| Wylie | e-texts produced with BDRC’s OCR application |
ཞེས་མཆི།། དཀའ་ཐུབ་ཅན་བདག་དཀའ་ཐུབ་ཅན་མིན་གྱུར།། ཉམ་ཆུང་ལུས་ལ་ལྤགས་པ་ཙམ་ཞིག་ལས།། བདག་འཁོགས་བདག་སྐམས་བདེ་བ་རྣམས་ལས ་ཉམས།། བདག་ཅག་རྫུ་འཕྲུལ་ཐོབ་པར་གྱུར་མ་ཡིན། ཡི་གེ་མ་མཆིས་རྫུ་འཕྲུལ་གསུམ་རྣམས་ཀྱི།། བསྟན་པའི་དགྲ་རྣམས་མོག་མོག་གྱུར་པར་མཛད།། བསྟན་པའི་འདྲེན་པ ་ཁྱོད་ཀྱིས་དེ་རིང་ནི།། སངས་རྒྱས་སྲས་ལ་དུས་སྟོན་ཆེན་པོ་མཛད།། འཁོར་འདི་ཐམས་ཅད་ཐེ་ཙོམ་འཚལ་བར་འགྱུར།། དགའ་བ་སྐྱེས་ཤིང་སེམས་ཀྱང་རབ་དཀའ་སྟེ།། གང་ཞིག ་གནས་ནས་ལྷ་ཚོགས་བདག་ཅག་ཀྱང་།། འཇིག་རྟེན་མགོན་པོ་སངས་རྒྱས་གྱུར་ཅི་མཆི།། འཇམ་དབྱངས་སངས་རྒྱས་མང་པོ་གཉེན་བཀུར་བགྱིས།། སངས་རྒྱས་སྲས་པོ་མཐའ ་ཡས་རྣམས་ཀྱིས་བསྐོར།། འཇམ་པའི་དབྱངས་ནི་འཁོར་གྱི་ནང་ན་མཆིས།། ཆོས་འཕྲུལ་རྣམ་པར་ཕྱེ་སྟེ་བསྟན་དུ་གསོལ།། འདི་དག་ཆོས་ནི་གང་གི་ལྟས་ཤིག་ལགས།། ཐུ ་པ་ཆོས་ནི་གང་ཞིག་གསུངས་པར་བཞེད།། འཁོར་འདི་ཐམས་ཅད་འཁོད་ཅིང་མཆིས་ལགས་ན།། སེམས་ཅན་ཐུག་རྩེའི་སླད་དུ་བདག་ལ་གསུངས།། དེ་ནས་སངས་རྒྱས་ཀྱི་བྱིན་གྱིས་རླབས ་ཀྱིས་འཁོར་དེའི་ནང་ནས།། དྲང་སྲོང་ཆེན་པོ་མེ་སྒྲོན་ཞེས་བྱ་བ་གཅིག་གིས་བྱང་ཆུབ་སེམས་དཔའ་རྒྱལ་བའི་ཕུང་པོ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་གཞོན་ནུ་རེ་ཤིག་ཁ་རོག་ཤིག། ཁ་བོས་དྲི ་བདྲི་བར་བྱའོ།། གལ་ཏེ་ཁོའི་དྲི་བ་ཁོང་དུ་ཆུད་པར་བྱེད་ན་ནི། དེ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་མིང་དང་མཐུན་ནོ།། འོན་ཏེ་སྲེད་མེད་ཀྱི་བུ་དང་དབང་ཕྱུག་ཆེན་པོ་ཕྱུང་བའི་འགྲོ་ལྡིང་བའི ་རྣམས་ཀྱིས་སྤྲུལ་པ་བྱེད་དུ་ཟད་ན་ནི། འདིར་ངོ་མཚར་ཡང་མི་ཆེ་སྟེ། སྐྱེས་བུ་ངན་པ་དང་། སྒྱུ་མ་མཁན་རྣམས་ཀྱིས་འདི་གྲུབ་བོ།། དེ་ནས་བཅོམ་ལྡན་འདས་ཀྱིས། འཛུམ་པའི ་ཞལ་གྱིས་དྲང་སྲོང་གི་ཚོགས་ལ་ཀུན་ཏུ་གཟིག་ནས། དྲང་སྲོང་ཆེན་པོ་མེ་སྒྲོན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚེ་དང་ལྡན་པ་དྲང་སྲོང་ཆེན་པོ་ཅི་ནུས་ཀྱིས་དྲི་བ་དྲིས་ཤིང་། ་དང་། རྣམ་པར་སྦྱང་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་དྲང་སྲོང་ཆེན་པོ་མེ་སྒྲོན་གྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་གོའུ་ཏམ་སེམས་ཅན་གྱི་སྐྱེ་བ་གང་ནས་བྱུང་། ་ཅིའི་སླད་དུ་སྐལ་པས་བསྲེག་པར་འགྱུར།། སེམས་ཅན་རྣམས་གནས་གང་དུ་འདུ་བར་འགྱུར། ནང་ན་སེམས་ཅན་ཕྲ་བ་ཁྲུ་གང་ཙམ་འམ། མཐོ་གང་ཙམ་འམ། འཛུབ ་མོ་ཙམ་འམ། མཐེ་བོ་ཙམ་འམ། ནས་དང་གྲོ་དང་། མོན་སྲན་གྲེའུ་དང་། ཏིལ་དང་། ཡུངས་འབྲུ་ཙམ་འམ། སེམས་ཅན་ཇི་ཙམ་ཞིག་ནང་ན་མཆིས་བཀའ་སྩོལ་ཅིག། དེ་ནས ་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཆེན་པོ་མེ་སྒྲོན་ལ་དྲང་སྲོང་ཆེན་པོ་ལེགསོ་ཞེས་བྱ་བ་བྱིན་ནོ།། དྲང་སྲོང་ཆེན་པོ་ཆེ་སྐལ་པ་དྲུག་བཅུ་པའི་དྲི་བ་འདི་ནི་མཐུན་པའོ།། དེ་ནས་དྲང ་སྲོང་ཆེན་པོ་རྣམས་ངོ་མཚར་ཏུ་གྱུར་ཏེ། དྲང་སྲོང་ཆེན་པོ་མེ་སྒྲོན་གྱི་ཚེའི་ཚད་ནི་མ་བརྗོད་པར་བདག་ཅག་ལྷན་ཅིག་གནས་པ་རྣམས་ཀྱིས་ཀྱང་མ་ཤེས་ན། འདིས་ཇི་ལྟར་ཤེས ་སྙམ་མོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བཤད་དོ།། སྐྱོང་ཆེན་པོ་གང་ལ་ལ་སེམས་ཅ ་བུ་མོས་སྨྲས་པ་བཙུན་པ་ཤ་ར་དྭ་ཏིའི་བུ་བདག་ཀྱང་སུག་པ་ན་མཁའ་ལས་འདེག་ཅིང་ན་མཁའ་ཉིད་ལ་འཇོག་པར་བགྱིད་དེ་ན་མཁའི་ཁམས་ལ་ནིཿ ་དད་པ་ཅུང་ཟད་ཀྱང་མ་མཆིས་པས། བཙུན་པ་ཤ་ར་དདྭ་ཏིའི་བུ་བདག་གིས་འདི་སྐད་དུ་ཁྱོད་གང་དུ་བཞུད་པ་དེ་ཉིད་དེ་བདག་ཀྱང་མཆི་ལག་སོ་ཞེས་སྨྲས་སོ།། བཙུན་པ་ཤ་ར་དྭ་ཏིའི ་བུ་ཁྱོད་གང་ན་གཤེགས། ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་ཁོ་བོ་ནི་མྱ་ངན་ལས་འདས་པར་འགྲོའོ།། བུ་མོ་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ཆོས་མྱ་ངན་ལས་འདས་པར ་མཆི་བ་ལགས་པས། བདག་ཀྱང་དེར་མཆི་བ་ལགས་སམ། ཤ་ར་དྭ་ཏིའི་བུ་སྨྲས་པ། བུ་མོ་གལ་ཏེ་ཆོས་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པར་འགྲོ་བ་ཡིན་ན། འོན ་ཁྱོད་ཅིའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པར་མི་འགྲོ།། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ཡོངས་སུ་མྱ་ངན་ལས་འདས་པར་ཕྱིན་པ་ནི་ཡོངས་སུ་མྱ་ངན་འདས་ཞིང་། ་ཡོངས་སུ་མྱ་ངན་ལས་འདས་པར་མཆི་བ་ལ་ནི་སྐྱེ་བ་དང་། འཇིག་པ་མ་མཆིས། ཡོངས་སུ་མྱ་ངན་ལས་འདས་པར་མཚོ་བ་ལ་མ་གཏོགས་པར་ཡང་གང་ཡོངས་སུ་མྱ་ངན་ལས་འདའ་བར ་འགྱུར་བ་འགའ་ཡང་མ་མཆིས་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། ཡོངས་སུ་མྱ་ངན་ལས་འདས་པར་མཆི་བ་ཉིད་ཡོངས་སུ་མྱ་ངན་ལས་འདས་པ་ལགས་པའི་སླད་དུའོ།། དེ་སྐད་ཅེས་སྨྲས་པ། ་དང་། ཚེ་དང་ལྡན་པ་ཤ་ར་ད་ཏིའི་བུས་བུ་མོ་ཟླ་མཆོག་ལ་འདི་སྐད་ཅེས་སྨྲས་སོ།། བུ་མོ་འོ་ན་ཅི་ཁྱོད་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཡིན། འོན་ཏེ་རང་སངས་རྒྱས་ཀྱི་ཐེག ་པ་གང་ལ་ཡང་དག་པར་ཞུགས་པ་ཡིན་ནམ། འོན་ཏེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནམ། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་གང་འདི་སྐད་དུ་ཁྱོད་ཐེག་པ་གང་ལ་ཡང ་དག་པར་ཞུགས་ཡིན། ཞེས་གསུང་བ་ནི། བཙུན་པ་ཤ་ར་དྭ་ཏིའི་བུ་དེའི་སླད་དུ་ཁྱོད་ཉིད་ལ་ཞུ་ཡིས་ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་གདབ་དུ་གསོལ། བཙུན་པ་ཤ་ར་ད་ཏིའི་བུ་ཁྱོད་ཀྱིས ་རྟོགས་པའི་ཆོས་གང་ལགས་པའི་ཆོས་དེ་ཅི་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཞིག་ལགས་སམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཤིག ་ལགས་སམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞིག་ལགས་སམ། ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་དེ་ནི་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་ལ་ནི་རྣམ་པར་རྟགས་པ ་འམ་སྤྲོས་པ་འགའ་ཡང་མེད་ལ། ཐ་དད་པ་ཉིད་ཀྱང་མ་ཡིན། གཅིག་པ་ཉིད་ཀྱང་མ་ཡིན། སྣ་ཚོགས་ཉིད་ཀྱང་མ་ཡིན་པའི་ཕྱིར་རོ།། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ ་དེའི་སླད་དུ་རྣམ་པར་རྟོག་པ་མ་མཆིས་པ་དང་། སྤྲོས་པ་མ་མཆིས་པའི་ཆོས་ཐམས་ཅད་དང་། ཐ་དད་དུ་དབྱེ་བ་མ་མཆིས་པའི་ཆོས་ཐམས་ཅད་ལ་ནི་གང་གནས་པར་འགྱུར་བ་འམ། ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བའི་ཆོས་དེ་དམིགས་སུ་མ་མཆིས་ལགས་སོ།། ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་ཁྱོད་ཀྱིས་སྤོབས་ནི་ངོ་མཚར་ནཱ་གཞན་ཡང་ཁྱོད ་ཀྱིས་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ལ་གཉེན་བཀུར་བྱས་བུ་མོས་སྨྲས་པ། བཙུན་པ་ཤ་ར་ད་ཏི་བུ་གང་འདི་སྐད་ཅེས་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ལ་གཉེན ་འཁོར་བ་ན་འཁོར་མོད་ཀྱི། འོན་ཀྱང་མཇམ་དཔལ་དེར་ངས་བྱང་ཆུབ་དང་། དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདས་གཟུང་ངོ་།། དེ་ནས་བཅོམ་ལྡན་འདས ་ཀྱིས་དོན་དེ་ཉིད་རྒྱ་ཆེར་སྟོན་པའི་ཕྱིར། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། འདི་དག་ལྡན་པ་འདྲེན་པར་འགྱུར་ཏེ་བློ་གྲོས་མཐའ་ཡས་བློ་གྲོས་མཆོག། ཕྱོགས ་བཅུའི་སངས་རྒྱས་བྱེ་བ་ཕྲག་བརྒྱ་མང་པོ་དག་གིས་དགོངས་པར་འགྱུར།། མདོ་སྡེ་བརྒྱའི་ཚུལ་དག་ཤིན་ཏུ་རབ་དབྱེ་བསམ་ཡས་དཔག་མེད་དེ།། མདོ་སྡེ་འདི་ལ་རབ་ཏུ་སྦྱོར ་བ་མི་ཟད་གཟུངས་ཐོབ་རྙེད་པར་འགྱུར།། འདི་ནི་ཡེ་ཤེས་ཏིང་འཛིན་རྣམ་པར་གདོན་མི་ཟ་བ་སྐད་ཀུན་སྒོ།། རབ་ཏུ་རྟོགས་དང་རྣམ་པར་གྲོལ་དང་ཆགས་མེད་འཛིན་པ་ཐམས་ཅད་ཞེ། ་མི་སྐྱེ་བ་དང་འགོག་དང་གཞི་མེད་མྱ་ངན་འདས་དང་རིམས་ནད་མེད།། སྟོབ་དང་མཚན་དང་དཔེ་བྱད་བཟང་དང་རྒྱལ་བའི་ཡོན་ཏན་ཀུན་སྒྲུབ་པ།། དབྱངས་ཀྱི་ཡན་ལག་ཀུན་དང་སྣ་ཚོགས ་མཐའ་ཡས་སྐད་རྣམས་ཡོངས་སུ་སྦྱོང་།། རྗེས་སུ་རྟོགས་དང་ཚིམ་པ་དང་ནི་སྦྱོངས་དང་འཛིན་པ་ཐམས་ཅད་བྲལ།། ཤིན་ཏུ་རྣམ་པར་ཤེས་དང་གདོན་མི་ཟ་མཆོག་ཉོན་མོངས་ཐམས ་ཅད་ཟད།། མདོ་སྡེ་འདི་ལ་རབ་ཏུ་སྦྱོར་བ་བྱང་ཆུབ་དྲུང་དུ་སོང་བ་ཡིན།། རྩེ་གཅིག་ཡིད་ཀྱིས་མངོན་གསུམ་དུ་ནི་འདི་ལ་ཚུལ་བཞིན་རབ་སྦྱོར་བ།། གཉིད་དང་ལེ་ལོ་མ་བྱེད་ཤེས་ཀྱིས་ཁེ་བདེ ་མངོན་པར་དགའ་མ་བྱེད།། རྟག་ཏུ་ཚུལ་ཁྲིམས་མཉེན་དང་ཕྲ་དོག་མེད་དང་བྱམས་པའི་ཡིད་དུ་བྱོས།། དགའ་བྱའི་ངང་ཚུལ་གུས་དང་བཅས་པས་ཏིང་འཛིན་མཆོག་འདི་རྙེད་པར ་འགྱུར།། མཉམ་སེམས་ཤིན་ཏུ་བསྡམས་དང་དྲང་པོ་རྟག་ཏུ་རྣམ་ཐར་དགའ་བ་དང་།། གནས་མེད་འདྲེས་མེད་ཤེས་ཀྱི་ཁེ་དང་བདེ་ལ་པདྨར་ཆུ་བཞིན་བྱོས།། ཇི་ལྟར་བྱ་བཞིནང་མེད ་མོས་པ་བརྟན་ཞིང་སྲིད་དང་གཡོ་མེད་པ།། དེ་ནི་ཕྱི་མའི་དུས་ན་གཟུངས་མཆོག་རྒྱལ་པོ་འདི་ནི་ཐོབ་པར་འགྱུར།། སྟོང་གསུམ་དག་ནི་རབ་ཏུ་གཡོས་ནས་ལྷ་བརྒྱ་སིལ་སྙན་དཀྲོལ་བ ་བྱེད།། ཁྱབ་ལས་ནི་བྱུག་པ་གོས་དང་ཕྱེ་མ་དག་དང་རྒྱལ་མཚན་རྒྱ།། མཛེས་ཕྲེང་འགུལ་བརྒྱན་རྣ་ཆ་ཟླ་གམ་དུང་དང་བདུབ་དོ་ཤལ་བརྒྱ།། ནོར་བུ་མུ་ཏིག་དཔུང་བརྒྱན་གཙུག་རྒྱན་སོར ་གདུག་སྣ་ཚོགས་འཐོར་བར་བྱེད།། ལྷ་དང་ལྷའི་བུ་མོ་ཀླུ་དང་དྲི་ཟ་མདབས་བཟངས་ཚོགས་མང་པོ།། ཁྭའ་ལྡིང་དང་ལྷ་མིན་དབང་པོ་དགེ་སྙེན་དགེ་སློང་བརྒྱ་མང་དང་།། དེ་བཞིན ་གཤེགས་པ་དགེ་སློང་དགེ་སྙེན་མ་ནི་མང་པོ་དགའ་འགྱུར་ལང་།། རང་གི་གོས་དག་དང་ནི་ང་རྒྱན་རྣམས་ཕུལ་ནས་བྱང་ཆུབ་སེམས་བསྐྱེད་དོ།། ཆོས་འདི་ཤིན་ཏུ་བསྟན་ཚེ་སེམས་ཅན་མང་པོ ་བྱང་ཆུབ་ཞུགས་པ་དང་།། ཁ་ཅིག་ཕྱིར་མི་ལྡོག་པར་གྱུར་པ་བསྟན་ཅིང་ཚད་གཟུང་ནུས་མ་ཡིན།། དགྲ་བཅོམ་པ་ཉིད་དུ་བཏུལ་བར་གྱུར་པ་མཐའ་ཡས་གང་ག་བྱེ་བ་སྙེད།། འདྲེན་པ་ལྟ ་ཕྱིར་ཞིང་ནི་བརྒྱ་ནས་ལྷགས་པ་དེ་དག་དགའ་ནས་དོང་།། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན།། སེམས་ཅན་གྲངས་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཏུ་ཡང་དག་པར་ཞུགས་སོ།། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་བརྒྱད་བཅུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ།། བྱང་ཆུབ་སེམ ་ཚད་ཀྱིས་ཀྱང་བཅོས་ནས་གཏན་ལ་བབ་པ་དགེའོ།། 9། རྒྱ་གར་སྐད་དུ། ཨརྱ་ཤ་ལ་སྟམ་བཻ་ནཱ་མ་ཧཱ་ཡ་ན་སུ་ཏྲ། བོད་སྐད་དུ། འཕགས་པས་སུས ་ལྡང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས ་རྒྱལ་པོའི་ཁབ་བྱ་རྐེད་ཕུང་པོའི་དྲི་ལ། དགེ་སློང་སྟེང་ཉི་རྒྱའི་ལྔ་བཅུའི་དགེ་སློང་གིས་དགེ་བདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐ ་གཅིག་ཏུ་བཞུགས་ཏེ། དེའི་ཚེ་ན་ཚེ་དང་ལྡན་པ་ཤ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་བགྲོད་པར་བྱ་བའི་ས་ག་ལ་བ་དེར་སོང་སྟེ་བྱིན་ནས། ཕན་ཚུན ་ཡང་དག་པར་དགའ་བར་བྱ་བའི་གཏམ་རྣམ་པ་མང་པོ་བྱས་ནས། འདུས་ཏེ་གཉིས་ཀ་རྡོ་ལེ་བ་ལ་བཞུགས་སོ།། དེ་ནས་ཚེ་དང་ལྡན་པ་ཤ་རིའི་བུས། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲསོ།། བྱམས་པ་དེང་འདིར་བཅོམ་ལྡན་འདས་ཀྱིས་ས་ལུས་ལྡང་པ་ལ་གཟིགས་ནས། དགེ་སློང་རྣམས་ལ་མདོ་འདི་གསུངས་སོ།། དགེ་སློ ་དག་སུས་རྟེན་ཅིང་འབྲེལ་བར་འབྱུང་བར་མཐོང་བ་དེས་ཆོས་མཐོང་ངོ་།། སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་།། ཞེས་དེ་སྐད་བཀའ་སྩལ་ནས།། བཅོམ་ལྡན་འདས་ཅད ་མི་གསུང་བར་གྱུར་ནས། བྱམས་པ་བདེ་བར་གཤེགས་པས་བཀའ་སྩལ་པའི་མདོ་དེའི་དོན་ཅི། རྟེན་ཅིང་འབྲེལ་བར་བྱུང་བ་ནི་གང་། ཆོས་ནི་གང་སངས་རྒྱས་ནི་གང་། ཇི་ལྟར ་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་ན། ཆོས་མཐོང་། དེ་ལྟར་ཆོས་མཐོང་ན་སངས་རྒྱས་མཐོང་། དེ་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ན་པོ ་། བྱབས་པས།། ཚེ་དང་ལྡན་པ་ཤ་རི་བུ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་ཤ་རིའི་བུ་ལ་འདི་ལ་བཅོམ་ལྡན་འདས་ཆོས་ཀྱི་བདག་པོ་ཐམས་ཅད་མཁྱེན ་པས། དགེ་སློང་དག་སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་།། སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་།། ཞེས་གསུངས་པ་དེ་ལ་རྟེན་ཅིང་འབྲེལ་བར ་འབྱུང་བ་ནི་གང་ཞེས་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་དེ། གང་འདི་མ་རིག་པའི་རྐྱེན་གྱིས་འང། ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱི་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱི་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱི་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གིས་རྐྱེན་གྱི་རེག ་པ། རེག་པའི་རྐྱེན་གྱི་ཚོར་བ། ཚོར་བའི་རྐྱེན་གྱི་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། ་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། བསྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་ཀྱི་ཕུང་པོ་འབབ་ཤིག་པོ་འདི་འབྱུང ་བར་འགྱུར་རོ།། དེ་ལ་མ་རིགས་པ་འགག་པས་འདུ་བྱེད་འགག། འདུ་བྱེད་འགག་པས་རྣམ་པར་ཤེས་པ་འགག་རྣམ་པར་ཤེས་པ་འགག་པས་མིང་དང་གཟུགས་འག་གི། ་མིང་དང་གཟུགས་འགག་པས་སྐྱེ་མཆེད་དྲུག་འགགསོ། སྐྱེ་མཆེད་དྲུག་འགག་པས་རེག་པ་འགག་རེག་པ་འགག་པར་ཚོར་བ་འགག། ཚེར་བ་འགས་པས་སྲེད་པ ་འགག། སྲེད་པ་འགག་པས་ལེན་པ་འགག། ལེན་པ་འགག་པས་སྲིད་པ་འགག། སྲིད་པ་འགག་པས་སྐྱེ་བ་འགག། སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། ་སྔགས་འདོན་པོ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འགག་པར་འ་གྱུར་ཏེ། དེ་ལྟར་སྡུག་བསྔལ་ཀྱི་ཕུང་པོ་ཆེན་པོ་འབག་ཤིག་པོ་འདི ་འགག་པར་འགྱུར་རོ།། འདི་ནི་བཅོམ་ལྡན་འདས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་གསུངས་སོ།། ཆོས་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། འདི་ལྟ ་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོགས་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་།། ཡང་དག་པའི་མཚོ་བ་དང་། ཡང་དག་པའི་རྩོལ་བས། ་ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ།། གའདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་བྱ་བ་ཏེ། འབྲས་བུ་ཐོབ་པ་དང་། མྱ་ངན་ལས་འདས་པ་གཅག ་ཏུ་བསྡུས་ཏེ། བཅོམ་ལྡན་འདས་ཀྱི་ཆོས་སོ་ཞེས་བཀའ་སྩལ་ཏོ།། དེ་ལ་སངས་རྒྱས་བཅོམ་ལྡན་འདས་གང་ཞེ་ན། སུ་ཆོས་ཐམས་ཅད་ཐུགསུ་ཆུད་པའི་ཕྱིར་སངས་རྒྱས ་ཞེས་བྱ་སྟེ། དེས་དག་འཕགས་པའི་ལམ་ཤེས་རབ་ཅན་དང་། ཆོས་ཀྱི་སྐུ་བྱང་ཆུབ་བྱེད་པ་དང་། སློབ་པ་དང་མི་སློབ་པའི་ཆོས་དེ་དག་གཟིགས་པའོ།། དེ་ལ་རྟེན་ཅིང ་འབྲེལ་པར་འཟུང་བའི་མབང་པ་གདུགས་ན། འདིལ་བཅམ་ལྡན་འདས་ཀྱིས་སུས་རྟེན་ཅིང་ཕེལ་པར་འབྱུང་བ་དག་པ་དང་། སྲོག་དང་བྲལ་བ་དང་། དེས་ཉིད ་བྱ། མ་ནོར་བ་དག་མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུ་མ་བྱས་དང་། ཐོགས་པ་མེད་པ་དང་། དམིགས་པ་མེད་པ་དང་། ་ཞི་བ་དང་། འཇིགས་པ་མེད་པ་དང་། མི་འཕྲོགས་པ་དང་། རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་དུ་མཐོང་པ་སྟེ། གང་གི་ཚུལ་འདི་འདྲ་བར་ཆོས་ལ་ཡང་རྟག་པ་དང་།། ་སྲོག་མེད་པ་དང་། སྲོག་དང་བྲལ་བ་དང་། ཇི་ལྟ་བུ་ཉིད་དང་། མ་ནོར་བ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུ་མ་བྱས་དང་། ཐོགས་པ་མེད ་བ་དང་། དམིགས་པ་མེད་པ་དང་། ཞི་བ་དང་འཇིག་པ་མེད་པ་དང་། མི་འཕྲོགས་པ་དང་། རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་དུ་མཐོང་བ་དེ་འཕགས་པའི་ཆོས་མངོན ་པར་རྟོགས་ཏེ། ཡང་དག་པའི་ཡེ་ཤེས་དང་། ལྡན་པས་བླ་ན་མེད་པའི་ཆོས་ཀྱི་སྐུ་རུ་སངས་རྒྱས་མཐོང་ངོ་།། ཞེས་གསུང་སོ།། སྨྲས་པ་ཅིའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ ་ཞེས་བྱ་བ་སྨྲས་པ་རྒྱུ་དང་བཅས་པ་ལ་བྱའི་རྒྱུ་མེད་རྐྱེན་མེད་པ་ལ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེས་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ།། དེ་ལ་བཅོམ་ལྡན་འདས་རྐྱེན ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་མདོར་བཀའ་སྩལ་པ། རྐྱེན་འདི་ཉིད་ཀྱི་འབྲས་བུ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་རྣམས ་ཀྱི་ཆོས་ཉིད་འདི་ནི་འཇུག་པའོ།། ཞེས་བྱ་བ་ནས། གང་ཆོས་ཉིད་དང་ཆེས་པ་ཉིད་དང་། ཆོས་མི་འགྱུར་བ་ཉིད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་མཐུན་པ་དང་། དེ་བཞིན་ཉིད་དང་། ་མ་ནོར་བའི་དེ་བཞིན་ཉིད་དང་། བནན་མ་ཡིན་པའི་དེ་བཞིན་ཉིད་དང་། ཡང་དག་པ་ཉིད་དང་། བདེན་པ་ཁོ་ན་དང་། མ་ནོར་བ་ཉིད་དང་། བྱིན་ཅིམ་ལོགས་པའི་ཉིད་ཅེས་བྱ་བར་དུ་གསུངས ་འདི་ལྟར་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་གཉིས་ཀྱི་ཕྱིར་འབྱུང་སྟེ། གཉིས་གང་ཞེས་ན། འདི་ལྟ་སྟེ་རྒྱུ་དང་འབྲེལ་བ་དང་། རྐྱེན་དང་འབྲེལ་བའི་ཕྱིར་རོ།། དེ་ཡང་ཕྱི་དང་ནང ་གི་དང་། རྣམས་པ་གཉིས་ལྟའོ།། ཕྱིར་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་རྒྱུ་གང་དང་འབྲེལ་བ་གང་ཞེས་ན། འདི་ལྟ་སྟེ། ས་བོན་ལས་མྱུ་གུ། མྱུ་གུ་ལས་འདབ་མ། འདབ ་མ་ལས་སྡོང་བུ། སྡོང་སྦྲུལ་བུ་གུ། སྦུ་གུ་ལས་སྙིང་པོའོ།། སྙིང་པོ་ལས་མེ་ཏོག། མེ་རྟོག་ལས་འབྲས་བུའོ།། ས་བོན་མེད་ན་མྱུ་གུ་མི་འབྱུང་སྟེ། མེ་ཏོག་མེད་ན་འབྲས ་བུའི་བར་དུ་ཡང་མི་འབྱུང་ངོ་།། ས་བོན་ཡོད་ན་མྱུག་གུ་མངོན་པར་འགྲུབ་པར་འགྱུར་ཏེ། དེ་བཞིན་དུ་མེ་ཏོག་ཡོད་ན་འབྲས་བུའི་བར་དུ་མངོན་པར་འགྲུབ་པར་འགྱུར་རོ།། ་དེ་ལ་ས་བོན་ནི་འདི་སྙམ་དུ་བད་བདག་གི་མྱུ་གུ་མངོན་པར་བསྒྲུབ་པོ་སྙམས་དུ་མི་སེམས་སོ།། མྱུ་གུ་ཡང་འདི་སྙམ་དུ་བདག་ནི་ས་བོན་གྱིས་མངོན་པར་བསྒྲུབ་སོ།། ་སྙམ་དུ་སེམས་སོ།། དེ་བཞིན་དུ་མེ་ཏོག་ཀྱང་འདི་སྙམ་དུ་བདག་གིས་འབྲས་བུ་མངོན་པར་བསྒྲུབ་པ་སྙམ་དུ་མི་སེམས་པའི་བར་དུ་སྟེ། འབྲས་བུ་ཡང་འདི་སྙམ་དུ་བདག་ནི། ་མི་ཏིག་གིས་མངོན་པར་བསྒྲུབ་སོ་སྟོམ་དུ་མི་སེམས་མེད་ཀྱི་འོ་བྱངས་ངོན་འདོན་ནུ་གུམ་ཞི་བར་འགྲུབ་ཅིང་འབྱུང་བར་འབྱུང་བས་ན། དེ་བཞིན་དུ་མ་ཏོན་མེངོན་འཇམ ་བུའི་བར་དུ་ཡང་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་ཏེ། དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པར་ལྟའོ།། ཕྱི་རོལ་གྱི་རྟེན་ཅིང་འབྲེལ་བར ་འབྱུང་བ་རྐྱེན་དང་འབྲེལ་བར་ལྟ་ཞེས་ན། ཁམས་དྲུག་འདུས་པའི་ཕྱིར་ཏེ། ཁམས་དྲུག་པོ་གང་དག་འདུས་པའི་ཕྱིར་ཞེ་ན། འདི་ལྟ་སྟེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་། ་དུས་ཀྱི་ཁམས་རྣམས་འདུས་པ་ལས། ཕྱི་རོལ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་འབྲེལ་བར་ལྟའོ།། དེ་ལ་སའི་ཁམས་ནི་ས་བོན་སྟེན་པའི་བྱ་བ་བྱེད་དོ།། ཆུའི་ཁམས་ནི་ས་བོན་རླན་པའི་བྱ ་དབྱེད་དོ།། མེའི་ཁམས་ནི་ས་བོན་ཡོངས་སུ་དྲོ་བར་བྱ་བ་བྱེད་དོ།། རླུང་གི་ཁམས་ནི་ས་བོན་འཇུ་བའི་བྱ་བ་བྱེད་དོ།། ནམཁམས་ནི་ས་བོན་ལ་མི་སྒྲིབ་པའི་བྱ་བ་བྱེད་དོ།། དུས་ནི་ས ་དོན་འགྱུར་བའི་བྱ་བ་བྱེད་དོ།། རྐྱེན་རྣམས་མེད་པར་ས་བོན་ལས་མྱུ་གུ་མངོན་པར་འགྲུབ་པར་མི་འགྱུར་གྱི། ནམཁའ་ཕྱི་རོལ་གྱི་སའི་ཁམས་མ་ཚང་བ་མེད་པར་འགྱུར་ལ་དེ་བཞིན་དུ ་ཆུ་དང་མེ་དང་རླུང་དང་། ན་མཁའ་དང་། དུས་དང་མ་ཚང་བ་མེད་པར་གྱུར་ཏེ། ཐམས་ཅད་འདུས་པ་ལས་ས་བོན་འགག་པ་ན། དེ་ལ་མྱུ་གུ་མངོན་པར་འགྲུབ་པར་འགྱུ་རོ།། དེ་ལ་སིའི ་ཁམས་ཀྱང་འདི་སྙམ་དུ་བདག་གི་ས་བོན་རྟེན་པའི་བྱ་བ་བྱའོ་སྙམ་དུ་སེམས་སོ།། དེ་བཞིན་དུ་ཆུའི་ཁམས་ཀྱང་འདི་སྙམ་དུ་བདག་གི་ས་བོན་རྣན་པར་བྱའོ།། སྙམ་དུ་མི་སེམས་སོ།། མེའི ་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་ཡོངསུ་དྲོ་བར་བྱའོ་སྙམ་དུ་མི་སེམས་སོ།། རླུང་གིས་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་འབུས་པར་བྱའོ་སྙམ་དུ་མི་སེམས་སོ།། ་ནས་པའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་ལ་མི་སྒྲིབ་པའི་བྱ་བ་བྱའོ།། སུམ་དུ་སེམས་སོ།། དུས་ཀྱང་འདི་སུམ་དུ་བདག་གིས་ས་བོན་སྒྱུར་བར་བྱ་བར་བྱའོ།། སྙམ་དུ་མི ་སེམས་སོ།། ས་བོན་ཀྱང་བདག་གིས་མྱུ་གུ་མངོན་པར་བསྒྲུབ་པོ་ཞེས་སཱམ་མྦྷི་སེམས་སོ།། མྱུ་གུ་ཡང་འདི་སྙམ་དུ་བདག་གིས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་སོ། ་མོད་ཀྱི་འོན་ཀྱང་རྐྱེན་འདི་དག་ཡོད་པ་ལ་ས་བོན་འགག་ན། མྱུ་གུ་མངོན་པར་བསྒྲུབ་པར་འགྱུར་རོ།། དེ་བཞིན་དུ་མེ་ཏོག་ཡོད་ན་འབྲས་བུའི་བར་དུ་ཡང་མངོན་པར་འགྲུབ ་པར་འགྱུར་ཏེ། མྱུ་གུ་དེ་ཡང་བདག་གིས་མ་བྱས། གཞན་གྱིས་མ་བྱས་གཉིས་བཀྲེ་མ་བྱས། དབང་ཕྱུག་གིས་མ་བྱས་དུས་ཀྱིས་མ་བསྒྱུར། རང་བཞིན་ལས་མ་བྱུང་རྒྱ་རྐྱེན་མེད ་པ་ལས་ཀྱང་མ་སྐྱེས་ཏེ། འོན་ཀྱང་ས་དང་ཆུ་དང་མེད་དུ་རླུང་དང་། ན་མཁའ་དང་། དུས་ཀྱི་ཁམས་རྣམས་འདུས་ནས། ས་བོན་འོག་ག་ན་མྱུགུ་མངོན་པར་འགྲུབ་པར་འགྱུར་ཏེ། ་དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བར་རྐྱེན་དང་འབྲེལ་བར་ལྟའོ།། དེ་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་བར་འགྱུར་བ་ལྔ་འདི་ལྟ་སྟེ། ལྔ་གང་ཞེས་ན། རྟག་པར་མ་ཡིན་པ། ་ཆད་པར་མ་ཡིན་པ་དང་། འཕོ་བར་མ་ཡིན་པ་དང་། རྒྱུ་ནུ་དུས་ལས་འབྲས་བུ་ཆེན་པོས་མངོན་པར་འགྲུབ་པ་དང་།། དེ་དང་འདྲ་བའི་རྒྱུན་དུའོ།། ཇི་ལྟར་རྟག་པར་མ་ཡིན་ཞེས།། ་གང་གི་ཕྱིར་མྱུ་གུ་གཞན་ལ། ས་བོན་ཡང་གཞན་ཏེ། མྱུགུ་གང་ཡིན་པ་དེ་ཉིད་ས་བོན་མ་ཡིན་ལས་བོན་ལ་འགག་པ་ལས་མྱིག་འབྱུང་བ་མ་ཡིན། མ་འགག་པ ་། ལས་ཀྱང་མ་ཡིན་ཏེ། ས་བོན་ཡང་འགག་ལ། དེ་ཉིད་ཚེ་མྱུ་གུ་ཡང་འབྱུང་སྟེ། དེའི་ཕྱིར་རྟག་པར་ཡང་མ་ཡིན་ནོ།། ཇི་ལྟར་ཆད་པར་མ་ཡིན་ཞེས་ན། ་སྔོན་འགག་པའི་ས་བོན་ལས་མྱུ་གུ་སྐྱེ་བ་མ་ཡིན། མ་སྐྱེས་པ་འགག་པ་ལས་ཀྱང་མ་ཡིན་གྱི། ས་བོན་ཡང་འགག་ལ། དེ་ཉིད་ཀྱི་ཚེ་སྲང་མདའི་ཐོན་དམན་བཞིན་དུ་མྱུ་གུ་སྐྱེ་བས ་དེའི་ཕྱིར་ཆད་པ་ཡིན་ནོ།། ཇི་ལྟར་འཕོ་བ་མ་ཡིན་ནོ།། གང་གི་ཕྱིར་མྱུར་གུ་ཡང་བཞིན། ས་བོན་ཡང་གཞན་ལ། མྱུ་གུ་གང་ཡིན་པ་དེ་ཉིད་ས་བོན་མ་ཡིན་ཏེ། དེའི་འཕོ་བ་མ ་ཡིན་ནོ།། ས་བོན་ཆུང་བ་བཏབས་པ་ལས། འབྲས་བུ་ཆེན་པོ་མངོན་པར་འགྲུག་པར་འགྱུར་ཏེ། དེའི་ཕྱིར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པོ།། ས་བོ། ་ཇི་ལྟར་བུ་བཏབ་པ་དེའི་འབྲས་བུ་མངོན་པར་འགྲུབ་པས། དེའི་ཕྱིར་དེ་དང་འདྲ་བའི་རྒྱུད་དུ་ཏེ་དེ་ལྟར་ཕྱི་རོལ་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་ལྔར་ལྟའོ།། དེ་བཞིན ་དུ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་གཉིས་ཀྱི་ཕྱིར་འབྱུང་སྟེ། གཉིས་གང་ཞེ་ན་འདི་ལྟ་སྟེ། རྒྱུ་དང་འབྲེལ་པ་དང་རྐྱེན་དང་འབྲེལ་པའོ།། དེ་ལ་ནང་གི་རྟེན་ཅིང་འབྲེལ ་པར་འབྱུང་བ་རྒྱུ་དང་འབྲེལ་པ་གང་ཞེ་ན། གང་གིས་མ་རིག་པའི་རྐྱེན་ཀྱི་འདུ་བྱེད་རྣམས་ཤེས་བྱ་བ་ནས་སྐྱེ་བའི་རྐྱེན་གྱི་རྒ་ཤི་ཞེས་བྱ་བའི་བར་དུའོ།། གལ་ཏེ་མ་རིག་པ ་མབྱུང་ན་འདུ་བྱེད་རྣམས་ཀྱང་མི་མངོན་པ་ཞིག། དེ་བཞིན་དུ་སྐྱེ་བ་མབྱུང་དུ་ཟིན་ན། རྒ་ཤིའི་བར་དུ་མ་མངོན་པ་ཞིག་ན། འདི་ལྟར་མ་རིག་པ་ཡོད་པ་ལས་འདུ་བྱེད ་རྣམས་མངོན་པར་འགྲུབ་པར་གྱུར་པ་ནས། སྐྱེ་བ་ཡོད་པས་ལས་རྒ་ཤིའི་བར་དུ་མངོན་པར་འགྲུབ་པར་འགྱུར་རོ།། དེ་ལ་མ་རིག་པ་ལ་ཡང་འདི་སྙམ་དུ་བདག་གིས་འདུ་བྱེད ་རྣམས་མངོན་པར་འགྲུབ་བོ་སྙམ་དུ་མི་སེམས་སོ།། འདུ་བྱེད་རྣམས་ཀྱང་འདི་སྙམ་དུ་བདག་ཅག་ནི་མ་རིག་པས་མངོན་པར་བསྒྲུབ་སོ།། སྙམ་དུ་སེམས་སོ།། དེ་བཞིན་དུ ་སྐྱེ་བ་ཡང་འདི་སྙམ་དུ་བདག་གིས་རྒ་ཤི་མངོན་པར་སྒྲུབ་པོ་སྙམ་དུ་མི་སེམས་ཤིང་། རྒ་ཤི་ཡང་འདི་སྙམ་དུ་བདག་ནི་སྐྱེ་བས་མངོན་པར་བསྒྲུབ་སོ་སྙམ་དུ་མི་སེམས་པའི་བར ་དུ་ཏེ། འོན་ཀྱང་མ་རིག་པ་ལ་ཡོད་པ་ལ། འདུ་བྱེད་རྣམས་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་བས་ན། དེ་བཞིན་དུ་སྐྱེ་བ་ཡོད་པ་ལས་གཾ་ཤིའི་བར་དུ་མངོན་པར་འགྲུབ་ཅིང་འབྱུང་བ ་འགྱུར་ཏེ། དེ་ལྟར་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང་འབྲེལ་པར་ལྟའོ།། ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་འབྲེལ་བ་ཇི་ལྟར་ལྟ་ཞེས་ན། ཁམ་དྲུག་འདུས་པའི ་ཕྱིར་ཏེ། ཁམས་དྲུག་པོ་གང་དག་འདུས་པའི་ཕྱིར་ཞེ་ན། འདི་ལྟ་སྟེ། ས་དང་ཆུ་དང་མེ་དང་། རླུང་དང་ན་མཁའི་དང་། རྣམ་པར་ཤེས་པའི་ཁམས་འདུས་པ་ལས། ནད ་གི་རྟེན་ཅིང་འབྲེལ་བར་འབྱུང་བར་ལྔའོ།། རྐྱེན་དང་འབྲེལ་བར་ལྟའོ།། དེ་ལ་ནང་གི་རྟེན་ཅིང་འབྲེལ་བར་འགྱུར་བའི་སའི་ཁམས་གང་ཞེས་ན། གང་འདི་འདུས་ནས་ལུས་ཀྱི་སྲིད ་བའི་དངོས་པོ་མངོན་པར་འབྱུང་བར་བྱེད་པ་འདི་ནི་སའི་མས་ཞེས་བྱའོ།། གང་ལུས་བདུད་པའི་བྱ་བ་བྱེད་པའདི་ནི་མུའི་ཁམས་ཞེས་བྱའོ།། གང་ལུས་ཀྱི་ཟོས་པ་དང་མཐང་བ་དང་། ་། འཆོས་པ་དང་མྱངས་པ་རྣམས་འཇུ་བར་བྱེད་པ་འདི་ནི་མེའི་ཁམས་ཞེས་བྱའོ།། གང་ལུས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱེད་པ་འདི་ནི་རླུང་གིས་ཁམས་ཞེས ་བྱའོ།། གང་ལུས་ཀྱི་ནང་སྒྲུབས་ཡོད་པར་བྱེད་པ་འདི་ནི་ན་མཁའི་ཁམས་ཞེས་བྱའོ།། གང་མདུང་ཁྱིམ་ཀྱི་ཚུལ་ཏུ་ལུས་ཀྱི་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་བསྒྲུབ་པར་བྱེད ་པརྣམ་པར་ཤེས་པའི་ཚོགས་ལྔ་འདུས་པ་དང་།། ཟག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་འདི་ནི་རྣམ་པར་ཤེས་པ་འདི་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ།། ་རྐྱེན་འདི་དག་མེད་པར་ལུས་སྐྱེ་བར་མི་འགྱུར་གྱི། ནམ་ནང་གི་སའི་ཁམས་ཚང་ཞིང་དེ་བཞིན་དུ་ཆུ་དེང་མེ་དང་རླུང་དང་། ན་མཁའ་དང་རྣམ་པར་ཤེས་པའི་ཁམས་རྣམ་ཀྱང་ཚང་བར ་འགྱུར། ལ་ཐམས་ཅད་འདུས་པ་ལས་ལུས་མངོན་པར་འགྲུབ་པར་འགྱུར་རོ།། དེ་ལ་སའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་འདུས་ནས་ལུས་ཀྱི་སྲ་བའི་དངོས་པོ་མངོན་པར ་བསྒྲུབ་པོ་སྙམ་དུ་མི་སེམས་སོ།། ཆུའི་ཁམས་ཀྱང་འདི་སྙམ་དུ་བདག་གི་ལུས་ཀྱི་བདུད་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།། མེའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་ཟོས ་པ་དང་། འཐུང་བ་དང་། འཆོས་པ་དང་། མྱངས་པ་དང་། རྣམས་འཇུག་པར་བྱའོ།། སྙམ་དུ་མི་སེམས་སོ།། རླུང་གི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་དབུགས་ཕྱིནང ་དུ་རྒྱུ་བའི་བྱ་བ་བྱའོ།། སྙམ་དུ་མི་སེམས་སོ།། ནམཁའི་ཁམས་ཀྱང་འདི་སྙམ་དུ་བདག་གི་ལུས་ཀྱི་ནང་སྦུབས་ཡོད་པར་ཡོད་བྱའོ།། སྙམ་དུ་མི་སེམས་སོ།། རྣམ་པར། ་ཤེས་པའི་ཁམས་ཀྱང་འདི་སྙམ་དུ་བདག་གི་ལུས་ཀྱི་དབུགས་མིང་གཟུགས་མངོན་པར་བསྒྲུབ་བོ་སྙམ་དུ་མི་སེམས་སོ།། ལུས་ཀྱང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ།། ་སྙམ་དུ་སེམས་མོད་ཀྱི། འོན་ཀྱང་སྐྱེན་འདི་དག་ཡོད་ན་ལུས་སྐྱེ་བར་འགྱུར་རོ།། དེ་ལ་སའི་ཁམས་ནི་བདག་མ་ཡིན་སེམས་ཅན་མ་ཡིན། སྲོག་མ་ཡིན་སྐྱེ་བ་པོ་ཡིན་ཤེས་ལས་སྐྱེས་པ། ་མ་ཡིན། ཤེད་བུ་ལས་མ་ཡིན། བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན། ང་མ་ཡིན། བདག་གི་མ་ཡིན་ཏེ། གཞན་སུའི་མ་ཡིན། དེ་བཞིན་དུ་ཆུའི་ཁམས་དང་། ་མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཀྱང་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། སྐྱེ་བ་པོ་མ་ཡིན། ཤེད ་ལས་སྐྱེས་པ་མ་ཡིན། ཤེད་བུ་མ་ཡིན། བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན། ང་མ་ཡིན། བདག་གི་མ་ཡིན། གཞན་སུའི་ཡང་མ་ཡིན་ནོ།། དེ་ལ་མ། ་རིག་པ་གང་ཞེས་ན། ཁམས་དྲུག་པོ་འདི་དག་ཉིད་ལ་གང་ཅིག་པུར་འདུ་ཤེས་པ་དང་། རིལ་པོར་འདུ་ཤེས་པ་དང་། རྟག་པར་འདུ་ཤེས་པ་དང་། བརྟན་པར་འདུ་ཤེས་པ་དང་།། ་ཟེར་གཟུགས་ཏུ་འདུ་ཤེས་པ་དང་།། བདེ་བར་འདུ་ཤེས་པ་དང་། བདག་དུ་འདུ་ཤེས་པ་དང་། སེམས་ཅན་དུ་འདུ་ཤེས་པ་དང་། སྲོག་དང་སྐྱེབ་པོ་དང་། གས་པ་དང་། སྐྱེ ་བུ་དང་། གང་ཅིག་དུ་འདུ་ཤེས་པ་དང་། ཤེས་ལས་སྐྱེས་པ་དང་། ཤེད་བུར་འདུ་ཤེས་པ་དང་། དཤེས་པ་དང་། བདག་གི་ཤེས་བྱ་བར་འདུ་ཤེས་པསྟེ། འདི་ག ་ལ་སོགས་པ་རྣམ་པ་སྣ་ཚོགས་འདི་ནི་མ་རིག་པ་ཞེས་བྱའོ།། དེ་ལྟར་མ་རིག་པ་ཡོད་པས་ཡུལ་རྣམས་ལ་འདོད་ཆགས་དང་། ཞེས་སྡང་དང་གཏི་མུག ་འཇུག་སྟེ། དེ་ལ་ཡུལ་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་གང་ཡིན་པ་འདི་ནི་མ་རིག་པའི་རྐྱེན་ཀྱིས་འདུ་བྱེད་རྣམས་ཞེས་བྱའོ།། དངོས་པོ་སོ་སོར་རྣམ་པར་རིག་པ ་ནི་རྣམ་ཤེས་པའོ།། རྣམ་པར་ཤེས་པ་ནི་ལྷན་གཅིག་བྱུང་བ་ཉེ་བར་ལེན་པའི་ཕུང་པོ་བནི་བློ་དག་ནི་མིང་དང་གཟུགས་སོ།། མིང་དང་གཟུགས་ལ་རྟེན་པའི་དབང་པོ་རྣམས་ནི ་སྐྱེ་མཆེད་དྲུག་གོ། ཆོས་གསུམ་འདུས་པ་ནི་རག་པའོ། ཚོར་བ་ལ་གཞན་པ་ནི་སྲིད་པའོ།། སྲེད་པ་འཕེལ་བ་ནི་ལེན་པའོ།། ལེན་པ་ལས་སྐྱེས་པ་ཡང་སྲིད་པ ་བསྐྱེད་པའི་ལས་ནི་སྲིད་པའོ།། རྒྱུ་དེ་ལས་ཕུང་པོ་བྱུང་བ་ནི་སྐྱེ་བའོ།། སྐྱེས་ནས་ཕུང་པོ་སྨིན་པ་ནི་རྒ་བའོ།། རྒས་ནས་ཕུང་པོ་འཇིག་པ་ནི་འཆི་བའོ།། འཆི་ཞིང་མྱོས་ཏེ་མངོན ་པར་ཆགས་པ་དང་བཅས་པའི་ནང་གི་ཡོངས་སུ་གདུང་བ་ནི་མྱ་ངན་ནོ།། མྱ་ངན་ལས་བྱུང་བའི་ཚིག་དུ་སྐྱེ་བ་ནི་སྨྲེ་སྔགས་འདོད་པའོ།། རྣམ་པར་ཤེས་པ་ལྔའི་ཚོགས་པ ་དང་ལྡན་པའི་མི་བདེ་བ་མྱོང་བ་ནི་སྡུག་བསྔལ་ལོ།། ཡད་ལ་བྱེད་པ་དང་ལྡན་པའི་ཡིད་ཀྱི་སྡུག་བསྔལོ་ན་མིང་མི་བདེ་བའོ།། གཞན་ཡང་འདི་དག་ལ་སོགས་པ་ཉེ་བར ་ཉོན་མོངས་པའི་གང་ཡི་དག་ནི་འཁྲུག་པ་ཞེས་བྱའོ།། དེ་ལ་མུན་པོ་ཆེན་པོའི་ཕྱིན་མི་རིག་པའོ།། མངོན་པར་འདུ་བྱེད་པའི་ཕྱིར་འདུ་བྱེད་རྣམས་སོ།། རྣམ་པར ་རིག་པའི་ཕྱིར་རྣམ་པར་ཤེ་དྷའོ།། རྟེན་པའི་ཕྱིར་མིང་དང་གཟུགས་སོ།། སྐྱེ་བའི་ཕྱིར་སྐྱེ་མཆེད་དྲུག་གོ་རེག་པའི་ཕྱིར་རེག་པའོ།། མིང་བའི་ཕྱིར་ཚོར་བའོ།། སྙོམས་པའི་ཕྱིར་སྲེད ་བའོ།། ཉེན་པར་ལེན་པའི་ཕྱིར་ལེན་པའོ།། ཡང་སྲེད་པ་བསྐྱེད་པའི་ཕྱིར་སྲེད་པའོ།། ཕུང་པོའི་བྱུང་བའི་ཕྱིར་སྐྱེས་པའོ།། ཕུང་པོ་སྨོན་པའི་ཕྱིར་རྒ་བའོ།། འཇིག་པ་བའི་ཕྱིར ་འཆིས་པའོ།། མྱ་ངན་བྱེད་པའི་ཕྱིར་མྱ་ངན་ནོ།། ཚིག་གི་སྨྲེ་སྔགས་འདོན་པའོ།། ལུས་ལ་གནོད་པའི་ཕྱིར་སྡུག་བསྔལ་བའོ།། སེམས་ཅན་ལ་གནོད་པའི་ཕྱིར་ཡིད་མི་བདེ་བའོ།། ་ཉོན་མོངས་པའི་ཕྱིར་འཁྲུག་པའོ།། བཞན་ཡང་དེ་ཁོ་ན་མི་རྟོགས་ཤིང་ལོག་པར་ཤེས་ཏེ། མི་ཤེས་པ་ནི་མ་རིག་པའོ།། དེ་ལྟར་མ་རིག་པ་ཡོད་ན་འདུ་བྱེད་རྣམས་གསུམ་འགྲུ ་སྟེ། བསོད་ནམ་སུ་ཉེ་བར་འགྲོ་བ་དང་། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བ་དང་། མི་གཡོ་བར་ཉེ་བར་འགྲོ་བའོ།། དེ་ལ་བསོད་ནམ་སུ་ཉེ་བར་འགྲོ་བའི་འདུ་བྱེད་རྣམས ་ལས་བསོད་ནམ་སུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་བ་དང་། བསོད་ནམ་སུ་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས། བསོད་ནམས་མ་ཡིན་པར ་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་བ་དང་། མིགཡོ་བའི་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་མི་གཡོ་བར་ཉེར་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་བ་འདི་ན། ་འདུ་བྱེད་ཀྱི་རྐྱེན་གྱི་རྣམ་པར་ཤེས་པ་ཞེས་བྱའོ།། རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པའི་ཕུང་པོ།། གཟུགས་ཅན་མ་ཡིན་པ་བཞི་དང་། གཟུགས་གང་ཡིན་པ་དེ་ན ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཤེས་བྱའོ།། མཽང་ང་གཟུགས་རྣམ་པར་འཕེལ་བས།། སྐྱེས་ཆེད་དྲུག་གི་སྒོནས་བྱ་བབྱེད་པ་རྣམས་འབྱུང་ན། ་དེ་མེ་དང་གཟུགས་ཀྱི་རྐྱེན་གྱི་སྐྱེམ་ཆེང་དྲུག་ཞེས་བྱའོ།། སྦྱིན་དྲུག་པོ་དག་ག་པའི་ཚོགས་དྲུག་འབྱུང་སྟེ།། དོན་སྐྱེ་ཆེད་དྲུག་གིས་རྐྱེན་གྱིས་དག་པ་ནས་བྱག ་ངི་དུ་རེག་པ་འབྱུང་བས། དེ་སྟེ་ཚོར་བ་འབྱུད་སྟེ། དེ་ནི་རིག་པའི་རྐྱེན་གྱིས་ཚོར་བཞེས་བྱའོ།། ཚར་བའི་བྱེ་བྲག་དེ་དག་མྱོང་བ་དང་། མངོན་པར་དགའ་བ་དང་། ལྷག་པཞིན། ་ས་འག་པ་ནི་བ་རྐྱེ་ཀྱིས་མེད་ཤེས་བྱག། སྣང་བདང་མདུན་པར་བྱུ་ང་སྒྲུ་ན་པ་དདུ། ཐུགྶ་། ནས་འདུག་པ་ལས་བདུག་སྡུག་པ་ཛ ་བདེ་བའི་ང་བོ་ཉིད་དང་འབྲལ་བར་མ་གྱུར་ཅེ་ག་སྐམ་དུ་ཡོང་སུ་མི་གཏོང་བའི་ཕྱིར་ཞིང་སྔོན་པ་འདི་ན་སྲིད་པའི་རྐྱེན་གྱི་ལེན་པ་ཞེས་བྱའོ།། དེ་ལྟར་སྟོན་ཅིང་ཡང་སྲིད་པ་རྙེད ་པཱའི་ལས་ལུས་དང་ངག་དང་། ཡིད་ཀྱིས་ཀུན་ནས་སྟེང་བ་དེ་ནི་ལེན་པའི་རྐྱེན་གྱི་སྲིང་བཞེས་བྱའོ།། ལས་དེལ་སྐྱེས་པའི་ཕུང་པོ་ལྔ་རྣམས་འགྲུབ་པ་གང་ཡིན་བདེན ་རྐྱེ་སྣ་ཞེས་། ནས་ན་པར་འགྲུབ་པའི་སྲིང་རྣམས་ཀྱི་ཡངས་སུ་རློན་དང་། འཇིག་པར་འགྱུ་། ་མཐོ་ཡུ་མ་འ་མ་མ་གག་ག་ས ་བྱུང་བ། རྟག་པ་མ་ཡིན།། མི་རྟག་པ་མ་ཡིན། འདུས་བྱས་མ་ཡིན། འདུས་མ་བྱས་མ་ཡིན། རྒྱུ་མེད་པ་མ་ཡིན། རྐྱེན་མེད་པ་མ་ཡིན། མྱོང་བ་ཡོད་པ་མ་ཡིན། ཟད་པའི ་ཆོས་མ་ཡིན། འཇིག་པའི་ཆོས་མ་ཡིན། འགོག་པའི་ཆོས་མ་ཡིན། ཐོག་མ་མེད་པའི་དུས་ན་ཞུགས་པ། རྒྱུན་མ་ཆད་པར་ཀྲུང་གི་རྒྱུན་བཞིན་དུ་རྗེ་སུ་ཞུགས་པའོ།། རྟེན ་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པ་འདི་དག་ནི་རྒྱུ་གཞན་དང་གཞན་ལས་བྱུང་བ། རྐྱེན་གཞན་དང་གཞན་ལས་བྱུང་བ། རྟག་པ་མ་ཡིན། མི་རྟག་པ་མ་ཡིན།། ་འདུས་མ་བྱས་མ་ཡིན། རྒྱུ་མེད་པ་མ་ཡིན། རྐྱེན་མེད་པ་མ་ཡིན། མྱོང་བ་ཡོད་པ་མ་ཡིན། ཟད་པའི་ཆོས་མ་ཡིན། འཇིག་པའི་ཆོས་མ་ཡིན། འགོག་པའི་ཆོས་མ་ཡིན། ཐོག ་མ་མེད་པའི་དུས་ན་ཞུགས་པ་རྒྱུན་མ་ཆད་པ། རླུང་གི་རྒྱུན་བཞིན་དུ་རྗེ་སུ་ཞུ་གག་མོད་ཀྱི། འོན་ཀྱང་ཡན་ལག་བཞི་པོ་འདི་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག ་བཅུ་གཉིས་པོ་དེ་དག་བསྡུ་བར་བྱ་བའི་རྒྱུ་རུ་འགྱུར་རོ།། བཞི་གང་ཞེ་ན་འདི་ལྟ་སྟེ། མ་རིག་པ་དང་སྲེད་པ་དང་ལས་རྣམ་པར་ཤེས་པའོ།། དེ་ལ་རྣམ་པར་ཤེས་པས་ནི་ས་བོན ་ཀྱི་རང་བཞིན་གྱི་རྒྱུ་བྱེད་དོ།། ལས་ནི་ཞིང་གི་རང་བཞིན་གྱི་རྒྱུ་བྱེད་དོ།། མ་རིག་པ་དང་སྲེད་པ་དང་ནི་ཉོན་མོངས་རང་བཞིན་གྱི་རྒྱུ་བྱེད་དོ།། དེ་ལ་ལས་དང་ཉོན་མོངས་པ་དག ་ནི་ས་བོན་རྣམ་པར་ཤེས་པར་བསྐྱེད་དོ།། དེ་ལ་ལས་ནི་ས་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱེད་དོ།། སྲེད་པས་ནི་ས་འོན་གྱི་རྣམ་པར་ཤེས་པར་རླན་པར་བྱེད་དོ།། མ་རིག་པ་ནི ་ས་ཟོན་རྣམ་པར་ཤེས་པ་འདེབས་ཏེ།། རྐྱེན་འདི་དག་མེད་ནས་བོན་རྣམ་པར་ཤེས་པ་མངོན་པར་འགྲུབ་པར་མི་འགྱུ་རོ།། དེ་ལ་ལས་ཀྱང ་འདི་སྙམ་དུ་དག་གིས་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱེད་དོ།། སྙམ་དུ་མི་སེམས་སོ།། སྲིད་པ་ཡང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་རླན་པའི་བྱ་བ་བྱའོ།། ་སྙམས་དུ་མི་སེམས་སོ།། མ་རིག་པ་ཡང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་བཏབ་བོ་སྙམས་དུ་མི་སེམས་སོ།། ས་བོན་རྣམ་པར་ཤེས་པ་ཡང་འདི་སྙམ་དུ་བདག་གི ་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་སོ།། འོན་ཀྱང་ས་བོན་ལས་རྣམ་པར་ཤེས་པ་ལས་ཀྱི་ཞིང་ལ་རྟེན་པ། སྲེད་པའི་རླན་གྱིས་རླན་པ། མ་རིག་པའི་ལུད་ཀྱི་བྲན་པ། སྐྱེ་བ་ན་སྐྱེ ་བའི་གནས་དེར་ཉིད་འཚམ་སྦྱོར་བ། མའི་མངལ་དེ་དང་གཟུགས་ཀྱི་མྱུ་གུ་མངོན་པར་སྒྲུབས་སྟེ། མིང་དང་གཟུག་ཀྱི་མྱུ་གུ་དེ་ཡང་བདག་གིས་མ་བྱས་གཞན་གྱི་མ་བྱས། གཉིས་གས ་མ་བྱས། དབང་ཕྱུག་གི་མི་བྱས། དུས་ཀྱི་མ་སྦྱར། རང་བཞིན་ལས་མ་བྱུང་། བྱེད་པ་ལས་མ་ཡིན། རྒྱུ་མེད་པ་ལ་ཀྱང་མ་སྐྱེས་ཏེ། འོན་ཕ་མ་དང་ཕྲད་པ་དང་། ཟླ་མཚན་དང ་ལྡན་པ་དང་། རྐྱེན་གཞན་ཡང་ཚོགས་ན། བདག་པོ་མེད་པའི་ཆོས། བདག་གི་འཛིན་པ་མེད། ནམ་མཁའ་དང་མཚུངས་པ། རྒྱུ་མའི་མཚན་ཉིད་ཀྱིས་རང་བཞིན་དག་ལ། ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར། སྐྱེ་བའི་གནས་ཉིད་འཚམ་སྦྱོར་བ། མའི་མངལ་དེ་དང་དེར་མྱོང་བ་དེང་ལྡན་པའི་ས་བོན་རྣམས་ཤེས་པ། མིང་དང་གཟུགས་ཀྱི་མྱུ་གུ ་མངོན་པར་བསྒྲུབ་པོ།། འདི་ལྟ་སྟེ་མིག་གི་རྣམ་པར་ཤེས་པ་ནི་རྒྱུ་ལྔས་འབྱུང་སྟེ། ལྔ་གང་ཞེས་ན། མི་ལ་རྟེན་པ་དང་། གཟུགས་ལ་རྟེན་པ་དང་། སྣང་བ་དང་། ན་མཁའ་དང་དེ་བསྐྱེང ་པའི་ཡིད་ལ་བྱེད་པ་ལ་ཡང་རྟེན་ནས། མིག་གི་རྣམ་པར་ཤེས་པ་འབྱུང་ངོ་།། དེ་ལ་མིག་ནི་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱེད་དོ།། གཟུགས་ནི་མིང་དང་རྣམ་པར་ཤེས ་པའི་བྱ་བ་བྱེད་དོ།། སྣང་བ་ནི་མངོན་པའི་བྱ་བ་བྱེད་དོ།། ན་མཁའ་ནི་མི་སྒྲིབ་པའི་བྱ་བ་བྱེད་དོ།། དེ་དང་འབྱུང་བ་ཡིད་ལ་བྱེད་པ་ནི་བསམ་པའི་བྱ་བ་བྱེད་དོ།། རྐྱེན་དེ་དག་མེད་ན ་མིག་གི་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་གྱི། གང་གི་ཚེ་ནང་གི་སྐྱེ་མཆེད་མིག་མ་ཚང་བར་མ་གྱུར་ལ། དེ་བཞིན་དུ་གཟུགས་དང་སྨྲ་བ་དང་། ན་མཁའ་དང་། དེ་དང་འབྱུང་བ་ཡིད ་ལ་བྱེད་པ་དག་ཚད་པར་གྱུར་ཏེ། ཐམས་ཅད་འདུས་པ་དེ་ལས་མིག་གི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ།། དེ་ལ་མིག་ནི་འདི་སྙམ་དུ་བདག་གི་མིག་གི་རྣམ་པར་ཤེས་པའི ་རྟེན་གྱི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།། གཟུགས་ཀྱང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་དམིགས་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།། སྣང་བ་ཡང་འདི ་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་མངོན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།། ནམཁའ་ཡང་འདི་སྙམ་དུ་བདག་གི་མིག་གི་རྣམ་པར་ཤེས་པའི་དམིག་སྒྲིབ་པའི། ་བྱ་བ་བྱའོ་སྙམ་དུ་མི་སོས་སོ།། དེ་དང་འབྱུང་བའི་ཡིད་ལ་བྱེད་པ་ཡང་འདི་སྙམ་དུ་བདག་གི་མིག་གི་རྣམ་པར་ཤེས་པའི་བྱ་བ་བྱའོ།། སྙམ་དུ་མི་སེམ་སོ།། མིག་རྣམ་པར་ཤེས་པ་ཡང ་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ།། སྙམ་དུ་མི་སེམས་སོ།། འོན་ཀྱང་རྐྱེན་འདི་དག་ཡོད་པ་ལས། མིག་གི་རྣམ་པར་ཤེས་པ་སྐྱེ་བར ་འགྱུར་རོ།། དེ་བཞིན་དུ་དབང་པོ་ལྷག་མ་རྣམས་ལ་ཡང་ཅི་རིགས་སུ་སྦྱར་རོ།། དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་མི་བློ་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི ་ཕྱིར་ལས་ཀྱི་འབྲས་བུར་མངོན་པ་ཡང་ཡོད་དེ།། འདི་ལྟ་སྟེ་དཔེར་ན། རབ་ཏུ་ཕྱིས་པའི་མེ་ལོང་གི་དཀྱིལ་འཁོར་ལ། བཞིན་གྱི་གཟུགས་བརྙན་སྣང་བ་ཡང་བཞིན་མེ་ལོང་གི ་དཀྱིལ་འཁོར་དུ་མ་འཕོས་མེད་ཀྱི་རྒྱུ་དང་རྐྱེན་མ་ཚང་བ་མེད་ཕྱིར་བཞིན་དུ་མངོན་པ་ཡང་ཡོད་དོ།། དེ་བཞིན་དུ་འདི་ནས་སུ་ཡང་ཤི་འཕོས་པ་མེད་པ་ལས། གཞན་དུ་ཡང་མ་སྐྱེས་ཏེ། ་རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པར་ཡོད་དོ།། འདི་ལྟ་སྟེ་དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་དཔག་ཚད་བཞི་ཁྲི་ཉི་སྟོང་ནས་འགྲོ་སྟེ། འོན་ཀྱང་སྟོང ་ཆུང་ངུས་བསྐང་བར་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བརྙན་སྣང་བ་ཡང་ཟླ་བའི་དཀྱིལ་འཁོར་གནས་དེ་ནས་མ་འཕོས་ཏེ། སྣོད་ཆུ་དུས་ཆུས་ཡོངསུ་གང་བའི་ནང་དུ་སོང་བ་ཡང་མེད ་མཽད་ཀྱི། རྒྱུ་དང་རྐྱེན་དང་ཚང་བར་མེད་པའི་བའི་ཕྱིར་ཟླ་བའི་དཀྱིལ་འཁོར་དུ་མངོན་པ་ཡོད་དོ།། དེ་བཞིན་དུ་འདི་ནས་ཀྱང་སུ་ཡང་ཤི་འཕོས་མ་མེད་པ་ལ་གཞན་དུ་མ་སྐྱེས་མོད་ཀྱི། ་ལས་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པ་ཡོད་དོ།། འདི་ལྟ་སྟེ། དཔེར་ན་མེའི་རྒྱུ་དང་རྐྱེན་རྣམས་མཚང་བ་མེ་འབར་སྟེ། རྒྱུ་དང་རྐྱེན་ཚོགས ་བ་ལས་འབརོ།། དེ་བཞིན་དུ་བདག་པོ་མེད་པའི་ཆོས་བདག་གི་མེད་པ།། འཛིན་པ་མེད་པ། ན་མཁའ་དང་མཚུངས་པ། རྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་རྒྱུ་གྱེན་རྣམས་མ་ཚང ་པ་མེད་པའི་ཕྱིར། སྐྱེ་བའི་གནས་ཉིད་འཚམ་སྦྱོར་བ་མའི་མངལ་དེ་དང་དེར། ས་བོན་རྣམ་པར་ཤེས་པ་ལས་དང་ཉོན་མོངས་པ་རྣམས་ཀྱི་སྙེད་པ། མིང་དང་གཟུགས་ཀྱི་མྱུ་ག་མངོན ་པར་སྒྲུབ་ཏེ། དེ་ལྟར་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་འབྲེལ་པར་ལྟའོ།། དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ལྔ་འདི་ལྟ་སྟེ། ལྔ་གང་ཞེ་ན། རྟག་པ་མ་ཡིན་པ་དང་། ་ཆད་པ་མ་ཡིན་པ་དང་། འཕོ་བ་མ་ཡིན་པ་དང་། རྒྱུ་ཆུ་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བ་དང་། དེ་དང་འདྲང་བའི་རྒྱུད་དུའོ་ཇི་ལྟར་རྟག་པ་མ་ཡིན་ཞེས་ན། གང་གི་ཕྱིར་ཐ་མའི་འཆི ་བའི་ཕུང་པོ་རྣམས་ཀྱང་གཞན་ལ། སྐྱེ་བའི་ཆར་བཏོགས་པ་རྣམས་ཀྱང་གཞན་ཏེ། ཐ་མའི་མཆི་བའི་ཕུང་པོ་གང་ཡིན་པ་དེ་ཉིད་སྐྱེ་བའི་ཆར་བཏོགས་པའི་རྣམ་པ་མ་ཡིན་གྱི།། ་ཐ་མའི་འཆི་བའི་ཕུང་པོ་རྣམས་ཀྱང་འགག་ལ། སྐྱེ་བ་ཆར་བཏོགས་པའི་ཕུང་པོ་རྣམས་ཀྱང་འབྱུང་བས། དེའི་ཕྱིར་རྟག་པར་མ་ཡིན་ནོ།། ཇི་ལྟར་ཆད་པ་མ་ཡིན་ཞེས་ན། ཐ་མའི ་མཆི་བའི་ཕུང་པོ་རྣམས་སྔོན་འགག་པ་ལས་སྐྱེ་བའི་ཆར་བཏོགས་པའི་ཕུང་པོ་རྣམས་འབྱུང་བ་རྣམས་མ་ཡིན། མ་འགག་པ་ལས་ཀྱང་མ་ཡིན་གྱི། ཐའི་འཆི་བའི་ཕུང ་བོ་རྣམས་ཀྱང་འགག་ལ། དེ་ཉིད་ཀྱི་ཚེ་སྐྱེ་བའི་ཆར་བཏོགས་པའི་ཕུང་པོ་རྣམས་སྲང་མངའི་མཐོན་དམན་བཞིན་འབྱུང་བ་འགྱུར་ཏེ། དེའི་ཕྱིར་ཆད་པ་ཡང་མ་ཡིན་ནོ།། ་ཇི་ལྟར་འཕོབ་མ་ཡིན། ཞེས་ན། སེམས་ཅན་མ་རིག་མ་འདྲ་བ་ནས། སྐལ་པ་མཉམ་པའི་སྐྱེ་བ་ནས་སྐྱེ་བ་མངོན་པར་འགྲུབ་པས་དེ་ཕྱིར་འཚོ་བ་མ ་ཡིན་ནོ།། ཇི་ལྟར་རྒྱ་ཆུ་དུ་ལས་འབྲས་བུ་ཆེན་པོ་འབྱུང་ཞེ་ན། ལས་ཆེན་པོ་བྱས་པ་ལ་འབྲས་བུ་ཆེན་པོའི་རྣམ་པར་སྨིན་པ་མྱོང་སྟེ། དེའི་ཕྱིར་རྒྱུ་ཆུ་དུ་ལས་འབྲས་བུ་ཆེན་པོ་མངོན་པར ་འགྲུབ་པོ།། ཇི་ལྟར་མྱོང་བར་འགྱུར་བའི་ལས་བྱས་པ་དེ་ལྟར་མྱོང་བའི་རྣམ་པར་ཤེ་སྨིན་པ་མྱོང་བ་དེའི་ཕྱིར་དེ་དང་འདྲ་བའི་རྒྱུད་དུའོ།། བཙུན་པ་ཤ་རིའི་བུ་རྟེན་ཅིང་འབྲེལ་བར ་འབྱུང་བ། བཅོམ་ལྡན་འདས་ཀྱིས་ཡང་དག་པར་གསུང་བ་འདི། གང་ལ་ལ་ཞིག་གིས་ཡང་དག་པའི་ཤེས་རབ་ཀྱིས་ད་ལྟར་ཡང་དག་པའི་ཇི་ལྟ་བ་བཞིན་དུ་རྟག་པར་རྒྱུན་དུ ་སྲོག་མེད་པ་དང་། སྲོག་དང་བྲལ་བ་དང་། ཇི་ལྟ་བུ་ཉིད་དང་། མ་ནོར་བ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདས་མ་བྱས་པ་དང་། ཐོགས ་པ་མེད་པ་དང་། དམིགས་པ་མེད་པ་དང་། ཞི་བ་དང་། འཇིགས་པ་མེད་པ་དང་། མི་འཕྲོགས་པ་དང་། ཟད་པ་མེད་པ་དང་། རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་དུ ་མཐོང་བ་དང་། མེད་པ་དང་། གསོག་དང་། གསོ་བ་དང་། སྙིང་པོ་མེད་པ་དང་། ནད་དང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ ་དང་། རྟོག་པ་དང་། བདག་མེད་པ་རྗེས་སུ་མཐོང་བ་དེ་ནི། ཅི་བདག་འདས་པའི་དུས་ན། བྱུང་བ་ཞིག་གམ། འོན་ཏེ་བདག་འདུས་པའི་དུས་ནས་མ་བྱུང་བ་ཞིག། བདག ་འདས་པའི་དུས་ནས་ཅིང་ཡང་འགྱུར་བ་ཞིག། བདག་པའི་དུས་ན་ཇི་ལྟ་བུར་གྱུར་པ་ཞིག་སྙམ་དུ་མ་སྔོན་གྱི་མཐའ་ལམ་ཡིན་ནོ།། ཅི་མ་འོངས་པའི་དུས་ན་འབྱུང་བར། ་འགྱུར་རམ། འོན་ཏེ་མ་འོངས་པའི་དུས་ན་འབྱུང་མི་འགྱུར། མ་འོངས་པའི་དུས་ན་ཅིར་འགྱུར། མ་འོངས་པའི་དུས་ན་ཇི་ལྟ་བུ་ཞིག་དུ་འགྱུར་སྙམ་དུ་ཕྱི་མའི་མཐའ་ལ་མི་རྟོག ་གོ། འདི་ཅི་ཞིག། ཇི་ལྟ་བུ་ཞིག། ཅི་ཞིག་ཡོད། ཅི་འགྱུར། སེམས་ཅན་འདི་དག་གང་ནས་འོངས།། འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་ཞེས་དེ་ལྟར་བྱུང་བ ་ཡང་མི་རྟོག་གོ།། འཇིག་རྟེན་འདི་དགེ་སྦྱོང་དང་། བྲམ་ཟེ་དག་གི་ལྟ་བར་སོང་བ་ཐ་དད་པ་གང་དག་ཡོད་པ་དེ་ཡང་འདི་ལྟ་སྟེ། བདག་དུ་སྨྲ་བ་དང་ལྡན་པ་འམ། སེམས ་ཅན་དུ་སྨྲ་བ་དང་ལྡན་པ་འམ།། སྲོག་ཏུ་སྨྲ་བ་དང་ལྡན་པ་འམ། གང་ཟག་དུ་སྨྲ་བ་དང་ལྡན་པ་འམ། དགེ་མཚན་དང་བཀྲ་ཤིས་སུ་སྨྲ་བ་དང་ལྡན་པ་དག་ཀྱང་རུང་སྟེ། ལྷག་པར ་གཡོ་བ་དང་། བྲལ་བ་གཡོ་བ་དེ་དག་དེའི་ཚེ་ན་དེས་བོང་བར་འགྱུར་ཏེ། ཡོངས་སུ་ཤེས་ནས་རྩ་བ་ནས་བཅད་དེ། ཏ་ལའི་མགོ་བི་བཅད་པ་བཞིན་མི་སྣང་བའི་རང་ཞིན་དུ་ཕྱི་མི ་སྐྱེ་མི་འགག་པའི་ཆོས་ཅན་དུ་འགྱུརརོ།། བཙུན་པ་ཤ་རི་བུ་གང་ལ་ལ་ཆོས་ལ་བཟོད་པ་འདི་ལྟ་བུ་དང་ལྡན་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཡང་དག་པར་ཁོང་དུ་ཆུད་ན། ་དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དངནབསུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ ་སེལ་པ་བྱུང་འི་ཐ་པར་བྱུང་རྣམ་པ་ཀྱིན་པ། ཡངས་རྒྱས་བམ་ལྡན་ལ་ཀྱིས་པ་དག་པར་དགས་པངས་ས་རྒྱས་འཟུར། གས་པ་རི། ་། པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེ་སྐད་ཅེས་སྨྲས་ནས། ཚེ་དང་ལྡན་པ ་ཤ་རི་བུ་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཤད་པ་ལ་མངོན་པར་བསྟོད།། ། ་འཕགས་པས་ལུས་ལྡང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཨརྱ་ས་ཏྱེ་དཱ་ཡ་ཨ་བ་ཏ་ར་ནིར་དེ་ཤ་ན་མཱ་མཱ་ཧཱ་ཡ་ན ་