| Wylie | e-texts produced with BDRC’s OCR application |
། རྒྱ་གར་སྐད་དུ། ཀརྨ་བ་བྷ་ག། བོད་སྐད་དུ། ལས་རྣམ་པར་འབྱེད་པ། སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས ་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཆོས་གོས་དང་། ཤམས་ཐབས་བསྣམས། ལྷུང་བཟེད་བསྣམས་ཏེ། མཉན་ཡོད་དུ་བསོད་སྙོམས ་ཀྱི་ཕྱིར་གཤེགས་ནས། མཐར་ཆགས་སུ་མཉན་ཡོད་དུ་བསོད་སྙོམས་བཞེས་ཏེ། ཏོའུ་དེ་ཡའི་བུ་བྲམ་ཟེའི་ཁྱེའུ། ནེ་ཙེའི་ཁྱིམ་ག་ལ་བ་དེར་གཤེགས་སོ།། དེའི་ཚེ་ཏོའུ་དེ་ཡའི། ་བུ་བྲམ་ཟེའི་ཁྱིམ་ན་རས་གོས་ནི་བཏིང་བའི་སྟེང་ན། ཁྱི་དུང་ཞེས་བྱ་བ་འདུག་སྟེ། ཁར་བཞོང་རྡོ་བའི་ཁར་བླངས་པ་ལ། འབྲས་བུ་ཅན་དང་། ཤ་སྲེས་པ་འཁྲུད་མཐུང་པ་ལས ་ཁྱི་དུང་གིས། བཅོམ་ལྡན་འདས་སྒོ་དྲང་ན་བཞུགས་པ་མཐོང་སྟེ། མཐོང་ནས་ཀྱང་ཁྱེའུ་ཞེས་ཟུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཁྱི་དུང་ལ་འདི་སྐད་ཅེས་བཀའ་སྩལ ་ཏོ།། ཁྱི་དུང་ཁྱོད་ཀྱེའུ་ཞེས་ཟུགས་པར་གྱུར་ན། དེས་ཀྱང་མ་དུལ་ལམ། དེ་སྐད་ཅེས་བཀའ་སྩལ་པ་དང་། ཁྱི་དུང་ཁྲོས་འཁྲུགས་ཚིག་པ་ཟོས་ཏེ་ཡི་མ་རངས་ནས། རས་གོས་ནི ་ཀ་བཏིང་བ་ལས་བབས་ནས། ཁྲི་འོག་ན་སྟོར་ཁུང་གི་ཤིང་གི་ཝ་ལ་འདུག་དེའི་ཚེ་ཏོའུ་དེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་བྱ་གི་གི་ཕྱི་ཕྱི་རོལ་དུ་བྱང་བ་ལས། དེ་ནས་ཏོའུ་བུ་དེ་ཡའི་བུ ་བྲམ་ཟེའི་ཁྱེའུ་ནེ་ཙོ་སླར་ལོག་པ་དང་། ཏོའུ་དེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙེས་ཁྱི་དུང་འོག་ན་སྟོར་ཀུང་གི་ཤིང་ལ་འདུག་པ་མཐོང་ངོ་།། མཐོང་ནས་ཀྱང་ནང་མི་ལ་སྨྲས་པ། དཀྱེས། ་ཁྱི་དུང་འདི་ལ་ཅི་ཞིག་སྨྲས། ཇོ་བོ་བདག་ཅག་གིས་ཀྱང་། ཁྱི་དུང་ལ་ཅི་ཀྱང་མ་སྨྲས་སོ།། དེ་ལྟ་ལགས་མོད་ཀྱི། དགེ་སྦྱོང་གོའུ་ཏ་མ་བྱོན་པར་གྱུར་ཏེ། ཁྱི་དུང་གིས། དགེ ་སྒོར་གོའུ་ཏ་མ་སྒོ་དྲུང་ན་བཞུགས་པ་མཐོང་ངོ་།། མཐོང་ནས་ཀྱང་འའུ་ཞེས་ཟུགས་པ་དང་། དགེ་སྦྱོང་ཀོའུ་ཏ་མས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྱི་དུང་ཁྱོད་ཀྱེ་ཞེས་བྱ ་བ་ལས་འའུ་ཞེས་ཟུགས་པར་གྱུར་ནས། དེས་ཀྱང་མ་དུལ་ལམ། འདི་སྐད་ཅེས་བཀའ་སྩལ་པ་དང་། ཁྱི་དུང་འཁྲོས་འཁྲུགས། ་ཚིག་པ་ཟོས་ཏེ། ཡི་མ་རངས་ནས། རས་གོ་ནི་ཀ་བཏིང་བའི་ཁྲི་ལས་བབས་ཏེ། ཁྲིའི་འོག་ན་སྟོར་ཁུང་གི་ཤིང་གི་ཝ་ལ་འདུག་གོ།། དེ་ནས་བྲམ་ཟེའི་ཁྱེའུ་ནེ་ཙོ་ཁྲོས་འཁྲུག ་ཚིག་པ་ཟོས་ཏེ། ཡི་མ་རངས་ནས། མཉན་ཡོད་ན་བྱང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དེར་སོང་ངོ་།། དེའི་ཚེ་བཅོམ་ལྡན ་འདས། དགེ་སློང་བརྒྱ་ཕྲག་དུ་མའི་འཁོར་གྱི་མདུན་ནི་ཆོས་སྟོན་ཅིང་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས། ཏོའུ་དེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་རྒྱང་རིང་པོ་ནས་འོངས་པ ་གཟིགས་སོ།། གཟིགས་ནས་ཀྱང་། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་ཏོའུ་དེ་ཡའི་བུ། བྲམ་ཟེའི་ཁྱེའུ་ནེ་ཙོ་རྒྱང་རིངས་པོ་ནས་འོངས་པ་མཐོང ་དམ། བཙུན་པ་དེ་ལྟ་ལགས་སོ།། གལ་ཏེ་ཏོའུ་དེ་ཡའི་བུ། བྲམ་ཟེའི་ཁྱེའུ་ནེ་ཙོ་འདིའི་ཚེ་འདི་འཇིག་པའི་དུས་བྱས་པར་གྱུར་ན་ནི། ལུས་ཞིག་ནས་ཤི་བའི་འོག་ཏུ། དཔེར ་ན་མདའ་སྟེའུ་ཀ་མ་འཕངས་པ་བཞིན་དུ། ངན་སོང་ངན་འགྲོ་ལོག་པར་ལྟུང་བ། སེམས་ཅན་དམྱལ་བ་རྣམས་སུ་སྐྱོ་བར་གྱུར་ཏེ། འདི་ལྟར་འདི་སང་ལ། སེམས་རབ་ཏུ ་ཁྲོས་པའི་ཕྱིར་རོ།། སེམས་རབ་ཏུ་ཁྲོས་པའི་རྒྱུས། དེ་ལྟར་འདི་ནི་སེམས་ཅན་ཁ་ཅིག། ལུས་ཞིག་ནས་ཤི་བའི་འོག་ཏུ། ངན་སོང་ངན་འགྲོ་ལོག་པར་ལྟུང་བ། ་སེམས་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ།། དེ་ནས་དགེ་སློང་ཞིག་གིས་དེའི་ཚེ། ཚིགས་སུ་བཅད་དེ་སྨྲས་པ།། འདི་ན་གང་ཟག་ཁ་ཅིག་ནི།། རབ་ཏུ་སེམས་ཁྲོས་གྱུར ་གཟིགས་ནས།། སྟོན་པས་དགེ་སློང་ཚོགས་རྣམས་ལ།། དེ་ཉིད་དུ་ནི་ལུང་སྟོན་ཏོ།། ཀྱེ་མ་གསོ་བའི་མི།། འདི་ནི་འཆི་བའི་དུས་བྱེད་ན།། དེའི་སེམས་ནི་ཁྲོས་པའི་ཕྱིར།། ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས།། དེ་བཞིན་གཤེགས་ལ་སེམས་ཁྲོས་པ།། དེའི་རྒྱས་ནི་སེམས་ཅན་རྣམས།། དཔེར་ན་མདའ་ནི་འཕངས་པ་བཞིན།། དེ་ལྟར་ངན ་སོང་འགྲོ་བར་འགྱུར།། དེ་ནས་ཏོའུ་དེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙེ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ། མངོན་དུ ་དགའ་བར་བྱ་བ་དང་། ཡང་དག་པར་དགའ་བར་བྱ་བའི་གཏམ་རྣམ་པ་སྣ་ཚོགས་མང་པོར་བྱས་ནས། ཕྱོགས་སུ་ཁྱོད་དོ།། ཏོའུ་དེ་ཡའི་བུ། བྲམ་ཟེ་ཁྱེའུ་ནི ་ཙེ་ཕྱོགས་སུ་འདུག་ནས། ཀོའུ་ཏ་མ་ཁྱོད་བདག་གི་ཁྱིམ་དུ་བྱོན་ཏམ། བྲམ་ཟེའི་བུ་ཕྱིན་ཏེ་ཀོའུ་ཏ་མ་ཁྱོད་ཀྱིས། བདག་གི་ཁྱིམ་དང་ལ། ཅི་ཞིག་མ་གསུངས། ་སམ་བྲམ་ཟེའི་ཁྱེའུ་ང་འདིར་སྔ་དྲོ་ནས་ཆོས་གོས་ཤམས་ཐོབས་དགོས་ཏེ། ལྷུང་བཟེད་ཐོགས་ནས། མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། མཐར ་གྱི་མཉན་ཡོད་དུ་བསོད་སྙོམས་བླངས་ནས། ཁྱོད་ཀྱི་ཁྱིམ་ག་ལ་བ་དེར་ཕྱིན་ནས། སྒོ་དྲུང་ན་འདུག་པ་དང་། དེའི་ཚེ་ཁྱི་དུང་ནི། རས་གོ་ནི་ཀ་བཏིང་བའི་ཁྲིའི་སྟེང ་ན་འདུག་ཅིང་ཁར་གཞོང་རྡོ་བའི་ཁར་བླངས་པ་ལ། འབྲས་ཅན་དང་། བསྲེས་པའི་ཁྲུད་མ་མཐུང་བ་ལས། ཁྱི་དུང་གི་ང་སྒོ ་དྲུང་ན་འདུག་པ་མཐོང་སྟེ། མཐོང་ནས་ཀྱང་ཟུགས་པ་དང་། ངས་དེ་ལ་སྨྲས་པ། ཁྱི་དུང་ཁྱོད་ཀྱི་ཞེས་བྱ་བ་ལས། འའུ་ཞེས་ཟུགས་པར་གྱུར་ན། དེས་ཀྱང་མ་དུལ ་ལམ་དེ་སྐད་སྨྲས་པ་དང་། ཁྱི་དང་ཁྲོས་འཁྲུགས། ཚིག་པ་ཟོས་ཏེ་ཡི་མ་རངས་ནས། རས་གོ་ནི་ཀ་བཏིང་བའི་ཁྲི་ལས་བབས་ཏེ། ཁྲིའི་འོག་ཏུ། སྟོར་ཁུང་གི ་ཤིང་གི་ཝ་ལ་འདུག་གོ། ཀོའུ་ཏ་མ་ཁྱོད་ཀྱིས། ཁྱི་དུང་ཚེ་སྔ་མ་ལ་བདག་ཅག་ཆར་མཆི་མཁྱེན་ཏམ་བྲམ་ཟེའི་ཁྱེའུ་ཁ་རོག་འདུག་ལ། ང་ལ་དོན་མེད་དེ་མ་དྲིས་ཤིག། ་ཁྱོད་ཀུན་ཏུ་གནོད་སེམས་སུ་འགྱུར་བ་དང་། མི་བཟོད་པ་དང་། སེམས་ཡིད་མི་བདེ་བར་འགྱུར་དུ་འོང་ངོ་།། ལན་གཉིས། ལན་གསུམ་དུ། ཏོའུ་དེ་ཡའི་བུ་བྲམ་ཟེའི ་ཁྱེའུ་ནི་ཙེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀོའུ་ཏ་མ་ཁྱོད་ཀྱིས་ཁྱི་དུང་ཚེ་སྔ་མ་ལ་བདག་གི་ཅིར་ཡང་མཆི་མཁྱེན་ཏམ། བཅོམ་ལྡན་འདས་ཀྱིས་ཀྱང་། ་ལན་གཉིས། ལན་གསུམ་དུ། ཏོའུ་དེ་ཡའི་བུ། བྲམ་ཟེའི་ཁྱེའུ་ནེ་ཙོ་ལ་འདི་སྐད་ཅེས་བཀའ་སྩལ་པ། བྲམ་ཟེའི་ཁྱེའུ་ཁ་རོག་འདུག་ལ། ང་ལ་དོན་འདི་མ་དྲིས ་ཤིག། ཁྱོད་ཀྱིས་ཀུན་ཏུ་གནོད་སེམས་སུ་འགྱུར་བ་དང་། མི་བཟོད་པ་དང་། སེམས་ཡིད་མི་བདེ་བར་འགྱུར་རོ།། བྲམ་ཟེའི་ཁྱེའུ་ཁྱོད་ལན་གཉིས་གསུམ་གྱི་བར་དུ་དོན ་འདི་ངེས་པར་མཐོང་བས་དེའི་ཕྱིར། བྲམ་ཟེའི་ཁྱེའུ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ་བྲམ་ཟེའི་ཁྱེའུ་ཁྱོད་ཀྱིས་བ་ཏོའུ་དེ་ཡ་གང་ཡིན་པ་དེ ་ལུས་ཤིག་ནས། དམན་པ་ཁྱིའི་སྐྱེ་གནས་སུ་སྐྱེས་སོ།། ཀྱེ་ཁྱེའུ་དེ་མ་ལ་བདག་གི་ཕ་ཏོའུ་དེ་ཡ་ནི། མཆོད་སྦྱིན་བགྱིས་པ། སྦྱིན་སྲེག་བགྱིས་པ། མཆོད་སྦྱིན་བསྒྲེངས ་པ་བགྱིས་ལགས་ན། ཅིའི་སླད་དུ་འདིར་འགྱུར་དེ་ནི་ལུས་ཞིག་ནས། ངས་པར་ཚངས་པའི་འཇིག་རྟེན་བཟང་པོར་སྐྱེས་པར་འགྱུར་རོ།། བྲམ་ཟེའི་ཁྱེའུ་ཁྱོད་ཀྱི་ཕ། ་ཏོའུ་དེ་ཡ་ནི། ང་རྒྱལ་ལས་ཀྱང་། ང་རྒྱལ་དེ་ཉིད་ཀྱིས། དམན་པ་ཁྱིའི་གནས་སུ་སྐྱེས་སོ།། བྲམ་ཟེའི་ཁྱེའུ་གལ་ཏེ་ངས་སྨྲས་པ་ལ་ཡིད་མི་ཆེས་ན། བྲམ་ཟེའི ་ཁྱེའུ་ཁྱོད་ཀྱིས་དེའི་ཕྱིར་རང་གི་ཁྱིམ་དུ་སོང་ལ་ཕྱིན་པ་དང་། ཁྱི་དུང་ལ་འདི་སྐད་དུ། གལ་ཏེ་ཁྱི་དང་ཁྱོད་ངའི་ཕ་ཏོའུ་ཏ་མ་དེ་ཡང་གྱུར་ལྟ་ན། རས་གོ་ནི་ཀ་བཏིང་བའི ་ཁྲི་ལ་འདུག་ཤིག་ཅེས་སྨྲོས་ཤིག། ཁྲི་ལ་འདུག་དང་ཚིག་འདི་སྐད་དུ། གལ་ཏེ་ཁྱི་དང་ཁྱོད་ཚེ་སྔ་མ་ལ་ངའི་ཕ་ཏོའུ་ཏ་མ་དེ་ཡར་གྱུར་པ་ལྟ་ན། ཁར་གཞོང་རྡོ་བའི་ཁར ་བླངས་པ་ལ། འབྲས་ཅན་དང་། ཤ་སྲེས་པའི་འཁྲུད་མ་མཐུང་ཤིག་ཅེས་སྨྲོས་ཤིག། མཐུང་ན་དེ་ལ་ཚིག་འདི་སྐད་དུ་གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ་དའི་ཕ་ཏོའུ ་དེ་ཡར་གྱུར་བ་ལྟ་ན། ཁྱོད་མཆི་བའི་དུས་ཀྱི་ཚེ། བདོག་དབང་བ་གང་ཡོད་པ་ལ་མ་བསྟན་པ་དེ་སྟོན་ཅེས་སྨྲོས་ཤིག་དང་། སྟོན་པར་འགྱུར་རོ།། དེ་ནས་ཏོའུ་དེ་ཡའི་བུ ་བྲམ་ཟེའི་ཁྱེའུ་ནེ་ཙོས། བཅོམ་ལྡན་འདས་ཀྱིས་གསུངས་པ་བཟུང་སྟེ། ཀུན་ཆུབ་པར་བྱས་ནས། རང་གི་ཁྱིམ་ག་ལ་བ་དེར་སོང ་སྟེ་ཕྱིན་པ་དང་། ཁྱི་དུང་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ་ཏོའུ་དེ་ཡར་གྱུར་པ་ལྟ་ན། རས་གོ་ནི་ཀ་བཏིང་བའི་ཁྲི་ལ་འདུག་ཤིག། ཁྲི་ལ། ་འདུག་ནས། དེ་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ་ངའི་ཕ་ཏོའུ་དེ་ཡར་གྱུར་པ་ལྟ་ན། ཁྱོད་འཆི་བའི་དུས་ཀྱི་ཚེ། བདག་དབང་གང་ཡོད ་པ་དེ་ལ་མ་བསྟན་པ་དེ་སྟོན་ཅིག། དེ་ནས་ཁྱི་དུང་རས་གཽ་ནི་ཀ་བཏིང་བའི་ཁྲི་ལས་བབས་སོ།། གནས་ཁྱིམ་རྙིལ་ཞིག་ཡོད་པ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ་ཁྲིའི་རྐང་པ་བཞིའི་གནས་སུ་ནི། རྐང་ལག་གི་སྡེར་མོས་འབྲུའོ།། དབུས་སུ་གནས་སྡོམ་མོ།། ཏོའུ་དེ་ཡིའི་བུ། བྲམ་ཟེའི་ཁྱེའུ་ནེ་ཙོས། དེ་ནས་གསེར་དངུལ ་རྡངས་དང་། སིལ་མ་ལྗགས་བཟངས་བཞི་དང་། དབུས་ནས་བསེར་གྱི་ཁར་བ་དང་རིལ་བ་རྙེད་དོ།། དེ་ནས་ཏོའུ་དེ་ཡའི་བུ། བྲམ་ཟེའི་ཁྱེའུ་ནེ་ཙོས་གསེར་དེ ་སྦས་ནས། དགའ་མགུ་ཞིང་རབ་ཏུ་དགའ་སྟེ། རངས་ནས་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། མཉན་ཡོད་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་།། ། ་དེའི་ཚེ་བཅོམ་ལྡན་འདས། དགེ་སློང་གི་འཁོར་བརྒྱ་ཕྲག་དུ་མའི་མདུན་ན་ཆོས་སྟོན་ཅིང་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་ཏོའུ་དེ་ལའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙེ་རྒྱང ་རིང་པོ་ནས་འོང་བ་གཟིགས་སོ།། གཟིགས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱོད་ཀྱིས། ཏོའུ་དེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙེ་རྒྱང་རིང ་རིང་པོ་ནས་འོང་བར་མཐོང་ངམ། བཙུན་པ་དེ་ལྟ་ལགས་སོ།། གལ་ཏོའུ་དེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙེས། འདི་མཆི་བའི་ཚེ་མཆི་བའི་དུས་བྱས་པར་གྱུར་ན། ་དཔེར་ན་མདའ་སྟེའུ་ཀ་མ་འཕངས་པ་བཞིན་དུ། བདེ་འགྲོ་མཐོ་རིས་འཇིག་རྟེན་དུ། ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། འདི་ལྟར་དེས། ང་ལ་སེམས ་དད་པ་བྱས་པའི་ཕྱིར་རོ།། དེ་ནས་སེམས་དག་པའི་རྒྱུས་དེ་ལྟར་འདི་ན་སེམས་ཅན་ཁོ་ཅིག་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ། ལྷ་རྣམས་ཀྱི་ནང་དུ ་སྐྱེ་བར་འགྱུར་རོ།། དེ་ནས་དགེ་སློང་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ།། འདི་ནི་གང་ཟག་ཁ་ཅིག་ནི།། རབ་ཏུ་སེམས་དད་གྱུར་གཟིགས་ནས།། སྟོན་པས ་དགེ་སློང་ཚོགས་རྣམས་ལ།། དོན་འདི་ཉིད་ནི་ལུང་བསྟན་ཏོ།། ང་ནི་མཆི་བའི་དུས་བྱེད་ན།། དེའི་སེམས་ནི་དད་པའི་ཕྱིར།། ལྷའི་ནང་དུ་སྐྱེ་བར་འགྱུར།། དེ་བཞིན ་གཤེགས་ལ་ལེགས་དད་པ།། དེའི་རྒྱུས་ན་སེམས་ཅན་རྣམས།། དཔེར་ན་མདའ་ནི་འཕངས་བཞིན་ཏེ།། དེ་ལྟར་བདེ་འགྲོར་འགྲོ་བར་འགྱུར།། དེ་ནས་ཏོའུ ་དེ་ཡའི་བུ། བྲམ་ཟེའི་ཁྱེའུ་ནེ་ཙོས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ། མངོན་པར་དུ་དགའ་བར ་བྱ་བ་དང་། ཡང་དག་པར་དགའ་བའི་གཏམ་རྣམ་པ་མང་པོ་བྱས་ནས། ཕྱོགས་ཅིག་ཏུ་འདུག་གོ།། ཏོའུ་དེ་ཡའི་བུ་བྲམ་ཟེའི་ཁྱེའུ ་ནེ་ཙེས་ཕྱོགས་ཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། བྲམ་ཟེའི་ཁྱེའུ་ཅི་ངེས་ཇི་ལྟར་ཁྱི་དུང་ལུང་བསྟན་པ་དེ་དེ་བཞིན་དུ་གྱུར་ཏམ། ་ཀྱེ་ཀོའུ་ཏ་མ་མེད་དེ་ཇི་ལྟར་ཀོའུ་ཏ་མ་ཁྱོད་ཀྱིས། ཁྱི་དུང་ལུང་བསྟན་པ་དེ་དེ་བཞིན་ནོ།། གལ་ཏེ་ཞུས་ནས་ཞུས་པ་ལུང་བསྟན་པའི་སླད་དུ་སྐབས་དབྱེ་བར་གནང་ན་ཀོའུ ་ཏ་མ་ཁྱོད་ལ། བདག་ཞུ་བ་གཞན་འགའ་ཤིག་ཀྱང་ཞུའོ།། བྲམ་ཟེའི་ཁྱེའུ་ཅི་འདོད་པ་དྲིས་ཤིག། ཀྱེ་ཀོའུ་ཏ་མ་རྒྱུ་གང་དང་གང་གིས། འདིར་སེམས་ཅན་ཁ་ཅིག ་ཐུང་བ་དང་། ཚེ་རིང་བ་དང་། ནད་མེད་པ་དང་། ནད་ཉུང་བ་དང་། མདོག་སྡུག་པ་དང་། མདོག་མི་སྡུག་པ་དང་། དབང་ཆུང་བར་གྲགས་པ་དང་། དབང་ཆེ་བར་གྲགས་པ་དང་། ་རིགས་བཙུན་པ་དང་། རིགས་དམའ་བ་དང་། ཚིག་བཟུང་བར་འོས་པ་དང་། ཚིག་བཟུང་བར་མི་འོས་པོ་དང་། ལོངས་སྤྱོད་ཆུང་བ་དང་། ལོངས་སྤྱོད་ཆེ་བ་དང་། ཤེས་རབ་འཆལ ་བ་དང་། ཤེས་རབ་ཆེན་པོར་གྱུར། ཀྱེ་ཀོའུ་ཏ་མ་ལས་གང་གིས་རྣམ་པར་སྨིན་པས། སེམས་ཅན་འདི་དག་སྣ་ཚོགས་སུ་གདའ་བྲམ་ཟེའི་ཁྱེའུ་དེའི་ཕྱིར། ལེགས་པར་རབ ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་བཤད་དོ།། བྲམ་ཟེའི་ཁྱེའུ་སེམས་ཅན་རྣམས་ནི། ལས་བདག་གིས་བྱས་པ་ལས་ཀྱི་སྒོ་བསྐལ་ལ་སྤྱོད། ལོས་ཀྱི་སྐྱེ་གནས་པ ་ལས་མི་བསྟེན་ཏེ། བྲམ་ཟེའི་ཁྱེའུ་སེམས་ཅན་རྣམས་ཀྱི་ལས་ཀྱིས་འདི་ལྟ་སྟེ། དམན་པ་དང་། མཆོག་དང་། འབྲིང་དང་། མཐོན་པོ་དང་། དམའ་བ་དང་། ངན་པ་དང་། ་བཟང་པོ་རྣམས་སུ་རྣམ་པར་ཕྱེའོ།། ཀོའུ་ཏ་མ་ཁྱོད་ཀྱིས། མདོར་བཤད་དེ་རྣམ་པར་ཕྱེ་བ་འདི་དག་གིས། དོན་རྒྱ་ཆེར་མ་འཚལ་ལོ།། བྲམ་ཟེའི་ཁྱེའུ་དེའི་ཕྱིར་ལེག ་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག། ངས་བཤད་དོ།། སེམས་ཅན་རྣམས་ཀྱི་ལས་སྣ་ཚོགས་དང་། ཉོན་མོངས་པ་སྣ་ཚོགས་དང་། ལྟ་བ་སྣ་ཚོགས་དང་། སྤྱོད་པ ་སྣ་ཚོགས་རིགས་ནས། ལས་ནག་པོ་དང་། དཀར་པོ་རྣམས་དང་འབྲས་བུ་རྣམ་པར་སྨིན་པར་བྱས་ཏེ། བྲམ་ཟེའི་ཁྱེའུ་ལས་ནག་པོས་ནི། ངན་སོང་སེམས་ཅན་དམྱལ་བ། ་དང་། ནད་མང་བར་འགྱུར་བའི་ལས་ཀྱང་ཡོད། ནད་ཉུང་བར་འགྱུར་བའི་ལས་ཀྱང་ཡོད།། མདོག་མི་སྡུག་པར་འགྱུར་བའི་ལས་ཀྱང་ཡོད། མཛེས་པར་འགྱུར ་བའི་ལས་ཀྱང་ཡོད། དབང་ཆུང་བར་འགྱུར་བའི་ལས་ཀྱང་ཡོད། དབང་ཆེ་བར་འགྱུར་བའི་ཀྱང་ཡོད། རིགས་བཙུན་པར་འགྱུར་བའི་ལས་ཀྱང་ཡོད། རིགས་དམན་པར ་འགྱུར་བའི་ལས་ཀྱང་ཡོད། ལོངས་སྤྱོད་ཆུང་བར་འགྱུར་བའི་ལས་ཀྱང་ཡོད། ལོངས་སྤྱོད་ཆེ་བར་འགྱུར་བའི་ལས་ཀྱང་ཡོད། ཤེས་རབ་འཆལ་པར་འགྱུར་བའི་ལས ་ཀྱང་ཡོད། འདོད་པ་ན་ཤེས་རབ་ཆེན་པོར་འགྱུར་བའི་ལས་ཀྱང་ཡོད། སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། དུད་འགྲོར་སྐྱེ་བར་འགྱུར་བའི་ལས ་ཀྱང་ཡོད། ཡི་དགས་སུ་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། འདོད་པ ་ན་སྤོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། གཟུགས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། གཟུགས་མེད་པ་ན་སྤོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས ་ཀྱང་ཡོད། ངེས་པར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། སྐྱེ་བར་འགྱུར་བའི་མ་ངེས་པའི་ལས་ཀྱང་ཡོད། ཡུལ་གཞན་དུ་རྣམ་པརརོ་དག་པར་འགྱུར་བའི་ལས་ཀྱང་ཡོད།། ་བྱས་པ་བསྩགས་པའི་ལོས་ཀྱང་ཡོད། སྩགས་པ་མ་བྱས་པའི་ལས་ཀྱང་ཡོད། བྱས་ལ་སྩགས་པའི་ལས་ཀྱང་ཡོད། མ་བྱས་ལ་བསྩགས་པའི་ལས་ཀྱང་ཡོད། ལས ་གང་དག་དང་ལྡན་ན་གང་ཟག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ། ཡོངས་སུ་པར་བྱས་ནས། ལས་གང་དག་དང་ལྡན་ན་གང་ཟག ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་མ་ཐག་ཏུ་འཆི་འཕོ་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་སྔར་བདེ་བར་འགྱུར་ལ། ཕྱིས་སྡུག་བསྔལ་བར་འགྱུར ་བའི་ལས་ཀྱང་ཡོད། ལས་གོང་དང་ལྡན་ན་གང་ཟག་ཕྱུག་པོར་གྱུར་ལ་གཏོང་བ་དང་། ལྡན་པའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན་གང་ཟག་ཕྱུག་པོར་གྱུར་ལ། ་སེར་སྣ་ཅན་དུ་འགྱུར་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན་གང་ཟག་དབུལ་བར་གྱུར་ལ་གཏོང་བ་དང་ལྡན་པའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན་གང་ཟག་དབུལ་པོར་གྱུར་ལ། ་སེར་སྣ་ཅན་དུ་འགྱུར་བའི་ལས་ཀྱང་ཡོད། གང་ཟག་ལ་ལ་ཚེ་ཟད་པར་གྱུར་ལ་ལས་མ་ཟད་པའི་ལས་ཀྱང་ཡོད། གང་ཟག་ལ་ལ་ལས་ཟད་པར་གྱུར་ལ། ཚེ་མ་ཟད་པའི་གང་ཟག་ཀྱང་ཡོད།། ་གང་ཟག་ལ་ལ་ཡང་ཚེ་ཡང་ཟད་པར་གྱུར་ལ། ལས་ཀྱང་ཟད་པའི་གང་ཟག་ཀྱང་ཡོད། གང་ཟག་ལ་ལ་ཚེ་ཡང་ཟད་ཅིང་ལས་ཀྱང་མ་ཟད་ལ། དེའི་ཉོན་མོངས་པ་རྣམས་ཟད་པའི ་གང་ཟག་ཀྱང་ཡོད། ལུས་བདེ་བར་གྱུར་ལ། སེམས་བདེ་བ་མ་ཡིན་པའི་གང་ཟག་ཀྱང་ཡོད། སེམས་བདེ་བར་གྱུར་ལ། ལུས་བདེ་བ་མ་ཡིན་པའི་གང་ཟག་ཀྱང་ཡོད།། ་ལུས་བདེ་བར་འགྱུར་ལ། སེམས་ཀྱང་བདེ་བའི་གང་ཟག་ཀྱང་ཡོད། ལུས་ཀྱང་མི་བདེ་བར་འགྱུར་ལ། ལས་གང་དག་དང་ལྡན་ན་གང་ཟག་ཐོ་རིས་རྣམས་སུ་སྐྱེས་ལ། གཟུགས ་བཟང་བ་དང་། ལྟ་ན་སྡུག་པ་དང་། མཛེས་པ་དང་། མདོག་སྣུམ་པ་དང་། པགས་པ་སྣུམ་པ་དང་། མིག་ཏུ་སྡུག་པའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་ངན་སོང ་རྣམས་སུ་སྐྱེས་ལ། མདོག་མི་སྡུག་པ་དང་། ལུས་རྩུབ་པ་དང་། ལྟ་ན་མི་སྡུག་པ་དང་། མཐོང་ན་སྐྱི་གཡའ་བར་འགྱུར་བའི་ལས་ཀྱང་ཡོད། ལས་གང་དག་དང་ལྡན་ན་གང་ཟག ་ངན་སོང་རྣམས་སུ་སྐྱེས་ལ། དྲི་མི་ཞིམ་པ་དང་། དབང་པོ་མི་གསལ་བ་དང་། དབང་པོ་ཞན་པར་འགྱུར་བའི་ལས་ཀྱང་ཡོད། བྲམ་ཟེའི་ཁྱེའུ་མི་དགེ་བའི་ལས་བཅུ་པོ་དག་ཡང ་དག་པར་བླངས་པའི་རྒྱུས། ཕྱི་རོལ་གྱི་དངོས་པོ་བཅུ་སྣང་། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་པའི་རྒྱུས་ཕྱི་རོལ་གྱི་དངོས་པོ་བཅུ་ཕུན་སུམ་ཚོགས་པར ་ནྱ། སྣང་ཏེ། འདི་ནི་མདོར་བསྟན་པའོ།། དེ་ལ་ཚེ་ཐུང་བར་འགྱུར་བའི་ལས་བཅུ་སྟེ། བཅུ་གང་ཞེ་ན། སྲོག་བཅོད་པ་དང་། སྲོག་བཅོད་པར ་འཛིན་དུ་འཇུག་པ་དང་། སྲོག་བཅོད་པའི་བསྔགས་པ་སྨྲས་པ་དང་། སྲོག་བཅོད་པ་ལ་རྗེས་སུ་ཡིད་རང་བ་དང་། མངལ་ནས་ཟག་པར་བྱ་བ་ཡང་དག་པར་འཛིན་དུ་བཅུག་པ་དང་། ་མི་འཛའ་བ་ཤིན་ཏུ་ཡིད་དགའ་བ་དང་། གང་དུ་སྲོག་ཆགས་མང་པོ་བཅོད་པའི་ལྷ་རྟེན་འཇུག་པ་དང་། གཡུལ་འགྱེད་པ་ལ་ལྟ་བ་དང་བཅུ་སྟེ། ཆོས་བཅུ་པོ་དེདག་ནི་ཚེ་ཐུང་བར་འགྱུར་བ་སྟེ། ་ལས་འདི་ནི་ཚེ་ཐུང་བར་འགྱུར་རོ།། དེ་ལ་ཚེ་རིང་བར་འགྱུར་བའི་ལས་གང་ཞེ་ན། ཚེ་རིང་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། སྲོག་བཅོད་པ་སྤོང་བ་དང་། སྲོག་བཅོད་པ་སྤོང ་བ་ལ་ཡང་དག་པར་འཛིན་དུ་འཇུག་པ་དང་། སྲོག་བཅོད་པ་སྤོང་བའི་བསྔགས་པ་སྨྲ་བ་དང་། སྲོག་བཅོད་པའི་སྤོང་བ་ལ་རྗེས་སུ་ཡི་རང་བ་དང་། གསད་པ་ལ་ཐུག་པའི་གང་ཟག ་རྣམས་རབ་ཏུ་ཐར་བར་བྱེད་པ་དང་། དུད་འགྲོའི་སྐྱེ་གནས་སུ་གྱུར་པའི་སྲོག་ཆགས་གསད་པར་ཆད་པ་རབ་ཏུ་ཐར་བར་བྱེད་པ་དང་། འཇིགས་སྐྲག་པ་རྣམས་ལ་མི་འཇིགས་པ་སྦྱིན ་པ་དང་། མགོན་མེད་པ་རྣམས་ལ་སྙིང་རྗེ་བའི་སེམས་དང་ལྡན་པ་དང་། ནད་པ་ལ་བྱམས་པ་ཉེ་བར་བསྒྲུབ་པ་དང་། ལེན་པ་རྣམས་ལ་ཟས་སྦྱིན་པའོ།། ཆོས་བཅུ་པོ་དེ་དག ་ནི་ཚེ་རིང་བར་འགྱུར་བ་སྟེ། ལས་འདི་ནི་ཚེ་རིང་བར་འགྱུར་རོ།། དེ་ལ་ནང་མང་བར་འགྱུར་བའི་ལས་གང་ཞེ་ན། ནད་མང་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ཁུ་ཚུར་དང་། ་ཐལ་ལྕག་སྩོགས་པས་བརྡེག་པ་དང་། ཁུ་ཚུར་དང་། ཐལ་ལྕག་ལས་སྩོགས་པས་བརྡེག་པ་ཡང་དག་པར་འཛིན་དུ་འཇུག་པ་དང་། ཁུ་ཚུར་དང་། ཐལ་ལྕག་ལས་སྩོགས་པས ་བརྡེག་པའི་བསྔག་པ་སྨྲ་བ་དང་། ཁུ་ཚུར་དང་། ཐལ་ལྕགས་ལ་སྩོགས་པས་བརྡེག་པ་ལ་རྗེས་སུ་ཡི་རང་བ་དང་། མི་ཕན་པར་བསྒྲུབ་པ་དང་། འཕགས་པ་རྣམས་ལ་ལེན་པར ་བསྒྲུབ་པ་དང་། མི་འཛའ་བ་ནད་ཀྱི་བཏབ་པ་ན་ཡིད་དགའ་བ་དང་། མི་འཛའ་བ་ནད་སོས་ན་ཡིད་མི་དགའ་བ་དང་། སྨན་མ་ཡིན་པ་སྦྱིན་པ་དང་། ཟས་མ་ཞུ་བར་ཟ་བ་དང་། བཅུ་སྟེ། ་ཆོས་བཅུ་པོ་དེ་དག་ནི་ནད་མང་བར་འགྱུར་བ་སྟེ། ལས་འདི་ནི་ནད་མང་བར་འགྱུར་བའོ།། དེ་ལ་ནད་ཉུང་བར་འགྱུར་བའི་ལས་གང་ཞེ་ན། ནད་ཉུང་བར་འགྱུར་བའི་ཆོས་བཅུ་སྟེ། ་བཅུ་གང་ཞེ་ན། ཁུ་ཚུར་དང་། ཐལ་ལྕགས་ལ་སྩོགས་པས་བརྡེག་པ་སྤོང་བ་དང་། ཁུ་ཚུར་དང་། ཐལ་སྩགས་ལ་སྩོགས་པས་བརྡེག་པ་སྤོང་བ་ལ་ཡང་དག་པར་འཛིན་དུ་བཅུག ་པ་དང་། ཁུ་ཚུར་དང་། ཐལ་ལྕགས་ལ་སྩོགས་པས་བརྡེག་པ་སྤོང་བླ་སྔགས་པ་སྨྲ་བ་དང་། ཁུ་ཚུར་དང་། ཐལ་ལྕགས་ལ་བརྡེག་པ་སྤོང་བ་ལ་ཡང་དག་པར་རྗེས་སུ་ཡི་རང ་བ་དང་། ཕ་ནད་ཀྱི་བཏབ་ན་རིམ་འགྲོ་བྱེད་པ་དང་། འཕགས་པ་རྣམས་ནད་ཀྱིས་བཏབ་ན། རིམ་འགྲོ་བྱེད་པ་དང་། མི་འཛའ་བ་ནད་ཀྱིས་བཏབ་པ་དང་། ཡིད་མི་དགའ་བ་དང་། ་མཛའ་རྒྱང་ཀྱི་བཏབ་ན་ཡིད་མི་དགའ་བ་དང་། ནད་པ་ལ་སྨན་སྦྱིན་པ་དང་། ཁ་ཟས་སུ་འ་གྱུར་ནས། ཐབ་དང་། བཅུ་སྟེ། ཆོས་བུན་པོ་དེ་དག་ནི་ནང་ཉུང་བར་འགྱུར་བ་ཏེ། ་ལས་འདི་ནི་ནད་ཉུང་བར་འགྱུར་བའོ།། དེ་ལ་མདོག་མི་སྡུག་པར་འགྱུར་བའི་ལས་གང་ཞེ་ན། མདོག་མི་སྡུག་པར་འགྱུར་བའི་ཆོས་བཅུ་སྟེ། ་བཅུ་གང་ཞེ་ན། ཁྲོ་བ་དང་འཆབ་པ་དང་། ཁོན་དུ་འཛིན་པ་དང་། ཚིག་པ་དང་། ཕ་མའི་བསྔགས་པ་མ་ཡིན་པ་སྨྲ་བ་དང་། འཕགས་པ་རྣམས་ཀྱིས་བསྔགས་པ་མ་ཡིན ་པ་སྨྲ་བ་དང་། འཕགས་པ་རྣམས་ཡོངས་སུ་སྨིན་པའི་ས་མ་རུང་བར་བྱེད་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་མར་མེའི་བར་དུ་བྱེད་པ་དང་། གང་ཟག་མདོག་མི ་སྡུག་པ་རྣམས་ལ་དབང་ཟ་བ་དང་། གཙང་སྦྲ་མེད་པར་སྤྱོད་པ་དང་། བཅུ་སྟེ། ཆོས་བཅུ་པོ་དེ་དག་ནི་མདོག་མི་སྡུག་པར་འགྱུར་བ་སྟེ། ལས་འདི་ནི་མདོག་མི་སྡུག་པར་འགྱུར ་བའོ།། དེ་ལ་མཛེས་པར་འགྱུར་བའི་ལས་གང་ཞེ་ན། མཛེས་པར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། མི་ཁྲོ་བ་དང་། གོས་སྤྲིན་དང་། དེ་བཞིན་གཤེགས་པའི ་མཆོད་རྟེན་ལ། རྡོ་ཐལ་པ་རི་གྱིས་ཉུག་པ་དང་། གཙུག་ལག་ཁང་ཕྱག་དར་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་འཕྱི་བ་དང་། ཕ་མའི་བསྔགས་པ་སྨེ་བ་དང་། ་འཕགས་པ་རྣམས་ཀྱི་བསྔགས་པ་སྨྲ་བ་དང་། གང་ཟག་མ་རྟོག་མདོག་མི་སྡུག་པ་རྣམས་ལ་མི་བསྐས་པ་དང་། གཙང་སྦྲ་སྤྱོད་པ་དང་བཅུ་སྟེ། ཆོས་བཅུ་པོ་དེ་དག་ནི་མཛེས་པར ་འགྱུར་བ་སྟེ། ལས་འདི་ནི་མཛེས་པར་འགྱུར་བའོ།། དེ་ལ་དབང་ཆུབ་བར་འགྱུར་བའི་ལས་གང་ཞེ་ན། དབང་ཆུང་བར་གྲགས་པར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ་ཕ་རོལ་གྱི་རྙེད་པ་ལ་ཕྲ་དོག་བྱེད་པ་དང་། ཕ་རོལ་གྱི་རྙེད་པ་ལ་ཡིད་མི་དགའ་བ་དང་། ཕ་རོལ་གྱི་མ་རྙེད་པ་ལ་ཡིད་མི་དགའ་བ་དང་། ཕ་རོལ་གྱི་གྲགས་པ་དང་། བསྔགས་པ་དང་། ་བརྗོད་པ་དང་། སྒྲ་དང་ཚིགས་སུ་བཅད་པ་ལ་ཡིད་མི་དགའ་བ་དང་། ཕ་རོལ་གྱི་གྲགས་པ་དང་། བསྔགས་པ་དང་། བརྗོད་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་མ་ཡིན ་པ་ལ་དགའ་བ་དང་། ཕ་མ་ལ་བརྙས་པ་དང་། འཕགས་པ་རྣམས་ལ་བརྙས་པ་དང་། དགེ་བའི་རྩ་བ་ཆུང་ངུ་ཡང་དག་པར་འཛིན་དུ་འཇུག་པ་དང་། དགེ་བའི་རྩ་བ་ཆེན་པོའི ་རྒྱུན་གཅོད་པ་དང་། གང་ཟག་དབང་ཆུང་བར་གྲགས་པ་རྣམས་ལ་དབང་ཟའོ།། ཆོས་བཅུ་པོ་དེ་དག་ནི་དབང་ཆུང་བར་གྲགས་པར་འགྱུར་བ་སྟེ། ལས་འདི་ནི་དབང་ཆུང ་བར་གྲགས་པར་འགྱུར་བའོ།། དེ་ལ་དབང་ཆེ་བར་གྲགས་པར་འགྱུར་བའི་ལས་གང་ཞེ་ན། དབང་ཆེ་བར་གྲགས་པར་འགྱུར་བའི་ཆོས་བཅུ་སྟེ། ཉ་བཅུ་གང་ཞེ་ན། ཕ་རོལ་གྱི ་རྙེད་པ་ལ་ཡི་དགའ་བ་དང་། ཕ་རོལ་གྱི་གྲགས་པ་དང་། བསྔགས་པ་དང་། བརྗོད་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་མ་ཡིན་པ་ལ་དགའ་བ་དང་། ཕ་རོལ་གྱི ་གྲགས་པ་དང་། བསྔགས་པ་དང་། བརྗོད་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་ལ་ཡིད་དགའ་བ་དང་། བྱང་ཆུབ་དུ་སེམས་བསྐྱེད་པ་དང་། གདུགས་སྦྱིན་པ་དང་། ་དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་ཁང་པ་བྱེད་པ་དང་། དགེ་བའི་རྩ་ཆེན་པོ་ཡང་དག་པར་འཛིན་དུ་འཇུག་པའོ།། ཆོས་བཅུ་པོ་དེ་དག་ནི་དབང་ཆེ་བར་གྲགས ་པར་འགྱུར་བ་སྟེ། ལས་འདི་ནི་དབང་ཆེ་བར་གྲགས་པར་འགྱུར་བའོ།། དེ་ལ་རིགས་དམན་པར་འགྱུར་བའི་ལས་གང་ཞེ་ན། རིགས ་དམན་པར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ཁེངས་པ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མར་མི་འཛིན་པ་དང་། བར་མི་འཛིན་པ་དང་། དགེ་སྦྱོང་དུ་མི ་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དང་། ཁྱིམ་གྱི་གཙོ་བོ་ལ་རིམ་གྲོ་མི་བྱེད་པ་དང་། ཕ་མ་དང་མི་ལྡན་པ་དང་། འཕགས་པ་རྣམས་ལ་བསྡངས་པ་དང་། ་རིགས་དམའ་བར་སྐྱེ་བའི། གང་ཟག་རྣམས་ལ་དབང་ཟ་བའོ།། ཆོས་བཅུ་པོ་དེ་དག་ནི་རིགས་དམའ་བར་འགྱུར་བ་སྟེ། ལས་འདི་ནི་རིགས་དམའ་བར་འགྱུར་བའོ།། དེ་ལ ་རིགས་བཙུན་པར་འགྱུར་བའི་ལས་གང་ཞེ་ན། རིགས་བཙུན་པར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ཁེངས་པ་དང་ལས་འདི་ནི་ངའོ་སྙམ་པའི་ང་རྒྱལ་མེད་པ་དང་། ་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་ཡང་འཛིན་པ་དང་། ཁྱིམ་གྱི་གཙོ་བོ་ལ་རིམ་གྲོ་བྱེད་པ་དང་། ཕ་མ་ལ་མི་སྡང་བ་དང་། ་འཕག་པར་མི་སྡང་བ་དང་། རིགས་དམའ་བར་སྐྱེས་པའི་གང་ཟག་རྣམས་ལ་དབང་མི་ཟའོ།། ཆོས་བཅུ་པོ་དེ་དག་ནི་རིགས་བཙུན་པར་འགྱུར་བ་སྟེ། ལས་འདི་ནི་རིགས་བཙུན ་པར་འགྱུར་བའོ།། དེ་ལ་ལོངས་སྤྱོད་ཆུང་བར་འགྱུར་བའི་ལས་གང་ཞེ་ན། ལོངས་སྤྱོད་ཆུང་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། མ་བྱིན་པར་ལེན་པ་དང་། ་མ་བྱིན་པར་ལེན་པ་ཡང་དག་པར་འཛིན་དུ་འཇུག་པ་དང་། མ་བྱིན་པ་ལེན་པའི་བསྔགས་པ་སྨྲ་བ་དང་། མ་བྱིན་པར་ལེན་པ་ལ་རྗེས་སུ་ཡི་རང་བ་དང་། ཕ་མའི་འཚོ་བའི་རྒྱུན ་གཅོད་པ་དང་། འཕགས་པ་རྣམས་ཀྱི་འཚོ་བའི་རྒྱུན་གཅོད་པ་དང་། ཕ་རོལ་གྱི་རྙེད་པའི་བར་ཆད་བྱེད་པ་དང་། མུ་གེ་བྱུང་ན་དགའ་བ་དང་བཅུ་སྟེ། ཆོས་བཅུ་པོ་དེ་དག་ནི ་ལོངས་སྤྱོད་ཆུང་བར་འགྱུར་བ་སྟེ། ལས་འདི་ནི་ལོངས་སྤྱོད་ཆུང་བར་འགྱུར་བའོ།། དེ་ལ་ལོངས་སྤྱོད་ཆེན་པོར་འགྱུར་བའི་ལས་གང་ཞེ་ན། ལོངས་སྤྱོད་ཆེན་པོར་འགྱུར་བའི ་ཆོས་བཅུ་སྟེ། བཅུ་གང་ཞེ་ན། མ་བྱིན་པར་ལེན་པ་སྦྱོང་བ་ལ་ཡང་དག་པར་འཛིན་དུ་འཇུག་པ་དང་། མ་བྱིན་པར་ལེན་པ་སློང་བའི་བསྔགས་པ་སྨྲ་བ་དང་། མ་བྱིན་པ ་ལེན་པ་སྤོང་བ་ལ་རྗེས་སུ་ཡི་རང་བ་དང་། བ་མ་ལ་འཚོ་བ་སྦྱིན་པ་དང་། འཕགས་པ་རྣམས་ལ་འཚོ་བ་སྦྱིན་པ་དང་། ཕ་རོལ་གྱི་རྙེད་པ་ལ་ཡིད་དགའ་བ་དང་། ་ཕ་རོལ་གྱི་རྙེད་པ་ལ་བར་ཆད་མི་བྱེད་པ་དང་། ལོ་ལེགས་ནི་མངོན་པར་དགའ་བ་དང་བཅུ་སྟེ། ཕ་རོལ་གྱི་རྙེད་པ་ལ་དགའ་བ་བཅུ་པོ་དེ་དག་ནི་ལོངས་སྐྲོད་ཆེན་པོར་འགྱུར ་བ་སྟེ། ལས་འདི་ནི་ལོངས་སྤྱོད་ཆེན་པོར་འགྱུར་བའོ།། དེ་ལ་ཤེས་རབ་འཆལ་བར་འགྱུར་བའི་ལས་གང་ཞེ་ན། ཤེས་རབ་འཆལ་བར་འགྱུར་བའི་ཆོས་བཅུ་སྟེ། ་བཅུ་གང་ཞེ་ན། འདི་ལ་གང་ཟག་བྲམ་ཟེ་དང་། བྲམ་ཟེ་མཁས་པ་མཁས་པའི་གྲངས་སུ་བརྟོགས་པ་གང་གི་གན་དུ་འགྲོ་ཡང་། ཡོངས་སུ་མི་འདྲི་བར་བྱེད། མི་བསྙེན ་མི་སྟེན། བསྙེན་བསྐུར་མི་བྱེད་པ་དང་། ཤེས་རབ་འཆལ་པ་ལ་བསྟེན་ཅིང་། སྟེན་དེ་བསྙེན་བསྐུར་བྱེད་པ་དང་། མཁས་པ ་དེ་བསྙེན་བསྐུར་བྱེད་པ་དང་། མཁས་པ་རྣམས་ཀྱི་མི་འཇིགས་པ་གཅོད་པ་དང་། ལེགས་པར་བཤད་པ་རྣམས་ཡོངས་སུ་སྤོང་བ་དང་། ཉེས་པར་བཤད་པ་རྣམས་ལ་ཀུན ་ཏུ་འཛིན་དམ་པའི་ཆོས་མ་ཡིན་པ་ཡོངས་སུ་བསྟོན་པ་དང་། དམ་པའི་ཆོས་ཡོངས་སུ་སྤོང་བ་དང་། ཆོས་སླ་བ་རྣམས་ལ་ལེགས་སོ་ཞེས་མི་བྱ་བ་དང་། སྦྱིན་པར་མི ་བྱེད་པ་དང་། ལོག་པར་ལྟ་བ་ལ་བསྔགས་པར་བྱེད་པ་དང་། ཡང་དག་པར་ལྟ་བ་ལ་སྨོད་པའོ།། ཆོས་བཅུ་པོ་དེ་དག་ནི་ཤེས་རབ་འཆལ་པར་འགྱུར་བ་སྟེ། ལས་འདི་ནི ་ཤེས་རབ་འཆལ་པར་འགྱུར་བའོ།། དེ་ལ་ཤེས་རབ་ཆེན་པོར་འགྱུར་བའི་ལས་གང་ཞེ་ན། ཤེས་རབ་ཆེན་པོར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། འདི་ལ་གང་ཟག ་དགེ་སློང་དང་། བྲམ་ཟེ་མཁས་པའི་གྲངས་སུ་གཏོགས་པ་གང་ཡིན་པ་དེ་དག་གི་གན་དུ་འགྲོ་སྟེ། ཡོངས་སུ་འདྲིས་ཞིང་། ཡོངས་སུ་འདྲི་བར་བྱེད་ལ། བསྟན་ཅིང་སྟེན ་ཏེ། བསྙེན་བསྐུར་བྱེད་པ་དང་། ཤེས་རབ་འཆལ་པ་རྣམས་ལ་མི་སྙེན། བསྙེན་བསྐར་མི་བྱེད་པ་དང་། མཁས་པ་རྣམས་ལ་མི་འཇིགས་པ་ཉེ་བར་བསྒྲུབ་པ་དང་། ་ལེགས་པར་བཤད་པ་རྣམས་ཡོངས་སུ་མི་སྤོང་བ་དང་། ཉེས་པར་བཤད་པ་རྣམས་ཡོངས་སུ་སྤོང་བ་དང་། དམ་པའི་ཆོས་ཡོངས་སུ་མི་སྤོང་བ་དང་། དམ་པའི་ཆོས་མ་ཡིན་པ ་ཡོངས་སུ་སྤོང་བ་དང་། ཆོས་སྨྲ་བའི་གང་ཟག་རྣམས་ལ་ལེགས་སོ།། ཞེས་བྱ་བ་དང་། ལོག་པར་ལྟ་བ་ལ་སྨོད་པ་དང་། ཡང་དག་པར་ལྟ་བ་ལ་བསྔགས་པར་བྱེད་པའོ།། ་ཆོས་བཅུ་པོ་དེ་དག་ནི་ཤེས་རབ་ཆེན་པོར་འགྱུར་བའོ།། དེ་ལ་སེམས་ཅན་དམྱལ་བར་འགྱུར་བའི་ལས་གང་ཞེ་ན། སེམས་ཅན་དམྱལ་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ ་གང་ཞེ་ན། དེ་ལ་སེམས་ཅན་དམྱལ་བར་འགྱུར་བའི་ལས་གང་ཞེ་ན། སེམས་ཅན་དམྱལ་བར་འགྱུར་བའི་ཆས་བཅ་སྟེ། བཅ་གང་ཞེ་ན། ལུས་ཀྱི་ཉེས་པར་སྤྱོད་པ་ཆེ་བ་དང་། ་ངག་གི་ཉེས་པར་སྤྱོད་པ་ཆེ་བ་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་ཆེ་བ་དང་། ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་དང་། མེད་པར་ལྟ་བ་དང་། བྱེད་པ་མེད་པར་ལྟ་བ་དང་། ་བྱས་པ་མི་བཟོ་བོ་དང་། མཚམས་མེད་པའི་ལས་ལ་བསྐུར་བ་འདེབས་པ་དང་། ལོག་པར་ལྟ་བ་ལ་ཡང་དག་པར་འཛིན་དུ་འཇུག་པ་ནི་བཅུ་པའོ།། ཆོས་བཅུ་པོ་དེ་དག་ནི ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའོ།། དེ་ལ་དུད་འགྲེར་སྐྱེ་བར་འགྱུར་བའི་ལས་གང་ཞེ་ན། དུད་འགྲོར་སྐྱེ་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ལུས་ཀྱི་ཉེས ་པར་སྤྱོད་པ་འབྲིང་བ་དང་། ངག་གིས་ཉེས་པར་སྤྱོད་པ་འབྲིང་བ་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་འབྲིང་བ་དང་། འདོད་ཆགས་ཀྱི་ཀུན་ནས་བསླངས་པའི་ལས་སྣ་ཚོགས་དང་། ་ཞེ་སྡང་གིས་ཀུན་ནས་བསླངས་པའི་ལས་སྣ་ཚོགས་དང་། གཏི་མུག་གིས་ཀུན་ནས་བསླང་པའི་ལས་སྣ་ཚོགས་དང་། རུང་བ་མ་ཡིན་པ་སྦྱིན་པ་དང་། དམ་པའི་མིང་གིས ་གཤེ་བ་དང་། སྨོན་ལམ་གྱི་དབང་གིས་འགྱུར་བ་འདི་ལྟ་སྟེ། སེང་གེར་སྐྱེས་པའི་རབ་ལྟ་བུ་དང་། ངག་གིས་ཉེས་པར་སྤྱོད་པས ་འགྱུར་བ། བྲམ་ཟེ་དང་བྱེད་པའི་སྤྲེའུ་སྐྱེ་བ་ལྟ་བུའོ།། ཆོས་བཅུ་པོ་དེ་དག་ནི་དུད་འགྲོར་སྐྱེ་བར་འགྱུར་བ་སྟེ། ལས་འདི་ནི་དུད་འགྲོ་སྐྱེ་བར་འགྱུར་བའོ།། དེ་ལ་མི ་དགས་སུ་སྐྱེ་བའི་ལས་གང་ཞེ་ན། ཡི་དགེས་སྐྱེ་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ལུས་ཀྱིས་ཉེས་པར་སྤྱོད་པ་ཆུང་བ་དང་། ངག་གིས་ཉེས་པར་སྤྱོད ་པ་ཆུང་བ་དང་། ཡིད་ཀྱིས་ཉེས་པར་སྤྱོད་པ་ཆུང་བ་དང་། ཆགས་པ་དང་། ཡང་དག་པས་ཆགས་པ་དང་། ལོག་པར་ཆོ་བོ་དང་། སེར་སྣ་བྱེད་པ་དང་། སྦྱིན་པ་འགོག ་བ་དང་། བཀྲེས་ཤིང་སྐོམ་བཞིན་འཚོ་བའི་དུས་བྱེད་པ་དང་། དངོས་པོ་ལ་ཆགས་བཞིན་དུ་འཆི་བའི་དུས་བྱེད་པའོ།། བཅུ་པོ་དེ་དག་ནི་ཡི་དགས་སུ་སྐྱེ་བར་འགྱུར ་བ་སྟེ། ལས་འདི་ནི་ཡི་དགས་སུ་སྐྱེ་བར་འགྱུར་བའོ།། མིར་སྐྱེ་བའི་ལས་གང་ཞེ་ན། མིར་སྐྱེ་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། བཙུན་པ་དང་། མ་བྱིན ་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་བརྩུབ་པོ་དང་། ཚིགས་ཀྱལ་པ་དང་། བརྣབ་སེམས་དང་། གནོད ་སེམས་དང་། ལོག་པར་ལྟ་བ་དང་། མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་སྤོང་བ་དང་། ཆོས་བཅུ་པོ་དེ་དག་ནི་མིར་སྐྱེ་བར་འགྱུར་བ་སྟེ། ལས་འདི་ནི་མིར་སྐྱེ་བར ་འགྱུར་བའོ།། དེ་ལ་འདོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་གང་ཞེ་ན། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལེགས་པར་སྦྱངས་ལ་མཉམ་པར་མ་གཞག་པ་སྟེ། ་ལས་འདི་ནི་འདོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་རོ།། དེ་ལ་གཟུགས་ན་སྤྲོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་གང་ཞེ་ན། ཏིང་ངེ་འཛིན་གྱིས་མཉམ་པར་གཞག་པ། ་ཟག་པ་དང་བཅས་པའི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཏེ། ལས་འདི་ནི་གཟུགས་ལ་སྤྲོད་པའི་ལྷར་སྐྱེ་བར་འགྱུར་བའོ།། གཟུགས་མེད་པ་སྤྱོད་པའི་ལྷར་སྐྱེ་བར། ་འགྱུར་བའི་ལས་གང་ཞེ་ན། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ། བཞི་གང་ཞེ་ན། གཟུགས་ཀྱི་འདུ་ཤེས་ལས་རྣམ་པ་ཐམས་ཅད་དུ་ཡང་དག་པར ་མདའ་བ་སྟེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་ནམ་མཁའ་མཐའ་ཡས་སོ་སྙམ་ནས། ན་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར ་བྱས་ཏེ། གནས་དང་། རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར ་བྱས་ཏེ་གནས་པ་དང་། འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ནས་གནས་ཏེ། ལས་འདི་ནི་གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའོ།། དེ་ལ་ངེས ་པར་སྐྱེ་བར་འགྱུར་བའི་ལས་གང་ཞེ་ན། དགེ་བའི་ལས་གང་བྱས་ནས། འདིས་བདག་འདི་ལྟ་བུ་ཞིག་ཏུ་སྐྱེ་བར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་བ་དང་། མཚམས་མེད། ་པ་ལྔ་རྣམས་ཏེ། འདི་ནི་ངེས་པར་སྐྱེ་བར་འགྱུར་བའོ།། དེ་ལ་སྐྱེ་བར་འགྱུར་བར་མ་ངེས་པའི་ལས་གང་ཞེ་ན། དགེ་བའི་ལས་གང ་བྱས་ནས་ཅིར་ཡང་ཡོངས་སུ་མི་སྔོ་བ་སྟེ། ལས་འདི་ནི་སྐྱེ་བར་འགྱུར་བར་མ་ངེས་པའོ།། དེ་ལ་ཡུལ་གཞན་དུ་རྣམ་པར་སྨིན་པར་འགྱུར་བའི་ལས་གང་ཞེ་ན། ་འདིར་སྐྱེ་བ་དང་། མི་དགེ་བའི་ལས་གང་བྱས་པ། ཡུལ་གཞན་དུ་སོང་བ་ནས་རྣམ་པར་སྨིན་པར་འགྱུར་བ་སྟེ། དཔེར་ན་ཚོང་པ་འཛའ་བོའི་བུ་མོ་ལྟ་བུ་སྟེ། ལས་འདི་ནི ་ཡུལ་གཞན་དུ་རྣམ་པར་སྨིན་པར་འགྱུར་བའོ།། དེ་ལ་བྱས་ལ་གསགས་པ་མ་ཡིན་པའི་ལས་གང་ཞེ་ན། འཇམ་པ་དང་། འདེག་པ་དང་། འགྱོད་པ་དང་། སྨོད ་པ་དང་། འཆགས་པ་དང་། འཐོལ་བ་དང་། འདོར་བ་དང་། སྤོང་བ་དང་། ཕྱིན་ཆད་སྡོམ་པར་བྱེད་པ་དེ། ལས་འདི་ནི་བྱས་ལ་གསགས་པ་མ་ཡིན་ནོ།། དེ་ལ ་སྔགས་ལ་མ་བྱས་པའི་ལས་གང་ཞེ་ན། ལས་གང་ལུས་ཀྱི་ཡོངས་སུ་རྫོགས་པར་བྱ་བ་སྟེ། སེམས་ཀྱི་ཡོངས་སུ་རྫོགས་པར་བྱས་ཤིང་། ཚིག་ཏུ་ཡང་ལས་འདི ་བྱའོ་ཞེས་སྨྲས་ལ། དེ་ལ་མ་བྱས་ཏེ། ལྷ་འདི་ནི་གསགས་པ་མ་བྱས་པའོ།། དེ་ལ་བྱས་ལ་སྩགས་པའི་ལས་གང་ཞེ་ན། ལས་གང་ནས་མི་མཛེས་པ་དང་། ་མི་བདོག་པ་དང་། མི་འདོར་བ་དང་། མི་འགྱོད་པ་དང་། མི་སྨོད་པ་དང་། མི་ཆགས་པ་དང་། མི་འགྲོལ་བ་དང་། མི་འདོར་བ་དང་། མི་སྤོང་བ་དང་། ཕྱིན་ཆད་སྡོམ ་པར་མི་བྱེད་པ་དང་། འདི་ནི་བྱས་ལ་གསགས་པའོ།། དེ་ལ་མ་བྱས་ལ་གསགས་པའི་ལས་གང་ཞེ་ན། ལས་གང་ཆད་དུ་མ་བསགས་པར་བྱས་པ་སྟེ། ལས་འདི ་ནི་མ་བྱས་ལ་གསགས་པའོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ་ཡོངས་སུ་རྫོགས་པར ་ཟད་པར་བྱས་ནས་འཆི་འཕོས་པའི་ལས་གང་ཞེ་ན། འདི་ལ་གང་དག་འགའ་ཞིག་གིས་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་ལས་བྱས་ཤིང་། གསགས་པར ་གྱུར་ལ། དེ་ལས་མི་མཛེས་པ་དང་། མི་བདོག་པ་དང་། མི་འགྱོད་པ་དང་། མི་སྨོད་པ་དང་། མི་འཆགས་པ་དང་། མི་འཐོལ་བ་དང་། མི་འདོར་བ་དང་། ་མི་སྤོང་བ་དང་། མི་གཤང་བ་དང་། སྨོད་པར་མི་བྱེད་པ་དང་། ཡང་གནོད་པར་བྱའོ།། ཞེས་ཤར་གཉེར་བ་འཚལ་བ་སྟེ་དཔེར་ན་ལྷ་སྦྱིན་ལྟ་བུའོ།། འདི་ལས་གང ་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ། ཡོངས་སུ་རྫོགས་པར་ཟད་པར་བྱས་ནས། འཆི་བའི་ལས་སོ།། དེ་ལས་གང ་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་མ་ཐག་ཏུ་འཆི་འཕོས་པའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་གིས་སེམས་ཅན་དམྱལ་བར་སྐྱེ་བ ་འགྱུར་བའི་ལས་བྱས་ཤིང་བསགས་པར་འགྱུར་ལ། དེ་ལོ་བྱས་པས་མཛེས་པ་དང་། འདོད་པ་དང་། འགྱོད་པ་དང་། སྨོད་པ་དང་། འཆགས་པ་དང་། འཐོལ་བ་དང་། ་འདོར་བ་དང་། སྤོང་བ་དང་། དེ་ཤིན་དུ་ཡིད་ལ་བཅགས་པ་ཡིན་ཡང་། ཡིད་ལ་བཅགས་པ་དེས། ལས་དེ་སེལ་བར་མི་ནུས་པ་སྟེ། ་དཔེར་ན། རྒྱལ་པོ་མ་སྐྱེས་དགྲས་པ་གསད་པ་ལྟ་བུའོ།། དེ་སྐད་དུ་ཤིན་ཏུ་བཟང་ལས་རྣམ་པ་ནི་བདག་ལ་སྨོད་པ་དང་རབ་ཏུ་གཤེགས་པ་དང་། སྡོམ་པར་བྱེད་པས ་དེ་དགའ་བས་འགྱུར་གྱི། ཤིན་ཏུ་རྩ་ནས་ཕྱིན་ཅེས་སྨྲའོ།། ཞེས་གསུངས་སོ།། འདི་ནི་ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་མ་ཐག ་ཏུ་འཕྱི་བར་འགྱུར་བའི་ལས་སོ།། དེ་ལས་གང་དང་ལྡན་ན། གང་ཟག་སྔར་བདེ་བར་འགྱུར་ལ། ཕྱིས་སྡུག་བསྔལ་བར་གྱུར་པའི་ལས་གང་ཞེ་ན། འདི་ལ་གང ་ཟག་འགའ་ཞིག་སྦྱིན་པ་བྱིན་པ་ན། ཡིད་རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། བྱིན་གྱིས་ནི་ཁྱོད་ནི་འགྱོད་པ་ཡིན་ཏེ། གང་ཟག་དེ་དག་ནི ་མི་རྣམས་ཀྱི་ནང་དུ་སྐྱེ་བ་ན་ཕྱུག་པ་དང་། ནོར་ཆེ་བ་དང་། ལོངས་སྤྱོད་ཆེ་བ་དང་། ནོར་དང་ཡོ་བྱད་མང་བ་དང་། བདག་ལ་དབང་པོ་ཡང་བ་དང་། བཤེས་དང་། ་བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་མང་བ་དང་། འཇོད་དང་། བང་བ་ཡོངས་སུ་གང་བའི་ཁྱིམ་རྣམས་སུ་སྐྱེ་བར་གྱུར་ཏེ། ཁྱིམ་དེ་ལྟ་བུ་དག ་ཏུ་སྐྱེ་ནས། ཤིན་ཏུ་སྒྱིང་ལ། གཞོན་པ་ལ་ཞོན་ཞིང་བདེ་བར་སྤྱོད་ལ། དེའི་ལོངས་སྤྱོད་དེ་དག་ཕྱིས་ཡོངས་སུ་ཉམས་ཤིང་། ཡོངས་སུ་ཟད་པར་གྱུར་ཏེ། དེ་གཞིས ་སྡུག་བསྔལ་བར་འགྱུར་བ་སྟེ། འདི་ནི་ལས་པ་དང་ལྡན། གང་སྔར་བསྐྱེད་པར་འགྱུར་ལ། ཕྱིས་སྡུག་པར་གྱུར་པ་ལས་སོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག ་སྔར་སྡུག་བསྔལ་བར་གྱུར་ལ། ཕྱིས་བདེ་བར་འགྱུར་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་སྦྱིན་པ་བྱིན་པ་ན། གནོད་སྦྱིན་ལྟར་སྤྲིན་གནོད་ལྟར་སྦྱིན་ལ། ་བྱིན་ནས་ནི། མི་འགྱོད་པར་གྱུར་ཅིག། དགའ་བ་དང་། ཡིད་བདེ་བ་དང་། སྐྱེས་པ་ཡིན་ཏེ། གང་ཟག་དེ། གང་གི་ཚེ་མི་རྣམས་ཀྱི་ནང་དུ་སྐྱེས་པ་ན། དབུལ་པོ། ་བཟའ་བ་དང་། གཏུང་བ་དང་། ཁ་ཟས་ཉུང་བ་དང་། སྡུག་བསྔལ་བས་འཚེ་བའི་ཁྱིམ་རྣམས་སུ་སྐྱེ་བར་གྱུར་ཏེ། དེའི་ཚེགས་ཆེན་པོས་ན་བཟའ་བ་དང་། ་བགོ་བ་བརྙེད་ལ། དེ་ཆེས་འགྲོགས་སུ་འགྱུར་བ་དང་། ལོངས་སྤྱོད་དེ་དག་འཕེལ་ཞིང་རྒྱས་པར་འགྱུར་བ་སྟེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་སྔར་སྡུག ་བསྔལ་བར་གྱུར་ལ། ཕྱིས་བདེ་བར་གྱུར་པའི་ལས་སོ།། དེ་ལ་ལས་གང་དང་ལྡན་ནོ།། གང་ཟག་སྔར་ཡང་བདེ་བར་གྱུར་ལ། ཕྱིས་ཀྱང་བདེ་བར་འགྱུར་བའི་ལས ་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་སྦྱིན་པ་ན། ཡིད་དགའ་བ་བཞིན་དུ་བྱིན་ཏེ། དགའ་བ་དང་། ཡིད་བདེ་བ་དང་། བྱིན་ནས་ཀྱང་མི་འགྱོད་པ་ཡིན་ཏེ། ་གང་གི་ཚེ། མི་རྣམས་ཀྱི་ནང་དུ་སྐྱེ་བ་ན། ཕྱུག་པ་དང་ནོར་ཆེ་བ་དང་། ལོངས་སྤྱོད་ཆེ་བ་དང་། ནོར་དང་། ཡོ་བྱད་མང་བ་དང་། བདག་དབང་བ་མང་བ་དང་། ་འཛའ་གཤེས་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་མང་བ་དང་། མཛོད་དང་། བ་བ་ཡོངས ་སུ་གང་བའི་ཁྱིམ་རྣམས་སུ་སྐྱེ་བར་འགྱུར་ཏེ། ཁྱིམ་དེ་ལྟ་བུ་དག་ཏུ་སྐྱེས་ནས། ཤིན་ཏུ་སྒྱིད་ལ་གཞོན་ཞིང་བདེ་བར་སྤྱོད་ལ། དེའི་ལོངས་སྤྱོད་དེ་དག་ཕྱིས་ཀྱང ་འཕེལ་བ་སྟེ། འདི་ནི་ལས་གོང་དང་ལྡན་ན། གང་ཟག་སྔར་ཡང་བདེ་བར་འགྱུར་ལ། ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་སོ།། དེ་ལ་ལས་གང་དང་ལྡན་ན། གང ་ཟག་སྔར་ཡང་སྡུག་བསྔལ་བར་གྱུར་ལ། ཕྱིས་ཀྱང་སྡུག་བསྔལ་བར་འགྱུར་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་དགེ་བའི་བཤེས་གཉེན་དང་བྲལ་བར་གྱུར ་ཏེ། དེ་ལུས་ཀྱང་སྦྱིན་པ་ཡང་དག་པར་འཛིན་དུ་མ་བཅུག་པ་ཡིན། དེས་ཀྱང་སྦྱིན་པ་ཅི་ཡང་མ་སྦྱིན་པ་ཡིན། དེས་སྡིག་པའི་ལས་ཀྱང་ཅི་ཡང་མ་བྱས་ཤིང་། མ་སྟུག ་པ་ཡིན་ཏེ། གང་ཟག་གང་གི་ཚེ་མི་རྣམས་ཀྱི་ནང་དུ་སྐྱེ་བ་ན། དབུལ་པོ་བཟའ་བ་དང་། བཏུང་བ་དང་། ཁ་ཟས་ཉུང་བ་དང་། སྡུག་བསྔལ་བས་འཚོ་བའི་ཁྱིམ ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དེར་སྐྱེས་ནས། ཚེགས་ཆེན་པོས་བཟའ་བ་དང་། བགོ་བ་རྙེད་པར་འགྱུར་ལ། དེའི་ལོ་ངས་སྤྱོད་པ་དེ་དགེ་ཕྱིས་ཀྱང་མི་འཕེལ་བ་སྟེ། ་འདི་ནི་ལས་གང་དང་ལྡན་ན། གང་ཟག་སྔར་ཡང་སྡུག་བསྔལ་བར་གྱུར་ལ། ཕྱིས་ཀྱང་སྡུག་བསྔལ་བར་འགྱུར་བའི་ལས་སོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག ་ཕྱུག་པོར་འགྱུར་ལ་གཏོང་བ་དང་ལྡན་པའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་གིས། སྣོད་བཟང་པོར་གྱུར་པ་རྣམས་ལ། སྦྱིན་པ་དཔག་ཏུ་མེད་པ་བྱིན་པ། ་ཡིན་དེས་གཏོང་བ་ལ་གོམ་པར་བྱས་པ་ཡིན་ཏེ། དེས་བསོད་ནམས་དག་སྒོམས་པས། ཕྱུག་པོར་འགྱུར་བ་གཏོང་བ་བསྒོམས་པས། གཏོང་བ་དང་ལྡན་པར་འགྱུར ་ཏེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་ཕྱུག་པོར་འགྱུར་ལ། གཏོང་བ་དང་ལྡན་པའི་ལས་སོ།། དེ་ལ་ལས་གང་དང་ལྡན་ན་གང་ཟག་ཕྱུག་པོར་གྱུར་ལ་སེར ་སྣ་ཅན་དུ་གྱུར་པའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་གིས་སྣོད་དུ་གྱུར་པ་རྣམས་ལ། སྦྱིན་པ་ཅུང་ཟད་ཙམ་བྱིན་པ་ཡིན་གྱི། དེ་གཏོང་བ་ལ་ཆེར་གོམ་པར་མ ་བྱས་པ་ཡིན་ཏེ། གང་ཟག་དེ་དག་གི་ཚེ། མིའི་ནང་དུ་སྐྱེ་བ་ན་ཕྱུག་པོ་དང་། ནོར་ཆེ་བ་དང་། ལོངས་སྤྱོད་ཆེ་བ་དང་། ནོར་དང་། ཡོ་བྱད་མང་བ་དང་། བདག་དབང ་བ་མང་བའི་ཁྱིམ་རྣམས་སུ་སྐྱེ་བར་འགྱུར་ཏེ། སྣོད་བཟང་རྣམས་ཕུལ་བས་ནི་སྐྱིད་པར་འགྱུར། གཏོང་བ་ལ་སྒོམས་པར་མ་བྱས་པས་ནི། སེར་སྣ་ཅན་དུ་འགྱུར་ཏེ། ་འདི་ནི་ལས་གང་དང་ལྡན་ན། གང་ཟག་ཕྱུག་པོར་གྱུར་ལ། སེར་སྣ་ཅན་དུ་གྱུར་ལས་སོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག་དབུལ་བར་འགྱུར་ལ། གཏོང་བ་དང་། ་ལྡན་པར་འགྱུར་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་གིསོ་སྣོད་དུ་གྱུར་པ་མ་ཡིན་པ་རྣམས་ལ། སྦྱིན་པ་མང་དུ་སྦྱིན་པ་ཡིན་ཏེ། དེ་འཁོར་བ་ནས་འཁོར ་། བའི་ཚེ། བསོད་ནམས་དེ་དག་ཉམས་ཤིང་ཡོངས་སུ་ཟད་པར་འགྱུར། གཏོང་བའི་རྒྱུ་ཡང་ཕྱི་ཕྱིར་སྒོམས་པ་ཡིན་ཏེ། དེ་བསོད་ནམས ་ཡོངས་སུ་ཟད་པའི་ཕྱིར། དབུལ་པོར་འགྱུར། སྔོན་པར་བྱས་པས་གཏོང་བ་དང་ལྡན་པར་གྱུར་ལ། འདི་ནི་ལས་གང་དང་ལྡན་ན། གང་ཟག་དབུལ་པོར་གྱུར་ལ། གཏོང་བ་དང ་ལྡན་པའི་ལས་སོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག་དབུལ་པོར་གྱུར་ལ། སེར་སྣ་ཅན་དུ་འགྱུར་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་དགེ་བའི་བཤེས ་གཉེན་དང་བྲལ་བར་གྱུར་ཏེ། དེ་ལུས་སྦྱིན་པ་ཡང་དག་པར་འཛིན་དུ་འཇུག་པ་ཡིན། དེས་ཀྱང་སྦྱིན་པ་ཅི་ཡང་མ་སྦྱིན་པ་ཡིན། སྡིག་པའི་ལས་ཀྱང་མ་བྱས་ཤིང་བསགས ་པ་ཡིན་ཏེ། གང་ཟག་གང་ཟག་གི་ཚེ། མི་རྣམས་ཀྱི་ནང་དུ་སྐྱེ་བ་ན། དབུལ་པོ་བཟའ་བ་དང་། བཏུང་བ་དང་ཁ་ཟས་ཉུང་བ་སྡུག་བསྔལ་བ། སྡུག་བསྔལ་བས་འཚོ་བའི ་ཁྱིམ་རྣམས་སུ་སྐྱེ་བར་གྱུར་ཏེ། དེ་དེ་ན་ཚེགས་ཆེན་པོས་བཟའ་བ་དང་། བགོ་བ་རྙེད་པར་འགྱུར་རོ།། གཏོང་བ་ལ་མ་གོམས་པས་དབུལ་ཞིང་སེར་སྣ་ཅན་དུ་འགྱུར་ཏེ། འདི་ནི ་ལས་གང་དང་ལྡན་ན། གང་ཟག་དབུལ་པོར་འགྱུར་ལ། སེར་སྣ་ཅན་དུ་འགྱུར་བའི་ལས་སོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག་ལུས་བདེ་ལ། སེམས་བདེ་བ་མ་ཡིན ་བའི་ལས་གང་ཞེ་ན། བསོད་ནམས་བྱས་པའི་སོ་སོའི་སྐྱེའོ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུ་སྟེ། དཔེར་ན་གནས་རྟེན་ལེ་ཀུན་ཅི་ཀ་ལྟ་བུ་སྟེ། གང་ཟག་འདི ་ནི་སེམས་ཀྱང་བདེ་ལ་ལུས་ཀྱང་བདེ་བ་མ་ཡིན་པའོ།། དེ་ལ་ལུས་བདེ་ལ། སེམས་ཀྱང་བདེ་བའི་གང་ཟག་གང་ཞེ་ན། བསོད་ནམས་བྱས་པའི་དགྲ་བཅོམ་པ་སྟེ། དཔེར་ན། ་གནས་བརྟན་སྟོབས་རྒྱས་ལྟ་བུ་སྟེ། གང་ཟག་འདི་ནི་ལུས་ཀྱང་བདེ་ལ་སེམས་ཀྱང་བདེ་བའོ།། དེ་ལ་ལུས་མི་བདེ་ལ་སེམས་ཀྱང་མི་བདེ་བའི་གང་ཟག་གང་ཞེ་ན། འདི་ལྟ ་སྟེ། བསོད་ནམས་མ་བྱས་པའི་སོ་སོའི་སྐྱེ་བོ་སྟེ། གང་ཟག་འདི་ནི་ལུས་ཀྱང་མི་བདེ་ལ་སེམས་ཀྱང་མི་བདེ་བའོ།། དེ་ལ་གང་ཟག་གི་ནི་ཚེ་ཟད་པར་གྱུར་ལ། ལས་མ ་ཟད་པ་གང་ཞེ་ན། གང་ཟག་སེམས་ཅན་དམྱལ་བ་ནས་ཤི་འཕོས་ལ། སེམས་ཅན་དམྱལ་བར་སྐྱེ་བ་དང་། དུད་འགྲོ་ནས་ཤི་འཕོས་ལ། དུད་འགྲོར་སྐྱེ་བ་དང་། ་ཡི་དགས་ནས་ཤི་འཕོས་ལ། ཡི་དགས་སུ་སྐྱེ་བ་དང་། ལྷ་ལས་ཤི་འཕོས་ལ། ལྷར་སྐྱེ་བ་དང་། མི་ལས་ཤི་འཕོས་ལ། མིར་སྐྱེ་བ་དང་། གང་ཟག་འདི་ནི་ཚེ་ཟད ་པར་འགྱུར་ལ། ལས་མ་ཟད་པའོ།། དེ་ལ་གང་ཟག་གི་ལས་ཟད་པར་འགྱུར་ལ།། ཚེ་མ་ཟད་པའི་ལས་གང་ཞེ་ན། གང་ཟག་སྔར་བདེ་བར་འགྱུར་ལ། ཕྱིས་སྡུག ་བསྔལ་བར་གྱུར་ལ། ཕྱིས་བདེ་བར་གྱུར་པ་སྟེ། གང་ཟག་དེ་ནི་ལས་ཟད་པར་འགྱུར་ལ། ཚེ་མ་ཟད་པའོ།། དེ་ལ་གང་ཟག་གི་ལས་ཀྱང་ཟད་ལ། ཚེ་ཡང་མ་ཟད་པའི་གང ་ཟག་གང་ཞེ་ན། གང་ཟག་སེམས་ཅན་དམྱལ་བ་ནས་ཤི་འཕོས་ཏེ། དུད་འགྲོར་སྐྱེ་བ་དང་། དུད་འགྲོ་ཤི་འཕོས་ཏེ། ཡི་དགས་སུ་སྐྱེ་བ་དང་། ཡི་དགས་ལས་ཤི་འབེན ་ལྷ་མ་ཡིན་གྱི་ནང་དུ་སྐྱེ་བ་དང་། ལྷ་མ་ཡིན་ལས་ཤི་འཕོས་ཏེ། མིའི་ནང་དུ་སྐྱེ་བ་དང་། མི་ལས་ཤི་འཕོས་ཏེ། མིའི་ནང་དུ་སྐྱེ་བ་སྟེ། གང་། ་ཟག་དེ་ནི་ཚེ་ཡང་ཟད་ལ། ལས་ཀྱང་ཟད་པའོ།། དེ་ལ་གང་ཟག་གང་ཚེ་ཡང་མ་ཟད་ཅིང་ལས་ཀྱང་མ་ཟད་ལ། དེའི་ཉོན་མོངས་པ་རྣམས་ཟད་པ་གང་ཞེ་ན། རྒྱུན་དུ ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། གང་དེ་ནི་ཚེ་ཡང་མ་ཟད་ཅིང་། ལས་ཀྱང་མ་ཟད་ལ། དེ་ཉོན་མོངས་པ ་རྣམས་ཟད་པ་མ་ཡིན་ནོ།། གང་ཟབ་ངན་སོང་རྣམས་སུ་སྐྱེས་པ་ལ། གཟུགས་བཟང་བ་དང་། མཛེས་པ་དང་། མདོག་སྣུམ་པ་དང་། པགས་པ་སྣུམ་པར ་འགྱུར་བའི་ལས་སོ།། དེ་ལས་གང་དང་ལྡན་ན། གང་ཟག་ངན་སོང་རྣམས་སུ་སྐྱེས་པ་ལས། གཟུགས་བཟང་བ་དང་། མཛེས་པ་དང་། ལྟ་ན་སྡུག་པ ་དང་། མདོག་སྣུམ་པ་དང་། པགས་པ་སྣུམ་པར་འགྱུར་བའི་ལས་སོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག་ངན་སོང་རྣམས་སུ་སྐྱེས་ལ། མདོག་མི་སྡུག་པ ་དང་། ལུས་རྩུབ་པ་དང་། ལྟ་ན་མི་སྡུག་པ་དང་། ལྟ་བ་དང་མི་མཐུན་པར་འགྱུར་བའི་ལས་གང་ཞེ་ན། ཞེ་སྡང་གི་ཀུན་ནས་སྤངས་པའི་འཆལ་པའི་ཚུལ་ཁྲིམས་ཏེ། ་འདི་ནི་གང་དང་ལྡན་ན། གང་ཟག་ངན་སོང་རྣམས་སུ་སྐྱེས་ལ། དྲི་མི་ཞིམ་པ་དང་། དབང་པོ་མི་གསལ་བ་དང་། དབང་པོ་རྣོ་བར་མི་འགྱུར་ལགས་སོ།། གཏི་མུག་གི་ལས ་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པའི་རྒྱུས། ཕྱི་རོལ་གྱི་དངོས་པོ་བཅུ་ཚང་པར་སྣང་བ་གང་ཞེ་ན། སྲོག་བཅོད་པའི་རྣམ་པར་སྨིན་པས་ནི། སའི་མཐུ་ཡོངས ་སུ་ཉམས་པར་འགྱུར་རོ།། མ་བྱིན་པར་ལེན་པའི་རྣམ་པར་སྨིན་པས་ནི། སོར་བ་དང་། བྱེད་པ་དང་། སྲིན་བུ་དང་། མུ་གེ་ལ་སོགས་པ་བྱུང་བར་འགྱུར་རོ།། འདོད་པ་ལ ་ལོག་པར་གཡེམ་པའི་རྣམ་པར་སྨིན་པས་ནི། པ་ཙ་དང་། ས་འབབ་པ་དང་། རྡུལ་དང་། རླུང་དང་། ཆར་དྲག་པོ་འབྱུང་བར་འགྱུར་རོ།། རྫུན་དུ་སྨྲ་བའི་རྣམ་པར་སྨིན་པས ་ནི། དྲི་མི་ཞིམ་པར་འགྱུར་རོ།། ཕྲ་མོའི་རྣམ་པར་སྨིན་པས་ནི་ཐོན་དམན་དང་། ངན་འགྲོ་དང་། འདམ་བརྫ་བ་དང་། གཡང་ས་དང་། ལྕག་ལྕི་གོ་དང་། ངན་སྐྱུགས་ཀྱི ་ལྡན་ལྗིན་འབྱུང་བར་འགྱུར་རོ།། ངག་རྩུབ་པོའི་རྣམ་པར་སྨིན་པས་ནི། འབྲས་བུ་ངན་པ་དང་། རེག་ཏུ་མི་བརྗོད་པ་དང་། བསེག་མ་དང་། གྱོ་མོ་དང་། ཚེམ་ཚང་ཚིང ་དག་འབྱུང་བར་འགྱུར་རོ།། ཚིག་ཀྱལ་པའི་རྣམ་པར་སྨིན་པས་ནི། རྩ་བ་ཚང་ཚིང་དང་། ནགས་ཐིབས་པོ་དང་། ཚེམ་ཚང་ཚིང་དག་འབྱུང་བར་འགྱུར་རོ།། བརྣབས ་སེམས་ཀྱི་རྣམ་པར་སྨིན་པས་ནི། ལོག་ཏོག་ལས་སྩོགས་པ་འབྲས་བུ་ཉུང་ངུ་འབྱུང་བར་འགྱུར་རོ།། གནོད་སེམས་ཀྱི་རྣམ་པར་སྨིན་པས་ནི། འབྲས་བུ་དང་། ་ས་བོན་ཚ་བ་དང་། ཁབ་འབྱུང་བར་འགྱུར་རོ།། ལོག་པར་ལྟ་བ་ཡང་དག་པར་བླངས་པའི་རྒྱུས་ཕྱི་རོལ་ནི་འབྲས་བུ་ཉིད་དུ་མེད་པ་དང་། ཉུང་བའི་ས་བོན་འབྱུང་བ ་འགྱུར་ཏེ། མི་དགེ་བ་བཅུ་པོའི་ལས་ཀྱི་ལམ་འདི་ཡང་དག་པར་བླངས་པའི་རྒྱུས་ཕྱི་རོལ་གྱི་དངོས་པོ་བཅུ་རྒད་པར་སྣང་ངོ་།། ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་པའི་རྒྱུས་ཕྱི་རོལ་གྱི་དངོས་པོ་བཅུ་ཕུན་སུམ་ཚོགས་པར་སྣང་སྟེ། བཅུ་གང་ཞེ་ན། སྲོག་གཅོད་པ་སྤངས་པའི ་རྣམ་པར་སྨིན་པས་ནི། སའི་མཐུ་ཆེ་བར་འགྱུར་རོ།། མ་སྦྱིན་པར་ལེན་པ་སྤངས་པའི་རྣམ་པར་སྨིན་པས་ནི། སེར་བ་དང་། བྱེ་བ་དང་། སྲིན་བུ་དང་། མུ་གེ་ལ་སོགས་པ ་འབྱུང་བར་མི་འགྱུར་རོ།། འདོད་པས་ལོག་པར་གཡེམ་པོ་སྤངས་པའི་རྣམ་པར་སྨིན་པས་ནི། བ་ཚ་དང་། ས་འབབ་པ་དང་། རྡལ་དང་། རླུང་དང་། ཆར་དྲག་པོ་འབྱུང ་བར་མི་འགྱུར་རོ།། རྫན་དུ་སྨྲ་བ་སྤངས་པའི་རྣམ་པར་སྨིན་པས་ནི། དྲི་མི་ཞིམ་པ་འབྱུང་བར་མི་འགྱུར་རོ།། ཕྲ་མ་སྤངས་པའི་རྣམ་པར་སྨིན་པས་ནི། ངམ་གྲོག་དང་། ་ག་ཡང་ས་དང་། འདམ་ཛ་བ་དང་། ངན་སྐྱུགས་ཀྱི་ལྡན་ལྗིན་དང་། དོང་རྣམས་འབྱུང་བར་མི་འགྱུར་རོ།། ངག་རྩུབ་པོ་སྤངས་པའི་རྣམ་པར་སྨིན་པས་ནི། སེག་མ་དང་། ་གྱོ་མོ་དང་། ཀྱོ་དུམ་གྱི་རེག་པ་འབྱུང་བར་མི་འགྱུར་རོ།། ཚིགས་ཀྱལ་པ་སྤངས་པའི་རྣམ་པར་སྨིན་པས་ནི། བ་ཆེ་དང་། ས་འབབ་པ་དང་། རྡུལ་དང་། རླུང་དང་། ཆར་དྲག ་པོ་འབྱུང་བ་དང་། རྩ་བ་ཚང་ཚིང་དང་། ནགས་ཐིབས་པོ་དང་། ཚེར་མ་ཚང་ཚིང་རྣམས་འབྱུང་བར་མི་འགྱུར་རོ།། ངན་སེམས་སྤངས་པའི་རྣམ་པར་སྨིན་པས་ནི། ལོ་ཏོག ་ལ་སོགས་པ་འབྲས་བུ་དང་། བཅས་པར་འབྱུང་བར་འགྱུར་རོ།། གནོད་སེམས་སྤངས་པའི་རྣམ་པར་སྨིན་པས་ནི། ལོ་ལེགས་པ་དང་། འབྲས་བུ་དང་། ས་བོན་མི་ཁ ་དང་། མི་ཚ་བར་མི་འབྱུང་བར་འགྱུར་རོ།། ལོག་པར་ལྟ་བ་སྤངས་པའི་རྣམ་པར་སྨིན་པས་ནི། འབྲས་བུ་མེད་པ་དང་། ཆུང་བ་མ་ཡིན་པའི་ས་བོན་འབྱུང་བར་མི ་འགྱུར་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་བཅུ་པོ་འདི་དག་ཡང་དག་པར་བླངས་པའི་རྒྱུས། ཕྱི་རོལ་གྱི་དངོས་པོ་བཅུ་པོ་འདི་དག་ཕུན་སུམ་ཚོགས་པར་སྣང་ངོ་།། ་བྲམ་ཟེའི་ཁྱེའུ་ཁྱོད་སྲོག་བཅོད་པ་ལ་ཉེ་དམིགས་བཅུ་པོ་འདི་དག་རིག་པར་བྱ་སྟེ། བཅུ་གང་ཞེ་ན། དགྲ་མང་བ་དང་། མཐོང་ན། ཡིད་དུ་མི་འོང་བ་དང་། སྡིག ་པ་རྣམས་སེམས་དང་། དེ་སེམས་ཅན་རྣམས་འཇིགས་པར་འགྱུར་བ་དང་། མི་བདེ་བར་ཉལ་ཞིང་མི་གཞན་སད་པ་དང་། སྡིག་པ་ཅན་གྱི་རྨི་ལམ་རྨི་བ་དང་། རྨུགས ་ཏེ་འཆི་བའི་དུས་བྱེད་པར་འགྱུར་བ་དང་། འགྱོད་པར་འགྱུར་བ་དང་། ཆེ་ཐུང་བར་འགྱུར་བའི་ལས་བྱེད་ཅིང་། སོགས་པ་དང་། ལུས་ཞིག་ཤི་འཕོས་མ་ཐག་ཏུ། ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བའོ།། མ་བྱིན་པར་ལེན་པ་ལ་ཉེས་དམིགས་བཅུ་རིག་པར་བྱ་སྟེ། བཅུ་གང་ཞེ་ན། ་ཁོ་ན་བཅུགས་སུ་འགྱུར་བ་དང་། དུས་མ་ཡིན་པར་འགྱུར་བ་དང་། དགོངས་ཀར་འགྱུར་བ་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་དང་། དགེ་བའི་བཤེས ་། གཉེན་རྣམ་པར་སྤངས་པ་དང་། ཚུལ་ཁྲིམས་འཆལ་པ་དང་། རྒྱལ་པོའི་གནོད་པ་དང་། ཆད་པའི་གནོད་པ་འབྱུང་བ་དང་། ལོངས ་སྤྱོད་ཀྱིས་འཕོངས་པར་འགྱུར་བའི་ལས་བྱེད་ཅིང་། སྩོགས་པ་དང་། ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ ་སྐྱོ་བར་འགྱུར་བའོ།། ལོག་པར་གཡེམ་པ་ལ་ཉེས་དམིགས་བཅུར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། གང་དག་གི་ཆུང་མ་ལ་ཉལ་པོ་བྱེད་པ་དེ་དག་བླགས་འཚོལ་བར ་འགྱུར་བ་དང་། དེ་ཆུང་མ་རྩོང་བར་འགྱུར་བར་བྱེད་དེ་དག་དེའི་མི་དགེ་བའི་ལས་འཕེལ་བར་འགྱུར་བ་དང་། དེ་དགེ་བའི་ཆོས་ཡོངས་སུ་འགྲིབ་ཅིང་ཡོངས་སུ་ཟད་པར་འགྱུར ་བ་དང་། བདག་མ་སྤངས་ཤིང་བསྲུངས་པ་དང་། དེའི་བུ་དང་། ཆུང་མ་དང་། ནོར་རྣམས་མ་སྤངས་ཤིང་མ་སྲུངས་པ་དང་། དོགས་པར་འགྱུར་བ་དང་། མཛའ་ཤེས་དང་། བློན་པོ་དང་། ་སྣག་གི་གཉེན་མཚམས་རྣམས་ཡིད་མི་རྟོན་པ་དང་། བྱ་བ་བྱེད་པ་དང་བཅས་པར་འགྱུར་བའི་ལས་བྱེད་ཅིང་སོགས་པ་དང་། ལུས་ཞིག་པའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར ་ལྟུང་བའི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ།། རྫུན་དུ་སྨྲ་བ་ལ་ཉེས་དམིགས་བཅུར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། དེ་ཁ་དྲི་ཉམས་པ་འགྱུར་བ་དང་། དེའི་ལུས ་ཁཾས་ལྷ་རྣམས་འབངས་པ་དང་། མི་མ་ཡིན་པ་རྣམས་ཀྱིས་དེ་ལ་གླགས་རྙེད་པར་འགྱུར་བ་དང་། བདེན་པ་སྨྲས་ཀྱང་དེ་ལ་སུ་ཡང་ཡིད་ཆེས་པར་མི་འགྱུར་བ་དང་། རྫུན་དུ་སྨྲ་བར་འགྱུར ་བ་དང་། ཡིད་ཆེས་པར་བྱ་བའི་གནས་རྣམས་སུ་མཁས་པ་རྣམས་དེ་ལ་དྲི་བར་བྱ་བར་མི་སེམས་པ་དང་། དེའི་བདེན་པ་མ་ཡིན་པའི་སྤགས་པ་དང་། བརྗོད་པ་དང་། སྒྲ་དང་།། ། ་ཚིགས་སུ་བཅད་པ་མ་ཡིན་པ་འབྱུང་བ་དང་། གཟུང་བའི་ཚིག་ཏུ་མི་འགྱུར་བ་དང་། སྐུར་པ་འདེབས་པར་འགྱུར་བའི་ལས་བྱེད་ཅིང་སྩོགས་པ་དང་། ལུས་ཞིག་ནས་ཤི་བའི ་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བའོ།། འབྲུའི་ཆང་དང་། སྦྱར་བའི་ཆང་བག་མེད་པའི་གནས་ལ། ཉེས་དམིགས་སུམ་ཅུ་རྩ་དྲུག ་རིག་པར་བྱ་སྟེ། སུམ་ཅུ་རྩ་དྲུག་གང་ཞེ་ན། ཚེ་འདི་ལ་ཟད་པ་དང་། ནད་ཀྱི་གཞིར་འགྱུར་བ་དང་། འཐབ་པ་དང་། ཚང་འབྲུ་བ་དང་། བརྩོད་པ་འཕེལ་བ་དང་། སྦ་བའི་གནས ་སྟོན་པ་དང་། མི་སྙན་པར་བསྐྱེད་པ་དང་། ཤེས་རབ་ཉམས་པར་བྱེད་པ་དང་། མ་ཐོབ་པའི་ལོངས་སྤྱོད་རྣམས་མི་ཐོབ་པ་རྣམས་ལས་ཡོངས་སུ་ཉམས་པར་འགྱུར་བ་དང་། ་བསང་བ་རྣམས་བརྗོད་པ་དང་། ལུས་སུ་བྱ་བ་རྣམས་ཡོངས་སུ་ཉམས་པ་དང་། མྱ་ངན་གྱི་རྩ་བར་འགྱུར་བ་དང་། ཉམས་ཆུང་བར་འགྱུར་བ་དང་། མར་མི་འཛིན་པར་འགྱུར ་བ་དང་། ཕར་མི་འཛིན་པར་འགྱུར་བ་དང་། དགེ་སྦྱོང་དུ་མི་འཛིན་པར་འགྱུར་བ་དང་། བྲམ་ཟེར་མི་འཛིན་པར་འགྱུར་བ་དང་། རིགས་ཀྱི་གཙོ་བོ་ལ་རིམ་འགྲོ་མེད་པར་འགྱུར་བ་དང་། ་སངས་རྒྱས་ལ་གུས་པར་མི་འགྱུར་བ་དང་། ཆོས་ལ་གུས་པར་མི་འགྱུར་བ་དང་། དགེ་འདུན་ལ་གུས་པར་མི་འགྱུར་བ་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པར་འགྱུར། ་བ་དང་། དགེ་བའི་བཤེས་གཉེན་གྱིས་རྣམ་པར་སྤངས་པ་དང་། ངོ་ཚ་མེད་པ་དང་། མཛེམ་པ་མེད་པར་འགྱུར་བ་དང་། དབང་པོའི་སྒོམ ་བདེ་བར་འགྱུར་བ་དང་། བུད་མེད་རྣམས་ལ་ཤིན་ཏུ་བག་མེད་པར་འགྱུར་བ་དང་། སྐྱེ་བོ་མང་པོའི་ཡིད་དུ་མི་འོང་བར་འགྱུར་བ་རྣམས་དང་། སྐྱེ་བོ་མང་པོ་དང་མི་འཐུན་པ་དང་། ་ཉེ་དུ་དང་། སྣག་གི་གཉེན་མཚམས་བཙུན་པ་རྣམས་ཀྱིས་སྨད་པར་འགྱུར་བ་དང་། དམ་པའི་ཆོས་མ་ཡིན་པ་ཡོངས་སུ་འཛིན་པ་དང་། མཁས་པ་རྣམས་ལ་ཡིད་མི་འཇོག ་པར་སེམས་པ་དང་། བག་བྱ་བ་ལ་གཡེལ་བ་དང་། དེ་མྱ་ངན་ལས་འདས་པ་ལ་རིང་དུ་འགྱུར་བ་དང་། མོས་པར་འགྱུར་བའི་ལས་བྱེད་ཅིང་སྩོགས་པ་དང་། ལུས་ཞིག ་ནས་ཤི་བའི་འོག་ཏུ། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བའི་གནས་སུ་སྐྱེའོ།། བྲམ་ཟེའི་ཁྱེའུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར ་བའི་ཕན་ཡོན་ནི་བཅུ་པོ་འདི་དག་སྟེ། བཅུ་གང་ཞེ་ན། རྒྱ་ཆེན་པོའི་ཁྱིམ་དུ་སྐྱེ་བ་ཐོབ་པ་དང་། རྒྱ་ཆེ་བའི་གཟུགས་དང་། རྒྱ་ཆེ་བའི་མཆོད་པ་དང་། བསྐུར་སྟི་དང་། རྒྱ་ཆེ ་བའི་ཐོས་པ་དང་། རྒྱ་ཆེ་བའི་ནོར་དང་། རྒྱ་ཆེ་བའི་དད་པ་དང་། རྒྱ་ཆེ་བའི་དྲན་པ་དང་། རྒྱ་ཆེ་བའི་ཤེས་རབ་དང་། རྒྱ་ཆེ་བའི་རྟོགས་པ་ཐོབ་པ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན ་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱོར་བའི་ལམ་ཡིན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་ནི་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང ་སྟེ་མདོག་གསེར་གྱི་ཁ་དོག་ལྟ་བུར་འགྱུར་བ་དང་། མཛེས་ཏེ་མིག་ཏུ་སྡུག་པར་འགྱུར་བ་དང་། སྐད་སྙན་ཅིང་བཟུང་བའི་ཚིག་ཏུ་འགྱུར་བ་དང་། བག་ཚ་བ་མེད་པ་འཁོར་གྱི་ནང ་དུ་འགྲོ་བ་དང་། ལྷ་དང་མི་རྣམས་ལ་དགའ་བར་འགྱུར་བ་དང་། གཟི་བརྗིད་ཆེན་པོར་འགྱུར་བ་དང་། གཟི་བརྗིད་ཆེན་པོའི་གང་ཟག་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་ཀྱི་ཉན་ཐོས་རྣམས་དང་། འགྲོག་པར་འགྱུར་བ་རྣམས་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་ནོ།། དེ་བཞིན་གཤེགས ་པའི་མཆོད་རྟེན་འཕྱགས་པའི་ཕན་ཡོན་ནི་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་བ་དང་། བལྟ་ན་སྡུག་པར་འགྱུར་བ་དང་། མཛེས་པར་འགྱུར་བ་དང་། སྐད་སྙན ་པར་འགྱུར་བ་དང་། དེའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བསྲབས་པར་འགྱུར་བ་དང་། ལམ་དུ་འགྲོ་ན་རྩ་བ་དང་། གསེག་མ་དང་། གྱོ་མོ་རྣམས་མེད་པར ་འགྱུར་བ་དང་། བཙུན་པའི་རིགས་སུ་སྐྱེ་བར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས ་པ་སྟེ། བཅུ་པོ་དེ་དག་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་འཕྱགས་པའི་ཕན་ཡོན་ཡིན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གདུགས་དབུལ་བའི་ཕན ་ཡོན་ནི་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་གདུགས་ལྟ་བུར་འགྱུར་བ་དང་། ལུས་ལ་ལྟུང་བ་མེད་པར་འགྱུར་བ་དང་། སེམས་ལ ་ལྟུང་བ་མེད་པར་འགྱུར་བ་དང་། འཇིག་རྟེན་གྱི་རྟེན་དུ་འགྱུར་བ་དང་། བདག་པོར་འགྱུར་བའི་ལས་བྱེད་ཅིང་སྩོགས་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཡང་དང་ཡང ་ཐོབ་པ་དང་། དབང་ཆེ་བར་གྲགས་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། ་བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གདུགས་དབུལ་བའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་དྲིལ་བུ་དབུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང ་ཞེ་ན། གཟུགས་བཟང་བར་འགྱུར་བ་དང་། སྒྲ་སྙན་པར་འགྱུར་བ་དང་། ཡིད་དུ་འོང་བ་སྨྲ་བ་དང་། ལྡན་པར་འགྱུར་བ་དང་། ཀ་ལ་པིང་ཀའི་སྒྲ་ལྟ་བུར་སྨྲ་བ་དང་ལྡན ་པར་འགྱུར་བ་དང་། བཟུང་བའི་ཚིག་ཏུ་འགྱུར་བ་དང་། རབ་ཏུ་དགའ་བར་འགྱུར་བ་དང་། ཀུན་ཏུ་དགའ་བར་འགྱུར་བ་དང་། རྒྱ་ཆེན་པོའི་སྒྲ་ཐོས་པ་དང་། ལོངས་སྤྱོད་ཆེ་བར ་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་དྲིལ་བུ་ཕུལ་པོའི་ཕན ་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་འབྲེང་བ་འཕུལ་བའི་ཕན་ཡོན་ནི་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་འཕྲེང་བ་ལྟ་བུར་འགྱུར་བ་དང་། ལུས་ཀྱི་དྲི་ང་བ་རྣམ ་ཁར་མི་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ། ཚུལ་ཁྲིམས་ཀྱི་དྲི་ཞིམ་པོའི་ངད་ལྡང་བ་དང་། རྟག་ཏུ་དྲི་ཞིམ་པར་འགྱུར་བ་དང་། རྒྱན་པར་འགྱུར་བ་དང་། ་གཡོག་འཁོར་མ་འཕྲང་བར་འགྱུར་བ་དང་། གཡོག་འཁོར་མི་འཕྲེང་བར་འགྱུར་བ་དང་། སྐྱེས་པ་དང་། བུད་མེད་རྣམས་ཀྱི་ཡིད་དུ་འོང་བར་འགྱུར་བ་དང་། ལོངས་སྦེད་ཆེ་བར ་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྲེང་བ་ཕུལ་བའི་ཕན ་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མི་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་མར་མེ་ལྟ་བུར་འགྱུར་བ་དང་། ཤིའི་མིག་རྣམ་པར ་དག་པར་འགྱུར་བ་དང་། ལྷའི་མིག་ཐོབ་པར་འགྱུར་བ་དང་། དགེ་བ་དང་། མི་དགེ་བའི་ཆོས་རྣམས་ལ་ཤེས་རབ་འབྱུང་བར་འགྱུར་བ་དང་། མ་རིག་པ་དང་། གཏི་མུག ་གི་མུན་པ་སེལ་བ་དང་། ཤེས་རབ་ཀྱི་སྣང་བ་འཐོབ་པར་འགྱུར་བ་དང་། དེ་འཁོར་བ་ན་འཁོར་བའི་ཚེ། ནམ་ཡང་མུན་པ་ན་གནས་པར་མི་འགྱུར་བ་དང་། ལོངས ་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ ་དབུལ་བའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་དབུལ་བའི་ཕན་ཡོན་བཅུ་སྟེ། གཅུ་གང་ཞེ་ན། འཇིག་རྟེན་ན་སྤོས་ལྟ་བུར་འགྱུར་བ་དང་། ་སྣའི་དབང་པོ་རྣམ་པར་དག་པར་འགྱུར་བ་དང་། ལུས་ཀྱི་དྲི་ཞིམ་པ་རྣམ་པར་དག་པར་འགྱུར་བ་དང་། རྟག་ཏུ་དྲི་ཞིམ་པོར་འགྱུར་བ་དང་། ་གཟུགས་བཟང་བར་འགྱུར་བ་དང་། འཇིག་རྟེན་གྱི་མངོན་དུ་འགྲོ་བར་བྱ་བར་འགྱུར་བ་དང་། སྡུག་པའི་ཆོས་རྣམས་འཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། ་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་དབུལ་བའི་ཕན་ཡོན་ནོ།། ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ། རོལ་མོའི་སིལ་སྙན་དབུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་བ་ཞིང་ལྟ་ན་སྡུག་པར་འགྱུར་བ་དང་། སྐད་སྙན ་པར་འགྱུར་བ་དང་། ཡིད་དུ་འོང་བར་སྨྲ་བ་དང་ལྡན་པར་འགྱུར་བ་དང་། གྲགས་པ་དང་ལྡན་པར་འགྱུར་བ་དང་། བཟུང་བའི་ཚིག་ཏུ་འགྱུར་བ་དང་། རྟག་ཏུ་དགའ་བར ་འགྱུར་བ་དང་། ཀུན་ཏུ་དགའ་བའི་སྒྲ་ཆེན་པོ་ཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན ་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རོལ་མོའི་སིལ་སྙན་དབུལ་བའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་བྱེད་པའི ་ཕན་ཡོན་བཅཝོ་བརྒྱད་དེ། བཅཝོ་བརྒྱད་གང་ཞེ་ན། རྒྱལ་པོའི་ཁྱིམ་དུ་སྐྱེ་བར་འགྱུར་བ་ཐོབ་པ་དང་། གཟུགས་བཟང་བར་འགྱུར་བ་དང་། མཛེས་ཤིང་མིག་ཏུ་སྡུག་པར་འགྱུར ་བ་དང་། དབང་ཆེ་བར་གྲགས་པར་འགྱུར་བ་དང་། གཡོག་འཁོར་ཆེན་པོར་འགྱུར་བ་དང་། གཡོག་འཁོར་མི་ཕྱེད་པར་འགྱུར་བ་དང་། མངོན་དུ་འགྲོ་བར་བྱ་བར་འགྱུར་བ་དང་། ་རྟེན་དུ་འགྱུར་བ་དང་། ཕྱོགས་བཅུར་བརྗོད་པ་དང་། སྒྲ་དང་ཚིགས་སུ་བཅད་པ་དང་། རྒྱ་ཆེན་པོ་མངོན་དུ་བྱུང་བར་འགྱུར་བ་དང་། ལྷ་དང་མིའི་མཆོད་པར་འགྱུར་བ་དང་། ནོར་ཆེན ་པོ་མང་པོ་དང་ལྡན་པར་འགྱུར་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་པར་འགྱུར་བ་དང་། ཚེ་དང་ལྡན་པར་འགྱུར་བ་དང་། ལུས་རྡོ་རྗེའི་ཚོགས་ལྟར་འགྱུར་བ་དང་། ་ལུས་མཚན་དང་དཔེ་བྱད་ཀྱིས་རྒྱས་པར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅཝོ་བརྒྱད་པོ་དེ་དག་ནི་དེ་བཞིན ་གཤེགས་པའི་མཆོད་རྟེན་བྱེད་པའི་ཕན་ཡོན་ནོ།། ཁྲི་རྟེན་སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་བླ་མ་ཡི་གནས་སུ་འགྱུར་བ་དང་། བསྔགས ་པར་འགྱུར་བ་དང་། སྐྱེ་བོ་མང་པོ་ལ་གྲགས་པར་འགྱུར་བ་དང་། བརྗོད་པ་དང་། སྒྲ་དང་ཚིགས་སུ་བཅད་པ་མང་པོ་མངོན་དུ་བྱུང་བར་འགྱུར་བ་དང་། བདེ་བ་དང་། ་ཡིད་བདེ་བ་མང་བར་འགྱུར་བ་དང་། གཞོན་པ་དང་། ཁྲི་རྟན་དང་། རིམ་འགྲོ་བྱེད་པ་དང་། ལྡན་པར་འགྱུར་བ་དང་། འཇིག་རྟེན་གྱིས་མངོན་དུ་འགྲོ་བར་བྱ་བ་དང་། ་ལོངས་སྤྱོད་ཆེ་བར་འགྱུར་བ་དང་། དབང་ཆེ་བར་གྲགས་པར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ ་བྱ་བྱ། དེ་དག་ནི་ཁྲི་རྟན་སྦྱིན་པའི་ཕན་ཡོན་ནོ།། ལྷམ་སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། དེ་བཞོན་པ་རྣམས་ཀྱིས་བྲེལ ་བར་མི་འགྱུར་བ་དང་། རྐང་པ་ལེགས་པར་གནས་པར་འགྱུར་བ་དང་། ལམ་དུ་འགྲོ་ན་སྟོབས་དང་ལྡན་པར་འགྱུར་བ་དང་། དེ་ལུས་དལ་བར་མི་འགྱུར་བ་དང་། ་དེ་འགྲོ་ན་ཚེར་མ་དང་། སེགས་མ་དང་། གྱོ་མོ་རྣམས་ཀྱིས་རྐང་པ་གནད་པར་མི་འགྱུར་བ་དང་། དེ་རིམ་གྲོ་བྱེད་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། ་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་ལྷམ་སྦྱིན་པའི་ཕན་ཡོན་ནོ།། སྣོད་སྤྱོད་དབུལ་བའི་ཕན་ཡོན ་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་གྱིས་ཡོན་ཏན་གྱིས་སྣོད་ལྟ་བུར་གྱུར་པ་དང་། མདོག་སྣུམ་པར་འགྱུར་བ་དང་། སེམས་ཀྱི་སྡུག་བསྔལ་རྒྱུན་ཆད་པར་འགྱུར། ་བ་དང་སྐོམ་པར་མི་འགྱུར་བ་དང་། སྐོམ་ན་ཡང་ཆུ་འབྱུང་བར་འགྱུར་བ་དང་། ཡི་དགས་སུ་སྐྱེ་བར་མི་འགྱུར་བ་དང་། ལྷ་དང་མི་རྣམས་སུ་དགའ་བར་འགྱུར་བ་དང་། ་ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་སྣོད་སྤྱད་འཕུལ་བའི་ཕན་ཡོན་ནོ།། ་ཁ་ཟས་སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། ཚེ་རིང་བར་འགྱུར་བ་དང་། ཁ་དོག་དང་ལྡན་པར་འགྱུར་བ་དང་། དྲན་པ་དང་ལྡན་ཞིང་སྤོབས་པ་དང་། ་ལྡན་པར་འགྱུར་བ་དང་། བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང་། འཁོར་འདུན་པར་འགྱུར་བ་དང་། ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་། ལོངས ་སྤོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་ཁ་ཟས་སྦྱིན་པའི་ཕན་ཡོན་ནོ།། ་གཞོན་པ་སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། རྐང་ཤིན་ཏུ་གཞོན་ཤ་ཆགས་པར་འགྱུར་བ་དང་། རྐང་ལ་ཤིན་ཏུ་གནས་པར་འགྱུར་བ་དང་། རྐང་པས་འགྲོ ་ན་ལུས་ངལ་བར་མི་འགྱུར་བ་དང་། བདེ་བར་འགྱུར་བ་དང་། མི་འཛའ་བ་མང་བར་མི་འགྱུར་བ་དང་། རྫུ་འཕྲུལ་གྱི་རྐང་པ་ཆེན་པོ་ཐོབ་པར་འགྱུར་བ་དང་། གཞོན ་པ་རྣམས་ཀྱིས་བྲེལ་བར་མི་འགྱུར་བ་དང་། རིམ་གྲོ་བྱེད་པ་དང་། མི་ལྡན་པར་མི་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན ་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་གཞོན་པ་སྦྱིན་པའི་ཕན་ཡོན་ནོ།། གནས་སྦྱིན་པའི་ཕན་ཡོན་མང་སྟེ། མང་པོ་གང་ཞེ་ན། དེ་ལ་འཇིག་པ་མི་བྱུང་ངོ་།། གདིང་བ ་དང་། བགོ་བ་ཤིན་ཏུ་འཇམ་པོ་རྙེད་པར་འགྱུར་བ་དང་། ལྷ་དང་། མི་རྣམས་ཀྱིས་འདོད་པའི་ཡོན་ཏན་རྙེད་པར་འགྱུར་རོ།། གལ་ཏེ་འདོད་ན་དེ་མ་ལ། ཀྱེ་མ ་བདག་རྒྱལ་རིགས་སུ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དུ་སྐྱེ་བར་གྱུར་ཅིག་ཅེས་འམ། བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུའི་ཁྱིམ་དུ་སྐྱེ་བར་གྱུར་ཅིག་ཅེ་ན། དེའི་སྨོན་པ། ་། དེ་འགྲུབ་པར་འགྱུར་རོ།། གལ་ཏེ་འདོད་ན་དེ། མ་ལ་ཀྱེ་མ་བ་དག་གྲོང་གི་གཙོ་བོར་གྱུར་ཅིག་ཅེས་འམ། གྲོང་ཁྱེར་གྱི་གཙོ་བོར་གྱུར་ཅིག ་ཅེས་གྲོང་རྡལ་གྱི་གཙོ་བོར་གྱུར་ཅིག་ཅེས་འམ། རི་བྲགས་པའི་རྒྱལ་པོར་གྱུར་ཅིག་ཅེས་འམ། རྒྱལ་ཕྲན་དུ་གྱུར་ཅིག་ཅེས་འམ། དེའི་སྨོན་ལམ་དེ་དེ་བཞིན་དུ་འགྲུབ་པར ་གྱུར་ཅིག། གལ་ཏེ་འདོད་ན་དེ་གླིང་ཅིག་གི་རྒྱལ་པོར་གྱུར་ཅིག་ཅེ་འམ། གླིང་གཉིས་ཀྱི་རྒྱལ་པོར་གྱུར་ཅིག་ཅེ་འམ། གླིང་གསུམ་གྱི་རྒྱལ་པོར་གྱུར་ཅིག་ཅེའམ། གླིང་བཞིའི ་རྒྱལ་པོར་གྱུར་ཅིག་ཅེ་འམ། འཁོར་ལོས་སྒྱུར་བའི་རྒྱལ་པོར་ཅིག་ཅེས་འམ། དེའི་སྨོན་ལམ་དེ་འགྲུབ་པར་འགྱུར་རོ།། གལ་ཏེ་འདོད་ན་དེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ ་རྣམས་དང་བསྐལ་པ་མཉམ་པར་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ།། སུམ་ཅུ་རྩ་གསུམ་དང་། ཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། བསྐལ་པ་མཉམ་པར་གྱུར་ཅིག་ཅེ་ན། དེའི་སྨོན་ལམ་དེ་འགྲུབ་པར་འགྱུར་རོ།། གལ་ཏེ་འདོད་ན་དེ་མ་ལ ་ཀྱེ་མ་བདག་། ཚངས་རིས་ཀྱི་ལྷ་རྣམས་དང་། བསྐལ་པ་མཉམ་པར་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ།། ཚངས་པའི་མདུན་ན་འདོན་དང་། ཚངས ་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། ་འབྲས་བུ་ཆེ་དང་། མི་ཆེ་བ་དང་། མི་གདུང་བ་རྣམས་དང་། གྱ་ནོམ་སྣང་དང་། ཤིན་ཏུ་མཐོང་དང་། འོག་མིན་གྱི་ལྷ་རྣམས་དང་། བསྐལ་པ་མཉམ་པར་གྱུར་ཅིག་ཅེ་ན། ་དེའི་སྨོན་ལམ་དེ་འགྲུབ་པར་འགྱུར་རོ།། གལ་ཏེ་འདོད་ན་དེ་ན་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་སུ་འགྲོ་བ་རྣམས་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་སུ་ཉེ ་བར་འགྲོ་བ་རྣམས་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་སུ་ཉེ་བར་འགྲོ་བ་རྣམས་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་འདུ་ཤེས་སུ་ཉེ་བར་འགྲོ་བའི་ལྷ་རྣམ ་དང་། བསྐལ་བ་མཉམ་པར་གྱུར་ཅིག་ཅེ་ན། དེའི་སྨོན་ལམ་དེ་འགྲུབ་པར་འགྱུར་རོ།། གལ་ཏེ་འདོད་དེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱའོ་ཞེ་ན། དེའི་སྨོན་ལམ ་དེ་འགྲུབ་པར་འགྱུར་རོ།། གལ་ཏེ་འདོད་དེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དང་། རང་བྱང་ཆུབ ་མངོན་དུ་བྱའོ་ཞེ་ན། དེའི་སྨོན་ལམ་དེ་འགྲུབ་པར་འགྱུར་རོ།། གལ་ཏེ་འདོད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ཅེ་ན། དེའི་སྨོན་ལམ་དེ་འགྲུབ ་པར་འགྱུར་ཏེ། མང་པོ་དེ་དག་ནི་གནས་སྦྱིན་པའི་ཕན་ཡོན་ནོ།། སྐོམ་སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། དབང་པོ་ཐམས་ཅད་ཡོངས་སུ་ཚངས་པར་འགྱུར་བ་དང་། ་འཛུམ་པའི་བཞིན་དུ་འགྱུར་བ་དང་། ཡོན་ཏན་དང་ལྡན་པར་འགྱུར་བ་དང་། སེམས་ཀྱི་རྒྱུན་མཉེན་པར་འགྱུར་བ་དང་། སྐོམ་པར་མི་འགྱུར་བ་དང་། སྐོམ་ན་ཡང་ཆུ ་འབྱུང་བར་འགྱུར་བ་དང་། ཡི་དགས་སུ་སྐྱེ་བར་མི་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། བཅུ་པོ་དེ་དག་སྐོམ་སྦྱིན་པའི་ཕན་ཡོན་ནོ།། རབ་ཏུ་བྱུང་བའི་ཕན་ཡོན་བཅུ་སྟེ། བཅུ་གང ་ཞེ་ན། དེ་བུ་དང་ཆུང་མ་དང་། ནོར་ལ་སྲིད་པར་མི་འགྱུར་བ་དང་། དེ་འདོད་པ་ཡོངས་སུ་འཛིན་པར་འགྱུར་བ་དང་། དགོན་པར་གནས་པ་ལ་དགའ་བར་རྙེད་པ ་དང་། སངས་རྒྱས་ལ་གུས་པར་འགྱུར་བ་དང་། བདུད་ཀྱི་སྤྱོད་ཡུལ་རྣམ་པར་སྤོང་བ་དང་། བདེ་འགྲོ་ཐོབ་པར་བྱེད་པའི་ཆོས་ཚེམས་ཡོངས་སུ་ཚོལ་བ་དང་། ་ངན་འགྲོ་ཐོབ་པར་བྱེད་པའི་ཆོས་རྣམས་རྣམ་པར་སྤོང་བ་དང་། ལྷ་དང་མིར་སྨོན་པ་དང་། རྟག་ཏུ་དེ་བཞིན་གཤེགས་པའི་གསུང་རབ་ལ་རབ་ཏུ་བྱུང་བ་རྙེད་པ་དང་། ་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་རབ་ཏུ་འབྱུང་བའི་ཕན་ཡོན་ཡིན་ནོ།། དགོན་པ་ལ་གནས་པའི ་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འདུ་འཛི་རྣམ་པར་སྤོང་བ་དང་། རབ་ཏུ་དབེན་པ་ལ་བསྟེན་པ་དང་། དེའི་སེམས་བསམ་གཏན་དམིགས་པར་འགྱུར་བ་དང་། སངས། ་རྒྱས་རྣམས་ལ་སྨོན་པ་དང་། དགའ་བ་དང་། བདེ་བ་དང་། ཡིད་བདེ་བ་ལུས་ལ་སྐྱེད་པ་དང་། དེ་ལ་བར་དུ་སྤྱོད་པ་མི་འབྱུང་བ་དང་། ཇི་ལྟར་ཐོས་པའི་ཆོས་ཀྱི་དོན་རྒྱ་ཆེར་ཤེས ་པར་འགྱུར་བ་དང་། ཞི་གནས་ཐོབ་པ་དང་། ལྷག་མཐོང་ཐོབ་པ་དང་། བཅུ་པོ་དེ་དག་ནི་དགོན་པ་ལ་གནས་པའི་ཕན་ཡོན་ནོ།། བསོད་སྙོམས་པའི་ཕན་ཡོན་བཅུ་སྟེ། བཅུ།། ། ་གང་ཞེ་ན། དེ་འགྲོ་བ་ལ་གོམས་པར་འགྱུར་བ་དང་། དེ་ཡུལ་ལ་གོམས་པར་འགྱུར་བ་དང་། དེ་ང་རྒྱལ་བཅོམ་པར་འགྱུར་བ་དང་། བདག་ལ་རྙེད་པ་ལ་སྦྱོར་བ་དང་། གཞན ་དག་ཀྱང་བསོད་ནམས་ལ་རབ་ཏུ་འགོད་པ་དང་། སྟོན་པ་བསྟན་པ་ཡོངས་སུ་སྟོན་པ་དང་། ཕྱི་མའི་སྐྱེ་བོ་ལ་ཕན་པ་མང་པོ་བྱས་པར་འགྱུར་བ་དང་། ཚངས་པར་མཚུང། ་པར་སྤྲོད་པ་རྣམས་ལ་ཉམ་ང་བ་མེད་པར་བྱས་པ་དང་། དམའ་བའི་སེམས་ཉེ་བར་གཞག་པར་འགྱུར་བ་དང་། བསོད་སྙོམས་ཡོངས་སུ་དུལ་བའི་དགེ་སློང་ཕྱོགས་མུན་པ་མེད ་པར་སྣང་བའོ།། འཇིགས་པ་མེད་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིགས་པ་མེད་པའི་གྲོང་དུ་འཇུག་པ་དང་། འཇིགས་པ་མེད་པའི་གྲོང་ནས་འབྱུང་བ་དང་། ་འཇིགས་པ་མེད་པའི་ཁྱིམ་རྣམས་སུ་འགྲོ་བ་དང་། འཇིགས་པ་མེད་པར་འཁོར་ལ་ཆོས་སྟོན་པ་དང་། འཇིགས་པ་མེད་པར་དགེ་འདུན་གྱི་ནང་དུ་འཇུག་པ་དང་། ་འཇིགས་པ་མེད་པར་སློབ་དཔོན་དང་། མཁན་པོའི་དྲུང་དུ་འགྲོ་བ་དང་། འཇིགས་པ་མེད་པར་བྱམས་པའི་སེམས་ཀྱི་སློབ་མའི་ནང་དུ་འགྲོ་བ་དང་། འཇིགས་པ་མེད་པར ་གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཡོངས་སུ་སྤྱོད་པ་དང་། འཇིགས་པ་མེད་པར་ཁ་ཏོན་འདོན་པ་དང་། འཇིགས་པ ་མེད་པར་འཆི་བའི་དུས་བྱེད་པའོ།། བྲམ་ཟེའི་ཁྱེའུ་དེ་ལྟར་ན། སེམས་ཅན་རྣམས་ནི། ལས་བདག་གིར། བྱ་བ་ལས་ཀྱི་གནས་ཅན། ་ལས་ཀྱི་བགོ་བ་ཤ་ལ་སྤྱོད་པ། ལས་ལ་བསྟོན་པ་སྟེ། སེམས་ཅན་རྣམས་ཀྱིས་བཙུན་པ་དང་། དམའ་བ་དང་། དམན་པ་དང་། བཟང་པོར་རྣམ་པར་ཕྱེའོ་ཞེས། ་ངས་གང་སྨྲས་པ་དེ་ནི། ལས་འདི་ལས་བསམ་ཏེ་སྨྲས་སོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ཏོའུ་དེ་ཡའི་བུ་བྲམ་ཟེའི་ཁྱིའུ། ནེ་ཙོས་བཅོམ་ལྡན་འདས་ལ། ་སེམས་མངོན་པར་དད་དོ།། དེ་ནས་ཏོའུ་དེ་ཡའི་བུ་བྲམ་ཟེའི་ཁྱིའུ། ནེ་ཙོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀོའུ་ཏ་མ་ཁྱོད། མཉན་དུ་ཡོད་པ་ན། ་དགེ་བསྙེན་གཞན་གྱིས་ཁྱིམ་དག་ཏུ། གཤེགས་པར་དགོངས་པ་ལྟར་ན། དེ་ལྟར་ཏོའུ་དེ་ཡའི་ཁྱིམ་དུ་ཡང་གཤེགས་པར་གསོལ། དེ་ནི་ཏོའུ་དེ་ཡའི་ཁྱིམ་དུ། ཡུན ་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས། ཏོའུ་དེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་ལ་གནང་བ་མཛད་དོ།། དེ། ་ནས་ཏོའུ་དེ་ཡའི་བུ། བྲམ་ཟེའི་ཁྱིའུ་ནེ་ཙོས། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར ་དགའ་སྟེ། རྗེས་སུ་ཡི་རང་ནས། བཅོམ་ལྡན་འདས་ཀྱིས་དྲུང་ནས་སོང་ངོ་།། ལས་རྣམ་པར་འབྱེད་པ་རྫོགས་སྷོ།། ། ་རྒྱ་གར་གྱི་མཁན་པོ་འཛིན་མི་ཏྲ་དང་། ད་ན་ཤཱི་ལ་དང་། མུ་ནེ་བར་མ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་སྦྱར་ཅིང་ཞུས་ཏེ། སྐད་གསར་ཅད་ཀྱིས་བཅོས་ནས ་