CLOSE WINDOW

F212: 'phags pa chos kyi phung po zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

ཞེས་མཆི།། དཀའ་ཐུབ་ཅན་བདག་དཀའ་ཐུབ་ཅན་མིན་གྱུར།། ཉམ་ཆུང་ལུས་ལ་ལྤགས་པ་ཙམ་ཞིག་ལས།། བདག་འཁོགས་བདག་སྐམས་བདེ་བ་རྣམས་ལས ་ཉམས།། བདག་ཅག་རྫུ་འཕྲུལ་ཐོབ་པར་གྱུར་མ་ཡིན། ཡི་གེ་མ་མཆིས་རྫུ་འཕྲུལ་གསུམ་རྣམས་ཀྱི།། བསྟན་པའི་དགྲ་རྣམས་མོག་མོག་གྱུར་པར་མཛད།། བསྟན་པའི་འདྲེན་པ ་ཁྱོད་ཀྱིས་དེ་རིང་ནི།། སངས་རྒྱས་སྲས་ལ་དུས་སྟོན་ཆེན་པོ་མཛད།། འཁོར་འདི་ཐམས་ཅད་ཐེ་ཙོམ་འཚལ་བར་འགྱུར།། དགའ་བ་སྐྱེས་ཤིང་སེམས་ཀྱང་རབ་དཀའ་སྟེ།། གང་ཞིག ་གནས་ནས་ལྷ་ཚོགས་བདག་ཅག་ཀྱང་།། འཇིག་རྟེན་མགོན་པོ་སངས་རྒྱས་གྱུར་ཅི་མཆི།། འཇམ་དབྱངས་སངས་རྒྱས་མང་པོ་གཉེན་བཀུར་བགྱིས།། སངས་རྒྱས་སྲས་པོ་མཐའ ་ཡས་རྣམས་ཀྱིས་བསྐོར།། འཇམ་པའི་དབྱངས་ནི་འཁོར་གྱི་ནང་ན་མཆིས།། ཆོས་འཕྲུལ་རྣམ་པར་ཕྱེ་སྟེ་བསྟན་དུ་གསོལ།། འདི་དག་ཆོས་ནི་གང་གི་ལྟས་ཤིག་ལགས།། ཐུ ་པ་ཆོས་ནི་གང་ཞིག་གསུངས་པར་བཞེད།། འཁོར་འདི་ཐམས་ཅད་འཁོད་ཅིང་མཆིས་ལགས་ན།། སེམས་ཅན་ཐུག་རྩེའི་སླད་དུ་བདག་ལ་གསུངས།། དེ་ནས་སངས་རྒྱས་ཀྱི་བྱིན་གྱིས་རླབས ་ཀྱིས་འཁོར་དེའི་ནང་ནས།། དྲང་སྲོང་ཆེན་པོ་མེ་སྒྲོན་ཞེས་བྱ་བ་གཅིག་གིས་བྱང་ཆུབ་སེམས་དཔའ་རྒྱལ་བའི་ཕུང་པོ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་གཞོན་ནུ་རེ་ཤིག་ཁ་རོག་ཤིག། ཁ་བོས་དྲི ་བདྲི་བར་བྱའོ།། གལ་ཏེ་ཁོའི་དྲི་བ་ཁོང་དུ་ཆུད་པར་བྱེད་ན་ནི། དེ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་མིང་དང་མཐུན་ནོ།། འོན་ཏེ་སྲེད་མེད་ཀྱི་བུ་དང་དབང་ཕྱུག་ཆེན་པོ་ཕྱུང་བའི་འགྲོ་ལྡིང་བའི ་རྣམས་ཀྱིས་སྤྲུལ་པ་བྱེད་དུ་ཟད་ན་ནི། འདིར་ངོ་མཚར་ཡང་མི་ཆེ་སྟེ། སྐྱེས་བུ་ངན་པ་དང་། སྒྱུ་མ་མཁན་རྣམས་ཀྱིས་འདི་གྲུབ་བོ།། དེ་ནས་བཅོམ་ལྡན་འདས་ཀྱིས། འཛུམ་པའི ་ཞལ་གྱིས་དྲང་སྲོང་གི་ཚོགས་ལ་ཀུན་ཏུ་གཟིག་ནས། དྲང་སྲོང་ཆེན་པོ་མེ་སྒྲོན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚེ་དང་ལྡན་པ་དྲང་སྲོང་ཆེན་པོ་ཅི་ནུས་ཀྱིས་དྲི་བ་དྲིས་ཤིང་། ་དང་། རྣམ་པར་སྦྱང་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་དྲང་སྲོང་ཆེན་པོ་མེ་སྒྲོན་གྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་གོའུ་ཏམ་སེམས་ཅན་གྱི་སྐྱེ་བ་གང་ནས་བྱུང་། ་ཅིའི་སླད་དུ་སྐལ་པས་བསྲེག་པར་འགྱུར།། སེམས་ཅན་རྣམས་གནས་གང་དུ་འདུ་བར་འགྱུར། ནང་ན་སེམས་ཅན་ཕྲ་བ་ཁྲུ་གང་ཙམ་འམ། མཐོ་གང་ཙམ་འམ། འཛུབ ་མོ་ཙམ་འམ། མཐེ་བོ་ཙམ་འམ། ནས་དང་གྲོ་དང་། མོན་སྲན་གྲེའུ་དང་། ཏིལ་དང་། ཡུངས་འབྲུ་ཙམ་འམ། སེམས་ཅན་ཇི་ཙམ་ཞིག་ནང་ན་མཆིས་བཀའ་སྩོལ་ཅིག། དེ་ནས ་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཆེན་པོ་མེ་སྒྲོན་ལ་དྲང་སྲོང་ཆེན་པོ་ལེགསོ་ཞེས་བྱ་བ་བྱིན་ནོ།། དྲང་སྲོང་ཆེན་པོ་ཆེ་སྐལ་པ་དྲུག་བཅུ་པའི་དྲི་བ་འདི་ནི་མཐུན་པའོ།། དེ་ནས་དྲང ་སྲོང་ཆེན་པོ་རྣམས་ངོ་མཚར་ཏུ་གྱུར་ཏེ། དྲང་སྲོང་ཆེན་པོ་མེ་སྒྲོན་གྱི་ཚེའི་ཚད་ནི་མ་བརྗོད་པར་བདག་ཅག་ལྷན་ཅིག་གནས་པ་རྣམས་ཀྱིས་ཀྱང་མ་ཤེས་ན། འདིས་ཇི་ལྟར་ཤེས ་སྙམ་མོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བཤད་དོ།། སྐྱོང་ཆེན་པོ་གང་ལ་ལ་སེམས་ཅ ་བུ་མོས་སྨྲས་པ་བཙུན་པ་ཤ་ར་དྭ་ཏིའི་བུ་བདག་ཀྱང་སུག་པ་ན་མཁའ་ལས་འདེག་ཅིང་ན་མཁའ་ཉིད་ལ་འཇོག་པར་བགྱིད་དེ་ན་མཁའི་ཁམས་ལ་ནིཿ ་དད་པ་ཅུང་ཟད་ཀྱང་མ་མཆིས་པས། བཙུན་པ་ཤ་ར་དདྭ་ཏིའི་བུ་བདག་གིས་འདི་སྐད་དུ་ཁྱོད་གང་དུ་བཞུད་པ་དེ་ཉིད་དེ་བདག་ཀྱང་མཆི་ལག་སོ་ཞེས་སྨྲས་སོ།། བཙུན་པ་ཤ་ར་དྭ་ཏིའི ་བུ་ཁྱོད་གང་ན་གཤེགས། ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་ཁོ་བོ་ནི་མྱ་ངན་ལས་འདས་པར་འགྲོའོ།། བུ་མོ་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ཆོས་མྱ་ངན་ལས་འདས་པར ་མཆི་བ་ལགས་པས། བདག་ཀྱང་དེར་མཆི་བ་ལགས་སམ། ཤ་ར་དྭ་ཏིའི་བུ་སྨྲས་པ། བུ་མོ་གལ་ཏེ་ཆོས་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པར་འགྲོ་བ་ཡིན་ན། འོན ་ཁྱོད་ཅིའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པར་མི་འགྲོ།། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ཡོངས་སུ་མྱ་ངན་ལས་འདས་པར་ཕྱིན་པ་ནི་ཡོངས་སུ་མྱ་ངན་འདས་ཞིང་། ་ཡོངས་སུ་མྱ་ངན་ལས་འདས་པར་མཆི་བ་ལ་ནི་སྐྱེ་བ་དང་། འཇིག་པ་མ་མཆིས། ཡོངས་སུ་མྱ་ངན་ལས་འདས་པར་མཚོ་བ་ལ་མ་གཏོགས་པར་ཡང་གང་ཡོངས་སུ་མྱ་ངན་ལས་འདའ་བར ་འགྱུར་བ་འགའ་ཡང་མ་མཆིས་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། ཡོངས་སུ་མྱ་ངན་ལས་འདས་པར་མཆི་བ་ཉིད་ཡོངས་སུ་མྱ་ངན་ལས་འདས་པ་ལགས་པའི་སླད་དུའོ།། དེ་སྐད་ཅེས་སྨྲས་པ། ་དང་། ཚེ་དང་ལྡན་པ་ཤ་ར་ད་ཏིའི་བུས་བུ་མོ་ཟླ་མཆོག་ལ་འདི་སྐད་ཅེས་སྨྲས་སོ།། བུ་མོ་འོ་ན་ཅི་ཁྱོད་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཡིན། འོན་ཏེ་རང་སངས་རྒྱས་ཀྱི་ཐེག ་པ་གང་ལ་ཡང་དག་པར་ཞུགས་པ་ཡིན་ནམ། འོན་ཏེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནམ། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་གང་འདི་སྐད་དུ་ཁྱོད་ཐེག་པ་གང་ལ་ཡང ་དག་པར་ཞུགས་ཡིན། ཞེས་གསུང་བ་ནི། བཙུན་པ་ཤ་ར་དྭ་ཏིའི་བུ་དེའི་སླད་དུ་ཁྱོད་ཉིད་ལ་ཞུ་ཡིས་ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་གདབ་དུ་གསོལ། བཙུན་པ་ཤ་ར་ད་ཏིའི་བུ་ཁྱོད་ཀྱིས ་རྟོགས་པའི་ཆོས་གང་ལགས་པའི་ཆོས་དེ་ཅི་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཞིག་ལགས་སམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཤིག ་ལགས་སམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞིག་ལགས་སམ། ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་དེ་ནི་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་ལ་ནི་རྣམ་པར་རྟགས་པ ་འམ་སྤྲོས་པ་འགའ་ཡང་མེད་ལ། ཐ་དད་པ་ཉིད་ཀྱང་མ་ཡིན། གཅིག་པ་ཉིད་ཀྱང་མ་ཡིན། སྣ་ཚོགས་ཉིད་ཀྱང་མ་ཡིན་པའི་ཕྱིར་རོ།། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ ་དེའི་སླད་དུ་རྣམ་པར་རྟོག་པ་མ་མཆིས་པ་དང་། སྤྲོས་པ་མ་མཆིས་པའི་ཆོས་ཐམས་ཅད་དང་། ཐ་དད་དུ་དབྱེ་བ་མ་མཆིས་པའི་ཆོས་ཐམས་ཅད་ལ་ནི་གང་གནས་པར་འགྱུར་བ་འམ། ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བའི་ཆོས་དེ་དམིགས་སུ་མ་མཆིས་ལགས་སོ།། ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་ཁྱོད་ཀྱིས་སྤོབས་ནི་ངོ་མཚར་ནཱ་གཞན་ཡང་ཁྱོད ་ཀྱིས་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ལ་གཉེན་བཀུར་བྱས་བུ་མོས་སྨྲས་པ། བཙུན་པ་ཤ་ར་ད་ཏི་བུ་གང་འདི་སྐད་ཅེས་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ལ་གཉེན ་འཁོར་བ་ན་འཁོར་མོད་ཀྱི། འོན་ཀྱང་མཇམ་དཔལ་དེར་ངས་བྱང་ཆུབ་དང་། དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདས་གཟུང་ངོ་།། དེ་ནས་བཅོམ་ལྡན་འདས ་ཀྱིས་དོན་དེ་ཉིད་རྒྱ་ཆེར་སྟོན་པའི་ཕྱིར། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། འདི་དག་ལྡན་པ་འདྲེན་པར་འགྱུར་ཏེ་བློ་གྲོས་མཐའ་ཡས་བློ་གྲོས་མཆོག། ཕྱོགས ་བཅུའི་སངས་རྒྱས་བྱེ་བ་ཕྲག་བརྒྱ་མང་པོ་དག་གིས་དགོངས་པར་འགྱུར།། མདོ་སྡེ་བརྒྱའི་ཚུལ་དག་ཤིན་ཏུ་རབ་དབྱེ་བསམ་ཡས་དཔག་མེད་དེ།། མདོ་སྡེ་འདི་ལ་རབ་ཏུ་སྦྱོར ་བ་མི་ཟད་གཟུངས་ཐོབ་རྙེད་པར་འགྱུར།། འདི་ནི་ཡེ་ཤེས་ཏིང་འཛིན་རྣམ་པར་གདོན་མི་ཟ་བ་སྐད་ཀུན་སྒོ།། རབ་ཏུ་རྟོགས་དང་རྣམ་པར་གྲོལ་དང་ཆགས་མེད་འཛིན་པ་ཐམས་ཅད་ཞེ། ་མི་སྐྱེ་བ་དང་འགོག་དང་གཞི་མེད་མྱ་ངན་འདས་དང་རིམས་ནད་མེད།། སྟོབ་དང་མཚན་དང་དཔེ་བྱད་བཟང་དང་རྒྱལ་བའི་ཡོན་ཏན་ཀུན་སྒྲུབ་པ།། དབྱངས་ཀྱི་ཡན་ལག་ཀུན་དང་སྣ་ཚོགས ་མཐའ་ཡས་སྐད་རྣམས་ཡོངས་སུ་སྦྱོང་།། རྗེས་སུ་རྟོགས་དང་ཚིམ་པ་དང་ནི་སྦྱོངས་དང་འཛིན་པ་ཐམས་ཅད་བྲལ།། ཤིན་ཏུ་རྣམ་པར་ཤེས་དང་གདོན་མི་ཟ་མཆོག་ཉོན་མོངས་ཐམས ་ཅད་ཟད།། མདོ་སྡེ་འདི་ལ་རབ་ཏུ་སྦྱོར་བ་བྱང་ཆུབ་དྲུང་དུ་སོང་བ་ཡིན།། རྩེ་གཅིག་ཡིད་ཀྱིས་མངོན་གསུམ་དུ་ནི་འདི་ལ་ཚུལ་བཞིན་རབ་སྦྱོར་བ།། གཉིད་དང་ལེ་ལོ་མ་བྱེད་ཤེས་ཀྱིས་ཁེ་བདེ ་མངོན་པར་དགའ་མ་བྱེད།། རྟག་ཏུ་ཚུལ་ཁྲིམས་མཉེན་དང་ཕྲ་དོག་མེད་དང་བྱམས་པའི་ཡིད་དུ་བྱོས།། དགའ་བྱའི་ངང་ཚུལ་གུས་དང་བཅས་པས་ཏིང་འཛིན་མཆོག་འདི་རྙེད་པར ་འགྱུར།། མཉམ་སེམས་ཤིན་ཏུ་བསྡམས་དང་དྲང་པོ་རྟག་ཏུ་རྣམ་ཐར་དགའ་བ་དང་།། གནས་མེད་འདྲེས་མེད་ཤེས་ཀྱི་ཁེ་དང་བདེ་ལ་པདྨར་ཆུ་བཞིན་བྱོས།། ཇི་ལྟར་བྱ་བཞིནང་མེད ་མོས་པ་བརྟན་ཞིང་སྲིད་དང་གཡོ་མེད་པ།། དེ་ནི་ཕྱི་མའི་དུས་ན་གཟུངས་མཆོག་རྒྱལ་པོ་འདི་ནི་ཐོབ་པར་འགྱུར།། སྟོང་གསུམ་དག་ནི་རབ་ཏུ་གཡོས་ནས་ལྷ་བརྒྱ་སིལ་སྙན་དཀྲོལ་བ ་བྱེད།། ཁྱབ་ལས་ནི་བྱུག་པ་གོས་དང་ཕྱེ་མ་དག་དང་རྒྱལ་མཚན་རྒྱ།། མཛེས་ཕྲེང་འགུལ་བརྒྱན་རྣ་ཆ་ཟླ་གམ་དུང་དང་བདུབ་དོ་ཤལ་བརྒྱ།། ནོར་བུ་མུ་ཏིག་དཔུང་བརྒྱན་གཙུག་རྒྱན་སོར ་གདུག་སྣ་ཚོགས་འཐོར་བར་བྱེད།། ལྷ་དང་ལྷའི་བུ་མོ་ཀླུ་དང་དྲི་ཟ་མདབས་བཟངས་ཚོགས་མང་པོ།། ཁྭའ་ལྡིང་དང་ལྷ་མིན་དབང་པོ་དགེ་སྙེན་དགེ་སློང་བརྒྱ་མང་དང་།། དེ་བཞིན ་གཤེགས་པ་དགེ་སློང་དགེ་སྙེན་མ་ནི་མང་པོ་དགའ་འགྱུར་ལང་།། རང་གི་གོས་དག་དང་ནི་ང་རྒྱན་རྣམས་ཕུལ་ནས་བྱང་ཆུབ་སེམས་བསྐྱེད་དོ།། ཆོས་འདི་ཤིན་ཏུ་བསྟན་ཚེ་སེམས་ཅན་མང་པོ ་བྱང་ཆུབ་ཞུགས་པ་དང་།། ཁ་ཅིག་ཕྱིར་མི་ལྡོག་པར་གྱུར་པ་བསྟན་ཅིང་ཚད་གཟུང་ནུས་མ་ཡིན།། དགྲ་བཅོམ་པ་ཉིད་དུ་བཏུལ་བར་གྱུར་པ་མཐའ་ཡས་གང་ག་བྱེ་བ་སྙེད།། འདྲེན་པ་ལྟ ་ཕྱིར་ཞིང་ནི་བརྒྱ་ནས་ལྷགས་པ་དེ་དག་དགའ་ནས་དོང་།། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན།། སེམས་ཅན་གྲངས་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཏུ་ཡང་དག་པར་ཞུགས་སོ།། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་བརྒྱད་བཅུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ།། བྱང་ཆུབ་སེམ ་རྒྱ་གར་སྐད་དུ། ཨརྱ་དྷ་མ་ཀན་དྷོ་ན་ན་མ་ཧཱ་ཡན་སུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམ། ་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གི་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་སེར་སྐྱེའི་གནས་ན། ཤིང་ནྟེ་མྲྀ་དེའི་ཀུན་དགའ་བ་ན་དགེ་སློང་ལྔ་རྒྱ ་བདགེ་སློང་གི་དགེ་འདུན་ཅན་པ་མས་གཅིག་ཏུ་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཤབའི་འུ་དང་། དང་ལྡན་པ་མེའུ་འག་ཀྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པའང་ཟུང ་པ་དང་། ཚེདང་ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་སྒྲ་ཅན་རིན་བཅོམ་ལྡན་འདས་གལ་བ་དེར་སེངན་བྱིན་ནས། བཅོམ་ལྡན་འདས་གལ་བ་དེར་ཡང་ན་ཞབས་ལ་མན། ་བོས་ཕྱག་འཚལ་ཏེ། ཕྱོག་ཐནབ་ཏུ་འདུག་གོ།། ཕྱོགས་ཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཤརའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསལ་ཏེ།། བཅོམ་ལྡན་འ ་ཆོས་ཀྱི་ཕུང་པོ་ཞེས་བགྱི། དེ་བཞིན་གཤེགས་པས་ནས་ཀྱི་ཕུང་བ་ཚད་ཀྱི་རི་ཙམ་གྱི་ཆོས་ཀྱི་བྲང་བ་ནས་བཀའ་སྩལ། ཆོས་ཀྱི་ཕུང་བ་ཙམམ་ཞིག། ཆོས་ཀྱི་ཕུང་པོ་ནི་གང ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤ་རིའི་བུ་དེ་བཞིན་གཤེགས་པས་ཆོས་ཀྱི་ཕུང་པོ ་ནི་རྒྱ་ཁྲི་བཞི་སྟོང་དུ་གསུངས་ཏེ། ཤ་རིའི་བུ་དེ་ལ་ཆོས་ཐམས་ཅད་སྐྱེ་བ་མེད་པ་འདི་ནི་ཆོས་ཀྱི་ཕུང་པོའི་རྗེསུ་འཇུག་པ་དང་པོ་པ་ཡིན་ནོ།། ཤ་རིའི་བུ་ཆོས་འགའ་ཞིག་ལ་ཆོས ་མ། ས་གང་སྣང་རྒྱབ་འང་འགག་པ་ཞེས་ངང་སྔའོ།། ཙ་བྱོར་ཞེ་ན།། རོའི་རྣམས་ཐམས་ཅདན་སྐྱེ་བ་མད་པ་མས་ཅ་དང་། བགག་པ་མེད་པ་མ6། ་མེད་པའི་ཕྱིར་རོན་རིའི་བུ་འདི་ལྟ་སྟེ་དཔེར་ན། ས་ནིང་ནི་སྐྱེས་པ་འམ་བུད་མེད་ཅེས་རྗོད་པར་བྱ་བ་མ་ཡིན།། ། ད་ཅིའི་ཕྱིར་ཞེ་ན། ཤ་རིའི་བུར་ནི་སྐྱེས་པ་འམ་བུང་བྱེད་དུ། ་བདག་སུ་མེ་པ་འབྱེར་རོ། ཤརིའི་བུ་དེ་བཞིན་དུ་ཅེས་ཐམས་ས་ད་ད་པ་ཞི་གཤེགས་པཔ། བླན་མད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངེངོར་པར་རྫོགས་པར་སངས་རྒྱས་ཏེ། དེས ་ད་ས་ཀྱ་ག་རང་ཏུགས་ས།། ས་བཛིད་པར་མཇུག། ག་བུ་འདིས་སྐད་ག། རྣམསས་ནི་འདུ་པའི་བདང་ཆགས་སས་པ་ཡང ་བྱ་བའི་མིང་མི་ཐོབ་ཅིང་སྐྱེས་པའི་བུ་མེད་ཅེས། ་འད་པལ་རྟེན་པསངམ་ཅན། ཤར་འི་བྲི་དེ་དགགིས་བུ་མེད་སྡུག་གསཐང་ནས་དེད་ཆགས་ཀྱི་སེམས་སྐྱེས་པས། ཐམའ་ཞིང ་རྣམས་ལས་ཕལ་ཆེར་བྱིན་པ་ནད་ཀྱི་བཏབ་པར་འགྱུར་བྱིན་པ་འཇུག་པར་འགྱུར། བྱིན་པ་ཁར་ལྟ་བུར་འགྱུར། བཞིན་དམར་བར་འགྱུར་རོ།། ཤ་རིའི་བུ་འདི་ཇི་སྙམ་དུ་སེམས། ཟ་མ ་འམ་མ་ནིང་གང་ཡིན་པ་དེ་ས་ལ་མ་འགྱེལ་དེའི་ལུས་ལ་མཚོན་གྱི་མཏབ་པར་ཕྱིར་དེ་དག་བྱིན་པ་ན་པར་འགྱུར་སྙམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང ་ལྡན་པ་ཤ་རིའི་བུ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཟ་མ་འམ་མ་ནིང་ནི་ཙུན་མོ་འཁོར་སྲུང་བ་ལགས་ཏེ། དེ་དག་བུད་མེད་སྡུག་ག་མཐོང་ནས་འདོད་ཆགས་ཀྱི་སེམས ་སྐྱེས་ལག་སོ་དེ་དག་འདོད་ཆགས་ཀྱི་སེམས་ཀྱིས་ཉོན་མོངས་པ་ཁོལ་བར་འགྱུར་ཏེ། ཉོན་མོངས་པ་ཁོལ་བ་དེ་དག་གིས་ལུས་ཁུ་ཆུས་རྒྱས་པར་གྱུར་ནས། དེ་དག་འདོད་ཆགས ་ཀྱི་གདུང་བས་ཡོངས་སུ་གདུང་པ་ན། བྱིན་པ་ཤིན་ཏུ་གས་པར་འགྱུར་ལགས་ཏེ། དེ་ལྟར་དེ་དག་གི་ལུས་མ་རུང་བར་འགྱུར། ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ ་ལྡན་འདས་ཀྱིས་ཚེ་དང་ལྡན་ག་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤ་རིའི་བུ་ཟ་མ་འམན་ནིང་ལས་གང་དག་གི་བདེ་འགྲོམཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བ་ནི་ཏང་། ་མ་མ་ས་ད ་དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་ནི་དངོས་པོ་མེད་པར་ཤེས། འདོད་པ་རྣམས་ནི་མི་གཙང་བར་ཤེས་ནས། དེ་དག་འདོད་པ་རྣམས་ཀྱིས་སྐྱོ་ཞིང་ཡིད་འབྱུང་བ་ལ་མངོན་པར་མི་དགའ་ནས ་ཚངས་པར་སྤྱོད་པ་སྤྱོད་དེ། དེ་བཞིན་དང་བྲལ་བའི་མ་དངས་གསལ་བ་མ་ཡིན་ནོ།། ཤ་རིའི་བུ་སྐྱེས་བུ་དམ་པས་རྣམས་ཀྱིས་ནི་སྐྱོ་བ་འམ་ཡིད་འབྱུང་བར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། ་ཤའི་བུ་འདི་ལྟར་སྐྱེས་བུ་ངན་པ་དེ་དག་ནི་འདོད་ཆགས་ལ་ཀུན་ཏུ་རྟོག་པ་རྣམས་དང་ལྡན་པའི་ཕྱིར་རོ།། ཤ་རིའི་བུ་སྐྱེས་བུ་ངན་པ་རྣམས་ཀྱི་ཀུན་ཏུ་རྟོག་པ་རྣམས་གང་ཞེ་ན་གང་དག་མེད་པ ་ལ་རྟོག་པར་བྱེད་པ་སྟེན་མི་ཙང་བ་ལཱ་ཙང་བར་རྟོགས་པ་བྱེད། འདུས་ཤེས་སུ་རྟོག་པར་བྱེད། བུད་མེད་ལ་བུད་མེད་དུ་རྟོག་པར་བྱེད། འདོད་ཆགས་དང་བཅས་པ་ལ་འདོད་ཆགས་དང ་ཅེས་པར་རྟོག་པར་བྱེད་པ་སྟེ། ཤཱ་རིའི་བུ་དེ་ལྟ་བུ་དེ་དག་ནི་སྐྱེས་བུ་ངན་པ་ངན་པ་རྣམས་ཀྱི་ཀུན་ཏུ་རྟོག་པ་དེ་ལྟ་བུ་དག་ལ་ཀུན་རྟོག་པར་བྱེད་པར་ནི་བདག་གི་རེག་གོ།། ཞེས་ཉམས་སུ ་ཐང་ག་ག་ན་ད་ན་པ་མེ་མ་ཅིང་བར་འག་པར་དི་ལ་གཀྱང་བར་འདུ་ག་སྲེད་པ་བྱུང་། འདི་ག་ཐམས་པ་ད་ཐུབ་པ་ཡིན་པ་ཀྱི། ད་གན་རྒྱལ ་ས་སུ ་ས་ཀྱིསུ་ན ་བ་དང་། ཕྲག་མོ་འགྲངས་པ་ནི། འབྲངས་པས་ལུས་སྟོན་པར་འགྱུར་ཞིང་། ལུས་ཤ་མི་གཙང་བ་རྩོག་པར་བལྟ་བར་བྱ་བ་མ་ཡིན་པ་འབྱུང་ངོ་།། ཤ་རིའི་བུ་མིག ་ཀྱང་དེ་དང་འདྲ་བར་རྗོད་དོ།། འདི་ལྟ་སྟེ་དཔེར་ན། བོང་མོའི་ཤ་མ་འམ། ཕག་མོའི་འམ། ཁྱི་མོའི་ཤ་མ་འམ་འདྲ་བར་མིག་ཀྱང་དེ་བཞིན་དུ་འདུག་སྟེ། མིག་གི་འབྲས་བུ་ནང་དེ་ནི་ཆུའི་ཆུ་བུར་ལྟ ་བུར་འདུག་གོ།། དེ་ལྟར་མི་ཚང་བར་འབྱུང་ཞིང་དེ་ལྟར་མི་འཐུན་པ་སྟེ། རྣག་དང་ཁྲག་རབ་ཏུ་འཛག། བ་མི་ཙང་བ་རབ་ཏུ་འཛག་གོ།། ཤ་རཾ་བུ་མི་ཙང་བ་རྣག་དང་ཁྲག་རབ་ཏུ་འཛག་ཅིང་། ་ཆུའི་སྙིང་པོ་འཛག་པའི་ལུས་ལས་ཆགས་པ་གང་ཡིན་པ་དེ་ལྟ་བུ་ནི་མིག་ཅེས་རྗོད་དོ།། ཤ་རིའི་བུ་འདི་ལ་རྒྱུ་གང་གིས་མིག་ཅེས་བྱ་བ་དེའི་རྒྱུ་གང་རྐྱེན་ནི་གང་ཞེ་ན། དེ་ནི་ལུས་ཀྱི་གཙོ་བོ་ཡིན་ཏེ། ་གཟུགས་ལྟ་བས་ཐོག་མ་དང་དབུས་དང་། མཐར་ངོན་པ་མེད་ལ་ལུས་ཀྱི་མི་དགེ་བརྒྱ་མཚོ་སྙེད་དོ།། རྒྱུ་དེས་ན་མིག་ཅེས་བྱའོ།། ཤ་རིའི་བུ་འདི་ལྟ་གང་གིས་ན་དམིགས་ཅེས་བྱ་བའི་རྒྱུ ་ནི་གང་། རྐྱེན་ནི་གང་ཞེ་ན། མི་མཐུན་པའི་ཕྱིར་རོ།། ཤ་རིའི་བུ་མིག་གི་མི་འཐུན་པའི་དེ་གང་ཞེ་ན། གང་གཟུགས་མེད་པ་ལ་གཟུགས་འདུ་ཤེས་པ་དང་། ཚོར་བ་མེད་པ་ལ་ཚོར་བ་འདུ ་ཤེས་པ་དང་། འདུ་ཤེས་མེད་པ་དང་། འདུ་བྱེད་མེད་པ་དང་། རྣམ་པར་ཤེས་པ་མེད་པ་ལ་རྣམ་པར་ཤེས་པར་འདུ་ཤེས་པའོ།། ཡང་འདི་ལ་རྒྱུ་གང་གང་གོས་དེ་མིག་ཅེས་བྱ་བ། ་རྒྱུ་ནི་གང་རྐྱེན་ནི་གང་ཞེ་ན། འདིས་པ་སྤྱོད་པ་ཉམས་པར་བྱེད་དེ། རྒྱུ་དེས་ནི་མིག་ཅེས་བྱའོ།། འདིས་དགེ་སློང་གི་དངོས་པོ་ལས་ཉམ་པར་བྱེད་པས་ནི་མོག་ཅེས་བྱའོ།། ཤ་རིའི་བུ ་མིག་ནི་མ་རྟག་པ། མི་རྟན་པ་ཐེར་ཟུགས་མ་ཡིན་པ་སྟེ། རྒྱུ་དེས་ན་མིག་ཅེས་བྱ་བར་ཤེས་པར་བྱའོ།། ཤཱ་རིའི་བུ་དེ་དགེ་སློང་མཁས་པ་མང་པོ་ཐོས་པ་ཞུམ་མེད་པར་རྣམས་ཀྱིས་ནི།། ་མིག་བུད་མེད་མ་ཡིན་སེམས་ཅན་མ་ཡིན། སྲོག་མ་ཡིན་གསོ་བ་མ་ཡིན། གང་ཟག་མ་ཡིན་པ་དང་། ཤ་རིའི་བུ་དེ་བཞིན་དུ་སྦྱར་ཏེ། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་། ཡིད་ནི་བུང ་མེད་མ་ཡིན་ནོ།། སྐྱེས་པ་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། བསོ་བ་མ་ཡིན། གང་ཟག་མ་ཡིན་ཏེ། དེ་དག་ནི་ཕུང་པོ་ལྔ་ལ་ཕྱིན་ཅི་ལོག་པ་ལས་བྱུང་བའོ།། ཤ་རིའི ་བུ་དགེ་སྦྱོང་ངམ་བྲམ་ཟེ་གང་དག་ཁ་གཅིག་འདོད་པ་རྣམས་ཀྱི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པ་དེ་དག་ནི་འདོད་ཆགས་ཀྱི་གདུངས་པས་འགྱུར་ལ། ཁ་དོག ་ངན་ཅིང་སྐྱ་སྟ་བོར་གྱུར་ཏོ།། ཤ་རིའི་བུ་འདི་ལྟ་སྟེ། དཔེར་ན། ཤིང་ལྗོན་པ་ཆེན་པོའི་ལོ་མ་འམ། ལྗོན་པ་ཆེན་པོའི་འབྲས་བུ་སྨིན་པ་འཕྲུལ་པའི་ཡོངས་གདུངས་པར་ཚེ་སྐྱེ་བོར་འགྱུརརོ།། ་ཤ་རིའི་བུ་དེ་བཞིན་དུ་དགེ་སློང་མ་དགེ་སློང་འམ། དགེ་སྟེན་ནམ་དགེ་སྙེན་མ་གང་དག་ཁ་ཅིག་འདོད་པ་རྣམས་ཀྱི་ཉེས་དམིགས་ཡང་དག་པ་ཇི་ལྟ་བཞིན་དུ་མི་ཤེས་པ་དེ་དག་ནི ་འདོད་ཆགས་ཀྱི་ཡོངསུ་གདུང་བས་གདུངས་པར་འགྱུར།། ཁ་དོག་ངན་པར་འགྱུར། བསམ་པ་མི་གསལ་བར་འགྱུར། ཁ་དོག་ངན་ཅིང་ལྟ་ན་མི་སྡུག་པར་འགྱུར་རོ།། ཤ་རི ་བུ་དགེ་སློང་གང་དག་སར་བུ་དར་ལ་བབ་པ། གཞོན་ནུར་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པར་དེ་དག་ནི་འདོང་པ་རྣམས་དངོས་པོ་མེད་དོ་ཞེས། འདོད་པ་རྣམས་ཡང ་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། འདོད་པའོ་རྟོག་པ་སྐྱེས་ན་ཡང་མྱུར་བ་ཉིད་དུ་རབ་ཞི་བར་བྱེད་དེ། དེ་དག་མི་དགེ་བ་ཡིན་པར་ཤེས་པར་ཡང་བྱེད་དོ།། ་ཤ་རིའི་བུ་དེ་ལྟར་ན་དགེ་སློང་དག་གི་འདོད་པ་རྣམས་ཀྱི་ཉེས་པ་མཐོང་བ། འདོད་པ་དེ་དག་ལ་ཡིད་འབྱུང་བར་བྱེད། འདོད་ཆགས་དང་བྲལ་བར་བྱེད་དེ། མངོན་པར་དགའ་བ་ནས་ཚངས ་བར་སྤྱོད་པ་སྤྱོད་དེ། བཞིན་དང་བྲལ་བའི་འདངས་གསལ་བར་འགྱུར་རོ།། ཤ་རིའི་བུ་འདི་ལྟ་སྟེ་དཔེར་མ། མི་ཞིག་གི་ལུས་ལ་ནད་ཀྱིས་ཐེབས་ལ་རྣག་མིན་ནས་དེའི་ཡན་ལག་དང་ཉིན ་ཁག་ཐམས་ཅད་རྨི་འ་ཁ་རྒྱ་ཁྲི་བཞི་སྟོང་ཡོད་ག། དེ་དག་མ་ནུ་རྣོ་ཞིང་མཆུ་ཁ་གཉིས་ན་ཡོད་ན། ཁ་ཟས་ཡོངས་སུ་ཟོད་པ་རྣམས་ཀྱི་ཚིམ་པར་མི་འགྱུར་ཞིང་། དེ་འདབ་མ་སྤོངས ་བའི་དྲུང་ན་འདུག་ན། ཇི་ཙམ་ན་སྲེག་ཆགས་དེ་དག་མེས་གདུངས་པར་གྱུར་པ་དང་། དེ་ལ་ཕྱིར་ཞིང་ཟ་བར་བྱེད། ཡོངསུ་ཟ་བར་བྱེད་ན། ཤ་རིའི་བུ་འདི་ཇི་སྙམ་དུ་སེམས། མི་དེ ་སྲོག་ཆགས་དེ་དག་གི་ཟོས་པ་ཡིན་ནམ། འོན་ཏེ་མ་ཟོས། དེ་སྐད་ཅེས་བཀའ་ཙལ་པ། ཚེ་དང་ལྡན་པ་ཤ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན ་འངས་བདག་ནི་འདི་ཐོས་པ་ཉིད་ཀྱིས་ལུས་ཀྱི་སྤུ་རིང་ཞེས་བགྱིད་པར་འགྱུར། ན་མི་དེའི་མི་ཐུན་པ་སྐུ་སྨོས་ཀྱང་ཅི་འཚལ་ཏེ། བཅོམ་ལྡན་འདས་མི་དེ་སྲོག་ཆགས་ཀྱིས་རིས ་དེ་དག་གིས་འཚལ་བ་ལགས་ཀྱི། མ་འཚལ་བ་ནི་མ་ལགས་སོ།། དེ་སྲོག་ཚིགས་རྒྱུད་ཁྲི་བཞི་སྟོང་པོ་དེ་དག་གིས་ལུས་གཡང་བར་བགྱིད་ཅིང་། འདི་ལྟར་ཞི་བར་མི་འགྱིད ་རྨིའི་ཁ་རེ་རེ་ལ་ཡང་སྲིན་བུའི་ཚོགས་བརྒྱད་ཁྲི་བཞི་སྤོང་ཡོད་དོ། ་ལགས་སོ།། ཤ་རིའི་བུ་འདི་ཇི་སེས་དུ་སེམས། མ་དའི་ལུས་རྣག་དང་ཁྲག་འངག་ཅིང་དེ་ཀར་བུར་གྱུར་པ་དེ་སྣང་བར་བྱ་བ་ཡིན་ནག་གསལ་བརྗོད་པར་བཙང་བ་ལགས། ་མཐུན་པ་ལགས། ལྟ་བར་མི་འོས་ལགས། བཀའ་སྩལ་པ། ཤ་རིའི་བུ་དེ་བཞིན་དུ་དགེ་སློང་མཁས་པ་དག་ནི་ལམ་ས་ཡང་དག་པར་སློབ་སྟེ། ཟུད་མེད་ནི་འདི་ལྟར་ཅོག་པ་འ ་ལྟར་དྲི་ང་བ། འདི་ལྟར་མ་འཐུན་པ། འདི་ལྟར་ལྟ་བར་མི་འོས་པའོ།། ཉོན་མོངས་པ་ཁོལ་པོའི་བུད་མེད་དེ་དག་དང་སྟེན་པར་བྱ་བ་མ་ཡིན་ཏེ། འདོད་པ་རྣམས་ནི་མཐོང་བའོ།། ་འདོད་པ་རྣམས་ནི་མི་ལྟ་ཙང་བའོ།། འདོད་ཆགས་རྣམས་ནི་ལྟ་བར་མ་འོས་པའོ་ཞེས། བཅོམ་ལྡན་འདས་ཀྱི་བཀའ་སྩལ་ཏོ།། སྙམ་མོ། ཤ་རེའི་བུ་སྐྱེས་པའི་ལུས་ལ་ཡོད་པ ་ལྟ་བུ་ལ་ཡིན་པ། བུད་མེད་ལ་ཆེས་ལྷག་པའི་སྲིན་བུ་ཚོགས་ལྔ་རྒྱ་པོ་དེ་དག་ནི་བུད་མེད་ཀྱི་ཅི་བའི་ལས་ལ་གནས་ཏེ། སྲིན་བུའི་ཚོགས་རེ་རེ་ལ་སྲིན་བུ་རྒྱང་བཅུ་ཡོད་པ། མཆུ་རྣོ་ཞིང་མཆུ ་ཁ་གཉིས་ན་ཡོད་དོ།། དེ་དག་རྟག་ཏུ་རྒྱུན་མི་ཆད་པར་བུད་མེད་ཀྱི་ལུས་ལ་ཟའོ།། དེས་ན་ཉོན་མོངས་པ་དག་གི་བུད་མེད་ལྷག་པར་གཡོ་སྦྱོང་སྟེ། འདོད་པ་ཡོངསུ་སྤྱོང་དག་གིས ་ངོམས་མི་མྱོང་ངོ་།། ཤ་རིའི་བུ་དེ་ལྟ་ནི་འདོད་པ་རྣམས་ནི་ཉེས་དམིགས་ཡིན་པར་མཐོང་ན་དེ་དག་འདོད་པ་རྣམས་ལས་ཡིད་བྱུང་བར་འགྱུར། འདོད་ཆགས་དང་བྲལ་བར་འགྱུར། ་མངོན་པར་དགའ་ནས་ཚངས་པར་སྤྱད་པ་སྤྱད་ཅིང་། བཞིན་དང་བྲལ་བའི་འངངས་གསལ་བ་མ་ཡིན་ནོ།། ཤ་རི་བུ་འདི་ནི་འདོད་པའི་ཕུང་པོ་ལས་རྩམས་ནས་ཆེས་བསྟན་པ་ཡིན། ་ཤ་རིའི་བུ་འདོད་པ་ཡོངས་སུ་སྤྱོད་པ་དག་ལས་ཡིང་འབྱུང་བར་བྱའོ།། ཤ་རིའི་བུ་ཀུན་ནས་ཉོན་མོངས་པ་ནི་རང་གི་བྱས་པའོ།། ཤ་རིའི་བུ་རྣམ་པར་བྱང་བ། ་དང་རྣམ་པར་ཞི་གང་ཞེ་ན། ཤཱ་རིའི་བུ་རྣམ་པར་བྱང་པ་དང་། རྣམ་པར་ཞི་བ་ནི་རང་གིས་བྱས་སོ།། ཤ་རིའི་བུ་ཀུན་ནས་ཉོན་མོངས་པ་ནི་གང་། རང་གིས་བྱས་པ་ནི་གང་ཞེ་ན། ཆོས་སུ ་འདུ་ཤེས་པ་ལ་མངོན་པར་ཞེན་པ་གང་ཡིན་པའོ།། ཆོས་སུ་འདུ་ཤེས་པ་ལ་མངོན་པར་ཞེན་པ་གང་ཞེ་ན། འདི་ལྟ་སྟེ་སྐྱེ་བར་འདུས་ཤེས་པ་དང་། འགག་པར་འདུ་ཤེས་པ་དང་། བདག ་ཡོད་པ་མེད་པར་བདག་ཏུ་འདུ་ཤེས་པ་ལ་མངོན་པར་ཞེན་པ་ཡོད་དེ། དེ་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་ཕུང་པོ་ཞེས་བཀའ་སྩལ་པ། ཤ་རིའི་བུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་ལོང ་བ་ཡིན་ཏེ། གཟུགས་ཀྱི་ཕུང་པོ་ཞེས་རློམ་སེམས་སུ་བྱེད། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོའོ།། ཞེས་རློམ་སེམས་སུ་བྱེད་དོ།། རློམ་སེམས་སུ་བྱེད་ན ་འཆིང་ངོ་།། རློམ་སེམས་སུ་མ་བྱེད་ན་གྲོལ་ལོ།། ཤ་རིའི་བུ་རློམ་སེམས་སུ་བྱེད་ན་གང་ཡིན་པ་དེ་ནི་གཟུགས་ཀྱི་ཕུང་པོར་འགྱུར་རོ།། ཤཱ་རིའི་བུ་ནུ་པོ་འདི་དག་ནི་ཚུལ་ཁྲིམས་འཆལ་བ ་ཚུལ་ཁྲིམས་ཀྱི་ཉེས་པ་ཡིན་ཏེ། བཅུ་གང་ཞེ་ན། ཚུལ་ཁྲིམས་འཆལ་པ་ནི་འཆི་བའི་དུས་ཀྱིས་ཚེ་གདུངས་པར་འགྱུར་བ་དང་། དགེ་སློང་ཚུལ་ཁྲིམས་ཉམས་པར་འགྱུར་བ་དང་། ་མནར་མེད་པར་འགྲོའོ།། ཞེས་འཁོར་གྱི་ནང་ན་འདུག་ན་སྐྲག་པ་དང་། བདག་ཉིད་ཚུལ་ཁྲིམས་ལ་སྐུར་པ་འདེབས་དང་། བདག་ནི་སངས་རྒྱས་རྣམས་ནི་ཡོངས་སུ་སྤང་བ་དང་། བདག ་ནི་ཉན་ཐོས་རྣམས་ཀྱིས་ཡོངས་སུ་སྤངས་པ་དང་། བདག་ནི་ལྷ་རྣམས་ཀྱིས་ཡོངསུ་སྤངས་པའོ།། སྙམ་པ་དང་། འཆི་བའི་ཚེ་འཇིགས་པ་དང་བཅས་པ་དང་། ངན་འགྲོ་འགྲོ་བ ་དང་མའི་ལུས་ཐོབ་པར་བཀའོ།། ཤ་རིའི་བུ་དེ་དག་ནི་དགེ་སློང་ཚུལ་ཁྲིམས་འཆལ་བའི་ཚུལ་གྱིས་ཉེས་པ་སྟེ། ཚུལ་ཁྲིམས་འཆལ་པ་ནི་འཆི་བའི་དུས་ཚེ་གདུང་བར་འགྱུར་རོ།། ཤ་རི། ་བུ་དེ་ལྟར་བས་ན་འདོད་ཆགས་ལ་ཉེས་དམིགས་ཀྱི་འདུ་ཤེས་སྐྱེད་པར་བྱའོ།། ཤ་རིའི་བུ་འདི་ལ་དགེ་སློང་དགོན་པ་ན་གནས་པ་འམ། ཤིང་དྲུང་ན་གནས་པ་འམ། བླ་གབ་མེད་པ་ནག ་པ་ན། འདོད་པ་རྣམས་ནི་དྲིང་བའོ།། འདོད་པ་རྣམས་ནི་མ་འཐུན་པའོ།། འདོད་པ་རྣམས་ནི་རྨ་ཁ་ལྟ་བུའོ།། འདོད་པ་རྣམས་ནི་ལྟ་བར་མི་འོས་པའོ།། འདོད་པ་རྣམས་སྨད་པའོ།། ། ་འདོད་པ་རྣམས་ནི་བཤད་པས་ཡོངསུ་གང་བའི་རོ་ལྟར་སོ་སོར་ཡང་དག་སློབ་བོ།། དེ་དག་ནི་བྱིས་ཕྱིར་བའི་སྤྱོད་ཡུལ་ཡིན་ཏེ། ཤ་རིའི་བུ་བུད་མེད་ལ་སྟེན་པ་དང་། སྙེན་པས་མཆོག་གོ།། ་ཤ་རིའི་བུ་བུད་མེད་ཀྱི་ལུས་ཕྱི་ས་དང་། མཆིས་མས་ཡོངསུ་གང་བ་དེ་སུ་ཞིག་དགའ་སྟེ། ཤ་རིའི་བུ་དེ་དག་ནི་འཇིག་རྟེན་གྱི་ཁྱི་རོ་རུ་ཁ་པ་དང་འདྲ་བར་བྱ་བ་ཡིན་ནོ།། ཤ་རིའི་བུ་འདི ་ལྟ་སྟེ་དཔེར་ན། ཁྱི་རོ་རུ་ལ་པ་མི་ཙང་བ་རུལ་པའི་དྲི་ང་ལ། མདོག་མི་སྡུག་ཅིང་སྔོ་ལ་སྤགས་པ་མུན་པ། སྲོགས་ཆགས་ཀྱི་ཡོངས་སུ་གང་བ་ཞིག་ལམ་ཁ་ན་སྣང་ལ་དེའི་སྟེང་ན་ཆར ་པ་ཡང་བབ་ཅིང་དེ་རླུང་གིས་ཀྱང་ཀུན་ནས་བཏབ། དེར་མི་རྣམས་ཀྱང་ཀུན་ནས་འཁོད་པར་གྱུར་ཏེ། དེ་དག་གི་དྲི་དེ་ཚོར་བ་ན། ཤ་རིའི་བུ་འདི་ཇི་སྙམ་དུ་སེམས་མ་དེ་དག་དྲི་མི་ཞིམ་པ་དེ། ་སྣོམ་པར་བྱེད་དམ། \ུ0f7fའོན་ཏེ་མི་སྣོམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགསོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་ཤ་རིའི་བུ་ལ་འདི་སྐད་ཅེས ་བཀའ་སྩལ་ཏོ།། ཤ་རིའི་བུ་འདི་ཇི་སྙམ་དུ་སེམས། ཁྱིར་དེ་ལ་རེག་པར་བྱེད་དག། སྐྱོ་བར་བྱེད་དམ། མངོན་པར་དགའ་བར་བྱེད་ན། དེ་སྐྱེ་བོ་མང་བིས་བསྔགས་པར་བགྱིད ་སྐད་ཅེས་བཀའ་སྩལ་པ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མ་དེ་ནི་ལྟ་བར་དགའ ་སྟེ། དེ་ལ་བསྔགས་པར་ག་ལ་བགྱིད། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ཤ་རིའི་བུ་ཁྱི ་རོ་དེ་ལ་མ་ཁྱུད་པར་བྱེད་པ་འམ། སྐྱོད་པར་བྱེད་པའམ། མངོན་པར་དགའ་བའི་མ་དེ་ལ་ནི། དེ་བཞིན་གཤེགས་པ་བསྔགས་པར་མཛད་ཀྱི་གང་ཞིག་བུད་མེད་ཡུལ་གྱི་བཟང་མོ་ན ་ཚོང་ལོ་བཅུ་དྲུག་དུ་མ་ལོན་པ་འམ།། ལྷག་པ་ལྟ་བུ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུད་པ། ནུབ་མ་རྒྱས་པས་མཛེས་པ། རྒྱན་གྱིས་བརྒྱན་པ། ཤིན་ཏུ་བཞོན་པ། ་རེག་ན་བདེ་བ། ནང་དང་བྲལ་བ་དེ་ལ་ཐ་ན་རྐང་པའི་འཐེ་བོས་རེག་པར་བྱེད་པའི་མ། དེ་ལ་དེ་བཞིན་གཤེགས་པ་བསྔགས་པ་མི་མཛད་དེ། ཤ་རིའི་བུ་ཡུལ་གྱི་བཟང་མོ་དེ་ལ་ཐན ་རྐང་པའི་ཐེ་བོས་རེག་བྱེད་པའི་མ་གང་ཟག་དེ་ལྟ་བུ་དེ་ནི་ཤིན་ཏུ་སྨད་པར་བྱ་བ་ཡིན་ཏེ། ཁྱི་རོ་དེ་ལ་འཁྱུད་པར་བྱེད་པ་འམ། བསྐྱོད་པར་བྱེད་པ་འམ། མངོན་པར་དགའ་བར ་བྱེད་པ་དེ་ནི། དེ་ལྟ་བུ་མ་ཡིན་ནོ།། ཤ་རིའི་བུ་འདི་ཇི་སྙམ་དུ་སེམས་ཁྱི་རོ་ལ་མཁྱུད་པའམ། རེག་པས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་མ། གསོལ་པ། བཅོམ་ལྡན་འདས ་དེ་ནི་མ་ལགས་སོ།། བཀའ་སྩལ་པ། ཤ་རིའི་བུ་དེ་ལྟར་དགེ་སློང་གི་འདོད་པ་རྣམས་ལ་ཉེས་དམིགས་ཀྱི་འདུ་ཤེས་བསྐྱེད་པར་བྱའོ།། ཤ་རིའི་བུ་ཇི་ལྟར་ན། དགེ་སློང་གིས ་ལུས་ལ་ཉེས་དམིགས་ཀྱི་འདུ་ཤེས་བསྐྱེད་པར་བྱ་ཞེ་ན། ཤ་རིའི་བུ་ལུས་འདི་ནི་གནོད་པ་མང་བའོ།། འཁྲུག་པ་མང་བའོ།། ཤ་རིའི་བུ་བུད་མེད་ཀྱི་ལུས་ལ་ནི་སྐྱེས་པའི་ལ་ཡོད་པ་ལྟ་བུ། ་མ་ཡིན་པ་ཆེས་ལྷག་པའི་སྲིན་བུའི་ཚོགས་ཉི་ཤུ་རྩ་ལྔ་ཡོད་དོ། ཤ་རིའི་བུ་བུད་མེད་ཀྱི་མགོ་པོ་བླད་པའི་ནང་ན། སྲིན་བུའི་ཚོགས་འཚོགས་འཕྲོགས་བྱེད་ཅེས་བྱ་བ་དག་ཡོད་དོ།། དེ ་ངག་བུད་མེད་ཀྱི་བླད་བ་ལ་ཟ་བར་བྱེད་དོ།། ཤིཤཾ་རིའི་བུད་མེད་ཀྱི་སྣའི་ནང་ན་སྲིན་བུའི་ཚོགས་ཁ་རྫོགས་བྱ་བ་ཡོད་དོ།། བུད་མེད་ཀྱི་རྣ་བ་ལ་ཟ་ཀྱི་ཁ་སྤྲུལ་ཟ་སྟེ། དེས་ནས་བུད་མེད་ལ ་ཁ་སྤུ་མི་སྐྱེའོ།། ཤ་རིའི་བུ་བུད་ཀྱི་རྣ་ཁུང་ན། སྲིན་བུའི་ཚོགས་ཟ་བར་བྱེད་པ་ཞེས་བྱ་བ་དག་ཡོད་དེ། དེ་དག་བུད་མེད་ཀྱི་རྣ་བ་ལ་ཟ་ཞིང་བུད་ཀྱི་རྣ་བ་ལ་འབིགས་པར་བྱེད་དོ།། ་ཤ་རིའི་བུ་བུད་མེད་ཀྱི་མགྲིན་པའི་ཚམས་དང་། མགོ་བོའི་འཚོགས་ཞེས་བྱེད་ཅེས་བྱ་བ་ཡོད་དེ་དག་བུད་མེད་ཀྱི་རྣ་བ་ཟ་ཞིང་། བུད་མེད་ཀྱི་རྣ་བ་འབིགས་པར་བྱེད་ལ། མིག་ཀྱང ་རློམ་པར་བྱེད་དོ།། ཤ་རིའི་བུ་སྐྱེས་རྣ་བ་ལ་ནི་མི་འབིགས་ཀྱི། བུད་མེད་ཀྱི་རྣ་བ་ལ་འབིགས་སོ།། ཤ་རིའི་བུ་བུད་མེད་ལ་སྲིན་བུའི་ཚོགས་ཨ་བ་རེ་བན་ཞེས་བྱ་བ་དག་ཡོད་དོ།། ་དེ་དག་རྟག་ཏུ་རྒྱུན་མི་ཆད་ཕྱིར་བུད་མེད་ཀྱི་ཁ་པཱ་སྟེ། དེས་ན་བུད་མེད་ཀྱི་མགལ་མངའ་ཡིན་ཏེ། སྐྱེས་པ་ལ་ནི་དེ་ལྟ་བུ་མེད་དོ།། བཟའ་བ་དང་བཅའ་བ་ཁར་བཅུག་མ་ཐག་ཏུ ་ཐོག་མར་དེ་དག་ཟ་བར་བྱེད་དོ།། དེ་དག་ཉལ་ཉིལ་བུད་མེད་ཀྱི་ནུ་མའི་དྲུང་དུ་འཇོག་སྟེ།། དེས་ན་བུད་མེད་ཀྱི་ནུ་མ་ཕྱང་བ་ཡིན་ནོ།། གང་གིས་ཚེ་བུད་སྒྲིམ་པར་གྱུར་པའི་ཚེ། ་སྲིན་བུ་དེ་དག་ཀྱང་སྣུམ་པར་གྱུར་ཏེ།། དེས་ན་བུད་མེད་ཀྱི་ནུ་ཞོ་མང་བ་ཡིན་ནོ།། ཤ་རིའི་བུ་བུད་མེད་ཀྱི་ལུས་ཀྱི་ནང་མངལ་གྱི་གནས་གང་ན་མངལ་གྱི་གནས་ཡོད་པའི ་ཕྱོགས་དེ་ན། སྲིན་བུ་ཟ་བར་བྱེད་པ་དཔར་དཔའ་བ་ཞི་བྱ་བ་དག་ཡོད་དེ།། དེ་དག་སྲིན་བུ་རབ་ཏུ་ལྡག་བྱེད་པས་ཅེས་བྱ་དེ་བསད་ནས་པའོ།། དེ་དག་སྲིན ་བུ་རབ་ཏུ་ལྡག་དག་མ་སྙེད་ན་དེ་དག་ཀྱང་འཆིའོ།། སྲིན་བུའི་ཚོགས་དེ་དག་གཉི་ག་ཤི་ནས་མེད་པ་དང་། ཕ་མ་འདུས་པ་ལས་མངལ་ཆགས་པར་འགྱུརརོ།། ཤ་རིའི་བུ་བུད་མེད་ཀྱི་ལུས ་ལ་ལུས་ཀྱི་ནང་། སྐྱེ་གནས་ཀྱི་སྒོ་ན། སྲིན་བུའི་ཚོགས་བཞིན་ཡོད་དེ།། འདི་ལྟ་སྟེ་མཆུ་མཆོག་ཅེས་བྱ་བ་དང་། གོང་བུ་སྦེད་ཅེས་བྱ་བ་དང་། རླུང་འབྱིན་ཅེས་བྱ་བ་དང་། འདོད་པ་ལེན་ཅེས་བྱ་བ་དང་། ་དེ་དག་རྟག་ཏུ་རྒྱུན་མི་ཆད་པར་བུད་མེད་ཀྱི་ལུས་ལ་ཟ་སྟེ། དེས་བུད་མེད་ཉོན་མོངས་པ་རྣམས་ཀྱིས་ཤིན་ཏུ་འབར་བར་བྱ་སྟེ། འདོད་པ་ཡོངས་སུ་སྤད་པས་མི་ངོམ་པ་ཡིན་ནོ།། དེ་བ་བས་ན། ་དེ་བཞིན་གཤེགས་པས་བུད་མེད་ཀྱི་སྐྱོན་ཆེས་ལྷག་པ་དེ་དག་མཁྱེན་ནས་བསླབ་གཞིག་ལྷག་པ་དག་བཅའ་བར་མཛད་དོ།། ཤ་རིའི་བུ་ཆོས་ཀྱི་ཕུང་པོའི་ཆོས་ཀྱི་རྣམ་གྲངས་འདི ་ཡང་དང་ཡང་དུ་འཁོར་བཞི་པོ་དག་ལ་སྟོན་ཅིག། དེ་ཅིའི་ཕྱིར་ཞེ་ན། འདོད་པ་རྣམས་ནི་སྨད་པར་བྱ་བ་ཡིན་པར་ཤེས་པར་འགྱུར་རོ།། ལུས་ནི་སྨན་བྱ་བ་ཡིན་པར་ཤེས་པར་འགྱུར ་བའི་ཕྱིར་རོ།། ཤ་རིའི་བུ་དེ་ལྟར་ལུས་འདི་བཅོས་མ་ཡིན་པར་ཤེས་ནས། བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་མ་ཏོག་པར། སུ་ཞིག་འདོད་པ་རྣམས་ལ་རྟེན་པར་བྱེད་དེ། དེ་ནི་གནས་མེདོ།། ་ཤ་རིའི་བུ་དེ་སྐབས་ན་ལུས་འདིལ་མངོན་པར་དགའ་བར་མི་བྱ་སྟེ། ལྷག་པར་ཕྱོགས་པར་མི་བྱའོ།། བཅོཾ་ལྡན་འདས་ཀྱི་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ས ་དེ་བཞིན་དུ་སྦྱིན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། ལུས་ནི་མི་གཙང་ལས་བྱུང་སྟེ། རྟག་ཏུ་སྲེག་ཆགས་རྣམས་ཀྱང་གནས་གཅན་དང་། རྟུག་པས་རབ་གང་ན། ་བྱིས་པ་རབ་ཏུ་ཆགས། དགེ་སློང་ཕ་དང་དགེ་སློང་མ། དགེ་བརྙེན་པ་དང་དགེ་སྙེན་མ། འདི་ཐོས་ནས་ནི་འདོད་ཆགས་བྲལ། འདོད་ཆགས་བྲལ་ནས་རྣམ་པར་གྲོལ། ཆོས་དང་ལྡན་པ་རྣམ ་ལ་ནི།། ཉེས་པ་འདི་དག་ངས་མ་སྟན། གང་དག་འདོད་པ་ཡོངས་སྤྱོད་པ། དེ་དག་ལ་ནི་སྐྱོན་རྣམས་བཤད། སངས་རྒྱས་ཀྱིས་ནི་བསྟན་པ་བཞིན། བུད་མེད་མཐོང་ན་སུ་རྟོག་སྟེ། ཡང་དག ་བཀུལ་བ་ཤེས་ནས་སུ། མཁས་དེ་དག་རྟོག་མི་བྱེད། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ན། ཚེ་དང་ལྡན་པ་ཤ་རིའི་བུ་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར ་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡངས་ཀྱིས་གསུང་བ་ལ་མངོན་པར་སྟོད་དོ།། །། འཕགས་པ་ཆོས་ཀྱི་ཕུང་པོ་ཞེས་བྱ་བྱ་ཐེག་པ་ཆེན་པོའི་མདོ ་རྫོགས་སྷོ།། ། རྒྱ་གར་གྱི་མཁ་བོ་བྲད་ཉ་བར་མ་དང་། ཞུ་ཆེན་གྱི་ལོ་ཚ་བ་བན་དྷེ་ཡེ་ཤེས་བསྒྱུར་ཅིང་། གཏན་ལ་བབ་པའོ།། ་མེད་རྒྱ་ལ་ཤུབ་ས།། ཨོཾ་ས་པྲ་ཏི་བཛྲ་ལ་སྭཱ་ཧཱ། དགེ་དག་ག། ཤེས ་