| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱ་ནནྟི་ཀ་སུ་ཏྲ། བོད་སྐད་དུ། འཕགས་པ་དགའ་བ་ཅན་གྱི་མདོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད ་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོས་ཡོངས་སུ་བསྐོར་ཅིང་། ་མདུན་གྱིས་བལྟས་ཏེ། ཐབས་ཅིག་ཏུ་བཞུགས་ནས་ཆོས་སྟོན་ཏེ། ཐོག་མར་དགེ་བ། བར་དུ་དགེ་བ། ཧ་ཐ་མར་དགེ་བ། དོན་བཟང་པོ།། ཚིག་འབྲུ་བཟང་པོ།། མ་འདྲེས་པ། ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ་ཡང་དག་པར་རབ་ཏུ་སྟོན་ཏོ།། དེ་ནས་ཡང་དེའི་ཚེ་དགེ་བསྙེན་དགའ་བ་ཅན། འཁོར་དགེ་བསྙེན་ལྔ་བརྒྱ ་དང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན ་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་གིས་ཀྱང་། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ ་ནས་ཕྱོགས་གཅིག་ཏུ་འཁོད་དོ།། ཕྱོགས་གཅིག་ཏུ་འཁོད་ནས། དགེ་བསྙེན་དགའ་བ་ཅན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པས། དགེ་བསྙེན་གྱི་བསླབ་པའི་བཞི་ལྔ་པོ་གང་དག་བཅས་པ་དེ་དག་ལས་འདས་པར་བགྱིད་པའི་རྣམ ་པར་སྨིན་པ་ཇི་ལྟ་བུར་འགྱུར། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་དགེ་བསྙེན་དགའ་བ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དགའ་བ་ཅན་ཁྱོད་དེ་བཞིན་གཤེགས ་བ་ལ་དོན་འདི་ཡོངས་སུ་ཞི་བར་སེམས་པ་གང་ཡིན་པ་དེ་ནི་ལེགས་སོ་ལེགས་སོ།། ཁྱོད་ཀྱི་བློ་རྒྱ་ཆེ་སྟེ། སྤྲོད་པ་བཟང་པོ།། སྤོབས་པ་དགེའོ།། དགའ་ཅན་དེའི་ཕྱིར་ཉེས་དམིགས ་བཅུ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཤད་པར་བྱ་ཡིས། ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་པར་བྱའོ།། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། ་དགེ་བསྙེན་དགའ་བ་ཅན་བཅོམ་ལྡན་འདས་ལ་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་བསྙེན་དགའ་བ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དགའ་བ་ཅན་སྲོག་བཅོད་པའི་ཉེས ་དམིགས་བཅུ་ནི་འདི་དག་ཡིན་པར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཚེ་འདི་ལ་ཁོ་ན་སྐྱེད་པ་དང་། སྐྱེ་བ་གཞན་རྣམས་སུ་ཡང་ཁོ་ན་དང་རྗེས་སུ་འབྲེལ་བར་འགྱུར་བ ་དང་། སྐྱེ་བ་མང་པོ་དག་གིས་ཡིད་མི་བརྟེན་པར་འགྱུར་བ་དང་། སྡིག་པའི་རྨི་ལམ་མཐོང་བ་དང་། བདག་ཀྱང་འཇིགས་པ་སྐྱེ་ཞིང་སེམས་ཅན་རྣམས་ཀྱང་དེ་ལ་འཇིགས་པ་སྐྱེ་བ་དང་། ་བདེ་བར་ཉལ་ཡང་སྡུག་བསྔལ་བར་སད་པ་དང་། སྡིག་པ་རྣམ་པར་སེམས་པ་དང་། རྨོངས་པ་དང་བཅས་པར་འཆི་བའི་དུས་བྱེད་པ་དང་། ཚེ་ཐུང་བར་འགྱུར་བའི་ལས་བྱས་ཤིང ་བསྩགས་པས་ལུས་ཞིག་སྟེ། ཤི་ནས་ཀྱང་ངན་སོང་ངན་འགྲོ་བླར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་འདི་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་བསྐལ ་པ་མཉམ་པར་སྐྱེས་ན་ཡང་། དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཚེ་ཐུང་བར་འགྱུར་ཞིང་། ནད་མང་བར་ཡང་འགྱུར་ཏེ། དགའ་བ་ཅན ་སྲོག་གཅོད་པའི་ཉེས་དམིགས་བཅུ་པོ་དེ་དག་ཡིན་པར་རིག་པར་བྱའོ།། དགའ་བ་ཅན་མ་བྱིན་པར་ལེན་པའི་ཉེས་དམིགས་བཅུ་ནི་འདི་དག་ཡིན་པ་རིག་པར་བྱ་སྟེ།། བཅུ་གང་ཞེ་ན། ་ཁོང་ཆེན་པོར་གྱུར་པ་དང་། བག་ཚ་བ་ཆེན་པོར་འགྱུར་བ་དང་། དུས་མ་ཡིན་པར་འགྲོ་བར་འགྱུར་བ་དང་། ཕྱེ་མ་འབྲེད་ཀྱི་དུས་སུ་འགྲོ་བར་འགྱུར་བ་དང་། སྡིག་པའི་གྲོགས ་པོས་ཡོངས་སུ་ཟིན་པར་འགྱུར་བ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་སྤངས་པར་འགྱུར་བ་དང་། ཚུལ་ཁྲིམས་འཆལ་པར་འགྱུར་བ་དང་། ཆོས་ཀུན ་གྱིས་གནོད་པར་འགྱུར་བ་དང་། ཆད་པས་བཅད་པས་གཅོད་པར་འགྱུར་ཏེ། ལོངས་སྤྱོད་ཀྱི་འཕོངས་པར་འགྱུར་བའི་ལས་བྱས་ཤིང་བསྩགས་པས་ལུས་ཞིག་སྟེ། ཤི་བའི་འོག ་ཏ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་ནས་ཤི་འཕོས་ཏེ། འདིར་ནི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་། དེ་གང་དང་གང ་དུ་སྐྱེས་པ་དེ་དང་དེར་དབུལ་པོར་འགྱུར་རོ།། དེའི་ལོངས་སྤྱོད་དུ་འགྱུར་བ་གང་ཡིན་པ་འབད་པ་ཆེན་པོས་དངུལ་ཞིང་དྲི་མ་ཆགས་སུ་རྐ་ལག་གི་མཐུས་སྒྲུབས་པ་དེ་དག་གནོད་པ་ལྔས ་གནོད་པར་འགྱུར་ཏེ། ལྔ་པོ་གང་ཞེ་ན། རྒྱལ་པོ་དང་། མེ་དང་། ཆུ་དང་། བསྒོ་སྐལ་སྤྱོད་པ་མི་འཛའ་བ་དང་། སྦས་པ་དེ་དག་གིས་དེའི་ཆུད་ཟ་བར་འགྱུར་ཏེ། དགའ་ཅན ་མ་བྱིན་པར་ལེན་པའི་ཉེས་དམིགས་བཅུ་ནི་དེ་དག་ཡིན་པར་རིག་པར་བྱའོ།། དགའ་བ་ཅན་འདོད་པས་ལོག་པར་གཡེམ་པའི་ཉེས་དམིགས་བཅུ་ནི་འདི་དག་ཡིན་པར་རིག་པར་བྱའོ།། ། ་བཅུ་གང་ཞེ་ན། གང་དག་གི་ཆུང་མ་ཁ་དྲངས་པས་དེ་དག་དང་། དེ་ཁོ་ན་དང་བཅས་པར་འགྱུར་བ་དང་། ཆུང་མ་དང་བརྩོད་པར་འགྱུར་བ་དང་། དེ་མི་དགེ་བའི་ཆོས་མངོན་པར་འཕེལ ་བ་དང་། དེའི་དགེ་བའི་ཆོས་ཡོངས་སུ་འགྲིབ་པ་དང་། དེ་བདག་ཉིད་མ་ཞི་བར་འགྱུར་བ་དང་། དེའི་བུ་དང་ཆུང་མ་མ་སྲུངས་པར་འགྱུར་བ་དང་། དེའི་ནོར་མ་སྦས་མ་བསྲུངས ་པར་འགྱུར་བ་དང་། དེའི་ཁྱིམ་མ་སྦས་མ་བསྲུངས་པར་འགྱུར་བ་དང་། དེའི་སྲོག་མ་སྦས་མ་བསྲུངས་པར་འགྱུར་བ་དང་། དེའི་འཛའ་བཤེས་དང་། ཉེ་ད་དང་། སྣག་གི ་གཉེན་མཚམས་དང་། བློན་པོ་དག་ཡིད་ཕེབས་པར་མི་འགྱུར་བ་དང་། འགྲན་ཟླ་དང་བཅས་པར་མི་འགྱུར་བའི་ལས་བྱས་ཤིང་བསྩགས་པའི་ལུས་ཞིག་སྟེ། ཤི་ནས་ངན་སོང ་ངན་འགྲོ་ལོག་པར་ལྟུང་བ། སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་གལ་ཏེ་དེ་ནས་ཤི་འཕོས་ཏེ། འདིར་མི་རྣམས་དང་བསྐལ་པར་མཉམ་པར་སྐྱེས་ནས། གལ་ཏེ་དེ་བུད་མེད་དུ ་གྱུར་ན། འབྲན་ཟླ་དང་བཅས་པའི་ཁྱོ་རྙེད་པར་མི་འགྱུར་རོ།། ཅི་སྟེ་སྐྱེས་པར་གྱུར་ན། དེའི་བུ་དང་། ཆུང་མ་མ་བསྲུངས་པར་འགྱུར་ཏེ། དགའ་བ་ཅན་འདོད་པས་ལོག ་བར་གཡེམ་པའི་ཉེས་དམིགས་བཅུ་ནི་དེ་དག་ཡིན་པར་རིག་པར་བྱའོ།། དགའ་བ་ཅན་རྫུན་སྨྲ་བའི་ཉེས་དམིགས་བཅུ་ནི་འདི་དག་ཡིན་པར་རིག་པར་བྱའོ།། བཅུ་པོ་གང་ཞེ་ན། ་དེའི་ཁ་ནས་རྣག་མཉམ་འགྱུར་བ་དང་། དེའི་བསྲུངས་པའི་ལྷ་འབང་བ་དང་། མི་མ་ཡིན་པས་གླགས་རྙེད་པར་འགྱུར་བ་དང་། བདེན ་པར་སྨྲས་ཀྱང་དེའི་ཚིག་ལ་མ་དད་པར་འགྱུར་བ་དང་། དགོས་པ་བྱུང་ཡང་འདི་ལ་མཁས་པ་རྣམས་ཡོངས་སུ་འདྲི་བར་མི་སེམས་པ་དང་། ཡང་དག་པ་མ་ཡིན་པའི་མི་སྙན ་པས་རྒྱ་ཆེར་གྲགས་པར་འགྱུར་བ་དང་། ཕྱིར་ལྡང་བར་འོས་པ་མ་ཡིན་པར་འགྱུར་བ་དང་། སྡུག་བསྔལ་ཞིང་ཡིད་མི་བདེ་བར་འགྱུར་བ་དང་། མི་སྙན་པར་བརྗོད་པ་མང་བར ་འགྱུར་བའི་ལས་བྱས་ཤིང་བསྩགས་པས་ལུས་ཞིག་སྟེ། ཤི་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་ནས་ཤི་འཕོས་ཏེ། ་འདིར་མི་རྣམས་དང་བསྐལ་པ་མཉམ་པར་སྐྱེས་ན་ཡང་། དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར་མི་སྙན་པ་བརྗོད་པ་མང་པོར་འགྱུར་ཏེ། དགའ་བ་ཅན་བརྫུན་སྨྲ་བའི་ཉེས་དམིགས ་བཅུ་ནི་དེ་དག་ཡིན་པར་རིག་པར་བྱའོ།། དགའ་བ་ཅན་འབྲུའི་ཆང་དང་། བཅོས་པའི་ཚང་བག་མེད་པའི་གནས་ཀྱི་ཉེས་དམིགས་སུམ་ཅུ་རྩ་ལྔ་ནི་འདི་དག་ཡིན་པར་རིག ་པར་བྱ་སྟེ། སུམ་ཅུ་རྩ་ལྔ་པོ་གང་ཞེ་ན། ཚེ་འདི་ལ་ནོར་ཟད་པ་དང་། ནད་རྣམས་རྒྱས་པར་བྱེད་པ་དང་། འཐབ་པ་དང་། བརྩོད་པ་བསྐྱེད་པ་དང་། དོན་མེད་པ་ལ་བལྟ ་བ་དང་། གྲགས་པ་མ་ཡིན་པ་ཀུན་ཏུ་འབྱུང་བར་བྱེད་པ་དང་། ཤེས་རབ་ཉམས་ཆུང་བར་བྱེད་པ་དང་། ལོངས་སྤྱོད་ཐོབ་པ་མི་ཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཐོབ ་པ་ཡོངས་སུ་ཟད་ཅིང་ཡོངས་སུ་གདུགས་པར་འགྱུར་བ་དང་། གསད་མི་ཐུབ་པར་འགྱུར་བ་དང་། དེའི་ལས་ཀྱི་མཐའ་ཡོངས་སུ་འགྲིབ་པ་དང་། མཐུ་སྟོབས་ཆུང་བར་བྱེད ་པར་འགྱུར་བ་དང་། མར་མི་འཛིན་པར་འགྱུར་བ་དང་། ཕར་མི་འཛིན་པར་འགྱུར་བ་དང་། དགེ་སློང་དུ་མི་འཛིན་པར་འགྱུར་བ་དང་། བྲམ་ཟེར་མི་འཛིན་པར་འགྱུར་བ་དང་། ་རིགས་ཀྱི་གཙོ་བོ་ལ་བསྙེན་བཀུར་མེད་པར་འགྱུར་བ་དང་། སངས་རྒྱས་ལ་མགུས་པར་འགྱུར་བ་དང་། ཆོས་ལ་མ་གུས་པར་འགྱུར་བ་དང་། དགེ་འདུན་ལ་མ་གུས་པར་འགྱུར ་བ་དང་། བསླབ་པ་ཡང་དག་པར་བསླབས་པ་ལ་མ་གུས་པར་འགྱུར་བ་དང་། ཚུལ་ཁྲིམས་འཆལ་བར་འགྱུར་བ་དང་། དབང་པོའི་སྒོ་མ་བསྡམས་པར་འགྱུར་བ་དང་། ་བག་མེད་པར་བུད་མེད་ཤིན་ཏུ་དོན་དུ་གཉེར་བ་དང་། ཉེ་ད་དང་། སྣག་གི་གཉེན་མཚམས་དང་། འཛའ་ཤེས་དང་། བློན་པོ་དག་གིས་སྤོང་བར་འགྱུར་བ་དང་། སྐྱེ་བོ ་མང་པོ་དག་གི་ཡིད་དུ་མི་འོང་བར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་དང་མི་མཐུན་པར་འགྱུར་བ་དང་། ཆོས་མ་ཡིན་པ་སྤྱོད་པར་འགྱུར་བ་དང་། ཆོས་མ་ཡིན་པ་ཡོངས ་སུ་འཛིན་པར་འགྱུར་བ་དང་། དམ་པའི་ཆོས་ཡོངས་སུ་སྤོབས་པར་འགྱུར་བ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཡོངས་སུ་སྤོང་བར་འགྱུར་བ་དང་། ་དེ་མི་འཛའ་བ་དང་། གནས་ཀྱང་མཁས་པ་རྣམས་ཡོངས་སུ་འདྲི་བར་མི་སེམས་པ་དང་། བག་མེད་པ་ཉམ་བག་ཏུ་སྤྱོད་བར་འགྱུར་བ་དང་། དེ་བཞིན་གཤེགས ་པའི་གསུང་རབས་ལ་ཀུན་ནས་མི་གནས་པ་དང་། མྱ་ངན་ལས་འདས་པ་ལས་ཐག་རིང་དུ་འགྱུར་བ་དང་། སྨྱོན་པར་འགྱུར་བའི ་ལས་བྱས་ཤིང་བསྩགས་པས་ལུས་ཞིག་སྟེ། ཤི་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ། སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི ་རྣམས་དང་བསྐལ་པ་མཉམ་པར་སྐྱེ་ན་ཡང་། དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར་སྨོན་པར་འགྱུར་ཞིང་། དྲན་པ་མི་གསལ་བར་འགྱུར་ཏེ། དགའ་བ་ཅན་འབྲུའི་ཚང་དང་། ་བཅོས་པའི་ཆང་བག་མེད་པའི་གནས་ཀྱི་ཉེས་དམིགས་ནི། སུམ་ཅུ་རྩ་ལྔ་པོ་དེ་དག་ཡིན་པར་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ།། ་བདེ་བར་གཤེགས་པས་དེ་སྐད་གསུང་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། སྲོག་གཅོད་རྡེག་དང་འཆིང་བ་རྣམ་སྤངས་ཏེ།། སེམས་ཅན་དག་ལ་ཕན ་ཅིང་སྙིང་རྩེ་བ།། བདག་གི་ཚེ་སྐྱབས་དགའ་བ་ཇི་ལྟ་བར།། དེ་བཞིན་གཞན་རྣམས་ཀྱི་ནི་སྲོག་ཀྱང་སྲུངས།། སྡུག་བསྔལ་མང་པོས་བོསྩགས་པ་གཞན་གྱི་ནོར། ་མ་བྱིན་དེ་ལ་མིང་ཀྱང་བསམ་མི་ཁྱབ།། འཇིག་རྟེན་གྱིས་ནི་མཐོང་དགའ་འབྲལ་འགྱུར་ཞིང་།། གཞན་ཡང་དེ་བཞིན་ཕན་པ་གནས་པར་གྱིས། གཞན་གྱི་བུད་མེད ་རྒྱན་གྱིས་བརྒྱན་པ་དག། མེ་ལྕེ་འབར་བ་བཞིན་དུ་ཡོངས་སྤངས་ལ།། རང་གི་ཆུང་མ་རྙེད་པས་ཆོག་པར་བྱོས།། འདོད་རྒྱུ་འདུག་དང་འདྲ་བ་མ་སྤྱོད་ཅིང་།། བདག་གི ་དོན་དང་གཞན་གྱི་ཆེད་དུ་ཡང་། སུ་ཡང་ཤེས་བཞིན་བརྫུན་དག་མ་སྨྲ་བར།། གཞན་ལ་མི་གནོད་གཞན་ལ་མི་གདུང་བར།། བརྟགས་ཏེ་འཇམ་པོའི་ཚིག་གིས་སྨྲ ་བར་གྱིས།། ཆང་འཐུང་བ་ལ་མངོན་པར་དགའ་བའི་མི།། བདག་ལ་ཕན་དང་གཞན་ལ་བདེ་མི་ནུས།། རྨོངས་དང་མདོག་ངན་བྱེད་པ་ཆད་ཡིན་ཏེ།། ཇི་ལྟར་ཧ་ཝའི ་དུག་བཞིན་དེ་མི་བཏུང་།། སྲོག་ཆགས་མི་གསོད་གཞན་གྱི་ནོར་མི་འཕྲོག། བརྫུན་དུ་མི་སྨྲ་ཆང་ཡང་མི་འཐུང་ཞིང་།། གཞན་གྱི་ཆུང་མ་ཡིད་ལ་མི་འདོད་པ།། ་མཐོ་རིས་གང་འདོད་ཁྱིམ་དུ་འཇུག་པ་བཞིན།། གོས་དཀར་གྱོན་པའི་ཁྱིམ་པ་རྣམས་ཀྱིས་ནི།། ཁྱིམ་ན་གནས་པའི་བསླབ་པཱ་ཡིན་ཏེ།། རྒྱལ་བས་དགོང་རབ་ཏུ་བྱུང ་རྣམས་ཀྱི།། བསླབ་པ་བཞིའི་ཆོས་ནི་རབ་ཏུ་བསྟན་པ་ཡིན།། དེ་ནས་དགེ་བསྙེན་དགའ་བ་ཅན། བཅོམ་ལྡན་འདས་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། དགའ ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་བ་དང་། བདེ་བ་དང་། ཡིད་བདེ་བ་སྐྱེས་ནས། སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མངོན་པར་དགའ་ཞིང་། རྗེས་སུ་ཡི་རངས་ཏེ། ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུང ་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དགའ་བ་ཅན་གྱི་མདོ་རྫོགས་སྷོ།། ། ་རྒྱ་གར་གྱི་མཁན་པོ་ཤཀྱ་སིང་ཧཱ་དང་། ལོ་ཙ་བ་བན་དྷེ་བྱིན་གྱི་སྙིང་པོས་བསྒྱུར་ཏེ། ཞུ་ཆེན་གྱི་ལོ་ཙ་བ་བན་དེ། དེ་བཙན་ཏྲས་ཞུས་ནས་གཏན་ལ་ཕབ་པའོ།། ་། རྒྱ་གར་སྐད་དུ། ཡཨཱརྱ་ཀླེ་མང་ཀ་ར་བ་རི་བྲིད་ཚ་བ་ར་ན་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ ་བདེ་བྱེད་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས ་པའི་དུས་གཅིག་ན། བཅོམ་ལྡན་འདས་ཤཱཀྱའི་ཡུལ། གསེར་ཀྱའི་གནས་ན། ཤཱཀྱ་རྣམས་ཀྱི་ཤིང་ནྱ་གྲོ་དེའི་ཀུན་དགའ་ར་བ་ན། དགེ་སློང་ལྔ་རྒྱའི ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཐབས་གཅིག་ཏུ་བཞུགས་སོ།། དེའི་ཚེ་ཤཀྱའི་བུ་བདེ་བྱེད་ཅེས་བྱ་བ་སེར་སྐྱའི་གནས་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། ཤིང་རྒྱ ་གྲོ་དའི་ཀུན་དགའ་ར་བ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། དེ་ནས་ཤཱཀྱའི་བུ་བདེ་བྱེད་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡནན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། ཚོགས་ཆུང་ངུས ་ཀྱང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངོན་པར་སྒྲུབ་པར་བགྱིད་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འཆི་བར་བགྱིད། རྨོངས་པ་མ་མཆིས་པར་འགུམ་པའི་དུས ་བགྱིད་པར་འགྱུར། སྐྱེས་ནས་ཀྱང་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར། མི་ཁོམ་པ་ཐམས་ཅད་རྣམ་པར་སྤོང་ཞིང་། ཁོམ་པར་འབྱོར་པ་ཐོབ་པར་འགྱུར། ་གཟུངས་ཀྱང་ཐོབ་པར་འགྱུར། སྤོབས་པ་ཐོག་པ་མ་མཆིས་པ་དང་ལྡན་པར་ཡང་འགྱུར། ཕྱིར་མི་ལྡོག་པའི་ཆོས་དང་ལྡན་ཞིང་། སྟོང་པ་ཉིད་ལ་ལྷག་པར་མོས་པར་ཡང ་འགྱུར། རྟག་ཏུ་རབ་ཏུ་འབྱུང་བ་ལ་མངོན་པར་དགའ་བར་འགྱུར།། ཁྱིམ་ནས་ཀྱང་རྟག་ཏ་ཚངས་པར་སྤྱོད་པ་ལ་མངོན་པར་དགའ་བར་འགྱུར་ལགས། དེ་སྐད་ཅེས་གསོལ ་པ་དང་། བཅོམ་ལྡན་འདས་ཀྱིས་ཤཱཀྱའི་བུ་གཞོན་ནུ་བདེ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་ཞུ་བར་སེམས་པ་ནི། ་རིགས་ཀྱི་བུ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེའི་དོན་དང་། ལྷ་དང་མི་རྣམས་ལ་ཕན་པ་དང ་བདེ་བའི་ཕྱིར་ཞུས་པ་ཡིན་ཏེ་ལེགས་སོ་ལེགས་སོ།། དེའི་ཕྱིར་རིགས་ཀྱི་བུ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ།། བྱང་ཆུབ ་