ་ཡིན ་པ་ཡང་མ་ཡིན། ཆུང་ངུ་ཡང་མ་ཡིན། ཆུང་ངུ་མ་ཡིན་པ་ཡང་མ་ཡིན། ཡང་བ་ཡང་མ་ཡིན། ཡང་བ་མ་ཡིན་པ་ཡང་མ་ཡིན། རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན། རྣམ་པར་ཤེས ་པར་མི་བྱ་བ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན། གནས་པ་ཡང་མ་ཡིན། མུན་པ་ཡང་མ་ཡིན། སྣང་བ་ཡང་མེ་ཡིན། མི་སྣང་བ་ཡང་མ་ཡིན། མཚན་མ་ཡང་མ་ཡིན། མཐུ ་ཆུང་བ་ཡང་མ་ཡིན། སྟོབས་དང་ལྡན་པ་ཡང་མ་ཡིན། ཡུལ་ན་གནས་པ་ཡང་མ་ཡིན། ཕྱོགས་ན་གནས་པ་ཡང་མ་ཡིན། དགེ་བ་ཡང་མ་ཡིན། མི་དགེ་བ་ཡང་མ་ཡིན། འདུས་བྱས ་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན། གཞིག་ན་ཡོད་དོ།། ཞེས་བརྗོད་དུ་རུང་བ་ཡང་མ་ཡིན། སྦྱིན་པར་ཡང་མ་ཡིན། ལེན་པར་ཡང་མ་ཡིན། ཚིག་ཏུ ་བརྗོད་དུ་རུང་བ་ཡང་མ་ཡིན། ཚིག་ཏུ་བརྗོད་དུ་མི་རུང་བ་ཡང་མ་ཡིན། བདེན་པར་ཡང་མ་ཡིན། རྫུན་པར་ཡང་མ་ཡིན། ཡང་དག་པ་ཉིད་དུ་ཡང་མ་ཡིན། ལྟ་བར་ཡང་མ་ཡིན། ངེས་པར་འབྱུང ་བར་ཡང་མ་ཡིན། ཞིང་དུ་ཡང་མི་ཡིན། ཞིང་མ་ཡིན་པར་ཡང་མ་ཡིན། དུས་ཀྱང་མ་ཡིན། དུས་མ་བྱེད་ཡིན་པར་ཡང་མ་ཡིན། སྦྱང་བར་ཡང་མ་ཡིན། སྤང་བར་མི་བྱ་བ་ཡང་མ་ཡིན། ་གཙང་བར་ཡང་མ་ཡིན། མི་གཙང་བར་ཡང་མ་ཡིན། བྱས་པ་ཡང་མ་ཡིན། མ་བྱས་པ་ཡང་མ་ཡིན། སྐྱེས་པ་ཡང་མ་ཡིན། འགས་པ་ཡང་མ་ཡིན། ཞི་བ་རབ་ཏུ་ཞི་བ་ཉེ་བར་ཞི་བ་སྟེ། ་ཁམས་ཀྱང་མ་ཡིན། ཕུང་པོ་ཡང་མ་ཡིན། སྐྱེ་མཆེད་ཀྱང་མ་ཡིན། ཁམས་ཀྱིས་བསྐྱེད་པ་ཡང་མ་ཡིན། ཕུང་པོ་བསྐྱེད་པ་ཡང་མ་ཡིན། ཉོན་མོངས་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན། ལས ་ཀྱི་རྒྱུ་ལས་བྱུང་བ་ཡང་མ་ཡིན། ལས་བསགས་པ་ཡང་མ་ཡིན། མ་བསགས་པ་ཡང་མ་ཡིན། འཆི་འཕོ་མེད་པར་འཆི་འཕོ་བ་མུ་མེད་པ། འགྲོ་བ་མེད་པར་འགྲོ་བ། དཔུང་གཉེན་དུ ་གྱུར་པ། ཕྱི་མའི་མཐའ་མེད་པ། འཕོ་བ་མེད་པ། ད་ལྟར་གྱི་དུས་ན། མི་གནས་པའི་རང་བཞིན་ཅན་གཟུགས་མེད་པ། ཚོར་བ་མེད་པ། འདུ་ཤེས་མེད་པ། འདུ་བྱེད་མེད་པ། རྣམ་པར ་ཤེས་པ་མེད་པའི་དེ་བཞིན་ཉིད་ཀྱི་རང་བཞིན་མི་ཟད་པ། ཟད་པར་བྱར་མི་རུང་བ། ཟད་པ་དང་བྲལ་བ། མི་མཉམ་པ་མི་མཉམ་པ་མཉམ་པ། རྣམ་པར་ཤེས་པ་མ་ཡིན་པ། ཁམས་བཞི་ལས ་ཡང་དག་པར་འདས་པ། ཆོས་ཐམས་ཅད་ལ་མ་ཆགས་པའི་མཐར་ཕྱིན་པ། ཡང་དག་པའི་མཐའ། མཐའ་མེད་པ་དེ་བཞིན་ཉིད་དང་། མཉམ་པ་སྟེ་དེ་ལྟར། དེ་བཞིན་གཤེགས་པའི་སྐུ ་ནི་ཡོན་ཏན་དཔག་ཏུ་མེད་ཅིང་གྲངས་མེད་པ་དང་ལྡན་པ་ཡིན་ནོ།། དེ་བཞིན་གཤེགས་པའི་འབྲེལ་པའི་གཏམ་གྱི་མཚན་ཉིད་ནི། འདི་ལྟ་བུ་ཡིན་ཏེ། ཕྲ་བའི་ཚིག་དང་། ཤིན་ཏུ་རྟོགས་པར ་དཀའ་བ། ཤིན་ཏུ་བྱང་བ། ཤིན་ཏུ་ཟབ་པ་སྟེ། ཕྱི་རོལ་པ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་དེ་དག་གི་ཚིག་དང་། ཡི་གེ་གཅིག་ཀྱང་མ་ཐོས་ཏེ། དམུས་ལོང་དུ་གྱུར་ཅིང་། ་དུག་གི་མཛོད་དུ་གྱུར་པ་དང་། གྲུལ་པོར་གྱུར་ཅིང་། རྒས་པར་གྱུར་པ། སྲིད་པའི་སྒོ་ངའི་སྦུབས་ཀྱི་གཡོགས་པ། གྲུ་ཞིག་པ་དུག་གིས་ཕོག་པ། ཟུག་རྔུས་ཡོངས་སུ་མྱོས་པར་བྱས་པ། ་མཁྲིས་པས་རྒྱལ་ཞིང་སེམས་རྣམ་པར་འཁྲུལ་པར་བྱས་པའི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་དང་། གསོ་བའི་ཆོ་ག་ཆེན་པོ་སྐྱུགས་པ་དང་། བཀྲུ ་བའི་སྦྱོར་བ་དང་། གསང་སྔགས་དང་། ཡང་དག་པའི་རིག་སྔགས་བརྗོད་ཅིང་ཆུའི་བུམ་པ་ཐོགས་ཏེ་ཧ་ལ་ཧ་ལའི་དུག་གི་ཟུག་རྔུ་དབྱུང་བའི་དོན་དང་། ཡོངས་སུ་མྱ་ངན་ལས་འདས་པའི་སྒྲའི ་བད་ཀན་དང་། མཁྲིས་པ་སྙིང་ལ་ཞུགས་པ་གཅད་པའི་དོན་དང་། དེ་དག་གི་ལྟོ་རྣམ་པར་སྦྱོངས་པའི་དོན་དང་། དེ་དག་གི་དུག་གིས་སྐྲངས་པར་གྱུར་པ། གཏར་བའི་དོན་དང་། ཕྱེ་མ་ལེབ་དང་། ་སྒུར་བུ་ལྟ་བུར་གྱུར་པ་དེ་དག་དུག་གི་ཕོག་པ་དང་། འཆི་བ་ཡོངས་སུ་ཤེས་པར་བྱ་བའི་དོན་དང་། དེ་བཞིན་གཤེགས་པ་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་ཡེ་ཤེས ་སྣང་བའི་མར་མེ་གསལ་བར་བྱ་བའི་དོན་དང་། དེ་བཞིན་གཤེགས་པའི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པའི་དེ་ཁོ་ན་མཁྱེན་པའི་ཟླ་བ་དང་། ་ཉི་མའི་འོད་བསྐྱེད་པའི་དོན་དང་། ཤེས་རབ་ཀྱི་རྟག་པའི་མིག་སྤེལ་བར་བྱ་བའི་དོན་དང་། མཚུངས་པ་མེད་པའི་ཚུལ་ཐོབ་པར་བྱ་བའི་དོན་དང་། གཟུངས་དང་། ཏིང་ངེ་འཛིན་གྱི་རྫས ་ཀྱི་བལྟད་མོ་བསྟན་པའི་དོན་དང་། དེ་བཞིན་གཤེགས་པའི་གཞུང་ལུགས་ཀྱི་འཕགས་པའི་ནོར་ཐོབས་པར་བྱ་བའི་དོན་དང་། དེ་བཞིན་གཤེགས་པའི་སྐུའི་ཡང་དག་པའི་མེ་ལོང་གི་དཀྱིལ ་འཁོར་ལེགས་པར་མཐོང་བར་བྱ་བའི་དོན་དང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའོ་སྙམ་པའི་མ་རིག་པའི་དྲ་བའི་སྒོ་ང་སྦུབས་རྟོལ་བའི་དོན་དང་། དེ་བཞིན་གཤེགས ་པའི་བསྟན་པ་ནུབ་པར་འགྱུར་རོ་སྙམ་པའི་མ་རིག་པའི་རྒྱ་མཚོ་ཆེན་པོར་གྲུ་ཞིག་པའི་སེམས་ཅན་རྣམས་ཀྱི་གྲུ་བཅོས་པའི་དོན་དང་། དེ་བཞིན་གཤེགས་པ་ནི་མི་རྟག་གོ། ཐེར་ཟུག་མ་ཡིན་ནོ།། ་མི་བརྟན་ནོ།། ཞི་བ་མ་ཡིན་ནོ་སྙམ་པའི་དུག་གི་ཕོག་པའི་ལྟ་བའི་ཟུག་རྔུ་འབྱུང་ཞིང་གསོ་བའི་ཆོ་ག་ཆེན་པོ་ཡོངས་སུ་བཟུང་བའི་དོན་དང་། དེ་བཞིན་གཤེགས་པ་ཐེར་ཟུག་པ་ཡིན། ཞི ་བ་མ་ཡིན། བརྟན་པ་མ་ཡིན། རྟག་པ་མ་ཡིན་ནོ་སྙམས་པས་སེམས་ཡོངས་སུ་རྨོངས་པར་བྱས་ཤིང་། རྣམ་པར་འཁྲུལ་པར་བྱས་མཁྲིས་པ་ཞི་བར་བྱ་བའི་ཕྱིར། དེ་བཞིན་གཤེགས ་པ་རྣམས་ཕྱོགས་གཅིག་ཏུ་བཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབྲེལ་བའི་གཏམ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་གསང་བའི་ཆོས་སྟོན་པའི་ཚུལ་རྣམ ་པ་སྣ་ཚོགས་ཀྱི་རྩེད་མོས་རྣམ་པར་རོལ་ཏེ། རྣམ་པ་སྣ་ཚོགས་ཀྱི་ཚུལ་གྱིས་མངོན་པར་གནས་ཤིང་། ཡང་དག་པར་ཞུགས་ཏེ། འབྲེལ་བའི་གཏམ་མཛད་དོ།། འབྲེལ་བའི ་གཏམ་ནི་མཚན་ཉིད་དེ་ལྟ་བུར་ཕྲ་བའི་ཚིག་དང་། ཤིན་ཏུ་རྟོགས་པར་དཀའ་བ་དང་། ཤིན་ཏུ་བྱང་བ་དང་། ཤིན་ཏུ་ཟབ་པས་བརྒྱན་པ་ཡིན་ཏེ། སྤྲིན་ཆེན་སྙིང་པོ།། ཉན་ཐོས ་དང་། རང་སངས་རྒྱས་ཐམས་ཅད་ཀྱིས། མངོན་གྱི་ཚིག་དང་། ཡེ་ཤེས་གཅིག་ཀྱང་ཐོས་ཤིང་། ཡུལ་དུ་མ་གྱུར་པ་ཞུ་བ་ལུང་བསྟན་པའི་ཕྱིར། དམ་བཅས་ཤིང་སྨོན་ལམ་བཏབ ་པ་ལེགས་སོ་ལགས་སོ།། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་བདུད་རྩི་མི་ཟད་པའི་རིན་པོ་ཆེའི་གཏེར། དེ་བཞིན་གཤེགས་པ་ལ་དྲིས་པ་ཤིན་ཏུ་ལེགས་པར་བྱས་སོ།། ་སེམས་ཅན་ཐམས་ཅད་ཀྱི་རྩི་བདུད་རྩི་མཚུངས་པ་མེ་མེད་པའི་མདོའི་རྒྱལ་པོའི་གཏེར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་གཏེར་དང་། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་ཀྱི་གཏེར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟག་པ་དང་ཐེར་ཟུག་དང་། བརྟན་པ་དང་ཞི་བའི་ཡང་དག་པའི་ཡེ་ཤེས་ཀྱི་ལྟ་བ་མི་ཟད་པའི ་གཏེར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་ཡོན་ཏན་རྟག་པའི་རང་བཞིན་གྱི་གཏེར་བཅུག་ཏེ་ཤིན་ཏུ་བརྟན་པར་བྱས་པ་ཡིན་ནོ།། སྤྲིན་ཆེན་པོ་ཁྱོད་དང་འཚལ་ཞིང ་རྐྱེན་དུ་བབ་པར་དམ་བཅས་ཤིང་སྨོན་ལམ་བཏབ་པ་ནི་ལེགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བར་མཛད་དོ།། དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སོས ་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཞུ་བ་ལུང་བསྟན་པའི་སླད་དུ་དམ་བཅས་ཤིང་སྨོན་ལམ་བཏབ་པ་ལགས་ཀྱི། བཅོམ་ལྡན་འདས་བདག་གི་དེ་བཞིན་གཤེགས་པའི་མཐུས ་སེམས་ཅན་ཐམས་ཅད་བསོད་ནམས་སོགས་པར་བགྱི་བའི་སླད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལུང་བསྟན་པའི་སླད་དུ། མཚུངས ་པ་མ་མཆིས་པའི་རྒྱལ་པོའི་གཏེར་དང་། སེམས་ཅན་ཐམས་ཅད་དེ་མི་ཟད་པའི་རྟེན་གྱི་དམ་བཅས་ཤིང་སྨོན་ལམ་བཏབ་པ་ལེགས་སོ།། དམུས་ལོང་ལྟ་བུའི་སེམས་ཅན་རྣམས་ཀྱི ་ཡེ་ཤེས་ཀྱི་མིག་གི་མར་མེ། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། སེམས་ཅན་ཐམས་ཅད་ཀྱི་ཤེས་རབ་ཀྱི་གཏེར་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། སེམས་ཅན་ཐས ་ཅད་ཀྱི་དེ་བཞིན་གཤེགས་པའི་ཡོན་ཏན་རྟག་པ་དང་། ཐེར་ཟུག་པ་དང་བརྟན་པ་དང་། ཞི་བ་དང་། དམ་པའི་ཆོས་བརྟན་པའི་གཏེར་གནས་པར་མཛད་དུ་གསོལ། དེ་སྐད་ཅེས་གསོལ་ནས། ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྤྲིན་ཆེན་སྙིང་པོ་ལེགས་སོ་ལེགས་སོ།། སྤྲིན་ཆེན་སྙིང་པོ་ཁྱོད ་ཀྱིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ། ཁྱོད་དང་འཚལ་བའི་ཚིག་གི་དོན་ཕྲ་ཞིང་ཟབ་མོའི་ཚིག་ཡི་གེ་སྤེལ་བ་དང་། སེམས་ཅན ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པའི་མཚན་ཉིད་དམ་པའི་ཆོས་བསྟན་པའི་གཏེར་དང་། ཁྱོད་དང་འདྲ་བ་དག་མཚུངས་པ་མེད་པའི་མདོའི་རྒྱལ་པོའི་གཏེར་དང་། ་དམ་པའི་ཆོས་བརྟན་པའི་གཏེར་དང་། སེམས་ཅན་ཐམས་ཅད་བདུད་རྩི་མི་ཟད་པའི་གཏེར། དེ་བཞིན་གཤེགས་པ་ལ་ཞུས་པ་ལགས་ཏེ། སེམས་ཅན་ཐམས་ཅད་ཀྱི་གཏེར་བརྟན་པར ་བཞག་པ། ངས་བཤད་པར་བྱའོ།། སྤྲིན་ཆེན་སྙིང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཡང་དག་པའི་ཡོན་ཏན་གྱི་ཚེ ་བ་ཉིད། དམ་པའི་བསྟན་པའི་ཆོས་ཀྱི་ཚུལ་དེ་ལེགས་པར་རབ་ཏུ་ཉོན་ལ་ཤིན་ཏུ་ཡིད་ལ་བཟུང་ཤིག་དང་། བསྟན་པར་བྱ་སྟེ། སྤྲིན་ཆེན་སྙིང་པོ་གཞན་ཡིད་ལ་སེམས་ཤིག་དང ་བཤད་པར་བྱའོ།། སྤྲིན་ཆེན་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དང་། སྙིང་རྩེ་བའི་ཕྱིར། བརྟན་པའི་སེམས་ཀྱི་བཟུང་ཤིག། སེམས་ཅན་ཐམས་ཅད་ངེས་པར་སྒྲལ ་བའི་སེམས་ཀྱི་ཡིད་ལ་ཟུང་ཤིག། སྤྲིན་ཆེན་སྙིང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆེ་བ་ཉིད་ཀྱི་ཆོས་བརྟན་པའི་གཏེར་གྱི་ཚུལ་གང་བྲི ་སངས་རྒྱས་ཀྱི་ཡོན་ཏན་གྱི་དམ་པའི་ཆོས་བསྟན་པའི་གཏེར་གྱི་ཚུལ་དང་། དེ་ཁོ་ན་ཤེས་པའི་ཆུས་ཡོངས་སུ་སྨིན་པར་བྱས་པའི་དགེ་བའི་རྩ་བའི་བདུད་ཅིའི་རོ་ཞིམ་པོ་ཐོབ་པ་ཡོད་དོ།། ་དགེ་བའི་རྩ་བ་དེ་བདུད་རྩིའི་རོ་ཞིམ་པོ་ཡོངས་སུ་སྦྱང་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛད་དེ། ཡོངས་སུ་རྫོགས་པས་སངས་རྒྱས་ཀྱི་མཛད་པས་མངོན་པར་རོལ་པ་བདུད ་ཅིའི་ཞིམ་པོའི་ཡོངས་སུ་སྤྱོད་ཅིང་། སེམས་ཅན་ཐམས་ཅད་ལ་ཡང་ཡེ་ཤེས་ཆེན་པོའི་བདུད་རྩིའི་རོ་ཞིམ་པོ་བྱིན་ཅིག། སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་མཚུས ་བ་མེད་པའི་མདོའི་རྒྱམ་པོ་ཆོས་ཀྱི་རྣམ་གྲངས་ཆེན་པོ་ཚངས་པར་སྤྱོད་པ་ཐོག་མར་དག་པ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ།། ཚིག་འབྲུ་བཟང་པོ།། མ་འདྲེས་པ་ཡོངས ་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཟུང་ཤིག། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ།། མཚུངས་པ་མེད་པའི་མདོའི་རྒྱ་བོ་ཆོས་ཀྱི་རྣམ་གྲངས་ཆེན་པོ།། དེ་བཞིན ་གཤེགས་པའི་ཚུལ་དམ་པའི་ཆོས་བསྟན་པའི་གཏེར་བཤོད་ཅིག། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོའི་ཀུན་ཆུབ་པར་གྱིས་ཤིག། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་བཟུངས ་ཀྱི་རྒྱ་མཚོ་ཆེན་པོ་ཏིང་ངེ་འཛིན་རྒྱ་མཚོ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད། ཡོན་ཏན་གྱི་འབྱུང་གནས་ཀྱི་ཚོང་རྡལ་སྐྱེས་བུ་དམ་པའི་ཚོང་པའི་གནས་ཆེན་པོར་གྱུར་པ་རྒྱས་པ ་གྱིས་ཤིག། སྤྲིན་ཆེན་སྙིང་པོ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིན་ཏིང་ངེ་འཛིན་དང་། གཟུངས་ཐམས་ཅད་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ ་དགེ་བའི་རྩ་བའི་འབྱུང་གནས། ཟབ་མོའི་ཚིག་གི་དོན་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་རང་བཞིན་གྱི་ཕྱག་རྒྱའི་མཚན་ཉིད་བརྟན་པའི་མདོ་མཚན་གྱིས་བཏབ་པ། ་སྤྲིན་ཆེན་པོའི་མདོ།། མཚུངས་པ་མེད་པའི་མདོའི་རྒྱལ་པོའི་ཚུལ་བཟུངས་ཤིག། སྤྲིན་ཆེན་སྙིང་པོ་ཤིན་ཏུ་བྱང་ཤིང་། ཤིན་ཏུ་རྟོག་པར་དཀའ་བ། རྟག་པ་དང་། ཟེར་ཟུག་པ་དང་། ་བརྟན་པ་དང་། ཞི་བའི་རང་བཞིན་སངས་རྒྱས་རྒྱས་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་ཀྱི་སྤྲིན་ཆེན་པོའི་མདོ།། མཚུངས་པ་མེད་པའི་མདོའི་རྒྱལ་པོ།། དམ་པའི་ཆོས་བརྟན་པའི་གཏེར། ་ལ་ཡིད་ཆེས་པར་གྱིས་ཤིག། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ།། སེམས་ཅན་ཐམས་ཅད་ཀྱི་དམ་པའི་ཆོས་བརྟན་པའི་གཏེར་དང་། མུ་གེ་བྱུང་བའི་ཚེ། ལོངས་སྤྱོད་མི་ཟད ་པར་བྱེད་པའི་ཏིང་ངེ་འཛིན་དང་། གཟུངས་ཀྱི་གཏེར་དང་། ཆར་མི་འབབ་པའི་ཚེ། དམ་པའི་ཆོས་ཀྱི་ཏིང་ངེ་འཛིན་གྱི་གཏེར་མི་ཟད་པའི་བདུད་རྩིའི་ཆང་གི་ཆུས་གང་བའི་སྤྲིན་ཆེན ་པོའི་ཡོན་ཏན་གྱི་རྣམ་པར་འཕྲུལ་པ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པ་དང་། ཟེར་ཟུག་པ་དང་། བཏན་པ་དང་། དང་བའི་རང་བཞིན་གྱི་ཆར་ཆེན་པོ་དམ་པའི ་ཆོས་བརྟན་པའི་གཏེར་དང་། ནད་བྱུང་བའི་ཚེ། བདེ་ཞིང་བསིལ་བའི་སྨད་སྦྱར་བས། དུག་གིས་མཐུ་ཐམས་ཅད་མེད་པར་བྱེད་པ་དང་། དམ་པའི་ཆོས་ཀྱི་གཟུངས་ཐོབ་པའི་ཏིང ་ངེ་འཛིན་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་རང་བཞིན་གྱི་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡོན་ཏན་གྱི་ཚོགས་ལ་བསྙེན་བཀུར་བྱ་བའི་གནས་དང་། མེ ་ཏོག་ཕྲེང་དང་། ཕྱེ་མའི་སྒོ་བས་སྒོས་པས། སྤྲིན་ཆེན་པོའི་མདོ།། ནད་མེད་པ་བརྟན་པའི་གཏེར་ཡི་གེ་བྲིས་ཤིག། སྤྲིན་ཆེན་སྙིང་པོ།། སེམས་ཅན་ཡོངས་སུ་མ་རྨོངས་ཤིང ་རྣམ་པར་ཁྲུལ་པ་རྣམས། དེ་བཞིན་གཤེགས་པ་མི་རྟག་ཅིང་། ཐེར་ཟུག་མ་ཡིན་ལ། མི་བརྟན་ཞིང་། ནུབ་པར་འགྱུར་རོ།། ཞེས་ལོག་པར་སྨྲས་པ་རྣམས་མཁྲིས་པས ་རྒྱས་ཞིང་དྲུག་གི་ཟུག་རྔུས་རྣམ་པར་བསྲེགས་པའི་ལྟ་བའི་གཉིད་ཀྱི་མུན་པས་གནོད་པར་བྱས་པའི་ཁྱིམ་དུ་ཉམ་ནས། གཉིད་ལོག་སྟེ། མརྨི་ལམ་མི་ཟད ་པའི་ལྟ་བས་བསྲེགས་ནས། མྱོན་ཤིང་རྨོས་ཏེ། སྐྲག་པའི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་། བརྒན་གྲུས་མ་དང་འདྲ་བའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཡོན ་ཏན་གྱི་ཆེ་བ་ཉིད་རྟག་པའི་རང་བཞིན་ཤེས་པའི་འབྲུ་མར་དང་། དེ་ཁོ་ན་རིག་པའི་སྙིང་པོ་རབ་ཏུ་འབར་བར་གྱིས་ཤིག། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རང་བཞིན་རྟག་པའི་མར་མེ ་ལ་འཇུག་པ་སྤངས་ནས། ཤཱཀྱའི་རིགས་ལ་བསྔགས་པ་ཡིན་པ། བརྗོད་པའི་སེམས་ཅན་མི་ཤེས་པའི་ལྟ་བ་མང་པོ་དེ་དག་ལ། དེ་ཁོ་ན་ཤེས་པའི་ཀ་ཏ་ཀའི་འབྲས་བུའི་མིག ་སྨན་གྱིས་ཤིག། དེ་བཞིན་གཤེགས་པའི་རིགས་ཀྱི་ཆེ་བ་ཉིད་ཀྱི་ཡང་དག་པའི་ཡེ་ཤེས་སྤངས་ལ། དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་སྟེ། ཉེས་པ་བརྗོད་པར་བྱེད་དེ ་ངག་གི་ལྕེ་ཆོད་དེ་འོར་ཅིག། དེ་བཞིན་གཤེགས་པའི་ལྡེམ་པོ་དག་ཤེས་རབ་ཀྱིས་རྟོགས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་སྟེ། སངས་རྒྱས་ཀྱི་སྲས ་སུ་གྱུར་པ་དེ་དག་ལ་ལྟ་བ་ཐམས་ཅད་ལ་རྣམ་པར་འཕྲུལ་པ་ཡིད་གཏད་པར་གྱིས་ཤིག། སྤྲིན་ཆེན་སྙིང་པོ།། དེ་བཞིན་གཤེགས་པས་བཤད་པ་ལ་འབྲས་བུ་མེད་དོ་ཞེས་ཟེར་བ ་སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པས་བཤད་པ་ལ་འབྲས་བུ་ཡོད་པར་མངོན་པར་རྟོགས་པར་བྱ་བའི་ཕྱིར། རྣམ་པར་འཕྲུལ་པ་གྱིས་ཤིག། སྤྲིན་ཆེན་སྙིང་ངོ་།། ་ཁྱོད་ཀྱི་སྙེད་པ་ལེགས་པར་རྙེད་ཀྱིས། མངོན་པར་དད་པར་གྱིས་ཤིག། སྤྲིན་ཆེན་སྙིང་པོ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་ལྟ་བ་ཐོས ་ཅད་སྐྱུག་པ་དང་། བཀྲུ་བ་དང་། སྨན་སྣར་གླག་པའི་ཆོ་ག་ཆེན་པོ་ཐམས་ཅད་ཀྱིས་ནང་ཆེན་པོ་རྣམས་བཞོམ་པའི་ཕྱིར། མཚུངས་པའི་མདོའི་རྒྱལ་པོ་མདོ་ཐམས་ཅད་ཀྱི་བདག་པོའ ་ལོ་ཐམས་ཅད་བསྐོར་བ། དམ་པའི་ཆོས་རིན་པོ་ཆེའི་མཆོག་བརྟན་པའི་གཏེར། སེམས་ཅན་ཐམས་ཅད་ཀྱིས་ཡུལ་མ་ཡིན་པ་ཟབ་མོའི་ཚིག་གི་དོན།། དེ་བཞིན་གཤེགས་པ་ལ་དྲིས། ་དམ་པའི་ཆོས་བརྟན་པའི་གཏེར་རབ་ཏུ་གནས་པར་གྱིས་ཤིག། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ཡུལ་བསམ་གྱིས་མི་ཁྱབ་པ་ལ་ལྟོས། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མོདདོ་ལ། དེ ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པ་རིན་པོ་ཆེའི་མཛོད་ཀྱི་འབྱུང་གནས་ཀྱི་ཆོས་ཀྱི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ ་བའི་ཏིང་ངེ་འཛིན་གྱི་སྒོ་བཞི་རྒྱ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་མི་ལྡོག་པའི་ཡེ་ཤེས ་མཐའ་ཡས་པ། རིན་པོ་ཆེའི་འབྱུང་གནས་ལ་མངོན་པར་འཇུག་པ་ཞེས་བྱ་བའི་གཟུངས་ཀྱི་སྒོ་སུམ་ཅུ་རྩ་དྲུག་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེས ་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྡེམ་པོ་དག་གི་བཞིའི་བྱེ་བྲག་ལ་འཇུག་པ། རྨོངས་པའི་ཚུལ་ཅན་གྱི། ཆོས་ཀྱི་ཐབས་ཀྱི་རྒྱུན་གྱི་རྣམ་པར་ཐར་པའི་སྒོ་ཉི་ཤུ ་ན་སུམ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མོང་བསམ་གྱིས་མི་ཁྱབ་པའི་ཡུལ་ལ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ ་རྣམས་ཀྱི་སྲིད་པར་སྐྱེ་བས་རྩེ་བའི་རྣམ་པ་ལ་འཇུག་ཅིང་། གནས་པ་བགྲོངས་ལྷུང་བ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི ་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཁོར་བའི་ཉོན་མོངས་པའི་ཞིང་གི་ལས་ཀྱིས་ཐོབ་པར་བྱ་བའི་ཕྱིར། སེམས་ཀྱི་ཡང་དག་པར ་ལེན་པའི་རྣམ་པར་སྨོན་ལམ་ལྷུང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས ་དཔའ་རྣམས་ཀྱི་ཡེ་ཤེས་ལ་རྨོངས་པའི་སྙིང་པོ་བསམ་གྱིས་མི་ཁྱབ་པ་བཟུང་བའི་རྣམ་པར་འབྲལ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི ་མདོ་ལ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཟབ་མོ་གཏན་པ་ཐོབ་པ་ལ། འཇུག་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད ་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། སྤྲིན་ཆེན་སྙིང་པོའི་ཆར་གྱི་རྒྱུན་བསམ་གྱིས་མི་ཁྱབ ་པའི་བསོད་ནམས་ཀྱི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ ་རྣམས་ཀྱི། སྤྲིན་ཆེན་པོའི་ཆར་གྱི་རྒྱུན་བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་རྣམ་པའི་ལམ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོང་ངོ་།། སྤྲིན་ཆེན་སྙིང་པོའི།། སྤྲིན་ཆེན་པའི། ་མདོ་ལས། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། སྤྲིན་ཆེན་པོའི་ཚོགས་ནམ་མཁའ་ལས་བྱུང་ཞིང་འདུ་བའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས ་བྱ་བའི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། སྤྲིན་ཆེན་པོའི་གློག་གི་འོད་སྣང་བའི ་སྒོ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། སྤྲིན་ཆེན་པོའི་གློག་འགྱུར ་བ་དང་ལྡན་པ་ལ་འཇུག་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ། སྤྲིན་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས ་དཔའ་རྣམས་ཀྱི། སྤྲིན་ཆེན་པོའི་གློག་གི་རྒྱུ་འཕྲུལ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པ་རྣམས་དང་། ་བྱང་ཆུབ་སེམས་དཔའ་རྣམས་ཀྱི། ཆོ་འཕྲུལ་ཆེན་པོ་སྒྲོན་མ་སྟོན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ། སྤྲིན་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པ ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། ཆོས་ཀྱི་ཐོག་ཏོག་གི་འབྲེལ་བའི་གཏམ་ལ་འཇུག་པའི་རྣམ་པར་འཕྲུལ་པའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ། སྤྲིན ་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། ཡེ་ཤེས་རྡོ་རྗེའི་རྣམ་པ་ལ་འཇུག་པའི ་མཛོད་སྲུང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ། སྤྲིན་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ ་རྣམས་ཀྱི། ལོངས་སྤྱོད་མི་ཟད་པའི་རྣམ་པ་ལ་འཇུག་པ། རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི ་མདོ་ལས། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། ཡང་དག་པའི་ལམ་གྱི་རྣམ་པར་མངོན་པར་འཚོ་བ་ལ་འཇུག་པ་ཞེས་བྱ་བའི ་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པ་རྣམ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། ཕྲ་ཞིང་ཟབ་པའི ་གླིང་བཞིའི་རྣམ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པ་རྣམས་དང་། བྱང ་ཆུབ་སེམས་དཔའ་རྣམས་ཀྱི། སེང་གེ་རྣམ་པར་རྩེ་བ་ལ་དམིགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ། སྤྲིན་ཆེན་པོའི་མདོ་ལས། དེ ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། མཚམས་སྦྱོར་བ་ལ་ཚོགས་པའི་རྣམ་པ་འཇིག་རྟེན་མཐུན་པར་འཇུག་པར་བྱ་བ་ལ། འཇུག ་བའི་མདོ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། ་མངོན་པར་རྩེ་བ་རིན་པོ་ཆེའི་མཛོད་ལ། འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་རྣམས ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། ནམ་མཁའ་ལྡིང་གི་རྣལ་ཆེན་པོའི་སྟོབས་ལ་མངོན་པར་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ། ་སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། སྒྲ་ཆེན་པའི་དུས་རྣམ་པར་གྲགས་པ་བཀོད་པའི་རྒྱལ་པོ་ཞེས་བྱ་བཱི ་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། མི་འཇིགས་པ་ཆེན ་པོའི་སྟོབས་ཀྱི་རྣམ་པར་འཕྲུལ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་རྣམས་དང་། ་བྱང་ཆུབ་སེམས་དཔའ་རྣམས་ཀྱི། གནས་ཀྱི་རྣམ་པ་དང་བཅས་ཡངས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ། སྤྲིན་ཆེན་པོའི་མདོ་ལ། ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། ལྷག་པའི་བསམ་པའི་ཆོ་ག་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན ་སྙིང་པོ། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། དམིགས་ཆེན་པོའི་རྒྱལ་པོའི་སྟོབས་བཀོད ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། བཟོད་པའི་རྣམ་པར་འཕྲུལ ་པའི་རྒྱལ་པོ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། རྩེ་བ ་དང་བཅས་པ་ཡང་དག་པར་སྤྲས་པ། སྟོན་པའི་དཔུང་ཆེན་པོ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ ་རྣམས་ཀྱི། ཡེ་ཤེས་བརྩོམ་པའི་ཆོ་ག་ལ་ཞུགས་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་རྣམས་དང་། ་བྱང་ཆུབ་སེམས་དཔའ་རྣམས་ཀྱི། ཡེ་ཤེས་ནོར་སྒྲིམས་ཏེ། སྒྲུབ་པའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས ་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། ཡང་དག་པའི་མཆོད་སྦྱིན་ལ་ཕན་པའི་ཆོ་ག་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན ་པོའི་མདོ་ལ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། སངས་རྒྱས་ཀྱི་ཞིང་ཡང་དག་པའི་ས་བོན་རབ་ཏུ་བསྐྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། ་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི། དེ་ཁོ་ནའི་སྙིང་པོ་ཚུལ་གྱིས་མངོན་པར་རྩེ་བ་ལ་དགའ་བའི ་རྒྱལ་པོའི་རྣམ་འཕྲུལ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ ་སེམས་དཔའ་རྣམས་ཀྱི། ཡུལ་བསམ་གྱིས་མི་ཁྱབ་པའི་རྣམས་པའི་ཡོན་ཏན་གྱི་ཡོངས་སུ་བརྒྱན་པ་དང་། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམ ་ཀྱི་རིན་པོ་ཆེ་མཛོད་ཀྱི་གཏེར་ཆེན་པོའི་ཡུལ་བསམ་གྱིས་མི་ཁྱབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་དམ་པའི་ཆོས་བརྟན་ཞིང་མི་ཟད་པའི་གཏེར་ལ་ལྟོས། སྤྲིན་ཆེན་སྙིང་པོ། ་གཞན་ཡང་། སྤྲིན་ཆེན་པོའི་མདོ་ཡུལ་བསམ་གྱིས་མི་ཁྱབ་པ་ལ་ལྟོས། སྤྲིན་ཆེན་པོའི་མདོ་ཡུལ་བསམེ་གྱིས་མི་ཁྱབ་པ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་རྣམས་ཀྱི། དེ་བཞིན་གཤེགས་པའི་ཚུལ་ཞེས་བྱ་བའི་གསང་བའི་ཆོས་ཀྱི་སྒོ་དག་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེས ་པདགྲ་བཅོམ་པ་ཡང་དག་པར་དོགས་པའི་སངས་རྒྱས་རྣམས་ཀྱི། དེ་བཞིན་གཤེགས་པ་ཟབ་མོ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་བློ།། སྤྲིན་ཆེན་པོའི་མདོ་ལ། ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དེ་བཞིན་གཤེགས་པའི་རྒྱ་མཚོ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ། སྤྲིན་ཆེན་པོའི་མདོ་ལ། ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་གཞུང་ལུགས་གཙང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོག་པའི་སངས་རྒྱས་རྒྱས་རྣམས་ཀྱི། དེ་བཞིན་གཤེགས་པའི་རླུང་ལ ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིན་པོ། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི། དེ ་བཞིན་གཤེགས་པ་ཡང་དག་པར་རྩལ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་རྣམས་ཀྱི། དེ་བཞིན་གཤེགས་པའི་དམིགས་པ་གརྩད་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི། དེ་བཞིན་གཤེགས་པའི་ཉི་མའི་དཀྱིལ་འཁོར་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ།། སྤྲིན་ཆེན་སྙིང་པོ། སྦྱིན ་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི། དེ་བཞིན་གཤེགས་པ་ཟླ་བའི་དཀྱིལ་འཁོར་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ ་ཡོད་དོ།། སྤྲིན་ཆེན་སྟོང་པོ།། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི། དེ་བཞིན་གཤེགས་པའི་ཏོག ་ཅེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི། དེ་བཞིན། ་གཤེགས་པའི་ཟབ་མོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ།། སྤྲིན་ཆེན་སྙིང་པོ། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་རྣམས་ཀྱི། རྣམ་པར་གནོན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་རྣམས་ཀྱི། དེ་བཞིན་གཤེགས་པའི་ངེས་པའི་མུ་སྟེགས་ཤེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་། ་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི། དེ་བཞིན་གཤེགས་པའི་དགེས་པ་དང་ལྡན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལ།། ་དེ་བཞིན་གཤེགས་པའི་དམ་པའི་ཆོས་ཀྱི་ཚུལ་དང་། སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་མི་ཟད་པའི་གཏེར་ལ་ལྟོས། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལ། ཡུལ་བསམ ་གྱིས་མི་ཁྱབ་པ་ལ་ལྟོས། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། བསམ་གྱིས་མི་ཁྱབ་པའི་ཡང ་བསམ་གྱིས་མི་ཁྱབ་པའི་ཐར་པའི་རྣམས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཐོབ་པ་བརྒྱ་སྟོང་དུ་མ་དང་། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་@རྫོགས་པའི་སངས་རྣམས་ཀྱི། འཇིག་རྟེན་གྱི་རྗེས་སུ་འཇུག་པའི་མཛད་པ་དུ་མ་དང་། དེ་བཞིན་གཤེགས་པའི་གསང་བ་བྱེ་བ་བརྒྱ་སྟོང་ཁྱེད་དང་འདྲ། ་བ་དག་གིས་ཀྱང་རྟོགས་པར་དཀའ་ཞིང་། ཟབ་ལ་ཕྲ་སྟེ། རྔ་འཕྲད་པར་དགའ་བའི་ཚིག་གི་དོན་ཤིན་ཏུ་སྦས་པ་དང་། དེ་བཞིན་གཤེགས་པའི་ཡུལ་ཤིན་ཏུ་ཕྲ་ཞིང་། ཤིན ་ཏུ་བྱང་ལ་ཟབ་པའི་ཚིག་དང་། དེ་བཞིན་གཤེགས་པའི་ལྡེམ་པོ་དག་གི་ཚིག་ཁྱེད་ཀྱིས་ཀྱང་། ཚིག་དང་། ཡི་གེ་གཅིག་ཀྱང་མ་ཐོས་པའི་ཚིག་ཡོད་དོ།། རིམས་བཞིན་དུ་ཕྱིས ་བཤད་པར་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།། སྤྲིན་ཆེན་སྙིང་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི ་ལྷ་ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་དགོ་བོས་ཕྱག་འཚལ་ནས། མིག་མཆིམས་གང་བཞིན་དུ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ ་བཅོམ་ལྡན་འདས། བདག་ཅག་ལ་སོགས་པ་རྣམས་དང་། སྦྲང་བུ་དང་། སྡིག་སྦྲུལ་དང་། བྱི་བ་དང་། ལྐུག་པ་དང་། ལོང་བ་དང་། འོན་པ་ལྟ་བུའི་སེམས་ཅན་ཐམས་ཅན་ལ ་ཐུགས་ཀྱི་བའི་སྲད་དུ། སྤྲིན་ཆེན་པའི་མདོ་ཅིག་སྤྲོས་ཏེ། བཀའ་སྩལ་པ་ནི། བྱེ་མ་ཙམ་ལྡན་འདས་ངོ་མཚར་རྨང་དབྱུང་ལགས་སོ།། དེ་བཞིན་གཤེགས་པས། སྤྲིན་ཆེན ་པོའི་མདོའི་ཚིག་སྤྲོས་ཤིང་གསུངས་ཏེ། བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡིན་ཏན་གྱི་ཆེ་བ་ཉིད། རྟག་པའི་གྲོང་ཁྱེར་གྱི་སྐམ་ལ། ་འཛེགས་པར་གྱིས་པའི་སླད་དུ། དེ་བཞིན་གཤེགས་པས་ཤིན་ཏུ་ལེགས་པར་བཀའ་བསྩལ་པ་ལགས་ན། དེ་ཡང་བདག་ཅག་ལ་སོགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐོས ་ཅད་དང་། གྲུམ་པོ་དང་། ལག་རྡུམ་དང་། དམུས་ལོང་དང་། ལྐུགས་པ་དང་། འོན་པ་དང་། ཡན་ལག་ཐམས་ཅད་ཉམས་པར་གྱུར་པའི་སེམས་ཅན་རྣམས་ལ། དེ་བཞིན་གཤེགས ་པ་བཟོད་པ་དང་། བྱམས་པས་དགྲོངས་པ་དང་། ཐུགས་རྗེས་ཞིང་ཐུགས་རྩེ་བའི་སླད་དུ། བདག་གི་ཚིག་དང་། ཡི་གེ་གཅིག་གི་ཐིག་ལེ་ཙམ་ཡང་ལྡན་ཆད་མ་ཟོས་པ། དེ་བཞིན ་གཤེགས་པའི་ཡུལ་བསམ་གྱིས་མི་ཁྱབ་པའི། དེ་བཞིན་གཤེགས་པའི་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་གྲོང་ཁྱེར་གྱི་སྐད་དང་། ཐེམ་སྐས་ཡོན་ཏན ་གྱི་ཆོས་གྱིས་ཡོངས་སུ་བརྒྱན་པ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོ་ལ། འདི་སྐད་ཅེས་བཀའ ་སྩལ་ཏོ།། སྤྲིན་ཆེན་སྙིང་པོ།། དེ་བཞིན་གཤེགས་པའི་ལྡེམ་པོ་དག་སྨོས་པ། ཁྱོད་ཀྱིས་ཁོང་དུ་ཆུད་དེ། ཤིན་ཏུ་ལེགས་པར་རྟོགས་པ་ལེགས་པོ།། སྤྲིན་ཆེན་སྙིང ་པོ་དེ་ལྟར་ན། སྤྲིན་ཆེན་པོའི་མདོ།། དེ་བཞིན་གཤེགས་པའི་ཚུལ་བསམ་གྱིས་མི་ཁྱབ་པོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོའི། ཡུལ་བསམ་གྱིས་མི་ཁྱབ་པོ་རྗེས ་སུ་ཡི་རང་བར་བྱེསསུ་ཤིག། སྤྲིན་ཆེན་སྟེང་པོ་ཁྱོད་ཀྱིས། སྤྲིན་ཆེན་པའི་མདོ་དང་མཐུན་པར་ངས་བཅས་ཤིང་། སྨོན་ལམ་བཏབ་པ་ནི། ཁྱོད་ཡེ་ཤེས་ཟབ་མོ་དང་། ལྡན་པ ་ཡིན་གྱིས། སྤྲིན་ཆེན་སྙིང་པོ་མ་སྐྲག་ཅིག། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ཡུལ་བསམ་གྱིས་ཁྱབ་པ་དྲན་པར་གྱིས་ཤི་། བདུད་རྩིའི ་སྤྲིན་ཆེན་པོའི་མདོ་ཡི་གེ་འབྲུ་ལྔ་འམ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་ཟབ་པ་དང་། མཉམ་པ་ཉིད་དང་། རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། འཆང ་བའི་མདོའི་མིང་གི་དོན་ཡང་རུང་སྟེ། གང་ན་ཡང་དག་པར་གནས་པ། དེར་ནི་མིའི་ལམ་གྱི་བཞི་མདོའི་དབུས་སུ་ཡང་འགྲོ་བར་བྱའོ།། སྤྲིན་ཆེན་སྙིང་པོ་གཞན་ཡང་མཉམ་པའི་དོན ་དང་། བཀུར་བསྟི་བྱ་བ་དང་། མཆོད་པ་དང་། རིམ་གྲོ་བྱ་བའི་ཕྱིར། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་རྙེད་པས་ཤིན་ཏུ་གང་བའི་ནང་དུ་ཞུགས་ཏེ་འགྲོ་བར་བྱའོ།། སྤྲིན ་ཆེན་སྙིང་པོ་གཞན་ཡིད་ལ་མ་སེམས་ཤིག་དང་། ཁྱོད་ལ་དེ་བཞིན་གཤེགས་པ་རྣམས་རྗེས་སུ་ཡིད་རང་སྟེ། བདེ་བ་དང་ལྡན་ནམ། རྙེད་པར་རབ་ཏུ་རྙེད་དོ།། ཞེས་ཀྱང་བཀའ་སྩལ་བར ་འགྱུར་རོ།། ཁྱོད་ཀྱི་ཚིག་དང་ཡི་གེ་གཅིག་གི་ཐིག་ལེ་ལྟ་བུ་དག་ཀྱང་། སྔོན་མ་ཐོས་པའི་དེ་བཞིན་གཤེགས་པའི་ཡུལ་ཟབ་ཅིང་ཕྲ་ལ་དོན་བཟང་པོ་དང་། ཚིག་འབྲུ་བཟང་པོར་སྦྱར་བའི ་ཚིག་དང་ལྡན་པ་དག་རིང་པོ་མི་ཐོགས་པར་འགྱུར་རོ།། ཕྲ་བའི་ཚིག་དེ་དག་རྟོགས་པར་འདོད་པ་དང་། དེ་བཞིན་གཤེགས་པ་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པའི་ཡོན་ཏན ་གྱི་ཆེ་བ་ཉིད་ཀྱི་སྤྱོད་པ་དང་། དེ་ཁོ་ནིའི་སྤྱོད་པ་ལ་རྟོགས་པར་འདོད་པས་ནི། སྤྲིན་ཆེན་པོའི་མདོ་ཡུལ་བསམ་གྱིས་མི་ཁྱབ་པའི་སྤྱོད་ལྔ་བརྩོན་པར་བྱའོ།། དམ་པའི་ཆོས་བརྟན་པ ་བྱ་བ་དང་། མཉན་པའི་ཕྱིར། དེ་བཞིན་གཤེགས་པའི་རྟག་པ་དང་། ཟེར་ཟུག་པ་དང་། བརྟན་པའི་ཡོན་ཏན་གྱི་ཆེ་བ་ཉིད་དང་། གཞན་དག་ལ་རྒྱས་པར་བརྟན་པར་བརྩོན་པར ་བྱའོ།། དེ་བཞིན་གཤེགས་པ་རྟག་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པའི་བརྟན་དུ་མྱ་ངན་ལས་འདའ་བ་མེད་དོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པའི་བརྟན་པ་ཡང་ནུབ ་པར་མི་འགྱུར་རོ།། ཞེས་བྱ་བ་ལ་བརྩོན་པར་བྱ་སྟེ། གཞན་དག་ལ་རྒྱས་པར་བཤད་པ་ལ་ཡང་བརྩོན་པར་བྱའོ།། དེ་ནས་དེའི་ཚེ། རྣམ་པར་མཐོར་རླུང་གི་རྒྱལ་པོ་རྣམས། ལྷའི ་བདེ་བའི་ལོངས་སྤྱོད་དང་། ཡོངས་སུ་བསྐྱེད་པའི་བདེ་བ་དང་། བསིལ་བའི་ཆུ་དང་འདྲེས་པའི་རླུང་དུས་ཚིགས་དྲུག་གི་མེ་ཏོག་དང་། འབྲས་བུས་རྒྱས་པ་དག་རབ་ཏུ་གཏོང་ཞིང་། བཅོམ ་ལྡན་འདས་སྲི་ཞུ་བྱ་བ་ལ་ཞུགས་སོ།། དེ་ནས་དེའི་ཚེ། སངས་རྒྱས་ཀྱི་མཐུས་ནམ་མཁའ་ལ་སྤྲིན་གྱི་ཚོགས་ཆེན་པོ་སྟང་ཟིལ་གྱི་ཁ་དོག་འདྲ་ཞིང་། ཆུ་བོ་དང་ར་བ་རྣམ་པ་བཞིས་རྒྱས ་པ་དག་འབྲུག་སྒྲ་སྒྲོགས་ཏེ། ཆེམ་ཆེ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེས། མངོན་པར་རབ་ཏུ་ཆེམ་ཆེམ་མོ།། ཆེམ་ནལ་རབ་ཏུ་ཆེམ་ན་ལ། མངོན་པར་རབ་ཏུ་ཆེམ་ནལ ་ལོ། བདུད་རྩིའི་འབྲུག་སྒྲ་སྒྲོགས་རབ་ཏུ་སྒྲོགས། ཀུན་ཏུ་རབ་ཏུ་སྒྲོགས། མངོན་པར་རབ་ཏུ་སྒྲོགས་སོ།། སིལ་སྙན་དང་གླུ་དབྱངས་ལྟ་བུའི་སྒྲ། སེམས་ཅན་ཐམས་ཅད་ཀྱི་ཡིད ་དུ་འོང་བ་འབྱིན། རབ་ཏུ་འབྱིན། ཀུན་རབ་ཏུ་འབྱིན། མངོན་པར་རབ་ཏུ་འབྱིན་ཏེ། དིར་དིར་རབ་ཏུ་དིར་དིང་། མངོན་པར་རབ་ཏུ་དིར་དིར་རོ།། འཕྲོ་རབ་ཏུ་འགྲོ།། ཀུན་ཏུ་རབ་ཏུ་འགྲོ།། ་མངོན་པར་རང་དུ་གཡོན ་མངོན་པར་རབ་ཏུ་འཕྲོའོ།། འཁྲུགས་རབ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། མངོན་པར་རབ་ཏུ་འཁྲུགས་སོ།། གློངས་རབ་ཏུ་གློངས། ཀུན་ཏུ་རབ་ཏུ་གློངས། ་མངོན་པར་རབ་ཏུ་གློངས་སོ།། གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ།། གློག་མང་པོ་འགྱུར། རབ་ཏུ་འགྱུར། ཀུན་ཏུ་རབ་ཏུ་འགྱུར། མངོན་པར་རབ་ཏུ་འགྱུར་སྟེ། བདག ་ནི་སྲས་ལགས་སོ།། བདག་ནི་སྲས་ལགས་སོ་ཞེས་སྒྲ་སྙན་པ་དག་གྲག་པར་གྱུར་ཏོ།། དེ་ནས་དེའི་མདོ་ལ་སངས་རྒྱས་ཀྱི་མཐུས། ཕྱོགས་བཅུའི་འཇིག་རྟེན་དུ་སངས་རྒྱས་ཀྱི་ཞིང་བྱེ་བ ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་རྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། མངོན་པར་རབ་ཏུ་འགུལོ།། གཡོས་རབ་ཏུ་གཡོས། ཀུན་ཏུ ་རབ་ཏུ་གཡོས། མངོན་པར་རབ་ཏུ་གཡོས་སོ།། ལྡེག་རབ་ཏུ་ལྡེགས། ཀུན་ཏུ་རབ་ཏུ་ལྡེག་མངོན་པར་རབ་ཏུ་ལྡེག་གོ། འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། ་མངོན་པར་རབ་ཏུ་འཁྲུགས་སོ།། ཆེམ་ཆེ་མ་རབ་ཏུ་ཆེམ་ཆེམ་མོ།། འཇིག་རྟེན་གྱི་ཁམས་འདི་འགུལ་བར་མཐོང་ནས་ཡང་མྱུར་བར་མྱུར་བར་ཕན་ཚུན་འདྲེས་ཤིང་། ཕན་ཚུན་དུ་སྒྲ་འབྱིན། ་ཀུན་ཏུ་རབ་ཏུ་འབྱིན། མངོན་པར་རབ་ཏུ་འབྱིན་ཏོ།། འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། མངོན་པར་རབ་ཏུ་འགུལ་ཏོ།། ནམ་མཁའ་ཁེབས་པར་བྱེད་ཅིང་། བཅུད་ཐམས ་ཅད་དང་། རིན་པོ་ཆེ་དང་། སྨན་ཐམས་ཅད་དང་། འདྲེས་པའི་ཆར་གྱི་རྒྱུན་ཤིན་ཏུ་ཆེན་པོ་འབེབས། སྤྲིན་གྱི་ཚོགས་ཆེའོ།། ཆོ་ག་འབྲུག་སྒྲ་སྒྲོགས་ཤིང་། འུར་འུར་ཆེམ་ཆེམ། དིར་རིར ་རྟོག་ཡར་དུ་ཆོས།། ཁང་ཁང། ལྷག་ལྷག་ཅིང་། སེང་གའི་སྒྲ་ཆེན་པོ་དང་། ཀླུའི་སྒྲ་ཆེན་པོ་ཡིད་དུ་འོང་བའི་སྒྲ་མངོན་པར་སྒྲ་མངོན་པར་སྒྲོགས་སོ།། རྫ་རྗེའི་སྒྲ་ཆེན་པོ་ལྟ་བུར། ཆེམ་ཆེམ། ་དིར་དིར། རྟོག་ཡར་དུ་ཆོམ་སྟེ། གློག་ཆེན་པོ་འབར། རབ་ཏུ་འབར་ནས། ལྗིབ་ལྗིབ་ཅིང་འདུག་གོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁོར་ཡུག་ཏུ་རིན་པོ་ཆེ ་ཐམས་ཅད་རོ་དང་ལྡན་པའི་ཚུའི་ཆར་ཕབ་སྟེ། མངོན་པར་བབ་པར་གྱུར་ཏོ།། དེའི་ཚེ་འཛམ་བུའི་གླིང་གི་ཆུ་ཀླུང་ཆེན་པོ་བརྒྱད་དང་། ཆུ་བྲན་གྱི་ཚོགས་དུ་མ་དག་དང་། ཕུ་ཆུ་རྣམས་མངོན ་པར་སྒྲ་སྒྲོགས་ཤིང་། སྐད་འབྱིན་པར་གྱུར་ཏོ།། ཏུག་རིང་ཤ་ཤོ། འུར་འུར། དིར་དིར། ཤ་ཤ་ཞིང་འདུག་སྟེ། མུ་དང་ཁ་ད་ཆད་དུ་གང་བར་གྱུར་ཏོ།། རིན་པོ་ཆེ་ཐམས་ཅད་ལས ་རོ་ཐམས་ཅད་དང་ལྡན་པའི་ཆུ་མངོན་པར་འབབ་པར་གྱུར་ཏོ།། དེ་བཞིན་དུ་མཚོ་བྲན་དང་། རྫིང་དང་། རྫིང་ཆེན་པོ་རྣམས་ཀྱང་མུ་དང་ཁ་ད་ཅད་དུ་གང་ལ། བཅུད་ཐམས་ཅད་དང་། རྩཝ ་དང་ནགས་ཚལ་གྱི་སྨན་ཐམས་ཅད་འདྲེས་པའི་ཚུལ་རྒྱས་པར་གྱུར་ཏོ།། དེ་ལྟ་བུའི་བཀོད་པ་ཆེན་པོ་དག་དང་། སྤྲིན་གྱི་ཚོགས་གློག་གི་འོད་དང་། འདྲེས་པའི་སྤྲིན་ཆེན་པོས་ཞག ་བདུན་གྱི་བར་དུ་ཆར་ཤིན་ཏུ་ཕབ་པོ།། འོན་ཀྱང་ཤ་སྦྲང་དང་། སྤྲ་བུ་དང་། སྡིག་སྦྲུལ་དང་། སྐམས་ན་གནས་པ་དང་། པི་ཙུ་ཀ་དང་། བྱའི་ཚོགས་ལ་སོགས་པ་དུད་འགྲོར་སྐྱེས ་པ་ཐམས་ཅད་དང་། མི་རྣམས་དང་། སྲོག་ཆགས་ཐམས་ཅད་ལ་ཡང་གནོད་པར་མ་གྱུར་ཏོ།། གྲངས་པས་སྦྲེབས་པར་ཡང་མ་གྱུར་ཏེ། དེ་དག་སྔོན་ཆད་ཡེ་མ་བྱུང་ངོའི་བདེ་བ་དང་། ་སོ་ཐམས་ཐམས་བྱེད་པར་མ་གྱུར་ཏེ། ་དགའ་བ་ལ་རྩེ་བས་མངོན་པར་རྩེ་བར་གྱུར་ཏོ།། སྔན་ཆད་ཡེ་མ་བྱུང་བའི་བདེ་བ་ཐམས་ཅད་ཉམས་སུ་མྱོང་ངོ་།། སྔན་ཆད་ཡེ་མ་བྱུང་བའི་རོ་ཞིམ་པོ ་ཐམས་ཅད་མྱོང་ངོ་།། སྤྲུལ་པ་དང་། དུད་འགྲོར་སྐྱེས་པ་ཐམས་ཅད་ཀྱང་། སྔན་ཆད་ཡེ་མ་བྱུང་བའི་སྐད་མངོན་པར་འབྱིན་པར་གྱུར་ཏོ།། དེའི་ཚེ་རྒྱལ་པོའི་ཁབ་དང་། བྱ་རྒོད་ཕུང ་པོའི་རི་དང་བཅས་པ་དང་། ཚོང་རྡལ་དང་། ལུང་བའི་མདོ་དང་བཅས་པ་རྣམས་དང་། འཛམ་བུའི་གླིང་དང་བཅས་པ་རིན་པོ་ཆེ་ཐམས་ཅད་ཀྱིས་ས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་ཀུད་པ ་ཁྱེངས་ཏེ་ལེགས་པར་རྒྱན་པར་གྱུར་ཏོ།། རིན་པོ་ཆེའི་ཤིང་ལྗོན་པ་ཐམས་ཅད་དང་། རིན་པོ་ཆེའི་ཁྲི་ཤིང་ཐམས་ཅད་ཕན་ཚུན་ཁྲི་ཤིང་སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་མཐད་པའི་སྒྲ་རབ ་ཏུ་སྒྲོགས་ཏེ། ཕན་ཚུན་འཁྲོལ་བར་བྱེད་དོ།། རིན་པོ་ཆེ་ཐམས་ཅད་དུ་ཨུཏྤ་ལ་དང་། ཀུན་མུ་ཏ་དང་། པདྨ་དཀར་པོ་རྣམས་ཀྱང་། ཟླ་བ་དང་ཉི་མའི་གཟི་བརྗིད་ཀྱི་འོད་རྣམས་ཀྱིས། ་བྱེ་བ་ལྟར་རྒྱས་པར་གྱུར་ཏེ། དེ་པེ་མེད་པའི་སྤོས་མང་པོས་དགོས་ཤིང་། མེ་ཏོག་གིས་གང་སྟེ། མངོན་པར་ཁེབས་པར་གྱུར་པའི་ས་གཞི་མ་ཡིན་པ་རྣམས་ཆགས་པར་གྱུར་ཏོ།། ་འཛམ་བུའི་གླིང་འདི་ན་གནས་པའི་འཁོར་ཆེན་པོ་དེ་དང་། སེམས་ཅན་ཐམས་ཅད་ཀྱིས་ཀྱང་མེ་ལོང་གི་ངོས་ལ་ཇི་ལྟ་བ་བཞིན་དུ། འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་མཐོང་ངོ་།། ་དེ་ནས་དེའི་ཚེ། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་འདོད་པའི་སེམས་དང་། ཐེག་པ་ཆེན་པོས་སྒོམ་པའི་སེམས་དང་། ཐེག་པ་ཆེན་པོ་ལ་དད་པའི ་སེམས་དང་། གཅིག་ལ་གཅིག་མ་དང་། སྲོང་མོ་དང་བུ་ཇི་ལྟ་བ་བཞིན་དུ་སྤངས་ཤིང་། རབ་ཏུ་བརྟན་པར་གྱུར་ནས། མངོན་པར་གར་བྱེད་ཅིང་སྐད་འབྱིན་ཏེ། བཅོམ་ལྡན་འདས ་ལ་སྲི་ཞུ་བྱེད་པ་ལགས་སོ།། དེ་ནས་དེའི་ཚེ། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པས་འཁོར་ཆེན་པོ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི ་དང་། ལྟོ་འཕྱེ་ཆེན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། སྲིན་པོ་དང་། གྲུལ་བུམ་དང་། འབྱུང་པོ་དང་། གཅོད་བྱེད་ཀྱི་བུ་དང་། རྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་དང་། ཚངས་པ་དང ་ནགས་ཚལ་གྱི་ལྷ་དང་། བྱད་དང་། རིག་སྔགས་འཆང་དང་། འདོད་དགུར་སྦྱར་བའི་གཟུགས་ཅན་གྱི་ལྷ་མོའི་ཚོགས་འདྲེས་པ་དང་། དེ་བཞིན་གཤེགས་པ་རྣམ་པར་འཕྲལ་པས། ་འཛམ་བུའི་གླིང་ཤིན་ཏུ་རྒྱས་པར་འགྱུར་བ་དང་། འཇིག་རྟེན་གྱི་ཁམས་སྤྲུལ་པ་ཐམས་ཅད་མཐོང་ནས། ཆེད་དུ་བརྩམས་ཏེ། དེ་བཞིན་གཤེགས་པ་ལ་ལྷའི་མེ་རྟོག་གི་སྤྲིན་གྱི་ཆར་མངོན་པར ་ཕབ་པོ།། ལྷའི་སྤོས་ཀྱི་སྤྲིན་གྱི་ཆར་ཡང་མངོན་པར་ཕབ་པོ།། ལྷའི་ཕྱེ་མིའི་སྤྲིན་གྱི་ཆར་ཡང་མངོན་པར་ཕབ་པོ།། ལྷའི་རིན་པོ་ཆེའི་སྤྲིན་གྱི་ཆར་ཡང་མངོན་པར་ཕབ་པོ།། ལྷའི་གདུགས ་ཀྱི་སྤྲིན་གྱི་ཆར་ཡང་མངོན་པར་ཕབ་པོ།། ལྷའི་གོས་དང་རྒྱལ་མཚན་དང་། བ་དན་གྱི་སྤྲིན་གྱི་ཆར་ཡང་མངོན་པར་ཕབ་པོ།། ལྷའི་གླུ་དང་གར་ལྡན་པས་མངོན་པར་གར་བྱེད་པའི་སྤྲིན་གྱི ་ཆར་ཡང་མངོན་པར་ཕབ་སྟེ། དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་ཡུལ་གྱི་ཆོ་འཕྲུལ་ཆེན་པོ་ཡང་མངོན་སུམ་དུ་མཐོང་ལ། དེ་བཞིན་གཤེགས་པའི་ཚུལ་དམ་པའི ་ལྷའི་མེ་ཏོག་འཕྲེང་བའི་སྤྲིན་གྱི་ཆར ་ཆོས་བསྟན་པ་དང་། ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་རྒྱལ་པོ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པ་དང་། ཟེར་ཟུག་པ་དང་། བརྟན་པ་དང་། ་ཞི་བ་དང་། ཤཱཀྱའི་རིགས་ཀྱི་རྒྱུད་རྣམ་པར་དག་པ་དང་། དེ་བཞིན་གཤེགས་པའི་ཚུལ་ཡོད་པའི་ཚིག་སྨོས་པ་ཐོས་ནས། མངོན་པར་རྩེ་ཞིང་རབ་ཏུ་དགའ་བའི་སེམས་བསྐྱེད་དེ། རང ་རང་གི་བླ་གོས་ཀྱིས། དེ་བཞིན་གཤེགས་པའི་སྐ་ལ་གསོལ་ནས། ཁ་མཐུན་པར་ཚིགས་སུ་བཤད་པ་འདི་དག་སྨྲས་སོ།། དེ་བཞིན་གཤེགས་པ་རྟག་པའི་སྐུ།། སྟ་བའི་མཚན ་རྣམས་ཕུན་སུམ་ཚོགས།། ཡོན་ཏན་མཐའ་ཡས་མཆི་མངའ་བ་དང་།། སངས་རྒྱས་ལ་ནི་མགོས་ཕྱག་འཚལ།། བཅོམ་ལྡན་འདས་ཁྱོད་ནི་གཟི་བརྗིད་རྟག། རྟག་པའི་མཚན་ནི་མཛད ་པ་པོ།། དཔའ་བོ་ཆེན་པོ་ལྷ་ཡི་ལྷ། བསམ་གྱིས་མི་ཁྱབ་དཔེ་མ་མཆིས།། དཔའ་བོ་ཆེན་པོ་སྐུ་རྟག་པ།། ཏིང་འཛིན་ཡོན་ཏན་རྒྱ་མཚོ་ཆེ།། ཆོས་སྤྲིན་ཆར་པ་ཆེན་པོ་ཡི།། སྤྲིན་གྱི ་མདོ་ནི་སྟོན་པ་པོ།། ཞི་བའི་སྐུ་ལྡན་ཞི་གྱུར་པ།། ཞི་བའི་སྤྲིན་ནི་སྟོན་པའོ།། གཟི་བརྗིད་ཞི་ཞིང་དཔལ་ཡང་ཞི།། ཕུན་སུམ་ཚོགས་པ་ཞི་ལ་གནས།། གནས་རྟག་ཡེ་ཤེས་རྟག ་པ་སྟེ།། ཞིང་རྟག་རྟག་པའི་རྣམ་པ་ལས།། མི་རྟག་ཚོགས་ཀྱི་མུན་སེལ་བ།། མི་རྟག་ཕྱོགས་ནི་ཟད་པར་མཛད། ཁྱོད་ནི་ལྡེམ་ངག་མཁས་པ་སྟེ།། སེམས་ཅད་ཀུན་ལ་ཐུགས་རྩེ ་ལྡན། རྒྱལ་ཆེན་གཙང་བ་མང་པོ་མངའ།། རྒྱལ་བ་ཟླ་བ་འོད་ཆེན་ལགས།། དེང་ནི་ལྷ་ཁྱོད་བཟང་བ་སྟེ།། མདོ་མཆོག་འདྲ་སྟོན་པར་མཛད།། དེང་ནི་ལྷ་ཁྱོད་མཛེས་གྱུར་ཏེ།། ལྷ་དང ་འཇིག་རྟེན་མཐུན་པར་མཛད།། འདྲེན་མཆོག་ལྷ་ཁྱོད་དེང་སྒྲོགས་ཏེ།། མདོ་བསྒྲགས་མིང་བཅས་སྟོན་པ་མཛད།། རྒྱལ་པོའི་ཁབ་ནི་རི་དང་བཅས།། དེ་རིང་ཁྱོད་ཀྱི་སྣང་བར་མཛད།། ་དེ་རིང་གདོན་མཆོག་མཛེས་གྱུར་ཏེ།། ནོར་བུ་རིན་ཆེན་བྱེ་མང་སྨྲས།། ཡོན་ཏན་མཐའ་ཡས་བརྒྱན་པ་ཡི།། ས་གཞི་ལྷའི་གོས་ཀྱིས་བཀབ།། བབ་ལ་ལྡོང་རོས་མུགས་འཚལ ་གྱི། ལེགས་དྲིས་མཛེས་པར་བྱས་པ་ལ།། གསེར་དང་ནོར་བུ་བཻ་ཌཱུརྱ།། ཤེལ་རྣམས་ཀྱིས་ནི་ཡོངས་སུ་སྤྲས།། བྱ་རྒོད་ཕུང་པོ་མཆོག་གྱུར་པ།། གངས་ཀྱི་རིའི་རྒྱ་དག་ན། ་རབ་ཏུ་འབར་བར་མཛེས་པར་བྱ།། དཔལ་དང་ལྡན་པའི་གྲོང་ཁྱེར་འདི།། ལྷའི་རིན་ཆེན་བླ་མཆོགས།། དགྲ་ཁང་དག་ཀྱང་ལེགས་པར་བཅས། ཁར་བཟངས་གཞལ་མེད་ཁང་མང་གིས། ་ཁོ་ར་ཁོར་ཡུག་མཛེས་པར་གྱུར།། མཚོ་བྲན་དང་ནི་རྫིང་ཆེན་མཆོག། རྫིང་བུའི་ཆུས་རྣམ་རབ་རྒྱན་ཏེ།། བདེར་འཇུག་འབབ་སྟེགས་རྫིང་ཆེན་མང་།། རྒྱལ་པོའི་ཁབ་ནི་དེ་རིང་དུ། ་ལྷའི་གྲོང་ཁྱེར་བཞིན་དུ་མཛེས།། རྔ་དང་དུང་དང་དྲིལ་བུ་དང་།། པི་ཝང་རྒྱུད་བཅས་མ་སྦྲེངས་པར།། སྒྲ་ཆེན་སྒྲོགས་པར་འབྱུང་བ་འདི།། ངོ་མཚར་རྨད་དུ་བྱུང་བ་ལགས། ་ལུས་བདེ་ཡིད་དང་འཐད་པ་ཡི།། སེར་བུའི་ངད་ཀྱང་ལྡང་བར་འགྱུར།། བར་སྣང་མཁའ་ལས་འབྲུག་སྒྲ་སྒྲོགས།། གློག་མང་ཐམས་ཅད་རྣམ་པར་འགྱུར།། རིན་ཆེན་གང་བའི ་ཆུ་རྒྱུན་འབབ།། དེ་དག་ཚུལ་གྱིས་རབ་འབབ་ཅིང་།། སེམས་ཅན་མི་གནོད་མཐུན་པར་བསིལ།། སྲོག་ཆགས་ཕྲ་མོ་སྡིག་སྦྲུལ་སྦྲང་།། དེ་རིང་རབ་དགའ་མགུ་ཞིང་རྩེ།། ལེབ ་རྒན་རྩི་དང་ས་ལ་དང་།། ཨེ་ཏི་མུག་ཏ་ཏི་ལ་ཀ། བུན་དག་དང་ཀ་ཏ་དང་།། ཀུ་རུ་བ་ཀ་ཀེ་སར།། དྲི་ཞིམ་པ་དང་ནག་དང་།། ཨ་ག་རུ་དང་དོང་ག་ཡིས། ་འོད་མི་འཚལ་ནི་དེ་རིང་དུ།། ཤིན་ཏུ་སྣང་ཞིང་མཆིས་པར་བགྱིས།། བོ་ཀུ་ལ་དང་ཙམ་པ་ཀ། ཐང་ཤིང་ཕྲི་ཡང་གུའི་ཤིང་།། གསེར་བྲོམ་དང་ནི་ཉོ་ཏི་དང་།། སྒྲོན་ཤིང་དང་ནི་ཡོངས ་འདུ་དང་།། ཤིང་ལྡོང་ཚོགས་ཀྱི་འོད་མའི་ཚལ།། དེ་རིང་སྣང་ཞིང་མཆིས་པར་བགྱིས།། ཨ་མྲ་ཏ་ལ་ཀ་པིད་ཐ།། པ་ན་ས་དང་ཙན་དན་དམར།། བང་མངའ་ཤིང་ནི་དྲི་ཞིམ་གྱིས།། ་འོད་མིའི་ཚལ་ནི་དེར་སྣང་བགྱིས།། སྲ་རྩི་ཤིང་མཆོག་པ་རང་ག། ཨད་ཚུ་ཀ་དང་ཀེ་ས་རི།། མྱ་ངན་འཚང་དང་ཙམ་པ་ཀ། དམར་སེར་གྱིས་ནི་འོད་མའི་ཚལ། རེ་རེའང་འབར་ཞིང་མཆིས ་པར་བགྱིས།། རྒྱ་ཤུག་འཛམ་བུ་ཀམ་པ་རི།། སྐྱུ་རུ་བེ་ལ་སེའུ་ཤིང་རྣམས།། ཏོན་ཏུ་ག་དང་པ་ག་ས།། དངར་ཞིང་ཞིམ་པའི་ཤིང་ལྗོན་དང་།། འབྲུ་ཀོའི་ཤིང་ངམ་རྒན་ཤིང་ཚོགས།། བལ ་བུ་དང་ནི་ས་རྟེན་མང་།། མ་ནི་ཀ་ར་དོང་ཀ་དང་།། ཤིང་ལྗོན་ཚོགས་ཀྱིས་འོད་མའི་ཚལ།། དེ་རིང་སྣབ་ཞིང་མཆིས་པར་བགྱིས།། ཨ་ཀ་རུའི་ཤིང་དག་དང་།། ཏ་མ་ལ་འདབ་རབ་མཛེས་དང་། ་གུར་བུམ་དང་ནི་ཕུར་མོ་དང་།། ས་བོན་ཚོགས་ནི་མང་པོ་དང་།། གོར་ཤི་ཤ་དང་ཙན་ངན་དམར།། ཧ་རིའི་ཙན་དན་དུ་མ་དང་།། ཤིང་ལྗོན་ཚོགས་ཀྱིས་འོད་མའི་ཚལ།། དེ་རིང་སྣང་ཞིང་མཆིས ་པར་བགྱིས།། སྐྱེད་མོས་ཚལ་དང་ནགས་ཚལ་དང་། རྫིང་བུ་མཚོ་མང་དག་ན་ཡང་།། དུས་ཚིགས་ཀུན་གྱི་ཨུཏྤལ་ཚོགས།། མེ་ཏོག་རྒྱས་པས་འོད་མའི་ཚལ།། དེ་རིང་སྣང་ཞིང་མཆིས ་པར་བགྱིས།། རིན་ཆེན་ཀུན་གྱི་ཤིང་ལྡན་དང་།། རིན་ཆེན་འཁྲི་ཤིང་ཡོངས་སུ་འཁྲི།། རིན་ཆེན་ཀུན་གྱི་ཨུཏྤལ་གྱི།། མེ་ཏོག་ཚོགས་རྣམས་དེ་རིང་མཛེས།། སངས་རྒྱས་མཐུས་ནི་དེ ་རིང་དུ།། འདི་ལྟར་ཉི་ཟླའི་དཀྱིལ་འཁོར་དག། འཇིག་རྟེན་ཁམས་ནི་མང་པོར་ཡང་།། དཀོན་པའི་ལས་མང་བགྱིད་པར་དགའ།། འཇིག་རྟེན་ཁམས་ནི་མང་པོ་དག། མེ་ལོང་གི་ནི་དཀྱིལ ་འཁོར་ལྟར། སེམས་ཅན་བྱེ་བ་མང་པོ་ཡིས།། འདི་ནི་མཆིས་ཤིང་གསལ་བར་མཐོང་།། ངང་བ་ཁྲུང་ཁྲུངས་ངུར་པར་བཅས།། ཤང་ཤང་ཏིའུ་ནི་མང་པོ་དང་།། ཀ་ར་ན་དརྨ་བྱ་དང་།། དེ ་བཞིན་ཁུ་དབྱུག་ཀུ་ན་ལ།། བུང་བ་མཐའ་ཡས་བུང་བུང་སྒྲོགས།། རྒྱལ་པོའི་ཁབ་ཏུ་དེ་རིང་ནི།། བྱ་རྣམས་རྣམ་པ་དུ་མ་དག། སྐད་སྙན་འབྱིན་ཅིང་སྒྲོགས་པར་བགྱིས།། གནག་པ་དང་ནི་ལྗང་ཀུའི ་མདོག། མདོག་སྡུག་དང་ནི་སྔོ་བ་དང་།། པདྨ་དཀར་པོའི་མདོག་ཅན་གྱི།། དད་མཆོག་གླང་ཆེན་སེང་གེ་རྣམས།། སེང་གེའི་སྒྲ་ནི་སྒྲོགས་བགྱིད་ཅིང་།། རྒྱལ་པོའི་ཁབ་ན་དེ་རིང་མཛེས།། འཇམ ་གླིང་ཡུལ་འཁོར་བཅས་པ་དང་།། ལུང་བར་བཅས་དང་ཚོང་རྡལ་བཅས།། འབྱོར་རྒྱས་ངག་ལ་སེམས་ཅན་རྣམས།། ལྷའི་བདེ་བའི་ལོངས་སྤྱོད་སྤྱད།། སེམས་དགའ་མོས་ཤིང་རབ་ཚིས་ནས། ་སེམས་ཅན་རྣམས་པ་དུ་ཡིས།། ལས་དྲག་པོའི་སྡིག་སྤངས་ནས།། ཡིད་བདེ་རབ་ཏུ་དུལ་བར་འགྱུར།། དེ་རིང་ཁྱོད་ཀྱི་ཞབས་དྲུང་ལྷག། ཕྱག་འཚལ་ནས་དེ་དེ་རིང་དུ།། རྣམ་པ་མང་པོའི ་ཚུལ་གྱིས་འཇུག། ཉེ་གནས་ཆོ་ག་མཆོག་ལ་བཟོད།། སེམས་ཅན་ལྷ་མང་བྱེ་བ་རྣམས།། དམ་པའི་ཆོས་ཀྱི་ཚིག་ཀྱང་སྲུང་།། དམ་པའི་ཆོས་མཆོག་རབ་ཀྱི་ཚུལ།། ངང་ཚུལ་བཟང་པོ་ཉན ་པར་བགྱིད།། ཤིན་ཏུ་མི་ཟད་བདུད་ཀྱི་འཁོར།། དེ་རིང་རབ་ཏུ་གཡོ་བར་གྱུར།། དམྱལ་བའི་ཚོང་དུས་ཕྱེ་ནས་ཀྱང་།། དེ་རིང་ཁྱོད་ཀྱི་ཞབས་དྲུང་ལྷགས། གཞན ་ཡང་ལྷ་མང་བྱེ་བའི་ཚོགས།། གླུ་གར་རྣམ་པ་སྣ་ཚོགས་བགྱིད།། དེ་བཞིན་དུད་འགྲོར་སྐྱེད་པ་ཡི།། སེམས་ཅན་རྣམས་ནི་ཕན་ཚུན་དུ།། མང་དུ་སྒྲ་བགྱིད་ཆགས་པའི་ཚུལ།། འཁོན་པའི ་ཚུལ་སྤངས་ཆོས་ཀྱང་ཉན།། དམྱལ་བ་ཡིད་ནི་སེམས་ཅན་རྣམས།། སྔལ་བསྔལ་མང་པོ་མྱོང་བ་ཡང་།། སྒྲ་སྒྲོགས་ལ་ནི་མང་པོ་མཆོད་ཅིང་། འཇུག་པ་འདི་ནི་ངོ་འཚར་རྨད།། དེ་རིང་མ ་ཤི་ཤས་ཆེར་བསིལ།། ཟས་སྐོམ་དག་གིས་རབ་ཚིམ་ནས།། དི་རིང་བདེ་བ་གཉིད་ཀྱིས་ལོག། དེ་རིང་ལྷ་དང་མི་རྣམས་ཀྱིས།། དེ་འདྲའི་ལས་རྣམས་ཐོབ་པ་དང་།། སེམས་ཅན་རྣམས ་ཀྱིས་དམ་ཆོས་ཚུལ།། སྒྲ་སྒྲོགས་ལ་ནི་མངོན་མཆོད་ཅིང་།། འཇུག་པ་འདི་ནི་མཚར་རྨད་།། བཅོམ་ལྡན་ཚིག་གཅིག་གསུངས་ན་ནི།། ཇི་ལྟར་བློ་དགའ་བཞིན་དུ་སྣ་ཚོགས་རྟོགས། ་ཁྱོད་ནི་སེམས་ཅན་ཀུན་གྱིས་བདེ་མྱོང་བའི།། ཡངས་ཤིང་རྣམ་དག་ཆོས་ནི་སྟོན་པ་མཛད།། སེམས་ཅན་ཐམས་ཅད་ཡིད་བདེ་རབ་དུལ་ཞིང་།། སེམས་ཅན་རབ་དགའ་མཉམ་པར་བྱམས ་པར་སེམས། གཅིག་ལ་གཅིག་ནི་ནོངས་པ་གཤེགས་ནས་ཀྱང་།། མ་དང་བུ་བཞིན་ཆོས་བཞིན་ཉན་པར་བགྱིད།། སེམས་ཅན་ཀུན་ཀྱང་བདག་ཉིད་གཙོར་བགྱིས་ནས།། དེ་རིང་བདག་གི་རང ་བཞིན་བསམ་དགོངས་ནས།། བདག་ལ་ཐུགས་རྩེས་བདག་གི་བསྟན་ཞུས་ནས།། མི་མཆོག་འདུལ་བའི་ཁ་ལོ་སྒྱུར་ཆོས་སྙམ།། དེ་རིང་ལྷ་ཁྱོད་གདན་གཅིག་སྟེང་བཞུགས་ནས།། དམ་ཆོས་སྦྱིན ་གྱིས་མདོ་མཆོག་སྟོན་པར་མཛད།། དེ་རིང་ཆོས་མགོན་རྨད་ལ་བྱིན་གྱིས་བརློབ།། སྐུ་ཡང་མང་ཞིང་གཟུགས་མང་བའི། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། བསྟན་རྣམས་ཀུན་ལ་ཞུགས། ་ནས་ཀྱང་། ཁྱོད་ནི་ཆོས་འདི་སྟོན་པ་མཛད།། ལྷའི་ལྷ་ལ་བདག་དད་ནས།། བདག་ཅག་དེ་རིང་སྐྱབས་སུ་མཆིས། ཁང་པར་གནས་པའི་ལྷ་ཀུན་ནི།། ཀྱེ་མ་མི་རྟག་མི་རྟེན་ནོ།། སྐྱབས་མ ་མཆིས་ཤིང་མགོན་མ་མཆིས།། བསོད་ནམས་ཆུང་ཞིང་སྡིག་པར་བཅས།། གྲུ་རྣམས་རྒྱ་མཚོར་འདུ་བ་ལྟར།། ལྷ་རྣམས་ཐམས་ཅད་ཁྱོད་ལ་རྟེན།། སྐྱབས་མེད་རྣམས་ཀྱི་སྐྱབས་ལགས་ཏེ། ་དེ་བས་ཐུབ་ཆེན་རྟག་པ་ལགས།། མགོན་མེད་རྣམས་ཀྱི་མགོན་ཡང་ཁྱོད།། གཉེན་མེད་རྣམས་ལ་རབ་གཉེན་པ།། བརྟན་པའི་གནས་ན་ཞུགས་པ་སྟེ།། དེ་བས་མི་གཡོ་བརྟན་པ་ལགས། ་ཀུན་གྱི་རྟེན་ཆེན་གྱུར་པ་སྟེ།། སྨན་པ་ཐེར་ཟུག་བདག་ཉིན་ཆེ།། ནད་ཀྱིས་ཐེབས་པའི་སེམས་ཅན་རྣམས།། ལེགས་སྤོང་ཆེ་བའི་བདག་ཉིད་ཅན།། བཅོམ་ལྡན་འདས་ལྷ་བསམ་མི་ཁྱབ། ་དེ་བཞིན་གཤེགས་པ་ཐབས་ཀྱི་སྐུ།། ལྷ་ཡ་ལྷ་སྟེ་ལྷ་ཆེན་པོ།། འཇིག་རྟེན་ཀུན་དང་མཐུན་པར་འཇུག། དཔའ་བོ་ཚོན་པོ་གཙང་བའི་གཙང་།། གཙང་བའི་ཆོས་ནི་རབ་སྟོན་པ།། ཏིང ་འཛིན་གཟུངས་ཀྱི་རྒྱལ་པོ་ཆེ།། དེ་བཞིན་གཤེགས་པ་དེད་དཔོན་ལགས།། བྱང་ཆུབ་སེམས་དཔའ་གཟི་ཆེན་གྱིས།། མཚུངས་མེད་དཔག་གིས་མི་ལང་བ།། རྟག་པའི་ཟླ་བ་ཡོངས་སུ ་བསྐོར།། དཔེ་མེད་བསྐལ་པ་བྱེ་མང་མཛེས།། ཁྱོད་ཀྱི་ཡོན་ཏན་བགྲང་ཡས་འདས།། རིན་ཆེན་འབྱུང་གནས་དེ་བཞིན་གཤེགས།། དཔལ་ཆེན་གཟི་བརྗིད་རྟག་པ་སྟེ།། བསམ་ཡས་སྟོང ་ཀྱི་རྒྱལ་པོ་ལགས།། སེམས་ཅན་ཀུན་ཕན་བསམ་མི་ཁྱབ།། ཀུན་ལ་བྱམས་ཤིང་ཐུགས་རྩེ་བ།། ཐབས་སྲས་སྒྲ་ཅན་ཟིན་བཞིན་དུ།། སེམས་ཅན་ཀུན་སྙོམས་བྱས ་པར་དགོངས།། དེ་རིང་མཉམ་གྱུར་མཉམ་པར་གཟིགས།། མཐུ་ཆེ་སྟོབས་ཀྱང་ཆེ་བ་ལགས།། མི་ཤེས་སྲིད་པའི་མཚོ་ཆེན་ལགས།། དེང་ཁྱེད་བདག་ནི་སྦྲུལ་དུ་གསོལ།། བདག ་ཅག་ཀུན་གྱིས་བཟོད་པ་གསོལ།། དེ་བཞིན་གཤེགས་པས་བཟོད་པར་མཛོད།། དམ་ཆོས་འདུ་སྟོན་ཐོས་ནས་ནི།། དེ་བཞིན་གཤེགས་པའི་ཆེ་བ་རྟོགས།། མ་འཚལ་བ་ནི་སྐྱེ་རེ་མཚར།། ་བདག་གིས་ཡུན་རིང་མི་སྙན་གྱིས།། དེ་བཞིན་གཤེགས་པ་རྟག་མ་འཚལ།། སེམས་ཅན་རྣམས་ནི་ངན་འགྲོར་མཆི།། མ་འཚལ་བ་ནི་སྐྱེ་རེ་མཚར།། བདག་གིས་ཡུན་རིང་འཁོར་བར་བགྱིས།། ་ཡོངས་སུ་མྱ་ངན་འདའ་མཛད་མཉམ།། སེམས་དཔའ་མར་མེའི་ནང་དག་ཏུ།། ཕྱེ་མ་ལེབ་ནི་འཚོང་བ་བཞིན།། བཅོམ་ལྡན་འདས་ཆོས་དེ་བཞིན་དུ།། ཡོངས་སུ་མྱ་ངན་འདས་འགྱུར་མཉམ།། ་དེ་ལྟར་སེམས་པར་བགྱིས་པ་ཡིན། ལྷར་བཅས་འཇིག་རྟེན་འཁོར་བར་འགྱུར།། དེང་བདག་ཡང་དག་མཚན་མཐོང་བ།། ཀྱེ་མ་རྙེད་ཅན་ལེགས་པར་རྙེད། ཁྱོད་ཀྱི་ཞབས་མཆོག་གཟི་བརྗིད་ཀྱིས། ་དམ་ཆོས་ཚིག་སྤྲོས་རྒྱ་མཚོ་ཐོས།། སྨོན་ལམ་བཏབ་ཅིང་བསྒྲུབས་པ་དེས།། དེ་རིང་བདག་གིས་བདུད་རྩི་འཚལ།། བགྱིས་པ་ཆེན་པོ་སོ་སོའི་ལས།། དེ་རིང་བདག་གིས་རྟེན་པར་བགྱིས།། བདག ་གིས་དེ་རིང་ནང་ཞི་ཞིང་།། ནད་མེད་གནོད་པ་མ་མཆིས་ལ།། དེ་རིང་བདག་གིས་གདུང་བ་བསྲབས།། མཆོག་ཏུ་ཡང་ནི་བདེ་བར་འགྱུར།། འཇིག་རྟེན་ཀུན་ལ་ཐུགས་རྩེ་བ།། བཅོམ་ལྡན་སངས ་རྒྱས་བཤད་དུ་གསོལ།། སེམས་ཅན་ཀུན་གྱི་བདེ་སྒྲུབ་པ།། སངས་རྒྱས་བཅོམ་ལྡན་འདས་པའི་ས།། ནད་རྣམས་མ་ལུས་མཛད་པར་གསོལ།། དམ་པའི་ཆོས་བསྟན་ཚུལ་གྱི་གཏེར།། སེམས ་ཅན་དབུལ་པོ་རྣམས་ཀྱི་ནི།། མི་ཟད་པའི་བདུད་རྩིའི་གཏེར།། བཅོམ་ལྡན་སངས་རྒྱས་བཤད་དུ་གསོལ།། རྣམ་པར་སྤྱོད་པའི་ཆོ་ག་ཡི།། ལས་ཀྱི་ཚིག་ནི་སྨོས་པ་རྣམས།། བཅོམ་ལྡན་སདས་རྒྱས ་རྒྱས་པར་མཛོད།། རྟག་ཅིང་བརྟན་པའི་འདྲ་སྟོན་ལ།། སེམས་ཅན་མང་པོ་དགོད་པར་གསོལ།། སྤྲིན་ཆེན་པོའི་མདོ་ལས་ལྷ་ཐམས་ཅད་འདུས་པ་ཞེས་བྱ་སྟེ། ཕུང་པོ་དང་པོའི་ལེའུ་སྟེ། ་རྫོགས་སོ།། །། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ།། དམ་པའི་ཆོས་བསྟན ་པ་སྤྲིན་ཆེན་པོའི་མདོའི་ཚིག་སྨོས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པ་ནི། ཨ་ལ་ལ་ངོ་མཚར་རྨད་དུ་བྱང་། བཅོམ་ལྡན་འདས་ཨ་ལ་ལ། སྤྲིན་ཆེན་པོ་མདོ ་ཡུལ་བསམ་གྱིས་མི་ཁྱབ་སྟེ། ཚེ་འཕྲུལ་ཆེན་པོའི་རྣམ་པར་འཕྲུལ་པ། སེམས་ཅན་ཐམས་ཅད་ཀྱི་མངོན་སུམ་དུ་གྱུར་པ་ལགས་སོ།། སྤྲིན་ཆེན་པོའི་མདོ་བཤད་པར་སྤྲིན་ཆེན་པོའི་ཚོགས ་ཀྱིས། རིན་པོ་ཆེ་ཐམས་ཅད་དང་། བཅུང་ཐམས་ཅད་ཀྱིས་རྒྱས་པའི་ཆར་གྱི་སྤྲིན་གྱི་ཚོགས་བདུད་རྩིའི་སྒྲ་ལས་བྱུང་བ་རྣམས་ཀྱིས། བདུད་རྩིའི་ཆར་ཆེན་པོ་རབ་ཏུ་ཕབ་པོ།། ཨ་ལ་ལ ་དེ་བཞིན་གཤེགས་པ་ནི་བསམ་གྱིས་མི་ཁྱབ་སྟེ། ཡུལ་བསམ་གྱིས་མི་ཁྱབའི་མོངདོ་ཤིན་ཏུ་ལེགས་པར་གསུངས་སོ།། ཨ་ལ་ལ་སེམས་ཅན་ཐམས་ཅད་ནི་བསོད་ནམས་བགྱིས་ལེག་ན། ་ཨ་ལ་ལ་བསོད་ནམས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་སྟེ། སེམས་ཅན་རྣམས་ལྷའི་བདེ་བའི་ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་ལས་ཡོངས ་སུ་སྤྱོད་དོ།། དེ་རིང་སེམས་ཅན་ཐམས་ཅད་ལྷ་རྣམས་དང་ལྷན་ཅིག་ཏུ་རྩེ་བར་གྱུར་རོ།། སྤྲིན་ཆེན་པོའི་གཏེར་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་མི་ཟད་པའི་གཏེར་དུ་གྱུར་པ། བཅོམ ་ལྡན་འདས་བཤད་དུ་གསོལ།། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པ་དང་། ཐེར་ཟུག་པ་དང་། བསྟན་པ་དང་། ཞི་བ་དང་། མཚན་ཉིད་མ་མཆིས་པའི་ཕྱིར་བཅོམ ་ལྡན་འདས་ཀྱིས་དེ་རིངས་དབབ་ཏུ་གསོལ།། སྤྲིན་ཆེན་པོའི་མདོ་ལས་ཏིང་ངེ་འཛིན་དང་། གཟུངས་ཀྱི་ཆུས་རྒྱས་པའི་ཆོས་ཀྱི་སྤྲིན་གྱི་ཚོགས་ཀྱི་འབྲུག་འཁོར་བའི་ཉོན་མོངས་པའི ་ཚོགས་ཀྱི། ནམ་མཁའི་དཀྱིལ་དུ་སྒྲོགས་ཤིང་། དེ་བཞིན་གཤེགས་པ་རྟག་པའི་སྒྲའི་ཚིགས་རྣམས་འབབས་ཏེ། འུར་འུར། ཆེམ་ཆེམ་ཞིང་མཆིས་ལ། དམ་པའི་ཆོས་ནུབ་པར ་མི་འགྱུར་ཞིང་། ཡོངས་སུ་མྱ་ངན་ལས་འདས་པར་མི་འགྱུར་བ་དེ་བཞིན་གཤེགས་པའི་ལྡེམ་པོ་དག་གི་གློག་སྟོན་ཏེ། རྟག་པའི་སྒྲའི་ཚིག་བསིལ་བའི་དེ་ཁོ་ན་དྲག་ཅིང་། མི་ཟད ་པའི་རྒྱུན་གྱི་ཆར་གྱི་ཚོགས་ཀྱིས་ཉོན་མོངས་པའི་སྔབས་ཀྱི་ལམ་རབ་ཏུ་སེལ་བའི་དམ་པའི་ཆོས་ཀྱི་ཆར་ཆེན་རབ་ཏུ་དབབ་ཏུ་གསོལ།། སེམས་ཅན་ཐམས་ཅད་ཀྱི་དོན་སུམ་དུ། དེ ་བཞིན་གཤེགས་པའི་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་སྒྲའི་ཚིག་གི་བཅུད་ཀྱི་རོ་དང་ར་བ་བཞི། རོ་ཤིན་ཏུ་གངའ་བ་ཐམས་ཅད་དང་ལྡན་པའི་ཆོས་ལ ་སྤྱོད་པར་མཛད་དུ་གསོལ།། སྔགས་གསུངས་པའི་ཚིག་སྤྲོས་པ། རྣམ་པར་སྦྱོང་བར་བགྱིས་པ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། སྤྲིན་ཆེན་སྙིང་པོ་ལེགས་སོ་ལེགས་སོ།། འདི་ལྟ་སྟེ་སྤྲིན་ཆེན་པོའི་དངར་བ་བཞི། རོ་ཐམས་ཅད་དང་། འདྲེས་པའི་ཆར་རྟག་ཏུ་འབེབས་པར་འདོད་པས་ནི། སྤྲིན་ཆེན ་པོ་རྡོ་རྗེའི་མདོ་བཟུང་བར་བྱའོ།། གཞན་དག་ལ་རྒྱ་ཆེར་བཤད་པར་བྱའོ།། ཤིན་ཏུ་དགའ་ཡང་བསྐྱེད་པར་བྱའོ།། དེ་ལ་མངོན་པར་བརྩོན་པར་ཡང་བྱའོ།། སྤྲིན་ཆེན་སྙིང་པོའི ་མདོ་ལས་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལགས་པ། རིན་པོ་ཆེའི་མཛོད་ཀྱི་འབྱུང་གནས་ཆོས་ཀྱི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་སྒོ་བཞི་བརྒྱ། ་རྒྱས་པར་ཉོན་ཅིག། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལས་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཅེས་བྱ་བའི་ཏིང་ངེ་འཛིན་གྱི་སྒོ་བཞི་བརྒྱ། རྒྱས་པར་ཉོན་ཅིག ་སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལས་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཆོད་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ།། ཏིང་ངེ་འཛིན་དེ་དེང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རྣམས་ནི། ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་རོ།། ཏིང་ངེ་འཛིན་ཡང་དག་པར་སོགས་པར་ཡང་འགྱུར་རོ།། ཐོས་པ་རྒྱ་མཚོར་ཡང་འགྱུར་རོ།། ཐོས་པ་ཡང་དག ་པར་སོགས་པར་ཡང་འགྱུར་རོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོམ་ཉི་མི་ཟ་ཞིང་། ཡིད་ཉིད་མེད་པ། ཐེ་ཚོམ་ཟ་བར་ཡང་མི་འགྱུར་རོ།། མི་ཁོམ་པ་རྣམས་སྐྱེ ་བར་མི་འགྱུར་རོ།། ཚེ་རབས་དྲན་པར་འགྱུར་རོ།། འཁོར་བའི་ལས་ཀྱི་ཞིང་གི་རྒྱ་མཚོ་ལ་སྲེད་པར་འགྱུརརོ།། ཚེ་རབས་ཐམས་ཅད་དུ་ཐ་ན་རྨི་ལམ་ན་ཡང་སངས ་རྒྱས་མཐོང་བ་དང་འབྲལ་བར་ཡང་མི་འགྱུར་རོ།། དེ་དག་གི་དགེ་བའི་ཆོས་རྣམས་ལ་བར་ཆད་བྱ་བའི་ཕྱིར། བདུད་སྡིག་ཅན་གླགས་ལྟ་བ་དང་། སྐབས་ཚོལ་བས་གླགས་རྙེད་པར་མི་འགྱུར།། ་ང་རྒྱལ་ཆོམས་པར་ཡང་འགྱུར་རོ།། གཟུངས་ཐོབ་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་ལྡེམ་པོ་དག་སྤྱོད་པ་ལ་མཁས་པར་ཡང་འགྱུར་རོ།། ཆོས་ཐམས་ཅད་ཀྱི་གསང་བའི་སྒོར ་འཇུག་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་གཏེར་ཡང་དག་པར་སྟོན་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་ཚུལ་ལ་འཇུག་པར་ཡང་འགྱུར་རོ།། དེ་བཞིན་གཤེགས ་པའི་རྒྱ་མཚོའི་ཆུ་སྲིན་དུ་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་གཞུང་ལུགས་ཀྱི་ནང་དུ་ཡང་ཆུད་པར་འགྱུར་རོ།། དེ་བཞིན་གཤེགས་པའི་སྒྱུ་འཕྲུལ་གསང་བའི་སྲུང་མར་ཡང་འགྱུར་རོ།། ་དེ་བཞིན་གཤེགས་པའི་གསུང་བརྗོད་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་དམིགས་པ་ལ་རྣལ་འབྱོར་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་ཉི་མིའི་འོད་ཟེར་དུ་ཡང ་འགྱུར་རོ།། དེ་བཞིན་གཤེགས་པའི་ཟླ་བའི་དཀྱིལ་འཁོར་གྱི་གཟར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་རྟོག་གི་རྩེ་མོའི་མཆོག་ཏུ་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི ་མཚམས་འཛིན་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་འཕྲིན་ལས་བརྩོམ་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་རྩལ་གྱི་ཤུགས་སུ་ཡང་འགྱུར་རོ།། དེ་བཞིན་གཤེགས ་པའི་མུ་སྟེགས་ལ་ངེས་པའི་པདྨ་དཀར་པོར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་དགེས་པ་ལ་དགའ་བར་ཡར་འགྱུར་རོ།། དེ་བཞིན་གཤེགས་པའི་མཛོད་ཀྱི་བསྐོར་བར་ཡང་འགྱུརརོ།། ་དེ་བཞིན་གཤེགས་པ་ལ་རྟག་པ་ཉིད་དུ་མཐོང་བར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་རྟག་པ་དང་། ཐེར་ཟུག་པ་ཉིད་ཤིན་ཏུ་གསལ་བར་མཐོང་ནས། བདག་ཉིད་བསྔག་པར་བརྗོད་པའི ་རྒྱལ་པོར་འགྱུར་རོ།། དེ་བཞིན་གཤེགས་པ་ནི་ཐེར་ཟུག་པའི་སྐུ་ཡིན་ནོ།། ཞེས་ཟེར་ཟུག་ཏུ་ཡང་སྨྲ་བར་འགྱུར་རོ།། དེ་བཞིན་གཤེགས་པའི་ཞི་བའི་རང་བཞིན་ལ་མངོན་པར་དགའ་བའི་ལྷ ་བ་ཕུན་སུམ་ཚོགས་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ནི་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་ཞེས་རྣམ་པ་ཐམས་ཅད་དུ་ལྟ་བའི་རྒྱལ་མཚོ་ཐམས་ཅད་དུ་ཡང ་འགྱུར་རོ།། དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་ཡིན་ནོ་ཞེས་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་རྡོ་རྗེའི་སྐུ་ནི་མི་ཕྱེད་པའི་སྐུ་ཡིན་ནོ་ཞེས་ཡང་དག་པར་མཐོང་བར་ཡང ་འགྱུར་རོ།། དེ་བཞིན་གཤེགས་པའི་སྐུ་ནི་རུས་པ་མ་ཡིན་ཞིང་། ཤ་མ་ཡིན་ཁྲག་མ་ཡིན་ཏེ། རྒྱས་པ་མ་ཡིན་ནོ་ཞེས་སྟོང་པ་ཉིད་དུ་སྨྲ་བར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་ཆོས ་བསྟན་པ་ནི་འབྲས་བུ་ཡོད་པར་སྨྲ་བར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་ཆོས་བསྟན་པ་ལ་ནི་འབྲས་བུ་མེད་པར་འགྱུར་བ་མེད་དོ་ཞེས་མེད་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ལ ་ནི་བསྟན་དུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་མེད་དོ་ཞེས་གསལ་བར་སྨྲ་བར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་བའི་སེམས་ཅན་རྣམས་ལ་ནི་ཚུལ་ཁྲིམས ་ཉམས་པ་མེད་དོ་ཞེས་ཚུལ་ཁྲིམས་ཀྱི་བསྔགས་པ་བརྗོད་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་བསྟན་པ་ལ་ནི་ནུབ་པར་འགྱུར་བ་མེད་དོ་ཞེས་ནུབ་པར ་མི་འགྱུར་བའི་བསྔགས་པ་བརྗོད་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་རིགས་དང་། རྒྱུད་ད་དག་ཅིང་ཡོངས་སུ་དྲི་མ་མེད་པས་བྱང་ཆུབ་སེམས་དཔའི་ཐབས་ཀྱི་རྒྱུད་ཡིན་ནོ།། ་ཞེས་ལྟ་བ་ཕུན་སུམ་ཚོགས་པར་ཡང་འགྱུར་རོ།། རྟག་ཏུ་འཁོར་བ་ལ་སྡུག་པར་སེམས་པར་ཡང་འགྱུར་རོ།། འཁོར་བའི་བསྔགས་པ་བརྗོད་པར་ཡང་འགྱུར་རོ།། འཁོར་བའི་ཆེད་དུ་རྒྱ ་མཚོར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་རིགས་ལ་མི་དམིགས་པར་འདོད་པར་འགྱུར་རོ།། རྟག་ཏུ་ཉོན་མོངས་པ་ལ་སེམས་པར་ཡང་འགྱུར་རོ།། ཉོན་མོངས་པ་ལ་སྡུག་པར་སེམས་པར ་ཡང་འགྱུར་རོ།། ཉོན་མོངས་པའི་སྒོ་རྣམ་པ་སྣ་ཚོགས་ཐོབ་པ་ལ་དང་ཐོབ་པར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་ཞིང་ལ་སྨོན་ལམ་འདེབས་པའི་སེམས་སུ་ཡང་འགྱུར།། ་ལས་ཐམས་ཅད་ཀྱི་རྩ་བ་ནི་ཉོན་མོངས་པ་ཡིན་ནོ་ཞེས་རྙེད་པ་ལེགས་པར་རྙེད་པར་ཡང་འགྱུར་རོ།། སངས་རྒྱས་ཀྱིས་རྟག་པ་ཉིད་ལ་ཡང་སོམ་ཉི་མི་ཟ་ཞིང་ཡིད་གཉིས་མེད་ལ་ཐེ་ཚོམ་མི་ཟ ་བར་ཡང་འགྱུར་རོ།། འཁོར་བ་ལ་མངོན་པར་དགའ་བར་ཡང་འགྱུར་རོ།། བདག་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་རྟག་ཏུ་དང་བའི་སེམས་སུ་ཡང་འགྱུར་རོ།། བདག་གིས་ཆོས་ཀྱིས ་འཁོར་ལོ་བསྐོར་བར་ཡང་བྱའོ།། བདག་གིས་སེམས་ཅན་རྣམས་དགྲོལ་བར་བྱའོ།། བདག་གིས་སངས་རྒྱས་ཀྱི་གདུང་མི་འཆད་པར་བྱའོ་ཞེས་དམ་མཆའ་ཞིང་སྨོན་ལམ་འདེབས་ཏེ། ་བྱང་ཆུབ་སེམས་དཔའ་དེ་དཔོན་དུ་ཡང་འགྱུར་རོ།། བདུད་ཀྱི་སྨན་པར་ཡང་འགྱུར་རོ།། འགྱུར་བའི་ཉོན་མོངས་པའི་རྒྱ་མཚོ་སྟོན་པ་པོར་ཡང་འགྱུར་རོ།། འཁོར་བའི་ཉོན་མོངས་པའི་ཚོང ་རྡལ་ཐོབ་པར་ལྟ་བར་ཡང་འགྱུར་རོ།། འཁོར་བའི་རྒྱ་མཚོ་ཆེན་པོ་ཐོབ་པར་སྐེམ་པར་ཡང་འགྱུར་རོ།། འཁོར་བ་སྲེད་པར་ཡང་འགྱུར་རོ།། འཁོར་བ་ཐོབ་པ་ལ་རག་ལས་པའི་སེཾས ་སུ་ཡང་འགྱུར་རོ།། འཁོར་བའི་ཐོབ་པ་གཏོང་བར་འགྱུར་རོ།། འཁོར་བའི་ཆུ་ལ་པདྨའི་རྒྱལ་པོ་རྒྱས་པར་ཡང་འགྱུར་རོ།། འཁོར་བའི་ཉོན་མོངས་པའི་རྒྱ་མཚོ་བཞིན་ཡང་འགྱུར་རོ།། རྟག ་བསམ་པ་གཏོང་བ་འཁོར་བའི་ཉོན་མོངས་པ་ལ་རྟག་ཏུ་སྨོན་ལམ་འདེབས་པའི་སེམས་སུ་ཡང་འགྱུར་རོ།། སེམས་ཅན་དམྱལ་བའི་འགྲོ་བར་དགའ་བར་ཡང་འགྱུར་རོ།། སེམས་ཅན ་དམྱལ་བའི་འགྲོ་བ་ལ་སེམས་ཤིང་། རྟག་ཏུ་བསམ་པ་གཏོང་བའི་ངང་ཚུལ་ཡང་འགྱུར་རོ།། སེམས་ཅན་དམྱལ་བའི་ཚོང་རྡལ་གྱི་ཚོང་པར་ཡང་འགྱུར་རོ།། སེམས་ཅན་དམྱལ་བ་ཐོབ ་པ་མི་གཏོང་བར་ཡང་འགྱུར་རོ།། སེམས་ཅན་དམྱལ་བའི་མེ་ལ་སེམས་རྒྱས་པར་ཡང་འགྱུར་རོ།། སེམས་ཅན་དམྱལ་བའི་ཉོན་མོངས་པས་ཉོན་མོངས་པར་གྱུར་པ་རྣམས་ལ་བདེ་ཞིང ་བསིལ་བའི་རླུང་དུ་ཡང་འགྱུར་རོ།། སེམས་ཅན་དམྱལ་བའི་མེ་དྲག་པོ་ལ་སྤྲིན་ཆེན་པོ་ལས་ཆར་འབེབས་པར་ཡང་འགྱུར་རོ།། སེམས་ཅན་དམྱལ་བའི་མེ་ཏོག་ཏུ་ཡང་འགྱུར་རོ།། ་སེམས་ཅན་དམྱལ་བའི་སྟོན་པ་པོར་ཡང་འགྱུར་རོ།། སེམས་ཅན་དམྱལ་བའི་རྒྱ་མཚོའི་མཉམ་པ་ཆེན་པོ་ཡང་འགྱུར་རོ།། སེམས་ཅན་དམྱལ་བའི་སྨན་དུ་ཡང་འགྱུར་རོ།། སེམས་ཅན ་དམྱལ་བའི་ཟས་སུ་ཡང་འགྱུར་རོ།། འཁོར་བའི་སྡུག་བསྔལ་དང་། ཉོན་མོངས་པ་ཐམས་ཅད་ཀྱི་ཟིན་པའི་མུན་པ་མུན་ནག་གནགསྩལ་བའི་ཕྱིར་སྒྲོན་མ་ལྟ་བུར ་ཡང་འགྱུར་རོ།། སྣང་བར་བྱ་བའི་ཕྱིར་མར་མེ་ལྟ་བུར་ཡང་འགྱུརརོ།། སྲིད་པའི་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་མྱུར་དུ་གདུག་པ་རྣམ་པ་སྣ་ཚོགས་ཀྱིས་གོས་པར་མི་འགྱུར་བའི་ཕྱིར། ངར ་སྣང་ལྟ་བུར་ཡང་འགྱུར་རོ།། སེམས་ནམ་མཁའ་དང་མཚུངས་པའི་ཕྱིར། མི་གནས་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་སྟེ། ཡེ་ཤེས་རྒྱ་མཚོ་དང་། ཚུལ ་ཁྲིམས་དང་། ཡེ་ཤེས་དང་ལྡན་པའི་ཕྱིར། ཁ་བའི་ཕུང་པོ་ལྟ་བུའི་ཉོན་མོངས་པ་སེལ་བའི་ཉི་མ་ལྟ་བུར་ཡང་འགྱུར་རོ།། ལེག་པར་སྨྲས་པར་ཡང་དག་པར་བླང་བའི་ཕྱིར། གཞན་གྱིས ་དྲིན་འཇོག་པར་ཡང་འགྱུར་རོ།། ཡེ་ཤེས་རྒྱ་མཚོ་དང་ལྡན་པའི་ཕྱིར། རྒྱ་མཚོ་དུག་ཅན་པ་ལྟ་བུར་ཡང་འགྱུར་རོ།། དཀར་པོའི་ཆོས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཟླ་བ་ལྟ ་བུར་ཡང་འགྱུར་རོ།། གཏི་མུག་གི་མུན་པ་སེལ་བའི་ཕྱིར། ཉི་མ་ལྟ་བུར་ཡང་འགྱུར་རོ།། ཉོན་མོངས་པས་འཁོར་བ་ལ་མངོན་པར་འཇུག་ཅིང་འགྲོ་བའི་ཚེ། བར་སྣང་ལྟ་བུར་ཡཱ ་འགྱུར་རོ།། དེ་དང་དེ་མངོན་པར་རྟོགས་པས། པདྨ་ལྟ་བུར་གོས་པ་མེད་པར་ཡང་འགྱུར་རོ།། སེམས་ནམ་མཁའ་དང་མཚུངས་པའི་ཕྱིར། མི་གནས་པར་ཡང་འགྱུར་རོ།། ཆོས ་ཐམས་ཅད་ལ་ངེས་པར་འབིགས་པའི་ཕྱིར། རྡོ་རྗེ་ལྟ་བུར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་ཐོས་ན་མི་གཡོ་བའི ་ཕྱིར། རི་ལ་ཟུངསང་འགྱུར་རོ།། དེ་བཞིན་གཤེགས་པའི་རིགས་དང་རྒྱུ་ལ། ཡེ་ཤེས་རྣམ་པར་དག་པའི་ཕྱིར། བཻཌཱུརྱལ་བུར་ཡང་འགྱུར་རོ།། ཉོན་མོངས་པའི་རྙོག་པ་སེལ་བའི་ཕྱིར། ་རྒྱ་མཚོ་དྲུག་ཟན་པའི་གསེར་གྱི་བ་བོང་ལྟ་བུར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པའི་རང་བཞིན་མཐོང་བའི་ཕྱིར། ཟླ་བ་ལྟ་བུར་ཡང་འགྱུར ་རོ།། དེ་བཞིན་པའི་ཆོས་ལ་མི་གཡོ་པའི་ཕྱིར་རི་ལྟ་བུར་ཡང་འགྱུར་རོ།། དེ་བཞིན་པའི་ཆོས་ལ། དེ་བཞིན་གཤེགས་པ་བརྟན་དུ་མྱ་ངན་ལས་འདས་ཞིང་ཆོས་ནུབ་པར་མི་འགྱུར་བ་ཐོབ་ན། ་མི་གཡོ་བའི་སྒོའི་ཐེམས་པ་ལྟ་བུར་ཡང་འགྱུར་རོ།། ཡང་དག་པ་མཐོང་བའི་ཕྱིར། སེམས་བརྟན་ཞིང་གནས་པར་ཡང་འགྱུར་རོ།། སེམས་མི་ཆེད་པའི་ཕྱིར། རྡོ་རྗེ་ལྟ་བུར་ཡང་འགྱུར་རོ།། ་མངོན་སུམ་དུ་ཡོན་ཏན་མང་པོ་ཐོབ་པར་ཡང་འགྱུར་རོ།། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་ཡང་ལྡན་པར་འགྱུར་རོ།། མཛེས་པར་ཡང་འགྱུར་རོ།། བལྟ་ན་སྡུག་པར་ཡང་འགྱུར་རོ།། ་བརྐམ་པ་མེད་པར་ཡང་འགྱུར་རོ།། ལུས་ཆུང་ངུར་ཡང་མི་འགྱུར་རོ།། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པར་འགྱུར་རོ།། རིགས་མཐོན་པོར་ཡང་སྐྱེ་བར་འགྱུར་རོ།། རིགས་ཆེན་པོར་སྐྱེ ་བར་འགྱུར་རོ།། འཁོར་མང་བར་ཡང་འགྱུར་རོ།། འཁོར་མི་ཕྱེད་པར་ཡང་འགྱུར་རོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ཉམས་ཤིང་། ཡོངས་སུ་ཉམས་པར་ཡང་མི ་འགྱུར་རོ།། ཁ་ཟས་ལ་རྐམ་པར་ཡང་མི་འགྱུར་རོ།། ཤའི་ཟས་ཀྱང་རྣམ་པར་སྤོང་བར་འགྱུར་རོ།། བློ་གྲོས་དང་ལྡན་པར་ཡང་འགྱུར་རོ།། སྐྱེ་བོ་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་ཆེར་བསྐུར་བར ་ཡང་འགྱུར་རོ།། དྲན་པ་དང་ལྡན་པར་ཡང་འགྱུར་རོ།། གཟི་བྱིན་དང་ལྡན་པར་ཡང་འགྱུར་རོ།། ཤེས་རབ་དང་ལྡན་པར་ཡང་འགྱུར་རོ།། དགའ་བ་དང་ལྡན་པར་ཡང་འགྱུརརོ།། ་འཇིག་རྟེན་དང་མཐུན་པར་འཇུག་པར་ཡང་འགྱུར་རོ།། འཇིག་རྟེན་ལ་ཕན་པར་འདོད་པར་ཡང་འགྱུར་རོ།། འཇིག་རྟེན་ལ་བདེ་བར་ཡང་འགྱུར་རོ།། འཇིག་རྟེན་ལ་མཐུ་བོར་ཡང་འགྱུར་རོ།། འཇིག ་རྟེན་གྱི་གཙོ་བོར་ཡང་འགྱུར་རོ།། འཇིག་རྟེན་གྱི་མཆོག་ཏུ་ཡང་འགྱུར་རོ།། འཇིག་རྟེན་གྱི་རབ་ཏུ་འགྱུར་རོ།། འཇིག་རྟེན་ཐམས་ཅད་ཀྱི་ཕྱག་བྱ་བར་འོས་པར་ཡང་འགྱུར་རོ།། འཇིག་རྟེན་ཐམས ་ཅད་ཀྱིས་མཆོད་པའི་གནས་སུ་ཡང་འགྱུར་རོ།། སྦྱིན་བདག་ཆེན་པོར་ཡང་འགྱུར་རོ།། སྟོབས་ཆེན་པོ་དང་ལྡན་པར་ཡང་འགྱུར་རོ།། དཔའ་བོ་ཆེན་པོར་ཡང་འགྱུར་རོ།། བརྩོན་འགྲུས་ཆེན་པོ་དང་། ་ལྡན་པར་ཡང་འགྱུར་རོ།། བྱིས་པ་སེམས་དང་ལྡན་པར་ཡང་འགྱུར་རོ།། བདེན་པ་སླ་པར་ཡང་འགྱུར་རོ།། བརྟུལ་ཞུགས་བརྟན་པར་ཡང་འགྱུར་རོ།། བརྩོན་འགྲུས་བརྩམས་པར་ཡང་འགྱུར ་རོ། བྱམས་པ་ལ་གནས་པར་ཡང་འགྱུར་རོ།། སྙིང་རྗེ་ལ་གནས་པར་ཡང་འགྱུར་རོ།། དགའ་བ་ལ་གནས་པར་ཡང་འགྱུར་རོ།། བརྟང་སྙོམས་ལ་གནས་པར་ཡང་འགྱུར་རོ།། སྟོང་པའི ་ཚིས་རྣམས་ལ་སྟོང་པ་སྨྲ་བར་ཡང་འགྱུར་རོ།། སྟོང་པ་ཡིན་པའི་ཆོས་རྣམས་ལ་སྟོང་པ་མ་ཡིན་པར་སྨྲ་བར་ཡང་འགྱུར་རོ།། སངས་རྒྱས་ཀྱི་ཆོས་ཀྱི་དོན་རྟགས་སྨྲ་བར་ཡང་འགྱུར་རོ།། ་སངས་རྒྱས་ཀྱི་དེ་ཁོ་ནའི་ཆོས་ཀྱི་ལྟ་བར་ཡང་འགྱུར་རོ།། གཙང་མས་ཕྱུག་པར་ཡང་འགྱུར་རོ།། ཡོན་ཏན་གྱི་ཕྱུག་པར་ཡང་འགྱུར་རོ།། ཚུལ་ཁྲིམས་ཀྱི་ཕྱུག་པ་ཡང་འགྱུར་རོ།། ཆོས ་ཀྱིས་ཕྱུག་པར་ཡང་འགྱུར་རོ།། འཕྲོག་ཏུ་མེད་པའི་རྫས་ཀྱིས་ཕྱུག་པར་ཡང་འགྱུར་རོ།། སྐྱེ་བོ་དབུལ་པོ་སློང་བ་ལ་སོགས་པ་ལ་གཏེར་ལྟ་བུར་ཡང་འགྱུར་རོ།། སྟོང་པ་ཉིད་དང་། མཚན ་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་སྟོན་པ་ན། མི་སྐྲག་མི་དངང་ཞིང་དངང་བར་ཡང་མི་འགྱུར་རོ།། སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་བྱ་བར་སེམས་བསྐྱེད་པ་དེ་དང་། དེར་སྐྱེ ་བར་ཡང་འགྱུར་རོ།། རྙེད་པ་དང་བཀུར་བསྟི་དང་། ཚིགས་སུ་བཅད་པ་དོན་དུ་གཉེར་བར་ཡང་འགྱུར་རོ།། ཚུལ་ཁྲིམས་འཆལ་པ་རྣམས་བསྡུས་ནས། དམ་པའི་ཆོས་ལ་འགོད་པར ་ཡང་འགྱུར་རོ།། ཚུལ་ཁྲིམས་འཚལ་པ་གཡོ་སྒྱུ་ཅན་རྣམས་ལ་ཐོག་རྟོག་ལྟ་བུར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ལ་བྱམས་པ་མི་བཟོ་བ་རྣམས་བྱས་པ་བཟོ་བ་ལ་ཡང་དག་པར་སྦྱོར ་བར་ཡང་འགྱུར་རོ།། མུ་སྟེགས་ཅན་གྱི་གནས་ཐམས་ཅད་དུ་མི་འཕྲོགས་པར་འགྱུར་ཞིང་། སླར་དེ་ལ་ཐམས་ཅད་དང་ལྡན་པར་ཡང་འགྱུར་རོ།། དགེ་སློང་དང་བྲམ་ཟེ་དང་། མུ་སྟེགས ་ཕས་ཀྱི་རྒོལ་བ་མང་པོ་དག་གིས་ཕུགས་རྡུགས་སུ་མི་ཆུད་ཅིང་། སླར་དེ་ལ་ཐབས་ཀྱིས་སྟོན་པར་ཡང་འགྱུར་རོ།། མུ་སྟེགས་ཅན་གྱི་གནས་ཐམས་ཅད་ཀྱི་གསང་ཚིག་རྣམས་ལ་འདུན་པར ་མི་འགྱུར་ཞིང་། སླར་དེ་ལ་ཐབས་ཀྱིས་འདུན་པར་ཡང་འགྱུར་རོ།། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲ་ཟའི་གནས་ཐམས་ཅད་ལ་རྟེན་པར་མི་འགྱུར་ཞིང་། སླར་དེ་ལ་ཐབས་ཀྱིས་ཡང་དག་པར ་རྟེན་པ་ལྟ་བུར་ཡང་འགྱུར་རོ།། ལས་ལ་སྟོན་པར་འགྱུར་གྱི། བཀྲ་ཤིས་དང་རེག་མཚན་ལ་རྟེན་པར་ཡང་མི་འགྱུར་རོ།། སྲོག་གཅོད་པར་བྱེད་ཀྱང་། སྲོག་གཅོད་པ་སྤངས་པར་ཡང ་འགྱུར་རོ།། མེ་ཏོག་འཕྲེང་བ་དང་། ཕྱི་མས་གདན་པ་དང་། ཁྱིམ་པའི་ལོངས་སྤྱོད་ཡོངས་སུ་སྤྱད་པ་རྣམ་པ་དུ་མ་དག་དང་། ཆུང་མ་དང་ལྷན་ཅིག་ཏུ་འདོད ་པའི་ཡོན་ཏན་སྤྱོད་ཀྱང་། ཤིན་ཏུ་ཚངས་པར་སྤྱོད་པར་ཡང་འགྱུར་རོ།། སྲིག་གཅོད་པ་དང་། རྐུ་འཕྲོག་བྱེད་པ་དང་། རྫུན་ཚིག་དང་། ཆང་མཐུང་བ་ལ་སོགས་པ་ལ་བསྟེན་ཅིང་ལས་རྣས ་བྱེད་ལ། བུ་དང་ཆུང་མ་རྣམས་བསྟེན་ཀྱང་ཤིན་ཏུ་ཚངས་པར་སྦེད་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་བརྗོད་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེར་བཀུར་བར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྡུག་པར་བྱ་བའི་སྲས་སུ་ཡང་འགྱུརརོ།། ་དེ་བཞིན་གཤེགས་པ་ཐམས་ཅད་ལ་བཟོ་བའི་མགོ་སྐལ་ལ་སྤྱོད་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་མཚུངས་པའི་ཆོས་ཀྱི་དེ་ཁོ་ན་མཐོང་བར་ཡང་འགྱུར ་རོ།། སངས་རྒྱས་ཐམས་ཅད་དང་། ཡེ་ཤེས་ཀྱི་ཡང་དག་པར་རྟོག་པ་མཚུངས་པར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་ཆོས་གསང་བ་རྣམ་པ་མ་པོ་ལུང་བསྟན་པའི་ཡུལ། ་ལ་སྤྱིས་བརྩན་པའི་རྒྱལ་པོར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་གསང་བའི་ཆོས་སྟོན་པ་རྣམ་པ་དུ་མ་བརྗོད་པར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱིས་བཞེད ་པའི་ང་རྒྱལ་ལ་གནས་པའི་ཡུལ་ལ་གནས་པར་མཁས་པར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་འདོད་ཆགས་མེད་པ་དང་། དྲི་མ་མེད་པ་དང་། བདག་དང་སེམས་ཅན་མེད ་བ་དང་། འཇིགས་པ་མེད་པ་གསང་བ་རྣམ་པ་མང་པོའི་ཆོས་སྟོན་པའི་རང་བཞིན་དག་ལ་རིག་པོ་ཆེ་ལྟ་བུར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་འདུལ་བའི་དབང་མི ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པའི་ཆོས་ཀྱི་ཚོགས་ཐམས་ཅད་ལ་འཇུག་པ་ཡང་དག་པར་འགྱུར་རོ།། སངས་རྒྱས་ཐམས་ཅད་ཡུན་རིང་པོ་བསྐལ་པ་བྱེ ་བགྲངས་མེད་པ་མང་པོ་ནས་རྒལ་ནས་ཉོན་མོངས་པའི་རྒྱ་མཚོ་ལས་སྒྲོལ་བར་མཛད་པའི་གསང་བ་ཐམས་ཅད་ཀྱི་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི ་སེམས་ཅན་འདུལ་བའི་དབང་གིས་ཉོན་མོངས་པའི་རྒྱ་མཚོར་སྐྱེ་བ་བརྟེན་ཏེ་སྦལ་ནས་སྒྲལ་བར་བྱའོ།། གྲོལ་ནས་དགྲོལ་བར་བྱའོ།། སྙམ་ནས་བསྟན་པའི་གསང་བའི་ཁྱད་པར ་གྱི་སྒོའི་རང་བཞིན་དག་མཐོང་བར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་ཡུན་རིང་པོ་བསྐལ་པ་བྱེ་བ་བགྲངས་པ་མང་པོ་འདས་པ་ནས་བདུད་བྱེ་བ་རབ་ཏུ་བཅོམ་པའི་རྣམ་པ ་གསང་བའི་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་སེམས་ཅན་འདུལ་བའི་དབང་གིས། བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་འདུལ་བའི་ཁྱད་པར་གྱི་སྒོའི་རང་བཞིན ་སྟོན་པ་ལྟ་བུར་བཅོས་ལེགས་པར་མཐོང་བར་ཡང་འགྱུར་རོ།། ཐབས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ལྟ་བུར་བཅོས་པའི་དེ་ཁོ་ན ་མཐོང་བར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་རོལ་པའི་གསང་པའི་རྒྱལ་པོའི་མཆོག་ཏུ་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ་གྱིས་མི་ཁྱང་བ། མཚུངས ་པ་མེད་པ་མེད་པ། གྲངས་མེད་པ། དཔག་ཏུ་མེད་པ། བགྲངས་པ་ལས་འདས་པ་ལ་བགྲངས་པའི་རྒྱལ་པོར་ཡང་འགྱུར་ཏེ། སྤྲིན་ཆེན་སྙིང་པོ་ཏིང་ངེ་འཛིན ་དང་པོ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་ཞིང་དང་། ཏིང་ངེ་འཛིན་ཡང་དག་པར་ཡང་སོགས ་པར་འགྱུར་རོ།། སྔ་མ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ་གྱིས་མི་ཁྱད་པ་མཚུངས་པ་མེད་པ། དེ་པེ་མེད་པ། གྲངས་མེད་པ། དཔག་ཏུ་མེད་པ། བགྲངས ་བ་ལས་འདས་པ་ལ་བགྲངས་པའི་རྒྱལ་པོར་འགྱུར་རོ།། སྤྲིན་ཆེན་སྙིང་པོ་གཞན་ཡང་། སྤྲིན་ཆེན་པོའི་མདོ་ཡུལ་བསམ་གྱིས་མི་ཁྱབ་པ་ལ། དེ་བཞིན་གཤེགས་པ་རྣམས ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི། ཏིང་ངེ་འཛིན་སྨན་པ་སྟོན་པའི་རླུང་ཟབ་མོའི་རྣམ་པར་ཐར་པ་ཞེས་བྱ་བ་ཡོད་དོ།། ཏིང་ངེ་འཛིན་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་རྣམས་ནི།། ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་རོ།། སྔ་མ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ་གྱི་མི་ཁྱབ་པ། མཚུངས་པ་མེད་པ། ་དཔེ་མེད་པ། གྲངས་མེད་པ། དཔག་ཏུ་མེད་པ། བགྲངས་ལས་འདས་པ་ལ་བགྲངས་པའི་རྒྱལ་པོར་ཡང་འགྱུར་རོ།། སྤྲིན་ཆེན་སྙིང་པོ།། ཏིང་ངེ་འཛིན་གཉིས་པ་འདི ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་རོ།། སྔ་མ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ ་གྱིས་མི་ཁྱབ་པ་དང་། མཚུངས་པ་མེད་པ། དཔེ་མེད་པ། གྲངས་མེད་པ། དཔག་ཏུ་མེད་པ། བགྲངས་པ་ལས་འདས་པ་ལ་བགྲངས་པའི་རྒྱལ་པོར་ཡང་འགྱུར་རོ།། ཏིང་ངེ ་འཛིན་ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ། ཡེ་ཤེས་ཀྱི་གནས་ཟ་མོའི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སངས་རྒྱས་ཀྱི་སྨན་གཤོང་ལ་གནས་པའི་རྣམ་པར ་ཐར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔའ་བའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔའ་བོའི་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔའ་བའི་རྣམ ་པ་ལ་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མེ་ཏོག་གི་དྲི་ལྟར་གསུང་ཞིམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཞི་བའི་འོད་ཟེར་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ་མཐའ་ཡས་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དོན་གསང་བ་ཟབ་མོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དོན་ལ་དགའ་བ་ཟབ་མོའི་རྣམ་པར་ཐར་པ་ཞེས་བྱ་བའི་ཏིང་ངེ ་འཛིན་དང་། དོན་གྱི་སྟོབས་ཀྱི་རྣམ་པར་ཐར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཤིང་ས་ལ་ཅན་འཇོམས་པར་བྱེད་པའི་ཏིང་ངེ་འཛིན་དང་། གང་གི་བྱེ་མའི་སྒོ་ཞེས་བྱ་བའི ་ཏིངེ་འཛིན་དང་། མདུད་པ་ཐམས་ཅད་ལས་གྲོལ་བར་བྱེད་པ་ཞེས་བྱ་བའི་ཏིངངེ་འཛིན་དང་། ཐམས་ཅད་དང་མཚུངས་པར་བརྟན་པར་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དེ་ཁོ་ན་འཛིན་པ ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱ་མཚོའི་དུས་ཚོད་ལས་འདས་པའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྩ་བའི་སྟོབས་ལ་རྣམ་པར་ཐར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ་བདུད་བྱེ་བ་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཚུལ་ཁྲིམས་བརྟན་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིའི་རྒྱལ་པོ་ལྟར་གནས་པ་ཞེས ་བྱ་བའི་ཏིང་ངེ་འཛིན་དང་། ཚུལ་རབ་ཏུ་བརྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་ལྡིང་གི་ཤུགས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆུ་ལྟར་འབེབས་པ་ཞེས་བྱ་བའི་ཏིང་ངེ་འཛིན ་དང་། རྒྱ་མཚོ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དྲི་མ་མེད་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་འཇིགས་པའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན ་དང་། སྒྱུ་མ་མཁན་གྱིས་བུད་མེད་སྤྲུལ་བ་ལྟ་བུའི་རྣམ་པར་ཐར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གློག་མཆོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གློག་འགྱུར་བ་ཞེས་བྱ་བའི་ཏིང་ངེ ་འཛིན་དང་། གཟི་བརྗིད་ཀྱི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། བློ་གྲོས་མི་ཟད་པའི་འཕྲེང་ལྡན་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ལྟར་བློ་གྲོས་མི་ཟད་པའི་ཆུ་ཞེས་བྱ ་བའི་ཏིང་ངེ་འཛིན་དང་། རྒྱུན་མང་པོའི་འོད་འཕྲེང་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ས་བོན་ལྟ་བུར་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བློ་གྲོས་རྒྱ་མཚོའི་མཐའ་ཞེས་བྱ་བའི་ཏིང་ངེ ་འཛིན་དང་། མྱོང་བའི་ཡན་ལག་ལ་ཆགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དད་པས་རྣམ་པར་གྲོལ་བ་ལ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱུ་དང་རྐྱེན་དུ་ལྡན་པ་ཞེས ་བྱ་བའི་ཏིང་ངེ་འཛིན་དང་། ལས་དང་འདྲ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆགས་པའི་མཐུ་ཆེ་བ་ཞེས་བྱ་བའི་ཏིང ་དང་། བཻ་ཌཱུརྱའི་རྩེ་མོའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལྷུན་པོའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདུད་རྩིའི ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉི་མ་འཆར་ཀ་ལྟར་ཞེས་བྱ་བའི་ཏིང་ངེ་འཛིན་དང་། པད་མ་ལྟར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡུལ་གཙོ་བོར་བྱེད་པ་ཞེས་བྱ་བའི་ཏིང ་ངེ་འཛིན་དང་། ཐམས་ཅད་ཀྱི་ཡན་ལག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱ་མཚོ་འཁྲུགས་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཐམས ་ཅད་ལ་ཚོད་རན་པར་འདོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བུད་མེད་ཀྱི་གཙུག་གི་ནོར་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བུད་མེད་ཀྱི་འཁོར་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རི་དགས ་སྦྲེངས་པའི་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྲ་བར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྗེའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བློ་གྲོས་འཕགས་སྐྱེས་ཞེས་བྱ་བའི་ཏིང་ངེ ་འཛིན་དང་། ཤུགས་འཛིན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། འབབ་ཆུའི་རྒྱུན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲོལ་བའི་བློ་གྲོས་མང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲ་དགའ་བར ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣང་བའི་འོད་ཅེས་བྱ་བའི་ཏིང་འཛིན་དང་། མུན་པ་ལས་རྣམ་པར་གྲོལ་བར་བྱེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱ་མཚོའི་སྙིང་པོ་བློ། ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མར་མེ་རབ་ཏུ་བསྔགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཏི་སོའི་གངས་ལྟ་བུའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ད་ལྟར་བྱུང་། ་བའི་སྣང་བའི་རྣམ་པར་ཐར་པའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མཉམ་པའི་ཆུའི་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། པདྨའི་སྙིང་པོ་ཞེས་བྱ ་བའི་ཏིང་ངེ་འཛིན་དང་། འོད་ཀྱིས་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མེ་ཏོག་ཁམ་བྱེ་བ་མཛེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀ་ཤིའི་མེ་ཏོག་གི་མདོག་ཅན་ཞེས ་བྱ་བའི་ཏིང་ངེ་འཛིན་དང་། ཆགས་པ་ལས་རྣམ་པར་གྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡང་དག་པར་བརྗོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དམིགས་པ་དང་བཅས ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔེས་རིག་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕུང་པོ་ཐམས་ཅད་ཀྱི་འཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀླུའི་རྒྱལ ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྟག་ལྟར་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རླུང་གི་སྟོབས་དང་མཚུངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རླུང་གི་ཤུགས ་ཀྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཁ་དོག་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤོས་དྲི་ཞེས་བྱ་བའི ་ཏིང་ངེ་འཛིན་དང་། མཚན་མའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཁ་དོག་གི་བློ་གྲོས་ཀྱི་མདོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཉེས་པ་འཇོམས་པའི་རྒྱལ་པོ་ཞེས ་བྱ་བའི་ཏིང་ངེ་འཛིན་དང་། པདྨའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྟོབས་ཀྱི་ཕྱོགས་ཀྱི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཏི་མུག་སྒྲོལ་བྱེད་གསོ ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་གྱི་སྟོབས་ཤེས་བྱ་བའི་ཏིང་ངེ་འཛིན་དང་། རིན་པོ་ཆེའི་ཆུས་སྙམ། ་པར་བྱེད་པའི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྱིས་བརྩན་པའི་སྟོབས་ཤེས་བྱ་བའི་ཏིང་ངེ་འཛིན་དང་། ཉི་མའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་དྲི ་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱ་མཚོའི་དུས་ཚོད་མཛེས་པ་ཤེས་བྱ་བའི་ཏིང་ངེ་འཛིན་དང་། དམིགས་པའི་དུས་ཆོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཉོན་མོངས ་པའི་དྲི་མ་འཇོམས་པ་རྣམས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བསིལ་བའི་ཆར་པའི་དུས་ཚེད་འཛིན་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཨ་མྲའི་མེ་ཏོག་ཅེས ་བྱ་བའི་ཏིང་ངེ་འཛིན་དང་། གཞུང་ལུགས་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངང་ཚུལ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དུང་གི་འོད་ཅེས་བྱ་བའི ་ཏིང་ངེ་འཛིན་དང་། དུས་ཚིགས་ཀྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མདངས་ཤིན་ཏུ་དཀར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མཚམས་བཟང་པོ་ཞེས་བྱ་བའི་ཏིང ་ངེ་འཛིན་དང་། རང་གི་ས་ན་གནས་ཤིང་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆུའི་དུས་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཨུཏྤ་ལའི་དྲི་ལྟར ་གསུང་ཞིམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྗེན་པའི་བཅུད་སྦྱིན་པའི་རྣམ་པར་ཐར་པའི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ་མི་འགུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆུའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པར་དག་པའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ་རི་བོ་ཐམས་ཅད་ཀྱི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྟོབས་ཀྱི་ནོར་བུའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངན་སྤོང་དང་ཁར་བ་ཅན་རྣམ་པར་ཐར་པར་བྱེད་པ་ཞེས་བྱ་བ ་ཏིང་ངེ་འཛིན་དང་། རླུང་གི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་དམིགས་པ་ཞེས་བྱ་བའི་ཏིང་ངེ ་འཛིན་དང་། སྣང་བའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཐོག་ཏོག་དུས་ཆོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་པོའི་སྙིང་པོ་དྲ་བ་ཅན་གྱི་རྣམ་པར་འཕྲལ་པ་ཞེས་བྱ་བའི ་ཏིང་ངེ་འཛིན་དང་། ཡུལ་གྱི་ནང་མཐོང་བར་བྱེད་པའི་ཆོས་ཀྱི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡུལ་གྱི་སྟོབས་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་བཀྲ་ཤིས་ཤེས་བྱ ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་སྟོབས་ཤེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་སྟོབས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལེགས་པའི་དོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགའ ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རབ་ཏུ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱི་སྟོབས་ཆེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀ་ཏ་ཀའི་འབྲས་བུ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛི ་དང་། དཔའ་བར་འགྲོ་བའི་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པར་རྒྱལ་བའི་སྟོབས་ཀྱིས་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་འཕྲོ་མཆོག་གི་བློ་གྲོས་ཅན་ཞེས་བྱ ་འགྲམ་དུ་འགྲོ་བ་ཞེས་བྱ་བའི་ཏིངངེ་འཛིན་དང་། ་བའི་ཏིང་ངེ་འཛིན་དང་། སྟོབས་ཀྱི་མི་ཟད་པའི་རྣམ་པར་ཐར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཕགས་པའི་སྟོབས་ཤེས་བྱ་བའི་ཏིང་ངེ་འཛིན་དང་། ལུས་སྲུང་བ་མི་ཟད་པའི་བློ་གྲོས་ཅན ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལུས་སྲུང་ཞིང་མདོག་གི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཁྲི་ཤིང་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲ་སྙན་རྒྱལ་པོ་ཞེས་བྱ་བའི་ཏིང ་ངེ་འཛིན་དང་། འགྲོ་བའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རིན་པོ་ཆེ་དཔལ་དུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལུས་གཙང་ཞིང་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ་གཙང་མའི་སྙིང་པོ་མངངས་དཀར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཙང་ཞིང་གཙང་སྦྲའི་རིན་པོ་ཆེའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགའ་ཞིང་དང་བར་གྲགས་པ་ཞེས་བྱ ་བའི་ཏིང་ངེ་འཛིན་དང་། སེམས་ནམ་མཁའ་དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཅོད་པན་རྣམ་པར་འཕྱང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྟོབས་བླ་ན་མེད་པ་ཞེས་བྱ་བའི ་ཏིང་ངེ་འཛིན་དང་། རྗེས་སུ་བསྲུང་བའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྗེས་སུ་ཆགས་པ་ཟབ་མོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྟོབས་ཟློག་པའི་བློ་གྲོས་ཅན་ཞེས་བྱ་བ ་ཏིང་ངེ་འཛིན་དང་། འོད་དལ་གྱི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བརྩོན་འགྲུས་ཡིད་དུ་འོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མ་སྐྱེས་པའི་འོད་ཟེར་ལེན་པ་ལ་གནས་པ་ཞེས ་བྱ་བའི་ཏིང་ངེ་འཛིན་དང་། དམིགས་པའི་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དམིགས་པ་གཙང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རླུང་ལྟར་མགྱོགས་པ་ཞེས་བྱ་བའི ་ཏིང་ངེ་འཛིན་དང་། དཔལ་གྱི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུན་ཏུ་རླུང་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱ་མཚོའི་རླབས་དྲི་མ་མེད་པ་ཞེས། ་བྱ་བའི་ཏིང་ངེ་འཛིན་དང་། བདེ་བའི་སྟོབས་ཀྱིས་མིག་འཛུམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མིག་མི་འཛུམ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མིག་མི་འཛུམ་པར་སྣང་བའི ་གནས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཉིད་ཐུལ་བའི་མིག་གི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངེས་པའི་རྩེ་མོའི་ཁྱད་པར་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འདྲིན ་པའི་སྟོབས་ཀྱིས་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཡོ་ཞིང་མདངས་དཀར་བའི་རྣམ་པར་རྒྱལ་བའི་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུ་མུ་དའི་ཟ་བའི་རྒྱལ་པོ་ཞེས་བྱ་བ། ་ཏིང་ངེ་འཛིན་དང་། ཀུ་མུ་དའི་ལེགས་པར་བསྲུངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཙན་དན་ལྟར་བདེ་ཞིང་བསིལ་བའི་རླུང་གི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀེ་ཏ་ཀའི་མེ་ཏེ། ་རབ་ཏུ་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སའི་འཕྲེང་བའི་གནས་ཀྱི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ད་ལྟར་བཞུགས་པའི་སངས་རྒྱས་མངོན་སུམ་དུ་ཞུགས་པའི ་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དུས་ཆོད་བཟང་པོ་ལ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདེ་འགྲོ་བརྟན་པའི་མཚོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་ཐམས་ཅད་ཀྱི ་དུས་ལ་མཁས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་ཐམས་ཅད་ལ་ཐེ་ཚོམ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྩི་སྨན་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྩི་སྨན་ཆེན་པོ ་སྟོབས་ཤེས་བྱ་བའི་ཏིང་ངེ་འཛིན་དང་། རྩི་སྨན་ཆེན་པོའི་ཡན་ལག་ཐམས་ཅད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བསིལ་བ་ཆེན་པོ་ཞི་བའི་རྒྱ་མཚོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ་བསིལ་ཞིང་ཞི་བའི་སྟོབས་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཞི་བའི་སྟོབས་རྒྱས་པར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆུ་འབྲེས་པའི་ཆར་གྱི་སྟོབས་ཤེས་བྱ་བའི་ཏིང་ངེ ་འཛིན་དང་། དབང་པོ་རྟོག་གི་མཚན་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྟོག་གི་དཔལ་གྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནོར་བུའི་ཆུའི་དྲ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ་ལུས་ཀྱི་མཆོག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བསམ་གཏན་གྱི་མེ་ཏོག་ཁ་བ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བུང་བའི་སྤོས་ཀྱི་སེར་བུའི་མེ་ཏོག་ཅེས་བྱ་བའི་ཏིང ་ངེ་འཛིན་དང་། ནགས་ཀྱི་མཚམས་མཛེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནགས་སུ་འགྲོ་བ་ཡིད་དུ་འོང་བ་ཞེས་བྱ་བའི་ཏིང་འཛིན་དང་། ནགས་སུ་དགའ་ཞིང་ཡིད་དུ་འོང་བས་རྒྱས་པ ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱིས་རྒྱན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་འདོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གསེར་ལྟར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ་ཡེ་ཤེས་དག་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། པདྨའི་ལུས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉི་མའི་སྙིང་པོ་འདོང་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བའི་རྒྱལ་པོ་འདོད་པ། ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟླུམ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོང་ཟེར་གྱི་འཕྲེང་བའི་འོད་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ་འོད་ཟེར་གྱིས་བསྲུངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་གྱི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་གྱི་དུས་ཆོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ་འོད་ཟེར་གྱི་བརྩོན་འགྲུས་ཀྱི་གཟི་བརྗིད་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱི་ལྕགས་ཀྱུས་བསྒྱུར་བའི་སྤོས་ཀྱི་གླང་པོ་ཆེའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ་ཅང་ཤེས་ཀྱི་གཙུག་ཕུང་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱགས་པས་དཔལ་ཞིང་དྲག་པོའི་སྟོབས་ཀྱིས་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྦྲང ་རྩི་བྱེད་པའི་བུང་བ་སྐད་སྙན་པ་རྒྱགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བྱའི་སྤྱོད་ཡུལ་གྱི་དུས་ཆོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་པོ་ཡུལ་འཁོར་གྱིས་སའི་རྣལ་འབྱོར་པ་ཞེས་བྱ ་བའི་ཏིང་ངེ་འཛིན་དང་། རྒྱགས་ཤིག་མྱོས་པའི་སེམས་ཀྱིས་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྩ་བའི་སྟོབས་ཀྱི་ཏོག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན ་དང་། གྲགས་པའི་རྒྱལ་མཚན་གྱི་སྙན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཁྱད་པར་དུ་འཕགས་པའི་ཆོ་ག་ལ་རབ་ཏུ་སྒྲིམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྟག་གི་མིག་འཛུམ་པའི ་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉི་མ་དང་མེ་ལྟ་བུའི་རྣམ་པར་འཕྲུལ་པའི་གཞོན་པའི་ལུས་ཤེས་བྱ་བའི་ཏིང་ངེ་འཛིན་དང་། དགའ་བ་རྒྱལ་པོའི་ཁྱིམ་གྱི་གནས་ཀྱི་ཡོན་ཏན ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་དྲི་མ་མེད་པའི་ལས་ཀྱི་ཆོ་གར་བྱ་བའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔེར་བྱ་བ་ཀུན་ནས་སྦས་པའི་རྒྱལ་པོ་ཞེས ་བྱ་བའི་ཏིང་འཛིན་དང་། སྒྲོན་མ་འབར་བའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྦྱོར་བ་ལ་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལུས་མཆོག་ཏུ་དགའ་བ་ཞེས་བྱ་བའི་ཏིང ་ངེ་འཛིན་དང་། དྲན་པ་ཅན་གྱི་ལུས་ལ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དྲན་པ་ཅན་གྱི་འོད་ཟེར་གྱི་རྒྱལ་པོའི་ལུས་ཤེས་བྱ་བའི་ཏིང་ངེ་འཛིན་དང་། ཚུལ་ཁྲིམས་དང་དུལ་བ་ལ ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགའ་བ་དང་རབ་ཏུ་དགའ་བའི་སྟོབས་ཀྱིས་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བྱམས་པ་ལ་དམིགས་པའི་རྒྱ་མཚོའི་དུས ་ཆོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། བཟོད་པའི་སྟོབས་ཤིན་ཏུ་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བརྩོན་པའི་རྣམ་པར་འཕྲུལ་པའི་རླུང་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མཐའ ་མར་གྱུར་པའི་ཆོས་ལ་བརྩོན་པར་བྱ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའི་རང་བཞིན་རྣམ་པར་དག་པའི་དུས་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དཔའ་བོ་ཆེན་པོའི་སྙིང་པོ་ལ་གུས ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ས་བོན་ཆེན་པོའོའི་ཞིང་ལ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱི་མུ་སྟེགས་ཀྱི་འདུ་སྟོན་བྱ་བའི་ཏིང་ངེ་འཛིན་དང་། ཕྱག་རྒྱའི་ཕྲེང་བ ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བྱ་བ་བྱུང་ན་སངས་རྒྱས་མངོན་སུམ་དུ་ཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱི་བྱ་བ་བྱུང་ན་སངས་རྒྱས་མངོན་མྱུ་དུ་ཞུགས་པ་ཞེས་བྱ ་བའི་ཏིང་ངེ་འཛིན་དང་། ཐམས་ཅད་བདེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བསོད་ནམས་ཐམས་ཅད་ཀྱི་ལུས་ཀྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བར་སྣང་གི་གནས་སུ ་བྱུང་བའི་སངས་རྒྱས་སྒྱུ་འཕྲུལ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བྲག་ཆའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཉིད ་ལས་སད་པའི་སེམས་ཐོབ་པའི་གནས་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདག་ཉིད་ཤི་བ་ལྟ་བུའི་རྣམ་པར་འཕྲུལ་པར་གྱུར་ཅིང་ཁྱད་པར་དུ་འཕགས ་པ་ཐམས་ཅད་རབ་ཏུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཇིག་རྟེན་གྱི་རྗེས་སུ་མཐུན་པའི་བྱ་བ་བྱུང་ན་སངས་རྒྱས་མངོན་སུམ་ཞུགས་པར་རབ་ཏུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང ་རྡུལ་དང་རྡུལ་ཕྲན་ཐམས་ཅད་ལ་བཅོམ་པ་མེད་པའི་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདག་ཉིད་སྟོན་པའི་མར་མེ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རང་གི་སྐྱེ་གནས་ལ་རྨོངས་པ ་ལ་བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྐྱེ་གནས་ཐམས་ཅད་དུས་སླབ་པར་བྱ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆུའི་ཆུ་བུར་གྱི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆུའི་དབུ་བ ་རབ་ཏུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་མཉམ་པ་དང་མཉམ་པའི་ཡེ་ཤེས་རྟག་ཏུ་རབ་སྟོན་པའི་རྣམ་པའི་སྒྲོན་མ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བརྩོན་འགྲུས་ཀྱི་ཆོ་ག་ཞར ་ལ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་མེ་ལོངས་གི་དཀྱིལ་འཁོར་དང་། རབ་ཏུ་ཕྲད་པར་སྟོན་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིགས་དང་ལུས་ཡིད་དུ་འོང་བའི་སྒྲོན ་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དུད་འགྲོའི་སྐྱེ་གནས་སུ་སྨོན་པའི་སེམས་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དུད་འགྲོ་སྐྱེ་གནས་སུ་མངོན་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ་དུད་འགྲོའི་སྐྱེ་གནས་སུ་རབ་ཏུ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དུད་འགྲོའི་སྐྱེ་གནས་སུ་མངོན་པར་ཆགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དུད་འགྲོའི་སྐྱེ་གནས་ཐམས་ཅད ་དུ་གོས་པ་མེད་པར་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་དམྱལ་བར་འཇུག་པ་མངོན་པར་བསྔགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་དམྱལ ་བར་མངོན་པར་དགའ་ཞིང་རབ་ཏུ་མོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་དམྱལ་བས་གོས་པ་མེད་པར་བྱ་བ་ལ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང ་སེམས་ཅན་དམྱལ་བས་གོས་པ་མེད་པར་བྱ་བ་ལ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བེདེ་བླག་ཞི་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཐམས་ཅད ་ཀྱི་གནས་ཀྱི་དས་ཚོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། བསོད་ནམས་ཀྱི་ཀླུང་འབབ་པའི་མཚོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དག་བྱེད་ཀྱི་ཀླུང་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དག་བྱ། ་ཀྱི་བསོད་ནམས་བསགས་པར་འགྲོ་བའི་སྟོབས་ཤེས་བྱ་བའི་ཏིང་ངེ་འཛིན་དང་། དག་བྱེད་ཀྱིས་པདྨ་དཀར་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངག་བྱེད་ཀྱི་པདྨ་ཞེས་བྱ་བའི་ཏིང་ངེ་འཛི ་དང་། མུ་སྟེགས་ཀྱི་བཀྲ་ཤིས་ཀྱི་གནས་ཤེས་བྱ་བའི་ཏིང་ངེ་འཛིན་དང་། མུ་སྟེགས་ཀྱི་བཀྲ་ཤིས་བསྔགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མུ་སྟེགས་ཀྱི་བཀྲ་ཤིས་ཉན ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྨི་ལམ་གྱི་བཀྲ་ཤིས་ཐོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྨི་ལམ་གྱི་དཀྲ་ཤིས་བསྔགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྨི་ལམ་གྱི་བཀྲ་ཤི ་ཐོབ་པ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྨི་ལམ་བཀྲ་ཤིས་པར་བྱ་བའི་ཏིང་ངེ་འཛིན་དང་། ཡང་དག་པའི་བཀྲ་ཤིས་རྒྱས་པའི་རྒྱལ་པོ་ཞེས་བྱ་བའི ་ཏིང་ངེ་འཛིན་དང་། རྒྱས་པར་ཡངས་པ་ཤེས་པ་ལ་རབ་ཏུ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རླུང་གི་མཚམས་བསྔགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྦྱོར་བ་བྱས་ཀྱང་རུང་མ ་བྱས་རུང་སྟེ། གྲུབ་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉེ་བར་གནས་པའི་མཆོག་གིས་བརྟུལ་ཞུགས་ལ་ངེས་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིམ ་དང་། ཉེ་བར་གནས་པ་བསྔགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉེ་བར་གནས་པ་དེ་ཁོ་ནའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉེ་བར་གནས་པའི་དེ་ཁོ་ན་ཐོབ་པས་རབ་ཏུ་ཞི་བར ་བྱེད་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྟག་ཏུ་ཉེ་བར་གནས་པ་ལ་འཇུག་པའི་གསང་བ་ཤིན་ཏུ་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྟག་ཏུ་ཉེ་བར་གནས་པ་ལ ་མངོན་པར་ཆགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྟག་ཏུ་ཉེ་བར་གནས་པ་ལ་རབ་ཏུ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྟག་ཏུ་ཉེ་བར་གནས་པའི་ཕྱི་མས་ཀླུབས་པ་ཞེས ་བྱ་བའི་ཏིང་ངེ་འཛིན་དང་། རྟག་ཏུ་ཉེ་བར་གནས་པ་ཤིན་ཏུ་བསིལ་བའི་ཏ་མ་ལའི་ལོ་མ་སྤོས་ཀྱི་བསྒོམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྟག་ཏུ་ཉེ་བར་གནས་པའི་བདུག་པས་གདུ ་ཤིང་བྱུག་པའི་དད་པ་བྱུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣ་ཚོགས་སུ་མངོན་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རོ་བྲོ་བ་ཐམས་ཅད་དང་ལྡན་པའི་མེ་ཏོག་གིས་རྒྱས ་མྱོང་བའི་བུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདུད་རྩི་ཐམས་ཅད་ཀྱི་བདེ་བའི་ལོངས་སྤྱོད་ཀྱིས་ཁྱིམ་གནས་དགའ་བར་བྱེད་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ ་འཛིན་དང་། རྟག་པ་དང་ཐེར་ཟུག་དང་། བརྟན་པའི་ཚེར་མ་རྣམ་པར་གསལ་བ་དང་འདྲ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་རྒྱུན་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན ་དང་། སྤྲིན་ཆེན་པོ་རྔ་སྒྲའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོ་གློག་གི་འོད་ཀྱི་བརྩོན་འགྲུས་ཀྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་ཤུགས་འཛིན ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་གློག་གི་ཕྲེང་བ་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་གནས ་ཤེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་བློ་གྲོས་ལ་མཁས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་བརྟན་པའི་ཆུ་ཟབ་མོའི་རྒྱ་མཚོའི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན ་དང་། སྤྲིན་ཆེན་པོའི་ཚུལ་འོད་ཟེར་གྱི་ཆུ་རྒྱུན་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་རྒྱ་མཚོའི་དུས་ཚོད་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ས་བོན ་གྱི་རྒྱ་མཚོར་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་རབ་ཏུ་གཡོ་བའི་ཆུའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ལུས ་ཀྱི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཞི་བའི་ཆུའི་རྒྱུན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ་འདོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཤེས་པ ་རྒྱ་མཚོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་བྱེའི་རྣམ་པར་རྒྱལ་བའི་སྟོབས་ཤེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྡེའི་སྟོབས་ཤེས་བྱ་བའི་ཏིང ་ངེ་འཛིན་དང་། སྤྲིན་ཆེན་པོའི་དཔལ་ཤེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་བསོད་ནམས་ཀྱི་རྒྱུན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་བསོད་ནམས་ཀྱི་སྟོབས་ཤེས་བྱ་བའི ་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ངེས་པར་སྒྲོགས་པའི་སྟོབས་ཤེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་བསོད་ནམས་ཀྱི་ཆུའི་རོ་སྐོམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི ་ཆུའི་རོ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྟོབས་ཀྱིས་ཟློག་པའི་འབྲས་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ་བདེ་བསིལ་རྣམ་པར་འཕྲལ་པའི་རྒྱལ ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་ཀུ་མདྨའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ་ཡིད་དུ་འཐད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ ་འབབ་པའི་ཤུགས་ཀྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོ་ནམ་མཁའ་ལས་སྒྲ་སྒྲོགས་པ་ཡིད་དུ་འཐད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོ་ཆུའི་རོས་རྒྱགས ་ཤིང་རབ་ཏུ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་བློའི་ནོར་བུའི་ལུས་ལ་ནོར་ཅོད་པན་གཏགས་པས་སྤུངས་བསྐྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ་ཡོངས ་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ་སྐྱབས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་དྲི་མ་མེད་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང ་སྤྲིན་ཆེན་པོའི་ཆུའི་དྲི་མ་མེད་པའི་སྙིང་པོ་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ནོར་བུ་འདྲ་བའི་ཆུ་བསྔགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི། ་ཆུའི་ནད་མེད་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་སྣོད་ཀྱི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ་མི་འཁྲུགས་པའི་རྒྱ་མཚོ་བློ་གྲོས ་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྤྲིན་གྱི་ནང་ནས་ཟླ་བ་བྱུང་བའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་གློག་གིས་མཆོད་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ ་འཛིན་དང་། སྤྲིན་ཆེན་པོའི་སྟོབས་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་མཚོན་གྱི་རྣམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུས་དབང་བསྐུར་བ་ཞེས ་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་བསམ་གཏན་གྱི་མེ་ཏོག་གི་རོས་མྱོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་དམིགས་པ་དག་པ་ཞེས་བྱ་བའི་ཏིང ་ངེ་འཛིན་དང་། སྤྲིན་ཆེན་པོའི་རྗེས་སུ་ཆུའི་ཆགས་པའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་གནས་ཀྱི་འོད་ཟེར་གྱི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན ་བོའི་ཆུ་བརྗོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ་དགའ་བས་རབ་ཏུ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་ཤིན་ཏུ་བརྟན་པར་བྱས་བློ་གྲོས་ཅན ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་སྨན་གྱི་བསྟན་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་རོས་མྱོང་བའི་སྟག་གི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་རོལ་པའི་སེང་གེའི་སྟོབས་ཀྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཚུའི་རོས་མྱོས་པའི་སྤོས་ཀྱི་གླང་པོ་ཆེའི ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ་བོ་བདེ་ཞིང་བསིལ་བའི་རྒྱན་འབབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ་འགྲོ་ཞིང་འབབ་པ་མི་འཁྲུགས་པ ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་བསམ་གཏན་རྫོགས་པའི་ས་བོན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་འོད་ཐོབ་པ་མི་ཟད་པའི་བློ་གྲོས་ཅན་ཞེས་བྱའི་ཏིང ་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་རྒྱུན་གྱིས་ཀླུ་སྟོབས་ཡོངས་སུ་སྤངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ་ལ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི ་ཆུའི་ཡོངས་སུ་སྐོས་པའི་ཁྱུ་མཆོག་གི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་ཙན་དན་གྱི་ཁུ་བ་བསིལ་ཞིང་བདེ་བའི་སྨན་གྱི་བརྩོན་འགྲུས་ཀྱིས་ཞི་བར་བྱེད་པའི ་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་དུག་སྨན་གྲུབ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུས་ས་གཞི་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི ་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་སྙིང་པོ་དྲ་བ་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་རིན་པོ་ཆེའི་ཆར་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོའི ་སྟོབས་ཀྱི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོའི་ཆུའི་ས་གཞི་ཁེབས་པར་བྱས་པ་དྲི་ཞིམ་བདུག་སྤོས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི ་ཆུའི་སྤྱོད་པ་མཐའ་ཡས་པ་ལ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཁོང་པའི་ཆུའི་སྙིང་པོ་མྱུར་བའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི ་སྙིང་པོ་མདངས་དཀར་བློ་གྲོས་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོ་འདྲེན་སྤྱོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོ་ཁ་དོག་གི་བློ་གྲོས ་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་ཆུའི་པདྨའི་འོད་མཐའ་ཡས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ་འབབ་པའི་སྙིང་པོའི་ཡུལ་ཅེས ་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོའི་ཆུའི་འབྱུང་གནས་ཀྱི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོའི་ངན་སྤོང་བློ་གྲོས་ཅན་ཞེས་བྱ་བའི་ཏིང ་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོའི་རྟོག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོ་སྒྲའི་གཟི་བརྗིད་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ་སྤྲིན་ཆེན་པོའི་སྙིང་པོ་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོ་བརྟན་པའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོའི ་ཆུའི་རྩེ་མོ་ལས་བྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོ་ཆུ་ཤེས་ཉེན་ཅན་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོའི་ཆུ་སྲུང་བ་ཐམས ་ཅད་དུ་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོ་ཀུ་ཤ་དང་རབ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོ་མངངས་དཀར་བ་ཞེས་བྱ་བའི་ཏིང་ངེ ་འཛིན་དང་། སྤྲིན་བློའི་སྙིང་པོ་འགྲོ་བའི་གནས་ཤེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོ་ཆུའི་རྣམ་པའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན། ་དང་། སྤྲིན་ཆེན་པོའི་སྙིང་པོའི་ཆུའི་རྩེ་མོ་བསྒྲེང་ཞིང་བརྩེགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོའི་ཆུ་རྒྱུ་བར་གྱུར་པའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན ་དང་། སྤྲིན་ཆེན་པོའི་སྙིང་པོ་སྤྲིན་གྱི་བདེན་པའི་རྒྱ་མཚོའི་པདྨའི་རྒྱལ་པོའི་སྟོབས་ལེགས་པའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་སྔ་མ་གང་ཡིན་པ་དེ་དང ་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་རོ།། ཏིང་ངེ་འཛིན་ཡང་དག་པར་སོགས་པར་ཡང་འགྱུར་རོ།། ཟོས་པའི ་རྒྱ་མཚོར་ཡང་འགྱུར་རོ།། ཟོས་པ་ཡང་དག་པར་སོགས་པར་ཡང་འགྱུར་རོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོམ་ཉི་མི་ཟ་ཞིང་། ཡིད་གཉིས་མེད ་དེ། ཐེ་ཚོམ་ཟ་བར་ཡང་མི་འགྱུར་རོ།། མི་ཁོམ་པ་རྣམས་སུ་སྐྱེ་བར་ཡང་མི་འགྱུར་རོ།། ཚེ་རབས་དྲན་པར་ཡང་འགྱུར་རོ།། འཁོར་བའི་ལས་ཀྱི་ཞིང་གི་རྒྱ་མཚོར་ལ་སྲིད་པར ་ཡང་མི་འགྱུར་རོ།། ཚེ་རབས་ཐམས་ཅད་དུ་ཐ་ན་རྨི་ལམ་ན་ཡང་སངས་རྒྱས་མཐོང་བ་དང་འབྲལ་བར་ཡང་མི་འགྱུར་རོ།། དེ་དག་ནི་དགེ་བའི་ཆོས་རྣམས་ལ་བར་ཆད་བྱ་བའི་ཕྱིར ་བདུད་སྡིག་ཅན་གླགས་ལྟ་བ་དང་། སྐབས་ཚོལ་བས་གླགས་རྙེད་པར་མི་འགྱུར་རོ།། ང་རྒྱལ་ཆོམས་པར་ཡང་འགྱུར་རོ།། གཟུངས་ཐོབ་པར་ཡང་འགྱུར་རོ།། དེ་བཞིན་གཤེགས ་པའི་ལྡེམ་པོ་དཔྱོད་པ་ལ་མཁས་པར་ཡང་འགྱུར་རོ།། ཆོས་ཐམས་ཅད་ཀྱི་གསང་བའི་སྐོར་འཇུག་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་གཏེར་ཡང་དག་པར་སྟོན་པར་ཡང ་འགྱུར་རོ།། དེ་བཞིན་གཤེགས་པའི་ཚུལ་འཇུག་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་རྒྱ་མཚོའི་ཆུ་སྲིན་དུ་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་གཞུང་ལུགས་ཀྱི ་ནང་དུ་ཡང་ཆུད་པར་འགྱུར་རོ།། དེ་བཞིན་གཤེགས་པའི་སྒྱུ་འཕྲུལ་གསང་བའི་བསྲུངས་མར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་གསུང་བརྗོད་པར་ཡང་འགྱུར་རོ།། དེ་བཞིན ་གཤེགས་པའི་དམིག་པ་ལ་རྣལ་འབྱོར་རོ།། དེ་བཞིན་གཤེགས་པའི་ཉི་མའི་འོད་ཟེར་དུ་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་ཟླ་བའི་དཀྱིལ་འཁོར་གྱི་གཟེར་ཡང་འགྱུར་རོ།། ་དེ་བཞིན་གཤེགས་པའི་ཏོག་གི་རྩེ་མོའི་མཆོག་ཏུ་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་མཚན་འཛིན་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་འཕྲིན་ལས་རྩོམ་པར་ཡང ་འགྱུར་རོ།། དེ་བཞིན་གཤེགས་པའི་རྩལ་གྱི་ཤགས་སུ་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་མུ་སྟེགས་ལ་ངེས་པའི་པདྨ་དཀར་པོར་ཡང་འགྱུར་རོ།། དེ་བཞིན་གཤེགས ་པའི་དགེས་པ་ལ་དགའ་བར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་མཛོད་ཀྱི་དཀོར་བར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ལ་རྟག་པ་ཉིད་དུ་མཐོང་བར་ཡང་འགྱུར་རོ།། ་དེ་བཞིན་གཤེགས་པའི་རྟག་པ་དང་། ཟེར་ཟུག་པ་གཉིས་ཤིན་ཏུ་གསལ་བར་མཐོང་ནས་བདག་ཉིད་བསྔགས་པ་བརྗོད་པའི་རྒྱལ་པོར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ནི་ཐེར ་ཟུག་པའི་སྐུ་ཡིན་ནོ་ཞེས་ཐེར་ཟུག་ཏུ་སྨྲ་བར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་ཞི་བའི་རང་བཞིན་ལ་མངོན་པར་དགའ་བའི་ལྟ་བ་ཕུན་སུམ་ཚོགས ་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ནི་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའོ་ཞེས་རྣམ་པ་ཐམས་ཅད་དུ་ལྟ་བའི་རྒྱ་མཚོ་ཐམས་ཅད་དུ་ཡང་འགྱུར་རོ།། ་དེ་བཞིན་གཤེགས་པའི་སྐུ་ནི་ཡིན་ནོ་ཞེས་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་རྡོ་རྗེའི་སྐུ་ནི་མི་བྱེད་པའི་སྐུ་ཡིན་ནོ་ཞེས་ཡང་དག་པར་མངོན་པར་ཡང ་འགྱུར་རོ།། དེ་བཞིན་གཤེགས་པའི་སྐྲ་ནི་རུས་པ་མ་ཡིན་ཞིང་ཤ་མ་ཡིན་ཁྲག་མ་ཡིན་ཏེ། རྒྱུས་པ་མ་ཡིན་ནོ་ཞེས་སྟོང་པ་ཉིད་དུ་སྨྲ་བར་ཡང་འགྱུར་རོ།། དེ་བཞིན་གཤེགས ་པའི་ཆོས་བསྟན་པ་ནི་འབྲས་བུ་ཡོད་པ་ཡིན་ཞེས་འབྲས་བུ་ཡོད་པར་སྨྲ་བར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་ཆོས་བསྟན་པ་ལ་ནི་འབྲས་བུ་མེད་པར་འགྱུར་བ་མེད་པས ་མེད་པར་སྨྲ་བར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ལ་ནི་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་མེད་དོ་ཞེས་གསལ་བར་སྨྲ་བར་འགྱུར་རོ།། དེ་བཞིན་གཤེགས ་པའི་རྗེས་སུ་རབ་ཏུ་བྱུང་བའི་སེམས་ཅན་རྣམས་ལ་ནི་ཚུལ་ཁྲིམས་ཀྱི་བསྔགས་པ་བརྗོད་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་བསྟན་པ་ལ་ནི་ནུབ་པར་འགྱུར་བ་མེད་དོ།། ་ཞེས་ནུབ་པར་མི་འགྱུར་བའི་བསྔགས་པ་བརྗོད་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་རིགས་དང་རྒྱུད་དག་ཅིང་ཡོངས་སུ་དག་ལ་དྲི་མ་མེད་པས། བྱང་ཆུབ་སེམས་དཔ ་ཚུལ་ཁྲིམས་ཉམས་པ་མེད་དོ ་ནི་ཐབས་ཀྱི་རིགས་ཀྱི་རྒྱུད་ཡིན་ནོ་ཞེས་པ་ཕུན་སུམ་ཚོགས་པར་ཡང་འགྱུར་རོ།། རྟག་ཏུ་འཁོར་བ་ལ་སྡུག་པར་སེམས་པར་ཡང་འགྱུར་རོ།། འཁོར་བའི་བསྔགས་པ་བརྗོད་པར ་ཡང་འགྱུར་རོ།། འཁོར་བའི་ཆེད་དུ་ཐོས་པའི་རྒྱ་མཚོར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་རིགས་ལ་དམིགས་པར་འདོད་པར་ཡང་འགྱུར་རོ།། རྟག་ཏུ་ཉོན་མོངས་པ་ལ ་སེམས་པར་ཡང་འགྱུར་རོ།། ཉོན་མོངས་པ་ལ་སྡུག་པར་སེམས་པར་ཡང་འགྱུར་རོ།། ཉོན་མོངས་པའི་སྒོ་རྣམ་པ་སྣ་ཚོགས་ཐོབ་པ་ལ་དད་པར་ཐོབ་པར་ཡང་འགྱུར་རོ།། སངས ་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་ཞིང་ལ་སྨོན་ལམ་འདེབས་པའི་སེམས་སུ་ཡང་འགྱུར་རོ།། ལས་ཐམས་ཅད་ཀྱི་རྩ་བ་ནི་ཉོན་མོངས་པ་ཡིན་ནོ་ཞེས་རྙེད་པ་ལེགས་པར་རྙེད་པར་ལྟ་བར ་ཡང་འགྱུར་རོ།། སངས་རྒྱས་ཀྱི་རྟག་པ་ཉིད་ལ་ཡང་སོམ་ཉི་མི་ཟ་ཞིང་ཡིད་གཉིས་མེད་ལ་ཐེ་ཚོམ་ཟ་བར་ཡང་མི་འགྱུར་རོ།། འཁོར་བ་ལ་མངོན་པར་དགའ་བར་ཡང་འགྱུར་རོ།། འཁོར ་བ་ལ་མོས་པར་ཡང་འགྱུར་རོ།། བདག་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་རྟག་ཏུ་དང་བའི་སེམས་སུ་ཡང་འགྱུར་རོ།། བདག་གིས་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ།། བདག་གིས ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ།། བདག་གིས་སེམས་ཅན་རྣམས་དགྲོལ་བར་བྱའོ།། བདག་གིས་སངས་རྒྱས་ཀྱི་གདུང་མི་ཆད་པར་བྱའོ་ཞེས་དམ་འཆའ་ཞིང་སྨོན་ལམ་འདེབས་ཏེ། ་བྱང་ཆུབ་སེམས་དཔའ་དེད་དཔོན་དུ་ཡང་འགྱུར་རོ།། བདུད་ཀྱི་སྨན་པར་ཡང་འགྱུར་རོ།། འཁོར་བའི་ཉོན་མོངས་པའི་རྒྱ་མཚོའི་སྟོན་པ་པོར་ཡང་འགྱུར་རོ།། འཁོར་བའི་ཉོན་མོངས ་པའི་ཚོང་རྡལ་ཐོབ་པར་ཡང་འགྱུར་རོ།། འཁོར་བའི་རྒྱ་མཚོ་ཆེན་པོ་ཐོབ་པས་སྐོམ་པར་ཡང་འགྱུར་རོ།། འཁོར་བ་ལ་སྲེད་པར་ཡང་འགྱུར་རོ།། འཁོར་བ་ཐོད ་པ་ལ་རག་ལས་པའི་སེམས་སུ་ཡང་འགྱུར་རོ།། འཁོར་བ་ཐོབ་པ་མི་གཏོང་བར་ཡང་འགྱུར་རོ།། འཁོར་བའི་ཆུ་ལ་པདྨའི་རྒྱལ་པོ་རྒྱས་པར་ཡང་འགྱུར་རོ།། འཁོར་བའི་ཉོན་མོངས ་པའི་རྒྱ་མཚོའི་གཞིར་ཡང་འགྱུར་རོ།། འཁོར་བའི་ཉོམ་མོངས་པ་ལ་རྟག་ཏུ་སྨོ་ལམ་འདེབས་པའི་སེམས་སུ་ཡང་འགྱུར་རོ།། སེམས་ཅན་དམྱལ་བའི་འགྲོ་བ་ལ་དགའ་བར་ཡང ་འགྱུར་རོ།། སེམས་ཅན་དམྱལ་བའི་འགྲོ་བ་ལ་སེམས་ཤིན་རྟག་ཏུ་བསམ་པ་གཏོང་བའི་ངང་ཚུལ་ཅན་དུ་ཡང་འགྱུར་རོ།། སེམས་ཅན་དམྱལ་བའི་ཚོང་རྡལ་གྱི་ཚོང་པར་ཡང ་འགྱུར་རོ།། སེམས་ཅན་དམྱལ་བ་ཐོབ་པ་མི་གཏོང་བར་ཡང་འགྱུར་རོ།། སེམས་ཅན་དམྱལ་བའི་མེ་ལ་སེམས་རྒྱས་པར་ཡང་འགྱུར་རོ།། སེམས་ཅན་དམྱལ་བའི་ཉོན་མོངས ་པས་ཉོན་མོངས་པར་གྱུར་པ་རྣམས་ལ་བདེ་ཞིང་བསིལ་བའི་རླུང་དུ་ཡང་འགྱུར་རོ།། སེམས་ཅན་དམྱལ་བའི་མེ་དྲག་པོ་ལ་སྤྲིན་ཆེན་པོ་ལས་ཆར་ཀུན། ཏུ་འབེབས་པར་འགྱུར་རོ།། ་སེམས་ཅན་དམྱལ་བའི་ཐོག་ཏོག་ཏུ་ཡང་འགྱུར་རོ།། སེམས་ཅན་དམྱལ་བའི་སྟོན་པ་པོར་ཡང་འགྱུར་རོ།། སེམས་ཅན་དམྱལ་བའི་རྒྱ་མཚོའི་མཉན་པ་ཆེན་པོར་ཡང་འགྱུར་རོ།། ་སེམས་ཅན་དམྱལ་བའི་སྨན་དུ་ཡང་འགྱུར་རོ།། སེམས་ཅན་དམྱལ་བའི་ཟས་སུ་ཡང་འགྱུར་རོ།། འཁོར་བའི་སྡུག་བསྔལ་དང་ཉོན་མོངས་པ་ཐམས་ཅད་ཀྱིས་ཟིན་པའི་མུན་པ ་མུན་གནག་བསལ་བའི་ཕྱིར། སྒྲོན་མེ་ལྟ་བུར་ཡང་འགྱུར་རོ།། སྣང་བར་བྱ་བའི་ཕྱིར་མར་མེ་ལྟ་བུར་ཡང་འགྱུར་རོ།། སྲིད་པའི་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་མྱུར་དུ་གདུག་པ། ་སྣ་ཚོགས་ཀྱིས་གོས་པར་མི་འགྱུར་བའི་ཕྱིར། བར་སྣང་ལྟ་བུར་ཡང་འགྱུར་རོ།། སེམས་ནམ་མཁའ་དང་མཚུངས་པའི་ཕྱིར། མི་གནས་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི ་རྗེས་སུ་རབ་ཏུ་བྱུང་སྟེ། ཚུལ་ཁྲིམས་དང་སྟོབས་དང་ཡེ་ཤེས་དང་ལྡན་པའི་ཕྱིར། ཁ་བའི་ཕུང་པོ་ལྟ་བུའི་ཉོན་མོངས་པ་སེལ་བའི་ཉི་མ་ལྟ་བུར་ཡང་འགྱུར་རོ།། ལེགས་པར་སྨྲས་པ ་ཡང་དག་པར་བླང་བའི་ཕྱིར། གཞན་གྱི་ཕྲིན་མི་འཇོག་པར་ཡང་འགྱུར་རོ།། ཡེ་ཤེས་རྒྱ་མཚོ་དང་ལྡན་པའི་ཕྱིར། རྒྱ་མཚོ་དུག་ཅན་ལྟ་བུར་ཡང་འགྱུར་རོ།། དཀར་པོའི་ཆོས་ཡོངས ་སུ་རྫོགས་པར་བྱ་བའི་ཕྱིར། ཟླ་བ་ལྟ་བུར་ཡང་འགྱུར་རོ།། མ་རིག་པའི་མུན་པ་སེལ་བའི་ཕྱིར། ཉི་མ་ལྟ་བུར་ཡང་འགྱུར་རོ།། ཉོན་མོངས་པས་འཁོར་བ་ལ་མངོན་པར་འཇུག་ཅིང ་འགྲོ་བའི་ཚེ། བར་སྣང་ལྟ་བུར་ཡང་འགྱུར་རོ།། དེ་དང་དེ་མངོན་པར་རྟོགས་པས་པདྨ་ལྟ་བུར་གོས་པ་མེད་པར་ཡང་འགྱུར་རོ།། སེམས་ནམ་མཁའ་དང་མཚུངས་པའི་ཕྱིར། མི་གནས ་པར་ཡང་འགྱུར་རོ།། ཆོས་ཐམས་ཅད་ལ་ངེས་པར་འབིགས་པའི་ཕྱིར། རྡོ་རྗེ་ལྟ་བུར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པ་དང་། བརྟན་པ་ཐོབ་ན་མི ་གཡོ་བའི་ཕྱིར། རི་ལྟ་བུར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་རིགས་དང་རྒྱུད་ལ་ཡེ་ཤེས་རྣམ་པར་དག་པའི་ཕྱིར། བཻ་ཌཱུརྱ་ལྟ་བུར་ཡང་འགྱུར་རོ།། ཉོན་མོངས་པའི་རྙོག་པ ་སེལ་བའི་ཕྱིར། རྒྱ་མཚོ་དུག་ཅན་པའི་གསེར་གྱི་པ་བོང་ལྟ་བུར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་རྟག་པ་དང་། ཟེར་ཟུག་པ་དང་། བརྟན་པའི་རང ་བཞིན་མཐོང་བའི་ཕྱིར། ཟླ་བ་ལྟ་བུར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་ཆོས་ལས་མི་གཡོ་བའི་ཕྱིར། རི་ལྟ་བུར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་གཏན་དུ་མྱ ་ངན་མི་འདའ་ཞིང་ཆོས་ནུབ་པར་ཡང་མི་འགྱུར་བ་ཐོས་ན་མི་གཡོ་བའི་ཕྱིར། སྒོའི་ཐེམ་པ་ལྟ་བུར་ཡང་འགྱུར་རོ།། ཡང་དག་པ་མཐོང་བའི་ཕྱིར། སེམས་བརྟན་ཞིང་གནས་པར ་ཡང་འགྱུར་རོ།། སེམས་མི་ཕྱེད་པའི་ཕྱིར། རྡོ་རྗེ་ལྟ་བུར་ཡང་འགྱུར་རོ།། མངོན་སུམ་དུ་ཡོན་ཏན་མང་པོ་ཐོབ་པར་མང་བར་ཡང་འགྱུར་རོ།། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད ་པ་དང་ལྡན་པར་ཡང་འགྱུར་རོ།། མཛེས་པར་ཡང་འགྱུར་རོ།། ལྟ་ན་སྡུག་པར་ཡང་འགྱུར་རོ།། བརྐམ་པ་མེད་པར་ཡང་འགྱུར་རོ།། ལུས་ཆུང་ངུར་ཡང་མི་འགྱུར་རོ།། ཁ་དོག ་བཟང་པོ་རྒྱས་པ་མཆོག་དང་ལྡན་པར་འགྱུར་རོ།། རིགས་མཐོན་པོར་སྐྱེ་བར་ཡང་འགྱུར་རོ།། འཁོར་མང་བར་ཡང་འགྱུར་རོ།། འཁོར་མི་བྱེད་པར་ཡང་འགྱུར་རོ།། བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ཉམས་ཤིང་། ཡོངས་སུ་ཉམས་པར་ཡང་མི་འགྱུར་རོ།། ཁ་ཟས་ལ་རྐམ་པར་ཡང་མི་འགྱུར་རོ།། ཤའི་ཁ་ཟས་ཀྱང་རྣམ་པར ་སྤོང་བར་འགྱུར་རོ།། བློ་གྲོས་དང་ལྡན་པར་ཡང་འགྱུར་རོ།། སྐྱེ་བོ་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་ཆེར་བསྐུར་བར་ཡང་འགྱུར་རོ།། དྲན་པ་དང་ལྡན་པར་ཡང་འགྱུར་རོ།། ་གཟི་བརྗིད་དང་ལྡན་པར་ཡང་འགྱུར་རོ།། ཤེས་རབ་དང་ལྡན་པར་ཡང་འགྱུར་རོ།། དགའ་བ་དང་ལྡན་པར་ཡང་འགྱུར་རོ།། འཇིག་རྟེན་དང་མཐུན་པར་འཇུག་པར་ཡང་འགྱུར།། ་འཇིག་རྟེན་ལ་ཕན་པར་འདོད་པར་ཡང་འགྱུར་རོ།། འཇིག་རྟེན་ལ་བདེ་བར་ཡང་འགྱུར་རོ།། འཇིག་རྟེན་གྱི་མཐུ་བོར་ཡང་འགྱུར་རོ།། འཇིག་རྟེན་གྱི་གཙོ་བོར་ཡང་འགྱུར་རོ།། ་འཇིག་རྟེན་གྱི་མཆོག་ཏུ་ཡང་འགྱུར་རོ།། འཇིག་རྟེན་གྱི་རབ་ཏུ་ཡང་འགྱུར་རོ།། འཇིག་རྟེན་ཐམས་ཅད་ཀྱིས་ཕྱག་བྱ་བར་འོས་པར་ཡང་འགྱུར་རོ།། འཇིག་རྟེན་ཐམས་ཅད་ཀྱིས ་མཆོད་པའི་གནས་སུ་ཡང་འགྱུར་རོ།། སྦྱིན་བདག་ཆེན་པོར་ཡང་འགྱུར་རོ།། སྟོབས་ཆེན་པོ་དང་ལྡན་པར་ཡང་འགྱུར་རོ།། དཔའ་བོ་ཆེན་པོར་ཡང་འགྱུར་རོ།། བརྩོན་འགྲུས་ཆེན ་པོ་དང་ལྡན་པར་ཡང་འགྱུར་རོ།། བྱམས་པའི་སེམས་དང་ལྡན་པར་ཡང་འགྱུར་རོ།། བདེན་པ་སྨྲ་བར་ཡང་འགྱུར་རོ།། བརྟུལ་ཞུགས་བརྟན་པར་ཡང་འགྱུར་རོ།། བརྩོན་འགྲུས ་བརྩམས་པར་ཡང་འགྱུར་རོ།། བྱམས་པ་ལ་གནས་པར་ཡང་འགྱུར་རོ།། སྙིང་རྗེ་ལ་གནས་པར་ཡང་འགྱུར་རོ།། དགའ་བ་ལ་གནས་པར་ཡང་འགྱུར་རོ།། བཏང་སྙོམས་ལ ་གནས་པར་ཡང་འགྱུར་རོ།། སྟོང་པའི་ཆོས་རྣམས་ལ་སྟོང་པར་སྨྲ་བར་ཡང་འགྱུར་རོ།། སྟོང་པ་མ་ཡིན་པའི་ཆོས་རྣམས་ལ་སྟོང་པ་མ་ཡིན་པར་སྨྲ་བར་ཡང་འགྱུར་རོ།། སངས ་རྒྱས་ཀྱི་ཆོས་ཀྱི་དོན་རྟོགས་སྦ་བར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱིས་དེ་ཁོ་ན་ཆོས་ཀྱི་ལ་སྦ་བར་ཡང་འགྱུར་རོ།། གཙང་བར་ཡང་འགྱུར་རོ།། གཙང་བས་དྲུག ་པར་ཡང་འགྱུར་རོ།། ཡོན་ཏན་གྱིས་ཕྱུག་པར་ཡང་འགྱུར་རོ།། ཚུལ་ཁྲིམས་ཀྱིས་ཕྱུག་པར་ཡང་འགྱུར་རོ།། ཆོས་ཀྱིས་ཕྱུག་པར་ཡང་འགྱུར་རོ།། ་འཕྲོག་ཏུ་མེད་པའི་རྫས་ཀྱིས་ཕྱུག་པར་ཡང་འགྱུར་རོ།། སྐྱེ་བོ་དབུལ་པོ་སློང་བ་ལ་སོགས་པ་ལ་གཏེར་ལྟ་བུར་ཡང་འགྱུར་རོ།། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན ་པ་མེད་པའི་ཆོས་རྣམས་སྟོན་པ་ན། མི་སྐྲག་མི་དངང་བར་ཡང་མི་འགྱུར་རོ།། སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་སེམས་བསྐྱེད་པ་དེ་དང་དེར་སྐྱེ་བར་འགྱུར་རོ།། རྙེད་པ ་དང་བཀུར་བསྟི་དང་ཚིགས་སུ་བཅད་པ་དོན་དུ་མི་གཉེར་བར་ཡང་མི་འགྱུར་རོ།། ཚུལ་ཁྲིམས་འཆལ་པ་རྣམས་བསྡུས་ནས་དམ་ཆོས་ལ་དགོད་པར་ཡང་འགྱུར་རོ།། ཚུལ་ཁྲིམས ་འཆལ་པ་གཡོ་སྒྱུ་དང་ལྡན་པ་རྣམས་ལ་ཐོག་ཏོག་ལྟ་བུར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ལ་བྱས་པ་མི་གཟོ་བ་ཡང་དག་པར་སྦྱོར་བར་ཡང་འགྱུར་རོ།། མུ་སྟེགས ་ཀྱི་གནས་ཐམས་ཅད་དུ་མི་འཕྲོག་པར་ཡང་འགྱུར་ཞིང་། སླར་དེ་ལ་ཐབས་དང་ལྡན་པར་ཡང་འགྱུར་རོ།། དགེ་སྦྱོང་དང་བྲམ་ཟེ་དང་། མུ་སྟེགས་ཀྱི་ཕས་ཀྱི་རྒོལ་བ་མང་པོ ་དག་གིས་ཕུག་རྡུགས་སུ་མི་ཆུད་ཅིང་། སླར་དེ་ལ་ཐབས་ཀྱིས་སྟོན་པར་ཡང་འགྱུར་རོ།། མུ་སྟེགས་ཀྱི་གནས་ཐམས་ཅད་ཀྱི་གསང་ཚིག་རྣམས་ལ་འདུན་པར་ཡང་མི་འགྱུར་ཞིང ་སླར་དེ་ལ་ཐབས་ཀྱིས་འདུན་པར་བྱེད་པར་ཡང་འགྱུར་རོ།། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟའི་གནས་ཐམས་ཅད་ལ་རྟེན་པར་ཡང་མི་འགྱུར་ཞིང་། སླར་དེ་ལ་ཐབས་ཀྱིས་ཡང ་དག་པར་རྟེན་པ་ལྟ་བུར་ཡང་འགྱུར་རོ།། ལས་ལ་རྟེན་པར་འགྱུར་གྱི། བཀྲ་ཤིས་དང་དགེ་མཚན་ལ་རྟེན་པར་ཡང་འགྱུར་རོ།། སྲོག་གཅོད་པ་བྱེད་ཀྱང་སྲོག་གཅོད་པ་སྤང་བར ་ཡང་འགྱུར་རོ།། མེ་ཏོག་འཕྲེང་བ་དང་། སྤོས་དང་། བྱུག་པ་དང་ཕྱེ་མས་གདབ་པ་དང་། ཁྱིམ་པའི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་རྣམ་པ་དུ་མ་དག་དང་། ཆུང་མ་དང་། ་ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་སྤྱོད་ཀྱང་། ཤིན་ཏུ་ཚངས་པར་སྤྱོད་པར་ཡང་འགྱུར་རོ།། སྲོག་གཅོད་པ་དང་རྐུ་འཕྲོག་བྱེད་པ་དང་། རྫུན་ཚིག་དང་། ཆང་མཐུང་བ་ལ་སོགས ་བ་ལ་རྟེན་ཅིང་ལས་རྣམས་བྱེད་ལ། བུ་དང་ཆུང་མ་རྣམས་རྟེན་ཀྱང་། ཤིན་ཏུ་ཚངས་པར་སྤྱོད་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པར་ཡང་འགྱུར ་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེད་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེར་བཀུར་བར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་སྡུག་པར་བྱ་བའི་སྲས་སུ་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱས་པ་བཟོ་བའི་བགོ་སྐལ་ལ་སྤྱོད་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་འཕྲིན་ལས་མཚུངས་པའི་ཆོས་ཀྱི་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་དང་ཡེ་ཤེས་ཡང་དག་པར་རྟོག་པ་མཚུངས་པར་ཡང་འགྱུར་རོ།། སངས་རྒྱས ་ཐམས་ཅད་ཀྱི་ཆོས་གསང་བ་རྣམས་མང་པོ་ལུང་སྟོན་པའི་ཡུལ་ལ་སྤྱིས་བརྩན་པའི་རྒྱལ་པོར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་གསང་བའི་ཆོས་སྟོན་པ་རྣམ་པ་དུ་མ ་བརྗོད་པར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱིས་བཞེད་པའི་ང་རྒྱལ་ལ་གནས་པའི་ཡུལ་ལ་མཁས་པར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད ་ཀྱི་འདོད་ཆགས་མེད་པ་དང་། དྲི་མ་མེད་པ་དང་། འཇིགས་པ་མེད་པ་གསང་བ་རྣམ་པ་མང་པོའི་ཆོས་སྟོན་པའི་རང་བཞིན་དག་ལ་རིན་པོ་ཆེ་ལྟ་བུར་ཡང་འགྱུར་རོ།། སངས་རྒྱས ་ཐམས་ཅད་ཀྱི་སེམས་ཅན་དམྱལ་བའི་དབང་གིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པའི་ཆོས་ཀྱི་ཕྱོགས་ཐམས་ཅད་ལ་འཇུག་པ་ཡང་དག་པར་མཐོང ་བར་འགྱུར་རོ།། སངས་རྒྱས་ཐམས་ཅད་ཡུན་རིང་པོ་བསྐལ་པ་བྱེ་བ་བགྲངས་པ་མང་པོ་ནས་སྦལ་ནས། ཉོན་མོངས་པའི་རྒྱ་མཚོ་ལས་ཀྲོལ་བར་མཛད་པའི་གསང་བ་ཐམས་ཅད་ཀྱི ་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་སེམས་ཅན་འདུལ་བའི་དབང་གིས་ཉོན་མོངས་པའི་རྒྱ་མཚོར་སྐྱེ་བ་བསྟན་ཏེ། རྒྱལ་ནས་སྒྲལ་བར་བྱའོ།། ་གྲོལ་ནས་དགྲོལ་བར་བྱའོ་སྙམ་ནས། བསྟན་པའི་གསང་བའི་ཁྱད་པར་གྱི་སྒོའི་རང་བཞིན་དག་མཐོང་བར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་ཡུན་རིང་པོ་བསྐལ་པ་བྱེ ་བ་བགྲངས་པ་མང་པོ་འདས་པ་ནས། འདུད་བྱེ་བ་རབ་ཏུ་བཅོམ་པའི་རྣམ་པ་གསང་བའི་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་སེམས་ཅན་འདུལ་བའི ་དབང་གིས། བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་འདུལ་བའི་གསང་བའི་ཁྱད་པར་གྱི་སྒོའི་རང་བཞིན་སྟོན་པ་ལྟ་བུར་བཅོས་པ་ལེགས་པར་མཐོང་བར་ཡང་འགྱུར་རོ།། ཐབས་ཀྱིས་ཆོས ་ཀྱི་འཁོར་ལོ་བསྐོར་བ་དང་། ཐབས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ལྟ་བུར་བཅོས་པའི་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་རོལ་པའི་གསང་བའི ་རྒྱལ་པོའི་མཆོག་ཏུ་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་དང་། མཚུངས་པ་མེད་པ། དཔེ་མེད་པ། གྲངས་མེད་པ། དཔག་ཏུ་མེད་པ། ་བགྲངས་པ་ལས་འདས་པ་ལ་བགྲང་བའི་རྒྱལ་པོར་ཡང་འགྱུར་རོ།། སྤྲིན་ཆེན་པོ་བསམ་གྱིས་མི་ཁྱབ་པར་འགྲོ་བ་འཇུག་པ་ལ་གནས་པའི་རྣམ་པར་འཕྲལ་པའི་རྒྱལ་པོ ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་རོ།། ཏིང་ངེ་འཛིན ་ཡང་དག་པར་སོགས་པར་ཡང་འགྱུར་རོ།། ཐོས་པའི་རྒྱ་མཚོར་ཡང་འགྱུར་རོ།། ཐོས་པ་ཡང་དག་པར་སོགས་པར་ཡང་འགྱུར་རོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ལ་སོམ་ཉི་མི་ཟ་ཞིང་ཡིད་གཉིས་མེད་དེ། ཐེ་ཚོམ་ཟ་བར་ཡང་མི་འགྱུར་རོ།། མི་ཁོམ་པ་རྣམས་སུ་སྐྱེ་བར་ཡང་མི་འགྱུར་རོ།། ཚེ་རབས་དྲན་པར་ཡང་འགྱུར་རོ།། ་འཁོར་བའི་ལས་ཀྱི་ཞིང་གི་རྒྱ་མཚོ་ལ་སྲིད་པར་ཡང་འགྱུར་རོ།། ཚེ་རབས་ཐམས་ཅད་དུ་ཐ་ན་རྨི་ལམ་ན་ཡང་སངས་རྒྱས་མཐོང་བ་དང་འབྲལ་བར་ཡང་མི་འགྱུར་རོ།། སྔ་མ ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། དཔེ་མེད་པ། གྲངས་མེད་པ་དཔག་ཏུ་མེད་པ་བགྲང་བ་ལས་འདས་པ་ལ ་བགྲང་བའི་རྒྱལ་པོར་ཡང་འགྱུར་རོ།། སྤྲིན་ཆེན་སྙིང་པོ།། ཏིང་ངེ་འཛིན་བཞི་བརྒྱ་པོ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། ་ནི་ཏིང་ངེ་འཛིན་རྒྱ་མཚོར་ཡང་འགྱུར་རོ།། ཏིང་ངེ་འཛིན་ཡང་དག་པར་སོགས་པར་ཡང་འགྱུར་རོ།། ཐོས་པའི་རྒྱ་མཚོར་ཡང་འགྱུར་རོ།། ཐོས་པ་ཡང་དག་པར་སོགས་པར་ལ ་འགྱུར་རོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོམ་ཉི་མི་ཟ་ཞིང་། ཡིད་གཉིས་མེད་དེ། ཐེ་ཚོམ་མི་ཟ་བར་ཡང་འགྱུར་རོ།། མི་ཁོམ་པ་རྣམས་སུ་སྐྱེ་བར ་ཡང་མི་འགྱུར་རོ།། སྔ་མ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཐམས་ཅད་ཀྱིས་ཡུལ་བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། དཔེ་མེད་པ་གྲངས་མེད་ག་དཔག་ཏུ་མེད ་པ། བགྲང་བ་ལས་འདས་པ། བགྲང་བའི་རྒྱལ་པོར་ཡང་འགྱུར་རོ།། སྤྲིན་ཆེན་སྙིང་པོ།། ཏིང་ངེ་འཛིན་གྱི་སྒོ་བཞི་བརྒྱ་པོ་དེ་དག་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ ་སེམས་དཔའ་རྣམས་ཀྱིས་དམ་པའི་ཆོས་མི་ཟད་པའི་གཏེར་རིན་པོ་ཆེའི་ཡན་ལག་གི་སྒོ་གང་ཡིན་པ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཏིང་ངེ ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་རོ།། ཏིང་ངེ་འཛིན་ཡང་དག་པར་སོགས་པར་ཡང་འགྱུར་རོ།། ཐོས་པའི་རྒྱ་མཚོར་ཡང་འགྱུར་རོ།། ཐོས་པ་ཡང་དག་པར་སོགས་པར་ཡང་འགྱུར ་རོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོམ་ཉི་མི་ཟ་ཞིང་ཡིད་གཉིས་མེད་དེ། ཐེ་ཚོམ་ཟ་བར་མི་འགྱུར་རོ།། མི་ཁོམ་པ་རྣམས་སུ་སྐྱེ་བར་ཡང་མི་འགྱུར་རོ།། ་སྔ་མ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་མཚུངས་པ་མེད་པ། དཔེ་མེད་པ། གྲངས་མེད་པ། དཔག་ཏུ་མེད་པ། བགྲང་བ་ལས་འདས་པ་ལ ་བགྲང་བའི་རྒྱལ་པོར་ཡང་འགྱུར་རོ།། འཇིག་རྟེན་དང་མཐུན་པར་འཇུག་པའི་ཡུལ་ཤེས་པར་ཡང་འགྱུར་རོ།། དེ་ནས་དེའི་ཚེ་འཁོར་ཆེན་པོའི་ནང་ནས་ལྷའི་བུ་དྲི་མ་མེད་པའི་འོད་ཀྱི། ་འཕྲེང་བ་ཅན་ཞེས་བྱ་བ་ལྷའི་བུ་ས་ཡ་བརྒྱད་འབུམ་དང་ལྷན་ཅིག་ཏུ་སྟན་ལས་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཅུགས་ནས། ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ཏེ། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ལྷའི་མེ་ཏོག་དང་། ཙན་དན་གྱི་ཕྱེ་མ་དག་གིས ་དེ་བཞིན་གཤེགས་པ་ལ་མངོན་པར་གཏོར་ཏེ། རང་རང་གི་བླ་གོས་བཅོམ་ལྡན་འདས་ཀྱི་སྐ་ལ་གསོལ་ནས། ཁ་མཐུན་པར་ཚིགས་སུ་བཅད་པ་འདི་སྨྲས་སོ།། ཀྱེ་མ་བཅོམ་ལྡན ་སངས་རྒྱས་ནི།། བསམ་ཡས་དཔག་མེད་དེ་བཞིན་གཤེགས། སེམས་ཅན་རྣམས་ལ་སྨན་སླད་དུ། ཆར་ཆེན་རྣམ་པ་སྣ་ཚོགས་འབེབས།། ཏིང་ངེ་འཛིན་གྱི་ལེའུ་སྟེ་གཉིས ་པའོ།། ། བམ་པོ་ལྔ་པ།། ། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས་འདི་སྐད་ཅེས་གསོལ། ་ཏོ།། ཤིན་ཏུ་རྒྱས་པའི་ལས་ཕྱི་རོལ་པ་འོང་བ་ལྟ་བུར་གྱུར་པ་རྣམས་ཀྱི་ཐེག་པ་ཆེན་པོའི་རྣ་བའི་ཁམས་ཡོངས་སུ་རྫོགས་པར་བགྱི་བའི་སྲད་དུ། བཅོམ་ལྡན་འདས་ཀྱིས་ཕྱིར་མི ་ལྡོག་པའི་ཡེ་ཤེས་མཐའ་ཡས་པ་རིན་པོ་ཆེའི་འབྱུང་གནས་ལ་མངོན་པར་འཇུག་པ་ཞེས་བགྱི་བའི་གཟུངས་ཀྱི་ཆོས་ཀྱི་སྒོའི། སུམ་ཅུ་རྩ་དྲུག་སྔར ་སྨྲས་ཏེ། བཞག་པ་རྒྱས་པར་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ།། ཕྱིར་མི་ལྡོག་པའི་ཡེ་ཤེས་མཐའ་ཡས་པ་རིན་པོ་ཆེའི་འབྱུ ་གནས་ལ་མངོན་པར་འཇུག་པ་ཞེས་བྱ་བའི་གཟུངས་ཀྱི་ཆོས་ཀྱི་སྒོ་སུམ་ཅུ་རྩ་དྲུག་རྒྱ་ཆེར་ཉོན་ཅིག། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ཡུལ་བསམ་གྱིས་མི་ཁྱབ་པ་ལ། ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱིར་མི་ལྡོག་པའི་འཁྱོར་རིན་པོ་ཆེའི་མཛོད་ཅེས་བྱ་བའི་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན ་པོའི་དྲི་མ་མེད་པའི་སྙིང་པོའི་ཆུ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་པོའི་སྙིང་པོའི་སྣང་བ་ཞེས་བྱ་བའི་གཟུངས་དང་། ཕྱིར་མ་ལྡོག་པའི་སྤྲིན་ཆེན་པོའི་ཆུའི ་བློ་གྲོས་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་རྒྱུད་ཅེས་བྱ་བའི་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་ཟད་མི་ཤེས་པའི་བློ་གྲོས་ཞེས་བྱ་བའི ་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་གློག་གིས་འོད་མྱུར་བ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་སྙིང་པོའི་གློག་གི་འོད་དང་ལྡན་པ་ཞེས ་བྱ་བའི་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་དྲི་མ་མེད་པའི་འོད་ཅེས་བྱ་བའི་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་ཏོག་གི་བློ་གྲོས་ཞེས་བྱ་བའི་གཟུངས་དང་། ་ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་སྙིང་པོ་གཏེར་གྱི་རྒྱལ་པོའི་འོད་འཕྲོ་བའི་བློ་གྲོས་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་གློག་གི་སྒྲ་སྒྲོགས་པ་ཞེས ་བྱ་བའི་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་མྱུར་བའི་དཔལ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་ནམ་མཁའི་རྒྱལ་པོ་ཞེས་བྱ་བའི ་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་སྨན་གྱི་རྒྱལ་པོ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་ཆར་པ་བབ་པའི་རྒྱ་མཚོའི་རྒྱལ་པོ་ཞེས་བྱ་བའི ་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་ཀུན་ཏུ་རྒྱས་པར་བྱེད་པ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་ཏི་སེའི་གངས་ཆེན་ཞེན་བྱ་བའི་གཟུངས་དང་། ་ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་ནམ་མཁའི་བློ་གྲོས་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བའི་གཟུངས་དང་། ་ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་དུས་ཚོད་ཀྱི་རྒྱལ་པོ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་དང་བའི་དགའ་བའི་སྐད་འབྱིན་པ་ཞེས་བྱ་བའི་གཟུངས་དང་། ་ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་ཡེ་ཤེས་ཀྱི་རླུང་གི་ཕྱག་རྒྱ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་ཟབ་མོའི་བློ་གྲོས་བརྩོན་འགྲུས་རྒྱལ་པོ་ཞེས་བྱ་བའི་གཟུངས ་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་ས་བོན་གྱི་ཆར་འབེབས་པ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་སའི་འཕྲེང་བ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི ་ལྡོག་པའི་སྤྲིན་ཆེན་པོ་དགའ་བར་བྱེད་པའི་རླུང་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་སྣང་བའི་བློ་གྲོས་ཞེས་བྱ་བའི་གཟུངས་དང་། ་ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་གཡོ་བར་བྱེད་པ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་སྙིང་པོ་ཚུལ་གྱི་རྣམ་པར་བརྒྱན་པའི་རྒྱལ་པོ་ཞེས་བྱ་བའི ་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་སྙིང་པོ་མཛོད་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་སྙིང་པོ་ཆུ་སྟོན་པ་ཞེས་བྱ་བའི་གཟུངས་དང་། ་ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་ཟད་མི་ཤེས་པའི་ཚུལ་བསྲུང་བ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་ཆུའི་ཀུ་མུ་ཏའི་ཟླ་བ་ཞེས་བྱ་བའི་གཟུངས་དང་། ་ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་གཞི་འཛིན་པ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་བསམ་གྱིས་མི་ཁྱབ་པའི་བློ་གྲོས་རྒྱ་མཚོའི་རྒྱལ་པོ་ཞེས་བྱ་བའི ་གཟུངས་ཡོད་དེ། སུམ་ཅུ་རྩ་དྲུག་པོ་དེ་དག་ནི་ཕྱིར་མི་ལྡོག་པའི་ཡེ་ཤེས་མཐའ་ཡས་པ་རིན་པོ་ཆེའི་འབྱུང་གནས་ལ་མངོན་པར་འཇུག་པ་ཞེས་བྱ་བའི་གཟུངས་ཀྱི་སྒོ ་སྟེ། དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་རྩིས་མཁན་གྱི་རྒྱལ་པོར་འགྱུར་རོ།། དེ་ནས་དེའི་ཚེ། འཁོར་ཆེན་པོའི་ནང་ནས། ལྷ་མོ་རིན་ཆེན་འཕྲེང་བའི་གཟུངས་ལ་དགའ ་བ་ཞེས་བྱ་བ་ཏ་ལ་བདུན་སྲིད་རྩམ་དུ་བར་སྣང་ལ་འདུག་སྟེ། བཅོམ་ལྡན་འདས་ལ་མེ་ཏོག་གི་ཆར་རབ་ཏུ་ཕབ་ནས། ཚིགས་སུ་བཅང་བ་འདི་དག་སྨྲས་སོ།། ཡེ་ཤེས་དཔའ་བོ་ཆེན ་པོ་མི་མཉམ་མཉམ། དེ་བཞིན་གཤེགས་པ་རྡོ་རྗེ་སྲ་པའི་སྐུ།། རིགས་པའི་རྒྱལ་པོ་སྒྱུ་འཕྲུལ་ཆེན་པོ་པ།། མེའི་པདྨོ་ཁྱོད་ལ་ཕྱག་འཚལ་ལོ།། གཟུངས་སོ་མཆོག་གི་འབྲུག ་གི་སྒྲ་སྒྲོགས་ཏེ། དེ་བཞིན་གཤེགས་པས་ཆོས་ཆར་རབ་ཏུ་ཕག། སེམས་ཅན་རྣམས་ལ་ཕན་པ་མཛད་སླད་དུ།། ཆོས་རྣམས་སྣ་ཚོགས་རབ་ཏུ་སྟོན་པར་མཛད།། ་གཟུངས་ཀྱི་གླེང་བའི་ལེའུ་ཞེས་བྱ་སྟེ་གསུམ་པའོ།། །། སྤྲིན་ཆེན་སྙིང་པོས་གསོལ་པ། སེམས་ཅན་མི་གསལ་ཞིང་གླེན་ལ་སེམས་རྟུལ་བ་མུན་པ་ཆེན་པོ་ཞུགས་པ་རྣམ ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ལྡེམ་པོ་དག་ཤེས་པའི་སྒྲོན་མའི་འོད་ཟེར་ཕྲ་མོ་རབ་ཏུ་དགེ་བར་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང ་པོ་ལྡེམ་པོ་ངག་གི་བཞི་བྱེ་བྲག་ལ་འཇུག་པ་ལ་རྨོངས་པའི་ཚུལ་ཅན་གྱི་ཆོས་ཀྱི་ཐབས་ཀྱི་རྒྱུན་གྱི་རྣམ་པར་ཐར་པའི་སྒོ་ཉི་ཤུ་རྩ་གསུམ་རྒྱས་པར་རབ་ཏུ་འབར་བར་གྱིས་ཤིག་སྤྲིན ་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོ་ལ། བདག་ཏུ་འཛིན་ཅིང་བདག་གིར་འཛིན་ལ། བདག་ཏུ་འཛིན་ཅིང་བདག་གིར་འཛིན་ལ། བདག་ཏུ་འཛིན་པ་མེད་ཅིང་བདག་གིར་འཛིན་པ ་མེད་པ་ཞེས་བྱ་བའི་ལྡེམ་པོ་དག་གམ་གཞིའི་བྱེ་བྲག་ལ་འཇུག་པ་ལ་རྨོངས་པའི་ཚུལ་ཅན་གྱི་ཆོས་ཀྱི་ཐབས་ཀྱི་རྒྱུན་གྱི་རྣམ་པར་ཐར་པའི་སྒོ་དང་། འཇིགས་པའི་ཚུལ་དང་། ་ཕན་པའི་ཚུལ་དུ་འདུག་ལ། འཇིགས་པ་མེད་པ་ཞེས་བྱ་བ་དང་། འདོད་ཆགས་ཀྱི་སྦྱོར་བ་སྤྱོད་ལ། འདོད་ཆགས་དང་བྲལ་བ་ཞེས་བྱ་བ་དང་། སྐྱོན་དང་སྐྱོན་རབ་དང་ལྡན ་མ་ཙུན་མེང་པ་ཞེས་བྱ་བ་དང་། གཉི་མུག་ཙང་ས་ཏུ་གཏི་མུག་ལ། གཏི་སུག་ཀྱང་མང་བ་ཞེས་བྱ་བ་དང་། འདད་ཆགས་ཤིད་ར་ཏུ་འདད་ཆགས་ལ། འཇ ་ཆགས་དང་བྲལ་བ་ཞེས་བྱ་བ་དང་། ཆགས་ཤིང་ཤིན་ཏུ་ཆགས་ལ། ཆགས་པ་མེད་པ་ཞེས་བྱ་བ་དང་། ཞེན་ཅིང་ཤིན་དུ་ཞེན་ལ། ཞེན་ཅིང་ཤིན་ཏུ་ཞེན་པ་མེད་པ་ཞེས་བྱ་བ་དང་། ་སྐྱོན་ཆགས་ཤིང་རབ་ཏུ་སྐྱོན་ཆགས་ལ། སྐྱོན་ཆགས་པ་མེད་པ་ཞེས་བྱ་བ་དང་། མུན་གནགཅིང་ཤིན་ཏུ་གནག་ལ་རབ་ཏུ་སྣང་བ་ཞེས་བྱ་བ་དང་། བརྟུལ་ཞིང་རབ་ཏུ་བཏུལ་ལ། ཤིན་ཏུན ་བཾ་ཞེས་བྱ་བ་དང་། གཅིང་ཅིང་འབྱེད་ལ་ཤིན་ཏུ་སྙིང་བརྩེ་བ་ཞེས་བྱ་བ་དང་། རླུང་ཤིང་ཤིན་ཏུ་སྡིག་བྱེད་ལ། བྱམས་པའི་ལས་སོགས་པ་དང་ལྡན་པ་ཞེས་བྱ་བ་དང་། སྦྱིན་པ་ལ་སྤོང་ཅིང ་རབ་ཏུ་སྤོང་ལ། སྦྱིན་པ་བསྔགས་པར་བྱེད་པ་ཞེས་བྱ་བ་དང་། སྨད་ཅིང་ཤིན་ཏུ་སྨད་ལ། སླང་དུ་མེད་པ་ཞེས་བྱ་བ་དང་། རྟག་ཏུ་བདག་བསྟོད་ཅིང་གཞན་སློང་ལ་ལས་ཀྱང་རྣམ་པར ་དག་པ་ཞེས་བྱ་བ་དང་། ཆགས་ཤིང་རབ་ཏུ་ཆགས་ལ། ཆགས་པ་ཡང་མེད་པ་ཞེས་བྱ་བ་དང་། མི་མཉམ་ཤིང་ཤིན་ཏུ་མི་མཉམ་ལ། མི་མཉམ་པ་ཡང་མ་ཡིན་པ་ཞེས་བྱ་བ་དང ་སྡུག་བསྔལ་ཞིང་མི་བདེ་ལ་བདེ་བ་ཞེས་བྱ་བ་དང་། སྟོང་ཞིང་ཤིན་ཏུ་སྟོན་ལ་སྟོན་པ་མ་ཡིན་ཞེས་བྱ་བ་དང་། མི་རྟག་ཅིང་ཤིན་ཏུ་མི་རྟག་ལ། ཤིན་ཏུ་རྟག་པ་ཞེས་བྱ་བ་དང་། བདག་མེད ་པར་འགྱུར་ལ་ཤིན་ཏུ་བདག་ཉིད་དུ་འགྱུར་བ་ཞེས་བྱ་བ་དང་། མི་སྡུག་ཅིང་ཤིན་ཏུ་མི་སྡུག་ལ་ཤིན་ཏུ་སྡུག་པར་ཞེས་བྱ་བ་ཡོད་དོ།། ཉི་ཤུ་རྩ་གསུམ་པོ་དེ་དག་ནི་ལྡེམ་པོ་དག་གི་གཞིའི ་བྱེ་བྲག་ལ་འཇུག་པ་ལ་རྨོངས་པའི་ཚུལ་ཅན་གྱི་ཆོས་ཀྱི་ཐབས་ཀྱི་རྒྱུན་གྱི་རྣམ་པར་ཐར་པའི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་འཁོར་ཆེན་པོའི་ནང་ནས་ལྷའི་བུ་སྐྱེ་བོ་ཐམས་ཅད་དགའ་བ ་ཞེས་བྱ་བས། བཅོམ་ལྡན་འདས་ལ་ལྷའི་མཆོད་པ་ཆེན་པོ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། ཀྱེ་མ་དེང་ནི་ཉན་ཐོས་ཀུན།། མོས་པར་བྱེད་པའི་རྒྱུ་ཆེན་འབྱུང་། ་སེམས་ཅན་རྣམས་སྨན་སླད་དུ།། ལྷ་ཆེན་མཐའ་ཡས་གཟུགས་མངའ་བ།། དེ་བཞིན་གཤེགས་པའི་ལྡེམ་པོ་དག། ཐུགས་སུ་ཆུད་ནས་སྟོན་པ་མཛད།། ་ལྡེམ་པོ་དག་གི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཞི་པའོ།། །། སྤྲིན་ཆེན་སྙིང་པོས་གསོལ་པ། སྲིད་པར་སྐྱེ་བར་རྩེ་བའི་རྣམ་པ་ལ་འཇུག་ཅིང་གནས་པ་བགྲོད་པའི ་གསང་བ་བཀོད་པའི་རྒྱལ་པོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་རྒྱས་པར་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ། ་སྤྲིན་ཆེན་པོའི་མདོ་ལ། སྲིད་པར་སྐྱེ་བས་རབ་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྲིད་པར་སྐྱེ་བ་ལ་འདོད་ཅིང་བློ་གྲོ་དད་པ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བ ་ལ་སྲེད་པ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བ་ལ་བཙམ་པ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བ་ལ་རབ་ཏུ་དང་བ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བར་སྨོན་པ་ལ་མཁས་པ་ཞེས་བྱ་བ་དང་། སྲིང ་པར་སྐྱེ་བའི་བསྔགས་པ་བརྗོད་པ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བ་ལ་དམིགས་པའི་རྒྱལ་པོ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བ་ལ་མཁས་པའི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་དང་། ་སྲིད་པར་སྐྱེ་བ་ནི་མི་དགེ་བའི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་མགོས་པར་གནས་ཤིང་འཇུག་པ་བསང་བའི་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ ་ཡོད་དེ། བཅུ་པོ་དག་ནི་སྲིད་པར་སྐྱེ་བས་རྩེ་བའི་རྣམ་པ་ལ་འཇུག་ཅིང་གནས་པར་དགྲོད་པའི་གསང་བ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ལྷ་མོ་རྒྱ ་ཆེར་དགའ་བ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་ནས། ཚིགས་སུ་གཅད་པ་འདི་དག་སྨྲས་སོ།། མ་སྐྱེས་ཁྱོད་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས ་པ་ཐབས་ཀྱི་སྐུ།། སྲིད་པར་སྐྱེ་བ་སྣ་ཚོགས་པ། དྲི་མེད་ཐམས་ཅད་ཐུབ་པས་སྟན།། དཔའ་བོ་ཆེན་པོ་རྟག་པའི་སྐུ།། སྲིད་སྐྱེའི་དགྱེས་པ་རྒྱ་མཚོ་མངའ།། གོས་པ་མེད ་པའི་དེ་བཞིན་གཤེགས།། འཁོར་བ་དག་ནི་དགེ་བར་བཞེད།། །། སྲིད་པར་སྐྱེ་བའི་གླེང་བཞིའི་ལེའུ་ཞེས་བྱེ་སྟེ་ལྔ་པའོ།། །། སྤྲིན་ཆེན་སྙིང་པོས ་གསོལ་པ། འཁོར་བའི་ཉོན་མོངས་པའི་ཞིང་གི་ལས་ཀྱི་ས་ཐོབ་པར་བགྱི་བའི་སླད་དུ། སེམས་ཀྱི་ཡང་དག་པར་ལེན་པའི་རྣམ་པར་གྲོལ་བའི་སྨོན་ལམ་གསང་བའི་ཆོས་ཀྱི་སྒོ་བཅུ ་བཅོམ་ལྡན་འདས་ཀྱིས་རྒྱས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་བའི་ཉོན་མོངས་པའི་ཞིང་གི་འབྲས་བུ་འཐོབ་པ་ཞེས་བྱ་བ་དང་། འཁོར་བའི ་ཉོན་མོངས་པའི་ཞིང་ལ་དགའ་བའི་རྒྱལ་པོ་ཞེས་བྱ་བ་དང་། འཁོའ་བའི་སྦྱོར་བ་ལ་སེམས་གནས་པ་ཞེས་བྱ་བ་དང་། འཁོར་བ་ལ་མཆོག་ཏུ་དགའ་བའི་གཟུངས་ཞེས་བྱ་བ་དང་། འ ་བར་འགྲོ་བ་ཞེས་བྱ་བ་དང་། འཁོར་བར་ཤིན་ཏུ་ཆར་འབེབས་པ་ཞེས་བྱ་བ་དང་། འཁོར་བའི་རྒྱུ་ནི་མི་གཅོད་པའི་རླུང་གི་རྒྱལ་པོ་ཞེས་བྱ་བ་དང་། འཁོར་བའི་ཆོམ་རྐུན་ཞེས ་བྱ་བ་དང་། འཁོར་བའི་རྩ་བའི་སྤྱོད་ཡུལ་དྲི་མ་མེད་པ་ཞེས་བྱ་བ་དང་། འཁོར་བའི་ཡུན་རིང་དུ་གནས་པ་རྣམས་ལ་སྣང་བར་བྱེད་པ་ཞེས་བྱ་སྟེ། བཅུ་པོ་དེ་དག་ནི་འཁོར་བའི་ཉོན་མོངས ་པའི་ཞིང་གི་ལས་ཀྱི་ས་ཐོབ་པར་བྱ་བའི་ཕྱིར། སེམས་ཀྱིས་ཡང་དག་པར་ལེན་པའི་རྣམ་པར་གྲོལ་བར་སྨོན་ལམ་གསང་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ཀླུང་གི་རྒྱལ་པོ་དུག ་མེད་ཅེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། ཉོན་མོངས་འཁོར་བ་རྙེད་པ་ཆེ།། སེམས་ཅན་རྣམས་ལ་སྨན་སླད་དུ།། འཁོར་བའི ་དངོས་འདྲ་དེ་བཞིན་གཤེགས།། ཆོས་རྣམས་སྣ་ཚོགས་སྟོན་པ་མཛད།། འཁོར་བ་ཉོན་མོངས་པའི་ཞིང་གི་ལས་ཀྱི་ས་འཐོབ་པའི་གླེང་བཞིའི་ལེའུ་ཞེས་བྱ་སྟེ་དྲག་པའོ།། །། ་སྤྲིན་ཆེན་སྙིང་པོས་གསོལ་པ། ཡེ་ཤེས་ལ་རྨོངས་པའི་སྙིང་པོ་བསམ་གྱིས་མི་ཁྱབ་པ་གཟུང་བའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས ་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདེ་བར་གཉེན་པོར་བྱ་བ་མང་བ་ཞེས་བྱ་བ་དང་། མི་མཉམ་པ་དང་མཉམ་པའི་རྣམ་པར་འཕྲུལ་པའི ་རྒྱལ་པོ་ཞེས་བྱ་བ་དང་། མཚུངས་པ་མེད་པར་འགྲོ་བའི་སྣང་བའི་སྒོར་འཇུག་པ་ཞེས་བྱ་བ་དང་། གཞུང་ལུགས་གོ་བར་བྱེད་པ་ཞེས་བྱ་བ་དང་། མཐར་བྱེད་པའི་ཏོག་ཅེས ་བྱ་བ་དང་། ཡང་དག་པར་བརྗོད་པའི་འོད་ཅེས་བྱ་བ་དང་། ཆུ་ལས་ཤིན་དུ་འཕགས་པར་དམིགས་པ་ཞེས་བྱ་བ་དང་། སྙིང་པོ་དྲི་མ་མེད་པ ་ཞེས་བྱ་བ་དང་། ས་འཛིན་འོད་འཕྲོ་ཞེས་བྱ་བ་དང་། མངོན་པར་འཕགས་པའི་སྣང་བའི་སྒོ་ཞེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་ཡེ་ཤེས་ལ་རྨོངས་པའི་སྙིང་པོ་བསམ་གྱི་མི་ཁྱབ ་པ་ལ་གཟུད་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ལྷའི་བུ་ཕྲེང་མཛེས་ཅན་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ་ཚིགས་སུ་གཅད་པ་འདི་སྨྲས་སོ།། སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ།། ཀྱེ་མ་སེམས་ཅན་ཀུན་ཕན་ཕྱིར།། ཡེ་ཤེས་སློངས་པ་སྣ་ཚོགས་པ།། དེ་བཞིན་གཤེགས་པ ་སྟོན་པ་མཛད།། ཡེ་ཤེས་ལ་རྨོངས་པ་གཟུང་བའི།། ། གླེང་གཞིའི་ལེའུ་ཞེས་བྱ་སྟེ་བདུན་པའོ།། །། སྤྲིན་ཆེན་སྙིང་པོས་གསོལ ་པ། ཡེ་ཤེས་ཟབ་མོ་བརྟན་པ་འཐོབ་པ་ལ་འཇུག་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། ཤིན་ཏུ་ཡངས་པའི་སྙིང་པོ་བཅུ་ལ་གུས་པར་འཇུག་པ་ཞེས་བྱ་བ་དང་། ནམ་མཁའ་བསྲུངས་པ་ཞེས་བྱ་བ་དང་། དུས་བཟངས་ཟབ་མོ་ལ་འཇུག་པ་ཞེས་བྱ་བ་དང་། ཕྲ ་བ་ལ་དགའ་བ་ཞེས་བྱ་བ་དང་། རྒྱ་མཚོ་མི་བསྐྱོད་པ་ཞེས་བྱ་བ་དང་། ཡེ་ཤེས་ཀྱི་འོད་འཕྲོ་བའི་འོད་ཅེས་བྱ་བ་དང་། ངག་གི་རང་བཞིན་གཙང་བ་ལ་འཇུག་པ་ཞེས་བྱ་བ་དང་། ་ཉོན་མོངས་པའི་བུང་ཤིང་ཚིག་པ་དྲི་མ་མེད་པ་ལ་འཇུག་པ་ཞེས་བྱ་བ་དང་། བློ་གྲོས་བརྟན་པ་ལ་འཇུག་པ་ཞེས་བྱ་བ་དང་། བློ་གྲོས་དྲི་མ་མེད་པ་ཞེས་བྱ་བ་སྟེ།། བཅུ་པོ་དེ་ག ་ནི་ཡེ་ཤེས་ཟབ་མོ་བརྟན་པ་ཐོབ་པ་ལ་འཇུག་པའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷ་མོ་གསེར་ལྟར་གསལ་བ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པའི ་ལས་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། གསེར་གྱིས་རབ་རྒྱན་དྲ་བའི་དེ་བཞིན་གཤེགས།། ཡེ་ཤེས་མངའ་བས་གསེར་གྱི་རི་བོ་བཞིན།། སེསྒྲ་ཅན་རྣམས ་ལ་ཕན་པར་མཛད་སླད་དུ།། ཡེ་ཤེས་ཟབ་མོའི་གཏེར་ནི་སྟོན་པར་མཛད།། ཡེ་ཤེས་ཟབ་མོ་བརྟན་པ་ཐོབ་པ་ལ་འཇུག་པའི་གླེང་བཞིའི་ལེའུ་ཞེས་བྱ་སྟེ་བརྒྱད་པའོ།། ་སྤྲིན་ཆེན་སྙིང་པོས་གསོལ་པ། སྤྲིན་ཆེན་པོའི་སྙིང་པོའི་ཆར་གྱི་རྒྱུན་བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་མཛོད་ཅེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན ་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ལ་དགའ་བའི་མཛོད་ཅེས་བྱ་བ་དང་། སྙིང་རྗེ་ལ་དགའ་བའི་མཛོད་ཅེས་བྱ་བ་དང་། ་དགའ་བ་ལ་དགའ་བའི་མཛོད་ཅེས་བྱ་བ་དང་། བཏང་སྙོམས་ལ་དགའ་བའི་མཛོད་ཅེས་བྱ་བ་དང་། བདེན་པས་ཆུ་འབེབས་པའི་ཆུའི་མཛོད་ཅེས་བྱ་བ་དང་། རྒྱ ་མཚོའི་ཉའི་འགྲོ་བར་རྒྱུ་བའི་མཛོད་ཅེས་བྱ་བ་དང་། ཆོས་ཀྱི་སྒོའི་མིང་དང་ལྡན་པའི་མཛོད་ཅེས་བྱ་བ་དང་། རྒྱུན་གྱི་རྒྱལ་པོའི་ལམ་གྱི་མཛོད་ཅེས་བྱ་བ་དང་། གཞུང ་ལུགས་ལ་དགའ་བའི་མཛོད་ཅེས་བྱ་བ་དང་། མིག་གི་གསང་ཚིག་གསུམ་གྱི་དཀོན་ལ་འཇུག་པའི་མཛོད་ཅེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་སྤྲིན་ཆེན ་པོའི་ཆར་གྱི་རྒྱུན་བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷའི་བུ་ཡེ་ཤེས་ལ་དགའ་བ་ཞེས་བྱ་བས། བཅོམ་ལྡན ་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། བཅོམ་ལྡན་སངས་རྒྱས་བསམ་མི་ཁྱབ།། དེ་བཞིན་གཤེགས་པ་འགག་པ་མེད།། ཀྱེ་མ་སེམས་ཅན ་སྨན་སླད་དུ།། ཆོས་རྣམས་སྣ་ཚོགས་སྟོན་པ་མཛད། རྣམ་པར་ཐར་པའི་བསོད་ནམས་ཀྱི་མཛོད་ཀྱི་གླེང་བཞིའི་ལེའུ་ཞེས་བྱ་སྟེ་དགུ་པའོ།། ། ་སྤྲིན་ཆེན་སྙིང་པོས་གསོལ་བ། སྤྲིན་ཆེན་པོའི་ཆར་གྱི་རྒྱུན་བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་རྣམ་པའི་ལམ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས ་བཤང་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆར་གྱི་དུས་ཤེས་བྱ་བ་དང་། ཆར་གྱི་དྲ་བའི་བརྒྱན་རིན་པོ་ཆེའི་རིང་བུའི་རྒྱལ་པོ་ཞེས་བྱ་བ་དང་། ཆར ་གྱི་དྲ་བའི་སྙིང་པོའི་ཕྱག་རྒྱའི་རྒྱལ་པོ་ཞེས་བྱ་བ་དང་། ཆར་གྱི་དྲི་མ་སེལ་བ་ཞེས་བྱ་དང་། ཆར་གྱི་དྲ་བ་སྣ་ཚོགས་ཀྱི་ཆུའི་གདུག་པ་སེལ་བའི་རྒྱལ་པོ་ཞེས་བྱ་བ་དང་། ་ཆར་གྱི་དྲ་བ་བདེ་བསིལ་ངོམས་པ་ཞེས་བྱ་བ་དང་། ཆར་སྣ་ཚོགས་ལ་དམིགས་པ་ཡང་དག་པའི་སྤྱོད་ཡུལ་གྱི་རྒྱལ་པོ་ཞེས་བྱ་བ་དང་། ཆར་སྣ་ཚོགས་ལ་ཡང་དག་པར་ལྟ་བ ་དང་ལྷན་ཅིག་སྐྱེས་པ་ཞེས་བྱ་དང་། ཆར་སྣ་ཚོགས་ཀྱི་བསོད་ནམས་ཀྱི་རྣམ་པ་ཞིང་ལ་དབང་བྱེད་པ་ཞེས་བྱ་བ་དང་། ཆར་གྱི་དྲ་བ་བདེ་བསིལ་སྨན་གྱི་ཆར་འབེབས་ཀླུའི་རྒྱལ་པོ ་ཞེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་སྤྲིན་ཆེན་པོའི་ཆར་གྱི་རྒྱུན་བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་རྣམ་པའི་ལམ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷའི་བུ་ནམ ་མཁའ་ལ་སྒྲགས་པ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། ཁྱོད་ཀྱིས་དེ་རིང་གསང་བ་མང་པོ་རབ་ཏུ་བཤད། ་ལྷ་རྣམས་སྟོང་ཕྲག་བྱེ་བ་རབ་ཏུ་སྒྲོལ་བར་མཛད།། སེམས་ཅན་མང་པོ་དག་ཀྱང་ཁྱོད་ཀྱི་གྲོལ་བར་མཛད།། རྒ་ནད་བཟློབ་ཕྱིར་མྱ་ངན་འདས་པ་ཡང་དག་རྟོགས། ཁྱོད་ནི་ལྷའི་ལྷ ་མཆོག་བླ་ན་མེད་པ་ལགས། ཁྱོད་ནི་གསང་བའི་གསང་བ་ཁྱོད་ནི་འཇིག་རྟེན་མགོན།། ཆོས་རྣམས་རྣམ་པ་སྣ་ཚོགས་དོན་ཡོད་སྟོན་པ་མཛད།། ཡེ་ཤེས་འོད་འཕྲོ་དམ་པ་སྒྲོན་མ ་རྟག་ཏུ་སྣང་།། བསོད་ནམས་ཀྱི་རྣམ་པ་ཡོངས་སུ་བརྗོད་པའི་གླེང་བཞིའི་ལེའུ་ཞེས་བྱ་སྟེ་བཅུ་པའོ།། །། སྤྲིན་ཆེན་སྙིང་པོས་གསོལ་པ།། སྤྲིན་ཆེན ་པའི་ཚོགས་ནམ་མཁའ་ལས་འབྱུང་ཞིང་འདུ་བའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྔ་འདས་ཀྱིས་རྒྱས་པར་བཤད་དུ་གསོལ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩ་བ་ནས་སྐྱེ་བའི་རབ་ཏུ་མགུ་བ་ལ་མཁས་པའི་རྒྱལ་པོ་ཞེས་བྱ་བ་དང་། རྩ་བའི་རང་བཞིན་ལེགས་པར་མཐོང་ནས། རྟག་ཏུ་བརྗོད ་པ་ཞེས་བྱ་བ་དང་། མཉམ་པ་དང་མི་མཉམ་པའི་ཡེ་ཤེས་ཀྱིས་ཤིན་ཏུ་མཐོང་བའི་རྒྱལ་པོ་ཞེས་བྱ་བ་དང་། རྟག་པའི་ཕྱག་རྒྱ་ཞེས་བྱ་བ་དང་། ་བློ་གྲོས་མི་ཟད་པའི་ཡང་དག་པའི་རྒྱལ་པོ་ཞེས་བྱ་བ་དང་། བསམ་གྱིས་མི་ཁྱབ་པའི་གནས་ཞེས་བྱ་བ་དང་། ཆགས་པ་མེད་པའི་ནན་ཏན་གྱི་གནས་ཞེས་བྱ་བ་དང་། རྒྱ ་མཚོ་ཟབ་མེའི་དུས་ཤིན་ཏུ་ངེས་པའི་རྒྱལ་པོ་ཞེས་བྱ་བ་དང་། དུས་ཚིགས་སུ་འོང་བ་མངོན་པར་རབ་ཏུ་དགའ་བ་ཞེས་བྱ་བ་དང་། ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཀྱི ་ཆར་སྤྲིན་ཆེན་པོའི་ནམ་མཁའི་མཛོད་ཅེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་སྤྲིན་ཆེན་པོའི་ཚོགས་ནམ་མཁའ་ལས་བྱུང་ཞིང་འདུ་བའི་རྣམ་པར་འཕྲུལ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས ་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷ་མོ་ཚུལ་མཁས་པ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། གསང ་བསྲུངས་དཔའ་བོ་ཆེན་པོ་སྟེ།། དེ་བཞིན་གཤེགས་པའི་གསང་བས་བསྲུངས།། སེམས་ཅན་རྣམས་ལ་སྨན་སླད་དུ།། གསང་བ་སྣ་ཚོགས་སྟོན་པ་མཛད།། སྤྲིན་ཆེན་པོ། ་ཚོགས་ནམ་མཁའ་ལས་བྱུང་བའི་གླེང་བཞིའི་ལེའུ་ཞེས་བྱ་སྟེ་བཅུ་གཅིག་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་པ། སྤྲིན་ཆེན་པོའི་གློག་གི་འོད་སྣང་བའི ་སྒོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ།། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་མངོན་པར་རབ་ཏུ་འབར་བར་མཛད་དུ་གསོལ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིན་པོ་ཆེའི་མཛོད་ཀྱི་འོད་ཟེར་གྱི་གློག་གི་འོད་ཅེས་བྱ་བ་དང་། ནམ་མཁའ་ལ་བརྩོན་འགྲུས་སྣང་བའི་གློག་གི་འོད་ཅེས་བྱ་བ་དང་། ་ཤིན་ཏུ་བསྲུངས་པ་ཞེས་བྱ་བ་དང་། མཚམས་ཀྱི་དུས་ཚེད་རྒྱལ་པོ་ཞེས་བྱ་བ་དང་། དཔལ་གྱིས་བསྲུངས་པའི་བློ་གྲོས་འདོད་པའི་རྒྱལ་པོ་ཞེས་བྱ་བ་དང་། དྲི་མ་མེད་པའི ་གསེར་གྱི་གློག་གི་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་དང་། བཻ་ཌཱུརྱའི་སྙིང་པོའི་བློ་གྲོས་མི་ཟད་པ་སྣང་བའི་གློག་གི་འོད་ཅེས་བྱ་བ་དང་། གནས་ལ་མངོན་པར་མོས་པའི་གློག་གི་འོད་ཅེས ་བྱ་བ་དང་། ཡོན་ཏན་གྱི་རྒྱ་མཚོ་ཟབ་མོ་བརྟན་པའི་གློག་གི་འོད་ཅེས་བྱ་བ་དང་། ཡུལ་ཆམ་དུ་འབེབས་པའི་གློག་གི་འོད་ཅེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་སྤྲིན་ཆེན་པོའི ་གློག་གི་འོད་སྣང་བའི་སྒོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷ་མོ་མངོན་པར་མཚོ་བར་བྱེད་པ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་སྟེ། ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། གློག་གི་རྒྱལ་པོ་སྐུ་ཆེ་བ། ནམ་མཁའ་དང་ནི་མཚུངས་འདྲ་སྟེ།། དེ་བཞིན ་གཤེགས་པ་ཐབས་ཀྱི་གཟུགས།། བདག་གི་ཅུང་ཟད་བརྗོད་མི་ནུས།། གློག་གི་འོད་སྣང་བའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅུ་གཉིས་པའོ།། ་སྤྲིན་ཆེན་སྙིང་པོས་གསོལ་བ། སེམས་ཅན་ཐམས་ཅད་སྨན་པ་དང་། བདེ་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཉི་མའི་འོད་ཟེར་ཆེན་པོ་མཐའ་ཡས་པ་རབ ་ཏུ་དགེས་པར་གསོལ།། སྤྲིན་ཆེན་པོའི་གློག་འགྱུ་བ་དང་། ལྡན་པ་ལ་འཇུག་པའི་རྣམ་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རླུང་གི་མཐུ་དང་མཉམ་པའི་ཤུགས་ཀྱིས་གློག་གི་འོད་འགྱུ་བའི་རྒྱལ་པོ་ཞེས་བྱ་བ་དང་། ཡེ་ཤེས་ཤིན་ཏུ ་རྣོ་བ་ཞེས་བྱ་བ་དང་། ཡེ་ཤེས་མངོན་པར་བརྟན་ལ་འབས་པའི་རྒྱལ་པོ་ཞེས་བྱ་བ་དང་། ལྷན་ཅིག་འཇུག་པའི་ཤུགས་སྒྲ་སྒྲོགས་པའི་རྒྱལ་པོ་ཞེས་བྱ་བ་དང་། རྒྱ་མཚོའི ་རླབས་གཡོ་བ་མཁས་པའི་རྒྱལ་པོ་ཞེས་བྱ་བ་དང་། ཆོས་འདོད་ཅིང་རབ་ཏུ་བསྲུངས་པ་ཞེས་བྱ་བ་དང་། ནོར་གྱི་རྒྱལ་བའི་མཚམས་སྦྱོར་བ་ལ་མཁས་པའི་རྒྱལ་པོ་ཞེས་བྱ ་བ་དང་། ཆོས་ཀྱི་རྔ་བོ་ཆེ་དུག་གནོན་པའི་སྨན་གྱི་རྒྱལ་པོ་ཞེས་བྱ་བ་དང་། ཤིན་ཏུ་མཛེས་པས་སྟོན་པ་སྟོབས་དང་ལྡན་པར་བྱེད་པ་ཞེས་བྱ་བ་དང་། མུན་པ་དང་ཆབ་རོལ་ལྟ་བུའི ་ཉོན་མོངས་པའི་རྩ་བ་རྣམས་རྣམ་པར་སྒྲོགས་པ་ལ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་སྤྲིན་ཆེན་པོའི་གློག་འགྱུ་བ་དང་ལྡན་པ་ལ་འཇུག་པའི་རྣམ ་པར་འཕྲུལ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷ་མོ་ཤུགས་ལྡན་མ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི ་སྨྲས་སོ།། ང་རྒྱལ་མི་མངའ་ཉེས་མི་མངའ།། ཐུགས་རྗེ་ལྡན་ཞིང་སྐོན་མི་མངའ།། དཔའ་བོ་ཐབས་ལ་མཁས་པ་སྟེ།། འཇིག་རྟེན་ཀུན་དང་མཐུན་པར་འཇུག ་འཇིག་རྟེན་མཐུན་པར་བདག་གིས་བརླབས།། བསམ་གྱིས་མི་ཁྱབ་བསམ་ཡས་ལྷ།། དེ་བཞིན་གཤེགས་པ་མཚུངས་མེད་མཚུངས།། སེམས་ཅན་རྣམས་ལ་སྨན་སླད་དུ།། ་ཆོས་རྣམས་སྣ་ཚོགས་སྟོན་པ་མཛད།། སྤྲིན་ཆེན་པོའི་གློག་འགྱུ་བ་དང་ལྡན་ཞིང་མུན་པ་འཇོམས་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅུ་གསུམ་པའོ།། ་སྤྲིན་ཆེན་སྙིང་པོསྨྲ་པ། སྤྲིན་ཆེན་པོའི་གློག་གི་སྒྱུ་འཕྲུལ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་རྟག་ཏུ་བརྗོད་པ་ཞེས་བྱ་དང་བྱ་བ་དང་། སྤྲིན་ཆེན་པོའི་གློག་གི་སྒྱུ་འཕྲུལ་རྟག་ཏུ་མངོན་པར་བསྲུང་བ་ཞེས་བྱ་བ་དང་། རྟག་ཏུ་མངོན་པར་དགའ་བ་ཞེས་བྱ་བ་དང་། རྟག་ཏུ་མཐོ ་པར་འདོད་པ་ཞེས་བྱ་བ་དང་། མེ་ལ་མངོན་པར་རྩེ་བ་ཞེས་བྱ་བ་དང་། སྐྱེ་གནས་ཐམས་ཅད་དུ་མངོན་པར་འཇུག་པ་ཞེས་བྱ་བ་དང་། རྙེད་པ་དང་བཅས་པའི་འགྲོ་བ་ལ་རབ་ཏུ ་མགུ་བ་ཞེས་བྱ་བ་དང་། ཆུ་འབྱེད་དཀར་མོ་ཞེས་བྱ་བ་དང་། འོད་འཕྲོ་བའི་རྒྱལ་པོ་མངོན་དུ་བྱེད་པ་ཞེས་བྱ་བ་དང་། རྟག་ཏུ་མངོན་པར་འཕགས་པ། མངོན་པར་རྒྱས་པའི ་འཕྲེང་བ་རྒྱུས་པ་ཞེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་སྤྲིན་ཆེན་པོའི་གློག་གི་སྒྱུ་འཕྲུལ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷ་མོ་སྤྲིན་གྱི་ཆུང་མ་ཞེས་བྱ་བ་དེས། ་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ནས། ཚིགས་སུ་བཅད་པའང་སྨྲས་སོ།། ཀྱེ་མ་བཅོམ་ལྡན་སངས་རྒྱས་ཀྱི།། ཡུལ་ནི་བསམ་གྱིས་མི་ཁྱབ་སྟེ།། སྒྱུ་འཕྲུལ ་རྒྱལ་པོ་དེ་བཞིན་གཤེགས།། སེམས་ཅན་རྣམས་ལ་སྨན་སླད་དུ།། སྒྱུ་འཕྲུལ་སྣ་ཚོགས་སྟོན་པར་མཛད།། སྤྲིན་ཆེན་པོའི་གློག་གི་སྒྱུ་འཕྲུལ་གྱི ་གླེང་བཞིའི་ལེའུ་ཞེས་བྱ་སྟེ་བཅུ་བཞི་པའོ།། །། སྤྲིན་ཆེན་སྙིང་པོས་གསོལ་པ། ཆོ་འཕྲུལ་ཆེན་པོའི་སྒྲོན་མ་སྟོན་པ ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཏེར་གྱི་ཟད་པ་ལ་འཇུག་པའི་ཆོ་འཕྲུལ་སྟོན་པ ་ཞེས་བྱ་བ་དང་། རིན་པོ་ཆེའི་མཛོད་སྡུད་པ་ཞེས་བྱ་བ་དང་། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་མཛོད་ཅེས་བྱ་བ་དང་། རི་མ་ལ་ཡ་མཐའ་ཡས་པ་ཞེས ་བྱ་བ་དང་། དགའ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་དང་། ཚུལ་གྱི་རྣམ་པ་ལ་འཇུག་པ་ཞེས་བྱ་བ་དང་། མེ་ལོང་གི་དཀྱིལ་འཁོར་ལ་མ་བསྒྲུབས་པ་ཞེས་བྱ་བ་དང་། དྲན ་པའི་ཕྱོགས་མི་ཟད་པ་ཞེས་བྱ་བ་དང་། སེམས་ཅན་ཐམས་ཅད་ངེས་པར་སྒྲོལ་བ་ཡིད་དུ་འོང་བ་ལ་འཇུག་པ་ཞེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་ཆོ་འཕྲུལ་ཆེན་པོའི་སྒྲོན ་མ་སྟོན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷ་མོ་རབ་ཏུ་དགའ་བ་ཞེས་བྱ་བ་དེས། བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ནས། ཚིགས་སུ ་བཅད་པ་འདི་སྨྲས་སོ།། ཀྱེ་མ་བཅོམ་ལྡན་སངས་རྒྱས་མ་སྐྱོད་པ།། ཆོ་འཕྲུལ་ཆེན་པོ་རྒྱལ་པོ་དེ་བཞིན་གཤེགས།། སེམས་ཅན་རྣམས་ཀྱི་ཤེས་པའི་སྐྱེད་དོན་དུ། ་དེ་རིང་ཆོས་རྣམས་སྣ་ཚོགས་སྟོན་པ་མཛད།། ཆོ་འཕྲུལ་ཆེན་པོའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅོ་ལྔ་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་པ། ཆོས ་ཀྱེ་ཐོག་ཏོག་གི་འབྲེལ་བའི་གཏམ་ལ་འཇུག་པའི་རྒྱལ་པོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ ་སྤྲུལ་པ། ཐོག་ཏོག་གི་རིན་པོ་ཆེའི་འབྱུང་གནས་ཞེས་བྱ་བ་དང་། ཐོག་ཏོག་གི་རྒྱ་མཚོ་ཞེས་བྱ་བ་དང་། ཐོག་ཏོག་སྦྱོང་བའི་རྒྱལ་པོ་ཞེས་བྱ་བ་དང་། ཐོག་ཏོག་གི་སྨན་ཆེན ་པོའི་རང་གི་མཛོད་བསྟན་པ་ཞེས་བྱ་བ་དང་། ཐོག་ཏོག་གི་སྤྱིའི་རྒྱལ་པོ་ཞེས་བྱ་བ་དང་། ཐོག་ཏོག་གི་བློ་གྲོས་མི་ཟད་པའི་རྒྱལ་པོ་ཞེས་བྱ་བ་དང་། ཐོག་ཏོག་གི་སྙིང་པོ ་མཆོག་ཅེས་བྱ་བ་དང་། ཐོག་ཏོག་གི་སྒྲོན་མའི་དེང་དཔོན་ཐོབ་པའི་རྒྱལ་པོ་ཞེས་བྱ་བ་དང་། ཆོས་ཀྱི་ཕྱོགས་ཀྱི་མཚོན་ཆའི་མཆོག་ཅེས་བྱ་བ་དང་། ཐོག་ཐོག་ཟབ་མོའི་དུས ་ཤེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་ཆོས་ཀྱི་ཐོག་ཏོག་གི་འབྲེལ་པའི་གཏམ་ལ་འཇུག་པའི་རྣམ་པར་འཕྲལ་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི ་ཚེ། ལྷ་མོ་མངོན་པར་བསྒྲོགས་མ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། ལྷ་ཆེན་ཆོས་ཀྱི་སྤྲིན་ལགས་ཏེ། ་ཐོག་ཏོག་རྒྱལ་པོ་དེ་བཞིན་གཤེགས།། དེ་བཞིན་གཤེགས་པས་ཉོན་མོངས་རྣམས།། སྣ་ཚོགས་པར་ནི་ཆར་ཡང་བཅད།། སེམས་ཅན་རྣམས་ལ་སྨན་སླད་དུ།། ་ཉོན་མོངས་ཐིགས་པོར་རོལ་མ་མཛད། ཆོས་ཀྱི་ཐོག་ཏོག་གི་འབྲེལ་བའི་གཏམ་གྱི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅུ་དྲུག་པའོ།། ་སྤྲིན་ཆེན་སྙིང་པོས་གསོལ་པ། ཡེ་ཤེས་རྡོ་རྗེའི་རྣམ་པ་ལ་འཇུག་པའི་མཛོད་བསྲུངས་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱི་བཤད་དུ་གསོལ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩེ་བའི་རིན་པོ་ཆེའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། ཚུལ་རབ་ཏུ་དགའ་བ་ཞེས་བྱ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི ་སྒོ་དང་། ཚུལ་གྱིས་རྫུན་འཕྲུལ་གྱི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ངང་པ་འཆོས་པའི་གནས་ཀྱི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ནམ ་མཁའ་ལེགས་པར་རྒྱན་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བུམ་པ་ཤིང་གི་མགོ་རྟོགས་ཅན་གྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱ་མཚོ་ཟབ་མོ་མི ་འཁྲུགས་པ་ལྟ་བུའི་བློ་གྲོས་འཇུག་པའི་རྒྱལ་པོའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒྲ་དང་། རབ་ཏུ་དུལ་བའི་གཟི་བརྗིད་སྟོབས་ཅན་གྱི་རྒྱལ་པོ་དུས་ཆོད་ཀྱི་རྒྱལ་པོ ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བསམ་གྱིས་མི་ཁྱབ་པའི་གནས་པའི་མཐའ་ལ་མི་རྟོག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བསྐལ་པ་ལ་ཁྱབ་པ་ཞེས་བྱ་བའི་ཆོས་ཀྱི ་སྒོ་སྟེ། བཅུ་པོ་དེ་དག་ནི་ཡེ་ཤེས་རྡོ་རྗེའི་རྣམ་པ་ལ་འཇུག་པའི་མཛོད་བསྲུངས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷ་མོ་ཡེ་ཤེས་ལ་དགའ་བ ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། སངས་རྒྱས་མཛད་བྲལ་ཆ་དང་བྲལ།། དེ་བཞིན་གཤེགས་པ་མ་སྐྱེས ་ཀྱང་།། སྐྱེས་པ་ལྟ་བུར་སྟོན་མཛད་ཏེ།། ཡེ་ཤེས་རྡོ་རྗེ་རྣམ་མེད་མངའ།། ཡེ་ཤེས་རྡོ་རྗེ་རྣམ་པ་ལ་འཇུག་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅུ་བདུན་པའོ།། ་སྤྲིན་ཆེན་སྙིང་པོས་གསོལ་པ།། ལོངས་སྤྱོད་མི་ཟད་པའི་རྣམ་པ་ལ་འཇུག་པའི་རྣམ་པར་འཕྲལ་པའི་རྒྱལ་པོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤད ་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདུད་རྩི་བློ་གྲོས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བདེ་བས་ཚིམ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ་དགའ་བ་ལ་མཁས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྡུག་ཅིང་རབ་ཏུ་དགའ་བ་ལ་མཁས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཟབ་ཅིང་བརྟན་པའི་ཆུའི་རོ་ལ་འཇུག་པ་ཞེས་བྱ་བའི་ཆོས ་ཀྱི་སྒོ་དང་། སེམས་ཀྱི་བློ་གྲོས་ཀྱི་སྤྱོད་ཡུལ་གྱི་བདེ་བ་འདོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བདེ་བ་མི་ཟད་ཅིང་གདོད་མ་ནས་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས ་ཀྱི་སྒོ་དང་། ཐམས་ཅད་རབ་ཏུ་མགོ་ཞིང་རབ་ཏུ་དགའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་པོ་དེ་དག་ནི་ལོངས་སྤྱོད་མི་ཟད་པའི་རྣམ་པ་ལ་འཇུག་པ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས ་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷ་མོ་ལག་ན་སྦྲང་ཆང་ཐོགས་པ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། ་མཚན་མ་མི་མངའ་དེ་བཞིན་གཤེགས།། ཟུང་དུ་མེད་ཅིང་རེག་ཏུ་མེད།། སེམས་ཅན་རྣམས་ལ་སྨན་སླད་དུ།། གསང་བ་སྣ་ཚོགས་སྟོན་པར་མཛད།། ་ལོངས་སྤོད་མི་ཟད་པའི་རྣམ་པ་ལ་འཇུག་པ་རྣམ་པར་འཕྲལ་པའི་རྒྱལ་པོའི་ཆོས་ཀྱི་སྒོའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅོ་བརྒྱད་པའོ།། །། སྤྲིན་ཆེན་སྙིང་པོས ་གསོལ་བ།། ཡང་དག་པའི་ལམ་གྱི་རྣམ་པ་མངོན་པར་མཚོན་པ་ལ་འཇུག་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཤད ་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲ་བ་རྒྱས་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བརྟན་པའི་རྣམ་པའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། དཔའ་བྲི ་སྟོབས་ཀྱིས་རྣམ་པར་རྒྱལ་བའི་རིན་པོ་ཆེའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། ལྷ་ཐམས་ཅད་ཀྱིས་གནས་ཤར་ཕྱོགས་སུ་བལྟས་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ་གཞུང་ལུགས་ཐམས་ཅད་རྫོགས་པར་བྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གཞུང་ལུགས་ཐམས་ཅད་ཀྱི་དགོན་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ལམ་ཐམས་ཅད ་ལ་རབ་ཏུ་མགུ་ཞིང་དགའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ལམ་ངན་པར་ཞུགས་པ་ཐམས་ཅད་སྤངས་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱ་མཚོའི་རྣམ་པ་རྟག་པའི ་དུས་ཚོད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱ་མཚོ་དུས་ངེས་པ་ལ་མངོན་པར་རྩེ་བའི་རྣམ་པའི་རིན་པོ་ཆེའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ཡང་དག ་པའི་ལམ་གྱི་རྣམ་པ་མངོན་པར་མཚོན་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷ་མོ་རབ་ཏུ་དུལ་བ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ ་ཆེན་པོ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། དམ་པའི་ཡང་དག་ལམ་བསྲུངས་པ།། སེར་སྣ་ལས་འདས་རྣམ་པར་དག། སེམས་ཅན་རྣམས་ལ་སྨན་སླད་དུ།། ཆོས ་རྣམས་སྣ་ཚོགས་ཡང་དག་སྟོན།། ཡང་དག་པའི་ལམ་གྱི་རྣམ་པ་ལ་མངོན་པར་མཚོན་པ་ལ་འཇུག་པའི་ཆོས་ཀྱི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅུ་དགུ་པའོ།། ། ་སྤྲིན་ཆེན་སྙིང་པོས་གསོལ་པ། ཕྲ་ཞིང་ཟབ་པའི་གླེང་གཞིའི་རྣམ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱི་བཤང་དུ་གསོལ།། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། མཉམ་པ་དང་གྱི་གྱུ་ཅན་ཐམས་ཅད་ཀྱིས་གླེང་གཞིའི་ལེའུ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རོ་བྲོ་བ་ཐམས་ཅད་ལ་རབ་ཏུ་དགའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གཞུང་ལུགས ་ལ་རྣམ་པར་རྩེ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱས་པ་འདོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱལ་བ་དགའ་བའི་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ ་དང་། ལུས་ལ་རབ་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ལུས་སྡུག་ཅིང་དང་བའི་སྤྱོད་ལམ་ལ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། འཕགས་པས་རབ ་ཏུ་རྒྱན་པའི་དུས་ཆོད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དྲི་མའི་སྙིང་པོ་མེད་པར་བྱེད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དམིགས་པའི་རྣལ་འབྱོར་གྱི་དགེ་བར་མངོན་པར ་ཚིམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བཅུ་པོ་དེ་དག་ནི་ཕྲ་ཞིང་ཟབ་པའི་གླེང་གཞིའི་རྣམ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས། ་དེའི་ཚེ། ལྷ་མོ་མགྲིན་དབྱངས་སྙན་པ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། དཔའ་ཆེན་སེང་གེ་སྒྲ་སྒྲོགས་པ།། ་དེ་བཞིན་གཤེགས་སྒྲ་བསམ་མི་ཁྱབ།། སེམས་ཅན་རྣམས་ལ་སྨན་སླད་དུ།། སེང་གེའི་སྒྲ་ནི་མངོན་པར་སྒྲོགས།། ཕྲ་ཞིང་ཟབ་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་པའོ།། ་སྤྲིན་ཆེན་སྙི་པོས་གསོལ་པ། སེང་གེའི་རྣམ་པར་རྩེ་བ་ལ་དམིགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། ་སེང་གེའི་རྣམ་པར་རྩེ་བ་བསམ་གྱིས་མི་ཁྱབ་པས་རྣམ་པར་རོལ་པར་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་བྱ་བར་དགའ་བ་དྲི་མ་མེད་པ་ཞེས་བྱ་བའི ་ཆོས་ཀྱི་སྒོ་དང་། སྦྲང་མ་དང་བུང་བའི་མེ་ཏོག་གི་དྲི་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེ་རྣམ་པར་བསྒྱིངས་པའི་བློ་གྲོས་ཀྱི་རྣམ་པར་རྩེ་ཞིང་གཉིད་ཀྱིས་གནོན་པ་ཞེས ་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེའི་ལྷུན་པོ་མངོན་པར་རབ་ཏུ་གཡོ་བའི་མཆོག་ཐོབ་པར་དགའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཆུ་འབབ་པ་ལྟ་བུར་རྩེ་བའི་རྒྱལ་པོ ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ས་ཀུན་ཏུ་རབ་ཏུ་གཡོ་བ་རྒྱ་ཆེར་རྩེ་བ་ལ་དམིགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ལག་པ་གཡས་གཡོན་གྱི་མཐིལ་གསལ་བར ་གཅོད་པ་ལྟ་བུར་མངོན་པར་རྩེ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཉ་མོ་ཆེ་དེ་དག་གི་འཇུག་མ་མངོན་པར་རྩེ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཐོབ་པར་དགའ ་བ་དང་རྟོགས་པར་དགའ་བ་རབ་ཏུ་སྟོན་པ་ལ་མངོན་པར་རྩེ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱན་ཐམས་ཅད་ཀྱི་རྣམ་པ་ལ་རབ་ཏུ་དགའ་ཞིང་མངོན་པར་རྩེ་བ་ལ་དམིག ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དག་ནི་སེང་གེ་རྣམ་པར་རྩེ་བ་ལ་དམིགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷའི་བུ་སེང་གེ་དཔའ་བོ་ཞེས ་བྱ་བས། བཅོམ་ལྔ་འདས་ལ་མཆོད་པའི་ལས་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། ཀྱེ་མ་བཅོམ་ལྡན་འདས་མཁྱེན་པ་དཔེ་མེད་པ།། ཡེ་ཤེས་དཔེ ་མེད་དག་ལ་རབ་ཏུ་གནས།། སེམས་ཅན་རྣམས་ལ་བདེ་མངའ་མཛད་སླད་དུ།། ཐབས་ཀྱི་སེང་གེའི་རྣམ་པར་རོལ་པ་མཛད།། སེང་གེའི་རྣམ་པར་རྩེ་བ་ལ་དམིག ་པའི་གླིང་གཞིའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་གཅིག་པའོ།། །། སྤྲིན་ཆེན་སྙིང་པོས་གསོལ་པ། མཚམས་སྦྱོར་བ་ཚོགས་པའི་རྣམ་པ་འཇིག་རྟེན ་དང་། མཐུན་པར་འཇུག་པ་ལ་བྱ་བ་འཇུག་པའི་མདོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་མངོན་པར་མཚམས་སྦྱོར་བར་གསོལ། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚམས་རྟག་པར་བྱ་བའི་རྒྱལ་པོ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཐབས་ཀྱིས་ཤིན་ཏུ་རབ་ཏུ་དུ་ཞི་བར་བྱས་པ ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དང་བའི་སྦྲང་རྩི་འཇམ་པ་ལ་ཡང་དག་པར་རབ་ཏུ་བཟུང་བ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ་སྡེ་གེ་རྣམ་པར་རྩེ་བ་མངོན་པར་འཕགས་པ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིམ་པ་སྟོན་པའི་དུས་ཚོད་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིམ་པ་དང་རིམ་པ་མེད་པ ་དང་། ཡུལ་དང་ཡུལ་མ་ཡིན་པར་འཇུག་པ་ལ་མཁས་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གདུལ་དཀའ་བ་དང་དམུ་རྒོད་ཐབས་ཀྱི་གཟུད་པ་ཞེས་བྱ་བའི་ཆོས་ཀྱི ་སྒོ་དང་། མདའ་ལྟར་མགྱོགས་པར་ལུས་ལ་དཔའ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མཆོད་པ་འདོད་པ་ཐམས་ཅད་ཐོབ་པ་ལ་འཇུག་པའི་ཆོས་ཀྱི་སྒོ་དང་། གནས ་འོག་མའི་ལས་བྱེད་པའི་ཐབས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་མཚམས་མས་སྦྱོར་བ་ཚོགས་པའི་རྣམ་པ་འཇིག་རྟེན་དང་མཐུན་པར་འཇུག ་པར་བྱ་བ་ལ་འཇུག་པའི་མདོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷའི་བུ་སྤྲིན་ཆེན་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད ་པ་འདི་སྨྲས་སོ།། ཀྱེ་མ་འོག་མའི་གནས་གཤེགས་པ།། བཅོམ་ལྡན་དཀའ་བ་མཛད་པ་ལགས།། ཉིད་ཀྱི་སྲས་ལ་སྨན་སླད་དུ།། ཐབས་ཀྱིས་ཡང་དག་གནས་ནས་ཀྱང་།། ་ཡོངས་སུ་མྱ་ངན་འདའ་བར་མཛད།། མཚམས་སྦྱར་བ་མཐུན་ཚོགས་པའི་རྣམ་པ་འཇིག་རྟེན་དང་མཐུན་པར་འཇུག་པར་བྱ་བ་ལ་འཇུག་པའི་མདོ་སྡེའི་གླེང་གཞིའི་ལེའུ་ཞེས་བྱ ་སྟེ་ཉི་ཤུ་གཉིས་པའོ།། ། སྤྲིན་ཆེན་པོའི་མདོ་ལས།། བམ་པོ་དྲུག་པ།། ། སྤྲིན་ཆེན་སྙིང་པོས་གསོལ་པ། མངོན་པར་རྩེ་བའི ་རིན་པོ་ཆེའི་མཛོད་ལ་འཇུག་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡ་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པོ། ཉི་མ་འཆར་ཀའི་གཙུག ་ཕུང་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། སྙིང་པོ་སྔ་མ་ལ་རྒྱ་ཆེར་རྩེ་བས། མངོན་པར་རྒྱགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཡོན་ཏན་རིན་པོ་ཆེའི་མཛོད་མངོན་དུ་བྱུང་བའི་ཆོས་ཀྱི ་སྒོ་དང་། ཚུལ་གྱི་མཚམས་བཟང་པོས་མངོན་པར་རྩེ་བ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མིག་མི་འཛུམ་པར་སྨྲ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཀུ་མུ་ཏ་དང་ཟླ་བ ་ལྟ་བུའི་ཆུ་དང་ལྡན་པ་ལ་མངོན་པར་རྩེ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྦྲུལ་པོ་ཆེ་ལ་སོགས་པའི་ལུས་ལ་མངོན་པར་འདོད་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བསྔགས ་པར་བྱ་བ་ཤིན་ཏུ་མང་བ་ལ་མངོན་པར་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཏེ། བཅུ་པོ་དེ་དག་ནི་མངོན་པར་རྩེ་བ་རིན་པོ་ཆེའི་མཛོད་ལ་འཇུག་པའི་ཆོས་ཀྱི་སྒོ་ཡིན་ནོ།། དེ ་ནས་དེའི་ཚེ། ལྷའི་བུ་རིགས་བཙུན་པ་རྣམ་པར་དག་པའི་ཡིད་ཅེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། འཇིག་རྟེན་གསུམ ་གྱི་ཆོས་ཀྱི་དབང་ཕྱུག་གོ། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་གྱུར་པ།། སེམས་ཅན་རྣམས་ལ་ཕན་པ་མཛད་སླད་དུ།། ལམ་རྣམས་རྣམ་པ་སྣ་ཚོགས་སྟོན་པ་མཛད།། མང ་པར་རྩེ་བ་རིན་པོ་ཆེའི་མཛོད་ལ་འཇུག་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་གསུམ་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་པ ་ནམ་མཁའ་ལྡིང་གི་རྩལ་ཆེན་པོའི་སྟོབས་ལ་མངོན་པར་འཇུག་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ།། ནོར་རྒྱས་ཀྱི་བུའི་སྟོབས་རབ་ཏུ་འཇོམས་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རང་གི་སྟོབས་མངོན་པར་སྟོན་པ་ལ་འཇུག་པ་ཞེས་བྱ་བའི ་ཆོས་ཀྱི་སྒོ་དང་། སྒྲ་ལ་མངོན་པར་རབ་ཏུ་དགའ་བ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཆུའི་རླབས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱ་མཚོའི་དུས་ཀྱི་ང་རྒྱལ ་གྱི་རྒྱགས་པ་མེད་པར་བྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རི་བོའི་རྒྱལ་པོའི་ཕུབ་ཏུ་མངོན་པར་སྒྲོགས་པའི་དུས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རླུང་གི ་མཆོག་དུས་ཀྱི་ཕྱོགས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མིག་རྒྱང་རིང་བར་སྟོན་པ་ངེས་པར་སེམས་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མྱུར་དུ་གདུགས ་པའི་སྦྲུལ་རྩེ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེ་འོད་ཟེར་བཟང་པོའི་སྟོབས་ཐོབ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ནམ་མཁའ་ལྡིང་གི ་རྩལ་ཆེན་པོའི་སྟོབས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷའི་བུ་དྲི་མ་མེད་པ་ཟབ་མོ་ལ་འཇུག་པ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད ་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། ཏིང་ངེ་འཛིན་དང་ཤེས་རབ་དབང་པོའི་རྡོ་རྗེ་ཕྱག་ན་བསྣམས།། ཆོས་ཀྱི་དབང་ཕྱུག་ཡེ་ཤེས་སྟོང་པ་གཟིགས་ལ་ཕྱག ་འཚལ་ལོ།། ཉོན་མོངས་ལྷ་མ་ཡིན་རྣམས་གཡུལ་དུ་ངེས་པར་རབ་ཏུ་བཅོམ་བྱས་ནས།། ཆོས་ཀྱི་དབང་པོའི་རྟོག་ནི་ཁྱོད་ཀྱིས་ལེགས་པར་གཙུགས།། ནམ་མཁའི་ལྡིང་གི ་རྩལ་ཆེན་པོའི་སྟོབས་ལ་འཇུག་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་བཞི་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་པ། སྒྲ་ཆེན་པོའི་དུས་རྣམ་པར་བསྒྲགས་པ ་བཀོད་པའི་རྒྱལ་པོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླ་ན་མེད་པའི་སྟོབས་ཟབ་མོའི ་ཚུལ་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཚུལ་ཁྲིམས་བརྟན་པ་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཚུལ་ཁྲིམས་ཀྱི་སྟོབས་ཀྱི་འོད་འཕྲོ་བའི་རྒྱལ་པོ་ཞེས་བྱ་བའི ་ཆོས་ཀྱི་སྒོ་དང་། ཚུལ་ཁྲིམས་ཀྱི་མཚམས་བཟང་པོ་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེའི་འོ་མ་འཛག་པ་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བསོད་ནམ ་ཀྱི་རྒྱུན་དང་འཛག་པ་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བཏང་སྙོམས་ཀྱི་སྟོབས་འཛག་པ་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བཅུ་པོ་དེ་དག་ནི་སྒྲ་ཆེན་པོའི་དུས ་རྣམ་པར་བསྒྲགས་པ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷའི་བུ་རིན་ཆེན་དཔལ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས ་སུ་བཅད་པ་འདི་སྨྲས་སོ།། དེ་བཞིན་གཤེགས་རྒྱལ་མི་ཕྱེད་སྐུ་མངའ་བ།། མཐའ་ཡས་སྟོབས་ལྡན་ཁྱོད་ལ་བདག་ཕྱག་འཚལ།། སེམས ་ཅན་རྣམས་ལ་ཕན་པར་མཛད་སླད་དུ།། བཀོད་པ་རྣམ་པ་སྣ་ཚོགས་སྟོན་པ་མཛད།། སྒྲ་ཆེན་པོའི་དུས་རྣམ་པར་བསྒྲགས་པའི་བཀོད་པའི་རྒྱལ་པོའི་གླེང་གཞིའི་ལེའུ་ཞེས་བྱ ་སྟེ་ཉི་ཤུ་ལྔ་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་པ། མི་འཇིགས་པ་ཆེན་པོའི་སྟོབས་ཀྱི་རྣམ་པར་འཕྲུལ་པ་ལ་འཇུག་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱ་མཚོའི་སྟོབས་ཀྱི་དུས་ལ་མི་དམིགས་པའི་སྟོབས་ཀྱིས་རྣམ་པར་འཕྲུལ་པ་ལ་འཇུག་པ་ཞེས ་བྱ་བའི་ཆོས་ཀྱི་སྒོ་དང་། འཇིགས་པ་མེད་པའི་རྣམ་པའི་རྩ་བ་ལ་དགའ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མཁས་པའི་རིན་པོ་ཆེའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། མཁས་པའི ་དཔལ་གྱི་ལུས་ཤེས་བྱ་བའི་ཆོས་ཀྱི་སྒོ་དང་། མཁས་པ་གཙང་སྦྲ་ལ་དགའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མཁས་པའི་འོད་འཕྲོ་གཟི་བརྗིད་ཀྱི་རྒྱན་གྱི་བརྒྱན་པ་ལ་འཇུག ་པའི་སྟོབས་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེ་ཐམས་ཅད་ལ་མཁས་པའི་དུས་ཆོད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མཁས་པའི་རབ་ཏུ་དགའ་བའི་ས་ལ ་འཇུག་པར་དགའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མཁས་པའི་འོད་འཕྲོ་བ་དང་ལྡན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མཁས་པའི་བློག་གི་འོད་ཀྱི་རྣམ་པའི་རྒྱལ་པོ་ཞེས ་བྱ་བའི་ཆོས་ཀྱི་སྒོ་དང་། བཅུ་པོ་དེ་དག་ནི་མི་འཇིགས་པ་ཆེན་པོའི་སྟོབས་ཀྱི་རྣམ་པར་འཕྲུལ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷའི་བུ་རིན་ཆེན ་ཏོག་ཅེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། དུས་ཚོང་རྣམ་དག་ཡོན་ཏན་གྱི།། འབྱུང་གནས་ཟབ་མོ་གསང་བའི་ཚེ།། ་སེམས་ཅན་རྣམས་ལ་སྨན་སླད་དུ།། ཆོས་རྣམས་སྣ་ཚོགས་སྟོན་པ་མཛད།། མི་འཇིགས་པ་ཆེན་པོའི་སྟོབས་ཀྱི་རྣམ་པར་འཕྲུལ་པ་ལ་འཇུག་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ། ་ཉི་ཤུ་དྲུག་པའོ།། །། སྤྲིན་ཆེན་བློས་གསོལ་པ། གནས་ཀྱི་རྣམ་པ་དང་བཅས་པ་ཡངས་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་བསྲུང་བ་ཞི་བའི་དུས་ཚོད་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཡང་དག་པའི་སྙིང་པོའི་གནས་ཀྱི་ལམ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ་ཆུའི་གྲགས་པའི་དེ་ཁོ་ན་སྙིང་པོའི་གནས་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྒྲུབ་པ་བསྔགས་པའི་གནས་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གྲགས་པའི་སྙིང་པོའི་རྣམ་པའི་མཚམས་བཟང ་པོའི་གནས་ཤེས་བྱ་བའི་ཆོས་ཀྱི་སྒོ་དང་། རྟག་ཏུ་རབ་ཏུ་དགའ་བ་རྒྱས་པའི་གནས་ཤེས་བྱ་བའི་ཆོས་ཀྱི་སྒོ་དང་། བཞི་གནས་སྐྱེས་པའི་སྟོབས་ཀྱི་གནས་ཤེས་བྱ་བའི་ཆོས་ཀྱི་སྒོ ་དང་། སྙིང་རྗེའི་སྟོབས་ཀྱིས་གནས་ཤེས་བྱ་བའི་ཆོས་ཀྱི་སྒོ་དང་། བཟོད་པ་ལ་གནས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་།། རྟག་ཏུ་གཙང་བའི་གནས་ཤེས་བྱ་བའི་ཆོས་ཀྱི་སྒོ་ཏེ། བཅུ ་པོ་དེ་དག་ནི་གནས་ཀྱི་རྣམ་པ་དང་བཅས་པ་ཡངས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷ་མོ་རིན་པོ་ཆེའི་རིགས་ཀྱི་འོད་ཅེས་བྱ་བས། བཅོམ ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། དེ་བཞིན་གཤེགས་པ་ཡེ་ཤེས་སྐུ།། ཡེ་ཤེས་ཡོན་ཏན་འབྱུང་གནས་མཛེས།། སེམས་ཅན་རྣམས་ལ ་སྨན་སླད་དུ།། ཆོས་རྣམས་སྣ་ཚོགས་སྟོན་པ་མཛད།། གནས་ཀྱི་རྣམ་པ་དང་བཅས་པའི་ཆོས་ཀྱི་སྒོའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་བདུན་པའོ།། ་སྤྲིན་ཆེན་སྙིང་པོས་གསོལ་པ། ལྷག་པའི་བསམ་པའི་ཆོ་ག་ལ་འཇུག་པའི་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་ཤང་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། མཚམས་བཟང་པོ་ལ་གནས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ལྷག་པའི་བསམ་པའི་ཆོ་ག་ཤོས་པའི་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཡེ་ཤེས་ཀྱི ་དུས་ཚོཚད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། འགྲོ་བའི་དུས་ཚོད་ཀྱི་ཆོ་འཕྲུལ་གྱི་ལྷག་པའི་བསམ་པའི་ཆོ་ག་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ནམ་མཁའ་སྙམ་པའི་མངོན་པར ་རྩེ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མི་ཤེས་པ་བསམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མངོན་པར་རྒྱུ་བ་བསགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བསྙེན་པར་འོས་པའི་རྒྱལ་པོ ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྦྱིན་པར་དགའ་བ་མངོན་པར་མོས་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སེམས་དགེ་ཞིང་ལྷག་པའི་བསམ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཏེ། བཅུ་པོ། ་དེ་དག་ནི་ལྷག་པའི་བསམ་པའི་ཆོ་ག་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷའི་བུ་ཤེས་པས་རྒྱགས་པ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱ ་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། བཅོམ་ལྡན་སངས་རྒྱས་ལྟར་མི་མངའ།། ནམ་མཁའ་མཚུངས་ཤིང་འདྲ་བ་ལགས།། སེམས་ཅན་རྣམས་ལ་སྨན་སླད་དུ།། རྣམ་པ ་སྣ་ཚོགས་སྟོན་པ་མཛད།། ལྷག་པའི་བསམ་པའི་ཆོ་ག་ལ་འཇུག་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་བརྒྱད་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་པ། ་དམག་ཆེན་པོ་དཔའ་བའི་རྒྱལ་བའི་སྟོབས་བཀོད་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔའ ་བོ་རྣམ་པར་རྒྱལ་བའི་ཞིང་གི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དཔའ་བར་འགྲོ་བ་ཕུན་སུམ་ཚོགས་པའི་རྗེས་སུ་སྐྱེས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དཔའ་བོ་རྣམ་པར་རྩེ ་བའི་དམིགས་པ་ལ་མཁས་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དཔའ་བོའི་ཚུལ་འཇུག་པའི་སྟོབས་ཕུན་སུམ་ཚོགས་པ་ལ་བྱ་བ་བྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གཡུལ། ་ངོར་དཔའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྙིང་སྟོབས་ཕུན་སུམ་ཚོགས་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཡེ་ཤེས་བརྟན་པའི་དཔའ་བོའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི ་སྒོ་དང་། ལེ་ལོའི་དུས་དཔའ་བའི་དཔའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གཟི་བརྗིད་ཀྱི་སྟོབས་ཀྱི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་དང་། དཔའ་བོའི་བློག་འོད་ཀྱི་རྣམ་པ་ཞེས་བྱ ་@ཧ་བའི་ཆོས་ཀྱི་སྒོ་དང་། དཔའ་བོ་ཐོག་གི་དམག་གི་ལགས་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བཅུ་པོ་དེ་དག་ནི་དམག་ཆེན་པོ་དཔའ་བའི ་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷའི་བུ་དཔའ་བརྟན་བརྟུལ་ཞུགས་ངེས་པ་ལ་ཉེ་བར་གནས་པ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས ་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། དཔའ་ཆེན་མི་ཕྱེད་འཁོར་དང་བཅས།། ཆོས་ཀྱི་དམག་ནི་འདྲེན་པ་པོ།། སེམས་ཅན་རྣམས་ལ་སྨན་སླད་དུ།། བདུད་གཞོམ་པ་ཡང་སྟོན ་བ་མ་དད།། དམག་ཆེན་པོ་དཔའ་བའི་རྒྱལ་པོ་སྟོབས་བཀོད་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་དགུ་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་པ། བཟང་པོན ་རིན་པོ་ཆེའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང ་པོའི་རྣམ་པའི་དུས་ཚོད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། བཟང་པོ་དང་བའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བཟང་པོའི་རྣམ་པའི་སྟོབས་ཀྱིས་མངོན་པར་རྩེ་བ་ཞེས་བྱ་བའི ་ཆོས་ཀྱི་སྒོ་དང་། བཟང་པོའི་ནོར་གྱི་གནས་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བཟང་པོའི་ཕུན་སུམ་ཚོགས་པའི་ལུས་ཤེས་བྱ་བའི་ཆོས་ཀྱི་སྒོ་དང་། བཟང་པོའི་གཙང་སྦྲ་ལ་ངེས་པའི ་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བཟང་པོའི་གློག་གི་འཕྲོ་བའི་རྒྱལ་པོའི་མཛོད་ཀྱི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བཟང་པོའི་རྣམ་པས་ལེགས་པར་བརྒྱན་པའི་བློ་གྲོས་ཤེས ་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་བཟང་པོའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་འཇུག་པ་ཞེ་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷའི་བུ་བཟང་སྐྱོང་ཞེས་བྱ་བས། ་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། བཟང་པོའི་མཚན་རྣམས་ཕུན་སུམ་ཚོགས།། བཟང་པོའི་གདན་ལ་རབ་ཏུ་བཞུགས།། སེམས་ཅན ་རྣམས་ལ་སྨན་སླད་དུ།། ཆོས་རྣམས་སྣ་ཚོགས་སྟོན་པ་མཛད།། བཟང་པོའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་འཇུག་པའི་ཆོས་ཀྱི་སྒོའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་པའོ།། ་སྤྲིན་ཆེན་སྙིང་པོས་གསོལ་པ། རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་སྟོན་པའི་དཔུང་སྐྱེད་པ་ལ་འཇུག་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོ ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བས་རྩེ་བ་དང་བཅས་པའི་ཡང་དག་པར་སྤྲས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མགུ་བར ་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་དང་། མཆོག་ཏུ་དགའ་བས་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མངོན ་པར་ཞུགས་པའི་རྣམ་པའི་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སེང་གེའི་སྨྲས་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་ཞེས་བྱ་བའི་ཆོས་ཀྱི ་སྒོ་དང་། ཚུལ་གྱི་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་སྟོན་པའི་སྟོབས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བྱམས་པས་རྩེ་བ་དང་བཅས་པའི་ཡང་དག་པར་སྲུབ ་པ་སྟོན་པའི་སྟོབས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྙིང་རྗེས་རྩེ་བ་དང་བཅས་པ་ཡང་དག་པར་སྤས་པ་སྟོན་པའི་སྟོབས་ལ་འཇུག་པ ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དགའ་བས་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་སྟོན་པའི་སྟོབས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བཏང་སྙོམས་ཀྱིས་རྩེ་བ་དང ་བཅས་པ་ཡང་དག་པར་སྦས་པ་སྟོན་པའི་སྟོབས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་སྟོན་པའི་དཔུང་སྐྱེད་པ་ལ་འཇུག་པ ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷའི་བུ་བློ་གྲོས་རྒྱ་མཚོ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། ་རྟག་པའི་ལྗོན་པ་སློབ་མའི་བྱས་ནི་རྟེན་གྱུར་ཅིང་།། བྱང་ཆུབ་ཡན་ལག་མེ་ཏོག་རྟག་ཏུ་ཞི་བའི་རྩ།། བསམ་གཏན་མྱུ་གུ་ཡན་ལག་འབྲས་བུ་ལྡན་པ་པོ།། རྫུ་འཕྲུལ་ལོ་མ ་ཤིང་རྟ་ཁྱོད་ལ་མགོ་བོས་གཏུག། རྩེ་བ་དང་བཅས་པའི་ཡང་དག་པར་སྦས་པ་སྟོན་པའི་དཔུང་སྐྱེད་པ་ལ་འཇུག་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་གཅིག་པའོ།། ་སྤྲིན་ཆེན་སྙིང་པོས་གསོལ་པ། ཡེ་ཤེས་བརྩོན་པའི་ཆོ་ག་ལ་ཞུགས་པའི་རྣམ་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དམིགས་པ་ལ་རྣམ་པར་མངོན་པར་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱན་གྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི ་སྒོ་དང་། སྟོབས་འབྲི་བར་མངོན་པར་དགའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མཁས་པའི་ལུས་མི་ཟད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྩེ་བ་ལ་མངོན་པར་ཆགས་པ་ཞེས ་བྱ་བའི་ཆོས་ཀྱི་སྒོ་དང་། སྦྱིན་པ་དང་རིམ་གྲོའི་བྱ་བ་བྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཐང་ལ་མངོན་པར་དགའ་བའི་སྦྱོར་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྦྱོར་བའི་མཚམས ་ལ་མངོན་པར་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དགའ་བའི་དུས་ཚོད་ཀྱི་སྦྱོར་བ་ལ་གནས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གཞུང་ལུགས་མངོན་པའི་གནས་ལ་གནས ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ཡེ་ཤེས་རྩོམ་པའི་ཆོ་ག་ལ་ཞུགས་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷ་མོ་མེ་ཏོག་ལ་མངོན་པར ་དགའ་བ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། དཔའ་ཆེན་ཡེ་ཤེས་བརྩོམ་ལ་པོ་སྐྲོད་པ།། སེམས་ཅན་རྣམས་ལ ་ཕན་བཞེད་པ།། ཆོས་རྣམས་སྣ་ཚོགས་སྟོན་པ་མཛད།། ཡེ་ཤེས་བརྩོམ་པའི་ཆོ་ག་ལ་ཞུགས་པའི་རྣམ་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་སུམ་གཉིས་པའོ།། ་སྤྲིན་ཆེན་སྙིང་པོས་གསོལ་པ། ཡེ་ཤེས་ཀྱི་ནོར་བསྒྲིམས་ཏེ་སྒྲུབ་པའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། ལེགས་པའི་ནན་ཏན་གྱི་སྦྱོར་བ་ལ་མཁས་པའི་རིན་པོ་ཆེ་སྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དམ་པའི་ཆོས་ལ་ཤིན་ཏུ་གུས་པར་སྒྲིམ་པའི་སེམས ་ཡང་དག་བརྩོམ་ལ་རབ་སྦྱོར་བ ་@#། ལ་གནས་པར་སྦྱོར་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བདེ་བའི་དུས་ཚོད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཡང་དག་པར་ཟབ་ཅིང་བརྟན་པ་ལ་རྩེ་བ་དང་བཅས་པའི ་རྒྱ་མཚོའ་རིན་པོ་ཆེའི་རྫས་སྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མངོན་པར་དགའ་བ་སྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཡེ་ཤེས་ཀྱི་སྟོབས་བཅུ་སྒྲུབ་པ་ཞེས ་བྱ་བའི་ཆོས་ཀྱི་སྒོ་དང་། མངོན་པར་འདོད་པར་བྱ་བའི་ཡོན་ཏན་སྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ལུས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མཁས་པ ་དང་གཙང་སྦྲ་ངེས་པ་དང་བརྟུལ་ཞུགས་དང་ཉེ་བར་གནས་པ་ལ་སྒྲིམས་ཏེ་བསྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཏེ། བཅུ་པོ་དེ་དག་ནི་ཡེ་ཤེས་ཀྱི་ནོར་བསྒྲིམས་ཏེ་བསྒྲུབ་པའི་ཆོས་ཀྱི་སྒོ་ཡིན ་ནོ།། དེ་ནས་དེའི་ཚེ།། ལྷ་མོ་འཕྲེང་བ་སྣ་ཚོགས་ཅན་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། གསང་བའི་འབྱུང་གནས ་བསམ་གཏན་བཞི་ཡི་ཡན་ལག་གི། ཅོད་པན་རྣམ་གྲོལ་ཆུ་དང་དྲན་པ་བསིལ་བའི་རླབས།། བདག་རྟག་ཟ་བ་ཞི་བླའི་བདག་ཉིད་ཆེ་བ་སྟེ།། རྒྱ་མཚོའི་ཚུལ་འདྲ་ཁྱོད་ལ་མགོ་བོས ་གཏུག་པར་བགྱི།། ཡེ་ཤེས་ཀྱི་ནོར་བསྒྲིམས་པའི་མཛོད་ཀྱི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་གསུམ་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་པ། ཡང་དག ་བའི་མཆོད་སྦྱིན་པ་ལ་ཕན་པའི་ཆོ་ག་བཀོད་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངེས་པར ་བསྡམས་པའི་ཆོ་ག་རྟག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མཆོད་སྦྱིན་ལ་ཕན་པའི་རིན་པོ་ཆེའི་ཆོ་གས་བསྲུངས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གཙང་སྦྲ་བསྲུང་བའི་དུས་ཆོད་ཞེས ་བྱ་བའི་ཆོས་ཀྱི་སྒོ་དང་། གཙང་སྦྲལ་མངོན་པར་དགའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྦྱིན་པའི་ལོངས་སྤྱོད་སྦྱིན་པ་ལས་བྱ་བའི་ཆོས་ཀྱི་སྒོ་དང་། མིག་རབ་ཏུ་སྦྱིན་པ་ཞེས་བྱ ་བའི་ཆོས་ཀྱི་སྒོ་དང་། ཟབ་མོ་གསང་བ་སྟོན་ཅིང་འཆད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཟབ་མོའི་ཆོས་ལ་གཅེས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དེ་ཁོ་ནའི་སྙིང་པོ་ལ་གནས་པ ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གཞུང་ལུགས་ཐམས་ཅད་སྟོན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ཡང་དག་པའི་མཆོད་སྦྱིན་པ་ལ་ཕན་པའི་ཆོ་ག་བཀོད་པ་ཞེས་བྱ་བའི་ཆོས ་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷ་མོ་ཆོས་ལ་མངོན་པར་དགའ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། དཔའ་བོ་ཆོས་ཀྱི་མཆོད་སྦྱིན་ལ། ་སྦྱིན་པའི་ཚོགས་ལྡན་དེ་བཞིན་གཤེགས།། སེམས་ཅན་རྣམས་ལ་སྨན་སླད་དུ།། མཆོད་སྦྱིན་སྣ་ཚོགས་སྟོན་པ་མཛད།། ཡང་དག་པའི་མཆོད་སྦྱིན་པ་ལ་ཕན་པའི་ཆོ་ག་བཀོད་པའི་གླེང་། ་གཞིའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་བཞི་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ། པ། སངས་རྒྱས་ཀྱི་ཞིང་གི་ཡང་དག་པའི་ས་བོན་རབ་ཏུ་སྐྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ། ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིན་པོ་ཆེའི་འབྱུང་གནས་ཀྱིས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་རྗེའི་འབྱུང་གནས ་ཀྱི་ནོར་གྱི་ཆར་འབེབས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེའི་འབྱུང་གནས་ཀྱི་བསོད་ནམས་ཀྱི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ ་ཆེའི་འབྱུང་གནས་ཀྱི་ཡང་དག་པའི་སྙིང་པོའི་བློ་གྲོས་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེའི་འབྱུང་གནས་ཀྱི་ལུས་ཤེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེའི་འབྱུང་གནས ་ཀྱི་འོད་འཕྲོ་བཟང་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེའི་འབྱུང་གནས་ཀྱི་སྒྲོན་མའི་འོད་འཕྲོ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེའི་འབྱུང་གནས་ཀྱི་གློག་གི་འོད་ཀྱི ་བློ་གྲོས་མི་ཟད་པའི་ཅོད་པན་གྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེའི་འབྱུང་གནས་ལ་གནས་པའི་གཙང་སྦྲ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེ་ཐམས་ཅད་ཀྱི ་ཞིང་གི་འབྲས་བུའི་རོའི་ཕུང་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་སངས་རྒྱས་ཀྱི་ཞིང་གི་ཡང་དག་པའི་ས་བོན་རབ་ཏུ་སྐྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས ་དེའི་ཚེ། ལྷ་མོ་རིན་ཆེན་ཆར་འབེབས་མ་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། བཅོམ་ལྡན་སངས་རྒྱས་བསོད ་ནམས་ཞིང་།། འཇིག་རྟེན་ལ་ནི་ཐུགས་རྩེ་ཞིང་།། སེམས་ཅན་རྣམས་ལ་སྨན་སླད་དུ།། ཞིང་རྣམས་སྣ་ཚོགས་སྟོན་པ་མཛད།། སངས་རྒྱས་ཀྱི་ཞིང་གི་ཡང་དག་པའི་ས་བོན ་རབ་ཏུ་སྐྱེད་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་ལྔ་པའོ།། །། སྤྲིན་ཆེན་སྙིང་པོས་གསོལ་པ། དེ་ཁོ་ནའི་ཚུལ་གྱི་མངོན་པར་རྩེ་བ་ལ་དགའ་བའི་རྒྱལ ་པོའི་རྣམ་པར་འཕྲུལ་པ་ལ་འཇུག་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་བཤང་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་གཡོ་བར་དགའ ་བ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྩ་བ་བརྟན་པ་ལ་གནས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མི་སྐྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཟབ་མོ་ལ་རབ་ཏུ་གནས་པ ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བསམ་གྱིས་མི་ཁྱབ་པའི་མཛོད་ཀྱི་རྣམ་པར་ཐར་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཡིད་དུ་འོང་བས་སངས་རྒྱས་པའི་བློ་གྲོས་རྒྱལ་པོ་ཞེས ་བྱ་བའི་ཆོས་ཀྱི་སྒོ་དང་། མི་གནས་མི་ཟད་པའི་བློ་གྲོས་ཀྱི་སྟོབས་ཤེས་བགྱི་བའི་ཆོས་ཀྱི་སྒོ་དང་། བསམ་གྱིས་མི་ཁྱབ་པའི་ཚུལ་གྱི་མཐའ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ་ཡེ་ཤེས་ཀྱི་ཕྱག་རྒྱའི་མཐའ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱ་མཚོ་མི་ཟད་པ་ཐམས་ཅད་ཀྱི་བློ་གྲོས་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པ ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ཁོ་ནའི་སྙིང་པོ་ཚུལ་གྱིས་མངོན་པར་རྩེ་བ་ལ་གནས་པའི་རྒྱལ་པོའི་རྣམ་པར་འཕྲུལ་པ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན། ་དེ་ནས་དེའི་ཚེ། ལྷའི་བུ་སྐར་འོད་ཅེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། ཀྱེ་མ་བཅོམ་ལྡན་སངས་རྒྱས ་བསམ་མི་ཁྱབ།། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་སྐུ།། སེམས་ཅན་རྣམས་ལ་ཕན་པ་མཛད་སླད་དུ།། བསམ་གྱིས་མི་ཁྱབ་བསམ་ཡས་མདོ་ཡང་སྟོན།། དེ་ཁོ་ནའི ་སྙིང་པོའི་ཚུལ་གྱིས་མངོན་པར་རྩེ་བ་ལ་དགའ་བའི་རྒྱལ་པོའི་རྣམ་པར་འཕྲུལ་པ་ལ་འཇུག་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་དྲུག་པའོ།། ་དེ་ནས་དེའི་ཚེ། ལྷའི་བུ་བློ་གྲོས་མྱུར་ལྡན་ཞེས་བྱ་བས། བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོའི་ལས་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ ་ཐལ་མོ་སྦྱར་བ་བཏུད་ཏེ། ཏ་ལ་བདུན་སྲིད་ཙམ་དུ་བར་སྣང་ལ་འདུག་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མདོ་སྡེ་དག་ལ་དུ་ཞིག ་མཆིས།། ཏིང་ངེ་འཛིན་རྣམས་ཀྱང་དུ་ཞིག་མཆིས།། གཟུངས་ཀྱིས་ལམ་དག་དུ་ཞིག་མཆིས།། གསང་བ་ལ་འཇུག་པ་དུ་ཞིག་མཆིས།། བཅོམ་ལྡན་འདས་ད་ལྟར་བཞུག ་པའི་སངས་རྒྱས་སུ།། མ་བྱོན་པ་ནི་དུ་ཞིག་བཞུགས།། འདས་པའི་སངས་རྒྱས་དུ་ཙམ་ཞིག། སངས་རྒྱས་སྤོད་ཡུལ་ཇི་སྙེད་མཆིས།། འཇིག་རྟེན་ཁམས་ནི་དུ་ཞིག་མཆིས།། ། ་གཟུངས་པར་འཚལ་ལོ་གོའུ་ཏ་མ།། སེམས་ཅན་ཀུན་གྱི་མཆོག་གྱུར་པ།། གོའུ་ཏ་མ་བདག་ཞུན།། སེམས་ཅན་རྣམས་ལ་སྨན་སླད་དུ།། རྐང་གཉིས་གཙོ་བོས་བཤད ་དུ་གསོལ།། དེ་ནས་སངས་རྒྱས་ཀྱི་མཐུས། ལྷའི་བུ་བློ་གྲོས་མི་ཟད་པའི་སྙིང་པོ་ཞེས་བྱ་བས། བློ་གྲོས་མྱུར་ལྡན་ཞེས་བྱ་བ་ལ་ཚིགས་སུ་བཅད་དེ་སླར་སྨྲས་པ། ཚངས་པ་ཆེན ་པོ་ལེགས་སོ་ལེགས་སོ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། ཞུ་བའི་རྒྱལ་པོ་ལེགས་པར་ཞུས།། འཇིག་རྟེན་འདི་ནི་རིགས་པ་ཡིན།། དྲིས་པའི་དོན་ནི་རིམ ་བཞིན་དུ།། མིག་ཡངས་རབ་ཏུ་བཤད་པར་བྱ།། གཡེང་བ་མེད་པའི་སེམས་ཀྱི་སུ།། ཚངས་ཆེན་ཁྱོད་ཀྱིས་མཉན་པར་གྱིས།། མདོ་སྡེ་རྣམས་ནི་རེ་རེ་ལ།། གང་གཱའི་ཀླུང ་གི་བྱེ་མ་རྙེད་ཀྱི།། བསྒྱུར་བའི་དོན་ནི་མང་ཡོད་ཅེས།། ཆོས་གསུངས་པས་ནི་ངེས་པར་བསྟན། གཟུངས་ཀྱི་འབབ་ཆུའི་མིང་རྣམས་ཀྱང་།། རེ་རེ་ནས་ནི་རབ་དབྱེ་ན།། དོན ་མང་དྲི་བ་མང་ཡོད་ཅེས།། ཆོས་གསུངས་པས་ནི་ངེས་པར་བསྟན།། ཏིང་འཛིན་འབབ་ཆུའི་མིང་རྣམས་ཀྱང་།། རེ་རེ་ནས་ནི་རབ་དབྱེ་ན།། དོན་མང་དྲི་བ་མང་ཡོད་ཅེས།། ཆོས ་གསུངས་པས་ནི་ངས་བསྟན།། ཀུན་དགའ་བོ་དང་འདྲ་བའི་མི། ཁྲི་ཕྲག་བྱེ་བ་སྙེད་ཡོད་ལ།། མདོ་ལས་གཅིག་ནི་ཚད་བཟུང་ཕྱིར།། སྐྱེས་བུ་དམ་པ་བྱུང་གྱུར་ཏེ།། སྐྱེས་བུ ་དམ་པ་དེ་ཀུན་ལས།། སྐྱེས་བུ་སྐྱེས་མཆོག་རེ་རེ་ལ།། ལྷའི་ལོ་མང་བྱེ་བརྒྱར་ཐུབ།། སྐྱེས་བུ་བརྟན་པོ་རེ་རེ་ཡང་།། གང་གཱའི་བྱེ་མ་ཇི་ཙམ་པར།། རང་རང་གི་ནི་ལྕེ་ཚོགས་རྣཾས།། ་མདོ་སྡེ་དག་ནི་མིང་གི་ཕྱིར།། བྱིན་གྱིས་བརླབས་པ་བྱས་པ་དང་།། དེ་དག་གི་ནི་ཐབས་ཚུལ་གྱིས།། སྐྱེས་བུ་སྐྱེས་མཆོག་དེ་དག་གིས།། མདོ་སྡེ་རྣམས་ནི་རེ་རེ་ཡི།། མིང་ཙམ ་དག་ཀྱང་སླབ་པའི་ཕྱིར།། ལོ་མང་བྱེ་བ་བརྒྱ་པ་ཡི།། སྐྱེས་བུ་དེ་འདྲ་དེ་ཀུན་གྱིས།། འབབ་ཆུ་འདྲ་བའི་མིང་ཡང་གཟུངས།། ཐ་མར་ཕྱིན་པར་མི་ནུས་ཏེ།། བཅོམ་ལྡན་མདོ ་ནི་བསམ་མི་ཁྱབ།། ཏིང་འཛིན་གྲངས་ཀྱང་དེ་བཞིན་ཏོ།། གསང་བ་བཤད་པ་བསམ་མི་ཁྱབ།། སངས་རྒྱས་བསམ་ཡས་བསམ་མི་ཁྱབ།། དེ་བཞིན་གཤེགས་པ་དཔག ་སུ་ཉམས་པར་མི་འགྱུར་རོ།། དེ་བཞིན་གཤེགས་པའི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་དང་། ཞི་བའི་རང་བཞིན་དང་། ཡོན་ཏན ་གྱི་ཚོགས་ངེས་པར་འབྱེད་པའི་བློ་གྲོས་ཅན་དུ་ཡང་འགྱུར་རོ།། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱ་བ་དང་ཡང་འབྲལ་བར་མི་འགྱུར་རོ།། བསྡུ་བའི་དངོས ་པོ་བཞི་ལ་ཡང་བརྩོན་པར་འགྱུར་རོ།། སྔར་སྨོན་པའི་ཡོན་ཏན་ཐམས་ཅད་དང་ཡང་ལྡན་ཞིང་མཁས་པར་འགྱུར་རོ།། སྤྲིན་ཆེན་སྙིང་པོ་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོ ་དུས་ཆོད་ཅེས་བྱ་བའི་ཏིང་ངེ་འཛིན་ཟུང་ཤིག་སྤྲིན་ཆེན་སྙིང་པོ་གཞན་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུ་ཚོད་ཀྱི་ཏིང་ངེ་འཛིན་ཐོབས་པའི་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ལྷའི་གནས་ཐམས་ཅད་ན་ཡང་། བྱ་བ་ལ་སྣང་སྟེ་ཚངས་པ་ལ་དད་པའི་སེམས་ཅན་རྣམས་ཀྱི་མཆོད་པའི་འོས་སོ་སྙམ་པའི་ལྟ་བ་བཅད་པའི་ཕྱིར་རོ།། ་ཚངས་པའི་གནས་རྣམས་སུ་ནི། ཚངས་པའི་གཟུགས་ལྟ་བུར་སྣང་སྟེ། ལྟ་བ་ལ་གནས་པར་ཡང་འགྱུར་རོ།། དབང་ཕྱུག་ཆེན་པོ་ལ་དད་པའི་སེམས་ཅན་རྣམས་ཀྱི་ལྟ་བ་བཅད ་པའི་ཕྱིར་དབང་ཕྱུག་ཆེན་པོའི་གནས་རྣམས་ནི་དབང་ཕྱུག་ཆེན་པོའི་གཟུགས་སུ་སྣང་སྟེ། ལྟ་བ་ལ་གནས་པར་ཡང་མི་འགྱུར་རོ།། གཞོན་ནུ་ལ་དད་པའི་སེམས་ཅན་རྣམས ་ཀྱི་ལྟ་བ་བཅད་པ་དང་། སྲོག་གཅོད་པ་ཟློག་པའི་ཕྱིར། ཀ་ཏའི་བུའི་གནས་རྣམས་སུ་ནི།། ཀ་ཏའི་བུའི་གཟུགས་ལྟ་བུར་སྣང་སྟེ། ལྟ་བ་ལ་གནས་པར་ཡང་མི་འགྱུར་རོ།། ་སེམས་ཅན་སྡིག་པའི་ལས་ཟློག་པའི་ཕྱིར།། འབྱུང་པོའི་གནས་རྣམས་སུ་ནི་འབྱུང་པོའི་གཟུགས་ལྟ་བུར་སྣང་ཞིང་། ལྟ་བ་ཅན་ཐམས་ཅད་ཀྱི་ལྷའི་གནས་དང་ལྟད་མོ་ཅན ་དང་། དགེ་མཚན་ལྟ་བའི་གནས་རྣམས་སུ་ལྟ་བ་ཅན་གྱི་གཟུགས་ལྟ་བུར་སྣང་སྟེ། ལྟ་བ་ལ་གནས་པར་ཡང་མི་འགྱུར་རོ།། ཤ་ཟ་བ་དང་བསོད་པ་ལས་ཟློག་པའི་ཕྱིར་ཕག ་འཚོད་པའི་གནས་སུ་བགེགས་ཀྱི་མཚན་མའི་ཚུལ་སྟོན་ཅིང་། ཤ་འཚོང་བ་ལྟ་བུར་ཡང་སྣང་ངོ་།། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། རིགས་ཀྱི་ཆང་འཚོང ་བའི་ནང་དུ་ཆང་འཐུང་བ་ལྟ་བུར་ཡང་སྣང་ཞིང་། ཆང་གི་ཉེས་དམིགས་ཡང་དག་པར་བསྟན་པའི་ཕྱིར། རིགས་ཀྱི་གཙོ་བོ་ལྟ་བུར་ཡང་འགྱུར་ཞིང་། སེམས་ཅན་རྣམས ་ལ་ཆང་གི་སྦྱིན་པ་བྱེད་དེ། ཆང་ལ་ཡང་ཆགས་པར་མི་འགྱུར་རོ།། དེ་བཞིན་དུ་ལེས་ཆེན་པོ་བཅུ་དྲུག་གི་ཉེས་དམིགས་ཡང་དག་པར་བསྟན་པའི་ཕྱིར། ལས་ཆེན་པོ་བཅུ ་དྲུག་བྱེད་པའི་རིགས་རྣམས་སུ་སྐྱེས་ནས། ལས་ཆེན་པོ་བཅུ་དྲུག་བྱེད་པ་ལྟ་བུར་ཡང་སྣང་སྟེ། ལས་ལ་ཆགས་པར་ཡང་མི་འགྱུར་རོ།། སེམས་ཅན་རྣམས་ཡོངས་སུ ་སྨིན་པར་བྱ་བའི་ཕྱིར། རྒྱན་པོ་དང་རྩེད་མོ་ལ་ཡང་མཁས་སོ།། སེམས་ཅན་དབུལ་པོ་ལོངས་སྤྱོད་མི་ཟད་པས། སླུ་བ་དང་། ཚུལ་ཁྲིམས་ཡོངས་སུ་དག་པར ་བྱེད་པའི་ཕྱིར། ཁྱིམ་ན་གནས་པའི་རྒྱལ་པོར་ཡང་འགྱུར་རོ།། ཆུང་མ་དང་བུ་དང་འདྲེ་བ་མེད་པར་བུ་སྨད་ཀྱང་བསྟོད་ལ། རྟག་ཏུ་ཚངས་པར་སྤྱོད་པ་དང་ལྡན་ཞིང་རྟག ་ཏུ་བདེན་པ་ན་ཡང་གནས་ཏེ་རྒྱན་གྱིས་ཀླུབས་ལ་མཚན་གྱིས་ཀྱང་ཡོངས་སུ་བཅོད་པ། དེ་ཁོ་ན་ཟས་ཀྱང་ཟལ་རྟག་ཏུ་བསམ་གཏན་གྱི་ཟས་ཀྱིས ་ཀྱང་འཚེའོ།། ཡ་མཚན་ཅན་དེ་དག་གི་ང་རྒྱལ་དང་དྲེགས་པ་གཞོམ་པའི་ཕྱིར། ཡ་མཚན་ཐམས་ཅད་ཀྱི་ནང་དུ་ཡང་རབ་ཏུ་འབྱུང་སྟེ། ཐམས་ཅད་དུ་མཁན་པོའི་ཐབས་སུ་བཀུར ་ཞིང་། ལྟས་སུ་ལྟ་བ་ཐམས་ཅད་ངེས་པར་སྒྲལ་བའི་ཕྱིར། བསམ་པའི་ཚུལ་གྱིས་རྟོགས་པར་འགྱུར་ལ། ལྟ་བ་ལ་གནས་པར་ཡང་མི་འགྱུར་རོ།། དུད་འགྲོ་རྣམས་ངེས་པར ་བསྒྲལ་བའི་ཕྱིར། དུད་འགྲོའི་སྐྱེ་གནས་ཐམས་ཅད་དུ་ཡང་སྐྱེ་བར་འགྱུར་ཏེ། ཐམས་ཅད་དུ་ཡང་མཆོག་ཏུ་བཀུར་བར་འགྱུར་རོ།། སྨད་འཚོང་མའི་གནས་ཀུན་ཏུ་ཡང་སྣང་སྟེ། ་ཐམས་ཅད་དུ་ཡང་བཀུར་ལ་སྨང་འཚོང་མའི་གནས་ཐམས་ཅད་དུ་གཡོ་ཅན་གྱི་མཆོག་ཏུ་ཡང་འགྱུར་རོ།། འདུལ་བའི་སེམས་ཅན་རྣམས་ལ་ཕན་པར་བྱ་བའི་ཕྱིར་ཞིང་མདོ ་དང་སུམ་མདོ་ཐམས་ཅད་དུ་ཡང་སྣང་ངོ་།། འདོད་པའི་ཉེས་པ་བསྟན་པའི་ཕྱིར། སྨད་འཚོང་མའི་གནས་ཐམས་ཅད་དུ་ཡང་འཇུག་གོ།། དྲན་པ་ལ་ཡང་དག་པར་དགོད ་པའི་ཕྱིར། མི་གསལ་བ་དང་། གླེན་པའི་གནས་ཐམས་ཅད་དུ་ཡང་འཇུག་པར་བྱེད་དོ།། སེམས་ཅན་ཡན་ལག་མ་ཚང་བ་ཐམས་ཅད་སྐྱེ་བ་ལ་དགོད་པའི་ཕྱིར། ཡན་ལག ་ཐམས་ཅད་ཚང་བ་ཡང་སྟོན་པར་བྱེད་དོ།། འཁོར་བ་ལ་སྐྱོ་བ་སྐྱེད་པའི་ཕྱིར། མཁས་པ་བཞི་དང་ལྡན་པར་ཡང་བྱེད་དོ།། ལེ་ལོ་ཅན་དང་དྲན་པ་ཉམས་པ་རྣམས་དང་། རྒྱགས ་ཁ་དང་། མོས་པ་རྣམས་བརྩོན་འགྲུས་དང་བསམ་གཏན་སྐྱེ་བ་ལ་དགོད་པའི་ཕྱིར་ནང་བཞི་བརྒྱ་རྩ་བཞི་དང་ཡང་ལྡན་པར་ཡང་སྟོན་ནོ།། བཟོད་པ་ལ་དགོད་པའི་ཕྱིར་གནོད ་སེམས་ལྟ་བུར་ཡང་འགྱུར་རོ།། རྟག་པའི་འདུ་ཤེས་ཅན་གྱི་སེམས་ཅན་རྣམས་ལ་རྟག་པའི་ཉེས་པ་ཡང་དག་པར་བསྟན་པའི་ཕྱིར་བསྐལ་པ་ཐམས་ཅད་དུ་ཡང་འབྱུང་ངོ་རོ།། ་ཁྱེའུ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཡི་གེ་སློབ་པའི་གྲཝ་གང་ཐམས་ཅད་དུ་ཡང་འགྲོ་བར་བྱེད་དོ།། བུ་མོ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། གླུ་དབྱངས་ཀྱི ་ཁང་པ་ཐམས་ཅད་དུ་ཡང་འགྲོ་བར་བྱེད་དོ།། འཇིག་རྟེན་དང་མཐུན་པར་བྱ་བའི་ཕྱིར། རྒང་པོ་དང་། ཐོར་བུ་དང་། བར་མ་རྣམས་ཀྱི་གྲོགས་ཀྱང་བྱེད་དོ།། སེམས ་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བྲན་པོ་དང་། བྲན་མོ་དང་། གཞན་གྱིས་བཀོལ་བར་ཡང་འགྱུར་རོ།། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ནད་པ་དང ་རྒས་པ་དང་། ཤི་བ་ལྟ་བུར་ཡང་བདག་ཉིད་སྣ་ཚོགས་སུ་ཡང་སྟོན་ཏོ།། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། རིན་པོ་ཆེ་དང་ནོར་བུ་ཐམས་ཅད་ཀྱི་སྣོད་ལྟ ་བུར་ཡང་འགྱུར་རོ།། རིགས་བྱེད་ཐམས་ཅད་ཀྱིས་མཆོག་པར་འཛིན་པའི་སེམས་ཅན་རྣམས་ལ་སྐྱོན་ཡང་དག་པར་བསྟན་པའི་ཕྱིར། གསང་ཚིག་དང་། རིགས་བྱེད ་ཐམས་ཅད་ལ་མཁས་པར་ཡང་བྱེད་དོ།། བྱ་སྐད་ཀྱི་བརྡ་ཐམས་ཅད་ལ་ཞེན་པའི་སེམས་ཅན་རྣམས་ཀྱི་ལྟ་བ་བཤད་པའི་ཕྱིར། བྱ་སྐད་ཀྱི་བརྡ་ཐམས་ཅད་སྟོན་བྱེད་དོ།། ་སྨན་སྡེ་ཚན་དང་རྩི་དང་ལྡན་པ་རྣམས་རྣམ་པར་འཕྲུལ་པའི་ཕྱིར། ཤིང་ལྗོན་པ་དང་། འཁྲི་ཤིང་དང་འབྲས་དང་མེ་ཏོག་དང་། སྨན་ནོ་ཅོག་ལྟ་བུར ་ཡང་བདག་ཉིད་བྱིན་གྱིས་བརློབ་པར་བྱེད་དོ།། སོ་ནམ་ཐམས་ཅད་ལ་བརྩོན་ལ། ཆགས་པ་དང་ལོངས་སྤྱོད་ལ་མངོན་པར་ཞེན་པར་ཡང་མེད་དོ།། ཐེག་པ་སྨན་པ་རྣམ ་པར་བཅད་པའི་ཕྱིར། བསྒྲགས་པའི་ཆོས་ཀྱིས་འབྲལ་བའི་གཏམ་ཐམས་ཅད་ཀྱང་ལེགས་པར་སྟོན་པར་བྱེད་དོ།། སེམས་ཅན་ཐམས་ཅད་བསྲུང་བ་དང་། ཡོངས་སུ་སྐྱེད་པའི་ཕྱིར། ་རྒྱལ་པོའི་བྱ་བ་ལ་འཇུག་པར་བྱེད་དོ།། ཚོང་དཔོན་གྱི་ཆོས་ལུགས་ཀྱིས་དགའ་བར་བྱ་བའི་ཕྱིར། ཚོང་དཔོན་གྱི་ནང་དུ་ཡང་ཚོང་དཔོན་དུ་བཀུར་བར་འགྱུར་རོ།། ཁྱིན་གྱི་སྐྱོན ་ཐམས་ཅད་ཡོངས་སུ་བཅད་པའི་ཕྱིར། ཁྱིམ་བདག་གི་ནང་དུ་ཡང་ཁྱིམ་བདག་གིས་བཀུར་བར་འགྱུར་རོ།། རྒྱལ་རིགས་ཀྱི་ཆོས་ལུགས་རབ་ཏུ་གནས་པར་བྱ་བའི་ཕྱིར། ་རྒྱལ་རིགས་ཀྱི་ནང་དུ་ཡང་རྒྱལ་རིགས་སུ་བཀུར་བར་འགྱུར་རོ།། ང་རྒྱལ་དང་རྒྱགས་པ་དང་། དྲེགས་པ་དང་གཞོམ་པའི་ཕྱིར། བྲམ་ཟེའི་ནང་དུ་ཡང་བྲམ་ཟེས་བཀུར་བ ་འགྱུར་རོ།། བྱ་བ་ཐམས་ཅད་དང་། ཆོས་ལུགས་ཐམས་ཅད་ལ་གཅུད་པར་བྱ་བའི་ཕྱིར། བློན་པོ་ཆེན་པོའི་ནང་དུ་ཡང་བློན་པོ་ཆེན་པོར་བཀུར་བར་འགྱུར་རོ།། རྒྱལ་སྲིད་དང་ལོངས ་སྤོད་དང་། དབང་ཕྱུག་ལས་རྣམ་པར་ཟློག་པའི་ཕྱིར། གཞོན་ནུའི་ནང་དུ་ཡང་བཀུར་བར་འགྱུར་རོ།། བུད་མེད་ཡོངས་སུ་སྨིན་པའི་ཕྱིར། བཙུན་མོའི་འཁོར་དག་ཏུ་ཡང ་བསྲུང་མ་ཉུང་རུབ་དུ་བཀུར་བར་འགྱུར་རོ།། བསོད་ནམས་ཀྱི་ཁྱད་པར་ལྷག་པར་དམིགས་པར་བྱ་བའི་ཕྱིར། སྐྱེ་བོ་ཕལ་པ་རྣམས་ལ་ཡང་མཐུན་པར་འཇུག་གོ།། དབང ་ཕྱག་གི་ཉེས་དམིགས་བསྟན་པའི་ཕྱིར། བརྒྱ་བྱིན་གྱི་ནང་དུ་ཡང་བརྒྱ་བྱིན་གྱི་བཀུར་བར་འགྱུར་རོ།། ཡེ་ཤེས་ཀྱི་ཁྱད་པར་བསྟན་པའི་ཕྱིར། ཚངས་པའི་ནང་དུ་ཡང་ཚངས ་པས་བཀུར་བར་འགྱུར་རོ།། སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་བར་བྱ་བའི་ཕྱིར། ཟླ་བར་ཡང་འགྱུར་རོ།། སེམས་ཅན་གྱི་སྡིག་པའི་ཉེས་པའི་ཁབ་མང་པོ་བཞུ་བའི་ཕྱིར། ་ཉི་མར་ཡང་འགྱུར་རོ།། སེམས་ཅན་ཐམས་ཅད་ཚུལ་བསྲུང་དུ་བཞུགས་པའི་ཕྱིར། འཇིག་རྟེན་གྱི་སྐྱོང་གི་ནང་དུ་འཇིག་རྟེན་སྐྱོང་དུ་བཀུར་བར་འགྱུར་རོ།། སངས་རྒྱས་ཀྱི ་བཀོད་པ་ཐམས་ཅད་སྟོན་ཀྱང་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པར་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མི་བྱེད་དོ།། གཟུགས་ཐམས་ཅད་སྣང་བར་སྟོན་ཀྱང་གཟུགས ་ཀྱི་དེ་བཞིན་གཤེགས་པའི་ཆོས་ཉིད་རྣམ་པར་འཁྲུག་པར་ཡང་མི་བྱེད་དོ།། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་ཡང་ཐ་དད་པར་འབྱེད་པར་ཡང་མི་བྱེད་དོ།། སངས་རྒྱས ་ཐམས་ཅད་ཀྱིས་ཡང་དག་པར་བླང་བར་རྗེས་སུ་ཐོབ་ཀྱང་ཆོས་ཀྱི་དབྱིངས་ལ་ཡང་འབྱེད་པར་མི་བྱེད་དོ།། ལྷ་དང་མིའི་བདག་པོ་ཐམས་ཅད་ཡོངས་སུ་འཛིན་ཀྱང་དེ་ལ་རྒྱགས ་བར་ཡང་མི་བྱེད་ལ། མོས་པ་བསྐྱེད་པར་ཡང་མི་འགྱུར་རོ།། སེམས་ཅན་རྣམས་སྐྱོབ་ལ་དགོད་པའི་ཕྱིར། གཉིད་ལོག་པའི་བྱ་བ་ཐམས་ཅད་ཀྱང་ཡང་དག་པར་སྟོན་ནོ།། ་བདུད་ཀྱི་ཡུལ་ཐམས་ཅད་ཡང་དག་པར་སྟོན་ཀྱང་། བདུད་ཀྱི་ལས་ལ་གནས་པར་ཡང་མི་འགྱུར་རོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི ་བྱ་བ་ཐམས་ཅད་ལ་ཡང་སྣང་ལ། རྟག་ཏུ་ཡང་ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་བར་བྱེད་དེ། པདྨ་བཞིན་དུ་གོས་པ་མེད་པར་འགྱུར་རོ།། སྤྲིན་ཆེན་སྙིང་པོ་ཟབ ་མོ་བསྟན་པའི་ཆུའི་རྒྱ་མཚོའི་དུས་ཀྱི་དུས་ཚོད་ཀྱི་ཏིང་ངེ་འཛིན་གྱི་ཡུལ་ལ་སྟོས།། ། སྤྲིན་ཆེན་སྙིང་པོས་ཞུས་པའི་མདོ།། ་། བམ་པོ་བདུན་པ།། ། དེ་ནས་དེའི་ཚེ། འཁོར་ཆེན་པོའི་ནང་ནས་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀེའུ་དི་ནྱ་ཞེས་བྱ་བས། ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་བཅོམ་ལྡན་འདས་ཀྱེ་མ་ལྷ་སྦྱིན་དྲུག་སྡེ་དང་བཅོས་པ་འདི་ཚིག་གི་དོན་ཕྲ་ཞིང་ཟབ་ལ། སེམས་ཅན་ཐམས་ཅད་ལ་ཕན ་པར་སྤྱོད་པ་འདི་ལྟ་བུ་རྒྱབ་ཀྱིས་ཕྱོགས་སོ།། ཀྱེ་མ་ལྷ་སྦྱིན་ནི་བྱས་པ་མི་བཟོ་བ་ལགས་སོ།། ཀྱེ་མ་ལྷ་སྦྱིན་ནི་སྡིག་པ་ལགས་སོ།། ཀྱེ་མ་ལྷ་སྦྱིན་ནི་དེ་བཞིན་གཤེགས་པ ་ལ་ཁྲག་འབྱིན་པ་ལགས་སོ།། ཀྱེ་མ་ལྷ་སྦྱིན་དྲུག་སྡེ་དང་བཅས་པ་ནི་དགེ་འདུན་གྱི་དབྱེན་བགྱིད་པ་ལགས་སོ།། ཀྱེ་མ་ལྷ་སྦྱིན་དྲུག་སྡེ་དང་བཅས་པ་ནི་ཤཱཀྱའི་རིགས་ཀྱིས ་དྲེགས་པ་ལགས་སོ།། ཀྱེ་མ་མི་ལེགས་པར་འགྱུར་བར་འོས་པ་དང་། དུད་འགྲོའི་སྐྱེ་གནས་དང་ཕྲད་པར་འགྱུར་བ་ཡོངས་སུ་སྤྱོད་པ་ལགས་སོ།། ཀྱེ་མ་ལྷ་སྦྱིན་ནི་རྟག་ཏུ ་བཅོམ་ལྡན་འདས་བགྲོད་པར་སེམས་པ་དང་། སྐྱེས་པའི་རབས་བརྒྱ་སྟོང་ཕྲག་གྲངས་པ་ལས་དྲག་པོ་བགྱིད་པ་ལགས་སོ།། ལྷ་སྤྲིན་ནི་སེམས་ཅན་དམྱལ་བར་མཆི་བ་ལགས ་ཀྱེ་མ་ལྷ་སྦྱིན་ནི་སྩལ་པ་དང་། བགྱིད་པ་མ་མཆིས་པ་ལགས་སོ།། བཅོམ་ལྡན་འདས་ཀྱི་བཀའ་དྲིན་གྱིས་མཚོ་ལ། བཅོམ་ལྡན་འདས་ཀྱི་རྩ་བ་ལ་རྐོ་བ་ལགས་སོ།། ཀྱེ་མ་ལྷ ་སྤྲིན་ནི་སྡིག་པ་ལ་ངེས་པ་ལགས་སོ།། ལྷ་སྤྲིན་གྱི་འཁོར་ནི་བདུད་ཀྱི་ཕྱོགས་ལགས་ན། བཅོམ་ལྡན་འདས་ཀྱི་ཐད་དུ་རབ་ཏུ་བྱུང་ཞེས་གདའ་སྟེ། བཅོམ་ལྡན་འདས་བཀྲོངས་པར ་སེམས་སོ།། ལྷ་སྤྲིན་གྱི་འཁོར་ནི་ཐམས་ཅད་དུ་ཡང་ངུར་སྨྲིག་འཆང་བ་ཙམ་དུ་བྱས་སོ།། ལྷ་སྦྱིན་གྱི་འཁོར་ནི་འཚོ་བ་ངན་པས་འཚོ་ཞིང་། མུ་གེའི་མགོ་བྱི་ལགས་སོ།། བཅོམ ་ལྡན་འདས་ཁྱོད་ནི་ཐམས་ཅད་མཁྱེན་པ་ལ་ཤེས་གདའ། ཁྱོད་ནི་འབྲས་བུ་མཆིས་པའི་ཆོས་སྟོན་པ་ལགས་ཤེས་གདའ། ཁྱོད་ནི་རིགས་རྣམ་པར་གྲགས་ལགས་ཤེས་གདའ་ན།། ་ལྷ་སྤྲིན་མ་རུང་བ་འདི་ལྟ་བུ་ཡང་རབ་ཏུ་བྱུང་ལགས་སམ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཐུགས་རྩེ་བ་ཅན་གྱིས། སེམས་ཅན་ཐམས་ཅད་ནི་ཡིད་གཉིས་དང་། ཐེ་ཚོམ ་རྣམ་པར་གསལ་བའི་སླད་དུ། དགོངས་པ་ཤད་དུ་གསོལ། ཁྱོད་ནི་རིགས་དྲི་མ་མ་མཆིས་ཤིང་རྣམ་པར་དག་པ་ལགས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདག་ཉིད ་ཆེན་པོས་བཤད་དུ་གསོལ།། དེ་ནས་དེའི་ཚེ། སངས་རྒྱས་ཀྱི་མཐུས་སྤྲིན་ཆེན་པོས་སློབ་དཔོན་ལུང་སྟོན་པ། བྲམ་ཟེ་ཀོའུ་དིན་རྐྱེ་ལ་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེ་ཆེན་པོ ་ལེགས་སོ་ལེགས་སོ།། བྲམ་ཟེ་ཆེན་པོ་ཁྱོད་ཀྱིས་སེམས་ཅན་ལ་ཕན་པའི་ཕྱིར། དེ་བཞིན་གཤེགས་པ་ལ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད ་ཀྱི་ཡུལ་གྱི་ཞུ་བའི་རྒྱལ་པོ་ལགས་སོ།། བྲམ་ཟེ་ཆེན་པོ་ཁོ་བོ་ལས་ཉོན་ཅིག་དང་། དེ་བཞིན་གཤེགས་པའི་མཐུ་དང་། ཁོ་བོ་ཅག་གི་ཡུལ་ལ་འཇུག་པའི་ཚུལ་གྱིས་ཁོ་བོས་བཤད ་པར་བྱའོ།། བྲམ་ཟེ་ད་ཕྱིན་ཆད་དེ་སྐད་མ་ཟེར་བར་གཞན་མ་ཡིན་པར་ཡིད་ལ་སོམས་ཤིག། ལྷ་སྦྱིན་དྲུག་སྡེའི་འཁོར་དང་བཅས་པ་ནི། དེ་བཞིན་གཤེགས་པ་ལ་ཤིན་ཏུ་བྱས་པ ་བཟོ་བ་ཡིན་ནོ།། ལྷ་སྤྲིན་མཆོག་ཏུ་དཀའ་བ་བྱེད་པ་ཡིན་ནོ།། ལྷ་སྦྱིན་ནི་དེ་བཞིན་གཤེགས་པའི་རིགས་ལ་ཤིན་ཏུ་སྙིང་རྩེ་བ་ཅན་ཡིན་ནོ།། ལྷ་སྤྲིན་ནི་དེ་བཞིན་གཤེགས་པའི ་འཕྲིན་ལས་ཀྱི་མཐའ་ཡིན་ནོ།། ལྷ་སྤྲིན་ནི་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་བདག་ཉིད་ཆེན་པོ་སྟོན་པ་ཡིན་ནོ།། ལྷ་སྦྱིན་དྲུག་སྡེའི་འཁོར་དང་བཅས་པ་ནི། སེམས་ཅན་བྱེ་བ་ཕྲག ་མང་པོ་བསོད་ནམས་མང་པོ་ལ་རབ་ཏུ་འགོད་པ་ཡིན་ནོ།། བྲམ་ཟེ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་རྣམས་ལ་ཁྲག་འབྱིན་མི་ནུས་སོ།། དེ་བཞིན་གཤེགས་པའི་སྐུ་ནི་ཤིང་གི་གྲིབ་མ་ལྟ་བུར་ལྟ་སྟེ། འདི་ནི་ཐམས་ཅད་ཡིན་པར་ལྟ་བར་བྱའོ།། བྲམ་ཟེ་ཆེན་པོ་ཤཱཀྱའི་རིགས ་འདི་ནི་དག་ཅིང་རྣམ་པར་དག་ལ་བསམ་གྱིས་མི་ཁྱབ་པོ།། ཤཱཀྱའི་རིགས་ཀྱི་ནང་ན། ཚུལ་ཁྲིམས་འཆལ་པ་འགའ་ཙམ་མི་བྱེད་དེ་མི་སྲིད་དོ།། དེ་བཞིན་གཤེགས་པ་ནི་འབྲས ་བུ་ཡོད་པའི་ཆོས་སྟོན་པ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་ཙན་དན་དང་། བཻ་ཌཱུརྱའི་འཁོར་དང་ལྡན་པ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་མི་ཕྱེད་པའི་འཁོར་དང་ལྡན་པ་ཡིན་ནོ།། ་དེ་བཞིན་གཤེགས་པའི་སེང་གེའི་རིགས་ཀྱི་རྒྱལ་པོ་དང་སྟག་ལྟ་བུའི་འཁོར་དང་ལྡན་པ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ ་གྱིས་མི་ཁྱབ་པའི་འཁོར་དང་ལྡན་པ་ཡིན་ནོ།། དེ་བཞིན་གཤེགས་པའི་འཁོར་མེ་སྟག་ཐལ་བས་གཡོགས་པ་ལྟ་བུར་ལྟའོ།། དེ་བཞིན་གཤེགས་པ་ནི་བླ་ན་མེད་པའོ།། དེ་བཞིན ་གཤེགས་པ་ནི་ཐམས་ཅད་མཁྱེན་པའོ།། དེ་གཤེགས་པ་ནི་ཐམས་ཅད་མཁྱེན་པ་ཉིད་དོ།། དེ་བཞིན་གཤེགས་པ་ལས་རབ་ཏུ་བྱུང་བའི་སེམས་ཅན་རྣམས་ལ་ནི་ཚུལ་ཁྲིམས ་འཆལ་པ་མི་སྲིད་དེ། དེ་དག་ཐམས་ཅད་ནི་ཡུལ་མི་ཤེས་པ་ཐམས་ཅད་ཤ་སྟག་སྟེ། དེའི་ཕྱིར་ཡང་དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་ཉིད་དོ།། བྲམ་ཟེ་ཆེན་པོའི་དགེ་འདུན ་ནི། བདུད་བྱེ་བ་ཕྲག་བརྒྱ་སྟོང་གིས་ཀྱང་དབྱེ་བར་མི་ནུས་ཏེ། འདི་ནི་ཐབས་ཡིན་པར་ལྟ་བར་བྱའོ།། ལྷ་སྦྱིན་དྲུག་སྡེ་དང་བཅས་པ་ནི་དགེ་འདུན་གྱི་དབྱེན་བྱེད་པ་ཡང་མ ་ཡིན་ནོ།། རྩཝ་སྦྱིན་དྲུག་སྡེ་དང་བཅས་པའི་ཤཱཀྱའི་རིགས་སྟོན་པ་ཡིན་ནོ།། སྐྱེ་བོ་ཕལ་པ་ཡང་དུད་འགྲོར་སྐྱེ་བར་ཡོངས་སུ་མི་སྤྱོད་ན་ཤཱཀྱའི་རིགས་སུ་སྐྱེ་ལ། དེ་བཞིན་གཤེས ་པའི་ཞབས་ཀྱི་དྲུང་ནས། རབ་ཏུ་བྱུང་བ་འདི་ལྟ་བུའི་ལས་ལ་སྦྱོར་བ་ནི་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ།། ལྷ་སྦྱིན་དྲུག་སྡེ་དང་བཅས་པ་ནི་ཤིང་དྲུང་དུ་བྱམས་པར་བྱས་པ་ཡིན་ནོ།། ་ལྷ་སྦྱིན་ངུར་སྨྲིག་འཆང་པ་ཙམ་དུ་ཟད་པ་ཡང་མ་ཡིན་ནོ།། ལྷ་སྦྱིན་ནི་མུག་གེའི་མགོ་བྱི་ཡང་མ་ཡིན་ནོ།། ལྷ་སྤྲིན་དྲུག་སྡེ་དང་བཅས་པ་ནི། སོ་སོར་ཐར་པའི ་སྡོམས་པས་སྔམ་པ་ཡིན་ནོ།། ལྷ་སྤྲིན་ནི་སྡིག་པ་ལ་ངེས་པ་ཡང་མ་ཡིན་ནོ།། ལྷ་སྦྱིན་དྲུག་སྡེ་དང་བཅས་པ་ནི། དེ་བཞིན་གཤེགས་པའི་ཐབས་ཀྱི་དགེ་སློང་ཡིན་པར་རིག་པར་བྱའོ།། ་བྱང་ཆུབ་སེམས་དཔའ་ཐམས་ཅད་རྟག་ཏུ་ཡང་མངོན་པར་ཤེས་པ་རྣམས་ཀྱིས་སེམས་ཅན་དམྱལ་བ་ན་རྩེ་བར་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་སྤོད་ཡུལ་ཡིན་པར་བལྟའོ།། ་ལྷ་སྦྱིན་ནི་སེམས་ཅན་དམྱལ་བར་འགྲོ་བ་ཡང་མ་ཡིན་ནོ།། བྲམ་ཟེ་ཆེན་པོ་གཞན་ཡང་ལྟོས་དང་། དཔེར་ན་ཡུལ་གཞན་གྱི་འགྲོན་པོ་མི་གཉིས་ཤིག་གྲོང་ཁྱེར་གཞན་ཞིག་ན་འདུག ་པ་ལས། ཕྱིར་རང་རང་གི་ཡུལ་དུ་ཆས་ཏེ། གཅིག་ནི་ནུབ་ཕྱོགས་སུ་སོང་། གཅིག་ནི་ཤར་ཕྱོགས་སུ་སོང་ན།། ཇི་ཙམ་དུ་སྤོངས་པ་དེ་ཙམ་དུ་གྲོང་ཁྱེར་དང་ཤིན་ཏུ་རིང་བར་འགྱུར་རོ།། ་ཇི་ཙམ་དུ་སོང་བ་དེ་ཙམ་མི་དེ་གཉིས་ཕྱིས་ཕྲད་པར་འགྱུར་བ་དེ་གནས་མེད་དོ།། བྲམ་ཟེ་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་དང་། ལྷ་སྤྲིན་གཉིས་ཀྱང་གལ་ཏེ་ཐབས་ཤིག་མ ་ཡིན་དུ་ཟིན་ན། ཁྱད་ཆེ་བར་མངོན་ནོ།། བྲམ་ཟེ་ཆེན་པོ་གཞན་ཡང་འདི་ནི་ལ་ལ་ཞིག་གི་སྲོག་གཅོད་པ་བྱས་ན། ལོ་བརྒྱ་ཕྲག་མང་པོར་སེམས་ཅན་དམྱལ་བར་སྲེག་པར་འགྱུར་ལ། བསོད ་ནམས་བྱས་ན། ལོ་བྱེ་བ་སྙེད་དུ་མཐོ་རིགས་སུ་མངོན་པར་རྩེ་བར་འགྱུར་བས་ན། བྲམ་ཟེ་ཆེན་པོ་དེ་བཞིན་གཤེགས་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ཞིང་། བག་ཆགས ་ཀྱི་ཚོགས་ཀྱིས་སྒོས་པ་ཡིན་པས། གལ་ཏེ་དེ་བཞིན་གཤེགས་ལ། ལྷ་སྤྲིན་གྱིས་བཀྲོངས་པར་བསམ་དུ་ཟིན་ན། དེ་ལྟར་སེམས་གཅིག་བསྐྱེད་པ་ཙམ་གྱིས་ལས་ཀྱི་འབྲས་བུར་ངེས ་ཀྱང་། ལོ་བྱེ་བ་ཕྲག་གྲངས་མེད་དཔག་ཏུ་བགྲངས་པ་ལས་ཤིན་ཏུ་འདས་པོ་སྲིད་དུ། སེམས་ཅན་དམྱལ་བར་ཤིན་ཏུ་སྲེག་པར་འགྱུར་བའི་རིགས་ན། བྲམ་ཟེ་ཆེན་པོ་དེ་བཞིན ་གཤེགས་པ་ནི་བསྐལ་པ་བསྟོང་ཕྲག་བྱེ་བ་གྲངས་མེད་པ་མང་པོ་ནུས་བགྲང་བ་ལས་འདས་པ་ཡིན་ལ་དེ་བཞིན་གཤེགས་པ་དང་ལྷ་སྦྱིན་སེམས་ཅན་དམྱལ་བ་ན་སྲེག་པ་གཉིས་ཀྱང ་ཕྲད་པར་ག་ལ་འགྱུར་ཏེ། དེ་ནི་གནས་མེད་དོ།། བྲམ་ཟེ་ཆེན་པོ་གཞན་ཡང་གལ་ཏེ་ལྷ་སྤྲིན་སྡིག་པས་འཚོ་བ་ཞིག་ཡིན་ན། སྐྱེས་པའི་རབས་བརྒྱ་སྟོང་དུ་དེ་བཞིན་གཤེགས་པ་དགྲ་བཅོ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ལྷ་སྤྲིན་ལྷན་ཅིག་ཏུ་ཕྲད་ཅིང་འགྲོགས་པར་ཡང་ཇི་ལྟར་འགྱུར་ཏེ། དེ་ནི་གནས་མེད་དོ།། ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་ལྷ་སྦྱིན་བཅོམ་ལྡན ་འདས་དཀྲོངས་པར་སེམས་དཔའ་དེ་ཙམ་དུ་སེམས་ཅན་དཔས་དམྱལ་བར་ངེས་པར་སྲེག་པར་འགྱུར་བས་ན། ཇི་ལྟར་སེམས་ཅད་དམྱལ་བ་ཡང་ཉམས་སུ་མྱོང་ལ། དེ་བཞིན་གཤེགས ་བ་བཀྲོངས་པར་ཡང་ཇི་ལྟར་སེམས་པར་རུང་སྟེ། མི་དེ་གཉིས་ཇི་ལྟར་ཕྲད་པར་མི་འགྱུར་བ་དེ་བཞིན་དུ། བྲམ་ཟེ་ཆེན་པོ་ལྷ་སྦྱིན་དེ་ལྟ་བུ་དང་། དེ་བཞིན་གཤེགས་པ་ཡང་རྒྱལམ ་ན་ཡང་ཕྲད་པར་འགྱུར་བ་དེ་ནི་གནས་མེད་དོ།། བྲམ་ཟེ་ཆེན་པོ་གཞན་ཡང་གལ་ཏེ་ལྷ་སྦྱིན་སྡིག་ཅན་ཞིག་ཡིན་དུ་ཟིན། ཤར་ཕྱོགས་སུ་འགྲོ་བ་བཞིན་དུ། ལྷ་སྦྱིན་སེམས་ཅན་དམྱལ ་བར་འགྲོ་བར་རིག་པར་བྱའོ།། གང་ནུབ་ཕྱོགས་སུ་འགྲོ་བ་ལྟ་བུ་དེ་ནི། དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱའོ།། དེ་ལ་གྲོང་ཁྱེར་གང་ཡིན་པ ་དེ་ནི་རྟག་ཏུ་འཇིགས་པ་མེད་པའི་གྲོང་ཁྱེར་ཡིན་པར་རིག་པར་བྱ་སྟེ། འདི་ནི་ཐམས་ཡིན་པར་ལྟ་བར་བྱའོ།། སངས་རྒྱས་ཀྱི་ཡུལ་འདི་ནི་ཁོ་བོ་ཅག་གིས་ཀྱང་བསམ་པར་མི་ནུས་པར་རིག ་པར་བྱའོ།། ལྷ་སྦྱིན་ནི་དེ་བཞིན་གཤེགས་པའི་ཡུལ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ།། བྲམ་ཟེ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས ་བྱ་བས། གདམ་ངག་བསྟན་ནས། བྱང་ཆུབ་སེམས་དཔའ་དྲུག་སྡེ་རྣམས་ཀྱི་འཁོར་གྱི་བསྐོར་བ་ལ་རྗེས་སུ་ཡི་རང་བར་གྱིས། བྲམ་ཟེ་ཆེན་པོ་དཔེར་གླང་པོ་ཆེ། མཆོག་ལ་བརྡེག ་པར་བྱ་བ་གང་ཡིན་པ་དེ་ནི། བོང་བུས་ཤིན་ཏུ་མི་བཟོད་ཏེ། གླང་པོ་ཆེ་མཆོག་ལ་སྡིག་པར་བྱ་བ་ནི། གླང་པོ་ཆེ་མཆོག་གིས་བཟོད་པར་ཟད་དོ།། བྲམ་ཟེ་ཆེན་པོ་དེ་བཞིན་དུ་དེ་བཞིན ་གཤེགས་པའི་ལྡེམ་པོ་དག་གི་རྭས་བརྡུངས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བོང་བུ་ཡི་མི་བཟོད་དོ།། དེ་བཞིན་གཤེགས་པའི་ལྡེམ་པོ་དག་གི་རྭས་བརྡུངས་པ་དེ ་བཞིན་གཤེགས་པ་དང་འདྲ་བས་བཟོད་པར་ཟད་དོ།། བྲམ་ཟེ་ཆེན་པོ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་ལ་ལྟོས། བྲམ་ཟེ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་གླང་པོ་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བ་ལ་བཟོད་པར་གསོལ་ཅིང་། བྲམ་ཟེ་ཆེན་པོ་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ ་གང་ལ་ལྷ་སྦྱིན་གྱི་ཡོན་ཏན་གྱི་ཆེ་བ་ཉིད་མི་ཤེས་པ་དེ་དག་ནི། སངས་རྒྱས་འབྱུང་བའི་ཕྱེད་ཐོབ་ཙམ་དུ་ཟད་པ་ཡིན་པར་རིག་པར་བྱའོ།། མིག་ཡ་གཅིག་པར་རིག་པར་བྱའོ།། མི་ལུས ་ཀྱི་བྱེད་ཐོབ་པ་ཡིན་པར་རིག་པར་བྱའོ།། བྲམ་ཟེ་ཆེན་པོ་གཞན་ཡང་ལྷ་སྦྱིན་གྱི་ཡོན་ཏན་གྱི་ཆེ་བ་ཉིད་ལ་ལྟོས།། སེམས་ཅན་ཐམས་ཅད་ཀྱིས་ནི་དེ་བཞིན་གཤེགས་པའི་གནོད་བཟོད ་པར་ཡང་མི་ནུས། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་ཤེས་པར་ཡང་མི་ནས། དེ་སེམས་ཅན་ཐམས་ཅད་ཀྱིས་ནི་དེ་གཤེགས་པའི་ཡུལ་མཐོང་བར་ཡང་མི་ནུས། དེ་བཞིན ་གཤེགས་པ་ལྟ་བར་ཡང་མི་ནུས། བྲམ་ཆེན་པོ་ལྷ་སྲིན་གྱིས་ནི་དེ་གཤེགས་པའི་གནོད་བཟོད་པར་ཡང་མི་ནུས། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་ཀྱང་རྟོགས་སོ།། ། ་ཉན་ཐོས་དང་རང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ཡང་རྣམ་པར་བྱེད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲིན ་ལས་ཡང་དག་པར་སྟོན་པར་ནུས་སོ།། དེ་བཞིན་གཤེགས་པའི་ཡུལ་དང་འདྲ་བའི་སྐྱེས་བུ་ཆེན་པོ་ཡིན་པར་ཡང་ལྷའོ།། འདུལ་བའི་དབང་གི་དེ་བཞིན་གཤེགས་པའི་གང་དང་གང ་དུ་སྣང་བར་འགྱུར་བ་དེ་དང་དེར་སྐྱེས་བུ་ཆེན་པོ་དེ་ཡང་། དེ་བཞིན་གཤེགས་པའི་ཕྱི་བཞིན་དུ་འབྲེང་ཞིང་སྣང་བར་འགྱུར་རོ།། བྲམ་ཟེ་ཆེན་པོ་དེ་བཞིན་གཤེགས་པའི་ཡུལ་ནི་ཁོ་བོ་ཅག་གི ་ཀྱང་བསྟན་པར་མི་ནུས་ཏེ། དེ་བཞིན་གཤེགས་པའི་ཐབས་ཡིན་པར་ལྟ་བར་བྱའོ།། དེ་བཞིན་གཤེགས་པའི་ལྡེམ་པོ་དག་གི་སྒྲའི་ཡུལ་གྱི་ཆོས་སྟོན་པ་ལ་ལྟོས།། དེ་ནས་དེའི་ཚེ། ་འཁོར་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོའི་ལས་བྱས་ནས། ཁ་མཐུན་པར་ཚིགས་སུ་བཅད་པ་འདི་སྨྲས་སོ།། བདུད་རྣམས ་བྱེ་བ་ཕྲག་བརྒྱས་ཀྱང་།། དགེ་འདུན་དབྱེ་བར་མི་ནུས་ཏེ།། སེམས་ཅན་རྣམས་ལ་སྨན་སླད་དུ།། ལས་ཀྱི་བརྒྱ་པའང་སྟོན་པ་མཛད།། དེ་ནས་བཅོམ་ལྡན་འདས་ཀྱི་བྱང་ཆུབ ་སེམས་དཔའ་སྤྲིན་ཆེན་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྤྲིན་ཆེན་སྤྲིན་པོ་ལེགས་ལེགས་སོ།། དེ་བཞིན་ཏེ། སྤྲིན་ཆེན་སྙིང་པོ་དེ་བཞིན་གཤེགས་པའི་ཡུལ། ཉན་ཐོས ་དང་རང་སངས་རྒྱས་ཐམས་ཅད་དང་མི་མཚུངས་པ་དང་། ལྷ་སྦྱིན་གྱི་ཡོན་ཏན་གྱི་ཆེ་བ་ཉིད་དེ་བཞིན་གཤེགས་པའི་ལྡེམ་པོ་དག་གི་གཞི་བཞག་པ་ཕྱི་རོལ་གྱི་སེམས་ཅན་ཐམས་ཅད ་ཀྱི་ཐེ་ཚོམ་གཅད་པའི་ཕྱིར། ཤིན་ཏུ་ལེགས་བཤད་ལེགས་སོ།། སྤྲིན་ཆེན་སྙིང་པོ་གཞན་ཡང་ཟབ་མོ་བསྟན་པའི་དུས་ཚོད་ཀྱི་ཏིང་ངེ་འཛིན་གྱི་ཡུལ་གནས་པའི ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། རིའི་རྒྱལ་པོ་རི་རབ་དེ་ཙམ་དུ་རྒྱ་ཆེ་དེ་ཙམ་དུ་བྱས་པ་དེ་ཙམ་དུ་བརྩན་པ་ཡུངས་འབྲུའི་ནང་ཕྱིན་པར་བྱེད་དོ།། འོན་ཀྱང ་ཡུངས་འབྲུའི་ནང་ཡང་སྐྱེ་བར་མི་འགྱུར་ཞིང་། བྱ་བ་བྱེད་པ་དེ་དག་ཀྱང་སྣང་ལ། རྒྱལ་ཆེན་བཞི་དང་། སུམ་ཅུ་རྩ་གསུམ་པ་རྣམས་ཀྱིས་ཀྱང་བདག་ཅག་གང་དུ་བཅུག ་བ་དང་། བདག་ཆག་གང་ན་འཁོད་པར་ཡང་མི་ཚོར་རོ།། སེམས་ཅན་གཞན་དག་གིས་ནི། རིའི་རྒྱལ་པོ་རི་རབ་ཡུང་འབྲུའི་ནང་དུ་བཅུག་པར་ཡང་ཤེས་ཤིང་མཐོང་།། ་སྤྲིན་ཆེན་སྙིང་པོ་ཟབ་མོ་བསྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཏིང་ངེ་འཛིན་གྱི་རྣམས་པར་ཐར་པའི་ཡུལ་ལ་འཇུག་པ་ལ་ལྟོས། སྤྲིན་ཆེན་པོ་གཞན་ཡང་ཟབ་མོ་བསྟན་པའི་ཆུའི་རྒྱ ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན་གྱི་ཡུལ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། རྒྱ་མཚོ་ཆེན་པོ་བཞིའི་ཆུའི་ཕུང་པོ་ནི། བས་བུ་གཅིག་གི་ཁུང་བུར་ཆུད་པར་བྱེད་དོ།། ་འོན་ཀྱང་ཉ་དང་རུས་སྦལ་དང་། སྦལ་བ་དང་ཆུ་སྲིན་བྱིས་པ་གསོད་པ་དང་། ཆུ་སྲིན་དང་ཆུ་སྲིན་ལ་བ་དང་། ཨོ་དག་དང་། སྤྲིན་སྦྲུལ་དང་། ཏི་རི་ཀ་ལ་སོགས་དང་། ་དེ་བཞིན་དུ་སྲོག་ཆགས་གཞན་དག་ལ་གནོད་པར་འགྱུར་བ་མེད་དོ།། ཀླུ་དང་། དྲི་ཟ་དང་། ལྷ་མ་ཡིན་རྣམས་དང་། བདག་ཅག་གར་བཅུག་བདག་ཅག་གང་ན་འཁོད་སྙམ་དུ ་སེམས་པ་མེད་ལ་བྱ་བ་དེ་ཡང་སྣང་སྟེ། སེམས་ཅན་དུ་ལ་ཡང་གཙེ་བ་མཐོ་བ་ཙམ་པ་མེད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་བཅད་དེ་ཕྲ་བ་ཟླུམ ་བཞིན་དུ་ལགས་པ་གཡས་པར་བསྐོར་ནས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་རྙེད་ཟློ་བར་བྱེད་དོ།། འོན་ཀྱང་སེམས་ཅན་རྣམས་ཀྱི་བདག་ཅག་སུས་ཁྱེར་བ་དང ་བདག་ཅག་གང་འཁོད་པ་ཡང་མི་ཚོར་རོ།། ཕྱིར་ཡང་ཁྱེར་འོངས་ནས། སྔ་མའི་གནས་སུ་འཇོག་པར་བྱེད་དོ།། འོན་ཀྱང་འགྲོ་བ་དང་འོང་བ་ཡང་མི་སྔོན་ལ། བྱ་བ་དེ་དག ་ཀྱང་སྣང་ངོ་།། དེ་ནས་དེའི་ཚེ། སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀེའུ་རིན་རྒྱ་དང་། བྲམ་ཟེ་གཞོན་ནུ་ལྔ་སྟོང་དུ་མ་དག་གིས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་བཅོམ་ལྡན་འདས་སེམས་ཅན་རྣམས་ལ་ཐུགས་རྩེ་ཞིང་། གལ་ཏེ་ཁྱོད་སེམས་ཅན་ཐམས། ་ཅད་ལ་སྒྲ་ཅན་ཟིན་བཞིན་དུ་གཟིགས་ན་བདག་ལ་དམ་པ་ཅིག་སྩལ་དུ་གསོལ། བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ནས། སངས་རྒྱས་ཀྱི་མཐུས་འཁོར་ཆེན་པོའི་ནང་ནས། ་ལི་ཙ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བས། སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀེའུ་དེ་རྒྱལ་འདི་སྐད་ཅེས་སྨྲས་སོ།། ཅི་བྲམ་ཟེ་ཆེན་པོ་ཁྱོད་བཅོམ ་ལྡན་འདས་ལ་དམ་པ་ཅིག་གསོལ་ན། བདག་གིས་ཁྱོད་ལ་དམ་པ་སྤྲིན་ནོ།། བྲམ་ཟེས་སྨྲས་པ། ཀྱེ་ལི་ཙ་བྱི་གཞོན་ནུ་བདག་ནི་བཅོམ་ལྡན་འདས་ཀྱི་རིང་སྲེལ་མཆོད་པའི་ཕྱིར། ་བཅོམ་ལྡན་འདས་ལ་རིང་སྲེལ་ཡུངས་འབྲུ་ཙམ་ཞིག་གསོལ་གྱིས་དེ་ཁྱོད་ཀྱིས་བྱིན་ཅིག། རིང་སྲེལ་ཡུངས་འབྲུ་ཙམ་དེ་མངོན་པར་མཆོད་ན། སུམ་ཅུ་རྩ་གསུམ་པའི་བདག་པོར་འགྱུརརོ།། ་ཞེས་གྲགས་པས་ན། རིང་སྲེལ་གྱི་ཕྱེ་མ་ཀ་རུ་ནི་ཤིན་ཏུ་གཅེས་སོ།། ཀྱེ་ལི་ཙ་བྱི་གཞོན་ནུ། སྤྲིན་ཆེན་པོའི་མདོ།། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཤེས་པར། ་དཀའ་བ། ཁོང་དུ་ཆུད་པར་དཀའ་བ། མཚན་ཉིད་དེ་ལྟ་བུ་དང་ལྡན་པ་ཡང་སྤྲིན་ཆེན་པོའི་མདོ་ལས་ཕྱི་རོལ་དུ་གྱུར་ཅེས་གྲགས་པ་ཉོན་ཅིག། ཀྱེ་ལི་ཙ་བྱི་གཞོན་ནུ། སྤྲིན་ཆེན་པོའི ་མདོ་ནི། དེ་ལྟར་ཤེས་པར་དཀའ་ཞིང་རྟོགས་པར་དཀའ་བས་ན། ཁོ་བོ་ཅག་མཐའ་འཁོབ་གླིང་གི་བྲམ་ཟེ་རྣམས་ནི་གང་བཅངས་ན། སེམས་ཅན་མྱུར་དུ་སུམ་ཅུ་རྩ་གསུམ་པའི ་བདག་པོ་ཐོབ་པར་འགྱུར་བའི་རིང་སྲེལ་ཡུངས་འབྲུ་ཙམ་ཟ་མ་ཏོག་གི་ནང་དུ་ཅུག་ལ་གཅད་དུ་རུང་ངོ་།། ཀྱེ་ལི་ཙ་བྱི་གཞོན་ནུ་ཁྱོད་ནི་དེ་བཞིན་གཤེགས་པ་ལས་རིང་སྲེལ་ཡུངས་འབྲུ། ་ཙམ་གསོལ་ཏེ། གནོས་ལ་ཟ་མ་ཏོག་གི་ནང་དུ་བཅུག་སྟེ། བཅངས་པས་སུམ་ཅུ་རྩ་གསུམ་པའི་བདག་པོར་འགྱུར་བ་མི་འདོད་དམ། ཀྱེ་ལི་ཙ་བྱི་གཞོན་ནུ་ཁོ་བོས་ནི་དམ་པའི ་ལྟ་བུ་གསོལ་ཏོ།། ལི་ཙ་བྱི་གཞོན་ནུ་འཇིག་རྟེན་མཐོང་ན་དགའ་བས་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀོའུ་དེ་ནྱ་ལ། ཚིགས་སུ་བཅད་པ་དག་གིས་སླར་སྨྲས་པ། གང་ཚེ་གར་གར་ཀུ་མུང ་ཅེས། བྱིས་པ་གླང་ཆེན་ཙམ་གྱུར་དང་། འཛམ་བུ་ལྷ་ལའི་འབྲུ་ཆགས་པ།། དེ་ཚེ་རིང་སྲེལ་ཡོད་པར་འགྱུར།། ནམ་ཞིག་རུས་སྦལ་སྤུ་རྣམས་ལས།། གོས་སུ་ལེགས་པར་རྟགས ་གྱུར་ཏེ། དགུན་རྩེ་དག་ཏུ་གྱོན་གྱུར་པ།། དེ་ཚེ་རིང་སྲེལ་ཡོད་པར་འགྱུར།། དེར་ནི་གྲོང་ཁྱེར་སྦ་བའི་ཕྱིར། ནམ་ཞིག་སྦྲང་བུའི་རྐང་ལག་ལས།། ཡང་ཐོག་ལེགས་པར་བྱས་གྱུར་ཏེ།། ་བསྟན་ཞིང་གཡོ་བ་མེད་པ་དང་།། སྲིན་བུ་པདྨའི་རརྭ་སོགས་ལ། ཁྱོད་ནི་དབང་བསྐུར་སྦྱོར་བྱེད་དེ།། དེར་ནི་གྲོང་ཁྱེར་སྦ་བའི་ཕྱིར།། དེ་ཚེ་རིང་སྲེལ་ཡོད་པར་འགྱུར།། མཐོ་རིགས་སུ ་ནི་འཇིག་པའི་ཕྱིར།། ནམ་ཞིག་རི་བོང་རྭ་རྣམས་ལས།། སྐས་ནི་ལེགས་པར་བྱོས་གྱུར་པ།། དེ་ཚེ་རིང་སྲེལ་ཡོད་པར་འགྱུར།། ནམ་ཞིག་སྐས་ནི་འཛེག་གྱུར་ཏེ།། བྱི་བས། ་ཟླ་བ་བཟའ་བ་དང་། སྒྲ་གཅན་ལ་ཡང་གནོད་བྱེད་པ།། དེ་ཚེ་རིང་སྲེལ་ཡོད་པར་འགྱུར།། ཚོགས་ཀྱིས་རྒྱུ་བ་སྦྲང་བུ་ཡིས།། ནམ་ཞིག་རྫ་མའི་ཆང་ཐུངས་ཏེ། ཁྱིམ་ན་གནས ་6་བྱུག་དུ་མདོག་འར་གྱུར་། ་པར་བྱེད་གྱུར་པ།། དེ་ཚེ་རིང་སྲེལ་ཡོད་པར་འགྱུར།། ནམ་ཞིག་བོང་བུ་བདེར་འགྱུར་པ།། མཆུ་དམར་བིམ་པ་འདྲ་གྱུར་ཅིང་།། གླུ་གར་རྣམས་ལ་མཁས ་གྱུར་པ།། དེ་ཚེ་རིང་སྲེལ་ཡོད་པར་འགྱུར།། ནམ་ཞིག་ཁྲུ་དང་འུག་པ་དག། དབེན་པར་དོང་ནས་སྨྲ་བྱེད་ཅིང་།། ཕན་ཚུན་གནོད་པར་མི་བྱེད་པར།། དུས་རྣམས་ཀུན་ཏུ་གནས ་དེར་ན།། རྟག་ཏུ་གནས་པར་བྱེད་གྱུར་པ།། དེ་ཚེ་རིང་སྲེལ་ཡོད་པར་འགྱུར།། པ་ལ་ཤིའི་ལོ་མ་རྣམས།། རིན་ཆེན་སྣ་སུམ་གདུགས་གྱུར་ཏེ།། ཆར་འབབ་སྐྱབས་སུ་ནམ ་གྱུར་པ།། དེ་ཚེ་རིང་སྲེལ་ཡོད་པར་འགྱུར།། ནམ་ཞིག་རྒྱ་མཚོའི་གྲུ་བོ་ཆེ།། འཁྲུལ་འཁོར་དག་ན་གཡོག་མོར་བཅས།། བསྐམ་བུ་ཐང་ལ་ཁྱོད་འགྲོ་བ།། དེ་ཚེ་རིང་སྲེལ་ཡོད་པར ་འགྱུར།། ནམ་ཞིག་བྱ་ནི་ཀུན་ལང་ཀས།། རི་བོ་སྤོས་ཀྱི་ངད་ལྡན་པ།། མཆུ་ལ་ཐོགས་ནས་འགྲོ་འགྱུར་བར།། དེ་ཚེ་རིང་སྲེལ་ཡོད་པར་འགྱུར།། སློབ་དཔོན་ལུང་སྟོན་པ།། ་བྲམ་ཟེ་ཀེའུ་དི་རྒྱས། ལི་ཙ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ལ་ཚིགས་སུ་བཅད་པ་འདི་སླར་སྨྲས་པ།། གཞོན་ནུ་ཆེན་པོ་ལེགས་སོ་ལེགས་སོ།། དེ ་བཞིན་གཤེགས་སྲས་དཔའ་བོ་ཆེ།། དཔའ་ཞིང་ཐབས་ལ་མཁས་ལྡན་པ།། ཆེ་བ་ཉིད་ལྡན་ལུང་བསྟན་ཐོབ།། དེ་བཞིན་གཤེགས་པའི་ཆེ་བ་ཉིད།། གཞོན་ནུ་ཆེན་པོའི་རིམ་བཞིན ་སྟོན།། སངས་རྒྱས་ཡུལ་ནི་བསམ་མི་ཁྱབ།། བསམ་ཡས་ཡེ་ཤེས་མི་མཉམ་མཉམ།། དེ་བཞིན་གཤེགས་རྣམས་མཚུངས་པ་མེད།། སངས་རྒྱས་ཐམས་ཅད་རྟག་ཏུ་ནི། ་སངས་རྒྱས་ཐམས་ཅད་ཡང་དག་བྱུང་།། སངས་རྒྱས་ཐམས་ཅད་ཁ་དོག་མཚུངས།། འདི་ནི་སངས་རྒྱས་ཆོས་ཉིད་ཡིན།། སངས་རྒྱས་བཅོམ་ལྡན་བཅོས་མ་མིན།། དེ་བཞིན ་གཤེགས་རྣམས་མ་སྐྱེས་ཏེ།། རྡོ་རྗེ་ལྟ་བུར་མཁྲེགས་པའི་སྐུ།། སྤྲུལ་པའི་སྐུ་ཡང་སྟོན་པར་འགྱུར།། ཡུངས་འབྲུ་ཙམ་གྱི་རིང་སྲེལ་ཡང་།། འབྱུང་བར་འགྱུར་བ ་ཡོད་མེད་ཏེ།། རུས་པ་ཤ་དང་ཁྲག་མེད་ལ།། རིང་སྲེལ་ཡོད་པར་གལ་གྱུར།། སེམས་ཅན་རྣམས་ལ་ཕན་པའི་ཕྱིར།། ཐབས་ཀྱིས་རིང་སྲེལ་བཞག་པར་མཛད།། བཅོམ ་ལྡན་སངས་རྒྱས་ཆོས་ཀྱི་སྐུ།། དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས།། བཅོམ་ལྡན་སྐུ་ནི་དེ་འདྲ་ལ།། ཆོས་བསྟན་པ་ཡང་དེ་འདྲ་སྟེ།། དེ་ལྟར་བདག་གི་ཐོག་རིགས ་ནས། ཁྱོད་ནི་སྨྲ་བར་བཞུགས་པའི་ཕྱིར།། གཏམ་གྱི་གླེང་ནི་བདག་གིས་གླེང་།། དེ་ནས་དེའི་ཚེ། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས། བཅོམ་ལྡན་འདས་ལ་མཆོད་པའི་ལས ་བྱས་ནས། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱི་མི་ཐམས་ཅད་ཀྱི་སྐྱེས་བུ་འདི་གཉིས་ཀྱི་མཁས་ཤིང་ཞི་བ་ལ།། ཤེས་པ་ཟབ་མོ་ལྡན་ཏེ། དེ་བཞིན་གཤེགས་པའི ་ཡོན་ཏན་གྱི་ཆེ་བ་ཉིད་ཤིན་ཏུ་གསལ་བར་འཚལ་བ་ལགས་ན། སྐྱེས་སུ་དམ་པ་འདི་གཉིས་སུ་ལགས་པ་དང་། གང་ནས་མཆིས་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་སླད་དུ།། ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ལེགས་སོ་ལེགས་སོ།། ལྷ་མོ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི ་ཕྱིར། དེ་བཞིན་གཤེགས་པ་ལ་ཞུས་པ་ལེགས་སོ།། ལྷ་མོ་ཉོན་ཅིག། གཙོ་བོ་ཆེན་པོ་འདི་གཉིས་ནི། དེ་བཞིན་གཤེགས་པའི་སྲས་ཡིན་ནོ།། ལྷ་མོ་གཙོ་བོ་ཆེན ་པོ་འདི་གཉིས་ནི། སྐྱེས་བུ་དམ་པ་རྣམས་ཀྱི་བདག་པོ་འཁོར་བ་ལ། དགའ་བའི་སྨོན་ལམ་བཏབ་པའི་སྐྱེས་བུ་ང་ལ་བྱས་པ་བཟོ་བ། ངའི་བུ་སྡུག་པ་ཤཱཀྱི་ར་རུས་དང་། རིགས་འཛི ་པ་དང་། ངའི་བསྟན་པའི་ཁུར་ཁྱེར་བ། ངའི་བསྟན་པའི་སྒྲོན་མ་རབ་ཏུ་འབར་བར་བྱེད་པ་ཡིན་གྱིས་རྗེས་སུ་ཡི་རང་བར་གྱིས་ཤིག། ལྷ་མོ་སྔོན་བྱུང་བ་འདས་པའི་དུས། བསྐལ་པ ་གྲངས་མེད་པ་བས་ཆེས་གྲངས་མེད་པ། བསྐལ་པ་མང་བ་བས་ཀྱང་ཆེས་མང་བ་འདས་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར ་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཀླུ་རིགས་སྒྲོན་མ་ཞེ་བྱ་བ་འཇིག ་རྟེན་དུ་བྱུང་ངོ་།། ལྷ་མོ་དེའི་ཚེ། འཛམ་བུ་གླིང་འདིར་འབྱོར་པ་དང་རྒྱས་པ་དང་། ལོ་ལེགས་པ་དང་། ཉམས་དགའ་བར་འགྱུར་ཏེ། སྐྱེ་བོ་དང་མི་མང་པོས་གང་ཞིང་བདེ་བ་དང ་ཡིད་བདེ་བ་དང་ལྡན་པར་འགྱུར་རོ།། དེའི་ཚེ་འཛམ་བུའི་གླིང་འདི་ཡངས་ཤིང་རྒྱ་ཆེ་ལ་ཆུ་ཞེང་དང་ཐ་གྲུ་ཆེ་བར་འགྱུར་ཏེ། ངོས་ཅིག་ལ་དཔག་ཚད་འབུམ་ཕྲག་དྲུག་བཅུ་རྩ་བརྒྱད་ཡོད ་པར་གྱུར་ཏོ།། དེའི་ཚེ་འཛམ་བུའི་གླིང་འདི་ན། གྲོང་ཁྱེར་དཔག་ཚད་བཅུ་གཉིས་པ། མི་བྱེ་བ་ཕྲག་དགུ་བཅུ་གནས་པ། བདུན་ཁྲི་བརྒྱ་སྟོང་ཡོད་དོ།། གྲོང་ཁྱེར་དེ་དག་ཐམས་ཅད ་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཤ་སྟག་གོ། ལྷ་མོ་དེའི་ཚེ། རྒྱལ་པོའི་ཁབ་འདིར་གྲོང་ཁྱེར་རིན་ཆེན་འབྱུང་གནས་ཞེས་བྱ་བ་ཞིག་བྱུང་སྟེ། གྲོང་ཁྱེར་ཆེན་པོ་གང་དུ། དེ་བཞིན་གཤེགས ་པ་དེ་བྱུང་བར། དེར་མི་བྱེ་བ་བརྒྱ་སྟོང་ཕྲག་བཅུ་གནས་པར་གྱུར་ཏོ།། གྲོང་ཁྱེར་ཆེན་པོ་རིན་ཆེན་འབྱུང་གནས་ཀྱི་ནང་ན། སེམས་ཅན་གནས་པ་ཐམས་ཅད་ཀྱང་། ཐེག་པ་ཆེན་པོ་ལ ་མངོན་པར་རྩེ་བའི་བྱང་ཆུབ་སེམས་དཔའ་མི་མཆོག་ཤ་སྟག་གོ། ལྷ་མོ་དེའི་ཚེ། གྲོང་ཁྱེར་རིན་ཆེན་འབྱུང་གནས་ཀྱི་ནང་ན། དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མ། བྱང་ཆུབ་སེཾས། ་དཔའ་མི་མཆོག་རྣམས་ཀྱི་ནང་ན། སྤྲིན་ཆེན་པོའི་མདོ་འདི་སེང་གེའི་སྒྲ་ཆེན་པོས་མངོན་པར་མཛད་དོ།། ལྷ་མོ་དེའི་ཚེ། གྲོང་ཁྱེར་རིན་ཆེན་འབྱུང་གནས་སུ། ཆོས་ཀྱི་རྒྱལ་པོ ་བརྩོན་འགྲུས་ཆེན་པོའི་ཀླུ་ཞེས་བྱ་བ་ཞིག་བྱུང་ངོ་།། ལྷ་མོ་ཆོས་ཀྱི་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་དེའི་བཙུན་མོ་དམ་པའི་ལྷ་མོ་ཐེག་པ་ཆེན་པོ་ལ་རབ་ཏུ་དགའ་བར་སེམས་པ་བསྟ ་པ་འཛིན་པ་ཞེས་བྱ་བ་ཞིག་བྱུང་ངོ་།། ཆོས་ཀྱི་རྒྱལ་པོ་དེ་ནི་བློན་པོ་ཆེན་པོ་དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་མཛོད་ཅེས་བྱ་བ་ཞིག་ཀྱང་བྱུང་ངོ་།། ལྷ་མོ་དེའི་ཚེ། རྒྱལ་པོ་བརྩོན་འགྲུས ་ཆེན་པོའི་ཀླུ་དེ་བློན་པོ་ཆེན་པོས་ཡོངས་སུ་བསྐོར་སྟེ། བཙུན་མོ་དམ་པ་དེས་མདུན་དུ་བདར་ཅིང་བསྐོར་ནས། དེ་བཞིན་གཤེགས་པའི་ཀླུ་རིགས་སྒྲོན་མ་དེ་ལ་མཆོད་པ་ཆེན་པོ་བྱས་ནས། དེ་བཞིན ་གཤེགས་པའི་ཀླུ་རིགས་སྒྲོན་མ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀླུ་རིགས ་སྒྲོན་མ་དེས། རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུའི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས། མི་འཇིགས་འཇིགས་མེད་རྣམ་པ་ཞེས་བྱ་བའི་འོད་ཟེར་བཏང་ནས། ་འོད་ཟེར་བཏང་བ་དེས་དེ་བཞིན་གཤེགས་པའི་མཐུས། བློན་པོ་ཆེན་པོ་དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་མཛོད་ཀྱིས། དེ་བཞིན་གཤེགས་པའི་རིང་སྲེལ་གྱི་གཏམ་གྱི་གླེང་སླེང་སྟེ། ་ཞུ་བ་ཞུས་ནས། དེའི་ཚེ། བཅོམ་ལྡན་འདས་དེ་གཙང་མི་གསུང་བར་གྱུར་ཏོ།། དེའི་ཚེ་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུས། རང་གི་བློན་པོ་ཆེན་པོ་དམ་པ། དམ་པའི་ཆོས་ཀྱི ་དཀྱིལ་འཁོར་གྱི་མཛོད་ལ་ཕྱིར་དྲི་བས་བསམ་སོ།། དེ་ལྟར་སྐྱེས་བུ་དེ་གཉིས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར། རིང་སྲེལ་གྱི་གཏམ་གྱི་ཐབས་འདི་གཅིག ་པུ་འདྲི་བ་ལ་མངོན་པར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མའི་ཉན་ཐོས་མིང་ཆེན་ཞེས་བྱ་བས། རིང་སྲེལ་གྱི་གཏམ་གྱི་ཐབས་འདི་ཐོས་ནས། འདི་སྙམ་དུ ་སེམས་བསྐྱེད་དོ།། ཀྱེ་མ་བརྩོན་འགྲུས་ཆེན་པོའི་ཀླུ་ནི་ཆོས་ཅན་ཆོས་ཀྱི་རྒྱལ་པོ་མཁས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་ཤིན་ཏུ་གསལ་བར་རབ་ཏུ་ཤེས ་སོ་སྙམ་ནས། བརྩོན་འགྲུས་ཆེན་པོའི་ཀླུའི་ཆེ་བ་ཉིད་དེ་བཞིན་གཤེགས་པ་ལ་ཞུས་སོ།། དེ་ན་དེ་བཞིན་གཤེགས་པ་ཀླུའི་རིགས་སྒྲོན་མས་འཁོར་ཐམས་ཅད་ལ་ཕན་པའི་ཕྱིར། ་སྤྲིན་ཆེན་པོའི་མདོའི་ཡུལ་དང་། བརྩོ་འགྲུས་ཆེན་པོའི་ཀླུའི་ཆེ་བ་ཉིད་རྒྱས་པར་བསྟན་ཏོ།། དེ་ནས་འཁོར་ཆེན་པོས་བརྩོན་འགྲུས་ཆེན་པོའི་ཆེ་བ་ཉིད་བསྟན་པ། བཤད་པ་འདི་ཐོས་ནས། ་ངོ་མཚར་སྨད་དུ་བྱུང་བར་འཛིན་པར་གྱུར། ལྷ་མོ་དེའི་ཚེ། རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུའི་བདག་ཉིད་ཀྱི་ཡོན་ཏན་བཤད་པ་ཟོས་ནས། བློན་པོ་ཆེན་པོ་དང་བཙུན་མོའི་འཁོར ་དང་བཅས་པས། དེ་བཞིན་གཤེགས་པ་དེའི་ཞབས་ལ་ལན་བརྒྱ་སྟོང་དུ་མགོ་བོས་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་ཀླ་རིགས་སྒྲོན་མ་ལ་རིན་པོ་ཆེ་སླར་གང་གིས་གཏོར་ནས། འདི ་སྙམ་དུ་སེམས་བསྐྱེད་དེ། བཅོམ་ལྡན་འདས་མ་འོངས་པའི་དུས་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པའི་ཐ་མ་ནུབ་པའི་ཚེ། བདག་རབ་ཏུ་བྱུང་སྟེ། ཆོས་ཀྱི་འཇུག་ལ ་བབ་པ་ན། སྒྲ་ཆེན་པོ་ལན་གསུམ་སྒྲགས་ལ། ཆོས་གོས་ཙམ་འཆང་བ། མུག་གེའི་འགྲོ་ཕྱིས་རྣམས་ཡུལ་ནས་བགྲད་པ་དམ་པའི་ཆོས་འབྱུང་སྟེ། དམ་པའི་ཆོས་ཀྱི་ཕྱིར་བདག་གི། ་སྲོག་འདོར་བར་གྱུར་ཅིག་ཅེས་བྱས་སོ།། དེའི་ཚེ་བློན་པོ་དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་མཛོད་ཀྱིས་འདི་སྙམ་དུ་སེམས་བསྐྱེད་དེ། བཅོམ་ལྡན་འདས་མ་འོངས་པའི་དུས་ན།། ་བདག་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པའི་ཁུར་བཀུར་ཞིང་། བཅོམ་ལྡན་འདས་ཀྱིས་ཐབས་ཀྱི་ཡོངས་སུ་མྱ་ངན་ལས་འོངས་པར་ཡོངས་སུ་མྱ་ནང་ལས་འདས་པ་ན། ་མའི་བདག་པོ་ཁྱད་འཕགས་པ་ཕུན་སུམ་ཚོགས་པའི་རྒྱལ་སྲིད་ཡོངས་སུ་སྤྱད་དེ།། དམ་པའི་ཆོས་ཀྱི་སྒྲ་ཆེན་པོ་མངོན་པར་སྒྲོགས་པར་གྱུར་ཅིག་ཅེས་བྱས་སོ།། དེ་ནས་དེའི་ཚེ། ་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུའི་བཅུ་མོ་དམ་པ་ལྷ་མོས་འདི་སྙམ་དུ་སེམས་བསྐྱེད་དེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་གནས་པའི་ཚེ། བདག་གིས་མུ་སྟེགས་ཅན་དན ་པའི་ཚོགས་ཐམས་ཅད་བུད་མེད་ཀྱི་གཟུགས་ཀྱིས་བཏུལ་ནས། རྒྱལ་པོའི་ཆོས་ལུགས་སྤྱད་ཏེ། རྒྱལ་སྲིད་མངོན་པར་སྤྱད་ལ་ཆོས་ཀྱི་སྒྲ་ཆེན་པོ་མངོན ་བར་སྒྲོགས་པར་གྱུར་ཅིག་ཅེས་བྱས་སོ།། དེ་ནས་དེའི་ཚེ། མིང་ཆེན་གྱིས་འདི་སྙམ་དུ་སེམས་བསྐྱེད་དེ། བཅོམ་ལྡན་འདས་མ་འོངས་པའི་དུས་ན། བདག་བཅོམ་ལྡན་འདས་ཤཱཀྱ་ཐུ ་པའི་བསྟན་པ་ལ་ཉན་ཐོས་ཀྱི་མཆོག་ཏུ་གྱུར་ཏེ། དེ་བཞིན་གཤེགས་པའི་མཐུས། དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་རྣམ་པར་འཕྲུལ་པའི་སེང་གེ་སྒྲ་ཆེན་པོ ་མཆོག་གི་འབྲས་བུ་ཡོད་པར་ཆོས་སྟོན་པའི་ཆོ་ག་དེ་ལྟ་བུའི་བསམ་གྱིས་མི་ཁྱབ་པའི་ཡུལ་གཙོ་བོར་གྱུར་པའི་ཡོད་ཏན་དང་ལྡན་པར་གྱུར་ནས། བདག་གིས་སེང་གེའི་སྒྲ་མངོན་པར་བསྒྲུབས ་པ་དེ་བཞིན་གཤེགས་པའི་བསྟན་པའི་ཁུར་ལྕི་བ་ཡུན་རིང་པོར་ཁྱེར་བར་གྱུར་ཅིག་ཅེས་བྱས་སོ།། ལྷ་མོ་དགེ་བའི་རྩ་བ་དེས་ན་ཁྱོད་རྟོགས་པ་ཞི་བའི་བསྟན་པ་ལ་དགའ་བ་མང་པོ་བྱེད་ཅི། ་སྐྱེ་བོ་ཕལ་དང་མཐུན་པར་བྱེད་པ་ཡིན་ཏེ། ལྷ་མོ་ཁྱོད་བཞིན་ནི་ད་ལྟ་འབའ་ཞིག་ཀྱང་མ་ཡིན་གྱི། འདས་པའི་དུས་ན་ཡང་ང་ལ་རྣམ་པ་མང་པོ་བྱ་བ་བྱས་ཤིང་ངའི་བསྟན་པའི་ཁུར་གྱི ་བཀོད་པ་ལ་སྨོན་ལམ་བཏབ་པ་ཡིན་གྱིས། ལྷ་མོ་སེམས་མངོན་པར་དད་པར་གྱིས་ལ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པས་ཤེས་པར་གྱིས་ཤིག་དེ་ནས་ལྷ་མོས། བཅོམ ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བདག་གིས་བསམ་པ་དད་པར་འགྱུར་བ་དང་། སྐྱེ་བོ་མང་པོ་ལ་སྨན་པར་འགྱུར་བའི་སླད་དུ། བདག་ཅག་བཞི་གང་ལགས་པ་བཅོམ་ལྡན ་ལྷ་མོ་ལེགས་པ ་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ཁྱོད་ལེགས་ཀྱིས་ཁྱོད་གཏོགས་པར་བཞི་ལུང་བསྟན་པའི་ཆོ་གའི་རིམ་པ་ལྷ་མོ་ཁྱོད་ཉོན་ཅིག ་ལྷ་མོ་ཁྱོད་གཏོགས་པའི་བཞིའི་ཡོན་ཏན་གྱི་ཆེ་བ་ཉིད་ལ་ལྟོས། བློན་པོ་ཆེན་པོ་དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་མཛོད་དེ་ནི་སློབ་དཔོན་ལུང་སྟོན་པ། བྲམ་ཟེ་ཀོའུ་དིན་ནྱ་ཡིན་པར ་རིག་པར་བྱའོ།། ལྷ་མོ་སློབ་དཔོན་ལུང་སྟོན་པ། བྲམ་ཟེ་ཀོའུ་དི་ནྱ་ཡང་། ང་འདས་པའི་འོག་ལོ་བརྒྱ་ཉི་ཤུ་ལོན་པ་ནི། མོའུ་རྒྱའི་རིགས་ཞེས་བྱ་བ་ཕྱེད་ཀྱི་ཆོས་ཀྱི་ལུགས་ཇི ་ལྟ་བ་བཞིན་དུ་རྒྱལ་པོ་བྱེད་པར་འགྱུར་རོ།། དེ་ནས་ལྷ་མོས་འདི་སྐད་ཅེས་གསོ་ཏོ།། བཅོམ་ལྡན་འདྲེའི་མིང་ཇི་སྐད་ཅེས་བགྱི་བར་བཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། ལྷ་མོ་དགེ་བསྙེན་གྱི་རྒྱལ་པོ་མྱ་ངན་མེད་བྱ་བར་འགྱུར་ཏེ། ལྷ་མོ་ཕྱེད་ཀྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བ་དེས་ཆོས་ཀྱི་བསྟན་བཅོས་པའི ་སེང་གེའི་སྒྲ་ཆེན་པོ་ཐོག་མར་བསྒྲོགས་པར་བྱེད་ཅིང་མངོན་པར་མཆོད་པར་བྱེད་དོ།། དེ་ནས་ལྷ་མོས།། འདི་སྐད་ཅེས་གསོལ་ཏོ།། སེམས་ཅན་ཐམས་ཅད་སྨན་པའི་སླད་དུ། རྒྱལ ་པོ་བརྩོན་འགྲུས་ཆེན་པོའི་ཀླུའི་ལུང་བསྟན་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ཁྱོད་ཉིད་ཐོག་མར་རྗེ་ལུང་བསྟན་གྱིས་ཉོན་ཅིག། དེ་ནས་ལྷ་མོ་ངོཚ་ནས་མགོ ་སྤང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ཁྱོད་ཉིད་ཐོག་མར་རྗེ་ལུང་བསྟན་གྱིས་ཉོན་ཅིག། དེ་ནས་ལྷ་མོའིཚ་ནས་མགོ་སྤང་ངོ་།། བཅོམ་ལྡན་འདས་ཀྱིས་བཀ ་སྩལ་པ། ལྷ་མོ་ལེགས་སོ་ལེགས་སོ།། ངོ་ཚ་བ་ནི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་གྱིས། ལྷ་མོ་ཁྱོད་ལེགས་སོ།། ལྷ་མོ་ཁྱོད་ནི་རྒྱལ་པོ་བརྗོད ་འགྲུས་ཆེན་པོའི་ཀླུའི་བཙུན་མོ་དམ་པར་གྱུར་ཏོ།། སྤྲིན་ཆེན་པོའི་མདོ་ལས་བྱུང་བ་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན་གྱི་ཡུལ་ལ་ལྟོས།། ལྷ་མོ་ང་འདས ་པའི་སླད་དུ་ཁྱོད་དགེ་བའི་རྩ་བ་དང་། སྨོན་ལམ་གྱི་ཁྱད་པར་ངེས། དཔེ་ཡི་ཞེས་བྱ་བའི་གྲོང་ཁྱེར་ན་གནས་པའི་རྗེའུའི་རིགས་སུ་སྐྱེ་བར་འགྱུར་ཏེ། འཁོར་ལོས་བསྒྱུར་བའི་རྒྱལ་པོའི ་གཟུགས་ཐོབ་ནས། ངེས་པ་དང་ཉེ་བར་གནས་པ་དང་། སླབ་པའི་བཞི་བཅས་པ་བླངས་ནས་གྲོང་ཁྱེར་དང་ཚོང་རྡལ་བཅས་པར་འབྱོར་ཅིང་རྒྱས་ལ། བུད་མེད་ཀྱི་གཟུགས་ཀྱིས ་རྒྱལ་སྲིད་མངོན་པར་སྤྱོད་དོ།། མུ་སྟེགས་ཅན་ངན་པའི་ཚོགས་ཐམས་ཅད་མངོན་པར་འདུལ་ཞིང་། དམ་པའི་ཆོས་ཀྱི་སྒོན་མ་འབར་བར་བྱེད་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ ་མཆོད་པ་བྱེད་དེ། ཆོས་ཀྱི་སྒྲ་ཆེན་པོ་བསྒྲགས་ནས། བྱང་ཆུབ་སེམས་དཔའི་སྤྱོད་པས། རང་གི་རྒྱལ་སྲིད་ཡང་དག་པར་བསྲུང་ཞིང་། ཡོངས་སུ་སྐྱོང་བར་བྱེད་ལ། འཇིག་རྟེན ་དང་མཐུན་པར་བྱ་བ་སྤྱོད་པར་འགྱུར་ཏེ། ལྷ་མོ་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུའི་གཟི་བརྗིད་ཀྱི་མཐུས། ཁྱོད་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་རྩེ་བར་འགྱུར་བ་ཡིན་གྱིས། ་ལྷ་མོ་ཆོས་ཀྱི་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་ལ་མངོན་པར་རང་བར་གྱིས་ཤིག། རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་དེ་ནི་ངའི་ཉན་ཐོས་ཀྱི་མཆོག་ལི་ཙ་བྱི་གཞོན་ནུ་འཇིག་རྟེན ་ཐམས་ཅད་ཀྱི་མཐོང་ན་དགའ་བ་འདི་ཡིན་ནོ།། ལྷ་མོས་གསོལ་བ། སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ། སྐྱེས་བུ་ཆེན་པོ་མི་ཆེན་ལུང་བསྟན་པ། བཅོམ་ལྡན་འདས་ཀྱིས་བཤད། ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་མིང་ཆེན་ལུང་བསྟན་པ་ཉོན་ལ། ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་གྱིས་ཤིག་དང་། ཁྱོད་ཀྱིས་མིང་ཆེན་གྱི་ཆོ་འཕྲུལ ་དང་། ཡོན་ཏན་ཆེན་པོ་མངོན་དུ་ཐོབ་པར་འགྱུར་རོ།། ལྷ་མོ་མིང་ཆེན་ནི་སངས་རྒྱས་འདྲའོ།། ལྷ་མོ་མིང་ཆེན་ནི་སངས་རྒྱས་ཀྱི་སྐུའི་ཕྱེད་དང་འདྲའོ།། ལྷ་མོས་གསོལ་པ། བཅོམ ་ལྡན་འདས་མིང་ཆེན་འདི་ལྟ་བུ་ལ་ཇི་སྲིད་འཚོའི་བར་དུ་ཇི་ལྟར་བསྙེན་བཀུར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིང་ཆེན་འདི་ནི། དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མི ་ཉན་ཐོས་ཡིན་ཏེ། ངའི་ཉན་ཐོས་ངའི་ཡུལ་གྱི་ཕྱེད་དང་འདྲ་བ། ང་ལ་བྱས་པ་བཟོབ་སྟེ། ད་ལྟར་གྱི་འོད་སྲུང་ཆེན་པོ་འདི་ཡིན་གྱིས། ལྷ་མོ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུན ་གྱིས་ཤིག། དེ་ནས་དེའི་ཚེ་འཁོར་ཆེན་པོའི་ནང་ནས། ལྷའི་བུ་དབྱུག་མཆོག་ཅེས་བྱ་བ་འཁོར་སྟོང་དང་ལྡན་པས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་ནས། ཚིགས་སུ་བཅད་པ། ་འདི་སྨྲས་སོ།། སྐྲ་རྩེ་ཙམ་གྱི་རྒྱ་མཚོའི་ཀུན།། བས་པར་གདུག་དུ་ནུས་ལོགས་ཀྱི། གཟུགས་མངའ་བའི་ཡོན་ཏན་མཚོ།། ཚིག་ཙམ་གྱིས་རི་བརྗོད་མི་ནུས།། བསྐུ། ་པ་འདི་ནི་བཤད་པ་ན།། ལྷའི་བུ་བརྒྱ་སྟོང་ཕྲག་མང་པོ་དག་གིས་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་ནས་དེའི་ཚེ། བཅོམ་ལྡན ་འདས་ཀྱིས་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀོའུ་ངི་ནྱལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སློན་དཔོན་ལུང་སྟོན་པ་ཁྱོད་ཀྱིས་རྙེད་ཀྱིས། མངོན་པར་དད་པར་གྱིས ་ཤིག། མ་འོངས་པའི་དུས་ན། སེམས་ཅན་རྣམས་བསྲུང་བའི་ཕྱིར། ཁྱོད་ལས་གྲངས་ཏེ་བསྲུང་བའི་མཚན་རྣམས་བཤད་དོ།། སློབ་དཔོན་ལུང་སྟོན་པ་ཀོའུ་དིན་ནྱ། སངས་རྒྱས་ཀྱི་ཞིང ་འདི་ནས་ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་བཅུའི་བྱེ་མ་རྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་མངོན་པར་དད་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བློ་གྲོས་མི་ཟད་པ་ཞེས་བྱ་བ་ད་ལྟར་འཚོ་ཞིང་བཞེས་ཏེ། ཆོས་ཀྱང་སྟོན་ཏོ།། སློབ་དཔོན་ལུང་སྟོན་པ་ཀོའུ་དི་ནྱ། སངས་རྒྱས་ཀྱི་ཞིང་འདི་ནས ་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་ཉི་ཤུའི་བྱེ་མ་རྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་མཉམ་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པས ་རྫོགས་པའི་སངས་རྒྱས་རིན་ཆེན་རྒྱལ་མཚན་ཞེས་བྱ་བ་ད་ལྟར་འཚོ་ཞིང་བཞེས་ཏེ་ཆོས་ཀྱང་སྟོན་ཏོ།། སློབ་དཔོན་ལུང་སྟོན་པ་ཀོའུ་ངི་ནྱ། སངས་རྒྱས་ཀྱི་ཞིང་འདི་ནས། ལྷོགས་སུ་འཇིག ་རྟེན་གྱི་ཁམས་གང་གཱའི་ཀླུང་སུམ་ཅུའི་བྱེ་མ་རྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་ཡིད་བདེ་བ་ཞེས་བྱ་བ་ཡོད་དེ། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་འོད་དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བ་ད་ལྟར་འཚོ་ཞིང་བཞེས་ཏེ། ཆོས་ཀྱང་སྟོན་ཏོ།། སློབ་དཔོན་ལུང་སྟོན་པ་ཀོའུ་དི་ནྱ་སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་སུ་འཇིག ་རྟེན་གྱི་ཁམས་གང་གའི་ཀླུང་བཞི་བཅུའི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་རབ་དགའ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་རྣམ་པར་འཕྲལ་པས་དང་བར་བྱེད་པ་ཞེས་བྱ་བ་དེ་ལྟར་འཚོ་ཞིང་བཞེས་ཏེ། ཆོས་ཀྱང་སྟོན་ཏོ།། སློབ་དཔོན་ལུང་སྟོན་པ་ཀོའུ་དི་ནྱ། སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་ལྔ་བཅུའི་བྱེ་མ་རྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་དམ་པའི་ཆོས་ལ་དགའ་མོས་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱིས་བསྲུང་ཞེས་བྱ་བ་ད་ལྟར་འཚོ་ཞིང་བཞེས་ཏེ། ཆོས་ཀྱང་སྟོན་ཏོ།། སློབ་དཔོན་ལུང་སྟོན་པ་ཀེའུ་འདི་ན་ཡ་སངས་རྒྱས ་ཀྱི་ཞིང་ནས་ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱར་ཀླུང་དྲུག་བཅུའི་བྱེ་མ་རྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་མུ་སྟེགས་ཐམས་ཅད་ཀྱི་གནས་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེ་རྣམ་པར་རོལ་པའི་རྒྱལ་པོ་ཞེས་བྱ་བ་ད་ལྟར་འཚོ་ཞིང་བཞེས་ཏེ་ཆོས་ཀྱང་སྟོན་ཏེ།། སློབ་དཔོན་ལུང་སྟོན་པ ་ཀོའུ་དི་ནྱེ། སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་བདུན་བཅུའི་བྱེ་མ་རྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་མེ་ཏོག་གི་རྒྱལ་མཚན་ཞེས་བྱ་བ ་ཡོད་དོ།། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷུན་པོའི་རྒྱལ་པོ་མངོན་པར་འཕགས་པ་ཞེས་བྱ་བ་དེ་ལྟར་འཚོ་ཞིང་བཞེས་ལ་ཆོས་ཀྱང་སྟོན ་སློབ་དཔོན་ལུང་སྟོན་པ་ཀོའུ་དི་ནྱེ། སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་བརྒྱ་བཅུའི་བྱེ་མ་རྙེད་འདས་པ་ན། འཇིག་རྟེན་གྱི། ་ཁམས་རིན་ཆེན་སྐྱོང་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དམ་ཆོས་ཀུན་ཏུ་བསྲུང་བའི་རྟོག་ཏུ་གྱུར་པ་ཞེས་བྱ་བ་དང་ད་ལྟར་འཚོ ་ཞིང་བཞེས་ལ་ཆོས་ཀྱང་སྟོན་ཏོ།། སློབ་དཔོན་ལུང་སྟོན་བཀོའུ་དི་ནྱེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་སངས་རྒྱས་ཀྱི་ཞིང་རྣམས་ཡོད ་སུ་དག་པ་སྟེ། ལག་མཐིལ་ལྟར་མཉམ་ལ། རི་དང་རྡོ་མེད་ཅིང་། གསེག་མ་དང་། བོང་བ་དང་། སྡོང་དུམ་དང་། ཚེར་མ་མེད་དེ། འཇམ་ཞིང་ཀ་ཙ་ལིན་དའི་གོས་ལྟར་རེག་ན་འཇམ་ལ། སྙིགས ་མ་ལྔ་དང་བྲལ་ཞིང་། བུད་མེད་ལ། ཉན་ཐོས་དང་རང་སངས་རྒྱས་རྣམས་མེད་ཅིང་དེ་དག་གི་མིང་ཡང་མེད་པ་ཡིན་ནོ།། སེམས་ཅན་དེ་དག་ཀྱང་ཐེག་པ་ཆེན་པོ་ལ་རབ་ཏུ་བདགའ་བ་དང་། ཐེག། ་པ་ཆེན་པོ་ལ་དད་པའི་སེམས་ཐོབ་པ་ཤ་སྟག་གོ།། སློབ་དཔོན་ལུང་སྟོན་པ་ཀོའུ་རིན་ནྱེ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་ལ་ལ། དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་ཐོས་ནས། འཛིན་ཏམ་ཀུན་ཆུབ་པར་བྱེད་དམ། འཆང་ངམ། ཀློག་གམ། གཞན་དག་ལ་ཡང་དག་པར་སྟོན ་ན། སློབ་དཔོན་ལུང་སྟོན་པ་ཀོའུ་དིན་ནྱེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ནི། སེམས་ཅན་དམྱལ་བར་འགྲོ་བ་འམ། དུད་འགྲོའི་སྐྱེ་གནས་དང་། ལྷ་མ་ཡིན་གྱི་རིགས་སུ་སྐྱེ་བར ་འགྱུར་བ་ནི་སྐབས་མ་ཡིན་ཞིང་མི་སྲིད་དེ། དེ་ནི་གནས་མེད་དོ།། སློབ་དཔོན་ཀོའུ་དིན་ནྱེ། བྱང་བྱ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་ད་ལྟར་ང་ལས་ཏིང་ངེ་འཛིན་གྱི་སྒོ་འདི་ཐོས་ནས། ་ཕྱི་མའི་ཚེ་ཡང་ཏིང་ངེ་འཛིན་འདི་ཆོས་ན་སྨོད་པར་འགྱུར་བ་ནི། སྐབས་མ་ཡིན་ཞིང་མི་སྲིད་དེ་གནས་མེད་དོ།། སློབ་དཔོན་ལུང་སྟོན་པ་ཀོའུ་དི་ནྱེ། དེ་བཞིན་གཤེས་པ་དེ་དག་གི་མཚན་རྣམས ་འཆང་བ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་དུག་གིས་ཚུགས་པ་འམ། མཚོན་འབབ་པ་འམ། ཆུར་རྨི་བ་འམ། མེས་ཆ་ཚིག་པར་འགྱུར་བ་འམ། དེ་ལ་རྒྱལ་པོ་འམ། ་ཆོས་རྐུན་ནས། མི་དང་མི་མ་ཡིན་པ་འམ། ཀླུ་འམ། གནོད་སྦྱིན་ནམ། སེང་གེ་འམ། སྲོག་ཚགས་གདུག་པ་འམ། སྟག་གམ། ཁྱི་འམ། སྤྱང་ཀུ་འམ། སྦྲུལ་ལམ། སྡིག་པ་རྣམས ་ཀྱིས་བར་ཆད་བྱ་བ་འམ། ཚང་པར་སྤྱད་པ་སྤྱད་པ་སྤྱོད་པ་དང་། ཁ་ཏོན་བྱེད་པ་དང་། ལྷུང་བཟེད་དང་། ཆོས་གྲོལ་བར་ཆད་བྱེད་པར་འགྱུར་བ་ནི་སྐབ་མེད་དེ་གོ་སྐབས་མེད་ལ་དེ་ནི་གནས་མེད་དེ། ལས་ཀྱི་རྣ ་པཱ་སྨིན་པ་ནི་མ་གཏོག་སོ།། དྲ་བོན་ལུང་སྟོན་པ་ཀོའུ་དི་ནྱེ། གཞན་ཡང་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནཾ། དགེ་བསྙེན་མ་གཱ་ལ་ལཱ། གཞན་མུ་སྟེགྲ་ཅན་སྤོད་པ་དང་། ཀུན་ཏུ་རྒྱུན་རྣམཱ་ལ་བཅའ་བ་འམ། ་སྙིང་བ་འམ་བགང་བ་འམ། གཞན་དང་མཐུན་པར་བྱ་བ་འམ། རྙེད་པ་དང་བཀུར་བསྟི་དང་། ཚིག་སུ་བཅད་པ་འདོད་པའི་ཕྱིར་ཡང་རུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་དེ་དག་གི་མཚན་མ་རྣམས་ཐོས་ན་ཡང་། ངན་འགྲོར་སྐྱེ་བར་འགྱུར་བ་དེ་ནི་གནས་མེད་དོ།། ། འཕགས་པ་སྤྲིན་ཆེན་པའི་མདོ།། ། བམ་པོ་བརྒྱད་པ།། ་དེ་ནས་སློབ་དཔོན་ལུང་སྟོན་པ་ཀོའུ་དི་ཎྱེས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ།། ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་རྣ་ལམ་དུ་གྲགས་པ་དེ་དག་ཀྱང་རྙེད་པ་ལེགས་ན། ཐོས་ནས་མོས་པ་དང་། མོས་ནས་ལུང་འབོག་པ་དང་། བརྗོད་པར་བགྱིས ་པ་དང་། འཆང་བར་བགྱིད་པ་དག་ལྟ་སྨོས་ཀྱང་ཅི་འཚལ་ཏེ། སེམས་ཅན་དེ་དག་ནི་ཆོས་ཀྱི་དགའ་བའི་གཏེར་རྙེད་པ་ལགས་སོ།། གང་དག་དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་དག་གི་མཚན་ལག་ན་འཆང་བར་བགྱིད་པ་དེ་དག་གི་ཁྱིམ་ན་ནི་དེ་བཞིན་གཤེགས་པ་རྣམས་བཞུགས་པ་ལགས་སོ།། བཅོམ་ལྡན ་འདས་གང་དུ་དེ་བཞིན་གཤེགས་པ་འདི་དག་གི་མཚན་ཐོས་ནས་ཡིད་ཆེས་པར་བགྱིད་པའི་ས་ཕྱོགས་དེ་དག་ནི་རྡོ་རྗེའི་རང་བཞིན་དུ་འགྱུར་རོ།། བཅོམ་ལྡན་འདས་གང་དག་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་དག་གི་མཚན་རྣམས་ཐོས་ནས། ཡིད་ཆེས་པར་བགྱིད་པ་དེ་དག་ཀྱང་རྡོ་རྗེ་ལྟ་བུར་འགྱུར་ཞིང་། མི་ཕྱེད་པའི ་བརྗོད་པ་ཡང་ཐོས་པར་འགྱུར་རོ།། བཅོམ་ལྡན་འདས་གང་དག་ཡིད་ཆེས་པར་དཀའ་བའི་མཚན་འདི་དག་ལ་དད་པར་བགྱིད་པའི་སེམས་ཅན་དེ་དག་ལ་ནི་བདག་གིས་ཀྱང་བསྙེན ་བཀུར་དང་གཡོག་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སློབ་དཔོན་ལུང་སྟོན་པ་ཀོའུ་དིན་ནྱེ་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་རིགསུ་བུ་འམ། རིགས་ཀྱི་བུ ་མོ་དེ་དག་གི་ཕྱིར་ཡང་དག་པའི་སྒྲུབ་པ་བཅས་པ་ལེགས་སོ།། སློབ་དཔོན་ལུང་སྟོན་པ་ཀོའུ་དིན་ནྱེ་གཞན་ཡང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་འདི་དག་གི་མཚན་རྣམས་འཆང་བ་ལ་ནི། གང་དང་གང་ལས་འཇིགས་པ་འབྱུང་བ་ཐམས་ཅད་དེ་དང་དེ་ཉིད་དུ་རབ་ཏུ་ཞི་བར་འགྱུར་ཏེ། དེ་དག་འཆང་བ་ལ་ནི ་ལྷ་རྣམས་ཀྱང་བསྲུང་ངོ་།། ཀླུ་རྣམས་ཀྱང་བསྲུང་ངོ་།། གནོད་སྦྱིན་རྣམས་ཀྱང་བསྲུང་ངོ་།། དེ་བཞིན་གཤེགས་པའི་བར་དུ་ཡང་བསྲུང་བ་མཛད་དོ།། དེ་ནས་འཁོར་ཆེན་པོ ་དེའི་ནང་ནས། ལྷའི་བུ་མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་ཞེས་བྱ་བས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད ་ཅེས་གསོལ་ཏོ།། ཀྱེ་མ་བཅོམ་ལྡན་འདས་ཚུལ་འདི་འདྲ་བའི་དེ་བཞིན་གཤེགས་པ་དེ་དག་དང་། ཚུལ་འདི་འདྲ་བའི་མདོའི་མདོ་རྣམས་དེ་བཞིན་གཤེགས་པ་འདས་པའི ་འོག་ཏུ་སུ་དག་འཆང་བར་འགྱུར། སེམས་ཅན་ཇི་ལྟ་བུ་དག་འཆང་བར་འགྱུར། སེམས་ཅན་ཇི་ལྟ་བུ་དག་གིས་ནི། ནུབ་པར་བགྱིད་པར་འགྱུར། དེ་ནས་སངས་རྒྱས ་ཀྱི་མཐུས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ལྷའི་བུ་མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། ཡོངས་སུ་མྱ་ངན་ལས་འདའ་བ་མེད་དེ། ཆོས་ཀྱང་ནུབ་པར་མི་འགྱུར་རོ།། དེ་ནས་ལྷའི་བུ་མཐོང་ན་དགའ་བ་དྲི་ཟའི ་རྒྱལ་པོས། གནས་བརྟན་འོད་སྲུངས་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་འོད་སྲུང་ཆེན་པོས་སེམས་ཅན་སེམས་འཁྲུལ ་པ་རྣམས་ལ་ཕན་གདགས་པའི་ཕྱིར་ཤོད་ཅིག། བཙུན་པ་འོད་སྲུང་ཆེན་པོ་སེམས་ཅན་ཐེ་ཚོམ་དུ་གྱུར་པ་རྣམས་ལ་ཤེས་རབ་ཀྱི་སྒྲོན་མ་འབར་བར་གྱིས་ཤིག་དང་། བཙུན ་པ་འོད་སྲུང་བདག་གིས་ཀྱང་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྒྱས་པར་བགྱིའོ།། དེ་སྐད་ཅེས་སྨྲས་ནས། གནས་བརྟན་འོད་སྲུང ་ཆེན་པོས། ལྷའི་བུ་མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ།། གྲོགས་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ནི་ཆོས་ཀྱི་སྐུ་ཡིན་ནོ།། དེ་བཞིན་གཤེས ་བ་རྣམས་ཀྱི་སྐུ་ནི་རྡོ་རྗེ་མཁྲེགས་པ་ཡིན་ནོ།། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ནི་དགེ་བ་ཐམས་ཅད་དང་ལྡན་པ་ཡིན་ནོ།། གྲོགས་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ ་ནི་ཐབས་ཀྱི་སྐུ་ཡིན་གྱི་ཤའི་སྐུ་མ་ཡིན་ནོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྐུ་དེ་འདྲ་བ་ལ་མྱ་ངན་ལས་འདའ་བ་ག་ལ་ཡོད། མི་དག་པར་ཡང་ག་ལ་ཞིག་འགྱུར། ་སྨྲས་པ་བཙུན་པ་འོད་སྲུང་ཆེན་པོ་ཇི་ལྟར་ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པར་བརྗོད་ཀྱིས། གཏན་དུ་མྱ་ངན་ལས་འདས་པ་ནི་མ་ཡིན། སྨྲས་པ་མཐོང་ན་དགའ་བ ་དྲི་ཟའི་རྒྱལ་པོ་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་ཐབས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བར་བརྗོད་ཀྱི། གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་ནི་མ་ཡིན་ཞེས་ཚིག་ནི ་ལེགས་པར་སྨྲ་བ་ནི། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་ཁྱོད་ལེགས་སོ།། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་གཞན་ཡང་ཐམས་ཅད་དང་མཐུན་མོང་པའི་ཚད་ནི་རྟོགས་པར་ནུས། ་ཀྱི། སངས་རྒྱས་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་ནི་གཅིག་གི་ཚད་ཀྱང་རྟོགས་པར་མི་ནུས་སོ།། སྨྲས་པ་བཙུན་པ་འོད་སྲུང་ཆེན་པོ་ཡུན་ཇི་སྲིད་ཅིག་ན། དེ་བཞིན་གཤེགས་པ་བརྟན ་དུ་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར། སྨྲས་པ་གང་གི་ཚེ། སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན ་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེའི་ཚེ། དེ་བཞིན་གཤེགས་པ་ཡོངས་སུ ་མྱ་ངན་ལས་འདའ་བར་འགྱུར། སྨྲས་པ་བཙུན་པ་འོད་སྲུང་ཆེན་པོ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་ནི་ངོ་མཚར་ཆེ་སྟེ། འདི་ལྟ་བུ་ཐོས་ན། སུ་ཞིག་བླ་ན་མེད་པ། ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མི་བྱེད། སྨྲས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཡོན་ཏན་ཐེར་ཟུག་པ་དང་། བརྟན་པ་དང་། མི ་སྤྱོད་པ་དང་། དཔེ་མེད་པ་དང་། བསམ་གྱིས་མི་ཁྱབ་པ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡུལ་མ་ཡིན་ཏེ། དེ་བཞིན་གཤེགས་པ་དག་ནི་དེ་བཞིན་གཤེགས ་པ་ཉིད་ཀྱིས་མཁྱེན་པར་ཟད་དོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བཏང་སྙོམས་སུ་གྱིས་ཤིག། འོད་སྲུང་ཆེན་པོས་བསྟན་པ་འདི་བཤད་པ་ན། ལྷའི་བུས ་ཡ་དང་ཉིས་འབུམ་གྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སེམས་རབ་ཏུ་དགའ་ནས། དེའི ་ཚེ་ཁ་མཐུན་པར་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། སངས་རྒྱས་མྱ་ངན་ཡོངས་སུ་མདའ།། ཆོས་ཀྱང་ནུབ་པར་མི་འགྱུར་ཏེ།། སེམས་ཅན་རྣམས་ནི་སྨིན་མཛད ་ཕྱིར། ཡོངས་སུ་མྱ་ངན་འདའ་བ་སྟོན།། བཅོམ་ལྡན་སངས་རྒྱས་བསམ་མི་ཁྱབ།། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ།། སེམས་ཅན་རྣམས་ལ་ཕན་པའི་ཕྱིར།། ཆོས ་རྣམས་སྣ་ཚོགས་སྟོན་པར་མཛད།། མདོ་དང་ཏིང་ངེ་འཛིན་རྣམས་དང་།། ཆོས་ཀྱི་སྒོ་དང་གསང་བཞུ་དང་།། ཡོངས་སུ་མྱ་ངན་ལས་འདས་པ་བསྟན་པ་ཕབ་པར་བསྟན་པ ་ལས།། །། དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་ཕུང་པོའི་ལེའུ་ཞེས་བྱ་སྟེ་སུམ་བཅུ་བདུན་པའོ།། །། དེ་ནས་དེའི་ཚེ། ལྷོ་ཕྱོགས་ཀྱི ་ཡུལ་འདབ་སྟང་ཟིལ་གྱི་རི་ལས་འོད་སྲུང་ཆེན་པོ་དང་། ཐབས་གཅིག་ཏུ་འོང་བའི་ལྷའི་བུ་རྣམས། སྟེང་གི་བར་སྣང་ལ་ཏ་ལ་བདུན་སྲིད་ཙམ་དུ་འཁོད་ནས། དེ་བཞིན་གཤེགས ་པ་ལ་མེ་ཏོག་སིལ་མའི་རིམ་པ་རི་རབ་ཙམ་དུག་གཏོར་ནས། མིག་མཆི་མས་གང་སྟེ། ངུ་བཞིན་དུ་ཚིགས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདས་པ་ན། དེ་བཞིན་གཤེགས་པས་གསུངས་པའི་མདོ་འདི་དག་འཆང་བར་བགྱིད ་པའི་སེམས་ཅན་དེ་དག་ཅི་འདྲ་བ་དག་ཅིང་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་འདས་པའི་འོག་ཏུ་དགེ་བའི་རྩ་བ་བྱས་པ་རྣམ། ་དང་ངསངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དེ་དག་མདོ་འདི་ལྟ་བུ་དག་འཆང་བར་འགྱུར་ཏེ། གཞན་དག་ལ་ཡང་རྒྱས་པར་སྟོན་པར་འགྱུར་རོ།། སྤྲིན་ཆེན་པོའི ་མདོ་འདི་ཡང་ལོ་བཞི་བཅུའི་བར་དུ་འཛམ་བུའི་གླིང་ན་སྤྱོད་པར་འགྱུར་ཏེ་རྒྱས་པར་ཡང་འགྱུར་རོ།། དེའི་འོག་ན་ཕྱི་མའི་དུས་ན་དམ་པའི་ཆོས་སྤོང་བ་དང་། རྒྱལ་པོ་འཁྲུག ་པ་དང་། དམ་པའི་ཆོས་ནུབ་པར་འགྱུར་བ་མ་འོངས་པའི་དུས་དེ་ན། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལུས་ཡོངས་སུ་མ་སྦྱངས་པ་དང་། ་ཚུལ་ཁྲིམས་ཡོངས་སུ་མ་སྦྱངས་པ་དང་། སེམས་ཡོངས་སུ་མ་སྤངས་པ་དང་། ཤེས་རབ་ཡོངས་སུ་མ་སྦྱངས་པ་དང་། ཤེས་རབ་འཆལ་པ་དང་། ལུག་ལྟར་ལྐུགས ་པ་དང་། ཤེས་རབ་ཡོངས་སུ་ཉམས་པ་རྣམས་མདོ་འདི་ལྟ་བུ་འཚོད་པ་ཐོས་ནས། ཡིད་མི་ཆེས་ཤིང་བགོད་པར་བྱེད། སྟིང་བར་བྱེད། འཕྱ་བར་བྱེད་ལ། ལྐོག ་ཏུ་སོང་ནས་ཕན་ཚུན་སྨོས་ཤིང་སྨོད་པར་བྱེད་དེ། འཕྱ་བའི་བསམ་པས་དེ་དག་གི་ཚིག་འདི་སྐད་ངོ་མཚར་རོ།། དགེ་སློང་འདི་དག་ནི་བླུན་ཞིང་མུ་ཅོར་སྨྲ་བ་སྟེ། འདི་དག ་ནི་གང་ཡང་རུང་སྟེ། སངས་རྒྱས་ཀྱི་གསུངས་པ་མ་ཡིན་གྱི། སྙན་ངག་མཁན་དག་གིས་རང་བཟོར་ཚིག་དང་ཡི་གེའི་འབྲུ་སྣ་ཚོགས་སྦྱངས་ཏེ། འཁོར་གྱི་ནང་དུ་སོང ་ནས། སྨྲ་བར་བྱེད་པར་ཟད་དེ། མདོ་འདི་དག་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་ཟེར་རོ།། དེ་ལྟར་གཏི་མུག་ཅན་གྱི་མི་བསོད་ནམ། ་ཆུང་བ། ཤེས་རབ་འཆལ་པ། ལུག་ལྟར་ལྐུག་པ། ཤེས་རབ་ཡོངས་སུ་ཉམས་པ། དམ་པའི་ཆོས་ལ་སུན་འབྱིན་པ་དེ་དག་འབྱུང་བར་འགྱུར་རོ།། ལྷའི་བུ་དག་གཞན ་ཡང་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་བསོད་ནམས་ཆུང་བ། ཤེས་རབ་ཞན་པ། ཤེས་རབ་འཆལ་བ། ཤེས་རབ་རྟུལ་བ། ་ཤེས་རབ་ཆུང་བ། ཤེས་རབ་ཡོངས་སུ་ཉམས་པ། མངོན་གྱི་རྒྱལ་བ་རྣམས་ལ་བྱ་བ་མ་བྱས་པ། བླ་ན་མེད་པའི་ཆོས་རིན་པོ་ཆེ་ལས་ཡོངས་སུ་ཉམས་པ། ཆོས ་རིན་པོ་ཆེ་ལས་ཕྱི་རོལ་ཏུ་གྱུར་པ། ཆོས་རིན་པོ་ཆེ་ཡོངས་སུ་སྤངས་པ། དགེ་བའི་རྩ་བ་ཆུང་བ། མུག་གེའི་མགོ་བྱི་འདུལ་དཀའ་བ། དམུ་དགོད་དག་འབྱུང་བར་འགྱུར་རོ།། ་བྲན་ཕོ་དང་བྲན་མོ་ཡོངས་སུ་འཛིན་པ་དག་འབྱུང་བར་འགྱུར་རོ།། དབྱིག་དང་གསོར་ཡོངས་སུ་འཛིན་པ་དག་འབྱུང་བར་འགྱུར་རོ།། དུང་དང་མན་ཤེལ་དང་། བྱི་རུ་ཡོད ་སུ་འཛིན་པ་དག་འབྱུང་བར་འགྱུར་རོ།། བ་གླང་དང་མ་ཧེ་ཡོངས་སུ་འཛིན་པ་དག་འབྱུང་བར་འགྱུར་རོ།། ཞིང་གི་དངོས་པོ་ཡོངས་སུ་འཛིན་པ་དག་འབྱུང་བར་འགྱུར་རོ།། ་ངང་བ་དང་བྱ་གག་དང་ཕག་ལ་སོགས་པའི་གནས་ཀྱི་རྫས་དུ་མ་ཡོངས་སུ་འཛིན་པ་དག་འབྱུང་བར་འགྱུར་རོ།། ལས་ཆེན་པོ་རྣམ་པ་བཅུ་དྲུག་བྱེད་དུ་འཇུག་པ་དག་ཀྱང ་འབྱུང་བར་འགྱུར་རོ།། རྒྱལ་པོ་ལ་རྟེན་པ་དག་ཀྱང་འབྱུང་བར་འགྱུར་རོ།། ཕོ་ཉ་བྱེད་པ་དག་ཀྱང་འབྱུང་བར་འགྱུར་རོ།། དུག་སྦྱོར་དུ་འཇུག་པ་དག་འབྱུང་བར་འགྱུར ་ཏེ། དགེ་སྦྱོང་གི་ལས་མ་ཡིན་པ་དུ་མ་བྱེད་པ་དང་། བྱེད་དུ་འཇུག་པ་དག་ཀྱང་འབྱུང་བར་འགྱུར་རོ།། དེ་ལྟར་མི་གཏི་མུག་ཅན་དེ་དག་ཡོངས་སུ་འཕེལ་བའི་དུས ་དང་། དམ་པའི་ཆོས་ཡོངས་སུ་ཉམས་པའི་དུས་ན། འོད་སྲུང་ཆེན་པོ་དང་འདྲ་བའི་དགེ་སློང་འཛམ་བུའི་གླིང་དུ་སྐྱེ་བར་འགྱུར་ཏེ། ངའི་ཉན་ཐོས་ཀྱི་ནང་དུ་བྱུང ་ནས། རིམ་གྱིས་མུ་གེའི་མགོ་བྱི་གདུལ་དཀའ་བ། དམུ་རྒོད་རྣམས་ཀྱི་ནང་དུ་དེ་བཞིན་གཤེགས་པས་གསུངས་པའི་མདོ་རྣམས་ཀྱི་སྔགས་པ་བརྗོད་ཅིང་། སོ ་སོར་ཐར་པའི་སྡོམ་པ་སྔམས་ཏེ། འཇུག་ཏུ་རང་གི་སྲོག་དང་སྔོས་ནས་སླབ་པའི་བཞི་བཅས་པའི་བསྔགས་པ་བརྗོད་པར་འགྱུར་རོ།། དེའི་འོག་ཏུ་ཤིང་དྲུང་བསྔགས ་པ་བརྗོད་པར་འགྱུར་རོ།། དེ་བཞིན་དུ་ཕྱག་དར་ཁྲོད་དང་། དགོན་པ་ན་གནས་པ་དང་། འདུལ་བའི་བསྔགས་པ་བརྗོད་ཅིང་། མ་དུལ་བ་རྣམས་ཚར་གཅོད་པར་འགྱུར་རོ།། ་ལྷའི་བུ་དག་ཁྱེད་ཀྱིས་ངའི་ཉན་ཐོས་ཐེག་པ་ཆེན་ལྔ་དད་པ་རྙེད་པ་དང་། དགེ་སློང་འདོད་ཅིང་བྱམས་པ་ལ་གནས་པ་ལ་ཀུན་ཏུ་བསྲུང་བ་གྱིས་ཤིག། ལྷའི་བུ་རྣམས་ཀྱིས། ་གསོལ་པ། བཅོམ་ལྡན་འདས་བདག་ཅག་གིས་ཀྱང་དགེ་སློང་འདོད་ཅིང་བྱམས་པ་ལ་གནས་པ་ལ་བསྙེན་བཀུར་དང་གཡོག་བགྱི་ཏེ། ཀུན་དུ་སྲུང་བ་ཡང་བགྱིའོ།། ་བཅོམ་ལྡན་འདས་བདག་ཅག་གིས་ཀྱང་སངས་རྒྱས་ཀྱི་མཐུས། བདུད་སྡིག་ཅན་ཚར་གཅད་པར་བགྱིའོ།། ཆོས་མ་ལགས་པའི ་ཕྱོགས་སུ་མུ་གེའི་མགོ་བྱི་གདུལ་དཀའ་བ། དམུ་རྒོད་རྣམས་ཡུལ་ནས་བསྐྲད་པར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་ལེགས་སོ་ལེགས ་སོ།། ཁྱོད་ཀྱིས་རྐྱེན་དུ་བབ་པར་དམ་བཅས་ཤིང་སྨོན་ལམ་བཏབ་སྟེ། དགེ་སློང་འདོད་པའི་སྐྱེས་བུ་དམ་པ་དེ་ལ་ནི། ལྷ་རྣམས་ཀྱང་དེའི་བསྔགས་པ་བརྗོད་དོ།། དེ་བཞིན ་གཤེགས་པ་ཡང་ངའི་ཉན་ཐོས་དཀའ་བ་བྱེད་པ་ཡིན་ནོ།། སྙམ་དུ་དགོངས་ནས་བསྔགས་པ་བརྗོད་པར་མཛད་དོ།། བཅོམ་ལྡན་འདས་ཀྱིས་ཡང་ལྷའི་བུ་རྣམས་ལ་འདི་སྐད ་ཅེས་བཀའ་སྩལ་ཏོ།། ལྷའི་བུ་དག་སེམས་ཅན་གྱི་དོན་འདོད་པའི་རིགས་ཀྱི་བུས་ནི་དམ་བཅས་པའི་ཆོས་ཀུན་ཏུ་བསྲུང་བར་བྱའོ།། དེ་ནས་ལྷའི་བུ་མང་པོ་དག་གིས། བཙོ ་ལྡན་འདས་ལ་རིན་པོ་ཆེའི་གདུགས་ཀྱིས་མངོན་པར་བསྐབས་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཡུན་ཇི་སྲིད་ཅིག་ན། དེ་བཞིན་གཤེགས་པའི་སྲས་འོད ་སྲུང་ཆེན་པོ་དང་། འདྲ་བའི་དགེ་སློང་འབྱུང་བར་འགྱུར། གང་དུ་ནི་སྐྱེ་བར་འགྱུར། དེའི་མིང་ཇི་སྐད་ཅེས་བགྱི་བར་བཟུང་བར་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། ལྷའི་བུ་དགང་འདས་པའི་འོག། ལོ་བརྒྱ་ཕྲག་མང་པོ་འདས་པ་ན། ལྷོ་ཕྱོགས་ཀྱི་རྒྱུད་དུ་མཁར་གྱི་རྒྱལ་པོ་བདེ་སྤྱོད་ཅེས་བྱ་བ་འབྱུང་བར་འགྱུར་ཏེ། དེའི་ཚེ་ལོ་བརྒྱ ་བཅུ་ན་དམ་པའི་ཆོས་ནུབ་པར་འགྱུར་བའི་ལྷག་མ་ཙམ་ལུས་པའི་དུས་ལ་བབ་པ་དེའི་ཚེ། ངའི་ཉན་ཐོས་འབྱུང་བར་འགྱུར་ཏེ། དམ་པའི་ཆོས་ཀྱང་འབྱིན་པར་འགྱུར། ཆོས ་ཀྱི་འཁོར་ལོ་ཡང་བསྐོར་བར་འགྱུར། ཐེག་པ་ཆེན་པོ་ཡང་གཞན་དག་ལ་རྒྱས་པར་འཆད་པར་འགྱུར་རོ།། མདོ་སྡེ་འདི་ལྟ་བུ་དག་འཆད་པ་ཐོས་ནས། སྔོན་གྱི་ཡང་དག་པར ་རྫོགས་པའི་སངས་རྒྱས་རྣམས་གང་དག་ཟོས་པ་དེ་དག་ཀྱང་། ཕྱི་མའི་དུས་ཀྱི་ཚེ་འཛིན་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུརརོ།། འཆད་པར་འགྱུར། ཀློག་པར་འགྱུར ་ཡིད་ཆེས་པར་འགྱུར་རོ།། སེམས་ཅན་གང་དག་དེ་བཞིན་གཤེགས་པའི་མཚན་འདི་དག་ཐོས་ནས། ཡིད་མི་ཆེས་པ་དང་། མ་དད་པ་དང་། ཁ་ཏོན་མི་བྱེད་པ་དང་། མི་ཀློག ་པ་དང་། མི་འདྲི་བ་དེ་དག་ནི། བདུད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ།། སེམས་ཅན་གང་དག་དེ་བཞིན་གཤེགས་པའི་མཚན་འདི་དག་ཐོས་ན་ཡིད་ཆེས་པར་བྱེད་ཅིང་། དད ་བར་འགྱུར་བ་དང་། ཁ་ཏོན་བྱེད་པ་དང་། ཀློག་པ་དང་། འདྲི་བ་དེ་དག་ནི་སངས་རྒྱས་མང་པོས་ཡོངས་སུ་བཟུང་བ་ཡིན་ནོ།། དེ་ནས་དེའི་ཚེ། ལྷའི་བུ་མཐོང་ན་དགའ་བ ་དྲི་ཟའི་རྒྱལ་པོས། བཅོམ་ལྡན་འདས་ལ་བསྐོར་བ་བྱས་ཏེ། ལན་ས་ཡང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི ་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འོད་སྲུང་ཆེན་པོ་འདྲ་བ། དེ་བཞིན་གཤེགས་པ་དང་མིང་མཐུན་པ། བྱམས་པ་ཆེན་པོ་ལ་གནས་པ། ཚུལ་ཁྲིམས་ཆེན ་པོ་ལ་དྲག་ཏུ་བརྩོན་པ། ཤིན་ཏུ་མཆོག་ཏུ་མཛེས་པ། རིགས་ཆེན་པོར་སྐྱེས་པ། ཚུལ་ཁྲིམས་དང་ལྡན་པ་ཆེན་པོ།། དགེ་སློང་གིས་ཡོངས ་སུ་བསྐོར་བ། དུས་དང་བཅས་གྲོང་དང་བཅས་པ་དང་། རྣམ་པ་ཅི་འདྲ་བ་ཡང་བཅོམ་ལྡན་འདས་ཀྱིས་རྒྱས་པར་བཤད་དུ་གསོལ།། བཅོམ་ལྡན་འདས་དགེ་སློང་དེ ་བདག་གི་ཇི་སྲིད་འཚོའི་བར་དུ་བསྲུང་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་དགེ་སློང་དེ་ལུང་བསྟན་པ་ཉོན་ཅིག། དེ ་ནི་ང་ལ་བདེན་པ་དང་། ངའི་བསྟན་པ་འབྱུང་བར་བྱེད་ཅིང་། ཁུར་ཆེན་པོ་ཁྱེར་བ་དང་། ངའི་ཤཱཀྱ་གཞོན་ནུ་ཡིན་ཏེ། མཐོང་དགའ་བ་དྲི་ཟའི་རྒྱལ་པོ།། ང་འདས་པའི་འོག་ཏུ་ལྷོ་ཕྱོགས ་ཀྱི་རྒྱུད་དུ་དྲང་སྲོང་བྱི་བོ་ཞེས་བྱ་བའི་ཡུལ་འཁོར་དུ། བསོད་ནམས་ལྡན་གྱི་གྲོང་བྱེ་བ་ཆེན་པོ་ཞེས་བྱ་བ་འབྱུང་སྟེ། གྲོང་དེ་ནི་འབབ་ཆུ་མཛེས་སྦྱོར་ཞེས་བྱ་བ། དེའི་བྱང་ཕྱོགས་ཀྱི་འགྲོ ་དུ་འབྱུང་བར་འགྱུར་ཏེ། དེར་རྗེའུ་རིགས་ཆེན་པོ་རྣམ་པར་དག་པ་དགྲ་གོ་ཅན་ཞེས་བྱ་བའི་ས་ཕྱོགས་འབྱུང་བར་འགྱུར་ཏེ། ཤཱཀྱའི་རིགས་གཞོན་ནུ་ལི་ཙ་བྱི་གཞོན་ནུ། འཇིག་རྟེན ་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེའི་ཆོས་འབྱུང་བར་བྱ་བའི་ཕྱིར། ལི་ཙ་བྱིའི་བུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་བྱང་ཆུབ་སེམས་དཔའི་མི་མཆོག་དེ། དེར་རིག ་ཆེན་པོར་སྐྱེ་བར་འགྱུར་ཏེ། དེའི་ཕ་མ་དང་། གཉེན་སྡེ་རྣམས་ཀྱིས་ངའི་མིང་དེའི་མིང་དུ་གདོགས་པར་འགྱུར་རོ།། འགྲོ་གོག་ཅན་གྱི་རྗེའུ་རིགས་ཆེན་པོའི་རིགས་ཀྱང་། དེ་བཞིན ་གཤེགས་པའི་རིགས་ཡིན་པར་ལྟའོ།། དེའི་ཚེ་དྲང་སྲོང་བྱི་བོའི་ཡུལ་འཁོར་ཡང་འབྱོར་ཞིང་རྒྱས་ལ། སྐྱེ་བོ་མང་པོས་གང་བར་འགྱུར་རོ།། དེ་བཞིན་གཤེགས་པ་དང་མིང ་མཐུན་པའི་ཁྱེའུ་དེ་ཡང་སྐྱེ་བོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་ཞིང་། སྐྱེ་བོ་མང་པོ་ཐམས་ཅད་ཀྱིས་བསྐུར་བར་འགྱུར་རོ།། གང་གིས་ཚེ་ཁྱེའུ་དེ་རབ་ཏུ་བྱུང་བ་ན་ཚངས་པར ་སྤྱོད་པའི་འཁོར་དང་། དགེ་སློང་གི་ཚོགས་རྣམས་ཁྲིད་དེ། རང་གི་སྲོག་དང་སྔོས་ནས། དམ་པའི་ཆོས་སྟོན་ཅིང་། དེ་བཞིན་གཤེགས་པའི་སྤྱོད་པ་འབྱུང་བར་བྱེད་དེ། མཆོག ་ཏུ་དགའ་བ་སྤྱོད་པར་འགྱུར་རོ།། དགེ་སློང་དམ་པའི་ཆོས་འདོད་པ་དེའི་འཁོར་གང་ཡིན་པ་རྣམས་ཀྱང་རང་གི་སྲོག་གི་བསམ་པ་ཡོངས་སུ་བཏང་ནས། དམ་པའི་ཆོས་བསྲུང ་བར་འགྱུར་ཏེ། དགེ་སློང་གི་ཚོགས་དེ་དག་ཀྱང་། མཆོག་ཏུ་དགའ་བ་བྱེད་པ་དང་། ང་ལ་དབེན་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་ཞིང་། སོ་སོར་ཐར་པའི་སྡོམས ་པས་སྔ་མས། སྤྱོད་པ་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བར་འགྱུར་རོ།། དགེ་སློང་ངམ། དགེ་སློང་མ་འམ། དགེ ་བསྙེན་ནམ། དགེ་བསྙེན་མ་གང་དག་ངའི་ཉན་ཐོས་མཆོག་ཏུ་དགའ་བ་བྱེད་པའི་ཚིག་ལ་ཡིད་ཆེས་པ་དེ་དག་ཐམས་ཅད་ཀྱང་སྤྲིན་ཆེན་སྙིང་པོ་དང་འདྲ་བར་བལྟའོ།། མཐོང་ན ་དགའ་བ་དྲི་ཟའི་རྒྱལ་པོ་གཞན་ཡང་སྐྱེ་བོ་དགེ་བསྙེན་གང་དག་གིས་ངའི་ཉན་ཐོས་ཀྱི་ཚིག་ཐོས་ནས། དམ་པའི་ཆོས་ཀྱི་ཕྱོགས་འཛུགས་པར་བྱེད་པ་དེ་དག་ཀྱང་ང་ལ་བྱས་པ ་བཟོ་བ་དང་ངལ་དབེན་པ་ཡིན། དམ་པའི་ཆོས་ཀྱི་ཕྱིར་རང་གི་སྲོག་གི་བསམ་པ་ཡང་བཏང་། ནོར་དང་བཅས་པ་དང་། བུ་དང་བཅས་པ་དང་། ་ཆུང་མ་དང་བཅས་པ་དང་། བུ་མོ་དང་བཅས་པའི་སྡེ་ཕྱོགས་རྣམས་ཀྱི་སྲོག་གི་བསམ་པ་བཏང་ནས། དམག་གི་དཔུང་ཆེན་པོའི་ཡུལ་དུ་འཇུག་ཅིང་དམག་གི་དཔུང་ཆེན་པོའི་གཡུལ ་ཆེན་པོ་ཟད་པར་བྱེད་དོ།། བདུད་ཀྱི་ཕྱོགས་ཀྱི་སྟོབས་འཇོམས་པར་བྱེད་དོ།། བདུད་ཀྱི་སྟོབས་རྣམ་པར་འཇིག་པར་བྱེད་དོ།། ཇི་ལྟ་བུའི་ཐབས་ཀྱིས་ཀྱང་། དམ་པའི་ཆོས་འཛུག ་པར་བྱེད་དོ།། ངའི་དམ་པའི་ཆོས་ཀྱི་མཐུ་ཡང་བསྐྱེད་པར་འགྱུར་རོ།། སེམས་ཅན་ཆེན་པོ་དེ་དག་གིས་ནི་རྙེད་པ་ལེགས་པར་འགྱུར་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔའ་མི ་མཆོག་ཡིན་པར་ལྟ་བར་བྱའོ།། དགེ་སློང་ངམ། དགེ་སློང་མ་འམ། དེ་དག་ནི་སྦྱིན་གནས་ཡོངས་སུ་དག་པར་འགྱུར་རོ།། དགེ་འདུན་ཡོངས་སུ་དག་པར་ཡང་འགྱུར་རོ།། དགེ ་བསྙེན་གྱི་སྡེ་མཚན་དང་། དགེ་བསྙེན་མའི་སྡེ་མཚན་དེ་དག་གིས་ནི་སངས་རྒྱས་འབྱུང་བ་དང་འཕྲད་པར་འགྱུར། དམ་པའི་ཆོས་ལ་ཡང་ནན་ཏན་དུ་སྒྲུབ་པར་འགྱུར་མོད་ཀྱིས། ་འོན་ཀྱང་མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ།། ངའི་ཉན་ཐོས་ཀྱི་ཚིག་ལ་ཡིད་ཆེས་པའི་སེམས་ཅན་དེ་དག་ནི་ཉུང་སྟེ། ཤིན་ཏུ་ཕལ་ཆེར་ནི་མོས་པར་མི་འགྱུར་རོ།། མཐོང ་ན་དགའ་བ་དྲི་ཟའི་རྒྱལ་པོ་རྣམ་པ་བཞི་དང་ལྡན་ན། ངའི་ཉན་ཐོས་དེ་བཞིན་གཤེགས་པ་དང་མཐུན་པའི་དགེ་སློང་གི་ཚིག་ལ་ཡིད་ཆེས་པར་འགྱུར་ཏེ། བཞི་གང་ཞེ་ན། མངོན་གྱི ་མཐའ་ཡང་དག་པར་རྫོགས་པའི་སངས་རྒྱས་སྔ་མ་རྣམས་ལས་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན་འདི་ཐོས་པ་དང་། དགེ་བའི་བཤེས་གཉེན་གྱི་ཡོང ་སུ་བཟུང་བ་དང་། ལྷག་པའི་བསམ་པ་ལ་ཞུགས་ཞིང་དགེ་བའི་རྩ་བ་ཉེ་བར་རྟེན་པ་དང་། རྒྱ་ཆེན་པོ་ལ་མོས་པ་ལུས་ཀྱིས་མངོན་སུམ་དུ་བྱས་པ་སྟེ། མཐོང་ན་དགའ་བ ་དྲི་ཟའི་རྒྱལ་པོ་རྣམ་པ་བཞི་པོ་དེ་དག་གིས་ནི། ངའི་ཉན་ཐོས་ཀྱི་ཚིག་ལ་ཡིད་ཆེས་པར་འགྱུར་རོ།། གང་དག་ཡི་ཆེས་པ་དེ་དག་ཐམས་ཅད་ནི་བདུད་ཀྱི་བྱིན་གྱིས་བརླབ ་པའི་མི་གཏི་མུག་ཅན་ཡིན་པར་རིག་པར་བྱའོ།། སེམས་ཅན་གང་དག་མོས་པར་འགྱུར་བ་དེ་དག་ནི། སངས་རྒྱས་ཀྱི་ཡོངས་སུ་བཟུང་བར་རིགས་པར་བྱའོ།། ཀྱེ་མ་མ ་འོངས་པའི་སེམས་ཅན་རྣམས་ནི་སངས་རྒྱས་འབྱུང་བ་ཐམས་ཅད་དང་འཕྲད་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་སངས་རྒྱས ་མང་པོས་ཡོངས་སུ་བཟུང་བ་ནི་འཁོར་ཤིན་ཏུ་རྣམ་པར་དག་པ་དང་། དགེ་སློང་གི་ཚོགས་དང་ལྡན་པའི་ཕྱིར་རོ།། གང་དག་ངའི་ཚིག་ལ་མངོན་པར་ཡིད་ཆེས་པ་དེ་དག་ནི།། ་རྡོ་རྗེའི་རང་བཞིན་ཡིན་པར་རིག་པར་བྱའོ།། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་གཞན་ཡང་དེ་བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་གི་ཆེ་བ་ཉིད་ལ་ལྟོས། གང་། ་གི་ཕྱིར་དགེ་སློང་དེ་ནི་དེ་བཞིན་གཤེགས་པ་དང་ཀླུ་རིགས་སྒྲོན་མའི་ཟད་དུ་དམ་བཅས་ཤིང་སྨོན་ལམ་བཏབ་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཡང་དག་པའི ་ཆོས་སྲུང་བའི་ཕྱིར། བདག་གིས་སྲོག་ཡོངས་སུ་བཏང་ངོ་ཞེས་བྱས་ནས། དམ་པའི་ཆོས་ཀྱི་སྒྲ་ལན་གསུམ་དུ་བསྒྲགས་པས་ན། འདས་པའི ་དུས་ན་ཡང་། ངའི་ཉན་ཐོས་དཀའ་བ་བྱེད་པ་ཡིན་ལ། ད་ལྟར་ཡང་དཀའ་བ་བྱེད་པ་ཡིན་ནོ།། རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་དེ་ནི་ད་ལྟར་ལི་ཙ་བྱི་གཞོན་ནུ་འཇིག་རྟེན་ཐོས ་ཅད་ཀྱིས་མཐོང་ན་དགའ་བ་འདི་ཡིན་ནོ།། ལི་ཙ་བྱིའི་བུ་འདི་ནི་དེ་བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་དུ་འགྱུར་བར་རིགས་པར་བྱའོ།། མཐོང་ན་དགའ་བ་དྲི་ཟའི་རྒྱལ ་པོ་གཞན་ཡང་དེ་བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་གི་ཆེ་བ་ཉིད་རྣམ་པར་དག་པ་ལ་ལྟོས། དགེ་སློང་དེ་དག་ལ་སེམས་ཅན་གང་དག་གིས་བསྙེན་བཀུར་བྱས་པ ་དེ་དག་གིས་ནི། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྐལ་པ་གྲངས་མེད་པར་བསྙེན་བཀུར་བྱས་པ་ཡིན་ནོ།། སེམས ་ཅན་གང་དག་གིས་དགེ་སློང་གང་འདོད་པ་དེ་ལ་བཀུར་བསྟི་བྱ་བ་དང་། བླ་མ་ལ་རིམ་གྲོ་བྱ་བས་རྟག་ཏུ་མཆོད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ ་བྱས་པ་ཡིན་ནོ།། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་དག་གིས། རང་གི་སྲོག་གི་བསམ་པ་ཡོངས་སུ་བཏང་སྟེ། དགེ་སློང་འདོད ་པ་དེའི་ཐད་དུ་ངན་ངོན་གྱིས་ཆོག་པར་འཛིན་ཅིང་གནས་པར་བྱེད་པ་དེ་དག་གིས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ། བླ་མ་ལ་ཤིན་ཏུ་རིམ་གྲོར་བྱ་བ་ཕུལ་བ་ཡིན་ནོ།། ་དགེ་སློང་ངམ་དགེ་སློང་མ་འམ། དགེ་བསྙེན་ནམ་དགེ་བསྙེན་མ་གང་དག་དགེ་སློང་འདོད་པ་དེས་བསྒོ་བ་བཞིན་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས ་བཀའ་བཞིན་དུ་བྱས་པ་ཡིན་ནོ།། དགེ་སློང་ངམ་དགེ་སློང་མ་འམ། དགེ་བསྙེན་ནམ་དགེ་བསྙེན་མ་གང་དག་གིས་སྡང་བ་མེད་པའི་སེམས་ཀྱིས་དགེ་སློང་དེ་ལས་དམ་པའི ་ཆོས་བཤད་པ་དང་། ཉན་པ་དང་། འབྲེལ་བའི་གཏམ་གྱིས་ཁུར་བླངས་ནས་སྟོན་པར་བྱེད་པ་ནི་ཐབས་ཀྱིས་སྲས་བསླབ་པ་ལ་གུས་པ་སྒྲ་གཅན་འཛིན་དང་འདྲ་བར་ལྟའོ།། ་དགེ་སློང་གིས་ལུང་བསྟན་པ་འདི་ཐོས་ན། སེམས་ཅན་བསོད་ནམས་ཆུང་བ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མ་རྣམས་འདི་སྙམ་དུ ་སེམས་བསྐྱེད་པར་འགྱུར་ཏེ། ཀྱེ་མ་དགེ་སློང་ལྟར་བཅོས་པ་དེ་བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་འདིས་ནི། སྤྲིན་ཆེན་པོའི་མདོ་སངས་རྒྱས་ཀྱིས་མ་གསུ ་པར་བདག་ཉིད་ཀྱིས་བྱས་ནས། བདག་ཉིད་ལུང་སྟོན་པ་ཡང་བཅུག་སྟེ། སངས་རྒྱས་ཀྱིས་མ་གསུངས་པར། རང་བཟོའི་བསླབ་པའི་བཞི་སྣ་ཐ་དད་པ་བདག་ཉིད་ཀྱིས ་བསྟན་པ་འཆད་པར་བྱེད་དོ།། ཚེ་དང་ལྡན་པ་དག་དགེ་སློང་འདི་ཕྱིན་ཅི་ལོག་ཏུ་གྱུར་ཏེ། ཚེ་དང་ལྡན་པ་དགའ་བོ་བུ་གཅིག་ནི་བྲན་པོ་དང་བྲན་མོ་དང་། བ་གླང་དང་མ་ཧེ་ལ ་སོགས་པ་ཡོངས་སུ་འཛིན་པ་ཡིན་ནོ་ཞེའོ།། དེས་ནི་ཁྱེད་དང་བདག་ཅག་སྤངས་པ་ཡིན་ནོ།། དགེ་སློང་ཕྱིན་ཅི་ལོག་ཏུ་གྱུར་པ་འདིའི་ཚིག་གིས་ནི། འོ་ཅག་གི་སྲོག་དང ་སྔོས་ཏེ་འདིའི་ཕྱོགས་བླངས་ནས། ཁྱེད་དང་བདག་ཅག་གིས་ཀྱང་མཆོག་ཏུ་དགའ་བ་བྱེད་པར་འགྱུར་སྐད་ལོ།། འདི་ལ་ཅི་བྱས་པ་དང་། ་བྱིན་པ་རྣམས་ནི། ཚེ་འདི་དང་ཕྱི་མ་ལ་བདག་ཅག་གིས་ཉམས་སུ་མྱོང་བར་འགྱུར་བ་ཙམ་ཆོང་ན། ཇི་ལྟར་བྱ་ཞེས་སྟི་ཞིང་ལྐོག་དག་ཏུ་སོང་ནས། ཕན་ཚུན་དེ་བྱེད་པར་འགྱུར ་ཏེ། སེམས་ཅན་དེ་དག་ནི། མུན་པའི་དབང་དུ་གྱུར་ཅིང་། བསོད་ནམས་ཆུང་བ་ཡིན་པར་རིག་པར་བྱའོ།། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ།། སྤྲིན་ཆེན་པོའི་མདོ་རྟོགས ་པར་དཀའ་བ་ལ་ལྟོས། སེམས་ཅན་གང་དག་དགེ་བའི་རྩ་བ་བྱས་པ། བྱང་ཆུབ་སེམས་དཔའི་ཐབས་ལ་བརྟན་པའི་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ ་བསྙེན་མ་དག་ངའི་ཉན་ཐོས་ཀྱི་ལུང་བསྟན་པ་ཐོས་ནས། འདི་ལྟར་སེམས་བསྐྱེད་དེ། ཀྱེ་མ་དགེ་སྦྱོང་མཁས་པ་འདི་གལ་ཏེ་བྱང་ཆུབ་སེམས་དཔའ་མ་ཡིན་དུ་ཟིན་ན། སྐྱེ་བོ། ་ཕལ་པས་རྒྱ་མཚོ་ཆེན་པོ་འདི་ལྟ་བུ་དཀྲུག་པར་ག་ལ་ནུས། ཚེ་དང་ལྡན་པ་དག་ཁྱེད་དང་བདག་ཅག་དེའི་གཏེམ་ཟླར་གྱུར་ན་ནི། བདག་གིས་སྐྱེས་པ་དང་། འཚེ་བ་དང་རབ ་ཏུ་བྱུང་བའི་འབྲས་བུ་རྙེད་པ་ལེགས་པར་རྙེད་དོ།། དེ་ནས་སའི་སྟེང་དུ་གྲགས་པའི་དེ་བཞིན་གཤེགས་པའི་ཞབ་སྟི་དྲུང་ནས་ལུང་བསྟན་པ་ཐོབ་ཅིང་། ལྷའི་མིག་གིས་ལེགས ་པར་མཐོང་བའི་ཆོས་ཐོབ་པ་ཡི་ནོ་ཞེས་གྲགས་པས། བདག་ཅག་གིས་སྲོག་གིས་བསམ་པ་ཡོངས་སུ་བཏང་ལ། བདག་ཅག་ལ་སྟོན་པའི་སློབ་དཔོན་དུ་བྱས་ཏེ། ཆོས ་བསྟན་པ་བཟུང་བའི་རིགས་སོ།། བདག་ཅག་བཞི་ཡང་རུང་གསུམ་ཡང་རུང་སྟེ། སློབ་དཔོན་གྱི་གྲོགས་བྱའོ།། ཚེ་དང་ལྡན་པ་དག་དམ་པའི་ཆོས་འབྱུང་བའི་ཕྱིར་ནི། ་སྲོག་ཡོངས་སུ་བཏང་ཡང་བླའོ་ཞེས་ཟེར་རོ།། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ།། དེའི་ཚེ་དམ་པའི་ཆོས་ལ་དགའ་བའི་རིགས་ཀྱི་བུ་དེ་དག་ལ་ཀུན་ཏུ་བསྲུང་བར་གྱིས་ཤིག། ་རིགས་ཀྱི་བུ་གང་དག་ཆོས་འདོད་པ་དང་། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་མང་པོ་གང་ཡང་རུང་གཉིས་ཀྱང་གཅིག་ཀྱང་རུང་སྟེ། ་ངའི་ཉན་ཐོས་ལུང་བསྟན་པ་ཐོབ་ནས། ངའི་ཉན་ཐོས་ཆོས་སྟོན་པའི་ཕྱོགས་བྱ་བའི་ཕྱིར། འཁོད་པའི་སེམས་ཅན་དེ་དག་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་སྤྱོད་པ་ཐམས་ཅད་ཀྱི་ཕྱོགས་དམ་པའི་ཆོས་འཛུགས་པ་ཡིན་ནོ།། སེམས་ཅན་དེ་དག་ནི་ལྷ་མ་ཡིན་གྱི་དབང་པོའི་ཡུལ་མ་ཡིན་པའི་ལུས་དང་། བསམ་གྱིས་མི་ཁྱབ ་པའི་ལུས་དང་ལྡན་ཞིང་གཟུགས་ཐམས་ཅད་ཡང་དག་པར་མཐོང་བ་ཡིན་ནོ།། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་གཞན་ཡང་། ངའི་ཉན་ཐོས་དེ་བཞིན་གཤེགས་པ་དང ་མིང་མཐུན་པའི་དགེ་སློང་ཆོས་ཀྱི་སྒྲ་ཆེན་པོ་ལན་གསུམ་མངོན་པར་སྒྲགས་ནས་འཆི་བའི་དུས་བྱེད་པར་འགྱུར་བའི་ཆེ་བ་ཉིད་ལ་ལྟོས། མཐོང་ན་དགའ་བ་དྲི་ཟའི་རྒྱལ་དེ། ་དེའི་ཚེ། ངའི་དམ་པའི་ཆོས་ཀྱི་ཚོགས་ནུབ་པར་འགྱུར་རོ།། དེ་ན་མཐའ་མར་འབྱུང་བར་འགྱུར་ལ། དེ་འདྲ་བའི་སེམས་ཅན་གཞན་མེད་དེ་མི་སྲིད་དོ།། གསོལ་བ ་བཅོམ་ལྡན་འདས་དགེ་སློང་དེ་འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་བ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐོང་ན་དགའ ་བ་དྲི་ཟའི་རྒྱལ་པོ་ངའི་ཉན་ཐོས་དེ་ནི་འདི་ནས་ཤི་འཕོས་ནས་སངས་རྒྱས་སུ་འགྱུར་རོ།། གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ ་བཤད་དུ་གསོལ། བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། རིགས་ཀྱི་བུ་ཁྱོད་ཀྱིས། རིགས་ཀྱི་བུ་ངའི་ཉན་ཐོས་ཀྱི་ཆེ་བ་ཉིད་ཉོན་ཅིག། རིགས་ཀྱི་བུ ་བསྐལ་པ་བཟང་པོ་འདི་འདས་ཏེ། སངས་རྒྱས་སྟོང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ། བསྐལ་པ་དྲུག་བཅུ་རྩ་གཉིས་སུ་སངས་རྒྱས་འབྱུང་བར་མི་འགྱུར་ཏེ། ་རང་སངས་རྒྱས་བྱེ་བ་ཕྲག་འབུམ་འབྱུང་བར་འགྱུར་རོ།། རིགས་ཀྱི་བུ་བསྐལ་པ་དྲུག་བཅུ་རྩ་གཉིས་པོ་དེ་དག་འདས་པ་ན། སངས་རྒྱས་གཞན་བདུན་འབྱུང་བར་འགྱུརརོ།། ་དེ་ནས་བདུན་པོ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ། དེའི་དུས་ན་འཇིག་རྟེན་གྱི་ཁམས་འདི་འཇིག་རྟེན་གྱི་ཁམས་མངོན་པར་དང་བ་ཞེས་བྱ་བར་འགྱུར་ཏེ། འཇིག ་རྟེན་གྱི་ཁམས་མངོན་པར་དང་བ་འདིར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད ་ཅེས་བྱ་བར་འགྱུར་རོ།། དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་སེམས་ཅན་འཁོད་པ་དེ་དག་ཐམས་ཅད་མཛེས་པར་འགྱུར་ཞིང་དད་པ་ཐོབ་པར་འགྱུར་རོ།། ་གང་དག་དམ་པའི་ཆོས་ཀྱི་ཕྱོགས་བྱེད་པ་དང་། དམ་པའི་ཆོས་འབྱུང་བར་བྱེད་པ་དེ་དག་ཐམས་ཅད་ཀྱང་དེའི་ཚེ། འཇིག་རྟེན་གྱི་ཁམས་མངོན་པར་དང་བ་དེར་སྐྱེ ་བར་འགྱུར་རོ།། དེར་སྐྱེས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་དེའི་ཉན་ཐོས་ཀྱི་མཆོག་ཏུ་འགྱུར་ཏེ། དེ་དག་ཐམས་ཅད ་ཀྱང་བྱང་ཆུབ་སེམས་དཔའི་མཆོག་ཏུ་འགྱུར་རོ།། དེ་ན་སེམས་ཅན་སུ་ལ་ཡང་འདོད་ཆགས་ཀྱི་སེམས་ཀུན་ནས་ལྡང་བར་འབྱུང་བར་མི་འགྱུར་རོ།། ཞེ་སྡང་གི་སེཾས ་ཀུན་ནས་ལྡང་བར་འབྱུང་བར་མི་འགྱུར་རོ།། གཏི་མུག་གི་སེམས་ཀུན་ནས་ལྡང་བར་འབྱུང་བར་མི་འགྱུར་རོ།། སེམས་ཅན་དེ་དག་ཐམས་ཅད་ཀྱང་ཆོས་ལ་དད་པ་ཐོབ་ཅིང ་ཆོས་སྤྱོད་པར་འགྱུར་རོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཀྱི་ཚེའི་ཚད་ནི། བར་གྱི་བསྐལ ་པ་བཅོ་ལྔར་འགྱུར་རོ།། སེམས་ཅན་རྣམས་ཀྱང་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བར་འགྱུར་རོ།། དེས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཚད་མེད་དེ། ་རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན། བདུད་དང་བདུད་རིགས་ཀྱི་ལྷ་གང་འབྱུང་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་ཞུགས་པར་འགྱུར་ཏེ། སེམས ་ཅན་ལ་སྙིང་རྗེ་བར་གནས་སོ།། སངས་རྒྱས་ཀྱི་ཞིང་དེ་ན་ངན་སོང་གསུམ་ཡང་མེད་དོ།། མི་ཁོམས་པ་བརྒྱད་ཀྱང་མེད་དེ། རྟག་ཏུ་བརྒྱན་པར་འགྱུར་ལ། ་བྱང་གི་སྒྲ་མི་སྙན་གྱི་གླིང་འདྲའོ།། སངས་རྒྱས་ཀྱི་ཞིང་དེར་བདུད་དང་ཕྱིར་རྒོལ་བ་ཡང་བཅོམ་པར་འགྱུར་རོ།། ལྟ་བ་ཐམས ་ཅད་ཀྱང་མེད་དོ།། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་། བདེ་བར་གཤེགས་པས་གསུངས་པའི་དམ་པའི་ཆོས་ལོ་བྱེ་བ་བརྒྱ་སྟོང་དུ་གན ་པར་འགྱུར་རོ།། དེ་ནས་དེའི་ཚེ་འཁོར་ཆེན་པོའི་ནང་ནས། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དུ་མས། དེ་བཞིན་གཤེ ་པ་ལ་མེ་ཏོག་སིལ་མས་གཏོར་རོ།། སིལ་སྙན་དག་ཀྱང་དཀྲོལ་ལོ།། ཙན་དན་གྱི་ཕྱེ་མ་དང་། བྱུག་པ་དག་གིས་ཀྱང་གཏོར་རོ།། ཉན་ཐོས་ཆེན་པོ་དེ་དག ་གིས་ཀྱང་། རང་རང་གི་བླ་གོས་དེ་བཞིན་གཤེགས་པའི་སྐུ་ལ་གསོལ་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་། མེ་ཏོག་གི་རིམ་པའི་རབ་ཙམ་དང་། ་མེ་ཏོག་འཕྲེང་བ་དང་། ཕྱེ་མ་དང་། བྱུག་པ་དག་གིས་བཅོམ་ལྡན་འདས་ལ་བསམ་གྱིས་མི་ཁྱབ་པའི་མཆོད་པའི་ལས་བྱས་ནས།། དེ་བཞིན་གཤེགས ་པ་ཡེ་ཤེས་འབྱུང་གནས་འོད་དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སེམས་བསྐྱེད་དོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤྲིན་ཆེན་སྙིང་པོ ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་བཅོམ་ལྡན་འདས་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཆོད་ཀྱི་ཏིང་ངེ་འཛིན་གྱི་ཡུལ་འདི་མ་འོངས་པའི་སེམས་ཅན ་བསོད་ནམས་ཆུང་ངུ་རྣམས་ལ་སངས་རྒྱས་མང་པོ་འབྱུང་བར་བགྱིད་ཅིང་དགེ་བའི་རྩ་བ་ཚུལ་བཞིན་དུ་བགྱིས་པའི་སེམས་ཅན་རྣམས་ལུང་བསྟན་པས་ལུང་སྟོན་པར ་བགྱིད་པ་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་མ་འོངས་པའི་སེམས་ཅན་རྣམས་བསོད་རྣམས་ཆུང་ཞེས་དེ་སྐད་མ་ཟེར་ཅིག། དེ་ཅིའི་ཕྱིར ་ཞེ་ན། སྤྲིན་ཆེན་སྙིང་པོ་སངས་རྒྱས་འབྱུང་བ་ནི་དཀོན་ནོ།། སྤྲིན་ཆེན་སྙིང་པོ།། མདོ་འདི་ནི་དེ་བས་ཀྱང་དཀོན་ནོ།། སྤྲིན་ཆེན་སྙིང་པོའི་མདོ་འདི་ལས། ཏིང་ངེ་འཛིན་ནམ། ་གཟུངས་སམ་ཚིགས་སུ་བཅད་པ་གང་ཡང་རུང་བའི་ཚིག་གི་ཕྱེད་ཐོས་ནས་ཡིད་ཆེས་པར་བྱེད་པ་གང་ཡིན་པའི་སེམས་ཅན་དེ་དག་ཀྱང་། ཆེས་དཀོན་པ་ཡིན་ནོ་ཞེས་ང་སྨྲ་སྟེ། ་དེ་བས་ན་མ་འོངས་པའི་སེམས་ཅན་རྣམས་ནི་བསོད་ནམས་ཆུང་བ་མ་ཡིན་ནོ་ཞེས་ང་སླའོ།། སྤྲིན་ཆེན་སྙིང་པོ།། གཞན་ཡང་མ་འོངས་པའི་སེམས་ཅན་གང་དག། སྤྲིན་ཆེན ་པོའི་མདོ་ལས་ཚིགས་སུ་བཅད་པའམ། ཚིག་གི་ཕྱེད་ཐོས་ན་ཡིད་ཆེས་པར་བྱེད་པའི་སེམས་ཅན་དེ་དག་ལས་གུད་ན་ཆེས་དཀོན་པ་མེད་དོ་ཞེས་ང་སྨྲའོ།། གསོལ་པ། བཅོམ ་ལྡན་འདས་དེ་བཞིན་གཤེགས་པས་ཅི་ལ་དགོངས་ཏེ་དེ་སྐད་ཅེས་བཀའ་སྩལ་པ། དེ་བཞིན་གཤེགས་པས་གསུངས་པའི་མོད་ལས། ཚིག་གམ་ཚིག་གིས་ཕྱེད་ལ་ཡང ་ཡིད་ཆེས་པར་བྱེད་པ་གང་ཡིན་པ་དེ་དག་ལས་གུད་ན་ཆེས་དཀོན་པ་མེད་དོ།། ཞེས་ང་སྨྲ་བ་དེ་ལ་ཐེ་ཚོམ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། སྤྲིན་ཆེན་པོའི་མདོའི་ཏིང་ངེ་འཛིན་ནམ། ་གཟུངས་སམ་ཆོས་ཀྱི་སྒོ་གང་ཡང་རུང་བ་ལ་ང་ལ་བྱས་པ་གཟོ་བ་རྣམས་ལ་ཡང་དག་པའི་དོན་ལུང་བསྟན་པས་ལུང་བསྟན་ཏེ། དེ་བཞིན་གཤེགས ་པས་ལུང་བསྟན་པ་ཐོས་པའི་སེམས་ཅན་རྣམས་ནི། ཀྱེ་མ་དགེ་བའི་རྩ་བ་བྱས་པ་ཡིན་ནོ་སྙམ་དུ་འཛིན་ཅིང་། ཡིད་ཆེས་པར་བྱེད་པ། མ་འོངས་པའི་སེམས་ཅན་དེ་དག་ནི། ་ཤིན་ཏུ་ཆེས་དཀོན་པ་ཡིན་པར་ང་སྨྲ་ཏེ། སྤྲིན་ཆེན་སྙིང་པོ།། དེ་ལས་དགོངས་ནས་མ་འོངས་པའི་སེམས་ཅན་བསོད་ནམས་ཆུང་བ་མ་ཡིན་ནོ་ཞེས་ང་སྨྲའོ།། གསོལ་པ། ་བཅོམ་ལྡན་འདས་ཟབ་མོ་བསྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་བསོད་ནམས་མི་ཟད་པ། ཉན་ཐོས་དང་རང་སངས ་རྒྱས་ཐམས་ཅད་ཀྱིས་ཏིང་དཔག་པར་མི་ནུས་པ་ནི་ཀྱེ་མ་ངོ་མཚར་ཏོ།། བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ།། དེ་བཞིན་ཏེ། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས ་དཔའི་བསོད་ནམས་མི་ཟད་པ། ཤེས་པ་འམ། ཚད་བཟུང་བར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། སྤྲིན་ཆེན་སྙིང་པོ་དཔེར་ན། རྒྱ་མཚོ་ཆེན་པོའི་ནང་དུ་ཆུ་འབབ་པ་ཟད་པར ་མི་འགྱུར་བའི་གཏིང་དཔག་པར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་དེ་ལྟར་མ་ལགས་ཏེ། ནུབ་པར་མི་འགྱུར་རོ།། སྤྲིན་ཆེན་སྙིང་པོ།། སྤྲིན་ཆེན་པོའི་མདོའི ་ཆུ་འབབ་པ་དེའི་གཏིང་དཔག་པར་མི་ནུས་ལ། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་བསོད་ནམས་མི་ཟད་པའི་གཏིང་ཡང་དཔག་པར་མི་ནུས་སོ།། ་སྤྲིན་ཆེན་སྙིང་པོ་གཞན་ཡང་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྐང་པའི་ཐེ་བོའི་བ་སྤུ་གཅིག་གི་འཇིག་རྟེན་གྱི་ཁམས་གང ་གཱའི་ཀླུང་གི་བྱེ་མ་རྙེད་བགྱིས་ཏེ། འཇིག་རྟེན་གྱི་ཁམས་དཀྲིགས་ཕྲག་མཐའ་ཡས་བཟླས་ནས། འཕེན་པར་བྱས་ཏེ། དེ་ལྟ་བུའི་བྱ་བ་ཀུན་ཏུ་སྟོན་ཀྱང་། སེམས ་ཅན་སུ་ལ་ཡང་གནོད་པར་མི་འགྱུར་ལ། སེམས་ཅན་དེ་དག་གིས་མི་ཤེས་མི་མཐོང་ངོ་།། སེམས་ཅན་གཞན་དག་གིས་ནི་བྱ་བ་དེ་ལྟ་བུ་བསྟན་པར་ཤེས་ཤིང་མཐོང་ངོ་།། ་སྤྲིན་ཆེན་སྙིང་པོ་གཞན་ཡང་ཏིང་ངེ་འཛིན་འདི་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་རྙེད་དག་ཁབ་ཀྱི ་རྩེ་མོས་རྒྱ་ཤག་གི་ལོ་མ་སྟེང་གི་ཕྱོགས་སུ་འདོར་བ་བཞིན་དུ། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དཀྲིགས་ཕྲག་མཐའ་ཡས་པ་ཟླས་ནས། གྱེན་དུ་འདོར་བར་བྱེད་དེ། ་འོན་ཀྱང་སེམས་ཅན་སུ་ལ་ཡང་གནོད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་གིས་ཀྱང་བདག་ཅག་གར་ཁྱེར་བ་དང་། བདག་ཅག་གར་སོང་བ་ཡང་མི་ཤེས་མི་མཐོང་ངོ་།། ་ཕྱིར་ཡང་ཁྱེར་ཏེ་འོངས་ནས་སྔ་མའི་གནས་སུ་བཞག་ཀྱང་། འགྲོ་བ་དང་འོང་བ་ཡང་མི་མངོན་ལ། སེམས་ཅན་གཞན་དག་གིས་ནི། འདི་ལ་བྱང་ཆུབ་སེམས་དཔའི་རྣམ ་པར་འཕྲུལ་པ་ཡིན་ནོ།། ཞེས་ཤེས་ཤིང་མཐོང་ངོ་།། སྤྲིན་ཆེན་སྙིང་པོ་གཞན་ཡང་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཁབ ་ཀྱི་རྩེ་མོས་རྒྱ་ཤུག་གི་ལོ་མ་ལ་བྱ་བཞིན་དུ་ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་དེ་ལྟར་གྱེན་དུ་བོར་ནས། འཇིག་རྟེན་གྱི་ཁམས་ལྷག་མ་གཅིག་གི ་ནང་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཆུད་པར་བྱེད་ཀྱང་། སེམས་ཅན་སུ་ཡང་གནོད་པར་མི་འགྱུར་ལ། སེམས་ཅན་དེ་དག་གིས་ཀྱང་བདག་ཅག་གར་ཁྱེར་བ་དང་། ་བདག་ཅག་གར་སོང་བ་ཡང་མི་ཤེས་མི་མཐོང་ངོ་།། ཕྱིར་ཡང་ཁྱེར་ཏེ་འོངས་ནས་སྔ་མའི་གནས་སུ་འགྲོ་བ་དང་འོང་བར་ཡང་མི་མངོན་ལ། སེམས་ཅན་གཞན་དག་གིས ་ནི་བྱ་བ་དེ་ལྟ་བུ་བསྟན་པ་ཤེས་ཤིང་མཐོང་ངོ་།། སྤྲིན་ཆེན་སྙིང་པོ་གཞན་ཡང་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཕྱོགས ་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་གཅིག་གི་ནང་དུ་བརྟུལ་ནས། སྲན་ཆུང་གི་འབྲུ་གཅིག་གི་ནང་དུ་ཆུད་པར་བྱེད་དེ། འོན་ཀྱང་སེམས་ཅན་སུ ་ལ་ཡང་གནོད་པ་མི་འགྱུར་ལ། སེམས་ཅན་དེ་དག་གིས་ཀྱང་བདག་ཅག་གང་དུ་ཁྱེར་བ་དང་། གང་དུ་སོང་བ་དང་། གང་དུ་བཅུག་པ་མི་ཤེས་མི་མཐོང་ངོ་།། སེམས་ཅན ་གཞན་དག་གིས་ནི། ཤེས་ཤིང་མཐོང་སྟེ། ཏིང་ངེ་འཛིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། འདུལ་བའི་དབང་གིས་བྱ་བ་དེ་ལྟ་བུ་དག་སྟོན ་བར་བྱེད་དོ།། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་སྙིང་པོས་གསོལ་པ། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཀོད་པའི་གཙོག ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཏིང་ངེ་འཛིན་འདིའི་བསོད་ནམས་བགྱི་བའི་དངོས་པོའི་ཆེ་བ་ཉིད་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་མཆིས་པ་ཡང་སེམས ་ཅན་རྣམས་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་ལེགས་སོ་ལེགས་སོ།། སྤྲིན་ཆེན་སྙིང་པོ་ཁྱོད་ལེགས་ཀྱིས། ཏིང་ངེ་འཛིན ་འདིའི་རྒྱུ་ལས་བྱུང་བའི་བསོད་ནམས་བྱ་བའི་ཕྱིར་དངོས་པོ་དེ་དཔེ་ཙམ་དུ་བསྟན་པར་བྱ་སྟེ། རིགས་ཀྱི་བུ་དཔེར་ན། ཆུ་ཀླུང་ཆེན་པོ་དང་། འབབ་ཆུ་དང་། མཚེའུ་དང་། ་མཚོ་བྲན་དང་། ཆུ་བྲན་ཐམས་ཅད་ནི་རྒྱ་མཚོའི་ཁོངས་སུ་གཏོགས་ཤིང་དེའི་ནང་དུ་འདུས་སོ།། སྤྲིན་ཆེན་སྙིང་པོ།། དེ་བཞིན་དུ། མདོ་འདི་ལས་གཞན་པའི་མདོ་དག་གི་བྱ ་བ་གང་ཅི་ཡང་རུང་བ་རྣམས་ནི་ཏིང་ངེ་འཛིན་འདིའི་ཁོངས་སུ་གཏོགས་ཤིང་འདིའི་ནང་དུ་འདུས་པར་ལྟ་བར་བྱའོ།། སྤྲིན་ཆེན་སྙིང་པོ་གཞན་ཡང་མདོ་འདི་ལ་མཏོགས་པའི་མདོ ་དང་། ཏིང་ངེ་འཛིན་དང་། བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་བྱ་བའི་དངོས་པོ་དག་ཐམས ་ཅད་ཀྱི་བསོད་ནམས་བྱས་པ་ནི་དེ་བཞིན་གཤེགས་པ་རྟག་པ་ཉིད་ཀྱིས་ཏིང་ངེ་འཛིན་འདི་ཐང་ཅིག་ཙམ་ཐོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཁོངས་སུ་གཏོགས་ཤིང་དེའི་ནང་དུ ་འདུས་པར་ལྟ་བར་བྱའོ།། སྤྲིན་ཆེན་སྙིང་པོ་དེ་བས་ན། ཐམས་ཅད་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་དང་། ཞི་བ་དང་། བརྟན་པའི་བསོད་ནམས་འདོད ་པའི་སེམས་བཟུང་བར་འདོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་བཟུང་བར་འདོད་པའི་རིགས་ཀྱི་བུ ་འམ། རིགས་ཀྱི་བུ་མོས་ནི། ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན་གྱི་ཡུལ་འདི་ལ་སེམས་བསྐྱེད་པར་བྱའོ།། དེ་བཞིན་གཤེགས་པ་རྟག་པ ་དང་། ཐེར་ཟུག་པ་དང་། བརྟན་པ་དང་ཞི་བའི་ཡོན་ཏན་ཡང་དག་པར་བཤད་པ་ཐོས་ན་སྐྲག་པར་མི་བྱ། དེ་བཞིན་གཤེགས་པ་རྟག་པ་དང་། ཐེར་ཟུག་པ་དང་། ་བརྟན་པ་དང་། ཞི་བ་དང་། བསིལ་བའི་ཡོན་ཏན་ཡང་དག་པར་བཟུང་བར་བྱའོ།། གཞན་དག་ལ་ཡང་རྒྱས་པར་བསྟན་པར་བྱའོ།། ཅི་ནས་བསྟན་པ་ནུབ་པར་མི ་འགྱུར་བར་བརྩོན་པར་བྱའོ།། འདི་ལྟ་སྟེ་དཔེར་ན། འགྲོ་བ་སྲོག་ཆགས་འབྱུང་པོ་གང་ཅི་ཡང་རུང་བ་རྣམས་ཀྱི་རྗེས་སུ་བྱུང་བ་དེ་དག་ཐས་ཅད་ནི། གླང་པོ་ཆེའི ་རྗེས་ཀྱི་ནང་དུ་འདུ་བར་འགྱུར་རོ།། དེ་བཞིན་དུ་མདོ་འདི་ལས་གཞན་པའི་ཏིང་ངེ་འཛིན་ཐམས་ཅད་དང་། བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་ཀྱང་། ཏིང ་ངེ་འཛིན་འདིའི་ནང་དུ་འདུ་བར་འགྱུར་བར་རིགས་པར་བྱའོ།། སྤྲིན་ཆེན་སྙིང་པོ་གཞན་ཡང་འདི་ལྟ་སྟེ་དཔེར་ན། ལྷུན་པོ་ལ་སོགས་པ་རིའི་རྒྱལ་པོ་རྣམས་དང་། ་གཞན་ཡང་རི་ནག་པོ་རྣམས་དང་། རྩཝ་དང་ཤིང་གེལ་བ་དང་། སྨན་དང་ཤིང་ཇི་སྙེད་ཡོད་པ་དང་། འཛམ་བུ་གླིང་དང་། གླིང་ཆེན་པོ་བཞི་དང་། བཅས་པའི ་འཇིག་རྟེན་གྱི་ཁམས་ཉི་མ་དང་ཟླ་བར་བཅས་པ་དེ་དག་ཐམས་ཅད་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་ནང་དུ་འདུས་པར་ལྟ་བར་བྱའོ།། སྦྱིན ་ཆེན་སྙིང་པོ་དེ་བཞིན་དུ། སོ་སོའི་སྐྱེ་བོའི་བསོད་ནམས་ཀྱི་རྒྱུན་ནམ། ཉན་ཐོས་ཀྱི་བསོད་ནམས་ཀྱི་རྒྱུན་ནམ། རང་སངས་རྒྱས་ཀྱི་བསོད་ནམས་ཀྱི་རྒྱུན་ནམ། བྱ ་ཆུབ་སེམས་དཔའི་བསོད་ནམས་ཀྱི་རྒྱུན་ནམ། དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་རྒྱུན་ནམ། མདོ་དང་ཏིང་ངེ་འཛིན་ཐམས་ཅད་ཀྱི་བསོད་ནམས་ཀྱི་རྒྱུན་ཇི ་སྙེད་ཡོད་པ་རྣམས་ནི། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་ནི་རྟག་པ་ཡིན་ནོ།། ཞེས་སེམས་གཅིག་བསྐྱེད་པའི་ནང་དུ ་ཆུད་ཅིང་འདུས་སོ།། འདི་ལྟ་སྟེ་དཔེར་ན། སྟོན་གྱི་དུས་ན་སྤྲིན་མེད་པའི་ནམ་མཁའ་ལ་ཉི་མ་ཤར་ན། ནམ་མཁའ་ལས་སྒྲིབ་མར་གྱུར་ཅིང་སྒྲིབ་པའི་རང་བཞིན་ཇི ་སྙེད་པ། དེ་དག་ཐམས་ཅད་ཟིལ་གྱིས་མནན་ནས། ལྷམ་མེ་ལྷན་ནེ་ལྷང་ངེར་འདུག་གོ།། སྤྲིན་ཆེན་སྙིང་པོ་དེ་བཞིན་དུ། ཟབ་མོ་བསྟན་པའི་ཆུའི་རྒྱ་མཚོའི་དུས ་ཚོད་ཀྱི་ཏིང་ངེ་འཛིན་དེ་ལས་དེ་བཞིན་གཤེགས་པ་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བ་དང་། བརྟན་པ་ནུབ་པར་མི་འགྱུར་བའི་འོད་ཟེར་མཐའ ་ཡས་པ་དང་། ལྡན་པའི་ཉི་མ་རྟག་པར་ཤར་བ་ན། ལྡེམ་པོ་དག་གི་ནམ་མཁའ་ལ་ཇི་སྙེད་ཡོད་པ་ཐམས་ཅད་ཟིལ་གྱིས་མནན་ནས། ལྷམ་མེ་ལྷན་ནེ་ལྷང་ངེར་གསལ་བར ་འགྱུར་རོ།། སྤྲིན་ཆེན་སྙིང་པོ་གཞན་ཡང་། འདི་ན་མི་ལ་ལ་ཞིག་རླུང་གི་རྒྱལ་པོ་བཞིའི་མཐུ་ཅན་སྟོབས་དང་ལྡན་པ། ལྷའི་ལོ་བརྒྱ་ཐུབ ་པ་ཞིག་བྱུང་ལ། མི་དེ་ཡང་ཉིན་པར་ལམ་དུ་ཞུགས་ཏེ། འཇིག་རྟེན་གྱི་ཁམས་དུ་མར་སོང་ནས་ཕྱིར་རང་གི་གནས་སུ་ལྡོག་པར་བྱེད་ཅིང་། ནུབ་མོ་ཡང་ལམ་དུ་ཞུགས་ནས། ་འཇིག་རྟེན་གྱི་ཁམས་དུ་མ་བཀོར་ཏེ། ཕྱིར་རང་གནས་སུ་ལྡོག་པར་བྱེད་པ་དེ་ལྟ་བུར། ཉིན་མཚན་དུ་ལམ་དུ་ཞུགས་པས། ཇི་ཙམ་དུ་ཕྱིན་པ་དེ་སྙེད། རིན་པོ་ཆེ་སྣ་བདུན་གྱིས ་རང་གི་ལུས་ཀྱི་འཕང་ཙམ་དུ་གང་བར་བྱས་ནས། སྦྱིན་པ་བྱིན་ཏེ། ཐབས་དེ་ལྟ་བུར་བར་ཆད་དང་སྐྱོན་མ་བྱུང་བར་སྦྱིན་པ་བྱིན་ནས། སྤྲིན་ཆེན་སྙིང་པོ་བཞི་དེ་ལས་དེ་བསོད ་ནམས་མང་དུ་བསྐྱེད་དམ། གསོལ་པ། བཅོམ་ལྡན་འདས་ཚད་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་དེ་ལྟ་བུའི་སྦྱིན་པ་གང་ཡིན་པ་དེ ་ལས་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་འདི་ལ་དེ་བཞིན་གཤེགས་པ་རྟག་པའི་ཆེ་བ་ཉིད་ཡོན་ཏན་ནུབ་པར་མི་འགྱུར་བ་བསྟན་པ་འཁོར་བཞི་ལས་གང་ཡང་རུང ་བ་འམ། སྤྱོད་པ་འམ། ཀུན་ཏུ་རྒྱུ་བ་འམ། གཅེར་བུ་པ་ལ་སོགས་པ་ལ་འཆད་ཅིང་སྟོན་པར་བྱེད་དམ། ཡང་ན་འཆའ་བ་འམ། ཏིང་བ་འམ། གཞན་གྱི་ཡན་ལ་བྱ་བ ་འམ། འཚོ་བའི་ཐབས་ཀྱི་སྦྱོར་བ་འམ། རྙེད་པ་དང་། བཀུར་བསྟི་དང་། ཚིགས་སུ་བཅད་པར་འདོད་པའི་ཕྱིར། དེ་བཞིན་གཤེགས་པ་རྟག་གོ་ཞེས་ཚིགས་སུ་བརྗོད་པ ་ཙམ་གྱིས་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པའི་རྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆར་ཡང་མི་ཕོད་པ་ནས་རྒྱུད་བར་དུ་ཡང་མི་བོད་དོ།། སྤྲིན་ཆེན་སྙིང་པོ་འདི་ལྟ་སྟེ་དཔེར་ན། ་སྨན་གྱི་རྒྱལ་པོ་རྩིའི་སྡོང་བུ་དེའི་རྩ་བ་ཁྱེར་རམ། ཤུན་པགས་སམ། དྲི་འམ། ལོ་མ་འམ། མེ་ཏོག་གམ། འབྲས་བུ་འམ། མགོ་རྟོགས་སམ། སྡོང་བུ་འམ། ་ཡལ་ག་འམ། བུར་མ་འམ། རྩ་བ་དག་ཁྱེར་ཡང་རུང་སྟེ། དེ་འདི་སྙམ་དུ་བདག་གི་རྩ་བ་དག་ཁྱེར་རོ།། བདག་གི་ཤུན་པགས་ཁྱེར་རོ།། བདག་གི་དྲི་ཁྱེར་རོ།། བདག ་གི་ལོ་མ་ཁྱེར་རོ།། བདག་གི་མེ་ཏོག་ཁྱེར་རོ།། བདག་གི་འབྲས་བུ་ཁྱེར་རོ།། བདག་གི་མགོ་རྟོགས་ཁྱེར་རོ།། བདག་གི་སྡོང་བུ་ཁྱེར་རོ།། བདག་གི་ཡལ་ག་ཁྱེར་རོ།། ་བདག་གི་བུར་མ་ཁྱེར་རོ།། བདག་གི་རྩ་བ་དག་ཁྱེར་རོ།། སྙམ་དུ་མི་སེམས་ཏེ། རྩིའི་སྡོང་བུ་ལ་རྣམ་པར་རྟོག་པ་མེད་དོ།། རྣམ་པར་རྟོག་པ་མེད་དུ་ཟིན་ཀྱང་། སེམ ་ཅན་རབ་འབྲིང་ཐམས་ཅད་ལ། འོ་མ་འམ། ཞོ་འམ། མར་རམ། འབྲུ་མར་སམ། སྨན་ཅི་ཡང་རུང་བ་དག་ཀྱང་། སྦྱར་བ་འམ། སྨན་ཐམས་ཅད་སྲེས་པའི། ་འདབ་གུ་འམ། བཏུང་བ་འམ། ལུས་སྐུ་བས་ནད་སེལ་བར་བྱེད་དོ།། དེ་བཞིན་དུ་ཏིང་ངེ་འཛིན་འདི་ཉན་པ་ཡང་རྩ་བ་འམ། རྒྱུད་དམ་ཚིགས་སུ་བཅད་པ་འམ། ཚིག ་གམ་ཚིག་གི་ཕྱེད་དང་། མིང་ངམ། དེ་བཞིན་གཤེགས་པ་རྟག་གོ་ཞེས་བྱ་བའི་ཡི་གེ་འབྲུ་གཉིས་ཀྱི་ཉན་པ་ན། དེའི་འདི་སྙམ་དུ་བདག་གི་རྩ་བལ་ཏིང་ངེ་འཛིན་བཟུང་ངོ་།། ་རྒྱུད་ལས་བཟུང་ངོ་།། ཚིགས་སུ་བཅད་པ་ལས་བཟུང་ངོ་།། ཚིགས་ལས་བཟུང་ངོ་།། ཚིགས་ཕྱེད་ལས་བཟུང་ངོ་།། མིང་ལས་བཟུག ་ངོ། དེ་བཞིན་གཤེགས་པ་རྟག་གོ་ཞེས་བྱ་བའི་ཡི་གེ་འབྲུ་གཉིས་ལས་བཟུང་ངོ་སྙམ་དྲི་སེམས་ཏེ། རྣམ་པར་རྟོག་པ་དེ་དག་མེད་དོ།། རྣམ་པར་རྟོག་པ་མེད་དུ་ཟིན་ཀྱང་།། ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལས་གང་ཡང་རུང་བ་འམ། སྤྱོད་པའམ། ཀུན་ཏུ་རྒྱུ་འམ། གཅེར་བུ་ལ་སོགས་པ་འམ། ལུས་ཡོངས ་སུ་མ་སྦྱངས་པ་འམ། ཤེས་རབ་ཡོངས་སུ་མ་སྤང་བ་འམ། སེཾས་ཡོངས་སུ་མ་སྦྱངས་པ་ཡང་རུང་སྟེ། འཕྱ་བ་འམ། སྙིང་པའི་ཕྱིར་རམ། རང་གི་ཁ་ནས་བྱུང་ངམ། གཞན ་གྱི་གཡམ་ལས་བྱུང་བ་འམ། རྙེད་པ་དང་། བཀུར་བསྟི་དང་། ཚིགས་སུ་བཅད་པ་འདོད་པའི་ཕྱིར་ཡང་རུང་སྟེ། ཉན་ཏམ་བཟུང་ན། དེ་དག་གི་སྡིག་པ་གྲངས་མེད་པ་བྱས་པ་དང་། ་ལས་དེ་དག་ལུས་འདི་ཉིད་ཀྱི་ཚེ། བྱང་བར་འགྱུར་ལ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། གཏི་མུག་གི་ཉོན་མོངས་པ་ལ་སོགས་པའི་ནད་འབྱུང་བའི་ཕྱིར་ཞུགས། ་པ་ཡང་མ་ཡིན་ནོ།། སྤྲིན་ཆེན་སྙིང་པོ་དཔེར་ན། ཉི་མ་ཤར་མ་ཐག་ཏུ། ཁ་བ་དང་མུན་པའི་ཚོགས་ཆེན་པོ་རྨེག་མེད་པར་འགྱུར་རོ།། དེ་བཞིན་དུ་ཏིང་ངེ་འཛིན་གྱི་ཉི་མ་རྟག་པ་འདི་ཤ ་མ་ཐག་ཏུ་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་། ལས་ཀྱིས་ཚོགས་ཀྱི་ཁ་བ་དང་། མུན་པ་དང་། སྤྲིན་དང་། སྒྲིབ་པ་རྣམས་རྨེག་མེད་པར་འགྱུར་རོ།། ་སྤྲིན་ཆེན་པོའི་མདོ་ལས། བམ་པོ་དགུ་པ།། ། སྤྲིན་ཆེན་སྙིང་པོ་གཞན་ཡང་དཔེར་ན། རླུང་གི་ནམ་མཁའ་ལས་ལང་ནས། སེམས་ཅན་ཐམས ་ཅད་ལ་དབང་མེད་པར་སྤུ་དང་ལུས་ཀྱི་ཡན་ལག་ཐམས་ཅད་ཀྱི་རྩ་བའི་ནང་དུ་ཞུགས་ནས། མེའི་ཕུང་པོ་འཇིལ་བར་བྱེད་དེ། དེ་བཞིན་དུ་འདིར་ཡང་ཏིང་ངེ་འཛིན་གྱིས་དེ་བཞིན ་གཤེགས་པའི་ཡོན་ཏན་གྱིས་སྒོས་པའི་རླུང་ཉོན་མོངས་པའི་ནམ་མཁའ་ལ་ལྡང་བར་བྱེད་ཅིང་། སེམས་ཅན་ཐམས་ཅད་ལ་རང་དབང་མེད་པར། སྤུ་དང་ཡན་ལག་ཐམས་ཅད་ཀྱི་རྩ ་བའི་ནང་ནས་ཞུགས་ནས། སྡིག་པ་གྲངས་མེད་པར་བྱས་པ་རྣམས་དང་། ལས་ཀྱི་མེའི་ཕུང་པོ་རྣམས་སེལ་བར་བྱེད་དོ།། སྤྲིན་ཆེན་སྙིང་པོ་གཞན་ཡང་འདི་ལ་གནས་པའི་བྱང་ཆུབ ་སེམས་དཔའ་ནི་རྒྱུན་དུ་ཞུགས་པའི་འབྲས་བུའི་ཕྱིར་ཡང་ཚུལ་ཁྲིམས་མི་སྲུང་ངོ་།། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར་ཡང་ཚུལ་ཁྲིམས་མི་བསྲུང་ངོ་།། ཕྱིར་མི་འོང་བའི་འབྲས་བུའི ་ཕྱིར་ཡང་ཚུལ་ཁྲིམས་མི་བསྲུང་ངོ་།། དགྲ་བཅོམ་པའི་འབྲས་བུའི་ཕྱིར་ཡང་ཚུལ་ཁྲིམས་མི་བསྲུང་ངོ་།། དེ་བཞིན་གཤེགས་པའི་མཚན་མཐའ་ཡས་པའི་ཕྱིར་ཡང་ཚུལ་ཁྲིམས ་མི་བསྲུང་ངོ་།། དེ་བཞིན་གཤེགས་པའི་དཔེ་བྱད་བཟང་པོའི་ཕྱིར་ཡང་ཚུལ་ཁྲིམས་མི་བསྲུང་ངོ་།། དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་གནས་ཀྱི་ཕྱིར་ཡང་ཚུལ་ཁྲིམ ་མི་བསྲུང་ངོ་།། དེ་བཞིན་གཤེགས་པའི་དཔག་ཏུ་མེད་པའི་ཕྱིར་ཡང་ཚུལ་ཁྲིམས་མི་བསྲུང་ངོ་།། དེ་བཞིན་གཤེགས་པའི་མཚུངས་པ་མེད་པ་ཉིད་ཀྱི་ཕྱིར་ཡ་ཡང་ཚུལ་ཁྲིམས་མི་བསྲུང ་།། དེ་བཞིན་གཤེགས་པའི་མཚན་གྱི་ཕྱིར་ཡང་སེམས་གནས་པར་མི་སྒོམ་མོ།། དེ་བཞིན་གཤེགས་པའི་དཔེ་བྱད་བཟང་པོའི་ཕྱིར། ་ཡང་སེམས་གནས་པར་མི་སྒོམ་མོ།། དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་གནས་ཀྱི་ཕྱིར་ཡང་སེམས་གནས་པར་མི་སྒོམ་མོ།། དེ་བཞིན་གཤེགས་པའི་དཔག་ཏུ ་མེད་པའི་ཕྱིར་ཡང་སེམས་གནས་པར་མི་སྒོམ་མོ།། དེ་བཞིན་གཤེགས་པའི་མཚུངས་པ་མེད་པའི་ཕྱིར་ཡང་སེམས་གནས་པར་མི་སྒོམ་མོ།། དེ་བཞིན་གཤེགས་པའི་གྲང ་པའི་ཕྱིར་ཡང་སེམས་གནས་པར་མི་སྒོམ་མོ།། དེ་བཞིན་གཤེགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་ཡང་སེམས་གནས་པར་མི་སྒོམ་མོ།། དེ་བཞིན་གཤེགས ་བའི་མཚན་གྱི་ཕྱིར་ཡང་སེམས་བསྐྱེད་པར་མི་བྱེད་དོ།། དེ་བཞིན་གཤེགས་པའི་དཔེ་བྱད་བཟང་པོའི་ཕྱིར་ཡང་སེམས་བསྐྱེད་པར་མི་བྱེད་དོ།། དེ་བཞིན་གཤེགས་པའི་བསམ་གྱིས་མི ་ཁྱབ་པའི་གནས་ཀྱི་ཕྱིར་ཡང་སེམས་བསྐྱེད་པར་མི་བྱེད་དོ།། དེ་བཞིན་གཤེགས་པའི་དཔག་ཏུ་མེད་པའི་ཕྱིར་ཡང་སེམས་བསྐྱེད་པར་མི་བྱེད་དོ།། དེ་བཞིན་གཤེགས་པའི་མཚུངས་པ། ་མེད་པའི་ཕྱིར་ཡང་སེམས་བསྐྱེད་པར་མི་བྱེད་དོ།། དེ་བཞིན་གཤེགས་པའི་གྲངས་མེད་པའི་ཕྱིར་ཡང་སེམས་བསྐྱེད་པར་མི་བྱེད་དོ།། དེ་བཞིན་གཤེགས་པའི་ཡོན་ཏན་དཔག་ཏུ་མེད ་པ་དང་ལྡན་པའི་ཕྱིར་ཡང་སེམས་བསྐྱེད་པར་མི་བྱེད་དོ།། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་གྱི་ཕྱིར་ཡང་ཚུལ་ཁྲིམས་མི་བསྲུང་ངོ་།། དེ་བཞིན ་གཤེགས་པའི་མི་འཇིགས་པའི་ཕྱིར་ཡང་ཚུལ་ཁྲིམས་མི་བསྲུང་ངོ་།། དེ་བཞིན་གཤེགས་པའི་གསང་བའི་ཕྱིར་ཡང་ཚུལ་ཁྲིམས་མི་བསྲུང་ངོ་།། དེ་བཞིན་གཤེགས་པའི་མཆོད། ་པའི་གནས་བླ་ན་མེད་པའི་ཕྱིར་ཡང་ཚུལ་ཁྲིམས་མི་བསྲུང་ངོ་།། དེ་བཞིན་གཤེགས་པའི་སྙིང་པོའི་ཕྱིར་ཡང་ཚུལ་ཁྲིམས་མི་བསྲུང་ངོ་།། སེམས་ཅན་ཐམས་ཅད་སྐྱེ་བ་དང་། ་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཐར་བར་འདོད་པའི་ཕྱིར་ཡང ་ཚུལ་ཁྲིམས་བསྲུང་ངོ་།། སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཐོབ་པར་འདོད་པའི་ཕྱིར་ཡང་ཚུལ་ཁྲིམས་བསྲུང་ངོ་།། སེམས་ཅན་ཐམས་ཅད་གྲུབ་པ་དང་། བདེ་བར ་འདོད་པའི་ཕྱིར་ཡང་ཚུལ་ཁྲིམས་བསྲུང་ངོ་།། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ཡོན་ཏན་ལ་དགོད་པར་འདོད་པའི་ཕྱིར་ཡང་ཚུལ་ཁྲིམས་བསྲུང་ངོ་།། སེམས་ཅན ་ཐམས་ཅད་སངས་རྒྱས་སུ་སྒྲུབ་པར་འདོད་པའི་ཕྱིར་ཡང་ཚུལ་ཁྲིམས་བསྲུང་ངོ་།། སེམས་ཅན་ཐམས་ཅད་ཆོས་ཀྱི་འཁོར་ལོ་བསྐོར་དུ་ཞུགས་པར་བྱ་བའི་ཕྱིར་ཚུལ ་ཁྲིམས་བསྲུང་ངོ་།། སེམས་ཅན་ཐམས་ཅད་ལ་འཕགས་པའི་དགེ་འདུན་ཡོངས་སུ་སྡུད་དུ་ཞུགས་པར་འདོད་པའི་ཕྱིར་ཚུལ་ཁྲིམས་བསྲུང་ངོ་།། སེམས་ཅན་ཐམས། ་ཅད་སངས་རྒྱས་ཀྱི་གདུང་མི་ཆད་པར་བྱ་བར་འདོད་པའི་ཕྱིར་ཚུལ་ཁྲིམས་བསྲུང་ངོ་།། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་རྒྱུན་མི་ཆད་པར་བྱ་བར་འདོད་པའི་ཕྱིར་ཚུལ་ཁྲིམས ་བསྲུང་ངོ་།། སེམས་ཅན་ཐམས་ཅད་ལ་དགེ་འདུན་གྱི་རིགས་སྒྲུབ་པའི་ཕྱིར་ཚུལ་ཁྲིམས་བསྲུང་ངོ་།། སེམས་ཅན་ཐམས་ཅད་ལ་ཏིང་ངེ། ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་བསྒྲུབ་པའི་ཕྱིར་ཡང་སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་ཉམས་པ་དང་། སྐྱོན་མེད་པ་དང་། མ་འདྲེས་པ་དང་། ་འཁྲུག་པར་འདོད་པའི་ཕྱིར་ཚུལ་ཁྲིམས་བསྲུང་ངོ་།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས་འདི་སྐད་ཅེས་གསོལ ་ཏོ།། འདི་ལ་གནས་པའི་བྱང་ཆུབ་སེམས་དཔྱས་ནི། དེ་བཞིན་གཤེགས་པའི་མཚན་གྱི་སླད་དུ། ཚུལ་ཁྲིམས་མི་བསྲུང་ངོ་།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཅི། ་ལས་དགོངས་ཏེ་དེ་སྐད་དུ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ། སངས་རྒྱས་ཀྱི་ཡོན་ཏན ་སྒྲུབ་པ་དེ་དག་ཐམས་ཅད་ཡོད་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་འདི་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ།། སྤྲིན་ཆེན ་སྙིང་པོ་དཔེར་ན། ནོར་བུ་རིན་པོ་ཆེ་བཻ་ཌཱུརྱ་དུ་མ་དང་། ནོར་ཐམས་ཅད་ཀྱི་བདག་པོར་གྱུར་པ་དེ་བདག་ཉིད་ལ་ཡོད་བཞིན་དུ། བཻ་ཌཱུརྱའི་ཕྱིར་འདོད་པའི་སེམས་དང་ཐེ་ཚོམ ་བསྐྱེད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལ་གནས་པའི་བྱང་ཆུབ་དཔའ་བདག་ཉིད་ལ ་ཡོད་བཞིན་དུ། མཚན་གྱི་ཕྱིར་འདོད་པའི་སེམས་བསྐྱེད་པ་དེ་ནི་གནས་མེད་དོ།། སྤྲིན་ཆེན་སྙིང་པོ་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། བསམ་གྱིས ་མི་ཁྱབ་པའི་ཡུལ་དང་། ཡོན་ཏན་ཐམས་ཅད་དང་ལྡན་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་ཅི་བགྱི་བ་མཐར་ཕྱིན་པ་དང་ལྡན་པ་ལེགས་པར་རིག་པར་བགྱི་བའི།། ་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ།། དེ་སྐད་མ་ཟེར་ཅིག། འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། གང་གི་ཚེ་སེམས་ཅན་ཐས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་བྱས་ནས། བྱ་བ་མཐར་ཕྱིན་པར་འགྱུར་ཏེ། དེའི་ཚེ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་མཐེར་ཕྱིན ་པར་འགྱུར་རོ།། གསོལ་པ། བཅོམ་ལྡན་འདས་གང་དག་ཏིང་ངེ་འཛིན་འདིའི་ཡུལ་བཤད་པ་ཐོས་ན། སྤོང་བར་མི་བགྱིད་པ་ནི་ཀྱེ་མ་ངོ་མཚར་ཏེ། སེམས་ཅན་དེ་དག ་ནི་མྱ་ངན་དུ་བགྱི་མི་འཚལ་བ་ལགས་སོ།། བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ།། དེ་དེ་བཞིན་ཏེ། མ་འོངས་པའི་དུས་ན། ཏིང་ངེ་འཛིན་བསྟན་པ་འདི་བཤད་པ་ན། གང་དག ་སྤོང་བར་མི་བྱེད་པའི་སེམས་ཅན་དེ་དག་ལ་ནི་མྱ་ངན་བྱ་མི་དགོས་སོ།། འདི་ལྟ་སྟེ་དཔེར་ན། རྒྱལ་པོའི་བུ་རིགས་ཆེ་ཞིང་སྟོབས་དང་ལྡན་ལ་འཁོར་སྙིང་ཉེ་བ་དང་ཚུལ་དུ་སྲུང་བར ་བྱ་བ་དང་། ཡོན་ཏན་དང་ལྡན་ཞིང་། རྒྱལ་པོ་ཆེ་བོར་དབང་བསྐུར་བའི་དུས་ལ་བབ་པ་ནི། གནས་དམའ་བ་ལ་འདོད་པའི་སེམས་མི་བསྐྱེད་དོ།། རྒྱལ་པོ་ཆེན་པོའི་རྒྱལ་སྲིད ་ཀྱི་གནས་ལ་སེམས་སོ།། དེ་བཞིན་དུ་ཏིང་ངེ་འཛིན་བསྟན་པ་འདི་བཤད་པ་ཐོས་ནས། སྤོང་བར་མི་བྱེད་ཅིང་ཁ་ཏོན་དུ་བྱེད་པ་དག་ནི་ཆོས ་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་ཞིང་། བྱང་ཆུབ་ཆེན་པོར་དབང་བསྐུར་བའི་འོས་ཡིན་ཏེ། ཏིང་ངེ་འཛིན་འདི་ཐོས་ན། ཏིང་ངེ་འཛིན་གྱི་མཆོག་འདི་ལས་གཞན་པ། གནས ་དམའ་བ་ལ་འདོད་པའི་སེམས་མི་བསྐྱེད་དེ། དེ་ནི་གནས་མེད་དོ།། ཏིང་ངེ་འཛིན་རྒྱ་ཆེན་པོའི་གནས་འདི་ཡང་རྐྱེན་དུ་བབ་པ་ཡིན་ནོ།། སྤྲིན་ཆེན་སྙིང་པོ་གཞན་ཡང་། ་དཔེར་ན་གདོལ་པ་ཟོལ་བའི་མཆོད་པོ་ཆེན་པོས་དབང་བསྐུར་བའི་འོས་མ་ཡིན་ནོ།། དེ་བཞིན་དུ་གདོལ་པ་ཟོལ་བ་དང་འདྲ་བའི་སེམས་ཅན་དག་ཀྱང་ཏིང་ངེ་འཛིན་གྱི་རྒྱལ་པོ ་འདི་ལ་དབང་བསྐུར་བའི་འོས་སུ་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། སངས་རྒྱས་མང་པོ་ལ་བསྙེན་བསྐུར ་བྱས་པ་ཡིན་པར་རིགསར་བྱ་བའི་ཕྱིར་རོ།། སྤྲིན་ཆེན་སྙིང་པོ་གཞན་ཡང་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡུལ་ལ་ལྟོས། ཏིང་ངེ་འཛིན་འདི་ལ་གནས ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ་བཞིན་གཤེགས་པའི་ཡོན་ཏན་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བ་བརྟན་པར་བྱ་བའི་ཕྱིར། ་ཏིང་ངེ་འཛིན་འདི་མི་ཤེས་པའི་སེམས་ཅན་རྣམས་ལ་ཁོང་དུ་ཆུད་པར་བྱའོ།། སྙམ་ནས་སེམས་ཅན་གང་དང་གང་ལ་ཅི་དང་ཅིའི་དོན་དུ་གྱུར་པ་དེ་དང་དེ་དག་ལ་དེ་དང་དེ ་སྦྱིན་པར་བྱའོ།། སྙམ་དུ་དམ་བཅས་ནས། སྨོན་ལམ་གྱི་ཕྱིར་ཡང་ཚུལ་ཁྲིམས་མི་སྲུང་སྟེ། ལག་པ་འདོད་པ་རྣམས་ལ་ལག་པ་སྦྱིན་པར་བྱེད་དོ།། རྐང་པ ་འདོད་པ་རྣམས་ལ་རྐང་པ་སྦྱིན་པར་བྱེད་དོ།། མིག་འདོད་པ་རྣམས་ལ་མིག་སྦྱིན་པར་བྱེད་དོ།། ཤ་འདོད་པ་རྣམས་ལ་ཤ་སྦྱིན་ནོ།། ཁྲག་འདོད་པ་རྣམས་ལ་ནི་ཁྲག་སྦྱིན་ནོ།། ་རྐང་འདོད་པ་རྣམས་ལ་ནི་རྐང་སྦྱིན་ནོ།། ཡན་ལག་རེ་རེ་འདོད་པ་རྣམས་ལ་ཡན་ལག་རེ་རེ་ནས་སྦྱིན་ནོ།། བྲན་པོ་འམ་བྲན་མོ་འདོད་པ་རྣམས་ལ་བྲན་དུ་འགྲོ་བར་བྱ་ན། ནོར་རམ ་འབྲུ་ཡོངས་སུ་གཏོང་བ་ལྟ་ཅི་སྨོས་ཏེ། དེ་ལྟར་གྱུར་ཅིག་ཅེས་དེའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་།། གཞན་ཡང་འཇིག་རྟེན་དང་མཐུན་པའི་བྱ་བ་དུ་མ་དག་གིས་སེམས་ཅན་གང་དང་ག ་ལ་ཅི་དང་ཅིའི་དོན་དུ་འགྱུར་ལ། དེ་དང་དེ་ལ་དེ་དང་དེ་སྦྱིན་པར་བྱའོ།། མི་དགའ་བ་མེད་པར་ཡོངས་སུ་གཏང་བར་བྱའོ།། ཕྱིས་འགྱོད་པ་མེད་ཅིང་སྦྱིན་པར་བྱའོ།། རྣམ ་བར་སྨིན་པ་ལ་རེ་བ་མེད་པར་སྦྱིན་པར་བྱའོ།། སེམས་ཅན་ལ་ཕན་གདགས་པ་དང་། སེམས་ཅན་ལ་སྙིང་རྩེ་བ་དང་། དེ་བཞིན་གཤེགས་པའི་རྟག་པ་ཉིད་ལ་བསྟན་པའི ་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྤྱད་དེ། སེམས་ཅན་ཐམས་ཅད་སྡུས་ནས། དེ་བཞིན་གཤེགས་པའི་རྟག་པ་ཉིད་ཁོང་དུ་ཆུད་པར་བྱའོ་སྙམ་ནས། སྤྲིན་ཆེན་སྙིང ་པོ་གཞན་ཡང་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་རྟག་པ་ཉིད་ཡང་དག་པར་ཁོང་དུ་ཆུད་པར ་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་འདི་སྙམ་དུ་གཞན་གྱི་དོན་གྱི་ཕྱིར། ལག་པ་འམ། རྐང་པ་འམ། བྲན་པོ་འམ་བྲན་མོ་ཡང་རུང་སྟེ། ་སེམས་ཅན་གང་དང་གང་དུ་ཅི་དང་ཅིས་དོན་དུ་འགྱུར་བ་དེ་དང་དེ་སྦྱིན་པར་བྱེད་དེ། བདག་གི་ལུས་དོན་མེད་པར་མ་གྱུར་པར། སེམས་ཅན་རྣམས་ཀྱི་ལོངས་སྤྱོད་ཀྱི་རྒྱུར་གྱུར ་ཅིག་ཅེས་སེམས་བསྐྱེད་པར་བྱེད་དོ།། གསོལ་པ། བཅོམ་ལྡན་འདས་ཀྱིས་མདོའི་གཞུང་ལུགས་གཞན་དག་ལས། དགེ་སློང་དག་མིའི་ལུས་ནི། ཤོག་ཤིག་ཏུ ་གྱུར་པ་ལྟ་བུར་ངག་ཅན་གྱི་ལུས་ཡིན་ཏེ། རྫ་མཁན་གྱི་ཕུབ་མ་མི་ཤེས་པ་བོར་བ་བཞིན་དུ་དགོས་པའི་དོན་དག་ལ། དོན་དུ་འགྱུར་བ་མེད་དོ།། ཞེས་བཀའ་སྩལ་ནི། འདི ་ལ་གནས་པའི་བྱང་ཆུབ་སེམས་དཔས། བདག་གི་ལུས་དོན་མེད་པར་མ་གྱུར་ཅིག་ཅེས་ལུས་ཡོངས་སུ་གཏོང་ངོ་།། ཞེས་བགྱི་བ་བཅོམ་ལྡན་འདས་ཀྱི་ཅི་ལ་དགོངས་ཏེ་དེ་སྐད་གསུངས ་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་དེ་ལྟར་མ་ལྟ་ཤིག། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་ལུས་ནི་ཆོས་ཀྱི་ལུས་སོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལ་གནས་པའི ་བྱང་ཆུབ་སེམས་དཔའི་ལུས་ནི། རུས་པ་དང་། ཤ་དང་། ཁྲག་འདུས་པ་མ་ཡིན་ཏེ། ཆོས་ཀྱི་དབྱིངས་ཡིན་པས་ན། ཆོས་ཀྱི་ལུས་ཡིན་གྱི། ཤའི་ལུས་མ་ཡིན་ནོ་ཞེས ་འདུ་ཤེས་བསྐྱེད་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་ཅི་དེ་བཞིན་གཤེགས་པས་ཅི་ལས་དགོངས་ཏེ་ཆོས་ཀྱི་ལུས་ཡིན་གྱི། ཤའི་ལུས་མ་ཡིན་ནོ་ཞེས་དེ་སྐད་བསྟན ་པ་མཛད། གལ་ཏེ་ཆོས་ཀྱི་ལུས་ཡིན་ན་ནི། སེམས་ཅན་རྣམས་ལ་དགོངས་པར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། གཞུང་ལུགས་གཞན་དག་ལས། བཅོམ་ལྡན་འདས་ཀྱི ་ནམ་མཁའི་བྱ་རྗེས་ནི་ཤིན་ཏུ་སྒྲིབས་ཏེ། བཙལ་ཀྱང་རྙེད་པར་མི་འགྱུར་རོ།། ཞེས་བཀའ་སྩལ་ཏེ། དེ་ལྟར་ལགས་པས། གལ་ཏེ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི ་ལུས་དེ་འདྲ་བ་ཞིག་ཏུ་གྱུར་ན། དེ་ལྟ་བུའི་མཚན་ཉིད་ཀྱི་ཆོས་ཀྱི་ལུས་ལ་ནི། སེམས་ཅན་ཐམས་ཅད་ཀྱིས་ཀྱང་། ནམ་མཁའི་བྱ་རྗེས་བཞིན་དུ། གཞོམ་པ་འམ། དབྱེ ་བར་མི་ནུས་སོ།། བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་དེ་སྐད་མ་ཟེར་ཅིག། འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་ལུས། སེམས་ཅན་རྣམས་ལ་དགོངས་པ་དེ་ནི། ་བྱིན་གྱིས་བརླབས་པའི་ལུས་ཡིན་པར་ངེས་པར་རིག་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཅི་ལ་དགོངས་ཏེ་བྱིན་གྱིས་བརླབས་པའི་ལུས་ཡིན། ་ནོ་ཞེས་གསུང་། གལ་ཏེ་བྱིན་གྱིས་བརླབས་པའི་ལུས་ལགས་ན་ནི། སེམས་ཅན་རྣམས་ལ་བསྩལ་བས་ན། ཡང་འདི་ལྟར་ཆོས་ཀྱི་ལུས་སུ་གཞག་པས། དེར་འགལ ་བ་ཆེན་པོར་འགྱུར་རོ།། ཀྱེ་མ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། ཤའི་ལུས་སེམས་ཅན་རྣམས་ལ་གསོལ་བར་བགྱིད་དོ་ཞེས་འདའ་བས་ན། ཤོ་བེ་ལེག ་སོ།། ཞེས་མཆི་བར་འགྱུར་རོ།། བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་དེ་སྐད་མ་ཟེར་ཅིག། འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་ལུས་བྱིན་གྱིས་བརླབས་པ་གང ་ཡིན་པ་དེ་ནི། སྒྱུ་མ་མཁན་གྱིས་སྤྲུལ་པའི་ལུས་བཞིན་དུ་ལྟ་བར་བྱའོ།། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས ་པས་ཅི་ལས་དགོངས་ཏེ་ཕྱིན་ཅི་ལོག་གི་འདུ་ཤེས་དང་། ཕྱིན་ཅི་ལོག་པའི་འདུ་ཤེས་དང་། ཉོན་མོངས་པ་ཅན་གྱི་ཆོས་དང་། ཉོན་མོངས་པ་ཅན་མ་ཡིན་པའི ་ཆོས་ཤེས་ཀྱང་། ཡང་དང་ཡང་དུ་དེ་སྐད་གསུང་། བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་དེ་ལྟར་རྣམ་པ་གཞན་དུ་མ་སེམས་ཤིག། འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི ་ལུས་ཀྱི་བྱིན་རླབས་པ་གང་ཡིན་པ་དེ་དག་ནི། རྩིའི་སྡོང་བུ་ལྟ་བུའི་ལུས་ཡིན་ནོ།། འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། རྩཝ་དང་། རྩིག་པ་དང་། ཤིང་དང་། ་བོང་བ་དང་། མིག་ཡོར་ལྟ་བུར་སྒོམ་ཏེ། ཀྱེ་མ་བདག་གི་ལུས་ནི་སྤྱོད་པ་མེད་ཅིང་བྱེད་པ་མེད་པ་ཏེ། སེམས་མེད་པ་ཅན་སྙིང་པོ་མེད་པའི་ལུས། ཁམས་གསུམ ་མ་ཏོག་པ་སྟེ། ཅི་སྟེ་འདི་ལ་ཆོས་ཀྱི་ལུས་སུ་བཞག་པའི་ཕྱིར་རོ།། ལ་ལ་ཞིག་གཅོད་པར་བྱེད་དམ། འབྱེད་པར་བྱེད་དམ། འཕྲོག་པར་བྱེད་དམ། བཀུར་བར ་བྱེད་ཀྱང་རུང་སྟེ། བདག་གི་ལུས་རྩིའི་སྡོང་བུ་དོན་མེད་པར་མ་གྱུར་ཅིག་ཅེས་སྒོམ་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སྤྲིན་ཆེན་སྙིང་པོ་གཞན་ཡང་། དཔེར་ན་རྩིའི ་སྡོང་བུའི་རྩ་བ་ཁྱེར་ན་ཡང་། དེ་འདི་སྙམ་དུ་བདག་གི་རྩ་བ་ཁྱེར་རོ།། སྙམ་དུ་མི་སེམས་སོ།། ཤུན་པགས་སམ། པྲི་འམ། ལོ་མ་འམ། མེ་ཏོག་གམ། ་འབྲས་བུ་འམ། མགོ་རྟོགས་སམ། སྡོང་བུ་འམ། ཡལ་ག་འམ། བུར་མ་འམ། རྩ་བ་ཁྱེར་ཡང་རུང་སྟེ། དེ་འདི་སྙམ་དུ་བདག་གི་ཤུན་པགས་ཁྱེར་རོ།། ་བདག་གི་པྲི་ཁྱིར་རོ།། བདག་གི་ལོ་མ་ཁྱེར་རོ།། སྙམ་དུ་མི་སེམས་སོ།། དེ་བཞིན་དུ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་ལུས་རྩིའི་སྡོང་བུ་ལྟ་བུ་ལས། ་ལག་པ་ཁྱེར་རམ། རྐང་པ་ཁྱེར་རམ། མིག་ཁྱེར་རམ། ཤཾ་ཁྱེར་རམ། ཁྲག་ཁྱེར་རམ། རྐང་ཁྱེར་རམ། ཡན་ལག་རེ་རེ་ནས་ཁྱེར་རམ། བྲན་པོ་དང་། བྲན་མོ ་ཁྱེར་རམ། ནོར་རམ་འབྲུ་ཁྱེར་ཡང་དེ་འདི་སྙམ་དུ། བདག་གི་ལག་པ་ཁྱེར་རོ།། བདག་གི་རྐང་པ་ཁྱེར་རོ།། བདག་གི་མིག་ཁྱེར་རོ།། བདག་གི་ཤ་ཁྱེར་རོ།། བདག་གི ་ཁྲག་ཁྱེར་རོ།། བདག་གི་རྐང་ཁྱེར་རོ།། བདག་གི་ཡན་ལག་རེ་རེ་ནས་ཁྱེར་རོ།། བདག་གི་བྲན་ཕོ་དང་། བྲན་མོ་ཁྱེར་རོ།། བདག་གི་ནོར་དང་འབྲུ་ཁྱེར་རོ་སྙམ་དུ་མི ་སེམས་ཏེ། དེ་ནི་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ནད་བསལ་བའི་ཕྱིར་ཞུགས་པ་ཡིན་ནོ།། འདི་ལ་གནས་པའི་བྱང་ཆུབ་སེཾས ་དཔེའི་ལུས་ནི་ཕལ་པ་ཐ་མའི་ལུས་མ་ཡིན་གྱི། བྱིན་གྱིས་བརླབས་པའི་ལུས་དང་། བདུད་རྩིའི་ལུས་ཡིན་པར་རིག་པར་བྱའོ།། སྤྲིན་ཆེན་སྙིང་པོ་གཞན་ཡང་འདི ་ལྀ་གནས་པའི་བྱང་ཆུབ་སེམས་དཔའ་ནི། གང་གི་ཚེ་བྱིན་གྱིས་བརླབས་པའི་ལུས་ཟད་པར་བྱེད་པ་དེའི་ཚེ། བྱ་རྒོད་དང་། ཆུན་ལག་ལ་སོགས་པ། སྲོག་ཆགས ་རྣམས་ཀྱི་དེའི་དྲོ་རྩིའི་སྡོང་བུ་བཞིན་དུ། ཟས་སུ་ཟ་བར་འགྱུར་ལ། སེམས་ཅན་དེ་དག་ཐམས་ཅད་ཀྱང་། ངན་སོང་དུ་འགྲོ་བར་འགྱུར་བ། ་དེ་དག་ནི་གནས་མེད་དོ།། ལྷ་དང་མིའི་ནང་དུ་སྐྱེ་ཞིང་། སངས་རྒྱས་མང་པོ་མཉེས་པར་བྱེད་པར་འགྱུར། སྤྲིན་ཆེན་སྙིང་པོ་གཞན་ཡང་ཏིང་ངེ་འཛིན་འདི་མྱུར་དུ་རྟོགས ་པར་འདོད་པའི་དགེ་སློང་དང་། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མས་ནི་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། དེ་བཞིན་གཤེགས་པ་ནི་རྟག་པ་དང་། ་ཐེར་ཟུག་པ་དང་། ཞི་བ་དང་བརྟན་པ་དང་། དམ་པའི་ཆོས་ཀྱི་མདོ་ནུབ་པར་མི་འགྱུར་བར་བྱ་བའི་ཕྱིར། སེམས་ཅན་གང་དང་གང་སེམས་ཅན་གང་དང་གང་ལ། ཅི་དང་ཅིས ་དོན་དུ་འགྱུར་བ་དེ་དང་དེ་ལ་དེ་སྦྱིན་པར་བྱའོ་སྙམ་སྟེ། ལག་པ་འདོད་པ་རྣམས་ལ་ནི་ལག་པ་སྦྱིན་ནོ།། རྐང་པ་འདོད་པ་རྣམས་ལ་ནི་རྐང་པ་སྦྱིན་ནོ།། མིག་འདོད་པ་རྣམ ་ལ་ནི་མིག་སྦྱིན་ནོ།། ཤ་འདོད་པ་རྣམས་ལ་ནི་ཤ་སྦྱིན་ནོ།། ཁྲག་འདོད་པ་རྣམས་ལ་ནི་ཁྲག་སྦྱིན་ནོ།། རྐང་འདོད་པ་རྣམས་ལ་ནི་རྐང་སྦྱིན་ནོ།། ཡན་ལག་རེ་རེ་ནས ་འདོད་པ་རྣམས་ལ་ནི་ཡན་ལག་རེ་རེ་ནས་སྦྱིན་ནོ།། བྲན་འདོད་པ་རྣམས་ལ་ཡང་། བྲན་དུ་འགྲོ་བར་བྱའོ།། དམ་པའི་ཆོས་བསྟན་པ་དང་། བཤད་པའི་ཕྱིར་ཡང་། བདག་གི་ལག ་པ་ཁྱེར་བར་གྱུར་ཅིག། བདག་གི་རྐང་པ་ཁྱེར་བར་གྱུར་ཅིག། དེ་བཞིན་དུ་སྣ་དང་། རྣ་བ་དང་། ཡན་ལག་སོ་སོ་རྣམས་དང་། དེའི་འོག་ཏུ་བདག་གིས་སྲོག་དང་ཡོངས་སུ་གཏོང་བར ་གྱུར་ཅིག་སེམས་བསྐྱེད་པར་བྱ་སྟེ། བདག་ཉིད་རྩིའི་སྡོང་བུ་བཞིན་རྟག་ཏུ་བསྐྱེད་པར་བྱ་ཞིང་ཇི་སྲིད་མཚོ་བའི་བར་དུ་ཡང་སེམས་བསྐྱེད་པར་བྱས་ན། སེ་གོལ་གཏོགས་ཙམ་དུ ་བསྐྱེད་པར་བྱ་བ་ལྟ་ཅི་སྨོས། སྤྲིན་ཆེན་སྙིང་པོ་གཞན་ཡང་དཔེར་ན། རྟའི་རྒྱལ་པོ་ཛོག་ཁྱེར་དང་ལྡན་པའི། སྤྲིན་གྱི་ཤུགས་ཅན་གྱི་གྲུ་ཞིག་པའི་མི་རྣམས་ཀྱི་ཕྱིར་བརྟན་པའི ་སེམས་ཀྱིས་ཆས་ཏེ། རི་མ་ལ་ཡའི་སྦུབས་སུ་འདུས་ནས། སྒྲ་ཆེན་པོ་སྒྲགས་ཏེ། གང་དག་ངའི་རྒྱབ་བམ། འཕོངས་སམ། བྱ་བ་འམ། ཐ་ན་སྤུའི་ཉག་མ་ཙམ་ལས ་འཇུ་བའི་སེམས་ཅན་གང་ཡིན་པ་དེ་ཐམས་ཅད་སྒྲལ་བར་བྱའོ།། ཞེས་ཟེར་བ་དེ་བཞིན་དུ། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། དགེ་སློང་ངམ། ་དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་དག་སྤྱོད་པ་ཅན་དང་ཀུན་ཏུ་རྒྱུ་དང་། སེམས་ཅན་གཞན་ཡང་དག་ལ་འཕྱ་བའི་ཕྱིར་རམ། སྟིང་པའི་ཕྱིར་ཏིང་ངེ་འཛིན ་འདི་ལས་དེ་བཞིན་གཤེགས་པ་རྟག་པ་དང་། ཐེར་ཟུག་པ་དང་། ཞི་བ་དང་། བརྟན་པ་དང་། ཟབ་པའི་ཚིག་གི་དོན་ནམ། ཚིགས་སུ་བཅད་པའམ། ཐ་ན་ཚིག་གི་ཕྱེད་ཀྱང ་རུང་སྟེ། རྣ་ལམ་དུ་ཐོས་པར་བྱེད་པ་དག་དང་། གང་དག་འཆང་བར་ཡང་རུང་བའི་སེམས་ཅན་གྲུ་ཞིག་པར་འགྱུར་བ་དང་། འདྲ་བ་དེ་དག་ངན་སོང་འགྲོ་ལོག་པར་ལྟུང་བའི་དྲ་བ ་ལས་སྒྲོལ་བར་བྱའོ།། སྤྲིན་ཆེན་སྙིང་པོ་གཞན་ཡང་ཏིང་ངེ་འཛིན་འདི་རྣ་ལམ་དུ་གྲགས་པ་ཙམ་གྱིས། དེ་དག་མིའི་དབང་པོའི་ཕུན་སུམ་ཚོགས་པ་ལས་ཉམས་པར་མི་འགྱུར་རོ།། ་ལྷའི་དབང་པོའི་ཕུན་སུམ་ཚོགས་པ་ལས་ཉམས་པར་མི་འགྱུར་རོ།། ཚངས་པའི་དབང་པོའི་ཕུན་སུམ་ཚོགས་པ་ལས་ཉམས་པར་མི་འགྱུར་རོ།། ་སངས་རྒྱས་འབྱུང་བའི་ཕུན་སུམ་ཚོགས་པ་ལས་ཉམས་པར་མི་འགྱུར་རོ།། མདོ་འདིའི་ཏིང་ངེ་འཛིན་གྱི་ཕུན་སུམ་ཚོགས་པ་ལས་ཉམས་པར་མི་འགྱུར་རོ།། གསོལ་པ། ་བཅོམ་ལྡན་འདས་ཇི་ལྟར་ན། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཤིན་ཏུ་ཡང་དག་པའི་ལྟ་བ་ཅན་ལགས། བཀའ་སྩལ་པ། ཏིང་ངེ་འཛིན་འདི་ལ་གནས། ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དེ་ཁོ་ན་དང་། རྟག་པ་དང་། བདག་དང་སེམས་ཅན་དུ་འདུ་ཤེས་པ་ཡང་དག་པར་མཐོང་བ་དག་ནི་ཤིན་ཏུ་ཡང་དག་དེ ་ལྟ་བ་ཅན་ཡིན་ཞེས་ང་སྨྲའོ།། གསོལ་པོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཅི་ལས་དགོངས་ཏེ། འཇིག་རྟེན་པའི་འདུ་ཤེས་རྫུན་པ་རྣམས་རྫོགས་པར་བཤད ་ཅིང་། དེ་སྐད་ཅེས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་དེ་ཁོ་ན་དང་། རྟག་པ་དང་། བདག་དང་། སེམས་ཅན་དུ་འདུ་ཤེས་བྱ་བ་ནི། ཐར་པའི་དོན་གྱི་ཚིག་བླ་དགས་སོ།། དེ ་བཞིན་གཤེགས་པ་ཐམས་ཅད་རྟག་པ་དང་། ཐེར་ཟུག་པ་དང་། ཞི་བ་དང་། བརྟན་པ་ཞེས་བྱ་བ་ནི། དམ་པའི་ཆོས་ནུབ་པར་མི་འགྱུར་བའི་ཚིག་བླ་དགས་སོ།། གསོལ་པ། ་བཅོམ་ལྡན་འདས་ཀྱི་ཅི་ལས་དགོངས་ཏེ། བྱིས་པ་བཞིན་དུ་ཁོ་ན་དང་། རྟག་པ་དང་། བདག་དང་སེམས་ཅན་འདུ་ཤེས་བསྐྱེད་པར་བྱའོ་ཞེས་གསུངས། བཀའ་སྩལ་པ། སྤྲིན ་ཆེན་སྙིང་པོ།། དར་གྱི་སྲིན་བུ་བཞིན་དུ་བདག་ཉིད་མ་དཀྲིག་ཤིག། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རང་བཞིན་ནི་དེ་ཡིན་ནོ།། ་གསོལ་པ་བཅོམ་ལྡན་འདས་ཀྱི་དེ་སྙེད་ཅིག་མཛད་དེ། སློབ་བུ་དང་འདྲེན་མར་དེ་ལྟར་བཀའ་སྩལ་ཏེ་ཅི་བགྱི། བདག་མེད་པའི་ཆོས་ཉིད་ཐུགས་སུ་ཆུད་བཞིན་དུ་ལམ་དྲང་པོ ་དང་མི་མཐུན་པ་རྟག་པ་དང་། བདག་དང་། སེམས་ཅན་འདུ་ཤེས་ཅིའི་སླད་དུ་སྩལ། བཅོམ་ལྡན་འདས་ཀྱི་དགེ་སློང་དག་ཐར་པ་ནི། ནམ་མཁའི་མཚན་ཉིད་དེ། དེ་ཡང ་མཚན་ཉིད་མེད་པའོ།། བདགས་པར་བྱ་བའི་ཐབས་ཀྱང་མེད་དོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་དེ་བཞིན་ཏེ། ནམ ་མཁའ་དང་མཚུངས་སོ་ཞེས་ཀྱང་བཀའ་སྩལ་བ།། དེ་བཞིན་གཤེགས་པ་བྱ་བ་སྙེད་ཀྱང་། ཆུའི་ཟླ་བ་དང་འདྲའོ།། སྒྱུ་མ་དང་འདྲའོ།། དངོས་པོ་མེད་པའོ།། ཡ་མ་བླའོ།། རྨི ་ལམ་ལྟ་བུའི་རང་བཞིན་ཅན་ནོ།། ཆུ་ཤིང་གི་སྡོང་པོ་ལྟར་སྙིང་པོ་མེད་པའོ།། གློག་དང་སྤྲིན་ལྟར་མི་བརྟན་པའོ།། ཆོས་ཐམས་ཅད་ནི་སྟོང་པ་དང་མཚན་མ་མེད་པའོ།། ཆོས་རྣམ ་ཀྱི་བྱ་བ་དུ་མ་དག་ནི་ནམ་མཁའི་རླུང་གི་རྗེས་ཀྱི་རང་བཞིན་ཅན་ནོ་ཞེས་ཀྱང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་འཇིག་རྟེན་ན་སེམས་ཅན་ཐམས་ཅད་ནི་བསམ་གྱིས ་མི་ཁྱབ་པའི་ཆོས་སུ་ཡང་དག་པར་འདུའོ་ཞེས་ཀྱང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནས། བཅོམ་ལྡན་འདས་མི་རྟག་པའི་མཚན་ཉིད་རང་བཞིན་ཐུགས་སུ་ཆུད་བཞིན། ་དུ་རྟག་པ་དང་། བདག་དང་སེམས་ཅན་དུ་འདུ་ཤེས་ཇི་ལྟར་བསྐྱེད་དུ་སྩལ། རྟག་པའི་ཡང་ཇི་ལྟར་སྒོམ་པར་བགྱི། སྤྱོད་པ་འདིའི་རྗེས ་སུ་ཡང་ཇི་ལྟར་བསླབ་པར་བགྱི། ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་སྒྲིམས་ཏེ། འདུས་བྱས་ཀྱི་ཆོས ་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་ནང་དུ་བཙལ་ཀྱང་། བདག་ཏུ་འདུ་ཤེས་པ་མ་རྙེད་དོ།། ཞེས་བདག་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པར་བཀའ ་སྩལ་ཏེ། འགྲོ་བ་འདི་དག་ཐམས་ཅད་སྟོང་པར་ཡང་དག་པར་གསུང་ན། བདག་དང་སེམས་ཅན་འདུ་ཤེས་བཀའ་སྩལ་པ་དོན་ཅི་ཞིག་མཆིས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་ཁྱོད་གར་འབྲོས། ཁྱོད་གང་དུ་ཕྱིན་ཆད་དེ་སྐད་མ་ཟེར་ཅིག། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། ཆོས ་ཐམས་ཅད་མི་མཐུན་ནོ་ཞེས་སྐྲག་པར་མི་བྱེད་ལ། ཆོས་ཐམས་ཅད་མི་མཐུན་པ་མེད་པའི་ཕྱིར་ཡང་ཚུལ་ཁྲིམས་རྒྱ་ཆེར་མི་སྲུང་ཞིང་སེམས་ཀྱང་སྒོམ་པར་མི་བྱེད་དེ། ་ཆོས་ཐམས་ཅད་ཀྱིས་མི་མཐུན་པ་མེད་པས་རབ་ཏུ་དགའ་ནས། བྱང་ཆུབ་སེམས་དཔའི་བྱ་བ་ལ་རྩོམ་པ་ལས་ནུར་བར་མི་བྱེད་དོ།། ཆོས་ཐམས་ཅད་མི་ཆད་དོ་ཞེས ་ཀྱང་སྐྲག་པར་མི་བྱེད་ལ། ཆོས་ཐམས་ཅད་ཆད་པ་མེད་པའི་ཕྱིར་ཡང་ཚུལ་ཁྲིམས་མི་སྲུང་ཞིང་། སེམས་ཀྱང་སྒོམ་པར་མི་བྱེད་དེ། ཆོས་ཐམས་ཅད་ཆད་པ་མེད ་པ་མེད་པས་རབ་ཏུ་དགའ་ནས། བྱང་ཆུབ་སེམས་དཔའི་བྱ་བ་རྩོམ་པ་ལས། ནུར་བར་མི་བྱེད་དོ།། དེ་བཞིན་དུ་རྟག་པ་དང་། མི་རྟག་པ་ཡང་གོང་མ་བཞིན་དུ་སྦྱར ་བར་བྱའོ།། རློམ་སེམས་དང་རློམ་སེམས་མེད་པ་དང་། གཡོ་བ་དང་མི་གཡོ་བ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། དབེན་པ་དང་། མི་དབེན་པ་དང་། དམག ་པ་དང་། མི་དམིགས་པ་དང་། ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་དང་། རིག་པ་དང་། མ་རིག་པ་དང་། མིང་དང་། མིང་མེད་པ་དང་། ཉེ་བར་ལེན་པ། ་དང་། ཉེ་བར་ལེན་པ་མེད་པ་དང་། འཇིགས་པ་མེད་པ་དང་། མཚན་ཉིད་དང་། མཚན་ཉིད་མེད་པ་དང་། འཆི་བ་དང་། འཆི་བ་མེད་པ་དང་། བྱང་ཆུབ་དང་བྱང་ཆུབ ་མེད་པ་ཡང་གོང་མ་བཞིན་དུ་སྦྱར་རོ།། ཆོས་ཐམས་ཅད་མྱ་ངན་ལས་འདས་སོ་ཞེས་སྐྲག་པར་མི་བྱེད། སྡང་བར་མི་བྱེད་ན། ཆོས་ཐམས་ཅད་ཡོངས་སུ་མྱ་ངན་ལ ་འདའ་བ་མེད་པའི་ཕྱིར་ཡང་། ཚུལ་ཁྲིམས་མི་སྲུང་ཞིང་། སེམས་ཀྱང་སྒོམ་པར་མི་བྱེད་དེ། ཆོས་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པ་མེད་པས་རབ་ཏུ ་དགའ་ནས། བྱང་ཆུབ་སེམས་དཔའི་བྱ་བ་རྩོམ་པ་ལས། ནུར་བར་མ་བྱེད་དེ། ཡང་དང་ཡང་སྨོས་ཅི་དགོས། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པ་མེད་པ་དང་། དེ་བཞིན་གཤེགས་པ་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ་ཞི་བའི་ཆོས་ནུབ་པར་མི་འགྱུར་བར་བྱ་བའི་ཕྱིར། རབ་ཏུ་གནས་ཤིང་ཚུལ་ཁྲིམས་མི་སྲུང་ཏེ། སེམས་སྒོམ་མོ།། སྤྲིན་ཆེན་སྙིང ་པོ། གཞན་ཡང་ཏིང་ངེ་འཛིན་འདི་ལ་བདག་ཉིད་མྱུར་དུ་གནས་པར་འདོད་པས་ན། བདག་ཏུ་འདུ་ཤེས་པ་སྒོམ་པར་བྱའོ།། སྲོག་ཏུ་འདུ་ཤེས་པ་སྒོམ་པར་བྱའོ།། དེ ་ལྟར་སྒོམ་པའི་བྱང་ཆུབ་སེམས་དཔའ་ནི། ཏིང་ངེ་འཛིན་འདི་མྱུར་བ་ཉིད་དུ་ཐོབ་པར་འགྱུར་རོ།། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཅི་ལས་དགོངས ་ཏེ་མཁྱེན་བཞིན་དུ། དེ་སྐད་གསུང་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ།། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། འཇིག་རྟེན་པའི་བདག་ཏུ་ཤེས་པ ་སྒོམ་པར་བྱེད་དོ།། གསོལ་པ། བཅོམ་ལྡན་འདས་ཅི་འཇིག་རྟེན་ལས་འདས་པའི་ཆོས་ལ་ཡང་། བདག་གི་མིང་མཆིས་སམ། བཀའ་སྩལ་པ། ཏིང་ངེ་འཛིན་འདི ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྟག་པ་དང་། བདག་ཏུ་འདུ་ཤེས་པ་དང་། འཇིག་རྟེན་ལས་འདས་པའི་འདུ་ཤེས་སུ་རྟེན་པར་འདོད་པས། རྣམ་པ་ལྔས་ཡང ་དག་པར་རྟེན་པར་བྱའོ།། ལྔ་གང་ཞེ་ན། འབྲུའི་ས་བོན་ལྟ་བུ་དང་། ཤིང་གི་ས་བོན་ལྟ་བུ་དང་། སྣུམ་གྱི་ཁུར་བ་ལྟ་བུ་དང་། རིན་པོ་ཆེའི་རྣམ་པ་ལྟ་བུ་དང་། སྦྲུལ ་གྱི་སྔགས་པ་སྙིལ་བ་ལྟ་བུའོ།། འདི་ལྟ་སྟེ་དཔེར་ན། འབྲས་ས་ལུ་ལ་སོགས་པའི་འབྲུ་འབྲས་བུ་ནས་འབྲས་བུ་ཉིད་དུ་མ་གྱུར་གྱི་བར་དུ་མི་བརྟན་པའི་ཆོས་སུ་ཡང ་དག་པར་འདུ་ཞིང་བགྲངས་ཏེ། སེམས་ཅན་རྣམས་ཀྱི་བྱ་བའི་དོན་ཡང་མི་བྱེད་ལ། ཕུབ་མ་མེད་པའི་རང་བཞིན་དུ་གྱུར་ནས་ནི། སེམས་ཅན་རྣམས་ཀྱི་བྱ་བའི་དོན་ཡང་། ་བྱེད་ཅིང་། ས་བོན་བརྟན་པའི་ཆོས་ཀྱི་རྣམ་གྲངས་སུ་ཡང་བགྲང་བར་འགྱུར་རོ།། དེ་བཞིན་དུ་ཆོས་ཐམས་ཅད་མི་མཐུན་པར་གཅོད་ཅིང་ནམ་ཏིང་ངེ་འཛིན་འདི་མ་ཐོབ་ཀྱིས ་བར་དུ་ནི། མི་བརྟན་པའི་ཆོས་སུ་ཡང་དག་པར་འདུ་ཞིང་བགྲངས་སྟེ། སེམས་ཅན་རྣམས་ཀྱི་སྐྱབས་བྱེད་པར་ཡང་མི་འགྱུར་ལ། ལྟ་བ་དང་ཐེ་ཚོམ་དང་། ཡོངས ་སུ་མྱ་ངན་ལས་འདའ་བའི་འདུ་ཤེས་པ་དང་། མི་རྟེན་པ་དང་། རང་བཞིན་གྱི་ཉོན་མོངས་པའི་ཕུབ་མ་ཐམས་ཅད་དང་བྲལ་བའི་རང་བཞིན་དུ་གྱུར་ནས། དེ་ཕྱིན་ཆད ་ནི་སེམས་ཅན་རྣམས་ཀྱི་ཐེ་ཚོམས་ཐམས་ཅད་ཀྱང་གཅོད་པར་བྱེད་ཅིང་། སྐྱབས་སུ་གྱུར་པ་ཡང་ཡིན་ལགས། རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང ་ཞི་བར་འགྱུར་བའི་རང་བཞིན་དུ་གྱུར་ཞིང་། སེམས་ཅན་དུ་འདུ་ཤེས་པ་ལ་ཡང་དགོད་པར་འགྱུར་ཏེ། དེ་ལྟར་ན་ཆོས་ཐམས་ཅད་འབྲུའི་ས་བོན་དང་འདྲ་བ་ཡིན ་ནོ།། སྤྲིན་ཆེན་སྙིང་པོ་གཞན་ཡང་འདི་ལྟ་སྟེ་དཔེར་ན། ཤིང་ཏ་ལ་དང་། ཨ་མྲ་དང་། ས་ལའི་འབྲས་བུ་ལ་སོགས་པ་ནི། དང་པོ་མྱུ་གུ་སྐྱེས་པ་ནས་ནམ ་འབྲས་བུའི་རང་བཞིན་དུ་མ་གྱུར་གྱི་བར་དུ་མི་བརྟན་པའི་ཆོས་སུ་ཡང་དག་པར་འདུ་ཞིང་བགྲང་སྟེ། སེམས་ཅན་རྣམས་ཀྱི་བྱ་བའི་དོན་ཡང་མི་བྱེད་ལ། ཤུན ་ཕྲགས་དང་བྲལ་བའི་རང་བཞིན་དུ་གྱུར་ནས་ནི། སེམས་ཅན་རྣམས་ཀྱི་བྱ་བའི་དོན་ཡང་བྱེད་དེ། ས་བོན་བསྟན་པའི་ཆོས་སུ་ཡང ་དག་པར་འདུ་ཞིང་བགྲང་བར་འགྱུར་རོ།། དེ་བཞིན་དུ་ཆོས་ཐམས་ཅད་མི་མཐུན་པར་སྤྱོད་ཅིང་ནམ་ཏིང་ངེ་འཛིན་འདི་མ་ཐོབ་ཀྱི་བར་དུ་ནི། མི་བརྟན་པའི་ཆོས་སུ་ཡང་དག་པར ་འདུ་ཞིང་བགྲང་སྟེ། སེམས་ཅན་རྣམས་ཀྱི་སྐབས་བྱེད་པར་ཡང་མི་འགྱུར་ལ། ལྟ་བ་དང་། ཐེ་ཚོམ་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་འདུ་ཤེས་དང་། མི་རྟག་པ་དང་། ་མི་བརྟན་པ་དང་། མི་བརྟན་པའི་རང་བཞིན་གྱིས་ཉོན་མོངས་པའི་ཤུན་ཕྲགས་ཐམས་ཅད་དང་བྲལ་བའི་རང་བཞིན་དུ་གྱུར་ནས། དེ་ཕྱིན་ཆད་ནི་སེམས་ཅན་རྣམས་ཀྱི་ཐེ ་ཆོམ་ཐམས་ཅད་ཀྱང་གཅོད་པར་བྱེད་ཅིང་སྐྱབས་སུ་གྱུར་པ་ཡང་ཡིན་ལ། རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བར་གྱུར་པའི་རང་བཞིན་གྱི་ས་བོན་དུ་ཡང་། ་འགྱུར་ཞིང་། སེམས་ཅན་དུ་འདུ་ཤེས་པ་ལ་ཡང་འགོད་པར་འགྱུར་རོ།། སྤྲིན་ཆེན་སྙིང་པོ་གཞན་ཡང་འདི་ལྟ་སྟེ་དཔེར་ན་བུ་རམ་ཤིང་དང་ཏིལ་དང་། ཁྲེ་དང་། ཁྲེ་རྒོད་དང ་བའི་འོ་མ་ལ་སོགས་སྣུམ་གྱི་ཁུར་བ་ལྟ་བུ་ནི་མྱུ་གུ་དང་། འོ་མ་བྱུང་བ་ནིས་ནམ་སྣུམ་གྱི་ཁུ་བ་ཉིད་དུ་མ་གྱུར་གྱི་བར་དུ། མི་བརྟན་པའི་ཆོས་སུ་ཡང་དག་པར་འདུ་ཞིང་བགྲང་སྟེ། ་སེམས་ཅན་རྣམས་བྱ་བའི་དོན་ཡང་མི་བྱེད་དོ།། དེ་བཞིན་དུ་ཆོས་ཐམས་ཅད་མི་མཐུན་པར་སྤྱོད་ཅིང་། ནམ་ཏིང་ངེ་འཛིན་འདི་མ་ཐོབ་ཀྱི་བར་དུ་ནི། མི་བརྟན་པའི་ཆོས་སུ ་ཡང་དག་པར་འདུ་ཤིང་བགྲང་སྟེ། སེམས་ཅན་རྣམས་ཀྱི་སྐྱབས་སུ་བྱེད་པར་མི་འགྱུར་ལ། ལྟ་བ་དང་། ཐེ་ཚོམ་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་འདུ་ཤེས་དང་། ་མི་བརྟན་པའི་རང་བཞིན་གྱི་ཉོན་མོངས་པ་ཤུན་ཕྲག་དང་བྲལ་ཏེ་བཀྲུས་པའི་རང་བཞིན་དུ་ནི་གྱུར་ནས་ནི། དེ་ཕྱིན་ཆད་ནི་སེམས་ཅན་རྣམས་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད ་ཅིང་། སྐྱབས་སུ་གྱུར་པ་ཡང་ཡིན་ལ། རྟག་པ་དང་ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བར་གྱུར་པའི་རང་བཞིན་གྱི་ས་བོན་དུ་ཡང་འགྱུར་ཞིང་། སེམས་ཅན་དུ་འདུ་ཤེ ་པ་ལ་དགོད་པར་འགྱུར་རོ།། སྤྲིན་ཆེན་སྙིང་པོ་གཞན་ཡང་འདི་ལྟ་སྟེ་དཔེར་ན། རོ་ཉེ་བའི་འགར་བ་དང་། ཟངས་འགར་རམ། དབྱིག་དང་གསེར་གྱི་འགར་བ་འམ། རིན་པོ་ཆེ་བྱེད། ་བ་གང་ཡང་རུང་བས། རྡོ་དང་གྱོ་མོ་དང་། གསེག་མ་ལ་སོགས་པ་ལེགས་པར་རྫིས་པ་ལས་ཞིག་བྱེད་ཏེ། སོ་ཏང་ནས། ནམ་སྣ་ཅིག་གི་རང་བཞིན་དུ་རིན་པོ་ཆེར་མ་གྱུར་གྱི་བཱ ་དུ། མི་བརྟན་པའི་ཆོས་སུ་ཡང་དག་པར་འདུ་ཞིང་བགྲང་སྟེ། སེམས་ཅན་རྣམས་ཀྱི་བྱ་བའི་དོན་ཡང་མི་བྱེད་ལ་གསེག་མ་དང་གྱོ་མོ་དག་སོ་དོག་མེད་པའི་རང་བཞིན་དུ་གྱུར ་ནས་ནི། སེམས་ཅན་རྣམས་ཀྱི་བྱ་བའི་དོན་ཡང་བྱེད་ཅིང་། རིན་པོ་ཆེའི་རང་བཞིན་ཐེར་ཟུག་པ་དང་། བརྟན་པ་དང་། རྟག་པའི་ཆོས་སུ་ཡང་དག་པར་འདུ་བར་འགྱུར་རོ།། དེ ་བཞིན་དུ་ཆོས་ཐམས་ཅད་མི་མཐུན་པར་སྤྱོད་ཅིང་། ནམ་ཏིང་ངེ་འཛིན་འདི་མ་ཐོབ་ཀྱི་བར་དུ་ནི་མི་བརྟན་པའི་ཆོས་སུ་ཡང་དག་པར་འདུ་ཏེ། སེམས་ཅན་རྣམས་ཀྱི་སྐྱབས་བྱེད་པར ་ཡང་མི་འགྱུར་ལ། ལྟ་བ་དང་། ཐེ་ཚོམ་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་འདུ་ཤེས་དང་། མི་རྟག་པ་དང་། མི་བརྟན་པའི ་རང་བཞིན་གྱི་ཉོན་མོངས་པའི་སྐྱོན་ཐམས་ཅད་དང་བྲལ་བའི་རང་བཞིན་དུ་གྱུར་ནས། དེ་ཕྱིན་ཆད་ནི་སེམས་ཅན་རྣམས་ཀྱི་ཐེ་ཚོམ་ཐམས་ཅད་ཀྱང་གཅོད་པར་བྱེད་ཅིང་། སྐྱབ ་སུ་གྱུར་པ་ཡང་ཡིན་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་ཞི་བར་འགྱུར་བའི་རང་བཞིན་གྱི་ས་བོན་དུ་ཡང་འགྱུར་ཞིང་སེམས་ཅན་དུ་འདུ་ཤེས་པ་ལ་ཡང་འགོད་པར ་འགྱུར་རོ།། སྤྲིན་ཆེན་སྙིང་པོ་གཞན་ཡང་འདི་ལྟ་སྟེ་དཔེར་ན། སྦྲུལ་རྒས་པས་ལྤགས་པ་རྙིང་པ་ནམ་མ་རྗེས་ཀྱིས་བར་དུ་མི་བརྟན་པའི་ཆོས་སུ་ཡང་དག་པར་འདུའོ།། ་དེ་བཞིན་དུ་ཆོས་ཐམས་ཅད་མི་མཐུན་པར་སྤྱོད་ཅིང་ནམ་ཏིང་ངེ་འཛིན་འདི་མ་ཐོབ་ཀྱི་བར་དུ་སྦྲུལ་རྒས་པའི་ལྤགས་པ་རྙིང་པ་བཞིན་དུ་མི་བརྟན་པའི་ཆོས་ཡང་དག་པར ་འདུ་བར་འགྱུར་ལ། སྦྲུལ་རྒས་པའི་ལྤགས་པ་རྙིང་པ་དང་འདྲ་བའི་ལྟ་བ་དང་། ཐེ་ཚོམ་དང་ཡོངས་སུ་མྱ་ངན་ལས་འདའ་བའི་འདུ་ཤེས་དང་། མི་རྟག་པའི་རང ་བཞིན་གྱི་ཉོན་མོངས་པའི་ཤུན་ཕྲག་ཐམས་ཅད་དང་བྲལ་བའི་རང་བཞིན་དུ་གྱུར་ནས། དེ་ཕྱིན་ཆད་ནི་སེམས་ཅན་རྣམས་ཀྱི་ཐེ་ཚོམ་ཐམས་ཅད་ཀྱང་གཅོད་པར་བྱེད་ཅིང་། ་སྐྱབས་སུ་གྱུར་པ་ཡང་ཡིན་ལ། རྟག་པ་དང་། ཟེར་ཟུག་པ་དང་། བརྟན་པ་དང་། ཞི་བ་དང་། བསིལ་བ་དང་། བདེ་བ་དང་། འཇིགས་པ་མེད་པར་ཡང ་འགྱུར་ཞིང་། སེམས་ཅན་རྣམས་ཀྱང་བདག་དང་སེམས་ཅན་དུ་འདུ་ཤེས་པའི་ཏིང་ངེ་འཛིན་གྱི་སྤྱོད་པ་འདི་དགོད་པར་འགྱུར་རོ།། སྤྲིན་ཆེན་སྙིང་པོ་དེ་བས་ན། ཏིང ་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ། རྣམས་པ་ལྔ་པོ་འདི་དག་གི། བདག་དང་། སེམས་ཅན་སྲེག་དང་གང་ཟག་ཏུ་གྱུར་པ་ཉིད་དུ་ཡང་དག ་པར་མཐོང་བར་འདོད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ནི་དོན་འདི་ལྟ་བུར་ལྟ་བར་བྱའོ།། གང་དག་དེ་ལྟར་མི་ལྟ་བ་དེ་དག་ནི་ཡང་དག་པར་མཐོང་བ་མ ་ཡིན་ནོ་ཞེས་ང་སྨྲའོ།། སེམས་ཅན་དེ་དག་ནི་འཇིག་རྟེན་པའི་ཆོས་ཅན་དང་རྨོངས་པའི་ཆོས་ཅན་ཡིན་པར་ང་སྨྲའོ།། གསོལ་པ། བཅོམ་ལྡན་འདས་དེ་བཞིན ་གཤེགས་པས་ཅི་ལས་དགོངས་ཏེ། འདི་སྐད་དུ་དཔེ་ལྔ་པོ་དེ་དག་ནི་དེ་ཁོ་ན་ཡིན་ཞེས་གསུང་། གལ་ཏེ་དེ་བཞིན་གཤེགས་པ་དེ་སྐད་གསུང་ན་ནི། འདིའི ་བརྟན་ཚིག་བཀའ་སྩལ་འཚལ་ལོ།། འདི་ནི་སེམས་ཅན་རྣམས་ལ་འགལ་བ་ཆེན་པོར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱི་འཇིག་རྟེན་གྱི་བྱ་བ ་ཐམས་ཅད་ནི་མི་རྟག་པའི་ཆོས་ཅན་ཡིན་ནོ་ཞེས་ཀྱང་བཀའ་རྣས། དཔེ་ལྔ་པོ་འབྲུ་དང་ཤིང་ལ་སོགས་པ་འབྲས་བུ་ཉིད་དུ་གྱུར་པ་ན། དེ་དག་ཇི་ལྟར་སླར་འཇིགས ་པར་མི་འགྱུར་གལ་ཏེ་འཇིག་པར་འགྱུར་ན་ནི། སེམས་ཅན་ཡང་འཇིག་པར་འགྱུར་བས། དེ་དང་འདྲ་བའི་ཆོས་ཐམས་ཅད་མི་རྟག་པར་ཡང་དག་པར་འདུ་བར ་འགྱུར་རོ།། ཞེས་བདག་མཆིས་ཏེ། ཞིག་གོ་འཚལ་ནི་སླར་སྐྱེའོ་ཞེས་རྣམ་པ་གཉིས་སུ་མི་རྟོག་སྟེ། བདག་ནི་སེམས་ཅན་རྣམས་ལ་རྣམ ་པ་གཉིས་སུ་མི་རྟོག་གོ། འདིར་གུམ་པ་རྣམས་གཞན་དུ་སྐྱེ་བ་སོ་སོར་ལེན་པར་འགྱུར་རོ་ཞེས་བདག་མཆིའོ།། དེ་བས་ན་ཆོས་ཐམས་ཅད་ནི་མི་རྟག་གོ་ཞེས་བདག་མཆིའོ། ་འཇིག་རྟེན་འདི་ན་རྟག་པའི་ཆོས་ཅིའང་ཡང་དག་པར་མ་མཐོང་ངོ་།། གལ་ཏེ་དེ་ལྟར་གྱུར་ན་རྟག་པ་དང་མི་རྟག་པའི་དོན་གཉིས་ཀ་མ་མཆིས་སོ་ཞེས་བདག་མཆི་མོད་ཀྱི།། ་བཅོམ་ལྡན་འདས་ཀྱི་ཞལ་ནས་ཤོ་བེ་བྱུང་ངོ་ཞེས་ཀྱང་ཇི་སྐད་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ། སྤྲིན་ཆེན་སྙིང་པོ་ཅི་དར་གྱི་སྲིན་བུ་ལྟར་བདག་ཉིད་དཀྲི ་བར་སེམས་སམ། འདི་ན་མི་ལ་ལ་དེ་འདྲ་བའི་ཕྱིར། ཀྱེ་མ་ཁྱོད་ཀྱི་བཞིན་ཟླ་བ་འདྲའོ་ཞེས་ཟླ་བ་ལས་དཔེ་ལེན་པར་བྱེད་ལ། མི་གཞན་ཞིག་གི་ནི་ཀྱེ་མ་གླང་པོ་ཆེའི ་དབང་པོའི་རི་ལས་འདྲའོ།། ཞེས་རི་ལས་དཔེ་ལེན་པར་བྱེད་ན་ཅི་ཟླ་བ་བཞིན་དང་འདྲ་བར་འགྱུར་རམ། རི་ཡང་གླང་པོ་ཆེ་དང་འདྲ་བར་འགྱུར་རམ། ཞེས་བརྗོད་དགོས ་སོ།། གསོལ་པ་འདི་ནི། དཔེར་བགྱི་བ་ལག་ཤེས་བདག་མཆིའོ།། བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་བརྟན་པའི་དཔེ་ནི་འཇིག་རྟེན་ཐམས་ཅད་ན་མེད་དོ།། དེ་དང ་འདྲ་བ་ཙམ་གྱི་ཕྱིར་དཔེ་རྣམ་པ་ལྔ་པོ་འདི་དག་ངས་དཔེར་བྱས་མོད་ཀྱི་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་དཔེ་མེད་པར་རིག་པ་ལ་འཇུག་སྟེ། སྲོག་ཆགས་བྱེ ་མ་ལེབ་མེའི་ནང་དུ་ལྷུང་བ་བཞིན་ནོ།། འདི་ལྟ་སྟེ་དཔེར་ན་ཚོང་པའི་བུ་ཐམས་ཅད་དཔྱིད་ཀྱི་དུས་སུ་ཚིགས་སུ་གཞིག་ཏུ་འདུས་ནས། རྫིང་བུ་ཆུ་ཆེན་པོའི་ནང་དུ་ཁྲུས་བྱས་ལ། དེའི ་ནང་དུ་གཅིག་གིས་ནོར་བུ་རིན་པོ་ཆེ་འོད་ཐམས་ཅད་དང་ལྡན་པ་ཞིག་ཞེས་བྱ་བ་བོར་ནས། ནོར་བུ་རིན་པོ་ཆེ་དེའི་གཟི་བརྗིད་ཀྱི་མཐུས་ཀྱང་རྫིང་བུའི་ཆུའི་ཕུང་པོ་དང་། རུས་པ་དང ་གསེག་མ་དང་། གྱོ་མོ་དང་རྡོ་ཡོད་པ་གང་ཡིན་པ་དེ་དག་ཐམས་ཅད་རྣམ་པར་མཛེས་པར་གྱུར་ཏེ། དེར་ཟླ་བ་དང་ཉི་མའི་འོད་ཀྱང་ལྷན་ནེ་ལྷང་ངེར་མི་འདུག་གོ།། དེ་ནས་སྐྱེ ་བོ་མང་པོས་ནོར་བུ་དེ་བཙལ་བའི་ཕྱིར། རྐོ་བ་དག་གིས་རྐོ་བར་བྱེད་དེ། དེའི་ནང་ནས་ཅི་ཡང་རུང་བ་ཞིག་བླངས་ནས། ནོར་བུ་དེ་སྙེད་དོ་སྙམ་དུ་སེམས་ཏེ། ཡིད་རབ་ཏུ་དགའ ་བར་བྱེད་དོ།། དེ་ནས་སེམས་ཅན་དེ་དག་རྫིང་བུའི་དེའི་འགྲམ་དུ་འགོད་ནས། སོ་སོར་རློམ་སེམས་སུ་གྱུར། འདི་ཇི་སྙམ་དུ་སེམས། བདག་ཅག་གི་མ་རྙེད་དོ་སྙམ་དུ ་སོས་པར་འགྱུར་རམ། དེ་ནས་སེམས་ཅན་དེ་དག་ཐམས་ཅད་ཀྱིས་ནོར་བུ་རིན་པོ་ཆེ་མ་རྙེད་ཀྱང་ཀྱེ་མ་ནོར་བུ་རིན་པོ་ཆེ་མ་རྙེད་དོ།། ཞེས་ནོར་བུ་རིན་པོ་ཆེ་མེད་པའི་འདུ་ཤེས་འཇུག་ཅིང་། ་རྟོག་པར་བྱེད་དམ། དེའི་ནང་ན་ཐབས་ལ་མཁས་ཤིང་ཡིད་གཞུངས་པ་གཅིག་གིས་ནི་ནོར་བུ་རིན་པོ་ཆེ་དེ་བཙལ་ཏེ་རྙེད་དོ།། དེ་བཞིན་དུ་མདོ་དང་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྡེམ ་པོ་དག་གི་ཚིག་མི་ཤེས་པའི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ནི་ཐམས་ཅད་མི་རྟག་པ་དང་། སྟོང་པའི་འདུ་ཤེས་དང་། སེམས་ཅན་མེད་པ་སྒོམ་པར་བྱེད་དེ། ་དེ་བཞིན་གཤེགས་པའི་རྟག་པ་ཉིད་མ་ཐོབ་པས། སེམས་ཅན་ཐམས་ཅད་འཁོར་ལོ་བཞིན་དུ་འཁོར་གྱི་ཏིང་ངེ་འཛིན་ལ་གནས་པའི་རིགས་ཀྱི ་བུ་འམ། རིགས་ཀྱི་བུ་མོས་ནི། དེ་བཞིན་གཤེགས་པའི་ལྡེམ་པོ་དག་ནོར་བུ་བཞིན་དུ་རྙེད་པར་འགྱུར་རོ།། སྤྲིན་ཆེན་སྙིང་པོ་དེ་བས་ན། དེ་བཞིན་གཤེགས་པ་རྣམས་ཀྱིས། ་ཤིན་ཏུ་ལྷག་པར་ཡང་དག་པར་མཐོང་བར་འདོད་པས་ནི། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་རྟག་པ་དང་། བདག་དང་སེམས་ཅན་དུ་འདུ་ཤེས ་བསྐྱེད་པར་བྱ་ཞིང་ཐར་པའི་འདུ་ཤེས་བསྐྱེད་པར་བྱའོ།། །། སྤྲིན་ཆེན་སྙིང་པོའི་མདོ།། །། བམ་པོ་བཅུ་པ།། ་རིགས་ཀྱི་བུ་གཞན་ཡང་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཤིང་གི་གྲིབ་མ་དང་འདྲ་བར་ལྟ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཤིང་ཡོད་ན་གྲིབ་མ་འབྱུང་ལ། ་གྲིབ་མ་ཡོད་ན་ལམ་དུ་ཞུགས་པར་གྱུར་ཏེ། ངལ་བར་གྱུར་པའི་སེམས་ཅན་དེར་འདུག་པ་རྣམས་དབུགས་འབྱིན་པར་འགྱུར་རོ།། དེ་བཞིན་གཤེགས་པའི་ཆོས་འདོད་པའི་སེཾས ་ཅན་རྣམས་ཀྱང་སྐྱབས་སུ་འགྲོ་བར་འགྱུར་རོ།། སེམས་ཅན་གང་དག་དེ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པར་ལྟ་བའི་སེམས་ཅན་དེ་དག་ནི་སྐྱབས་སུ ་འགྲོ་བ་ཙམ་ཡང་མེད་དོ་ཞེས་ང་སྨྲ་སོ།། གང་དག་དེ་ལྟར་ཡང་དག་པར་མཐོང་བ་དེ་དག་ནི་བསྟན་པ་འདི་ལ་འཕྲོ་བར་མི་བྱེད་དོ།། གང་དག་ཡོངས་སུ་མྱ་ངན་ལས་འདས ་བའི་འདུ་ཤེས་སུ་ལྟ་བའི་སེམས་ཅན་དེ་དག་ནི་མྱ་ངན་དུ་བྱ་བ་ཡིན་ནོ་ཞེས་ཡང་དང་ཡང་དུང་སྨྲའོ།། དེ་ནས་དེའི་ཚེ་ནུབ་ཕྱོགས་ནས་གསེར་གྱི་འོད་ཆེན་པོ་ཞིག་སྣང་བར ་གྱུར་ཏེ། གསེར་གྱི་འོད་ཆེན་པོ་དེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ནོར་བུ་རིན་པོ་ཆེ་དེའི་མེ་འོད་སྣང་བ་ཆེན་པོས་སྣང་བར་བྱས་ཏེ། ་འདིའི་སྐབས་སུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པའི་འོད་གཅིག་པོ་མ་རྟོག་པར་དེ་ལས་གཞན་པ་ཟླ་བ་དང་ཉི་མ་རྣམས་ཀྱི ་འོད་དང་། བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་རྣམས་ཀྱི་འོད་དང་ཀླུ་དང་གནོད་སྦྱིན་དང་། ནམ་མཁའ་ལྡིང་རྣམས་ཀྱི་འོད་ཐམས་ཅད་མོག་མོག་པོར་གྱུར་ཏེ། ་རྩིག་པ་དང་། ཤིང་དང་། ཚལ་གྱི་ནང་དང་ལྷུན་པོ་དང་། ལྷུན་པོ་ཆེན་པོ་དང་། དེ་བཞིན་དུ་འཇིག་རྟེན་གྱི་བར་རི་མཚམས་དེ་དག་ཐམས་ཅད་འོད་དེས་སྣང་བར་བྱས ་སོ།། སེམས་ཅན་དམྱལ་བའི་སེམས་ཅན་གང་དག་གིས་ལུས་དེ་ལ་འོད་དེ་ཕོགས་དེ་དག་ཐམས་ཅད་ཀྱང་སྡུག་བསྔལ་ཞི་བར་གྱུར་ཏོ།། བཅོམ་ལྡན་འདས་དང་། ་འཁོར་གྱི་དཀྱིལ་འཁོར་ཆེན་པོའི་ནང་དུ་ཡང་པདྨ་དཀྲ་ཞིང་བལྟ་ན་སྡུག་པ། ཁ་དོག་བཟང་ཞིང་ཡིད་དུ་འོང་བ། འདབ་མ་བྱེ་བ་བརྒྱ་སྟོང་ཕྲག་དུ་མེ་དང་ལྡན་པ། སྟེང ་རིན་པོ་ཆེའི་དྲ་བ་དྲི་གསུང་དང་ལྡན་ཞིང་འཇམ་པ། ཀ་ཙ་ལིན་དའི་གོས་ལྟར་རེག་ན་བདེ་བ་བཀྲ་ཞིང་བལྟ་ན་སྡུག་པ་དག་གིས་ཀུན་ཏུ་ཁྱབ་པ་བྱེ་བ་ཕྲག་དྲུག་བཅུས ་ས་གཞི་རྟོལ་ཏེ། མངོན་པར་མཐོང་བར་ཏོ།། པདྨ་དེ་དག་རེ་རེ་ལས་དྲི་ང་བྱུང་བ་གང་ཡིན་པ་དེས་ཀྱང་། སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་དྲིས་ཁྱབ་པར་གྱུར་ཏོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་། མི་རྣམས་ཀྱི་སྤོས་གང་ཡིན ་པ་དེ་དག་ཐམས་ཅད་ཀྱང་པདྨའི་དྲི་དེས་ཁྱབ་པར་གྱུར་ཏོ།། ལྷ་དང་མི་རྣམས་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། ཀླུ་དང་གནོད་སྦྱིན་དང་། དྲི་ཟ་རྣམས་དང་། མི ་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་དག་གིས་སྣར་པདྨའི་ཕྱིར་དྲི་དེ་སོང་བ་དེ་དག་ཐམས་ཅད་ཀྱང་། ཆོས་ཀྱི་དགའ་བ་དང་། ཆོས་ཉན་པའི་རྒྱུ་དང་ལྡན་པར་གྱུར་ཏེ། བདག་ཉོན ་མོངས་པ་དང་བྲལ་བ་སྙམ་དུ་ཤེས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས་ཆོས་ཀྱི་འོད་ཀྱི་བཀོད་པ་དེ་མཐོང་ནས། ཐལ་མོ་སྦར་ཏེ་བཅོམ་ལྡན ་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟར་ཕྱོགས་བཅུར་འོད་གདའ་བ་འདི་དང་། པདྨའི་བཀོད་པ་འབྱུང་བ་འདི་སུའི་སྔ་ལྟས་ལགས། དེ་ནས་ལྷའི་བུ ་མོ་དྲི་མ་མེད་པའི་འོད་ཀྱིས། སྤྲིན་ཆེན་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་པ་སྤྲིན་ཆེན་སྙིང་པོ་ཅིའི་ཕྱིར། བཅོམ་ལྡན་འདས་འདི་སུའི་སྔ་ལྟས་ཡིན་ཞེས་སྨྲས། ་མཚན་མ་མེད་པའི་ཆོས་རྨི་ལམ་ལྟ་བུ་ཡིན་ཡང་འདྲི་བར་བྱེད་དམ། ཁྱོད་ལ་ནི་ད་དུང་ཕྱིན་ཅི་ལོག་ཡོད་པ་འདྲའོ།། སྨྲས་པ་ལྷ་མོ་ལེགས་སོ་ལེགས་སོ།། དེ་དེ་བཞིན་ཏེ། ་མོ་ཁྱོད་ལེགས་སོ།། ཁོ་བོ་ནི་རྨི་ལམ་ལྟ་བུའི་ཡུལ་དག་ལ་མཚན་མར་ལྟ་བ་འཛིན་པའི་འདུ་ཤེས་པའི་འདུ་ཤེས་བཅོམ་ལྡན་འདས་ལ་ཞུ་བར་བྱེད་དོ།། སྨྲས་པ། འཕགས ་པ་སྤྲིན་ཆེན་སྙིང་པོ་སུའི་དོན་གྱི་ཕྱིར། མཚན་མར་ལྟ་བ་འཛིན་པའི་འདུ་ཤེས་སྨྲ་བར་བྱེད། སྨྲས་པ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་རོ།། སྨྲས་པ་གང ་བདག་གིས་ལྟ་བ་བསལ་མི་ནུས་པ་དེས། གཞན་གྱི་ལྟ་བ་སེལ་བར་འགྱུར་བ་དེ་ནི་གནས་མེད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་དེ་ནི། ་ལྷ་མོས་ཇི་སྐད་སྨྲས་པ་བཞིན་ཏེ། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་ནི། མཚན་མ་མེད་པའི་འདུ་ཤེས་ཡང་དག་པར་མཐོང་བ་ཡིན ་ནོ།། གསོལ་པ། བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་མཚན་མ་མཆིས་པའི་འདུ་ཤེ ་ཡང་དག་པར་ལྟ་བར་འཚལ་བས། ཇི་ལྟར་ཡང་དག་པར་ལྟ་བར་བགྱི། བཀའ་སྩལ། པ། སྤྲིན་ཆེན་སྙིང་པོ་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་བདག་ཉིད་རྣམ་པ་དུ་མར་སྟོན་པར་བྱེད་དོ།། གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ། བདག་ཉིད་རྣམ་པ་དུ་མར་ཇི་ལྟར་སྟོན་པར་བགྱི། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་མཁན་གྱི་སློབ་མ་ནན་ཏན་དུ་སྤངས་པ་མཁས་པས་རོལ་མོའི ་ནང་དུ་བདག་ཉིད་རོར་གྱུར་པར་སྟོན་པར་བྱེད། བུད་མེད་ཀྱི་ལུས་རྣམ་པ་སྣ་ཚོགས་སུ་ཡང་སྟོན་པར་བྱེད། གཅན་ཟན་གྱིས་ཟིན་པ་དང་། ལུས་ཞུ་བ་དང་། ལུས་མི ་སྣང་བ་དང་། ཚིག་པ་དང་བཅད་པ་དང་། གཏུབ་པའི་རྣམ་པས་ཕ་རོལ་འབྲིད་པ་ལྟ་བུར་གསང་བ་རྣམ་པ་སྣ་ཚོགས་ཀྱི་ཚུལ་དུ་བདག་ཉིད་སྟོན་པ་དག་ཀྱང་མཐོང་ན། དེར ་རྒྱུས་ཤེས་པའི་མིས་འཇིགས་པར་མི་བྱ། མྱ་ངན་དུ་མི་བྱ་བར་དེ་ལ་རིགས་སྔགས་ཀྱི་རང་བཞིན་དུ་ལྟ་བར་བྱའོ།། དེ་བཞིན་དུ་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ ་སེམས་དཔའ་བདག་ཉིད་རྣམ་པ་སྣ་ཚོགས་ཀྱི་ཚུལ་དུ་སྟོན་པར་མཐོང་ན། དེའི་རྒྱས་ཤེས་པའི་མིས་འཇིགས་པར་མི་བྱ། མྱ་ངན་དུ་མི་བྱ་བར། དེ་ལ་རིགས་སྔགས ་ཀྱི་རང་བཞིན་དུ་ལྟ་བར་བྱའོ།། དེ་བཞིན་དུ་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྟག་པ་ཉིད་ཀྱི་ལམ་ལ་ནན་ཏན་སྤངས་པས། སེམས་ཅན་རྣམས ་ངེས་པར་སྒྲལ་བའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར། བདག་ཉིད་རྣམ་པ་སྣ་ཚོགས་ཀྱི་ཚུལ་དུ་སྟོན་པར་བྱེད་དོ།། ཏིང་ངེ་འཛིན་འདི་ལ ་གནས་པའི་བྱང་ཆུབ་སེམས་དཔའ་བདག་ཉིད་རྣམ་པ་ཚོགས་ཀྱི་ཚུལ་དུ་སྟོན་པར་མཐོང་ན། བསྟན་པའི་རྒྱུས་ཤེས་ཤིང་མཁས་པས། སྐྲག་པར་མི་བྱ། ཀུན་ཏུ་སྐྲག ་བར་མི་བྱ། དང་བར་མི་བྱ། འཇིག་པར་མི་བྱ། མྱ་ངན་དུ་མི་བྱ་བར། དེ་ལ་སེམས་ཅན་རྟག་པ་ཉིད་ཀྱི་རང་བཞིན་དུ་ལྟ་བར་བྱའོ།། སྤྲིན་ཆེན་སྙིང་པོ།། གནན ་ཡང་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ། འཇིག་རྟེན་དང་མཐུན་པར་འཇུག་པར་བྱ་བའི་རྣམ ་གྲངས། དཔག་ཏུ་མེད་པ་བགྲངས་པ་ལས་འདས་པ་རྣམ་པ་སྣ་ཚོགས་སུ་བདག་ཉིད་སྟོན་ཏོ།། འཛམ་བུའི་གླིང་བྱེ་བ་ཕྲག་སུམ་ཁྲི་དག་ཏུ་ཡང་གོང་མ་བཞིན་དུ་སྦྱར་རོ།། ་དེ་ལྟ་བུའི་ཚུལ་དུ་བྱེ་བ་ཕྲག་བརྒྱར་སྐྱེ་བར་བྱ་སྟེ། གོང་མ་བཞིན་སྦྱར་རོ།། གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེཾས ་དཔའ་ཆེན་པོས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ། འཇིག་རྟེན་དང་མཐུན་པར་འཇུག་པའི་བྱ་བའི་རྣམ་པ་གྲངས་མ་མཆིས། དཔག་ཏུ་མ་མཆིས ་པ་རྣམ་པ་སྣ་ཚོགས་སུ་བདག་ཇི་ལྟར་སྟོན་པར་བགྱིད། བཀའ་སྩལ་པ། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔས། འཛམ་བུའི་གླིང་ལ་ལར་བདག་ཉིད ་མངལ་ལས་སྐྱེས་པ་ལྟ་བུར་སྟོན་ཏེ། སེམས་ཅན་རྣམས་ཀྱི་བུ་བཙས་པར་ཤེས་ཀྱང་། འཁྲིག་པ་ལ་རྟེན་ནས་བྱུང་བ་ཡང་མ་ཡིན་ཞིང་། བུའི་རང་བཞིན་ཡང་མ ་ཡིན་ནོ།། འཛམ་བུའི་གླིང་ལ་ལར་མངོན་པར་འབྱུང་བ་ཡང་སྟོན་ཏེ། སེམས་ཅན་རྣམས་ཀྱིས་མངོན་པར་འབྱུང་བར་ཤེས་ཀྱང་། ལ་ལར་མངོན་པར་འབྱུང་བའི་འདུ་ཤེ ་འཇུག་པ་ཡང་མེད་དེ། འཛམ་བུའི་གླིང་ལ་ལར་ནི་གཙུག་པུད་བྲེག་པའི་ལུས་ལྟ་བུར་སྟོན་ཏོ།། སེམས་ཅན་རྣམས་ཀྱིས་གཙུག་ཕུད་འབྲེག ་པའི་ལུས་བྱེད་པར་ཤེས་ཀྱང་། དེ་ལ་དེའི་འདུ་ཤེས་འཇུག་པ་ཡང་མེད་དོ།། འཛམ་བུའི་གླིང་ལ་ལར་ནི། མཁན་པོའི་ཁྱིམ་དུ་འགྲོ་བ་ལྟ་བུར་སྟོན་ཏེ། སླབ་པར་བྱ་བའི་ཡི ་གེ་སློབ་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་དུ་མར་སྲབ་པར་བྱ་བའི་ཤིན་ཏུ་ཚར་ཕྱིན་པར་བྱས་ཤིང་། བསྐལ་པ་བྱེ་བ་ཕྲག་བརྒྱད་སྟོང་དུ་མ་ནས། བཟོའི ་བྱ་བ་ཐམས་ཅད་ཀྱང་མཐར་ཕྱིན་པར་གྱུར་ཏོ།། འཛམ་བུའི་གླིང་ལ་ལར་ནི་མིའི་སེང་གེ་དང་། ངང་བའི་སྟབས་སུ་འགྲོ་བ་ལྟ་བུར་སྟོན་ཏེ། སེམས་ཅན་རྣམས་ཀྱིས ་མེའི་སེང་གེ་དང་། ངང་པའི་སྟབས་སུ་འགྲོ་བར་ཤེས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ལ་སོགས་པ་ནས། ངང་པའི་སྟབས་ཀྱིས་འདུ་ཤེས་དེ་ཡང་སྤངས་སོ།། ། ་འཛམ་བུའི་གླིང་ལ་ལར་ནི། བུ་དང་ཆུང་མ་ཡང་སྟོན་པར་བྱེད་དེ། སེམས་ཅན་རྣམས་ཀྱི་འདོད་པ་ལ་ཡོངས་སུ་སྤྱོད་པར་ཤེས་ཀྱང་དེ་ཡང་རྟག་ཏུ་ཆོས་འདོད་པ་ལ ་ཡོངས་སུ་སྤྱོད་ཀྱི། ཉོན་མོངས་པ་དང་འདོད་པ་ལ་གནས་པ་མ་ཡིན་ནོ།། འཛམ་བུའི་གླིང་ལ་ལར་ནི། བཤད་པ་དང་། ཅི་བ་ལྟ་བུར་སྟོན་པར་བྱེད་དེ། སེམས་ཅན ་རྣམས་ཀྱིས་བཤད་པ་དང་ལྕི་བ་བྱེད་པ་ཤེས་ཀྱང་། བསྐལ་པ་བྱེ་བ་གྲངས་མེད་པ་ནས། གཤང་བ་དང་། ལྕི་བའི་འདུ་ཤེས་ཀྱང་རྣམ་པར་སྤངས་ཏེ། འདུ་ཤེས་ཀྱང་འཇུག ་བ་མེད་དོ།། འཛམ་བུའི་གླིང་ལ་ལར་ནི། སོ་ཤིང་སྤྱོད་ཤིང་སྤྱོད་པ་ལྟ་བུར་སྟོན་ཏེ། སོ་ཤིང་འཆང་བར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་གྲངས་མེད་པ་ནས། ་ཉོན་མོངས་པའི་སོ་ཤིང་རྣམ་པར་སྤངས་ཏེ། ཁ་ཡང་ཨཏྤ་ལའི་དྲི་དང་རྣམ་པར་ལྡན་ནོ།། འཛམ་བུའི་གླིང་ལ་ལར་ནི། གདུགས་དང་། ལྷམ་འཆང་བ་ལྟ་བུར་སྟོན་ཏེ། གདུགས ་དང་། ལྷམ་འཆང་བར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་དུ་མ་ནས། ཉོན་མོངས་པའི་གདུགས་དང་། ལྷམ་གྱི་འདུ་ཤེས་དེ་ཡང་རྣམ་པར་སྤངས་ཏེ། ་ལུས་དག་ཅིང་རྟག་ཏུ་ཆོས་ཀྱི་བདེ་བ་དང་། ཏིང་ངེ་འཛིན་གྱི་གདུགས་དུ་མ་དང་། པདྨའི་ལྷམ་ཐམས་ཅད་སྟོན་པར་བྱེད་དེ། འཛམ་བུའི་གླིང་ལ་ལར་ནི། ཁྲུས་བྱེད་པ་ལྟ་བུ ་སྟོན་ཏེ། ཁྲུས་བྱེད་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ནས། ཁྲུས་ཀྱི་འདུ་ཤེས་དེ་རྣམ་པར་སྤངས་ཏེ། མདོ་དུ་མ་ནས་བྱུང་བའི་ཆུས ་རྟག་ཏུ་ཁྲུས་བྱེད་ཅིང་། སེམས་ཅན་ཐམས་ཅད་ཀྱི་མུ་སྟེགས་སུ་གྱུར་པ་ཡང་མ་ཡིན་ནོ།། འཛམ་བུའི་གླིང་ལ་ལར་ནི། ནད་ཀྱི་རང་བཞིན་ལྟ་བུར་སྟོན་ཏེ། སྨན་པ་རྟེན ་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ནས། ཉོན་མོངས་པ་ཐམས་ཅད་དང་བྲལ་ཞིང་། ནད་རྣམས་གསལ་བ་སྟེ། སེམས་ཅན་ནད་ཀྱི་ཐེབས ་པ་རྣམས་དང་། འདོད་ཆགས་ཀྱི་རང་བཞིན་དག་ལས་ཀྱང་། གསོ་བར་བྱེད་དོ།། འཛམ་བུའི་གླིང་ལ་ལར་ནི། གྲང་བ་དང་ཚ་བ་ལ་བསྟེན་པ་ལྟ་བུར་སྟོན་ཏེ། གྲང་བ་དང་ཆ ་འཆང་ཞིང་རིན་པོ་ཆེའི་གདུགས ་བ་ལ་རྟེན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ལ་སོགས་པ་ནས། གྲང་བ་དང་ཚ་བ་དང་ཚ་བའི་འཇིགས་པ ་ལས་ཡང་རྣམ་པར་སྤངས་སོ།། འཛམ་བུའི་གླིང་ལ་ལར་ནི། བཀྲེས་པ་དང་སྐོམ་པས་སྲེད་ཅིང་ཞེན་པ་དང་ལྡན་པར་སྟོན་ཏེ། བཀྲེས་པ་དང་སྐོམ་པ་ལ་སྐོམ་པས་གདུང ་པའི་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ནས། བཀྲེས་པ་དང་སྐོམ་པའི་འདུ་ཤེས་ཀྱིས་འཇིགས་པའི་ཀླུང་གི་རྒྱུན་ལས་ཀྱང་རྒལ་ནས། རྟག་ཏུ ་བཀྲེས་པ་དང་སྐོམ་པས་སྲེད་པར་གྱུར་པའི་འབྱུང་པོ་ཐམས་ཅད་ཀྱི་ཁ་ཟས་སུ་གྱུར་ཅིག་ཅེས་ཟེར་རོ།། འཛམ་བུའི་གླིང་ལ་ལར་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ ་པ་ལ་བརྩོམ་པ་ལྟ་བུར་སྟོན་ཏེ། ཀྱེ་མ་སྦྱིན་པ་ལ་བརྩོན་པའི་སེམས་ཅན་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བོ་ཕྲག་དུ་མ་ནས་ཀྱང་། ཕ་རོལ་ཏུ ་ཕྱིན་པ་དུ་མ་རྟག་ཏུ་སྤྱད་པས། ཕ་རོལ་ཏུ་ཕྱིན་པ་བཅུ་པོ་རྣམས་ལ། སེམས་ཅན་རྣམས་སྡུད་པའི་རྒྱུར་གྱུར་ཏོ།། འཛམ་བུའི་གླིང་ལ་ལར་ནི། འཁོར་ལོས་བསྒྱུར་བའི་རྒྱལ ་སྲིད་ཀྱི་ཚུལ་སྟོན་ཏེ། འཁོར་ལོས་བསྒྱུར་བའི་རྒྱལ་པོར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། དེ་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཕལ་གྱི་སྤྱད་ཡང་མི་སྤྱད་ཏེ། རྟག་ཏུ་ཕྱིར ་མི་ལྡོག་པའི་ཆོས་སུ་འཁོར་ལོ་བསྐོར་བའི་རྒྱལ་པོ་བྱེད་ཅིང་། སེམས་ཅན་ཐམས་ཅད་ཀྱང་བྱེད་དུ་འཇུག་གོ།། འཛམ་བུའི་གླིང་ལ་ལར་ནི། དེ་ལྟ་བུའི་རྒྱལ་སྲིད་ཕུན ་སུམ་ཚོགས་པ་ཤིན་ཏུ་རྒྱ་ཆེ་བ་དག་ཀྱང་། རྩ་བཞིན་དུ་བོར་ནས། རབ་ཏུ་བྱུང་བའི་གཟུགས་དང་། མཚན་མ་སྟོན་པར་བྱེད་དེ། ལ་ལར་ནི་རབ་ཏུ་བྱུང་བ་ལྟ་བུར། ལ་ལར ་ནི་རབ་ཏུ་མ་བྱུང་བ་ལྟ་བུར་སེམས་ཅན་རྣམས་ཀྱིས་ཤེས་སོ།། འཛམ་བུའི་གླིང་ལ་ལར་ནི། ཡ་མཚན་ཅན་ཐམས་ཅད་ཀྱིས་རབ་ཏུ་བྱུང་བ་ལྟ་བུར། ལྟ་བ་ངན་པར་རབ་ཏུ་བྱུང ་བ་ལ། རབ་ཏུ་བྱུང་བར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། ཡ་མཚན་ཅན་ཐམས་ཅད་དང་མཐུན་པར་རབ་ཏུ་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ངེས་པར་བསྒྲལ་བའི་ཕྱིར་རབ ་ཏུ་བྱུང་ངོ་།། འཛམ་བུའི་གླིང་ལ་ལར་ནི། དེ་བཞིན་གཤེགས་པ་རབ་ཏུ་བྱུང་བར་རྩོམ་པ་ལྟ་བུར་སྟོན་ཏེ། དེ་བཞིན་གཤེགས་པར་བསྒྲལ་བའི་ཕྱིར་རབ་ཏུ་བྱུང་ངོ་།། ་འཛམ་བུའི་གླིང་ལ་ལར་ནི། དེ་བཞིན་གཤེགས་པ་རབ་ཏུ་བྱུང་བར་རྩོམ་པ་ལྟ་བུར་སྟོན་ཏེ། དེ་བཞིན་གཤེགས་པ་རབ་ཏུ་བྱུང་བས་རབ་ཏུ་བྱུང་བར་སེམས་ཅན་རྣམས་ཀྱི ་ཤེས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ནས། དེ་བཞིན་གཤེགས་པའི་རབ་ཏུ་བྱུང་བའི་བྱ་བ་ཡང་མཐར་ཕྱིན་པར་བྱས་སོ།། འཛམ་བུའི་གླིང་ལ་ལར་ནི། སྦྱངས་པའི ་ཡོན་ཏན་བཅུ་གསུམ་ཡང་དག་པར་འཛིན་པ་ལྟ་བུར་སྟོན་ཏེ། སྦྱངས་པའི་ཡོན་ཏན་ཅན་ཡོ་བྱད་སྦྱངས་པ་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ ་ཕྲག་དུ་མ་ནས། སྦྱངས་པའི་ཡོན་ཏན་རྫོགས་ཤིང་། རྟག་ཏུ་མཉམ་པར་གཞག་པ་ཡང་ཡིན་ནོ།། འཛམ་བུའི་གླིང་ལ་ལར་ནི། བྱང་ཆུབ་ཀྱི་སྙིང་པོར་རྩཝ་གཏིང་བ ་ལ་འདུག་པ་ལྟ་བུར་སྟོན་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་སེམས་ཅན་རྣམས་ཀྱི་ཤེས་ཀྱང་། རྟག་ཏུ་བྱང་ཆུབ་ཀྱི་བྱ་བ་ཡང ་མཐར་ཕྱིན་པར་བྱས་པ་ཡང་ཡིན་ནོ།། འཛམ་བུའི་གླིང་ལ་ལར་ནི། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་ལྟ་བུར ་སྟོན་ཏེ། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། རྟག་ཏུ་སྙོམས་པར་འཇུག་པ ་སྤྱོད་པ་དུ་མ་ལ་སྤྱད་པ་ཡང་ཡིན་ནོ།། འཛམ་བུའི་གླིང་ལ་ལར་ནི། ཡན་ལག་དགུ་པའི་མདོ་འཆད་པ་ལྟ་བུར་སྟོན་ཏེ། བཅོམ་ལྡན་འདས་ཀྱིས་ཡན་ལག་དགུ་པའི ་མདོ་གསུངས་པ་འཆད་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། རྟག་ཏུ་མདོ་དུ་མ་ལ་སོགས་པར་ཡང་འཆད་དོ།། འཛམ་བུའི་གླིང་ལ་ལར་ནི། བསླབ་པའི་བཞི ་ཚད་ངེས་པར་བྱེད་པ་ལྟ་བུར་སྟོན་ཏེ། བསླབ་པའི་བཞིའི་ཚད་ངེས་པར་འཆད་པར་བྱེད་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང ་གི་མདོ་དག་ཀྱང་། རྟག་ཏུ་འཆང་བར་བྱེད་ཅིང་བསླབ་པའི་བཞི་དུ་མ་དག་ཀྱང་རྟག་ཏུ་འཆད་པར་བྱེད་དོ།། འཛམ་བུའི་གླིང་ལ་ལར་ནི། བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད ་བརྟུལ་བ་ལྟ་བུར་སྟོན་ཏེ། བདུད་ཀྱི་སྡེ་ཕམ་པར་བྱས་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བདུད་ཀྱི་འདུ་ཤེས་གཅིག་ཀྱང་མི་འབྱུང་སྟེ། ཉོན་མོངས་པའི ་བདུད་དང་། ཕུང་པོའི་བདུད་ལ་སོགས་པ་བདུད་བྱེ་བ་ཕྲག་དུ་མ་དག་ཀྱང་རྟག་པར་ཟད་པར་བྱེད་དོ།། འཛམ་བུའི་གླིང་ལ་ལར་ནི། རྒྱུན་དུ་ཞུགས་པའི་འབྲས་བུ ་ལ་སོགས་པ་འབྲས་བུ་བཞི་ཐོབ་པ་ལྟ་བུར་སྟོན་ཏེ། འབྲས་བུ་བཞི་ཐོབ་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། འབྲས་བུ་བཞིའི་འདུ་ཤེས་ཀྱང་མི་འབྱུང་སྟེ། ་འབྲས་བུའི་བྱ་བ་དུ་མ་དག་ལ་ཡང་སྤྱོད་ཅིང་ཕྱིར་མི་འོང་བ་ཡང་མ་ཡིན་ལ། སེམས་ཅན་རྣམས་ངེས་པར་བསྒྲལ་བའི་ཕྱིར། རྟག་ཏུ་སྲིད་པའི་ཡན་ལག་རྣམས་སུ་ཡང་འོང ་ངོ་།། འཛམ་བུའི་གླིང་ལ་ལར་ནི། ཡོན་གནས་ལྟ་བུར་སྟོན་ཏེ། འཇིག་རྟེན་ན་ཡོན་གནས་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། ཡོན་གནས་ཀྱི་ང་རྒྱལ་ལ་ཡང ་མི་སྤྱོད་དེ། ནམ་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོན་གནས་སུ་གྱུར་པ་དེའི་ཚེ། བདག་ཡོན་གནས་ཀྱི་འདུ་ཤེས་འཇུག་གོ་སྙམ ་ནས་མ་གོས་པའི་སྤྱད་པ་སྤྱོད་དོ།། འཛམ་བུའི་གླིང་ལ་ལར་ནི། དགེ་འདུན་གྱི་དབྱེན་བྱེད་པ་ལྟ་བུར་སྟོན་ཏེ། དགེ་འདུན་གྱི་དབེན་བྱེད་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང ་སྔོན་གྱི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས། དགེ་འདུན་གྱི་དབྱེན་སྔན་ཆད་ཀྱང་མ་བྱས་ཏེ། དགེ་འདུན་ལ་ཕན་པ་སྒྲུབ་པ་སྤྱོད་པ་ཡིན་ནོ།། འཛམ་བུའི་གླིང་ལ་ལར་ནི། དེ ་བཞིན་གཤེགས་པའི་ཞབས་ཀྱི་རེག་པའི་རྡུལ་གུད་དུ་འདོར་བར་བྱེད་པ་ལྟ་བུར་སྟོན་ཏེ། ཀྱེ་མ་ངུར་སྨྲིག་ཙམ་འཆང་ཞིང་། མི་བཟད་པའི་ལས་བྱེད་པ་ཞིག་ཡིན་པར་སེམས ་ཅན་རྣམས་ཀྱིས་ཤེས་ཀྱང་། ངུར་སྨྲིག་ཙམ་འཆང་བ་ཡང་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་སྟོན་པ་ཡང་ཡིན་ནོ།། ་དེ་ལ་སོགས་པ་གཞན་ཡང་། དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དུ་ཆོས་ཉན་པ་ཐོས་ནས། ཀྱེ་མ་དགེ་སྦྱོང་ཀོའུ་ཏ་མ་ནི། བརྡ་ཕྲག་དཀའ་བ་ཤེས་སྟག་ཟེར་རོ་ཞེས ་འཕྱ་བ་ལྟ་བུར་སྟོན་ཏེ། ཀྱེ་མ་གཡེངས་པ་ཤེས་རབ་རྟུལ་བའི་དགེ་སློང་ཞིག་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ནས། དེ་བཞིན ་གཤེགས་པ་ལ་ཕན་པ་དང་བདེ་བ་བྱེད་པ་ཡང་ཡིན་ནོ།། འཛམ་བུའི་གླིང་ལ་ལར་ནི། དེ་བཞིན་གཤེགས་པ་ལ་ཟས་དུག་ཅན་དབུལ་ཞིང་། བསླབ་པའི་བཞི་དང་། ་ཕམ་པའི་འགལ་བ་བྱེད་པ་ལྟ་བུར་སྟོན་ཏེ། ཕམ་པ་ཙམ་དུ་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། སེམས་ཅན་ཐམས་ཅད་ཀྱིས་ཚུལ་ཁྲིམས་སྡོམ་པ་བསྐྱེད་པར་བྱེད་པ་ཡང ་ཡིན་ནོ།། འཛམ་བུའི་གླིང་ལ་ལར་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་མཛད་པ་མང་པོ་སྟོན་པ་ལྟ་བུར་སྟོན་ཏེ། ཡང་དག་པར་སྟོན་པ་པོ་ཡིན་པར་སེམས་ཅན་རྣམས་ཀྱིས ་ཤེས་ཀྱང་། ཡང་དག་པར་སྟོན་པ་པོ་ཡང་མ་ཡིན་ནོ།། དེ་བཞིན་གཤེགས་པའི་རྒྱན་བྱེད་པ་ཡིན་ནོ།། འཛམ་བུའི་གླིང་ལ་ལར་ནི། ཉན་ཐོས་དང་རང་སངས་རྒྱས་ཐམས ་ཅད་ལྟ་བུར་བདག་ཉིད་སྟོན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་སོ།། འཛམ་བུའི་གླིང་ལ་ལར་ནི། ཡོངས་སུ ་མྱ་ངན་ལས་འདའ་བ་ལྟ་བུར་བདག་ཉིད་སྟོན་ཏེ། ཡོངས་སུ་མྱ་ངན་ལས་འདས་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། སྔན་ཆད་བསྟན་དུ་ཡོངས་སུ་མྱ་ངན ་ལས་འདས་པས་ནི། ནམ་ཀྱང་ཡོངས་སུ་མྱ་ངན་ལས་མ་འདས་སོ།། ལན་ཅིག་ཡོངས་སུ་མྱ་ངན་ལས་འདས་པས། ཡོངས་སུ་ངན་ལས་འདས་པ་ཡང་མ་ཡིན ་ཏེ། ལན་མང་དུ་ཡང་ཡོངས་སུ་མྱ་ངན་ལས་འདས་པས། ཡོངས་སུ་མྱ་ངན་ལས་འདའོ།། ལན་གྲངས་བྱེ་བ་ཕྲག་བརྒྱད་ཁྲི་བཞི་སྟོང་དུ་ཡོངས་སུ་མྱ་ངན་ལས་འདྲ ་པས། ཡོངས་སུ་མྱ་ངན་ལས་འདིའ་བར་བྱེད་དེ། ལན་བྱེ་བ་ཕྲག་ཉི་ཁྲི་ཅིག་སྟོང་དུ། འདོད་ཆགས་ལས་ཡོངས་སུ་མྱ་ངན་ལས་འདས་པས། ཡོངས་སུ་མྱ ་ངན་ལས་འདའ་བར་འགྱུར་ལ། འདོད་ཆགས་ལ་རྟེན་ཏེ། ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མ་ཡིན་ནོ།། ལན་བྱེ་བ་ཕྲག་ཉི་ཁྲི་ཆིག་སྟོང་དུ། ཞེ་སྡང་ལས ་ཡོངས་སུ་མྱ་ངན་ལས་འདའོ།། ལན་བྱེ་བ་ཕྲག་ཉི་ཁྲི་ཆིག་སྟོང་དུ། གཏི་མུག་ལས་ཡོངས་སུ་མྱ་ངན་ལས་འདའོ།། ལན་བྱེ་བ་ཕྲག་ཉི་ཁྲི་ཆིག་སྟོང་དུ། ཆ་མཉམ ་ལས་ཡོངས་སུ་མྱ་ངན་ལས་འདས་པས། ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དེ། རྣམ་པ་བཞི་པོ་འདི་ལྟ་བུས། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཆ་མཉམ་ལ་ཡང་མ་བརྟེན་ཏོ།། དེ་ལྟར་ཡོངས་སུ་མྱ་ངན་ལས་འདས ་པ་ཆེན་པོ་བཞི་པོ་དག་གིས། བསྐལ་པ་བྱེ་བ་ཕྲག་དུ་མ་ནས་བྱེ་བ་མཐར་ཕྱིན་ཏེ། འདུལ་བའི་དབང་གིས་ཡོངས་སུ་མྱ་ངན་ལས་འདའ ་བ་ལྟ་བུར་སྟོན་ཏེ། མི་དགེ་བའི་ཕྱོགས་ཇི་སྙེད་ཡོད་པར་ཡོངས་སུ་མྱ་ངན་ལས་འདས་པ་ཡང་དེ་སྙེད་དེ། རྟག་ཏུ་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་གྱིས་ཡོད ་སུ་མྱ་ངན་ལས་འདའོ།། དེ་བས་ན་རྣམ་པ་མང་པོ་དག་གིས་ཡོངས་སུ་མྱ་ངན་ལས་འདས་པར་བྱེད་ལ། གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་མིང་ཡང་མེད་པཱི ་ཕྱིར་ཡོངས་སུ་མྱ་ངན་ལས་མི་འདའོ།། འཛམ་བུའི་གླིང་ལ་ལར་ནི། བདུད་ཀྱི་ལས་བྱེད་པར་བདག་ཉིད་སྟོན་ཏེ། བདུད་སྡིག་ཅན་ཡིན་པར་སེམས་ཅན་རྣམས་ཀྱིས་ཤྭེ ་ཀྱང་། བདུད་ཀྱི་ལས་ཀྱང་མི་བྱེད་དོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་འཇིགས་པ་ལ་སོགས་པ་མི་དགེ་བའི་ཕྱོགས་ཇི་སྙེད་པ་དེ་སྙེད་ཀྱི། བདུད ་ཀྱི་ལས་རྟག་ཏུ་བྱེད་ཅིང་། ཤིན་ཏུ་བར་དུ་གཅོད་པར་བྱེད་པའི་བདུད་ཀྱི་ལས་བསྟན་པ་ཡང་མ་ཡིན་ནོ།། བྱང་གི་སྒྲ་མི་སྙན་ལ་ལར་ནི། བདག་ཉིད་མངལ་ནས་སྐྱེས ་པ་ལྟ་བུར་སྟོན་ཏོ། སེམས་ཅན་རྣམས་ཀྱིས་བུ་བཙོས་པར་ཤེས་ཀྱང་། འཁྲིག་པ་ལ་རྟེན་ནས་བྱུང་བ་ཡང་མ་ཡིན་ཞིང་། བུའི་རང་བཞིན་ཡང་མ་ཡིན་ནོ།། བྱང ་གི་སྒྲ་མི་སྙན་ལ་ལར་ནི། མངོན་པར་འབྱུང་བར་ཡང་སྟོན་ཏེ། སེམས་ཅན་རྣམས་ཀྱིས་མངོན་པར་བྱུང་བར་ཤེས་ཀྱང་། དེ་ལ་མངོན་པར་འབྱུང་བའི་འདུ་ཤེས ་འཇུག་པ་ཡང་མེད་དོ།། བྱང་སྒྲ་མི་སྙན་ལ་ལར་ནི། གཙུག་ཕུད་བྲེག་པའི་ལས་ལྟ་བུར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་གཙུག་ཕུད་བྲེག་པའི་ལས་བྱེད་པར ་ཤེས་ཀྱང་། དེ་ལ་དེའི་འདུ་ཤེས་འཇུག་པར་ཡང་མི་བྱེད་དོ།། བྱང་སྒྲ་མི་སྙན་ལ་ལར་ནི། མཁན་པོའི་ཁྱིམ་དུ་འགྲོ་བ་ལྟ་བུར་སྟོན་ཏེ། བསླབ་པར་བྱ་བའི་ཡི ་གེ་སློབ་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་དུ་མར་བསླབ་པའི་བྱ་བ་ཤིན་ཏུ་ཚར་ཕྱིན་པར་བྱས་ཤིང་། བསྐལ་པ་བྱེ་བ་ཕྲག་བརྒྱ་སྟོང་དུ་མ་ནས། ་བཟོའི་བྱ་བ་ཐམས་ཅད་མཐར་ཕྱིན་ཏོ།། བྱང་སྒྲ་མི་སྙན་པ་ལ་ལར་ནི། མིའི་སེང་གེ་དང་། ངང་པའི་སྟབས་སུ་འགྲོ་བ་ལྟ་བུར་སྟོན་ཏོ། སེམས་ཅན་རྣམས་ཀྱི་མིའི ་སེང་གེ་དང་། ངང་པའི་སྟབས་སུ་འགྲོ་བར་ཤེས་ཀྱང་། བསྐལ་བ་བྱེ་བ་ཕྲག་དུ་མ་ལ་སོགས་པ་ནས། ངང་པའི་སྟབས་ཀྱི་འདུ་ཤེས་དེ་ཡང་སྤངས་སོ།། ་བྱང་སྒྲ་མི་སྙ་ན་ལ་ལར་ནི། བུ་དང་ཆུང་མ་ཡང་སྟོན་པར་བྱེད་དེ། སེམས་ཅན་རྣམས་ཀྱིས་འདོད་པ་ལ་ཡོངས་སུ་སྤྱོད་པར་ཤེས་ཀྱང་དེའང་རྟག་ཏུ་འདོད་པ་ལ་ཡོད ་སུ་སྤྱོད་ཀྱི། ཉོན་མོངས་པ་དང་། འདོད་པ་ལ་གནས་པ་མ་ཡིན་ནོ།། བྱང་སྒྲ་མི་སྙན་ལ་ལར་ནི། གཤང་པ་དང་། ལྕི་བ་ལྟ་བུར་སྟོན་པར་བྱེད་དེ། སེམས ་ཅན་རྣམས་ཀྱིས་གཤང་བ་དང་། ལྕི་བ་བྱེད་པར་ཤེས་ཀྱང་། བསྐལ་པ་བྱེ་བ་གྲངས་མེད་པ་ནས། གཤང་པ་དང་ལྕི་བའི་འདུ་ཤེས་རྣམ་པར་སྤངས་ཏེ། འདུ ་ཤེས་དེ་ཡང་འཇུག་པ་ཡང་མེད་དོ།། བྱང་གི་སྒྲ་མི་སྙན་ལ་ལར་ནི། སོ་ཤིང་གཅོད་པ་ལྟ་བུར་སྟོན་ཏེ། སོ་ཤིང་གཅོད་པར་སེམས་ཅན་རྣམས། ་ཀྱི་ཤེས་ཀྱང་། བསྐལ་པ་བྱེ་བ་གྲངས་མེད་པ་ནས། ཉོན་མོངས་པའི་སོ་ཤིང་རྣམ་པར་སྤངས་ཏེ། ཁ་ཡང་ཨུཏྤ་ལའི་དྲི་དང་ལྡན་ནོ།། བྱང་གི་སྒྲ་མི་སྙན་པ་ལ་ལར་ནི། ་གདུགས་དང་ལྷམ་འཆང་བ་ལྟ་བུར་སྟོན་ཏེ། གདུགས་དང་། ལྷམ་འཆང་བ་ལྟ་བུར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་དུ་མ་ནས། ཉོན་མོངས ་པའི་གདུགས་དང་། ལྷམ་གྱི་འདུ་ཤེས་ཀྱང་རྣམ་པར་སྤངས་ཏེ། ལུས་དག་ཅིང་རྟག་ཏུ་ཆོས་ཀྱི་བདེ་བ་དང་། ཏིང་ངེ་འཛིན་གྱི་གདུགས་འཆང་ཞིང་། རིན་པོ་ཆེའི ་གདུགས་དང་། པདྨའི་ལྷམ་ཐམས་ཅད་སྟོན་པར་བྱེད་དོ།། བྱང་གི་སྒྲ་མི་སྙན་པ་ལ་ལར་ནི། ཁྲུས་བྱེད་པ་ལྟ་བུར་སྟོན་ཏེ། ཁྲུས་བྱེད་པས་སེམས་ཅན་རྣཾས ་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ནུས། ཁྲུས་ཀྱི་འདུ་ཤེས་དེ་རྣམ་པར་སྤངས་ཏེ། མདོ་དུ་མ་ནས་བྱུང་བའི་ཆུས་རྟག་ཏུ་ཁྲུས་བྱེད་ཅིང་། སེམས་ཅན ་ཐམས་ཅད་ཀྱིས་མུ་སྟེགས་སུ་གྱུར་པ་ཡང་ཡིན་ནོ།། བྱང་གི་སྒྲ་མི་སྙན་པ་ལ་ལར་ནི། ནད་ཀྱི་རང་བཞིན་ལྟ་བུར་སྟོན་ཏེ། སྨན་ལ་བསྟན་པར་སེམས་ཅན་རྣམ ་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ནས། ཉོན་མོངས་པ་ཐམས་ཅད་དང་བྲལ་ཞིང་ནང་རྣམས་བསལ་བ་སྟེ། སེམས་ཅན་ནད་ཀྱིས་ཐེབས་པ་དང་། ་འདོད་ཆགས་ཀྱི་རང་བཞིན་ཅན་དག་ཀྱང་གསོ་བར་བྱེད་དོ།། བྱང་གི་སྒྲ་མི་སྙན་པ་ལ་ལར་ནི། གྲང་བ་དང་ཚ་བ་ལ་སྟེན་པ་ལྟ་བུར་སྟོན་ཏེ། གྲང་བ་དང་ཚབ ་ལ་རྟེན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ལ་སོགས་པ་ནས། གྲང་བ་དང་། ཚ་བའི་འཇིགས་པ་ཡང་རྣམ་པར་སྤངས་སོ།། ། ་བྱང་གི་སྒྲ་མི་སྙན་ལ་ལར་ནི། བཀྲེས་པ་དང་། སྙོམས་པས་སྲིད་ཅིང་ཞེན་པ་དང་ལྡན་པར་སྟོན་ཏེ། བཀྲེས་ཤིང་སྐོམ་པས་གདུངས་པར་སེམས་ཅན་རྣམས་ཀྱིས ་ཤིས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ནས། བཀྲེས་པ་དང་སྐོམ་པའི་འདུ་ཤེས་ཀྱི་འཇིགས་པའི་ཀླུང་གི་རྒྱུན་ལས་ཀྱང་རྒལ་ནས། རྟག་ཏུ་བཀྲེས་པ་དང་སྐོམ ་པས་སྲེད་པར་གྱུར་པའི་འབྱུང་པོ་ཐམས་ཅད་ཀྱི་ཁ་ཟས་སུ་གྱུར་ཅིག་ཅེས་ཟེར་རོ།། བྱང་གི་སྒྲ་མི་སྙན་པ་ལ་ལར་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལ་རྩོམ་པ ་ལྟ་བུར་སྟོན་ཏེ། ཀྱེ་མ་སྦྱིན་པ་ལ་རྩོམ་པའི་སེམས་ཅན་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ནས་ཀྱང་། ཕ་རོལ་ཏུ་ཕྱིན་པ ་དུ་མ་ལ་རྟག་ཏུ་སྤྱོད་པས། ཕ་རོལ་ཏུ་ཕྱིན་པ་བཅུ་པོ་རྣམས་ལ། སེམས་ཅན་རྣམས་སྡུད་པའི་རྒྱུར་གྱུར་ཏོ།། བྱང་གཽ་སྒྲ་མི་སྙན་པ་ལ་ལར་ནི། འཁོར་ལོ་བསྒྱུར། ་བའི་རྒྱལ་སྲིད་ཀྱི་ཚུལ་སྟོན་ཏེ། འཁོར་ལོ་བསྒྱུར་བའི་རྒྱལ་པོར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། དེ་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཕལ་གྱི་སྤྱད་པ་ཡང་མི ་སྤྱོད་དེ། རྟག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྒྱལ་པོ་བྱེད་ཅིང་། སེམས་ཅན་ཐམས་ཅད་ཀྱང་བྱེད་དུ་འཇུག ་གོ་བྱང་གི་སྒྲ་མི་སྙན་པ་ལ་ལར་ནི། དེ་ལྟ་བུའི་རྒྱལ་སྲིད་ཕུན་སུམ་ཚོགས་པ་ཤིན་ཏུ་རྒྱ་ཆེ་བ་དག་ཀྱང་རྩ་བཞིན་དུ་བོར་ནས། རབ་ཏུ་བྱུང་བའི་གཟུགས ་དང་། མཚན་མ་སྟོན་པར་བྱེད་དེ། ལ་ལར་ནི་རབ་ཏུ་བྱུང་བ་ལྟ་བུར། ལ་ལར་ནི་རབ་ཏུ་མ་བྱུང་བ་ལྟར་སེམས་ཅན་རྣམས་ཀྱིས་ཤེས་སོ།། བྱང་གི ་སྒྲ་མི་སྙན་པ་ལ་ལར་ནི། ཡ་མཚན་ཅན་ཐམས་ཅད་ཀྱིས་རབ་ཏུ་བྱུང་བ་ལྟ་བུར་ལྟ་བ་ངན་པ་རབ་ཏུ་འབྱུང་བ་ལ་རབ་ཏུ་འབྱུང་བར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། ཡ་མཚན་ཐམ ་ཅད་དང་མཐུན་པར་རབ་ཏུ་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ངེས་པར་བསྒྲལ་བའི་ཕྱིར་རབ་ཏུ་བྱུང་ངོ་།། བྱང་གི་སྒྲ་མི་སྙན་ལ་ལར་ནི། དེ་བཞིན་གཤེགས་པ་རབ་ཏུ་འབྱུང་བར་རྩོམ ་བ་ལྟ་བུར་སྟོན་ཏེ། དེ་བཞིན་གཤེགས་པར་རབ་ཏུ་འབྱུང་བས། རབ་ཏུ་འབྱུང་བར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ནས། དེ་བཞིན་གཤེགས ་བའི་རབ་ཏུ་འབྱུང་བའི་བྱ་བ་ཡང་མཔར་ཕྱིན་པར་བྱས་སོ།། བྱང་གི་སྒྲ་མི་སྟོན་ལ་ལར་ནི། སྦྱངས་པའི་ཡོན་ཏན་བཅུ་གསུམ་ཡང་དག་པར་འཛིན་པ་ལྟ་བུར་སྟོན་ཏེ། སྦྱངས་པའི། ་ཡོན་ཏན་ཅན། ཡོ་བྱད་སྦྱངས་པ་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པོ་བྱེ་བ་ཕྲག་དུ་མ་ནས། སྦྱངས་པའི་ཡོན་ཏན་རྫོགས་ཤིང་། རྟག་ཏུ་མཉམ་པར ་བཞག་པ་ཡང་ཡིན་ནོ།། བྱང་གི་སྒྲ་མི་སྙན་ལ་ལར་ནི། བྱང་ཆུབ་ཀྱི་སྙིང་པོར་རྩ་བཏིང་བ་ལྟ་བུར་སྟོན་ཏེ། བྱང་ཆུབ་ཀྱི་སྙིང་པོར་འདུག་པས། སེམས་ཅན་རྣམས་ཀྱིས་ཤེས ་ཀྱང་རྟག་ཏུ་བྱང་ཆུབ་ཀྱི་བྱ་བ་མཐར་ཕྱིན་པ་བྱས་པ་ཡང་ཡིན་ནོ།། བྱང་གི་སྒྲ་མི་སྙན་ལ་ལར་ནི། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ ་སྙོམས་པར་ཞུགས་པ་ལྟ་བུར་སྟོན་ཏེ། བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་ཞུགས་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། རྟག་ཏུ་ཉོན་མོངས་པར་འཇུག་པ ་དུ་མ་ལ་སྤྱོད་པ་ཡང་ཡིན་ནོ།། བྱང་གི་སྒྲ་མི་སྙན་ལ་ལར་ནི། ཡན་ལག་དགུ་པའི་མདོ་འཆང་བ་ལྟ་བུར་སྟོན་ཏེ། བཅོམ་ལྡན་འདས་ཀྱི་ཡན་ལག་དགུ་པའི་མདོ་གསུངས་པ ་འཆད་པརོ་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། རྟག་ཏུ་མདོ་དུ་མ་ལ་སོགས་པ་ཡང་འཆད་དོ།། བྱང་གི་སྒྲ་མི་སྙན་ལ་ལར་ནི། བསླབ་པའི་བཞི་ཚད་མེད་ངེས་པར་བྱེད ་པ་ལ་བུར་སྟོན་ཏེ། བསླབ་པའི་བཞི་ཚད་མེད་པ་ངེས་པར་འཆའ་བར་བྱེད་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། ཆོས་ཀྱི་ཕུང་པོ་བརྒྱ་ཁྲི་བཞི་སྟོང་གི་མདོ་དག ་ཀྱང་རྟག་ཏུ་བྱེད་ཅིང་། བསླབ་པའི་བཞི་དུ་མ་དག་ཀྱང་འཆའ་བར་བྱེད་དོ།། བྱང་གི་སྒྲ་མི་སྙན་ལ་ལར་ནི། བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་བརྟུལ་བ་ལྟ་བུར་སྟོན་ཏེ། ་བདུད་སྡེ་ཕམ་པར་བྱས་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བདུད་ཀྱི་འདུ་ཤེས་ཅིག་ཡང་མི་འབྱུང་སྟེ། ཉོན་མོངས་པའི་བདུད་དང་། ཕུང་པོའི་བདུད ་ལ་སོགས་པ་བདུད་བྱེ་བ་དུ་མ་དག་ཀྱང་རྟག་ཏུ་ཟད་པར་བྱེད་དོ།། བྱང་གི་སྒྲ་མི་སྙན་ལ་ལར་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ ་འབྲས་བུ་བཞི་ཐོབ་པ་ལྟ་བུར་སྟོན་ཏེ། འབྲས་བུ་བཞི་ཐོབ་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། འབྲས་བུ་བཞིའི་འདུ་ཤེས་ཀྱང་འབྱུང་སྟེ། འབྲས་བུའི་བྱ་བ་དུ ་མ་དག་ལ་ཡང་སྤྱོད་ཅིང་། ཕྱིར་མི་འོང་བ་ཡང་མ་ཡིན་ལ། སེམས་ཅན་རྣམས་ངེས་པར་བསྒྲལ་བའི་ཕྱིར། རྟག་ཏུ་སྲིད་པའི་ཡན་ལག་རྣམས་སུ་ཡང་འོང་ངོ་།། ་བྱང་གི་སྒྲ་མི་སྙན་ལ་ལར་ནི། ཡོན་གནས་ལྟ་བུར་སྟོན་ཏེ། འཇིག་རྟེན་ན་ཡོན་གནས་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། ཡོན་གནས་ཀྱི་ང་རྒྱལ་ལ་ཡང་མི་སྤྱོད ་ཏེ། ནམ་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོན་གནས་གྱུར་པ་དེའི་ཚེ། བདག་ཡོན་གནས་ཀྱི་འདུ་ཤེས་ལ་འཇུག་གོ་སྙམ་ནོ།། ་མ་གོས་པའི་སྤྱད་ལ་སྤྱོད་དོ།། བྱང་གི་སྒྲ་མི་སྙན་ལ་ལར་ནི། དགེ་འདུན་གྱི་དབེན་བྱེད་པ་ལྟ་བུར་སྟོན་ཏེ། དགེ་འདུན་གྱི་དབེན་བྱེད་པར་སེམས་ཅན་རྣམས་ཀྱིས་ཤེས ་ཀྱང་། སྔོན་གྱི་བསྐལ་པ་གྲངས་མེད་པ་ནས། དགེ་འདུན་གྱི་དབེན་སྔན་ཆད་མ་བྱས་ཏེ། དགེ་འདུན་ལ་ཕན་པ་སྒྲུབས་པར་སྤྱོད་པ་ཡིན་ནོ།། བྱང་གི་སྒྲ་མི་སྙན ་ལ་ལར་ནི། དེ་བཞིན་གཤེགས་པའི་ཞབས་ཀྱི་རེག་པའི་རྡུལ་གུད་དུ་འདོར་བར་བྱེད་པ་ལྟ་བུར་སྟོན་ཏེ། ཀྱེ་མ་ངུར་སྨྲིག་ཙམ་འཆང་ཞིང་མི་ཟད་པའི་ལས་བྱེད་པ ་ཞིག་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། ངུར་སྨྲིག་ཙམ་འཆང་བ་ཡང་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་སྟོན་པ་ཡང་ཡིན་ནོ།། ་དེ་ལ་སོགས་པ་གཞན་ཡང་དེ་བཞིན་གཤེགས་པའི་ཞབས་དྲུང་དུ་སྟོན་པ་ཐོས་ནས། ཀྱེ་མ་དགེ་སྦྱོང་གོའུ་ཏ་མ་ནི། བརྡ་ཕྲད་དཀའ་བ་ཤ་སྟག་ཟེར་རོ་ཞེས་འཕྱ་བ་ལྟ ་བུར་སྟོན་ཏེ། ཀྱེ་མ་གཡེངས་པ་ཤེས་རབ་བརྟུལ་བའི་དགེ་སློང་ཞིག་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ནས། དེ་བཞིན ་གཤེགས་པ་ནི་ཕན་པ་དང་བདེ་བ་བྱེད་པ་ཡང་ཡིན་ནོ།། བྱང་གི་སྒྲ་མི་སྙན་པ་ལ་ལར་ནི། དེ་བཞིན་གཤེགས་པ་རྣམས་ལ་ཟས་དུག་ཅན་དབུལ་ཞིང་། བསླབ ་པའི་བཞི་དང་། ཕམ་པའི་འགལ་བ་བྱེད་པ་ལྟ་བུར་སྟོན་ཏེ། ཕམ་པ་ཅན་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། སེམས་ཅན་ཐམས་ཅད་ཀྱིས་ཚུལ་ཁྲིམ ་ཀྱི་སྡོམ་པ་བསྐྱེད་པར་བྱེད་པ་ཡང་ཡིན་ནོ།། བྱང་གི་སྒྲ་མི་སྙན་ལ་ལར་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་མཛད་པ་མང་པོ་སྟོན་པ་ལྟ་བུར་སྟོན་ཏེ། ཡང ་དག་པར་སྟོན་པ་པོ་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། ཡང་དག་སྟོན་པ་པོ་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པའི་རྒྱན་བྱེད་པ་ཡིན་ནོ།། བྱང ་གི་སྔ་མི་སྙན་པ་ལ་ལར་ནི། ཉན་ཐོས་དང་། རང་སངས་རྒྱས་ཐོས་ཅད་ལྟ་བུར་བདག་ཉིད་སྟོན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཡིན་པར ་སེམས་ཅན་རྣམས་ཀྱིས་ཤེས་སོ།། བྱང་གི་སྒྲ་མི་སྙན་ལ་ལར་ནི། ཡོངས་སུ་མྱ་ངན་ལས་འདའ་བ་ལྟ་བུར་བདག་ཉིད་སྟོན་ཏེ།། ་ཡོངས་སུ་མྱ་ངན་ལས་འདས་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། སྔོན་ཆད་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པས་ནི། ནམ་ཀྱང་ཡོངས་སུ་མྱ་ངན་ལས་མ་འདས་སོ།། ། ་ལན་ཅིག་ཡོངས་སུ་མྱ་ངན་ལས་འདས་པས། ཡོངས་སུ་མྱ་ངན་ལས་འདས་པ་ཡང་མ་ཡིན་ཏེ། ལན་མང་དུ་མྱ་ངན་ལས་འདས་པས། ཡོངས་སུ་མྱ་ངན་ལས་འདའོ།། ་ལན་གྲངས་བྱེ་བ་ཕྲག་བརྒྱ་ཁྲི་བཞི་སྟོང་དུ། ཡོངས་སུ་མྱ་ངན་ལས་འདས་པས། ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ།། ལན་བྱེད་པ་ཕྲག་ཉི་ཁྲི་ཆིག་སྟོང་དུ། འདོད ་ཆགས་ལས་ཡོངས་སུ་མྱ་ངན་ལས་འདས་པས། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལ། འདོད་ཆགས་ལས་རྟེན་ཏེ། ཡོངས་སུ་མྱ་ངན་ལས་འདའ་བར་ཡང ་མ་ཡིན་ནོ།། ལན་བྱེ་བ་ཕྲག་ཉི་ཁྲི་ཆིག་སྟོང་དུ། ཞེ་སྡང་ལས་ཡོངས་སུ་མྱ་ངན་ལས་འདའོ།། ལན་བྱེ་བ་ཕྲག་ཉི་ཁྲི་ཆིག་སྟོང་དུ། གཏི་མུག་ལས་ཡོངས་སུ་མྱ་ངན་ལས ་འདས་སོ།། ལན་བྱེ་བ་ཕྲག་ཉི་ཁྲི་ཆིག་སྟོང་དུ། ཆ་མཉམ་པ་ལས་ཡོངས་སུ་མྱ་ངན་ལས་འདས་པས། ཡོངས་སུ་མྱ་ངན་ལས་འདས་པར་བྱེད་དེ། རྣམ་པ་བཞི་པོ ་འདི་ལྟ་བུས། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཆ་མཉམ ་པ་ལ་ཡང་མི་རྟེན་ཏེ། དེ་ལྟར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བཞི་པོ་དག་གིས། བསྐལ་པ་བྱེ་བ་ཕྲག་དུ་མ་ནས་བྱ་བ་མཐར་ཕྱིར་ཏེ། འདུལ་བའི་དབང ་གིས་ཡོངས་སུ་མྱ་ངན་ལས་འདའ་བ་ལྟ་བུར་སྟོན་ཏེ། མི་དགེ་བའི་ཕྱོགས་ཇི་སྙེད་ཡོད་པ་ཡོངས་སུ་མྱ་ངན་ལས་འདས་པ་ཡང་དེ་སྙེད་དེ་རྟག་ཏུ་སྐད་ཅིག་དང་། ཐང་ཅིག ་དང་། ཡུད་ཙམ་གྱིས་ཡོངས་སུ་མྱ་ངན་ལས་འདའོ།། དེ་བས་ན་རྣམ་པ་མང་པོ་དག་གི་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་ལ། གཏན་དུ་ཡོངས་སུ་མྱ་ལས་འདའ་བའི ་མིང་ཡང་མེད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་མི་འདའོ།། བྱང་གི་སྒྲ་མི་སྙན་ལ་ལར་ནི། བདུད་ཀྱི་ལས་བྱེད་པ་ལྟར་བདག་ཉིད་སྟོན་ཏེ། བདུད་སྡིག་ཅན་ཡིན་པར ་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བདུད་ཀྱི་ལས་ཀྱང་མི་བྱེད་དོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་འཇིགས་པ་ལ་སོགས་པ་མི་དགེ་བའི་ཕྱོགས ་ཇི་སྙེད་པ་དེ་སྙེད་ཀྱི་ལས་རྟག་ཏུ་བྱེད་ལ། ཤིན་ཏུ་གཅོད་པར་བྱེད་པའི་བདུད་ཀྱི་ལས་ལ་རྟེན་པ་ཡང་མ་ཡིན་ནོ།། འཛམ་བུ་གླིང་དང་། བྱང་གི་སྒྲ་མི་སྙན་དུ་ཇི་ལྟ་བ ་དེ་བཞིན་དུ། གླིང་ཐམས་ཅད་དུ་ཡང་སྦྱར་བར་བྱའོ།། རྒྱལ་ཆེན་བཞི་ལ་ལ་དག་ཏུ་འམ། དེ་བཞིན་དུ་སུམ་ཅུ་རྩ་སུམ་པའི་ཚོགས་ཀྱི་ཡོངས་སུ་བསྐོར་བའི་ནང་དུ ་ལྷའི་དབང་པོ་བརྒྱ་བྱིན་ལྟ་བུར་བདག་ཉིད་སྟོན་ཏེ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཡིན་པར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ཤེས་སོ།། འཇིག་རྟེན་སྐྱོང་བ་བན ་ལ་ཡང་དེ་བཞིན་དུ་སྦྱོར་རོ།། སྲིད་པ་ཐམས་ཅད་དུ་ཡང་། སྲིད་པ་ཐམས་ཅད་ཀྱི་ཚུལ་དུ་མངལ་དུ་སྐྱེས་པ་རྣམ་པར་སྟོན་ཏེ། ་སྲིད་པ་ཐམས་ཅད་ཀྱི་སེམས་ཅན་རྣམས། རང་རང་གི་གཟུགས་དང་འདྲ་བར་སེམས་སོ།། དེ་བཞིན་དུ་སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་རང་བཞིན་ཐམས་ཅད་དུ་ཡང་བདག ་ཉིད་སྟོན་ཅིང་། སེམས་ཅན་ཐམས་ཅད་ཀྱང་ཁམས་ཀྱི་འདུ་ཤེས་ལ་འཇུག་པར་བྱེད་ལ། སེམས་ཅན་གྱི་ཁམས་ལ་ཡང་མི་གནས་ཤིང་། ཆོས་ཀྱི་དབྱིངས་ཡིན་ལ། ་རྟག་ཏུ་ཆོས་ཀྱི་གཏམ་བྱེད་པར་ཡང་། སེམས་ཅན་རྣམས་ཀྱིས་ཤེས་སོ།། སྤྲིན་ཆེན་སྙིང་པོ་དེ་བས་ན། ཟབ་མོ་གཏན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི། འཇུག་པའི་གནས་ཀྱི་བཞི་ཅིག་ཏུ་ཆད་པ་མེད་དོ།། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཡུལ་གྱི་རྒྱུ་བ་ལ་རྒྱུ་བར་མི་བྱེད ་དོ།། འཇིག་རྟེན་དང་མཐུན་པར་འཇུག་པའི་བྱ་བ་དུ་མ་དང་། སེམས་ཅན་ཐམས་ཅད་ངེས་པར་བསྒྲལ་བའི་ཕྱིར་ནི་རྒྱུ་བར་མི་བྱེད་དེ། རྟག་ཏུ་འཇིག་རྟེན་ཐམས ་ཅད་དང་མཐུན་པར་འཇུག་ཅིང་། གང་དང་གང་དུ་འདུལ་བར་བྱ་བ་རྣམ་སྣང་བ་དེ་དང་དེར་ཡང་བདག་ཉིད་སྟོན་ཏེ། དེ་བས་ན་མཚན་མ་མེད་པའི་འདུ་ཤེས་ལ་སྤྱོད་པ ་ཞེས་བྱའོ།། གང་གིས་མཚན་མའི་དངོས་པོ་ངན་པོའི་འདུ་ཤེས་མཐོང་བ་དེས་ནི། ཡང་དག་པར་མཐོང་ངོ་ཞེས་ང་སླའོ།། ལྷ་མོ་དྲི་མ་མེད་པའི་འོད་འདིས། མནན། ་མ་མེད་པའི་ཡེ་ཤེས་སྟོན་པའི་དེ་བཞིན་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་། ཏིང་ངེ་འཛིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་འདི་སྟོན་པར་མཛད ་དོ།། དེ་ནས་སྤྲིན་ཆེན་སྙིང་པོས་གསོལ་བ། ཀྱེ་མ་བཅོམ་ལྡན་འདས་ལྷ་མོ་དྲི་མ་མེད་པའི་འོད་འདི་ནི་ཤིན་ཏུ་མཁས་ཏེ། ཕྲ་བ་ཤེས་པ་དང་ལྡན་ཞིང་། མཚན་མ་མ ་མཆིས་པའི་ཡེ་ཤེས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་བསྒོམ་པར་བགྱིད་དེ། ཤིན་ཏུ་ལེགས་པར་ཡང་དག་པར་མཐོང་བ་ལེགས་སོ།། དེ་ནས་དེའི་ཚེ། ་བཅོམ་ལྡན་འདས་ཐམས་ཅད་མཁྱེན་ཅིང་། ཐམས་ཅད་མཁྱེན་པ་དང་ལྡན་པས་འཛུམ་པ་མཛད་ནས་འོད་འཕྲོ་བ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ་དཀར་པོ་དང་། ལེབ་རྒན་དང་། ཤེལ་དང་། དངུལ་གྱི་ཁ་དོག་ཅན་དང་། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་བྱུང་སྟེ། འཇིག་རྟེན་གྱི་ཁམས་མཐའ་ཡས ་མུ་མེད་པར་འོད་ཀྱི་ཁྱབ་པར་གྱུར་ནས། ཚངས་པའི་འཇིག་རྟེན་ལ་ཐུག་པའི་བར་དུ་སོང་སྟེ། སླར་ཡང་ལོག་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱི་གཙུག་ཏུ་མི་སྣང་གྱུར་ཏོ།། དེའི་ས་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ལྡེག་རབ་ཏུ་ལྡེག་པར་གྱུར་ཏེ། རིགས ་ཀྱི་བུ་དཔེར་ན།། བྱང་གི་སྒྲ་མི་སྙན་གྱི་གླིང་རྟག་ཏུ་ཤིན་ཏུ་བརྒྱན་ཅིང་། ཁོ་ར་ཁོར་ཡུག་ནས། ཡོངས་སུ་བརྒྱན་པར་བྱས་པ་དེ་བཞིན་དུ། སྟོང་གསུམ་གྱི ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལེགས་པར་བརྒྱན་པ་མཐོང་ངོ་།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན ་ཆེན་སྙིང་པོར་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱོག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི ་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་དོན་མ་མཆིས་པར་འཛུམ་པ་མི་མཛད་ན། འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལག། ་ཅིའི་སླད་དུ་ནི་འོད་ཟེར་རྣམས་བྱུང་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་སྔ་མའི་ཚེ། ནུབ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་མར་གྱུར་པའི ་འོད་ཆེན་པོ་བྱུང་བ་མཐོང་ནས། ཁྱོད་ཀྱི་ཡིད་ལ་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་འདི་སུའི་སྔ་ལྟས་ལགས་ཞེས་ཟེར་བ་དེ་ཉིད་ཀྱི་དོན། སེམས་ཅན་ཐམས ་ཅད་ལ་ཕན་པའི་ཕྱིར་འཛུམ་པ་མཛད་དོ།། གསོལ་པ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མི་མཆོག་དེ་མཆིས་ཤིག་པར་བཀའ་སྩལ་དུ་གསོལ། བཀའ ་སྩལ་པ། བྱང་ཆུབ་སེམས་དཔའ་འདི་ནི། ནུབ་ཕྱོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཅེས་བྱ་བ ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བ་དེ་ན། དེ་ལྟར་འཚོ་ཞིང་བཞེས་ཏེ་ཆོས་ཀྱང་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་དེས་བཏང་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་གྱི་ཁམས་མི་མཇེད་ན། ད་ལྟར་འཛམ་བུའི་གླིང་བའི་མིའི་བསོད་ནམས་ཆུང་ངུ་རྣམས་ལ་ཕན ་པ་དང་བདེ་བ་དང་། ཡིད་དང་བ་བསྐྱེད་པར་བྱ་བའི་ཕྱིར། སྤྲིན་ཆེན་སྙིང་པོ་ཞེས་བྱ་བའི་སངས་རྒྱས་ཐམས་ཅད་ཀྱི་ཚུལ་གྱི་ཆོས་ཆེན་པོ་སྟོན་གྱིས། སོང་ལ་ཏིང ་ངེ་འཛིན་འདི་ཡང་ཟུང་ཅིག་ཅེས་གསུངས་སོ།། སྤྲིན་ཆེན་སྙིང་པོ་ཁྱོད་ཀྱིས་འདིའི་རང་བཞིན་གྱི་ལུས་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་འདིའི་རང ་བཞིན་གྱི་ལུས་ཀྱི་ངོ་བོ་ལ། དཔག་ཚད་ས་ཡ་ཕྲག་དགུ་དང་དགུ་འབུམ་མཆིས་ཏེ། ལུས་ཆེ་ཞིང་སྣང་བ་ཆེན་པོར་བདའ་བ་མཐོང་ལགས་ན། བཅོམ་ལྡན་འདས ་ཀྱེ་མ་བྱང་ཆུབ་སེམས་དཔའ་ལུས་ཆེ་བ་འདིའི་མིང་ནི་ཅི་ཞེས་བགྱི། གལ་ཏེ་ཐ་མལ་པའི་ལུས་འདི་འདྲ་བ་ལགས་ན། བསྒྱུར་ལུས་ཅི་དང་ཅི་འདྲ་བར་འགྱུར། ཇི་ལྟར ་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་མཆིས་པ། སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་འོད་མཐའ་ཡས་ཞེས་བྱ་བ་ཐབས་ལ་མཁས་པ་འདི་ནི། ལྷ་མོ་དྲི་མ་མེད་པའི་འོད་འདི་ལུང་བསྟན་པ་ཡོངས་སུ་བཟུང་བ་དང་། ་སེམས་ཅན་ཐམས་ཅད་ཡིད་དང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་བྱ་བ་དང་། ངེས་པར་བསྒྲལ་བ་དང་། ཏིང་ངེ་འཛིན་འདི་ལ ་མཆོད་བྱ་བའི་ཕྱིར་འོངས་སོ།། གསོལ་པ། ལྷ་མོ་དྲི་མ་མེད་པའི་འོད་གང་དུ་བུད་མེད་ཀྱི་ལུས་ལས་ལྡོག་པར་འགྱུར་བ། བ ་ལྡན་འདས་དེ་བཞིན་གཤེགས་པས་ལུང་བསྟན་དུ་གསོལ།། བཀའ་སྩལ་པ་སྤྲིན་ཆེན་སྙིང་པོ། བུད་མེད་ཀྱི་ལུས་ལས་གང་དུ་ལྡོག་པར་འགྱུར་ཞེས་དེ་ལྟར་མ་ལྟ་ཤིག་གསོལ ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟ་བུ་ལགས། བཀའ་སྩལ་པ། འདི་ནི་བུད་མེད་མ་ཡིན་ཏེ། ལྷ་མོ་དྲི་མ་མེད་པའི་འོད་འདི་ནི། བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས། ་བྱང་ཆུབ་སེམས་དཔའི་བྱ་བ་བྱེད་པ་ཡིན་ཏེ། སེམས་ཅན་འདུལ་བའི་དབང་གིས། བུད་མེད་ཀྱི་ལུས་འཛིན་པས་ན་འདི་ནི་ཐབས་ཀྱི་ལུས་ཡིན་པར་ལྟའོ།། ཏིང་ངེ་འཛིན་འདི་ལ ་གནས་པའི་བྱང་ཆུབ་སེམས་སེམས་དཔའ་ཆེན་པོ་ནི། རྟག་ཏུ་ཐབས་ཐམས་ཅད་ལ་འཇུག་པའི་ཕྱིར། སེམས་ཅན་གྱིས་སྨོན་ལམ་གྱི་སྨོན་པར་བྱེད་ན། འདོད་བཞིན་དུ་བུད ་མེད་ཀྱི་འདུ་ཤེས་ལ་འཇུག་གོ།། དེ་ལྟར་བུད་མེད་ཀྱི་ལུས་བསྒྲུབ་པའི་བསམ་པ་ལ་འཇུག་ཀྱང་། འདོད་པའི་སེམས་ཀྱིས་གོས་པར་མི་འགྱུར་ཞིང་། འདྲེས་པར་ཡང་མི་འགྱུར་རོ།། ་གསོལ་བ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ། ལྷ་མོ་དྲི་མ་མེད་པའི་འོད་འདི་ལུང་བསྟན་པ། རིགས་དང་གྲོང་དང་བཅས་པར་ཆོག་བཞིན་དུ། བཅོམ་ལྡན་འདས ་ཀྱིས་འདིར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་དྲི་མ་མེད་པའི་འོད་འདི་ནི། ང་ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ། ་ལོ་བདུན་བརྒྱ་ལོན་པ་ན། ལྷོ་ཕྱོགས་ཀྱི་རྒྱུད་དུ་ཡུལ་འཁོར་མུན་པ་ཅན་ཞེས་བྱ་བར་ཞིག་འབྱུང་བར་འགྱུར་ཏེ། ཡུལ་འཁོར་ཆེན་པོ་དེ་ན། ཆུ་ཀླུང་ནག་པོ་བཟང་ཞེས་བྱ་བ་ཞིག་ཡོད ་པ་དེའི་ལྷོ་ཕྱོགས་ཀྱི་འགྲམ་ན། གྲོང་ཁྱེར་དཔལ་ཡོན་ཏན་ངེས་པ་ཞེས་བྱ་བར་ཁམས་ཀྱི་རྒྱལ་པོ་བདེ་སྤྱོད་ཅེས་བྱ་བའི་རིགས་སུ་འབྱུང་བར་འགྱུར་ཏེ། ཁམས་ཀྱི་རྒྱལ ་པོ་དེའི་རིགས་མི་རབས་གསུམ་ལོན་པ་ན། རྒྱལ་པོ་དཔལ་འཕེལ་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། རྒྱལ་པོ་དེའི་བུ་མོ་སྙིང་དུ་སྡུག་ཅིང་བྱམས་ལ་ཡིད་དུ་འོང་བ་དང་། ་གནང་བ་དང་། མཆོག་ཏུ་མཛེས་ཤིང་གཟུགས་བཟང་བ། རིགས་ཀྱི་སྤྱོད་པའི་ཚུལ་ཕུན་སུམ་ཚོགས་པ། སྐྱོང་བའི་རང་བཞིན་ཅན་དུ་སྐྱེ་བར་འགྱུར་ཏེ། དེའི་ཚེ ་དེའི་དུས་ན། བུ་མོ་དེ་ཇི་ཙམ་དུ་སྐྱེས་པ་དེ་ཙམ་དུ། བདག་ཉིད་ཀྱི་རྒྱལ་པོའི་ཕོ་བྲང་འཁོར་འཕེལ་བར་བྱེད་དེ། རྒྱལ་པོའི་ཕོ་བྲང་འཁོར་དེ་འབྱོར་ཅིང་རྒྱས་པར ་འགྱུར་རོ།། དེ་བཞིན་མུན་པ་ཅན་གྱི་ཡུལ་འཁོར་ཡང་དེའི་ཚེ་འབྱོར་ཞིང་རྒྱས་པར་འགྱུར་རོ།། སྐྱེ་བོ་མང་པོས་ཀྱང་གང་བར་འགྱུར་རོ།། འབྲུ་རྣམས་ཀྱི་ལོ་ཐོག་ཀྱང ་ཤིན་ཏུ་ཕུན་སུམ་ཚོགས་པར་འགྱུར་རོ།། མི་རྣམས་ཀྱང་བདེན་པར་སྨྲ་བར་འགྱུར་རོ།། ནད་མེད་པ་དང་། འཇིགས་པ་མེད་པ་དང་། བདེ་བར་ཡང་འགྱུར་རོ།། དེ ་ནས་བུ་མེའི་བ་རྒྱལ་པོ་དཔལ་འཕེལ་གྱིས་བདག་ཉིད་ཀྱིས་བསོད་ནམས་ཀྱིས། གྲོང་ཁྱེར་དང་། ཡུལ་འཁོར་འབྱོར་ཅིང་རྒྱས་པ། ཡུལ་གྱི་མི་རྣམས་ཤིན ་ཏུ་ལེགས་པར་འཁོད་པ་དང་། འབྲུ་ཤིན་ཏུ་སྣ་ཚོགས་པར་མཐོང་ནས། བདག་ཉིད་ཀྱི་བུ་མེའི་མིང་ལོ་ཐོག་མ་ཞེས་ཡོན་ཏན་དང ་མཐུན་པའི་མིང་འདོགས་སོ།། དེ་ནས་རིམས་ཀྱི་རྒྱལ་པོ་དཔལ་འཕེལ་རང་གི་བསོད་ནམས་ཟད་ནས། འཆི་བའི་དུས་བྱེད་པར་འགྱུར་རོ།། དེ་ནས་གྲོང་ཁྱེར་དང་། ་གྲོང་རྡལ་དང་། ཡུལ་གྱི་མི་ཐམས་ཅད་འདུས་ཏེ། གཞོན་ནུ་རྒྱལ་པོ་ནུས་པ་འགའ་ཡིད་མེད་ཀྱིས། ལྷ་མོ་ལོ་ཐོག་འབྱོར་མ་འདི་ཉིད་རྒྱལ་པོར་དབང་སྐུར་ལ། ་རྒྱལ་པོའི་ཕོ་བྲང་དུ་དེ་འདྲ་བའི་གཞོན་ནུ་འགའ་ཞིག་མིང་ཁྱེར་ཙམ་དུ་བཞག་སྟེ། དེ་ལྟར་བྱས་ན་ལེགས་སོ་སྙམ་མོ།། དེ་ནས་ལྷ་མོ་དེ་དང་རྒྱལ་བུ་གཞོན་ནུ་དེ་རྒྱལ ་པོ་བྱེད་དུ་བཅུག་སྟེ། པོ་འུད་ཏི་ལོ་འུང་ཏི་བཞིན་དུ་མཉམ་གཏགས་ནས། བདག་ཉིད་ཀྱི་ཡུལ་དུ་བདག་ཉིད་ཀྱིས། བུད་མེད་ཀྱི་གཟུགས་ཀྱིས་རྒྱལ་སྲིད་ཆེན་པོ ་ཡོངས་སུ་སྤྱད་དེ། མུ་སྟེགས་ཅན་ངན་པའི་སྡེ་མངོན་པར་འདུལ་བར་བྱེད་ཅིང་། འཛམ་བུའི་གླིང་གི་ས་གཞི་ཐམས་ཅད་དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་མངོན ་མཚན་ཅན་དུ་བྱས་ནས། བཀུར་བསྟིར་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད། རིན་པོ་ཆེ་ཐམས་ཅད་ཀྱི་གདུགས་ཆེན་པོ་དང་། རིན་པོ་ཆེ་ཐམས ་ཅད་ཀྱི་བ་དན་རྣམས་དང་། རིན་པོ་ཆེ་ཐམས་ཅད་ཀྱིས་རྣམ་པར་རྒྱལ་བའི་བ་དན་རྣམས་དང་། སྤོས་ཐམས་ཅད་ཀྱི་བསྒོས་པའི་ཙན་དན་གྱི་ཕྱེ་མ་དང་། སྤོས་དང་། ་མེ་ཏོག་ཐམས་ཅད་དང་། རྔ་བ་ཏ་ཧ་དང་། ཁར་རྔ་དང་། རྫ་རྔ་དང་། པི་ཝ་དང་། གླིང་བུ་དང་། སིལ་སྙན་བརྒྱ་ཕྲག་ཐམས་ཅད་ཀྱིས་མཆོད་པ་བྱས་ནས། ་འཛམ་བུ་གླིང་ཐམས་ཅད་ཀྱིས་མཆོད་པ་བྱས་ནས། འཛམ་བུའི་གླིང་ཐམས་ཅད་བསྐོར་ཏེ། དགེ་སློང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་རྣམས་ལ། ཆོས ་གོས་དང་། བསོད་སྙོམས་དང་། མལ་བསྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་དང་ལྡན་པར་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱོད་པ་སྤྱོད་ཅིང ་རྟག་ཏུ་བསླབ་པའི་བཞི་ལྔ་བཟུང་ནས། དབུལ་པོ་ལ་སོགས་པའི་ཁྱིམ་ཀོལ་གྱི་སེམས་ཅན་ཐམས་ཅད་གང་དང་གང་ལ། ཅི་དང་ཅིས་དོན་དུ་འགྱུར་པ་དེ་དང་དེ་ལ་དེ ་དང་དེ་བྱིན་ནས། འདུ་ཤེས་བཅུའི་སྡུ་བས་བསྡུས་ཏེ། སྤྲོད་པར་བྱེད་ཅིང་། སེམས་ཅན་བྱེ་བ་ཕྲག་མང་པོ་དག་རིམས་བཞིན་དུ་བཏུལ་ཏེ་སེམས་ཅན་དེ་དག་གི ་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་ཤེས་ནས། སྤྲིན་ཆེན་སྙིང་པོའི་མདོ་འདི་ལ་སོགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ། མཚུངས ་པ་མེད་པའི་མདོ་རིན་པོ་ཆེའི་དམ་པའི་ཆོས་བསྟན་པ། འབྱུང་བར་བྱ་བའི་ཕྱིར་ཅིའི་ཐབས་ཀྱིས་ཀྱང་མཚུངས་པ་མེད་པའི་སྒྲ་སྒྲོག་པར་བྱེད་ཅིང་། མཚུངས་པ ་མེད་པའི་གླེགས་བམ་བྲིས་པའི་སྣོད།། སངས་རྒྱས་ཀྱི་གང་དང་གང་དུ་བྱིན་གྱིས་བརླབས་པའི་གནས་རྣམས་སུ་གནས་པར་བྱེད་དོ།། དེ་ལྟར་མཚུངས་པ་མེད ་པའི་ས་བོན་སྐྱེད་ནས། དེའི་འོག་ཏུ་འཆི་བའི་དུས་བྱེད་པར་འགྱུར་རོ།། དེའི་ཚེ་ལྷ་མོ་ལོ་ཐོག་འབྱོར་མ་ཤེས་རབ་ཆེན་མོ་བཀྲ ་མཁས་པ་བཟང་མོ་ཤེས་པ་དང་ལྡན་པའི་ལྷ་མོ་བུད་མེད་ཀྱི་ལུས་ལས་ལྡོག་པར་འགྱུར་རོ།། སྤྲིན་ཆེན་སྙིང་པོས་གསོལ་པ། བཅོམ་ལྡན་འདས་ཅི་ལྷ་མོ་འདི ་སེམས་ཅན་ཐམས་ཅད་ཀྱི་དང་པ་སྐྱེད་པའི་སླད་དུ། ཆོ་འཕྲུལ་ཆེན་པོ་བགྱིས་ནས། ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་རམ། བཀའ་སྩལ་པ། ་ཆེན་མེང་པོ་སེ་མ་མོ་འདི་ཚེ་འཕྲུལ་ཆེན་པོ་བྱེད་མི་ནུས་ཞེས་ཁྱོད་སླ་འམ།། བཅོམ་ལྡན་འདས་དོན་མ་ལགས་སོ།། བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་ལྷ་མོ་འདི་ནི་འཕྲུལ་ཆེན་པོ ་སྐྱོན་མི་ནུས་སོ་ཞེས་དེ་སྐད་མ་ཟེར་ཅིག། འོན་ཀྱང་འདུལ་བའི་དབང་གིས་ནི་མི་འདོད་དོ།། དེ་ཅིའི་ཕྱིར་ཞེ་ན། འཛམ་བུའི་གླིང་འདི་ནི། ལྷ་མོ་འདི་ལ་སོགས་པ་དགེ་སློང་ངམ། ་དགེ་སློང་མ་ཚུལ་ཁྲིམས་དང་ལྡན་པར་གྱུར་ནས། ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་བའི་སེམས་ཅན་དེ་གང་ཡང་མེད་དེ།། དེ་ནི་གནས་མེད་དོ།། སྤྲིན་ཆེན་སྙིང་པོ་དེ་བས ་མཛེས་པའི་སེམས་ཅན་པ་སས་ཆུང་དུ་ཐམས་ཀྱི་ཀྱི་ང་པ་བསྐྱེད་པ་འབྱུར་བ་འདི་ལས་བྱུང་རྒྱུབ་སེ་པ་དང་མས་སྲང་བལྡན་པར་བྱེད་། ཞེས ་སྨིན་ཆེན་མིང་པོ་ས། མོ་འང་བུང་མེད་ཀྱི་ལུས་ལས་བཟློག་ནས། དེ་བཞིན་གཤེགས་པ་འོད་པག་མེད་ཀྱི་ལངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ལམས་མེད་པ་ཅར་དུ་ཟླ་བཡི་པར ་འགྱུར་ཏེ། འཇིག་རྟེན་གྱི་ཁམས་དེར་བདེ་བ་ཉམས་སུ་མྱོང་ནས། རིམས་ཀྱིས་སངས་རྒྱས་སུ་འགྱུར་རོ།། གསོལ་པ། བཅོམ་ལྡན་འདས་ཐབས་ལ་མཁས་པ་དང་ལྡན་པའི ་ལྷ་མོ་འདི། ཡུན་ཇི་སྲིད་ཅིག་ནས་སངས་རྒྱས་སུ་འགྱུར། འདིའི་མིང་ཡང་ཇི་སྐད་ཅེས་བྱ་བར་འགྱུར། བཅོམ་ལྡན་འདས་དེའི་འཇིག་རྟེན་གྱི་ཁམས་ནི་ཇི་འདྲ་བར་འགྱུར། ་བཀའ་སྩལ་པ། ལྷ་མོ་འདི་ནི་བསྐལ་པ་ཕྲག་གྲངས་མེད་པ་ལྔ་བརྒྱ་འདས་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་མངོན་པར་འཚང་རྒྱ་བར་འགྱུར་རོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་པ་དང་ཞབས་སུ་ལྡན་པ།། བདེ་བར་གཤེགས ་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གཙང་ཞིང་བདེ་བའི་མཚམས་འཕེལ ་བར་མཛད་པ་ཞེས་བྱ་བར་འགྱུར་རོ།། འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཡང་། འཇིག་རྟེན་གྱི་ཁམས་གཙང་མ་སྦྱོར་བ་ཞེས་བྱ་བར་འགྱུར་རོ།། བསྐལ་པ་ནི་གཙང་ཞིང་བདེ ་བའི་མཚམས་ཤེས་བྱ་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་གཙང་མ་སྦྱོར་བ་དེ་འབྱོར་པར་འགྱུར། རྒྱས་པར་འགྱུར། བདེ་བ་དང་། ཉམས་དགའ་བ་དང་། ལོ་ལེག ་བ་དང་། སྐྱེ་བོ་དང་མི་མང་པོས་གང་བར་འགྱུར་རོ།། འབྱོར་ཅིང་རྒྱས་པར་འགྱུར་བ་དེའི་ཚེ། འཛམ་བུ་གླིང་འདིར་གྲོང་ཁྱེར་གཙང་མ་གསུམ་ལྡན་ཞེས་བྱ་བ་གཅིག་འབྱུང ་བར་འགྱུར་ཏེ། གྲོང་ཁྱེར་གཙང་མ་གསུམ་ལྡན་དུ། མི་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་བརྒྱད་འབྱུང་བར་འགྱུར་རོ།། དཔེ་མེད་པའི ་གྲོང་ཁྱེར་དེར། ར་བ་དང་། ཡང་རྟོགས་དང་། བླ་ཚོགས་དང་། འོབས་དཔེ་མེད་པ་དག་འབྱུང་བར་འགྱུར་རོ།། དག་ཅིང་ཉོན་མོངས་པ་ཞི་བར་བྱེད་པའི་ཆུ་ཀླུང་ནག ་པོ་བཟང་ཞེས་བྱ་བ་ནི། དེའི་ཚེ་གཙང་མ་བཟང་པོ་ཞེས་བྱ་བར་འགྱུར་ཏེ། འགྲམ་ཕ་རོལ་ཚུ་རོལ་དཔེ་མེད་པའི་ཤིང་ལྗོན་པའི་ཀུན་དགའ་ར་བ་ཉམས་དགའ་བ་དང་ལྡན ་བར་འགྱུར་རོ།། འཇིག་རྟེན་གྱི་ཁམས་གཙང་མ་སྦྱོར་བ་དེ་ཡང་། འདི་ལྟ་སྟེ་དཔེར་ན། དགའ་ལྡན་གྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་བཞིན་ཏེ། ་རི་དང་། རྡོ་དང་། བོང་བ་དང་། གྱོ་མོ་དང་། གསེགས་མ་ལ་སོགས་པ་མེད་པར་འགྱུར་ཞིང་། མུ་སྟེགས་ཅན་གྱི་མིང་ཡང་མེད་པར་འགྱུར་རོ།། ཉན་ཐོས་དང་རང ་སངས་རྒྱས་ཐམས་ཅད་ཀྱི་མིང་ཡང་མི་གྲག་པར་འགྱུར་རོ།། སྐྱེས་པ་དང་། བུད་མེད་དག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཡང་འབྱུང་བར་འགྱུར་རོ།། དེ་ན་ཉན ་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པའི་གཏམ་གྱི་མིང་ཡང་མེད་དེ། ཐེག་པ་ཆེན་པོའི་མདོའི་གཏམ་རྒྱས་པར་སྟོན་པར་འགྱུར་ཏེ། གདུད་དང་ཕྱིར་རྒོལ་བ་བཅོམ ་པའི་སེམས་ཅན་རྣམས་འབྱུང་བར་འགྱུར་རོ།། དག་ཅིང་བཟོད་པ་ཆེན་པོའི་རྙེད་པ་ཐོབ་པ་དག་ཀྱང་འབྱུང་བར་འགྱུར་རོ།། ས་གཞི་ཡང་ནོར་བུ་རིན་པོ་ཆེ་ཐམས་ཅད་ལ ་ཡོངས་སུ་གྲུབ་པར་འགྱུར་ཏེ། འཛམ་བུ་ཆུ་བོའི་གསེར་གྱི་མེ་ཏོག་དང་། པདྨ་ཐམས་ཅད་ཀྱིས་སྤྲས་པར་འགྱུར་རོ།། དེ་བཞིན་གཤེགས་པ་དེ་ཡང་ཚེ་དཔག་ཏུ་མེད་པར ་འགྱུར་རོ།། དེ་བཞིན་དུ་མི་རྣམས་ཀྱི་ཚེ་ཡང་ཚད་མེད་པར་འགྱུར་རོ།། དེ་བཞིན་གཤེགས་པ་དེ་ནི། གྲོང་ཁྱེར་གཙང་མ་གསུང་ལྡན་དུ་ཞུགས་པར་འགྱུར་རོ།། བཅོམ ་ལྡན་འདས་དེའི་ཚེ། སྨོན་ལམ་གྱི་ཁྱད་པར་བགྱིད་ན། མ་འོངས་པའི་སེམས་ཅན་གྱི་ཚོགས་མང་པོ་དག་གིས། དེ་བཞིན་གཤེགས་པ་དེའི་མཚན་ཐོས་པ་ཙམ ་གྱིས། རང་གི་ལུས་ལས་ཤི་འཕོས་མ་ཐག་ཏུ། འཇིག་རྟེན་གྱི་ཁམས་གཙང་མ་སྦྱོར་བ་དེར། གྲོང་ཁྱེར་གཙང་མ་གསུང་ལྡན་དུ་སྐྱེ་བར་འགྱུར་ཞེས་ང་སྨྲའོ།། ངན ་སོང་བཞི་ཡང་དེ་དག་གི་སྤྱོད་ཡུལ་གྱི་སར་མི་འགྱུར་རོ།། སྤྲིན་ཆེན་སྙིང་པོ་དེ་བས་ན། ང་ནི་བཅོམ་ལྡན་འདས་དེའི་འཇིག་རྟེན་གྱི་ཁམས་གཙང་མ་སྦྱོར་བ་དང་། བསྐལ ་པ་གཙང་ཞིང་བདེ་བའི་མཚམས་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་གཙང་ཞིང་བདེ་བའི་མཚམས་འཕེལ་བར་མཛད་པ་ཞེས་བྱ་བའི་ཡོན་ཏན་གསུང་བ་སྨྲའོ།། ་དེ་ནས་འཁོར་ཆེན་པོའི་ནང་ནས། ལྷ་དང་། མིའི་ཚོགས་ཚད་མེད་པས། བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོའི་ལས་བྱས་ཏེ། གར་བྱས་གླུ་བླངས་ནས། ་བཅོམ་ལྡན་འདས་དེའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སེམས་བསྐྱེད་དོ།། འདི་ནི་མ་འོངས་པའི་སེམས་ཅན་བྱེ་བ་སྙེད་དག་ལུང་སྟོན་པ། སྤྲིན་ཆེན་པོའི་མདོ། ་ཚེག་པར་བརྒྱད་པར་སྦྱར་བའི་ལེའུ་འབུམ་པ་ལས། ལུང་བསྟན་པའི་རྒྱུད་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ ་སྐད་ཅེས་བཀའ་སྩལ་ནས། སྤྲིན་ཆེན་སྙིང་པོ་ལ་སོགས་པ། ལྷ་དང་། ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་རྣམས་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར ་བསྟོད་དོ།། ། འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་སུ་རེན ་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དྷེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ། ཞང་བཙུན་དྲི་མེད་དང་། ཞང་བཙུན་བློ་གྲོས་དབང་ཕྱུག་གིས ་ཞུས།། ། ་