| Wylie | e-texts produced with BDRC’s OCR application |
བྱ། རྒྱ་གར་སྐད་དུ། ཨ་ནི་ཏྱ་ཏ་སུ་ཏྲ། བོད་སྐད་དུ། མི་རྟག་པ་ཉིད་ཀྱི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀན་དགའ ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱི་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཆོས་བཞི་པོ ་འདི་དག་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ་ཕངས་པ། ཡིད་དུ་འོང་བ་མངོན་པར་དགའ་བར་བྱའོ།། བཞི་གང་ཞེ་ན། དགེ་སློང་དག་ནད་མེད་པ་ནི་འཇིག་རྟེན་ཐམས་ཅད ་ལ་མི་སྡུག་པ། དབེན་པ། མི་ཕངས་པ་ཡིད་དུ་མི་འོང་བ། མངོན་པར་དགའ་བར་བྱ་བ་མ་ཡིན་པའོ།། དགེ་སློང་དག་ལང་ཚོ་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ་དབེན ་པ་ཕངས་པ། ཡིད་དུ་འོང་བ་མངོན་པར་དགའ་བར་བྱའོ།། ལང་ཚེ་དེའི་མཐའ་རྒ་བ་ཡིན་ཏེ། དགེ་སློང་དག་རྒ་བ་ནི་འཇིག་རྟེན་ཐམས་ཅད་ལ་མི་སྡུག་པ་མི་ཕངེས་པ། ་ཡིད་དུ་མི་འོང་བ་མངོན་པར་དགའ་བར་བྱ་བ་མ་ཡིན་པའོ།། དགེ་སློང་དག་འབྱོར་པ་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ་དབེན་པ་བངས་པ་ཡིད་དུ་འོང་བ། མངོན་པར་དགའ ་བར་བྱའོ།། འབྱོར་པ་དེའི་མཐའ་ཡང་རྒུད་པ་སྟེ། དགེ་སློང་དག་རྒུད་པ་ནི་འཇིག་རྟེན་ཐམས་ཅད་ལ་མི་སྡུག་པ། མི་དབེན་པ་མི་ཕངས་པ་ཡིད་དུ་མི་འོང་བ་མངོན ་པར་དགའ་བ་བྱ་བ་མ་ཡིན་པའོ།། དགེ་སློང་དག་སྲོག་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ་དབེན་པ་ཕངས་པ། ཡིད་དུ་འོང་བ་མངོན ་བར་དགའ་བར་བྱ་བའོ།། སྲོག་དེའི་མཐའ་ཡང་འཇིག་རྟེན་ཐམས་ཅད་ལ་མི་སྡུག་པ་མི་དབེན་པ་མི་ཕངས་པ། ཡིད་དུ་མི་འོང་བ་མངོན་པར་དགའ་བར་བྱ་བ་མ་ཡིན་པའོ།། ། ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་ཅེས་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ།། ནད་མེད་མི ་རྟག་ལང་ཚེ་རྟག་མ་ཡིན། འབྱོར་པ་མི་རྟག་སྲོག་ཀྱང་རྟག་མ་ཡིན། སྐྱེ་བོ་མི་རྟག་ཉིད་ཀྱིས་ཉེན་གྱུར་ན། འདོད་པའི་ཡོན་ཏན་དགའ་བ་ཇི་ལྟར་སྐྱེ། བཅོམ་ལྡན་འདས་ཀྱིས ་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། མི་རྟག་པ་ཉིད་ཀྱི་མདོ་རྫོགས་སྷོ།། ། ་