| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱ་ཏྲ་ཡ་སྟི་ཤ་པ་ར་བརྟ་ན་མ་མ་ཧཱ་ཡཱ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་སུམ་ཅུ་རྩ་གསུམ་པའི་ལེའུ་ཞེས ་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ ་། པའི་ལྷའི་ནང་ན།། ཤིང་ཡོང་འདུ་དྲུང་ན། ཨར་མོ་ན་གི་ལྟ་བུའི་རྡོ་ལེབ་ན་བཞུགས་ཏེ། སྐྲ་སྐྲུན་པའི་ཡུམ་ལ་ཐུགས་རྩེ་བའི་ཕྱིར། དགེ་སློང་བརྒྱད ་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། རྫུ་འཕྲུལ་ཆེ་བ། དབང་ཆེ་བར་གྲགས་པ། མཐུ་བོ་ཆེ་ཤ་སྟག་དང་། བྱང་ཆུབ་སེམས་དཔའ་བདུན་ཁྲི ་ཉིས་སྟོང་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ། བཟོད་པ་ཐོབ་པ། སྤོབས་པ་ཐོགས་པ་མེད་པ། ཕལ་ཆེར་འཇིག་རྟེན་གྱི་ཁམས་ཐ་དད་པ་ནས་འདུས་པ་ཤ ་སྟག་དང་ཐབས་གཅིག་ཏུ་དབྱར་གནས་པར་ཞལ་གྱི་བཞེས་ནས། དེ་ནས་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་། མདུན་གྱིས་ལྟས་དེ་ཆོས་སྟོན་ཏོ།། དེ་ནས ་དེའི་ཚེ་ལྷའི་བུ་ཟླ་བ་ཞེས་བྱ་བ་དང་། ཟླ་མཆོག་ཅེས་བྱ་བ་གཉིས་འཁོར་དེ་ཉིད་ཀྱི་ནང་དུ་འདས་པར་གྱུར་ཏེ་འདག་གོ། དེ་ནས་ལྷའི་བུ་ཟླ་བ་བསྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ་གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཟླ་བ་ཁྱོད་སུའི་དོན་དུ་དེ ་བཞིན་གཤེགས་པ་ལ་ཞུ་བར་འདོད།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་ཚིག་སུ་བཅད་དེ་གསོལ་པ།། གང་དག་བདག་ལ་སྨན་པ་དང་།། སེམས་ཅན་གཞན་ལ་སྨན ་སླད་དུ།། སེམས་ཅན་ཀུན་ལ་སྙིང་རྩེའི་སླང་།། སྙིང་རྩེ་ལེགས་པར་བསྐྱེད་ནས་ནི།། བྱང་ཆུབ་རྡལ་བྲལ་བདུད་རྩི་འཚལ་ཞིང་དོན་དུ་སྒྲུབ་བགྱིད་པ།། ཤཱཀྱ་སེང་གེ་བ་དག་ནི་དེ་དག ་དོན་དུ་ཞུ་བ་ཞུ།། གང་དག་མ་ཞུམ་སེམས་ཀྱིས་བསྐལ་པ་བྱེ་བ་སྐྲོད་བགྱིད་ཅིང་།། སྡུག་བསྔལ་སྤོང་ལ་འགྲོ་བ་ཐམས་ཅད་གྲོལ་བར་བགྱིད།། གང་དག་སེམས་ཅན་ཀུན་ལ་སེམས ་སྙོམས་སྦྱོར་བ་སྙོམས་པར་བགྱིད།། བདག་ནི་མི་འདྲེན་དེ་དག་དོན་དུ་རྒྱལ་ལ་ཞུ་བ་ལེགས།། གང་དག་སངས་རྒྱས་མཚན་མཆོག་སུམ་ཅུ་རྩ་གཉིས་རྟགས་རྣམས་ཀྱིས།། སྐུ་སྤྲས ་རྡུལ་བྲལ་བསོད་ནམས་ཞིང་ཆེན་མཐོང་འགྱུར་ནས།། ཡོན་ཏན་རྒྱ་མཚོ་གངས་ཆེན་མཚོ་རྣམས་དེ་དག་འདོད་བགྱིད་པ།། གཟི་བརྗིད་ཆེན་པོ་དེ་དག་དོན་དུ་བདག་གིས་ཞུ་བ་ལག།། ་གང་དག་རྟག་ཏུ་སྐྱེས་བུ་ཁྱུ་མཆོག་ཡེ་ཤེས་མ་གཏོགས་པར།། གཞན་དུ་བློ་གྲོས་མི་བསྐྱེད་གཞན་དུ་སེམས་པར་མི་བགྱིད་དང་།། གང་དག་ཉན་ཐོས་རང་རྒྱལ་དག་ཏུ་བློ་གྲོས ་མི་སྐྱེད་པ།། རྩོལ་བར་བརྟན་པ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།། གང་དག་རྙེད་དང་མི་རྙེད་གྲགས་དང་མི་གྲགས་མཉམ་པར་སེམས།། སྨད་དང་སྔགས་དང་བདེ་དང་སྡུག ་བསྔལ་དག་གིས་སྐྱོབ་མི་འགྱུར།། འཇིག་རྟེན་ཆོས་རྣམས་ཟིལ་གྱིས་གནན་ཏེ་གནས་ཤིང་བསྐྱོད་མ་མཆིས།། འཇིགས་དང་བྲལ་བ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།། གང་དག ་བདག་ལ་ཕངས་མཚུངས་འདྲར་གཞན་བདག་ལ་ཡང་ཕངས་པར་འཛིན།། སྲིད་པ་གསུམ་ན་ཐ་དད་འབྱེད་པ་མ་མཆིས་སྦྱོར་བ་ཉམས།། གང ་དག་བྱམས་པར་སེམས་ཤིང་ཚུལ་ཆོས་ཐ་བ་སྐྱོན་མ་མཆིས།། སྐྱེ་བོ་དེ་དག་རྣམས་ཀྱི་དོན་དུ་བདག་ནི་ཞུ་བ་ལགས།། གང་དག་རྟག་ཏུ་སྦྱིན་དང་ཚུལ་ཁྲིམས་དག་ཅིང་རྣམ་དག་སྤྱོད། ་བདག་ཉིད་སྤོང་བར་བགྱིད་ཀྱི་ཚུལ་ཁྲིམས་ཕུང་པོ་གཏོང་མི་བགྱིད།། གང་དག་རྟག་ཏུ་ལུས་དང་ངག་དང་ཡིད་རྣམས་ལེགས་པར་བསྡམས།། བདག་ནི་དྲི་མེད་དེ་དག་དོན་དུ་རྒྱལ་ལ་ཞུ ་བ་ལགས།། གང་དག་བཟོད་པ་སྨྲ་ཞིང་ལེགས་པར་བསྡམས་པའི་ཤེས་དང་ལྡན།། སྡུག་བསྔལ་དང་ནི་བསད་དང་བཅིང་དང་བརྡེག་པ་རྣམས་ཀྱང་བཟོད།། ཀུན་ནས་དཀྲུགས། ་ཀྱང་ཁྲོ་བ་དང་ཐ་བ་མི་སྐྱེད་པར་མི་བགྱིད་པ།། ངེས་པར་བགྱིད་པ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།། གང་དག་བརྩོན་འགྲུས་སྟོབས་གནས་དམ་པའི་དོན་དང་ལྡན།། འཇིག་རྟེན ་དོན་གྱི་སླད་དུ་རྒྱུ་ཞིང་བདག་གི་ཕྱིར་མ་ལགས།། དཀར་པོའི་སྤྱོད་པ་རྣམས་ཀྱིས་མི་ངོམ་རྒྱ་མཚོ་ཆབ་དང་འདྲ།། གང་དག་རྒྱ་མཚོ་དེ་དག་དོན་དུ་རྒྱལ་ལ་ཞ་བ་ལགས།། གང་དག་རྣམ་པར ་རྟོགས་པ་སྣ་ཚོགས་ཤས་ཆེར་མི་འཇུག་པ།། གང་དག་ཉོན་མོངས་སྣ་ཚོགས་པན་བགྱིས་འཕགས་པའི་ཡེ་ཤེས་ལྡན།། གང་དག་བསམ་གཏན་མངོན་ཤེས་རྣམ་རྩེན་རྫུ་འཕྲུལ་རྐང་པར་ལྡན།། ་བསམ་གཏན་གནས་པ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།། གང་དག་ཤེས་རབ་ཕ་རོལ་སོན་ཅིང་ཡེ་ཤེས་མཐའ་ཡས་ལྡན།། རྟོགས་དང་ཀུན་རྟོག་བྲལ་ཞིང་སྤྲོས་པ་མ་མཆིས་ཞི་བར ་གྱུར། གང་གི་ཆོས་འདི་དབེན་ཞིང་ཡ་མ་རླར་ཡང་རྟོག་གྱུར་པ།། གང་ཟག་ཆེན་པོ་དེ་དག་དོན་དུ་ཞུ་བ་ལགས།། གང་དག་རྫུ་འཕྲུལ་ཤེས་ལ་མཁས་ཤིང་ཤིན་ཏུ་རབ་ཞི་སྤྱོད།། ཞིང ་རྣམས་ཁྲག་ཁྲིག་མཆིལ་ཞིང་དུ་མི་འཛིན་པ་མ་མཆིས་དང་།། སངས་རྒྱས་ཁྲག་ཁྲིག་ཕྱག་འཚལ་འཛིན་པ་འང་མ་མཆིས་པ།། མཐོང་ན་དགའ་བ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།། ་གང་དག་ཉོན་མོངས་བདུད་དང་བྲལ་ཞིང་ཕུང་པོའི་བདད་བཅོམ་པ།། གང་དག་འཆི་བདག་བདུད་དང་བྲལ་ཞིང་ལྷའི་བདུད་བཅོམ་དང་།། གང་དག་བདུད་ཀུན་ངེས་བཅོམ་ནས་ནི་བྱང ་ཆུབ་རེག་གྱུར་པ།། མུན་དང་བྲལ་བ་དེ་དག་དོན་དུ་བདག་ནི་ཞ་བ་ལགས།། གང་དག་ནགས་དང་ཚུལ་དུ་བཅས་པའི་ས་གཞི་སྐྱོད་ནས་ཀྱང་།། བྱང་ཆུབ་རྡུལ་མེད་སངས་རྒྱས་ཡེ་ཤེས ་མཆོག་ནི་འཚང་རྒྱ་དང་།། གང་དག་སེམས་གཅིག་ལ་ནི་ཤེས་པ་ཅི་མཆིས་འབྱུང་འགྱུར་བ།། རྡོ་རྗེ་ལྟ་བུ་དེ་དག་དོན་དུ་བདོག་ནི་ཞུ་བ་ལགས།། གང་དག་ཡེ་ཤེས་ཀུན་མཁས་གཟི ་བརྗིད་ཆེན་པོས་གཟི་སྐྱེད་དང་།། གང་དག་རྟག་ཏུ་སངས་རྒྱས་བདུད་ཕྱིར་ཆོས་སྤྱོད་རབ་ཏུ་བརྟན།། གང་དག་འདྲེན་པ་དག་ནི་དགེ་འདུན་མཁས་རྣམས་དགའ་མགུར་སྤོང་།། དེ་དག་དོན ་དུ་སྲིད་གསུམ་དག་ན་བདག་ནི་ཞུ་བ་ལགས།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་ཆེན་པོ་དང་།། ཡེ་ཤེས་ཀྱི་ཁྱེད་པར་ཕ་རོལ་ཏུ་སོན ་པ་རྣམས་ལགས།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱི་མི་ཁྱབ་པའི་ཐབས་ལ་མཁས་པས་ཡོངས་སུ་བསྔོ་བ་ཤེས་པ་དང་ལྡན་པ་ལགས། ་བྱ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཚུལ་གཅིག་པ་དང་། རོ་གཅིག་དང་འཇུག་པ ་གཅིག་པ་དང་། བསྟན་པ་གཅིག་ལ་རྗེས་སུ་ཐོབ་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟབ་མོའི་ཚུལ་ཁྲིམས་ཅན་བག་མ་མཆིས ་པར་སྤྱོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་རྣམས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན ་འདས་ཀྱིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཟླ་བ་ལེགས་སོ་ལེགས་སོ།། ཟླ་བ་ཁྱོད་ཀྱི་གོ་ཆ་ཆེན་པོ་བགོས་པ་རྣམས་དང་། འདྲོན་པོ་ཕལ་པོ་ཆེ་སྒྲོལ་བར ་འདོད་པ་རྣམས་དང་། ཆོས་ཀྱི་སྒྲོན་མ་ཆེན་པོ་སྦར་བར་འདོད་པ་རྣམས་དང་། ཆོས་ཀྱི་གྲུ་ཆེན་པོ་སྒྲོལ་བར་འདོད་པ་རྣམས་དང་། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བར་འདོད་པ་རྣམ ་དང་། ཆོས་ཀྱི་རྔ་བོ་ཆེ་ཆེན་པོ་རྡུང་བར་འདོད་པ་རྣམས་དང་། ཆོས་ཀྱི་རྔ་ཆེན་པོ་བརྡུང་བར་འདོད་པ་རྣམས་དང་། ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང་བར་འདོད་པ་རྣམས་དང་། ་ཆོས་ཀྱི་རྟོག་ཆེན་པོ་བཟུང་བར་འདོད་པ་རྣམས་དང་། ཤེས་རབ་ཀྱི་སྣང་བ་ཆེན་པོ་བྱ་བར་འདོད་པ་རྣམས་དང་། ཡེ་ཤེས་ཆེན་པོ་རྗེས་སུ་འགྲོ་བར་འདོད་པ་རྣམས་དང་། ཡེ་ཤེས ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་འདོད་པ་དེ་དག་དང་། དེ་ལྟ་བུར་ཡོན་ཏན་ཚད་མེད་པ་དེ་དག་ལྡན་པའི་སེམས་ཅན་དེ་དག་གི་དོན་དུ་དེ་བཞིན་གཤེགས་པ་ལ་ཞུ་བ་བྱེད་པ་ཁྱོད་ལེགསོ།། ་ལྷའི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཚུལ་བཞིན་དུ་ཡིད་ལ་བྱོས་ཤིག་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མངོན་པར་ཤེས་པ་ཆེན་པོ་ཡེ་ཤེས་ཀྱི ་ཁྱད་པར་དམ་པའི་ཕ་རོལ་ཏུ་སོན་པ་ཡིན་པ་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསམ་གྱི་མི་ཁྱབ་པའི་ཐབས་མཁས་པས། ཡོངས་སུ་བསྔོ་བ ་ཤེས་པ་དང་ལྡན་པ་ཡིན་པ་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཚུལ་གཅིག་པ་དང་། རོ་གཅིག་པ་དང་། འཇུག་པ་གཅིག་པ་དང་། ་གཤད་པ་གཅིག་པ་ལ་རྗེས་སུ་ཐོབ་པ་ཡིན་པ་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཟབ་མོའི་ཚུལ་ཁྲིམས་ཅན་བག་ཡོད་པར་སྤྱོད་པ་དང་། བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ངས་ཁྱོད་ལ་བསྟན་ཏོ།། བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ། ལྷའི་བུ ་ཟླ་བས་བཅོམ་ལྡན་འདས་ཀྱིས་ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱི་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི ་དང་ལྡན་ན། མངོན་པར་ཤེས་པ་ཆེན་པོ་དང་། ཡེ་ཤེས་ཀྱི་ཁྱད་པར་དམ་པའི་ཕ་རོལ་ཏུ་སོན་པ་ཡིན་ཏེ། བཞི་གང་ཞེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ཤེས་པ་ཡང་མཁས་ལ། ཆོས་ཐམས་ཅད་ལ་ཡང་མངོན་པར་ཤེས་པ་མེད་དོ།། དེ་ནི་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པར་རིག་པ་དང་། ་ཤེས་བཐོབ་པ་དང་། མངོན་སུམ་དུ་གྱུར་པ་ཡང་ཡིན་ལ། ཆོས་ཐམས་ཅད་ཀྱང་ཆོས་ཉིད་དང་འཐུན་པར་སྦྱོར་ཏེ། ཆོས་ཀྱི་དབྱིངས་ལ ་མ་གཏོགས་པར་ཆོས་གཞན་ཅི་ཡང་དག་པར་མི་མཐོང་ངོ་།། ལྔའི་བུ་དེ་ལ་ཆོས་ཐམས་ཅད་ཚུལ་གཅིག་པ་གང་ཞེ་ན། སྔོན་གྱི་མཐའ་ཐམས་ཅད་ཇི་ལྟར་སྟོང་པ་དེ་ཁོ་ན་བཞིན་དུ། ་ཕྱི་མའི་མཐའ་ཡང་སྟོང་ལ། ད་ལྟར་བྱུང་བ་གང་ཡིན་པ་དེ་ཡང་ངོ་བོ་ཉིད་ཀྱི་སྟོང་སྟེ། ལྷའི་བུ་དེ་ལྟར་ན་དུས་གསུམ་སྟོང་པ་ཉིད་ལ་རྣམ་པར་རྟོག་པ་གང་ཡིན་པ་དེ་ལ་ཇི་ལྟ་བ་བཞིན ་ཞེས་བྱའོ།། དེ་ལ་འབྱེད་པ་དང་། ཤེས་པ་དང་། སྟོན་པ་དང་། འདོག་པ་དང་། འབྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། འཆད་པ་འདི་ནི་མཁས་པ ་ཞེས་བྱའོ།། དེ་ལ་ཇི་ལྟར་ན་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་ཅེ་ན། ལྷའི་བུ་ཆོས་ཐམས་ཅད་ནི་བདག་ཉིད་ཀྱི་ཀུན་ནས་སློང་བས་ཀུན་ནས་བླང་བ་སྟེ། དེས་ཆོས་ཐམས་ཅད་དྲན ་པ་ཉེ་བར་བཞག་པས་ཀུན་ནས་བསླང་བར་རིག་པར། བདག་ལ་མངོན་པར་ཞེན་པ་མེད་དོ།། དེ་བདག་ལ་མངོན་པར་ཞེན་པ་མེད་པས། ཆོས་གཞན་རྣམས་སློང་བར་བྱེད་དོ།། ཆོས་གང་ཡང ་མི་ཤེས་ཤིང་མ་སླང་བས་ན། དེ་ལ་མངོན་པར་ཞེན་པར་མི་ནུས་སོ།། དེ་ལ་མངོན་པར་ཞེན་པ་མེད་པས་ན། ཆོས་མཉམ་པར་བཞག་པར་ཡང་བྱེད་ལ། ཆོས་གང་ལ་མངོན་པར་ཞེན་པར ་མི་འགྱུར་རོ།། ལྷའི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་ཤེས་ཞེས་ན། ལྷའི་བུ་ཁམས་གསུམ་པ་ནི་སེམས་ཙམ་དུ་ཟད་པ། ་སེམས་དེ་ཡང་གཟུགས་མེད་པ། བསྟན་དུ་མེད་པ། རྣམ་པར་རིག་པར་བྱེད་པ་མ་ཡིན་པ། སྒྱུ་མ་ལྟ་བུ་སྟེ། སེམས་དེ་ཡང་སེམས་ཀྱི་ཆོས་ཉིད་ཀྱིས་ཡོངས་སུ་བཙལ་ཀྱང་མི་རྙེད། སེམས ་གང་གིས་སེམས་ཡོངས་སུ་བཙལ་བའི་སེམས་དེ་ཡང་མི་རྙེད་དོ།། དེ་སེམས་མི་དམིགས་པས། ཆོས་ཐམས་ཅད་མི་དམིགས་སོ།། ཆོས་ཐམས་ཅད་མི་དམིགས་པས། ཆོས་གང་ཡང ་མཚན་མ་འམ། རྫས་སུ་ཡང་དག་པར་མི་མཐོང་སྟེ། ཆོས་ཐམས་ཅད་ལ་ཡང་ཆགས་པར་མི་འགྱུར་རོ།། ཆོས་ཐམས་ཅད་ཡོངས་སུ་མ་གྲུབ་པའི་ཕྱིར་ནམ་མཁའ་དང་འདྲ་བར་ཤེས་སོ།། ། ་ལྷའི་བྱ་དཔེར་ན་ནམ་མཁའ་མ་སྐྱེས་ཤིང་ཡོངས་སུ་མ་གྲུབ་པ་དེ་བཞིན་དུ། དེས་ཆོས་ཐམས་ཅད་ཤེས་སོ།། ཇི་ལྟར་ནམ་མཁའ་ཞེས་བྱ་བ་དེ་ཡང་དབེན་པ་དེ་བཞིན་དུ། ཆོས་ཐམས ་ཅད་ཀྱང་མིང་ཙམ་དུ་ཟད་དེ་དག་ཀྱང་དབེན་པའོ།། ཇི་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཉིད་དང་འཐུན་པར་སྦྱོར་ཞེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས ་འདི་ལ་སོ་སོར་ཡང་དག་པར་སླབས་ན་ཆོས་འདི་དག་ཐམས་ཅད་ཅིག་གི་ཅིག་མི་ཤེས་ཤིང་མི་མཐོང་སྟེ། མིག་གིས་ཀྱང་རྣ་བ་མི་ཤེས་མི་མཐོང་ལ། རྣ་བས་ཀྱང་མིག་མི་ཤེས་མི་མཐོང་ངོ་།། ་སྣས་ཀྱང་ལྕེ་མི་ཤེས་ཤིང་མི་མཐོང་ལ། ལྡེས་ཀྱང་སྣ་མི་ཤེས་ཤིང་མི་མཐོང་ངོ་།། ལུས་ཀྱིས་ཀྱང་ཡིད་མི་ཤེས་ཤིང་མི་མཐོང་ལ། ཡིད་ཀྱིས་ཀྱང་ལུས་མི་ཤེས་མི་མཐོང་ངོ་།། ་ཆོས་འདི་དག་ཐམས་ཅད་ནི་བེམས་པོ་སྤྲོད་པ་མེད་པ་བྱེད་པ་མེད་པའོ།། དེས་དེ་ཆོས་ཀྱི་དབྱིངས་དང་འདྲ་བ་ཤེས་ཏེ། དེ་ལྟ་བུའི་ཤེས་རབ་དང་ལྡན་པ་དེ་ནི་ཡུལ་དྲུག་ལས་ཆོས་གང ་བནང་བར་གྱུར་པ་ན། དེ་འདི་སྙམ་དུ་སེམས་ཏེ། འདི་ལ་ནི་གང་ཕྱི་རོལ་རིག་པར་བྱེད་པའི་ནང་གི་ཆོས་གང་ཡང་མེད་དོ།། འདི་ལ་ནི་གང་ནང་།། ་གི་རིག་པར་བྱེད་པའི་ཕྱི་རོལ་གྱི་ཆོས་གང་ཡང་མེད་དོ་སྙམ་མོ།། དེས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བས། ཆོས་གང་གི་ཡང་སྐྱེ་བ་འམ། གནས་པར་ཡང་དག་པར་མི་མཐོང་ངོ་།། ་ལྷའི་བུ་གང་ལ་སྐྱེ་བ་ཡང་མེད། འགག་པ་ཡང་མེད། གནས་པ་ཡང་མེད་པ་ནི་ཆོས་ཀྱི་དབྱིངས་སོ།། ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ་ཆོས་ཐམས་ཅད་ནི་གནས་པ་སྟེ། གཏན་དུ་མི་སྐྱེ་བར་གནས་པའི་ཕྱིར་རོ་སྙམ་མོ།། དེ་དེ་ལྟར་ཆོས་ཐམས་ཅད་ལ་ཡང་དག་པར་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་དང་ལྡན་ན། ་ཆོས་ཉིད་ལ་མ་གཏོགས་པའི་ཆོས་གང་མི་མཐོང་ལ། ཆོས་ཐམས་ཅད་ཀྱང་ཆོས་ཉིད་དང་འཐུན་པར་སྦྱོར་ཏེ། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས ་བཞི་པོ་དེ་དག་དང་ལྡན་ན། མངོན་པར་ཤེས་པ་ཆེན་པོ་དང་། ཡེ་ཤེས་ཀྱི་ཁྱད་པར་དམ་པའི་ཕ་རོལ་ཏུ་སོན་པ་ཡིན་ནོ།། ལྷའི་བུ་དེ་ལ་མངོན་པར་ཤེས་པ་གང་ཞེ་ན། ་ལྷའི་བུ་མངོན་པར་ཤེས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་གཞན་གྱི་དྲིང་མི་འཇོགས་པའི་ཤེས་པ་གང་ཡིན་པའོ།། ལྷའི་བུ་ཡེ་ཤེས་བྱ་བ་ནི། ཆོས་ཐམས་ཅད་ལ་གཉིས ་སུ་མི་འབྱེད་པ་གང་ཡིན་པའོ།། ལྷའི་བུ་གཉིས་སུ་མེད་པ་ཞེས་བྱ་བ་ནི་གང་མིང་དང་གཟུགས་འདོག་པར་མི་བྱེད། རྣ་བ་དང་། སྒྲ་འདོག་པར་མི་བྱེད། ལྡེ་དང་རོ་འདོགས ་པར་མི་བྱེད། ལུས་དང་རེག་བྱ་འདོགས་པར་མི་བྱེད། ཡིད་དང་ཆོས་འདོགས་པར་མི་བྱེད་པའོ།། བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི་མངོན་པར་ཤེས་པ་ལྔ་ཐོབ ་པར་འགྱུར་ཏེ། དེ་ཡང་བསམས་པ་ཇི་ལྟ་བ་བཞིན་དུ་སྨོན་ལམ་ཡོངས་སུ་རྫོགས་ནས་ཐོབ་པར་འགྱུར་རོ།། ལྷའི་བུ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི། ལྷའི་མིག་གི་ཕྱོགས ་བཅུར་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ་དག་མཐོང་ངོ་།། སངས་རྒྱས་ཀྱི་ཞིང་དེ་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས ་བ་གང་དག་བཞགས་པ་དེ་དག་ཀྱང་མཐོང་ངོ་།། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་བསྟན་པ་གང་ཡིན་པ་དེ་དག་ཀྱང་ལྷའི་རྣ་བའི་ཁམས་ཀྱིས་ཐམས་ཅད་ཐོས་སོ།། ་སངས་རྒྱས་ཀྱི་ཞིང་དེ་དག་ན། སེམས་ཅན་རྣམས་ཀྱིས་བསམ་པ་དང་། སྤྱོད་པ་ཐ་མ་དང་། འབྲིང་དང་། རབ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་ཤེས་སོ།། སངས ་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་དུ་ཡང་སྐད་ཅིག་དེ་ལ་འགྲེའོ།། དེ་བདག་ཉིད་སྔོན་གྱི་གནས་ཤེས་པ་མངོན་སུམ་དུ་བྱེད་པ་ལས་ཀྱང་བརྩམས་ནས་ཆོས་སྟོན་པར་བྱེད་དེ། ལྷའི་བུ ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི། ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ཡང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་བྱ་བ་ཉེ་བར་གནས་པ་ཡིན ་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་མྱུར་དུ་ཡོངས་སུ་རྫོགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་དེའི་ཚེ། དེ་ནས་ཚིགསུ་བཅད་པ་འདི་དག་བཀའ་སྩལ་ཏོ།། ཐབས་ཤེས་པ་ལ་མཁས་ཤིང་གསལ་བ་ནི།། མངོན་ཤེས་ཆེན ་པོ་ཡོངས་སུ་རྫོགས་པར་བྱེད།། རྟག་ཏུ་ཆོས་ཀུན་ན་མཁའ་ལྟ་བུར་ཤེས།། དེ་ནི་ཟབ་མོའི་ཚུལ་ཁྲིམས་ལྡན་པ་ཡིན།། ཆོས་རྣམས་ཐམས་ཅད་ཇི་བཞིན་ཤེས་པ་ནི།། མཁས་པ ་མངོན་པར་ཞེན་པར་མི་བྱེད་དེ།། རྟག་ཏུ་ཆོས་ཀུན་ན་མཁའ་ལྟ་བུ་དང་།། རྟག་ཏུ་སྟོང་པ་བདག་མེད་ཤེས་པ་ཡིན།། ཆོས་དང་ཆོས་ཀྱི་དབྱིངས་ལ་མཐུན་པར་སྦྱོར།། ཆོས་ཀྱི་དབྱིངས ་ལ་མ་གཏོགས་མཐོང་བ་མེད།། གང་གིས་དེ་མཐོང་དེ་ཡང་ལྷག་པར་མཐོང་།། དེ་ལྟར་མངོན་པར་བརྩོན་པས་མངོན་ཤེས་ཐོབ།། མངོན་ཤེས་ཆོས་རྣམས་ཇི་ལྟར་སྟོང་པ་བཞིན།། ། ་མ་འོངས་པ་རྣམས་དེ་བཞིན་སྟོང་པ་དང་།། དེས་ནི་ད་ལྟར་བྱུང་བའང་དེ་བཞིན་ཐོབ།། དེ་དག་སྔན་ཆད་ཇི་བཞིན་བརྗོད་པ་ཡིན།། ཆོས་རྣམས་ཐམས་ཅད་རྟག་ཏུ་དུས་གསུམ་སྟོང་།། ་མཁས་པ་མི་རྟོགས་རྣམ་པར་རྟོག་མི་བྱེད།། མི་རྟོག་རྣམ་པར་རྟོག་པ་མི་བྱེད་ན།། ཇི་བཞིན་མཐོང་བ་ལ་ནི་འཇིག་པ་མེད།། དེ་ཉིད་ཤེས་ལྡན་མཁས་པར་གསལ་བ་སྟེ།། ཆོས་ཀྱང ་སྟོན་ལ་ཆོས་ཀྱི་འདུས་ཤེས་མེད།། རློམ་སེམས་མེད་པ་ལ་ནི་རྟེན་པའང་མེད།། བརྟེན་པ་མེད་པ་ལ་ནི་གཡོ་བ་འང་མེད།། ཆོས་འདི་ཐམས་ཅད་བདག་ལ་བྱང་བ་སྟེ།། དེ་ནི་བདག ་མེད་རང་བཞིན་བདག་མེད་དོ།། ཆོས་འདི་ཐམས་ཅད་བདག་མེད་རྟོགས་ནས་ཀྱང་།། མཁས་པ་ཆོས་གཞན་ཀུན་ནས་སློང་མི་བྱེད།། མ་སྐྱེས་གང་ཡིན་དེ་ནི་འབྱུང་མི་འགྱུར།། ་དེ་ནི་དེ་ལ་མངོན་པར་ཞེན་པ་མེད།། རྣམ་པར་གཞག་པས་ཆོས་ཀུན་སྟོན་པར་བྱེད།། ཆོས་རྣམས་སྟོན་ཀྱང་བདག་ལ་སེམས་པ་མེད།། སྲིད་གསུམ་ཐམས་ཅད་སེམས་ལས་གྲུབ ་པར་འགྱུར།། སེམས་དེ་ཉིད་ཀྱང་རྟག་ཏུ་བསྟན་དུ་མེད།། གཟུགས་མེད་ལུང་དུ་མ་སྟན་སྒྱུ་མ་འདྲ།། མཁས་པ་དེ་ནི་སེམས་ཀྱི་ཆོས་ཉིད་ཚོལ།། དེ་ནི་སེམས་ཀྱི་ཆོས་ཉིད་ཚོལ་བ་ན།། ་སེམས་དང་སེམས་ཀྱི་ཆོས་ཉིད་མཐོང་བ་མེད།། སེམས་དེ་སེམས་གང་གིས་ནི་ཚོལ་བྱེད་པ།། སེམས་ཉིད་དེ་ཡང་དེ་བཞིན་མཐོང་བ་མེད།། དེ་ནི་ཆོས་རྣམས་ཀུན་གྱིས་མི་གོས ་ཏེ།། དེ་ནི་མཚན་མའི་འདོད་ཆགས་འཇུག་པ་མེད།། དེ་ནི་ཆོས་ཀུན་མ་གྲུབ་ཤེས་ནས་ཀྱང་།། དེ་ཡིས་རྟག་ཏུ་ན་མཁའ་ལྟ་བུར་ཤེས།། ཇི་ལྟར་ན་མཁའ་སྐྱེས་པར་མ་གྱུར་ན།། ་དེ་བཞིན་དེ་ཡིས་ཆོས་རྣམས་ཐམས་ཅད་ཤེས།། སྙིང་པོ་མེད་པའི་ནམ་མཁའ་མིང་གིས་བྱས།། དེ་བཞིན་ཆོས་རྣམས་སྟོང་པས་མིང་གིས་བྱས།། ཆོས་རྣམས་སྟོང་པ་མིང་གིས་རྣམ ་པར་མཛོད།། ནམས་ཀྱང་རྣ་བས་མིག་ནི་མཐོང་བ་མེད།། རྣ་བ་ཡིས་ནི་ནམ་ཡང་མིག་མ་མཐོང་།། སྣས་ཀྱང་ལྕེ་མིན་ལྕེས་ཀྱང་སྣ་མ་ཡིན།། དེ་དག་གཅིག་ལ་ཅིག་ནི་མཐོང་བ་མེད།། ་ལུས་ཀྱི་ནམ་ཡང་ཡིད་ནི་མཐོང་མི་འགྱུར།། ཡིད་ཀྱི་ནམས་ཀྱང་ལུས་ནི་མཐོང་བ་མེད།། འདི་དག་ཕན་ཚུན་འདོགས་པར་མི་བྱེད་དེ།། དེ་ཕྱིར་འདི་དག་རྟག་ཏུ་དབེན་པ་ཡིན།། ་སྤྱོད་མེད་བྱེད་པ་མེད་ལ་བེམས་པོ་སྟེ།། ཆོས་ཀྱི་དབྱིངས་ལ་རྟག་ཏུ་མཚུངས་ཤིང་ཉམས།། ནང་ཡང་ཕྱི་རོལ་དག་གི་མི་ཤེས་ལ།། ཕྱི་རོལ་དག་ཀྱང་ནང་གིས་མི་ཤེས་སོ།། དེ་ཕྱིར། ་། ཆོས་རྣམས་འདི་དག་རབ་ཤེས་པ།། རྟག་ཏུ་དེ་ཡིས་ཤེས་པ་མཐའ་ཡང་ཡས།། ཕྱོགས་བཅུར་སངས་རྒྱས་བྱེ་བ་ཉན་ཐོས་བཅས།། མཐོང་དུ་ཟིན ་ཀྱང་རྟོག་པར་མི་བྱེད་དོ།། ཤེས་རབ་མཐའ་ཡས་ཆ་ཚུལ་ཁྲིམས་རབ་དག་པ།། དེ་དག་ཆོས་རྣམས་སྟོན་པ་གང་ཡིན་པ།། ལེགས་པར་གསུངས་པ་དེ་དག་ཐམས་ཅད་ཐོས།། བཟུང་ནས ་ཀྱང་ནི་ཡང་དག་སྟོན་པར་བྱེད།། དེས་ནི་སེམས་ཅན་ཀུན་གྱི་སེམས་ཀྱང་ཤིས།། རྫུ་འཕྲུལ་གྱིས་ནི་ཞིང་རྣམས་བྱེ་བར་འགྲོ། བསྐལ་པ་བྱེ་བ་བསམ་གྱིས་མི་ཁྱབ་པ།། གང་གིས་ཇི་སྙེད་སྔོན ་གྱི་གནས་ཀྱང་དྲན།། དེ་ཕྱིར་མངོན་ཤེས་ལྔ་པོ་འདི་སྒོམས་ནས།། བདེ་གཤེགས་ཡེ་ཤེས་དང་ཡང་ཉེ་བར་འགྱུར།། ཁམས་དེ་རྟག་ཏུ་སངས་རྒྱས་བྱ་བས་གནས།། བྱང་ཆུབ་མ་ཐོབ ་བར་ཡང་དོན་བྱེད་འགྱུར།། གང་ཞིག་འདི་འདྲིའི་ཆོས་བསྟན་ཐོས་ནས་ཀྱང་།། དགའ་བ་རྒྱ་ཆེན་གཙོ་བོ་སྐྱེ་འགྱུར་བ།། དེ་ལ་བདུད་ཀྱིས་ཚུགས་པར་མི་འགྱུར་ཏེ།། མྱུར་དུ་བྱང ་ཆུབ་མཆོག་ཏུ་རྫོགས་འཆང་རྒྱ།། ལྷའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། བསམ་གྱིས་མི་ཁྱབ་པའི་ཐབས་ཤེས་པ་ལ་མཁས་པར་རིག་པར་བྱའོ།། ་བཞི་གང་ཞེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐབས་མཁས་པ་ཡིན་ཏེ། དེ་ཇི་ལྟ་ཇི་ལྟར་བདག་ཉིད་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། ་འཁྲུགས་པ་རྣམས་ཀྱིས་གནོད་པར་འགྱུར་བ་མཐོང་བ་དེ་ལྟར་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར། བརྩོན་འགྲུས་རྩོམ་སྟེ་དེས་སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ ་ཀྱི་སེམས་ལ་ངེས་པར་འདོགས་ལ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་ངེས་པར་འདོགས་སོ།། དེ་སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་དུ་ཡང་དག་པར་བསྒྲུབ་པའི་བསོད་ནམས ་ཀྱི་ཕུང་པོ་ལ་ཡང་རྗེས་སུ་ཡི་རང་བྱེད་ལ། སངས་རྒྱས་ཐམས་ཅད་ཀྱི་དུས་གསུམ་དུ་ཡང་དག་པར་བསྒྲུབས་པའི་བསོད་ནམས་ཀྱི་ཕུང་པོ་ལ་ཡང་རྗེས་སུ་ཡིད་རང་བར་བྱེད་དེ། དགེ་བའི ་རྩ་བ་དེ་ཡང་སེམས་ཅན་དེ་དག་ཐམས་ཅད་ཉིད་ལ་འདོར་ཞིང་། ཡོངས་སུ་གཏོང་བར་བྱེད་དེ། གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མི་བསྔོ་བའི་སེམས་བསྐྱེད་པ་ཅི་ཡང་མེད་ལ། ་སེམས་ལས་མ་གཏོགས་པའི་བྱང་ཆུབ་ཀྱང་ཡང་དག་པར་མ་མཐོང་ངོ་།། བྱང་ཆུབ་ཀྱི་མཚན་ཉིད་གང་ཡིན་པ་སེམས་ཀྱི་མཚན་ཉིད་ཀྱང་དེ་ཡིན་པར་ཤེས་ནས་འདྲ་བར་བྱེད་དོ།། སེམས ་དང་བྱང་ཆུབ་ལ་ཡང་མངོན་པར་ཞེན་པ་མེད་ལ། ཐབས་ཤེས་པས་དགེ་བའི་རྩ་བ་ཡང་རྣམ་པར་འཕེལ་བར་བྱེད་དོ།། དེས་ཆོས་ཀྱི་དབྱིངས་ཀྱང་རྣམ་པར་ཡང་དག་པར་མི་མཐོང་ལ། ་བསམ་གྱི་མི་ཁྱབ་པའི་ཆོས་རྣམས་རྟོགས་པས་དགེ་བའི་རྩ་བ་ཡང་དག་པར་སྒྲུབ་པ་ཡང་མཆོག་མི་ཤེས་སོ།། སེམས་ཀྱི་ལས་དང་། དགེ་བའི་སེམས་ལ་ཡང་མཆོག་ཏུ་འཛིན་པ་མེདདོ། ་དེ་སྦྱིན་པ་ཡང་བྱིན་པར་བྱེད་ལ། དེ་ལ་ཡང་རྣམ་པར་མི་རྟོག་གོ།། ཚུལ་ཁྲིམས་ཀྱང་བསྲུང་ལ། དེ་ལ་ཡང་མཆོག་ཏུ་འཛིན་པ་མེད་དོ།། བཟོད་པ་ཡང་བསྒོམ་ལ། དེ་ལ་ཡང་མི ་གནས་སོ།། བརྩོན་འགྲུས་ཀྱང་རྩོམ་ལ། དེ་ཡང་དབེན་པར་ཤེས་སོ།། བསམ་གཏན་ལ་ཡང་སྙོམས་པར་འཇུག་ལ། དེ་ལ་ཡང་མི་རྟེན་ཏོ།། ཤེས་རབ་ལ་ཡང་སྤོང་ལ། ་། དེ་ལ་ཡང་ཀུན་ཏུ་མི་སྤྱོད་དོ།། སེམས་ཅན་རྣམས་ལ་ཡང་ཡོངས་སུ་སྨིན་པར་བྱེད་ལ། དེ་ལ་ཡང་མི་དམིགས་པར་སྤྱོད་དོ།། ཞིང་ཡང ་ཡོངས་སུ་དག་པར་བྱེད་ལ། ཕན་བདགས་པའི་ཚུལ་གྱིས་བྱེད་དོ།། ཡེ་ཤེས་ཀུན་ཡོངས་སུ་ཚོལ་ལ། དེ་ཡང་ཡོངས་སུ་ཚོལ་བ་མེད་པའི་ཚུལ་གྱི་བྱེད་དོ།། ཆོས་ཀྱང་སྟོན་པ་དེ་ཡང ་བརྗོད་དུ་མེད་པའི་ཚུལ་གྱིས་བྱེད་དོ།། ལྷའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དགེ་བའི་རྩ་བ་ཅི་ཙམ་དུ་ཆུང་བ་ཡང་ཚད་མེད་དོ།། ལྷའི་བུ་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་དགེ་བོའི་རྩ་བ་ཇི་ཙམ་དུ་ཆུང་བ་ཡང་། ཚད་མེད་པར་བྱེད་ཅེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་བོ་ནི། ཆོས་ཐམས་ཅད་ལ་ཚད་མེད་པའི་འདུ་ཤེས་བསྐྱེད་པར་བྱེད་དེ། གང་ལ་མུ་ཐུགས་པ་ཡོད་པ་དེ་ལྟའི་ཆོས་ནི་གང་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་ཆོས་ཐམས ་ཅད་སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྟོང་པ་གང་ཡིན་པ་དེ་ནི་ཚད་མེད་པའི་ཕྱིར་རོ།། ཚད་མེད་པར་བྱས་པའི་སེམས་ཀྱིས་ཆོས་ཀྱི་ཕྱིར། སྦྱིན ་པ་ཇི་ཙམ་དུ་ཆུང་བ་ཡང་ཐབས་ལ་མཁས་པས་ཚད་མེད་པར་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། གང་བྱང་ཆུབ་ཀྱི་སེམས་དེ་ཡོངས་སུ་བསྔོ་བའི་བྱང་ཆུབ་དེ་ཚད་མེད་པའི་ཕྱིར་རོ།། ་དེས་ཚད་མེད་པའི་སྤྱོད་པས། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཚད་མེད་པའི་ཆོས་ཉིད་རྟོག་པར་འགྱུར་རོ།། ལྷའི་བུ་གཞན་ཡང་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་གྱི་སྤྱོད་པ་ལ་འཇུག་སྟེ། དེ་ཐབས་མཁས་པས་ཆོས་ལྟ་བུ་ལ་མོས་པའི་སེམས་ཅན་རྣམས་ལ་དེ་ལྟ་བུའི་བསམ་པས་གནས་ཏེ། ་སྦྱིན་པ་འམ། རབ་ཏུ་སྦྱིན་པ་འམ། ཆོས་བསྟན་པས་གནས་སོ།། ལྷའི་བུ་གཞན་ཡང་སྦྱིན་པའི་སྒོ་ནས་དེའི་རང་བཞིན་དུ་གནས་ཏེ། ཚུལ་ཁྲིམས་ཀྱི་རང་བཞིན་དུ་མ་ཡིན། ་བཟོད་པའི་རང་བཞིན་དུ་མ་ཡིན་ལ། དེས་ཀྱང་རློམ་སེམས་སུ་མི་བྱེད་དེ། ཚུལ་ཁྲིམས་དང་ཡང་མི་ལྡན་ཞིང་། བཟོད་པ་ཡང་ཕུན་སུམ་ཚོགས་ལ། གཞན་དག་གིས་བྱས ་པ་དང་མ་བྱས་པ་རྣམས་ཀྱང་བཟོད་དོ།། དཀར་པོའི་སྤོད་པ་ཐམས་ཅད་ལ་ཡང་བརྩོན་འགྲུས་རྩོམ་ལ། བསམ་གཏན་ལ་ཡང་བསམ་གཏན་བྱེད་ཅིང་། ཤེས་རབ་ཀྱིས་ལྷག ་པར་མཐོང་བ་ཡང་མཁས་སོ།། ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་ཤེས་པ་ལ་མཁས་པ་ཉིད་ཉན་ཐོས་རྣམས་དང་ལྷན་ཅིག་འཁོད་ན་ཡང་། དེ་དག་ལ་འདོད་པར་ཡང ་བྱེད་ལ། དེའི་སྙིང་པོ་གང་ཡིན་པ་དེས་ཀྱང་འཚེ་བར་བྱེད་དོ།། སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཐེག་པ་པ་དག་ལ་ཡང་ལྷན་ཅིག་འཁོད་ན་ཡང་དེ་དག་ལ་འདོད་པར་ཡང་མི་བྱེད་ལ། དེའི་སྙིང་པོ ་གང་ཡིན་པ་དེས་ཀྱང་ཉེ་བར་འཚོ་བར་བྱེད་དེ། ལྷའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། བསམ་གྱི་མི་ཁྱབ་པའི་ཆོས་ཤེས་པ་ལ་མཁས་པ་ཡིན་ནོ།། དེ་ནས་དེའི་ཚེ་བཅོམ། ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། བདག་ཉིད་དང་ནི་གཞན་དག་གིས།། གཉི་ཀའི་སྡུག་བསྔལ་རབ་ཤེས་ནས།། བདག་གི་སྡུག་བསྔལ་ཞི་བྱེད་ཅིང་། གཞན་གྱི ་སྡུག་བསྔལ་ཀུན་ཞི་བྱེད།། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས།། སེམས་ལ་ཆོས་རྣམས་ཐམས་ཅད་ཀྱང་།། དོན་གཅིག་དུ་ནི་འདོགས་པར་བྱེད།། ་སེམས་ཅན་ཀུན་གྱི་བསོད་ནམས་གང་།། དུས་གསུམ་གྱིས་ནི་བསྡུས་རྣམས་དང་། སངས་རྒྱས་ཀུན་གྱིས་བསོད་ནམས་གང་།། དེ་དག་ཀུན་གྱི་རྗེས་ཡི་རང་།། དགེ་བ་དེ་དག་ཐམས་ཅད ་ཀྱང་།། སེམས་ཅན་ཀུན་ལ་སྦྱིན་པར་བྱེད།། སངས་རྒྱས་ཀྱི་ནི་ཡེ་ཤེས་ཕྱིར།། ལྷག་པའི་བསམ་པས་འཇུག་པར་བྱེད།། སེམས་ནི་སྐྱེས་པ་ཐམས་ཅད་ཀྱང་།། བྱང་ཆུབ་དུ་ནི་ཡོངས ་སུ་བསྔོ།། ཆོས་ཉིད་མ་གཏོགས་སེམས་གཞན་ནམ།། བྱང་ཆུབ་ཀྱང་ནི་མཐོང་བ་མེད།། དེ་ནི་སེམས་དང་བྱང་ཆུབ་དང་།། རྣམ་པ་གཉིས་སུ་མི་མཐོང་སྟེ།། བྱང་ཆུབ་དེའི་མཚན་ཉིད་གང་། ་སེམས་དང་དེའི་མཚན་ཉིད་ཡིན།། མཉམ་པ་ཉིད་ཀྱིས་ཆོས་རྣམས་མཉམ།། དེ་ནི་གནས་པ་ཡོང་མེད་དེ།། མཛངས་པ་ཐབས་ལ་མཁས་པ་ནི།། དཀར་པོའི་ཆོས་ཀྱིས་རྒྱས་པར་འགྱུར། ་ཆོས་དབྱིངས་ལ་ནི་འཕེལ་བ་མེད།། ཆོས་ཀྱི་དབྱིངས་ནི་བསམ་མི་ཁྱབ།། སངས་རྒྱས་ཆོས་རྣམས་ཚོལ་བ་ལ།། རྟག་ཏུ་ཆོག་པར་འཛིན་པ་མེད།། བདག་ནི་དཀར་པོས་རྒྱས་སོ་སྙམ།། ་དེ་ནི་སེམས་ཀྱིས་བསམ་མི་བྱེད།། དེ་ནི་གང་དུ་བསྔོ་བ་ཡིན།། བྱང་ཆུབ་དེ་ཡང་ཆོག་མི་འཛིན།། སྦྱིན་པ་མི་རྟོག་སྦྱིན་པར་བྱེད།། རློམ་སེམས་མེད་པར་ཚུལ་ཁྲིམས་བསྲུང་།། རྟག་ཏུ་བཟོད ་བསྒོམ་བྱེད་ལ།། སེམས་ཅན་ལ་ཡང་གནས་པ་མེད།། སེམས་དང་ལུས་ནི་དབེན་པ་ཡིས།། རྟག་ཏུ་བརྩོན་འགྲུས་བརྩོམ་པར་བྱེད།། རྟེན་མེད་བསམ་གཏན་ཕུན་སུམ་ཚོགས།། ཤེས་རབ ་ཀྱི་ནི་ཕ་རོལ་སོན།། སེམས་ཅན་རྣམས་ཀྱང་སྨིན་བྱེད་ལ།། དེ་ནི་དམིགས་པས་གནས་པ་མེད།། ཞིང་དང་ཡོངས་སུ་སྤོང་བྱེད་ལ།། ལྷག་པར་འཛིན་པའང་ཡོད་མ་ཡིན།། དེ་ནི་སངས་རྒྱས་ཡེ ་ཤེས་ཚོལ།། ཡི་གེ་རྣམས་ལའང་ཆགས་པ་མེད།། དེ་ལྟར་སྤྱོད་པ་དེ་ལ་ནི།། བྱང་ཆུབ་རྙེད་པར་དཀའ་བ་མེད།། ཚད་མེད་བསམ་གྱིས་མི་ཁྱབ་པའི།། སྟོང་པ་ཉིད་དང་མཚན་མེད་པ།། ། ་སྨོན་པ་མེད་ལ་མོས་ན་ནི།། དེ་ལ་ཚད་ཀྱང་མེད་པར་འགྱུར།། མོས་པ་ཇི་བཞིན་གཟུང་ཕྱིར་སེམས་ཅན་ལ།། སྦྱིན་པ་སྤོང་ཀྱང་དེ་ལ་གནས་པ་མེད།། སྨིན་པའང་བྱིན་བྱེད་ཡང་ན་ལེན་པར། ་བྱེད།། དེ་དང་འཐུན་པར་ཆོས་ཀྱང་སྟོན་པར་བྱེད།། སྦྱིན་པ་བྱས་ཀྱང་དེ་ལ་ཆགས་པ་མེད། ཚུལ་ཁྲིམས་མཆོག་མིན་བཟོད་ལ་ཆགས་པ་མེད།། བརྩོན་འགྲུས་མཆོག་མིན་བསམ ་གཏན་ཆགས་པ་མེད།། ཤེས་རབ་ཡེ་ཤེས་ལ་ནི་སེར་སྣ་མེད།། སྦྱིན་པ་བྱིན་ཡང་ཚུལ་ཁྲིམས་སྤོད།། བཟོད་པ་སྒོམ་ཡང་རྟག་ཏུ་བརྩོན་འགྲུས་ལྡན།། བསམ་གཏན་གྱིས་ནི་རྟག ་ཏུ་གནས་པ་མེད།། སྦྱིན་བྱེད་དེ་ནི་ཤེས་པས་ངེས་པར་འབྱུང་།། རང་སངས་རྒྱས་དག་ཉན་ཐོས་དེ་དག་དང་།། རྟག་ཏུ་གནས་ཀྱང་བྱང་ཆུབ་སེམས་དཔའ་ནི།། རྟག་ཏུ་སྙིང་པོ་ཅི་ཡོད་འཚེ་བྱེད ་ཀྱང་།། འཇིག་མེད་དེ་དག་ལ་ནི་འདོད་པ་མེད།། ཆོས་འདི་དག་གིས་གནས་པ་རྫོགས་པ་ཡིན།། བྱང་ཆུབ་སེམས་དཔའ་རྨད་དུ་མེད་པ་རྣམས།། ཐབས་ཀྱི་ཤེས་པ་བསམ་གྱི་མི་ཁྱབ་སྟེ། ་དེ་དག་སྦྱིན་པ་ཆུང་ངུ་མཐའ་ཡས་འགྱུར།། ལྷའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན།། ཆོས་ཐམས་ཅད་ཚུལ་གཅིག་པ་དང་།། རོ་གཅིག་པ་དང་། འཇུག་པ་གཅིག་པ་དང་། ་བསྟན་པ་གཅིག་པར་རབ་ཏུ་ཤེས་སོ།། བཞི་གང་ཞེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབྱིངས་ལམ་འདྲེས་པའི་ཤེས་པ་ལ་མཁས ་པ་དང་ཆོས་ཐམས་ཅད་སྟོང་པའི་རྗེས་སུ་འགྲོ་བ་དང་། ཆོས་གང་ལ་ཡང་སྒྲོ་འདོགས་པར་མི་བྱེད་དེ།། བདག་ཏུ་སྒྲོ་འདོགས་གཞན་དུ་སྒྲོ་འདོགས་པར་མི་བྱེད་པ་དང་། དབེན་པའི་ཚུལ ་གྱིས་ཆོས་ཐམས་ཅད་ཁོང་དུ་ཆུད་པ་སྟེ། ལྷའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། ཆོས་ཐམས་ཅད་ཚུལ་གཅིག་པ་དང་། རོ་གཅིག་པ་དང་། འཇུག་པ་གཅིག་པ་དང་། ་བསྟན་པ་གཅིག་པར་རབ་ཏུ་ཤེས་སོ།། དེས་དེ་ལྟར་ཤེས་པས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱིས་རྣམ་པ་གཉིས་སུ་འཇུག་སྟེ། ཁ་ན་མ་ཐོ་བ་དང་བཅས་པ ་དང་། ཁ་ན་མ་ཐོ་བ་མེད་པ་རྣམས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་རྣམས་དང་། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམ་པ་གཉིས་སུ་མི་འཇུག་གོ།། དེས་ནི་ཆོས ་གང་ལ་ཡང་མཆོག་གམ། ཐ་མར་ཡང་དག་པར་མི་མཐོང་ངོ་།། སོ་སོའི་སྐྱེ་བོའི་ཆོས་རྣམས་དང་། དགྲ་བཅོམ་པའི་ཆོས་རྣམས་ཐ་དད་པར་ཡང་མི་མཐོང་ངོ་།། སོ་སོའི་སྐྱེ་བོའི་ཆོས ་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ཉིད་དགྲ་བཅོམ་པའི་ཆོས་རྣམས་ཀྱི་རང་བཞིན་ནོ།། འབྲིར་ཡང་མེད་ལ་བསྣུན་དུ་ཡང་མེད་དོ།། ཚུལ་གཅིག་པ་ཡང་ཤེས་ཏེ། འདི་ལྟ་སྟེ། དབེན ་པའི་ཚུལ་ལོ།། ཆོས་ཐམས་ཅད་ཀྱི་བར་དུ་དབྱེ་བ་ཡང་སྟོན་ལ། ཆོས་ཀྱི་དབྱིངས་ཆད་པར་ཡང་ཡང་དག་པར་མི་མཐོང་ངོ་།། བཟོད་པ་གཅིག་པ་དང་ཡང་ལྡན་སྟེ། འདི་ལྟ་སྟེ། སྟོང་པ ་ཉིད་ཀྱི་བཟོད་པའོ།། སྟོང་པ་ཉིད་དང་བཟོད་པ་ཡང་རྣམ་པ་གཉིས་སུ་མི་བྱེད་དོ།། གཅིག་པ་གཅིག་གིས་ཆོས་ཐམས་ཅད་ལ་འཇུག་སྟེ། འདི་ལྟ་སྟེ། མི་སྐྱེ་བས་འཇུག་པའོ།། ལྷའི་བུ། ་བྱང་ཆུབ་སེམས་དཔའ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བ་ཡིན། དེ་འདི་སྙམ་དུ་བདག་ཉེ་བར་གྱུར་ཏམ། འོན་ཏེ་ཉེ་བར་མ་གྱུར་ཅིག་ག་སྙམ་དུ་མི་སེམས་སོ།། དེ་ཅིའི ་ཕྱིར་ཞེ་ན། དེ་ཚུལ་གཅིག་པ་ལས་སེམས་ཅན་རྣམས་ཀྱང་གཞན་ལ། བྱང་ཆུབ་ཀྱང་གཞན་པར་ཡང་དག་པར་མི་མཐོང་བའི་ཕྱིར་རོ།། གཞན་ཡང་འདི་ལ་སེམས་ཅན་མི་དམིགས་པ་གང་ཡིན ་པ་ཉིད་བྱང་ཆུབ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཐུགས་སུ་ཆུད་ནས། ཡང་རྒྱས་པར་དཔྱད་དེ། དེའི་ཚེ་ཚིག་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། ཆོས་ཀྱི་དབྱིངས་ནི་འབྱེད ་བར་མི་བྱེད་དེ།། ཆོས་ཀྱི་དབྱིངས་ལ་ཡང་དག་དམིགས་པ་མེད།། ཆོས་ཀྱི་དབྱིངས་བཞིན་ཆོས་ཀུན་དེ་དང་འདྲ།། འཛིན་པ་མེད་ཅིང་རྫས་ཀྱང་ཅི་ཡང་མེད།། ཆོས་ཀུན་སྟོང་པ་ཉིད་ཀྱི་རྗེས ་སུ་འགྲོ།། ནང་དང་ཕྱི་རོལ་འདུས་བྱས་གང་ཡིན་པའི།། ཆོས་ཀུན་ཡ་མ་རླ་སྟེ་བྱེད་པ་མེད།། ཆོས་རྣམས་ཐམས་ཅད་ཚུལ་གཅིག་ཡིན་པར་ཤེས།། ཆོས་རྣམས་གང་ལའང་སྒོ་ནི་འདོགས ་མི་བྱེད།། བདག་དང་གཞན་ལའང་སྙན་པར་མི་བྱེད་དེ།། བདག་དང་བདག་གིས་སྙམ་པ་གསལ་བྱས་ལ།། དེ་ལ་ནམ་ཀྱང་ཐ་དད་དབྱེ་བ་མེད།། དབེན་པ་སྤྱོད་ཅིང་རབ་ཏུ་དབེན་ལགུས།། ་ཆོས་ཀུན་སྟོང་པ་ཉིད་དུ་ལྟ་བར་བྱེད།། དེ་ནི་ཆོས་རྣམས་ཀུན་ལ་ལྟ་བ་ན།། དབེན་པ་ལ་ཡང་རྟོག་པར་མི་བྱེད་དོ།། འཇིག་རྟེན་འཇིག་རྟེན་འདས་པའི་ཆོས་བསྟན་ལ།། དོན་ཤས་ཆེར་གཉིས་སུ་མི་འཇུག་སྟེ། ་། ཁ་ན་མཐོ་ཁན་མ་ཐོ་མེད།། ཟག་བཅས་ཟག་མེད་ཆོས་ལ་དེ་མི་རློམ།། འདུས་བྱས་རྣམས་དང་འདུས་མ་བྱས་རྣམས་ལ།། གཉིས་སུམ་འབྱེད་རྟག་ཏུ་གཅིག་པར།། ་སོ་སོའི་སྐྱེ་བོ་འམ་དགྲ་བཅོམ་གང་ཡིན་པ།། ཕན་གདགས་འོས་སུ་གྱུར་པའི་ཆོས་མ་མཐོང་།། སོ་སོའི་སྐྱེ་བོའི་རང་བཞིན་གང་བསྟན་པ།། དེ་དག་ཉིད་ནི་དགྲ་བཅོམ་ཆོས་རྣམས་ཡིན།། ་འབྲིར་ཡང་མེད་ལ་བསྣན་དུའང་ཅི་ཡང་མེད།། དབེན་པའི་སྒོ་ནས་ཚུལ་ཅིག་ཁོང་དུ་ཆུད།། དེ་ནི་ཆོས་ཀུན་རབ་དབྱེ་ཤེས་མོད་ཀྱི།། ཆོས་ཀྱི་དབྱིངས་ལ་འབྱེད་པར་ཡོང་མི་བྱེད།། ཆོས་འདི་ཐམས ་ཅད་སྟོང་པ་མ་གཏོགས་པར།། བཟོད་པའང་གཞན་ལ་འདོད་པའང་གཞན་མ་ཡིན།། སྟོང་པ་ཉིད་ལ་མི་རློམ་སེམས་ཉིད་མེད།། འདི་དག་སྐྱེ་མེད་རང་བཞིན་འབྱུང་བ་མེད།། དེས་ནི་འཇུག ་པ་གཅིག་པར་ཐམས་ཅད་ཤེས།། དེ་ལྟར་སྤྱོད་པ་དེ་ལ་བྱང་ཆུབ་སྟེ།། བྱང་ཆུབ་མཚུངས་མེད་ལ་ནི་ཉེ་བར་འགྱུར།། བདག་དང་བྱང་ཆུབ་ལ་ཡང་སེམས་པ་མེད།། ཆོས་རྣམས་འདི་དག ་ཐམས་ཅད་བདག་མི་དམིགས།། དེས་ནི་དམིགས་སུ་མེད་པར་བྱང་ཆུབ་རྟོགས།། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན།། ཟབ་མོའི་ཚུལ་ཁྲིམས་ཅན ་བག་ཡོད་པར་གནས་པ་ཞེས་བྱའོ།། བཞི་གང་ཞེ་ན་ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཏེ། ཚུལ་ཁྲིམས་ཞེས་བྱ་བ་འདི་གང་ཡིན་སྙམ་མོ།། ་དེ་དེ་ལྟར་ཚུལ་བཞིན་དུ་སོ་སོར་རྟོག་པ་འདི་སྙམ་དུ་སེམས་ཏེ། ལུས་ཀྱི་ལེགས་པར་སྤྱོད་པ་དང་། ངག་གི་ལེགས་པར་སྤྱོད་པ་དང་། ཡིད་ཀྱིས་ལེགས་པར་སྨོད་པ་དང་། ཡིད་ཀྱི་ལེགས ་པར་སྤྱོད་པ་གང་ཡིན་པ་དེ་ནི།། ཚུལ་ཁྲིམས་ཤེས་བྱ་བ་ཡིན་ནོ་སྙམ་མོ།། དེ་འདི་སྙམ་དུ་སེམས་ཏེ། དེ་ལ་ལུས་ཀྱི་ལེགས་པར་སྤྱོད་པ་གང་ཞེ་ན། ལུས་ཀྱི་སྲོག་གཅོད་པ་འམ། ་མ་བྱིན་པ་ལེན་པ་འམ། འདོད་པ་ལ་ལོག་པར་གཡེམ་པའི་ལས་མ་བྱས་པ་གང་ཡིན་པ་དེ་ནི། ལུས་ཀྱི་ལེགས་པར་སྤྱོད་པ་ཡིན་ནོ།། དེ་ལ་ངག་གི་ལེགས་པར་སྤྱོད་པ་གང་ཞེ་ན། ངག་གི ་རྫུན་དུ་སྨྲ་བ་འམ། ཕྲ་མ་འམ། ངག་རྩུབ་མོ་འམ། ཚིག་དཀྱིལ་པའི་ལས་མ་བྱས་པ་གང་ཡིན་པ་དེ་ནི། ངག་གི་ལེགས་པར་སྤྱོད་པ་ཡིན་ནོ།། དེ་ལ་ཡིད་ཀྱི་ལེགས་པར་སྤྱོད་པ་གང་ཞེ་ན། ་ཡིད་ཀྱི་རྣབ་སེམས་སམ། གནོད་སེམས་སམ། ལོག་པར་ལྟ་བའི་ལས་མ་བྱས་པ་གང་ཡིན་པ་དེ་ནི། ཡིད་ཀྱི་ལེགས་པར་སྤྱོད་པ་ཡིན་ནོ་སྙམ་མོ།། དེ་དེ་ལྟར་ཚུལ་བཞིན་དུ་སོ་སོར་རྟོག ་པ་ན། དེ་འདི་སྙམ་དུ་སེམས་ཏེ། ལུས་སམ། ངག་གམ། ཡིད་ཀྱི་ལས་མ་བྱས་པ་གང་ཡིན་པ་དེ་ནི་སྔོན་པོ་ཞེས་བྱ་བ་འམ། སེར་པོ་ཞེས་བྱ་བ་འམ། དམར་པོ་ཞེས་བྱ་བའམ། ་དཀར་པོ་ཞེས་བྱ་བ་འམ། གཅོད་ཀ་འམ། ཤེལ་གྱི་ཁ་དོག་ལྟ་བུ་ཞེས་བྱ་བར་གདགས་པར་མི་ནུས་ལ། དེ་ནི་མིག་གིས་རྣམ་པར་ཤེས་པར་བྱ་བ་འམ། རྣ་བས་རྣམ་པར་ཤེས་པར་བྱ་བ་འམ། ་སྣས་རྣམ་པར་ཤེས་པར་བྱ་བ་འམ། ལྕེས་རྣམ་པར་ཤེས་པར་བྱ་བ་འམ། ལུས་ཀྱི་རྣམ་པར་ཤེས་པར་བྱ་བ་འམ། ཡིད་ཀྱི་རྣམ་པར་ཤེས་པར་བྱ་བ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། ་དེ་ནི་མ་སྐྱེས་པ་དང་། མ་སྐྱེད་པ་དང་། མ་འགགས་པ་དེ་ནི་ཆོས་གང་གིས་ཀྱང་རྣམ་པར་ཤེས་པར་བྱ་བ་མ་ཡིན་པའི་ཕྱིར་རོ་སྙམ་མོ།། དེ་འདི་སྙམ་དུ་སེམས་ཏེ། གང་འདུས་མ་བྱས་པ་དེ་ནི་ཚུལ་ཁྲིམས་ཡིན་ཏེ། ་དེ་ལ་ནི་བདགས་པ་ཅི་ཡང་མེད་དོ།། གང་གདགས་སུ་མེད་ལ་དེ་ལ་ནི། བདག་གིས་ཀྱང་ནི་མངོན་པར་ཞེན་པར་བྱར་མེད་དོ་སྙམ་མོ།། དེ་དེ་ལྟར་སྤྱོད ་བན་ཚུལ་ཁྲིམས་དེ་ཡང་དག་པར་མི་མཐོང་ངོ་།། གང་ཚུལ་ཁྲིམས་དེ་ཡོངས་སུ་བསྔོས་པ་དེ་ཡང་ཡང་དག་པར་མ་མཐོང་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཟབ་མོའི་ཚུལ་ཅན་ཞེས ་བྱའོ།། ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་རབ་དང་ལྡན་པ་ཡིན་ཏེ། ལྟ་བ་གང་གིས་ཚུལ་ཁྲིམས་དང་ལྡན་པའམ། ་ཚུལ་ཁྲིམས་འཆང་བ་ཞེས་སྤྲོས་པའི་འཇིག་ཚོགས་ལ་ལྟ་བ་སློང་བར་མི་བྱེད་དོ།། ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཟབ་མོའི་ཚུལ་ལ་ཞུགས ་པ་ཡིན་ཏེ། དེ་ནི་ལུས་དང་ངག་གི་སྤྱོད་པ་དང་། སྤྱོད་ཡུལ་ཤེས་བཞིན་དུ་སྤྱོད་པས་ཚུལ་ཁྲིམས་ལྡན་པ་ཞེས་བྱའོ།། དེ་ཡང་བདག་ལ་དམིགས་པ་དང་། གཞན་ལ་དམིགས་པས ་སྤྱོད་པར་མི་བྱེད་དེ། དེས་ན་ཟབ་མོའི་ཚུལ་ཁྲིམས་ཅན་ཞེས་བྱའོ།། ལྷོའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་མ་ཉམས་པ་དང་། ཚུལ་ཁྲིམས ་མ་ཞིག་པ་ཡིན་ནོ།། ལྷའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་མ་ཉམས་པ་དང་། ཚུལ་ཁྲིམས་མ་ཞིག་པ་ཡིན་ཞེ་ན། ལྷའི་བུ་བདག་ལ ་དམིགས་པ་ནི་ཚུལ་ཁྲིམས་ལ་དམིགས་པར་འགྱུར་རོ།། ལྷའི་བུ་གང་བདག་མི་དམིགས་པ་དེ་ནི་ཚུལ་ཁྲིམས་ལ་མི་དམིགས་སོ།། གང་ཚུལ་ཁྲིམས་ལ་མི་དམིགས་པ་དེ་ནི་ཚུལ ་ཁྲིམས་ཉམས་པར་མི་བྱེད་ཅིང་། དེ་ནི་ཚུལ་ཁྲིམས་འཇིགས་པར་མི་བྱེད་དོ།། དེའི་ཕྱིར་ཉམས་པར་མི་བྱེད་དོ།། འཇིག་པར་མི་བྱེད་ཅེ་ན། དེ་ནི་གཞན་ལས་ཆོས་ཐམས་ཅད ་ཤེས་པ་ཡིན་ཏེ། གང་གཞན་ལས་འགྱུར་བ་དེ་ལ་ནི་བདག་ཀྱང་མེད། བདག་གི་པ་ཡང་མེད་དོ།། གང་ལ་བདག་མེད་པ་དེ་ལ་ནི་འཇིག་པར་འགྱུར་བ་ཅི་ཡང་མེད་དོ།། ལྷའི་བུ་དང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། ཟབ་མོའི་ཚུལ་ཁྲིམས་ཅན་བག་ཡོད་པར་གནས་པ་ཞེས་བྱའོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིག་སུ ་བཅད་པ་འདི་དག་བཀའ་སྩལ་ཏོ།། ལུས་དག་ངག་དག་ཡིད་དག་གང་།། དེ་ནི་རྟག་ཏུ་དག་པར་སྤོད་པ་སྟེ།། རྟག་ཏུ་ལེགས་པར་བསྡམས་ཤིང་གནས་པ་སྟེ།། བྱང་ཆུབ་སེམས་དཔའ་ཚུལ ་ཁྲིམས་ལྡན་ཞེས་བྱ།། ལས་ལམ་བཅུ་པོ་རབ་དག་འདི་དག་རྣམས།། བྱང་ཆུབ་སེམས་དཔའོ་མཁས་པ་གང་བསྲུང་ཞིང་།། ལུས་དང་ངག་དང་ཡིད་ཀྱིས་གང་བྱས་པ།། དེ་ནི་མཁས ་རྣམས་ཚུལ་ཁྲིམས་ཡིན་ཞེས་བརྗོད།། མ་བྱས་མ་བསྐྱེད་མ་སྐྱེས་གང་ཡིན་པ།། དེ་ལ་བསྔགས་པ་མེད་ཅིང་གནས་པའང་མེད།། གང་ལ་བསྔགས་པའང་མེད་ཅིང་གནས་པའང་མེད།། ། ་དེ་ལ་ནམ་ཀྱང་གདགས་པ་རྙེད་མི་འགྱུར།། རྟག་ཏུ་ཚུལ་ཁྲིམས་མ་ཉམས་མ་ཞིག་དང་།། དེ་ནི་མིག་གི་ཤེས་པར་མི་ནུས་ལ།། རྣ་བས་མི་ཤེས་སྣ་ཡང་ལྕེ་མ་ཡིན།། ལུས་དང་ཡིད་ཀྱིས ་རྣམ་པར་མི་ཤེས་སོ།། དབང་པོ་དྲུག་གིས་མི་ཤེས་གང་ཡིན་པ།། དེ་ལ་གནས་པར་བྱ་བར་མི་ནུས་ཏེ།། དེ་ཉིད་ཚུལ་ཁྲིམས་ཡོངས་སུ་དག་པར་མཐོང་།། ནམས་ཀྱང་ཚུལ་ཁྲིམས་དམིགས ་ཏེ་གནས་པ་མེད།། དེ་ནི་ཚུལ་ཁྲིམས་ཙམ་ཏེ་རློམ་པ་མེད།། དེ་ནི་བདག་ཏུ་འདུ་ཤེས་ཁྲིམས་མི་བསྲུང་།། ཚུལ་ཁྲིམས་བསྲུང་ཡང་ཚུལ་ཁྲིམས་འདུ ་ཤེས་མེད།། དྲན་ལྡན་ཟབ་མོའི་ཚུལ་ཁྲིམས་ལྡན་པ་ཡིན།། འཇིག་ཚོགས་ལྟ་བ་རྣམ་པར་གསལ་བྱས་ལ།། དེ་ལ་ལྟ་བར་བྱས་པ་འབྱུང་མི་འགྱུར།། གང་ལ་ལྟ་མེད་ལྟ་བའི་གནས་མེད ་བ།། དེ་ནི་ཚུལ་ཁྲིམས་ལྡན་པ་འཚལ་མི་རློམ།། ཟབ་མོའི་ཆོས་ཀྱི་ཚུལ་ལ་ཞུགས་པ་སྟེ།། དེའི་ཆོ་ག་རྟག་པ་མ་ཡིན་ལ།། ཤིན་ཏུ་ཤེས་བཞིན་ལྡན་ཞིང་ལེགས་པར་གསུངས།། ་ཚུལ་ཁྲིམས་སྒོ་ནས་གཞན་གྱི་རྙེད་མི་འགྱུར།། བདག་ཏུ་དམིགས་པ་ཚུལ་ཁྲིམས་དམིགས་པར་འགྱུར།། གང་ལ་བདག་མེད་དེ་ལ་བདག་ཁྲིམས་མེད།། བདག་ཡོད་ན་ནི་ཚུལ་ཁྲིམས ་རློམ་པ་སྟེ།། མཐའ་ཞེས་བྱ་སྟེ་གཉིས་ཀའི་ཆགས་མ་ཡིན།། བདག་མེད་སྨྲ་བ་ཚུལ་ཁྲིམས་རློམ་པ་ཡིན།། བདག་མེད་སྨྲ་བ་ཚུལ་ཁྲིམས་བརྟེན་པ་མེད།། བདག་མེད་སྨྲ་བ་ཚུལ་ཁྲིམས ་རློམ་པ་མེད།། བདག་མེད་སྨྲ་བ་ཚུལ་ཁྲིམས་སེམས་པ་མེད།། ཚུལ་ཁྲིམས་མ་ཉམས་ཚུལ་ཁྲིམས་མ་རྨོངས་པ།། བདག་གི་ཚུལ་ཁྲིམས་ལྡན་ཞིང་བདག་མི་སློང་།། གང་ལ་བདག་དང ་ཚུལ་ཁྲིམས་འདུ་ཤེས་མེད།། དེ་འདྲ་འདི་ནི་ཟབ་པ་ཞེས་ཀྱང་བརྗོད།། གང་གི་ཚུལ་ཁྲིམས་དེ་འདྲར་འཇིག་པ་མེད།། དེ་ལ་ནམ་ཀྱང་འཆལ་པའི་ཁྲིམས་མི་འབྱུང་།། ཆོས་ཀུན་དམིགས ་སུ་མེད་པ་གང་ཡིན་པ།། དེ་འདྲའི་ཚུལ་ཁྲིམས་འཕགས་པ་རྣམས་ཀྱིས་བསྔགས།། བྱིས་པ་གང་དག་བདག་ཏུ་ལྟ་ལ་གནས། ཚུལ་ཁྲིམས་སྲུང་ཞིང་བདག་ནི་ཁྲིམས་ལྡན་སྙམ།། ་ཚུལ་ཁྲིམས་བདེ་བ་མ་ལུས་ཟད་གྱུར་ནས།། དེ་དག་ངན་འགྲོ་གསུམ་ལས་ཐར་མི་འགྱུར།། གང་དག་བདག་ཏུ་ལྟ་བ་མཐའ་དག་གསལ།། དེ་དག་འདིར་ནི་བདག་དང་བདག་གི་མེད།། ་བདག་ཏུ་ལྟ་མེད་གང་དེ་ཚུལ་ཁྲིམས་ལྡན།། དེ་ལ་ཕྱིན་ཆད་ལོག་ལྟར་ལྟུང་འཇིག་མེད།། གང་ཞིག་ཚུལ་ཁྲིམས་རྣམ་པར་འདི་འདྲ་ཤེས།། དེ་ལ་འཆལ་པའི་ཚུལ་ཁྲིམས་ལྟ་མི་ནུས།། ་བདག་དང་དེ་བཞིན་རྣམས་གསུམ་མི་མཐོང་ན།། ཚུལ་ཁྲིམས་ཚུལ་ཁྲིམས་ལྟ་ཅི་ཞིག་སྨོས།། དེ་སྐད་ཅེས་བཀའ་སྩལ་པ་དང་།། བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ཙམ་དུ་ཟབ་པ་འདི་ངོ་འཚར་ལགས་སོ།། བཅོམ་ལྡན ་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་མི་གནས་པ་དང་། ལེན་པ་མ་མཆིས་པས། ཆོས་ཇི་ལྟ་བ་བཞིན་དུ་གནས་ལ། རྣ་བར་རྟོག་པ་ཐམས་ཅད་ཡང་དག་པར ་འཆད་པ་དང་། བདག་ཏུ་འདུ་ཤེས་པ་དང་བྲལ་བ་དང་། བསྐལ་པ་གྲངས་མ་མཆིས་པར་ཡང་སྤོད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་མ་རྫོགས་ཀྱི་བར་དུ། ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ལ། བར་མ་དོར་ཡང་རྣམ་པར་བྱང་བར་ཡང་མི་འགྱུར་བ་ཡང་ངོ་འཚར་ཆེ་ལགས་སོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ཆོས་དང་ལྡན་ན། ཆོས་ཟབ་མོ་ལོ་ཡང་སྤྱོད་ལ། ཡང་དག་པའི་མཐའ་ཡང་མངོན་དུ་བྱུགྱི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་ལ་འདི ་སྐད་ཅེས་བཀའ་སྩལ་ཏོ།། ལྷའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། ཆོས་ཟབ་མོ་རྣམས་ལ་ཡང་སྤྱོད་ལ། ཡང་དག ་བའི་མཐའ་ཡང་མངོན་སུམ་དུ་མི་བྱེད་དོ།། བཞི་གང་ཞེ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པའི་ཕྱིར། དམ་བཅས་པ ་ལ་བརྟན་པས་སྙིང་པོ་ལ་གནས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་གནས་པའི་ཕྱིར། ཞུམ་པ་མེད་པའི་བརྩོན་འགྲུས་དང་ལྡན་པ་དང་། སངས་རྒྱས་ཀྱི་གདུང་རྒྱུན ་མི་ཆད་པ་ལ་ཞུགས་པའི་ཕྱིར། སྙིང་རྗེ་ཆེན་པོ་དང་ལྡན་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བ་ལ་མཁས་པའི་ཕྱིར། ཐབས་མཁས་པ་སྟེ། ལྷའི་བུ་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། ཆོས་ཟབ་མོ་ལ་ཡང་སྤྱོད་ལ། བར་མ་དོར་ཡང་དག་པའི་མཐའ་མངོན་སུམ་དུའང་མི་བྱེད་དོ།། དེ་ནས་དེའི་ཚེ་བཅོམ་ལྡན ་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། མཁས་པ་རྟག་ཏུ་ཡིད་དམ་བཅས་པ་བརྟན།། སྔོན་ཆད་ཡིད་དམ་བཅས་པ་སྤོང་མི་བྱེད།། དཔའ་བོ་ཐམས་ཅད་མཁྱེན ་པའི་ཡེ་ཤེས་ཕྱིར།། ཐེག་པ་གཞན་ལ་འདོད་པ་སྐྱེ་མི་བྱེད།། རྟག་ཏུ་བག་དང་ལྡན་ཞིང་བརྩོན་འགྲུས་རྩོམ།། ཞུམ་པ་མེད་པའི་སེམས་ཀྱིས་རྟག་ཏུ་སྤྱོད།། དེ་ཡིས་སེམས་ཅན ་གང་ཡང་བཏང་བ་མེད།། དེའི་སེམས་ནི་སེམས་ཅན་ཀུན་ལ་སྙོམས།། འཇིག་རྟེན་འདི་དག་ཀུན་ལ་སྙིང་རྗེ་བས།། སྡུག་བསྔལ་བཟོད་ཅིང་སེམས་ཀྱང་ཞུམ་པ་མེད།། ཇི་ནས་སངས་རྒྱས ་གདུང་རྒྱུད་མི་ཆད་པ།། དེ་ཕྱིར་དཀོན་མཆོག་མང་པོ་འབྱུང་བར་བྱེད།། མཁས་རྣམས་ཐབས་ཤེས་པ་ལ་ལེགས་པར་བསླབ།། ལེ་ལོ་མེད་པར་དགེ་བ་ཡོངས་སུ་བསྔོ།། འཁོར་བའི ་ཆུ་བོ་ལ་ནི་ཕན་ཕྱིར་བརྩེ།། བར་མ་དོར་ནི་ཟག་རྣམས་ཟད་མི་ཤེས།། བྱང་ཆུབ་སེམས་དཔའ་འཇིགས་མེད་གང་དག་གིས།། ཆོས་རྣམས་འདི་དག་ལེགས་པར་བསྡུས་པར་འགྱུར།། ་དེ་དག་ཟབ་མོའི་ཆོས་རྣམས་སྤྱོད་པ་སྟེ།། ནམས་ཀྱང་ཡང་དག་མཐའ་ལ་རེག་མི་འགྱུར།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟབ་མོ་ལ་སྤྱོད་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ་ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། 6སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་བསྩལ་བར་ཡང་མི་བྱེད་དེ། སངས་རྒྱས་ཀྱི་ཆོས་ཀྱང་རྣམ་པར་དག་པར་མི་མཐོང་སྟེ། ་སོ་སོའི་སྐྱེ་བོའི་ཆོས་རྣམས་མ་གཏོགས་པར་སངས་རྒྱས་ཀྱི་ཆོས་ཐོབ་པ་ཡོངས་སུ་མི་ཚོལ་ལོ།། སོ་སོའི་སྐྱེ་བོའི་ཆོས་ཀྱང་གཞན་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན ་ནོ་ཞེས་དེ་ལྟར་མི་སྤྲོད་དོ།། སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་རྒྱ་ཆུང་ལ། རྒྱམམ་སུ་ས་ནས་ཀྱི་སས་རྒྱས་ཀྱིམ་ས་མ་བསྒོབ་པ་ཡང་མ་ཚུལ་བ་མབྱེད་པ། སངས་རྒྱས་ཀྱི་ཆོས་རྣམས་ནི་ཆེའོ་ཞེས་དེ་ལྟར་མི ་སྤྱོད་དོ།། སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་ཟག་པ་དང་བཅས་པ་ཡིན་ལ། སངས་རྒྱས་ཀྱི་ཆོས་རྣམས་ནི་ཟག་པ་མེད་པའོ་ཞེས་དེ་ལྟར་མི་སྤྱོད་དོ།། གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། ་སོ་སོའི་སྐྱེ་བོའི་ཆོས་གང་དག་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་རྣམས་ནི་ཤེས་པ་འམ། མཐོང་བ་འམ། ཉེ་བར་གཏགས་པར་མི ་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ནི་ཤེས་པ་འམ། མཐོང་བ་འམ། ཉེ་བར་རྟོག་པ་མེད་དེ། འདི་ལྟ་སྟེ་རང་བཞིན་གྱི་བེམས་པོ་ཡིན་པའི་ཕྱིར་རོ།། སྙམ་མོ།། ལྷའི་བུ ་འདི་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་ཀྱི་ངོ་བོ་ཉིད་དང་། ཆོས་གནས་པ་ཉིད་དང་། ཆོས་ཇི་ལྟ་བ་བཞིན་གང་ཡིན་པ་དེ་ལ་ནི་གཉིས་པོ་གང་གིས་སོ་སོའི་སྐྱེ་བོ་ཞེས་བྱ་འམ། ་ཉན་ཐོས་ཞེས་བྱ་བ་འམ། རང་སངས་རྒྱས་ཤེས་བྱ་བ་འམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱ་བ་གཉིས་སུ་གཉིས་པོ་ཅི་ཡང་མེད་དོ།། ལྷའི་བུ་ཟབ་མོ་ལ་སྤྱོད་པའི་བྱང་ཆུབ ་སེམས་དཔའ་རྣམས་ལ་ནི། གང་སངས་རྒྱས་ཀྱི་ཆོས་མ་ཡིན་པ་དེ་ལྟ་བུ་གང་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་ཆོས་རྣམས་ཀྱི་ཆོས་སྨྲ་བ་གང་ཡིན་པ་དེ་ནི་སླར་མེད་དོ།། སླར་མེད ་བ་དེ་ནི་བརྗོད་དུ་མེད་པའོ།། བརྗོད་དུ་མེད་པ་གང་ཡིན་པ་དེ་ལ་ནི་ཡོད་པ་མེད་དོ།། གང་ལ་ཡོད་པ་མེད་པ་དེ་ལ་ནི་འབྱུང་བ་མེད་དོ།། གང་ལ་འབྱུང་བ་མེད་པ་དེ་ལ་དངོས་པོའི་རྣམ་པར་རིག ་པ་མེད་དོ།། ལྷའི་བུ་ཆོས་ཐམས་ཅད་ནི་དངོས་པོ་མེད་པ་ཡིན་ཏེ། གང་ན་ཆོས་ཐམས་ཅད་ཀྱི་བགྲང་བ་ལས་གྲོལ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཡིན་ཏེ། ལྷའི་བུ་དེ་བས་ན་རྣམ་གྲང ་འདིས་ཀྱང་ཆོས་ཐམས་ཅད་རྣམ་པར་མི་རྟོག་པའི་སྤྱོད་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་རྣམས་ཡིན་ནོ།། ཞེས་དེ་ལྟར་རིག་པར་བྱའོ།། གང་རྣམ་པར་རྟོག་པ་ལ་སྤྱོད་པ་དེ་དག ་ལ་ནི་གཉིས་སུ་འཇུག་པའི་རྣམ་པར་ཤེས་འབྱུང་བ་ཡིན་ཏེ། དེ་དག་ནི་རྣམ་པར་ཤེས་པའི་སྤྱོད་ཡུལ་ལ་སྤྱོད་པའོ།། གང་དག་སངས་རྒྱས་ཀྱི་ཆོས་ཟག་པ་མེད་པ་གང་དག་ཡིན།། ་པ་དེ་དག་ལེ་ལོ་ཡང་རྟོག་ལ་དེ་དག་ལ་བརྟག་ནས་ཀྱང་ཟག་པ་རྣམས་སློང་བར་བྱེད་པ་དེ་དག་གི་ནི་ཆོས་ཀྱི་དབྱིངས་ལ་ཀན་ནས་ཉོན་མོངས་པའམ། རྣམ་པར་བང་བ་མེད་པར་མི་ཤེསོ།། ། ་ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་པ་ཡིན་པ་དེ་དག་ནི་ཆོས་གང་ལ་ཡང་ཀུན་ནས་ཉོན་མོངས་པའི་ཆོས་སམ། རྣམ་པར་བྱང་བའི་ཆོས་སུ་འཛིན་པའང་མེད། ཀུན་ནས་ཉོན ་མོངས་པའི་ཆོས་སམ། རྣམ་པར་བྱང་བའི་ཆོས་དམིགས་པ་ལྟ་ག་ལ་ཡོད་དེ་དེ་ནི་གནས་མེད་དོ།། ལྷའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟབ་མོའི ་སྤྲོད་པ་ཡིན་ཏེ། གང་སངས་རྒྱས་ཀྱི་ཆོས་མ་ཡིན་པའི་ཆོས་གང་ཡང་མེད་པར་མཐོང་ལ། གང་གིས་མཐོང་བ་ཡང་ལྷག་པར་མཐོང་བ་དང་། ཇི་ལྟར་མི་མཐོང་བ་དེ་ལྟ་བུར་མཐོང ་སྟེ། དེ་ལྟར་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་བདུད་དམ། བདུད་ཀྱིས་རིས་ཀྱི་ལྷ་རྣམས་ཀྱིས་མི་ཆགས་སོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལཱ་ལྷའི ་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་འདི་ལྟ་བུའི་ཆོས་རྣམས་ལ་ཉེ་བར་གཏོགས་ལ། སྐྱེ་བ་ཡང་བརྩོམ་པར ་བགྱིད་དེ། སྐྱེ་བ་དང་། གུམ་པ་དང་། གུམ་ནས་ཀྱང་སྐྱེ་བར་འགྱུར་བ་ནི་ངོ་འཚར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དཔེར་ན། སྒྱུ་མ་མཁན་གྱི་སྤྲུལ་པ་ནི། ་འོང་བ་དང་། འགྲོ་བ་དང་། འདུག་པ་དང་། ཉལ་བ་དང་། སྨྲ་བར་ཡང་བྱེད་ལ། དེ་ཡང་རྣམ་པར་མི་རྟོག་པ་བཞིན་དུ། ལྷའི་བུ་གང་གིས་ཆོས ་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པ་དེ་ནི་འགྲོ་བ་དང་། སྐྱེ་བ་ཐམས་ཅད་ཀྱང་སྟོང་ལ། དེ་ཡང་རྣམ་པར་མི་རྟོག་གོ།། ལྷའི་བུ་བྱང་ཆུབ་སེམས་དཔའ་ནི་སྐྱེ་བ་དང་། འབྱུང་བ་ཡང་རློམ་སེམས ་སུ་མི་བྱེད་ལ། སྔོན་གྱིས་བྱིན་གྱིས་བརླབས་ཀྱིས་སྐྱེ་བར་འགྱུར་རོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་ཀྱིས་གང་འདི་སྐད་དུ། བྱང་ཆུབ་སེམས་དཔའ་ནི་སྐྱེ་བ་དང་། འབྱུང་བ་ཡང་རློམ་སེམས་སུ་མི་བྱེད་ཅེས་བཀའ་སྩལ་པ་དེ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་ནི་ལྷ་མོ་སྒྱུ་འཕྲུལ་ལས་འཁྲུངས་ཏེ། སྐུ་བཀྲུན་པའི་ཡུམ་ལ་ཐུགས་རྩེ་བའི་སླད་དུ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་དབྱར་གནས་པར་ཞལ་གྱི་བཞེས་ན། ་ཇི་ལྟར་དེ་བཞིན་གཤེགས་པ་རློམ་སེམས་སུ་མི་མཛད་པ་ལགས། བཀའ་སྩལ་པ། ལྷའི་བུ་དེ་བཞིན་གཤེགས་པ་ནི་ལྷ་མོ་སྒྱུ་འཕྲུལ་མ་ལས་སྐྱེས་སོ།། གསོལ་པ། འོ་ན་དེ་བཞིན ་གཤེགས་པ་གང་ལས་འཁྲུང་ལགས། བཀའ་སྩལ་པ། ལྷའི་བུ་དེ་བཞིན་གཤེགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་སོ།། ལྷའི་བུ་གང་དག་ཤེས་རབ་ཀྱི་ཕ་རོལ ་ཏ་ཕྱིན་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སྐྱེས་པའི་ཡུམ་མོ།། ཞེས་སྨྲ་བ་ནི་ཡང་དག་པར་སྨྲ་བ་ཡིན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། འདས་པ་དང་། མ་འོངས་པ་དང་། ་ད་ལྟར་བྱང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་བསྐྱེད་པའི་ཡུམ་ཡིན་ནོ།། ཞེས་སྨྲས་པ་ནི་ཡང་དག་པར་སླབ་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ ་རྩ་གཉིས་ནི། ལྷ་མོ་སྒྱུ་འཕྲུལ་ལས་སྐྱེས་པ་མ་ཡིན། ལྷའི་བུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སླབས་པས་མངོན་པར་གྲུབ་པ་ཡིན་ནོ།། ལྷའི ་བུ་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་འདི་དག་ནི་ལྷ་མོ་སྒྱུ་འཕྲུལ་ལས་སྐྱེས་པ་མ་ཡིན་གྱི་དེ་བཞིན་གཤེགས་པའི་སྟོབས་བཅུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་པས ་མངོན་པར་གྲུབ་པ་ཡིན་ནོ།། ལྷའི་བུ་དེ་བཞིན་གཤེགས་པའི་མི་འཇིག་པ་བཞི་པོ་འདི་དག་ནི་ལྷ་མོ་སྒྱུ་འཕྲུལ་ལས་སྐྱེས་པ་མ་ཡིན་ནོ།། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝོ་བརྒྱད་དང་། ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། གཏང་སྙོམས་ཆེན་པོ་དང་། སྤོ་གཙུག་ལྟར་མི་མཐོང་བ་དང་། དེ་བཞིན་གཤེགས་པ་དོན་ཡོད་པ་དང་། སངས ་རྒྱས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་ཡེ་ཤེས་དང་། སངས་རྒྱས་ཀྱི་སོ་སོ་ཡང་དག་པར་རིག་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། ལྷའི་བུ་མདོར་བསྡུ་ན། གང་དག་གིས་དེ་བཞིན ་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བའི་སངས་རྒྱས་ཀྱི་ཆོས་དེ་ལྟ་བུ་གང་དག་ཡིན་པ་དེ་དག་ནི། ལྷ་མོ་སྒྱུ་འཕྲུལ་ལས་སྐྱེས་པ་མ་ཡིན་གྱིས་ལྷའི་བུ་དེ་ལྟར་ན ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་གང་དག་གིས། དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དེ་ལྟ་བུ་དེ་དག་ནི་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་པས། མངོན་པར་གྲུབ་པ་ཡིན་ཏེ། ལྷའི་བུ་ཁྱོད་ཆོས་ཀྱི་རྣམ་གྲངས་འདིས ་ཀྱང་། ཅི་ནས་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་ཀྱི། ལྷ་མོ་སྒྱུ་འཕྲུལ་མ་ཡིན་པ་དེ་ལྟར་རིག་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི ་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་གང་གིས་ཡང་བསྐྱེད་པ་མ་ལགས། ཀུན་པ་མ་ལགས། འགགས་པར་མི་བགྱིད་པ་མ་ལགས། ་ན། བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་བཞིན་གཤེགས་པ་ཀུན་པ་ལགས། བཀའ་སྩལ་པ། ལྷའི་བུ་ཆོས་གང་དག་གིས་དེ་བཞིན་གཤེགས་པ་དེ་བཞིན ་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བའི་ཆོས་དེ་དག་ནི་སྐྱེ་བ་ཡང་མེད། འཆི་འཕོ་ཡང་མེད། འབྱུང་བ་ཡང་མེད་དོ།། ལྷའི་བུ་གང་སྐྱེ་བ་ཡང་མེད། འཆི་འཕོ་ཡང་མེད། འབྱུང ་བ་ཡང་མེད་ལ་དེ་ལྟ་བུའི་ཡེ་ཤེས་དེ་བསྐྱེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ནི་གང་སྐྱེ་བ་མེད་པ་དང་། འཆི་འཕོ་མེད་པ་དང་། འབྱུང་བ་མེད ་པའི་དེ་བཞིན་གཤེགས་པ་སྐྱེས་སོ།། ལྷའི་བུ་གང་ལ་སྐྱེ་བ་ཡང་མེད་པ་དང་། འཆི་འཕོ་བ་ཡང་མེད། འབྱུང་བ་ཡང་མེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་ལས་ཡང་དག ་པར་འབྱུང་བ་ཡོད་མོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པ་ལས་ནི་ངེས་པར་འབྱུང་བ་མེད་དོ།། གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་འཆིས་ན། ངེས་པར ་འབྱུང་བ་མ་མཆིས་པ་ལགས་ན། ཅི་ཤེས་རབ་ལ་སེམས་པ་འམ། འཚལ་བ་མ་མཆིས་སམ། བཀའ་སྩལ་པ། ལྷའི་བུ་ཤེས་རབ་ལ་ནི་སེམས་པ་འམ། ཤེས་པ་ཡང་མེད་དོ།། ་ལྷའི་བུ་གལ་ཏེ་ཤེས་རབ་སེམས་པའམ་ཤེས་པ་ཞིག་ཡིན་པར་འགྱུར་ན།། ཤེས་རབ་ལས་རྟག་ཏུ་ངེས་པར་འབྱུང་བ་མེད་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་གང་ལ་སེམས་སམ། ་ཚོར་བ་ཡང་ཡོད་ན་དེ་ལ་ངེས་པར་འབྱུང་བ་ཅི་ཡང་མེད་པའི་ཕྱིར།། ལྷའི་བུ་གང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སེམས་པ་མེད་ཅིང་ཤེས་པ་མེད་པ་དེའི་ཕྱིར་ཤེས་རབ་རྟག་ཏུ་ངེས་པར ་འབྱུང་བ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་ངེས་པར་འབྱུང་བ་ཞེས་བགྱི་བ་དེ་གང་གི་ཚིགས་བླ་དགས་ལགས། བཀའ་སྩལ་པ། ལྷའི་བུ་སྤྲོས་པ་མེད་པའི་ཚིགས་བླ ་དགེས་སོ།། གསོལ་པ། བཅོམ་ལྡན་འདས་སྤྲོས་པ་མ་མཆིས་པས་ཅི་ཞིག་ངེས་པར་འབྱིན་པར་བགྱི་ལགས། བཀའ་སྩལ་པ། ལྷའི་བུ་གང་དག་སྤྲོས་པ་གཅོད་པ་དེ་དག་ནི་ཁམ ་གསུམ་དུ་སྐྱེ་བར་མི་འདོར་རོ།། གང་དག་སྤྲོས་པར་མི་བྱེད་པ་དེ་དག་ནི་ཁམས་གསུམ་དུ་སྐྱེ་བར་འདོར་བར་བྱེད་དོ།། ལྷའི་བུ་དེ་ལྟ་བས་ན་གང་ཁྱོད་སྤྲོས་པ་མེད་པ་ངེས་པར ་འབྱུང་བསོ་ཅི་ཞིག་ངེས་པར་འབྱིན་ཅེས་ཟེར་བ་ནི། ཁམས་གསུམ་ལས་ངེས་པར་འབྱིན་པར་བྱེད་དོ།། གསོལ་པ། བཅོམ་ལྡན་འདས་ཀྱི་ཁམས་གསུམ་ལས་ཡང ་དག་པར་འདའ་བར་བགྱི་བའི་སླད་དུ་ཉོན་ཐོས་རྣམས་ལ་ཆོས་སྟོན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་ད་ནི་འདོད་པའི་ཁམས་ལས་རྩ་མ་སྟེ། ཉན་ཐོས་རྣམས ་། ལ་ཆོས་སྟོན་ལ། དེ་བཞིན་གཤེགས་པས་འདོད་པའི་ཁམས་ཀྱང་མི་དམིགས་སོ།། ལྷའི་བུ་ང་ནི་གཟུགས་ཀྱི་ཁམས་ལས་ཀྱང་བརྩམ ་སྟེ། ཉན་ཐོས་རྣམས་ལ་ཆོས་སྟོན་ལ། དེ་བཞིན་གཤེགས་པས་གཟུགས་ཀྱི་ཁམས་ཀྱང་མི་དམིགས་སོ།། ལྷའི་བུ་ང་ནི་གཟུགས་མེད་པའི་ཁམས་ལས་བརྩམས ་ཏེ། ཉན་ཐོས་རྣམས་ལ་ཆོས་སྟོན་ལ། དེ་བཞིན་གཤེགས་པས་གང་གཟུགས་མེད་པའི་ཁམས་ཀྱང་མི་དམིགས་སོ།། ལྷའི་བུ་ང་ནི་ཡང་དག་པར་འདའ་བར་བྱ་བའི་ཕྱིར ་ཆོས་སྟོན་ལ། དེ་བཞིན་གཤེགས་པས་ཡང་དག་པར་འདའ་བའི་ཆོས་དེ་ཡང་དག་པར་མ་མཐོང་ངོ་།། ལྷའི་བུ་ངའི་ཉན་ཐོས་རྣམས་ནི་འདོད་པའི་ཁམས་ལ་དམིགས་ནས། ་འདོད་པའི་ཁམས་ལས་ཡང་དག་པར་འདའ་བར་མི་བྱེད་དོ།། ངའི་ཉན་ཐོས་རྣམས་ནི་གཟུགས་ཀྱི་ཁམས་ལ་དམིགས་ནས། གཟུགས་ཀྱི་ཁམས་ལས་ཡང་དག་པར་འདའ ་བར་མི་བྱེད་དོ།། ངའི་ཉན་ཐོས་རྣམས་ནི་གཟུགས་མེད་པའི་ཁམས་ལ་དམིགས་ནས། གཟུགས་མེད་པའི་ཁམས་ལས་འདའ་བར་མི་བྱེད་དོ།། ལྷའི་བུ་གཞན་ཡང་ངའི་ཉན་ཐོས་རྣམ ་ནི་ཁམས་གསུམ་མི་དམིགས་པས། ཁམས་གསུམ་པ་ལ་མི་རྟེན་ཏེ། ཆོས་རྣམས་སྟོང་པ་ཉིད་དུ་དམིགས་པས། འདོད་པའི་ཁམས་དང་སྨོན་ལམ་མི་འདེབས་སོ།། གཟུགས ་ཀྱི་ཁམས་སུ་སྨོན་ལམ་མི་འདེབས་སོ།། གཟུགས་མེད་པའི་ཁམས་སུ་སྨོན་ལམ་མི་འདེབས་སོ།། ཁམས་གསུམ་པར་སྨོན་ལམ་མི་འདེབས་པས་ན། ཁམས་གསུམ་པར་མི་སྐྱེའོ།། ་མ་སྐྱེས་པ་དེ་དག་གི་འགྲོ་བ་ནི་བདགས་སུ་མེད་དོ།། ཀྱེ་ལྷའི་བུ་འོན་ཀྱང་འཕགས་པ་རྣམས་ནི་ཡང་དག་པར་འདའ་བ་ཞེས་དེ་སྐད་བརྗོད་པར་མཛད་དོ།། འོན་ཀྱང་དོན་དམ་པར་ན། འདི་ལ་སུ ་ཡང་དག་པར་འདའ་བ་ཡང་མེད་དོ།། འོང་བ་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་ཆོས་ཐམས་ཅད་ནི་ཡང་དག་པར་འདའ་བ་མེད་པ་ལས་ལྟ་བར་བྱའོ།། ལྷའི་བུ་དཔེར་ན་ནམ་མཁའ ་ནི་མ་སྐྱེས་པ། མ་བྱས་པ། མངོན་པར་མ་གྲུབ་པ། བཟོད་པ་མེད་པ། འོང་བ་མེད་པ་སྟེ་ཆོས་ཐམས་ཅད་དེ་བཞིན་དུ་ལྟ་བར་བྱའོ།། གཏམ་འདི་བསྟན་པ་ན། འཁོར་དེའི་ནང་ནས། ་ལྷའི་བུ་བདུན་ཁྲི་ཉིས་སྟོང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ།། སྔོན་དགེ་བའི་རྩ་བ་སྐྱེད་པའི་ལྷའི་བུ་ཁྲི་དྲུག་སྟོང་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་སེམས་སྐྱེས་སོ།། དགེ་བའི་རྩ་བ་ཡོངས་སུ་སྨིན་པའི་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ།། དེ་དག་གི་ལག་ཏུ་བཅོམ་ལྡན་འདས་ཀྱིས ་མཐུས། སྔོན་མ་བྱུང་བའི་མེ་ཏོག་གི་སྣོད་བྱུང་བར་གྱུར་ཏེ། མེ་ཏོག་གི་སྣོད་དེ་དག་ནས་དེ་བཞིན་གཤེགས་པ་ལ་གཏོར་ཏོ།། མེ་ཏོག་དེ་དག་གིས་ཀྱང་སུམ་ཅུ་རྩ་གསུམ་པའི་གནས་ཁོར ་ཁོར་ཡུག་ཏུ་ཁེབས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷའི་བུ་འདི་རྣམས་ཀྱིས་དེ་བཞིན་གཤེགས ་པ་ལ་མེ་ཏོག་གཏོར་བ་གང་ལགས་པ་འདི་དག་ནི་སྔོན་མ་མཐོང་ལགས་སོ།། དེ་ནས་ལྷའི་བུ་ཟླ་བས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ།། ཀེའུ་ཤི་ཀ་ད་ལྟར་གང་ལ་མེ ་ཏོག་གིས་གཏོར་བའི་དེ་བཞིན་གཤེགས་པ་འདི་ཡང་སྔོན་མ་མཐོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། ཀེའུ་ཤི་ཀ་སེམས་གང་གིས་དེ་བཞིན་གཤེགས ་པ་མ་མཐོང་བའི་སེམས་ཅན་དེ་ནི་འགག་ཤིང་མེད་པར་གྱུར་ཏེ། མཐོང་བར་མི་ནུས་སོ།། ཀེའུ་ཤི་ཀ་དེ་བས་ན་གང་ཅི་མཐོང་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་སྔོན་མ་མཐོང་བའོ།། ་གང་ཅི་ཐོས་ཀྱང་སྟེ། དེ་དག་ཐམས་ཅད་ནི་སྔོན་མ་ཐོས་པའོ།། སྨྲས་པ། ལྷའི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མཐོང་ངམ། སྨྲས་པ། ཀེའུ་ཤི་ཀ་གལ་ཏེ་དེ་བཞིན་གཤེགས་པ་གཟུག ་ཤེས་བྱ་བ་ཡིན་ན་ནི། བདག་གིས་དེ་བཞིན་གཤེགས་པ་མཐོང་ངོ་། ཀེའུ་ཤི་ཀ་གལ་ཏེ་དེ་བཞིན་གཤེགས་པ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར ་ཤེས་པ་བྱ་བ་ཡིན་ན་ནི། བདག་གིས་དེ་བཞིན་གཤེགས་པ་མཐོང་ན། ཀེའུ་ཤི་ཀ་དེ་བཞིན་གཤེགས་པ་ནི་གཟུགས་ཤེས་བྱ་བ་འམ། ཚོར་བ་དང་། འདུ་ཤེས་དང་། འདུ ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེས་བྱ་བ་མ་ཡིན་ནོ།། ཀོའུ་ཤི་ཀ་དེ་བཞིན་གཤེགས་པ་ནི་ཕུང་པོ་ལྔའི་ཆོས་ཀྱི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་ཏེ། དེ་ནི་མཐོང་བ་དང་སླ ་བ་ཡིན་ནོ།། ཀོའུ་ཤི་ཀ་གཞན་ཡང་གང་ཡང་ཁྱོད་འདི་སྐད་དུ། ལྷའི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མཐོང་ངམ། ཞེས་ཟེར་བ་ནི། ཇི་ལྟར་དེ་བཞིན་གཤེགས་པས་བདག་གཟིགས ་པ་དེ་བཞིན། བདག་གིས་དེ་བཞིན་གཤེགས་པ་མཐོང་ངོ་།། སྨྲས་པ། ལྷའི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཇི་ལྟར་མཐོང་། སྨྲས་པ། ཀེའུ་ཤི་ཀ་དེ་བཞིན་གཤེགས་པ ་འདུན་ན་བཞུགས་པ་འདི་ལ་ཞུས་ཤིག། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་རྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷའི་བུ་ཟླ་བ་ཇི་ལྟར་གཟིགས ་ལགས། བཀའ་སྩལ་པ། ཀོའུ་ཤི་ཀ་གཟུགས་སུ་མི་མཐོང་ངོ་།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་མཐོང་ངོ་། སྔོན་གྱི་མཐའ་དང་། ་ཕྱི་མའི་མཐའ་དང་། ད་ལྟར་བྱུང་བར་མི་མཐོང་ངོ་།། ལངས་པ་དང་། འདུག་པ་དང་། འགྲོ་བ་དང་། འོང་བ་དང་། རྒྱབ་དང་། གླུ་དང་། འདུན་དང་། ཆོས་མ་གཏོགས་པར་མི ་མཐོང་ངོ་།། སློབ་པར་མི་མཐོང་ངོ་།། མི་སློབ་པར་མི་མཐོང་ངོ་།། མི་སློབ་པའི་ཆོས་དང་ལྡན་པར་མི་མཐོང་ངོ་།། དགྲ་བཅོམ་པར་མི་མཐོང་ངོ་།། དགྲ་བཅོམ་པའི་ཆོས་དང ་ལྡན་པར་མི་མཐོང་ངོ་།། ཉན་ཐོས་ཀྱི་ས་དང་། ས་སངས་རྒྱས་ཀྱི་ས་དང་། སངས་རྒྱས་ཀྱི་སར་མཐོང་སྟེ། ཀོའུ་ཤི་ཀ་དེ་ལྟར་མཐོང་ངོ་།། ཀོའུ་ཤི་ཀ་སུས་དེ་ལྟར་མཐོང་བ་དེས་ནི ་ཡང་དག་པར་མཐོང་སྟེ། ལོག་པར་མཐོང་བ་མ་ཡིན་ཏེ། སུས་ཡང་དག་པར་མཐོང་བ་དེས་ནི་ཅི་ཡང་མི་མཐོང་ངོ་།། སུ་ཅི་ཡང་མི་མཐོང་བ་དེས་ནི་མཉམ་པར་མཐོང་སྟེ། མི་མཉམ ་བ་དང་མཉམ་པར་མི་མཐོང་ངོ་།། ཀོའུ་ཤི་ཀ་དེ་ལྟར་གཟིགས་པའི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པ་ཞེས་བྱའོ།། ཀོའུ་ཤི་ཀ་དེ་ལྟར་གཟིགས་པའི་དེ་བཞིན ་གཤེགས་པ་ནི་དེ་བཞིན་གཤེགས་པ་ཞེས་ཏེ། འོན་ཀྱང་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་དབྱིངས་འདྲེས་པར་ཡང་མི་མཛད་དེ། ཀོའུ་ཤི་ཀ་འདི་ཇི་སྙམ་དུ་སེམས ་བྱ། དེ་ལྟར་གཟིགས་པའི་དེ་བཞིན་གཤེགས་པས། ཅི་ཞིག་གཟིགས་པའི་དེ་བཞིན་གཤེགས་པར་འགྱུར། གསོལ་པ། བཅོམ་ལྡན་འདས ་དེ་བཞིན་གཤེགས་པས་ནི་མིང་གཟིགས་པ་མ་ལགས། གཟུགས་གཟིགས་པ་མ་ལགས་ཏེ། བཅོམ་ལྡན་འདས་འདི་ལ་ནི་ཆོས་འགའ་ཙམ་ཡང་གྲངས་སུ ་བགྱིས་པ་མ་མཆིས་སོ།། བཅོམ་ལྡན་འདས་ཅི་དེ་བཞིན་གཤེགས་པས་ཇི་ལྟར་གཟིགས་པ་དེ་བཞིན་དུ། ལྷའི་བུ་ཟླ་བས་ཀྱང་དེ་ལྟར་མཐོང་ལགས་སམ།། བཀའ ་སྩལ་པ། ཀོའུ་ཤི་ཀ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་སུ་ཡང་རུང་བ་དེ་དག་ཐམས་ཅད་ཀྱིས་ནི། ཆོས་ཀྱི་དབྱིངས་ཀྱི་ལུགས་ཀྱིས་ཆོས་འགའ་ཙམ་ཡང ་བཟུང་བའི། ཆོས་གང་ཡང་མི་མཐོང་ངོ་།། གསོལ་པ། བཅོམ་ལྡན་འདས་ཅི་ལྷའི་བུ་ཟླ་བ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། ཀོའུ་ཤི་ཀ་ཁྱོད་ཀྱིས་ལྔའི་བུ་ཟླ་བ་འདི་ཉིད་ལ་དྲིས་ཤིག་དང་། འདི་ཉིད་ཀྱི་ཁྱོད་ལ་ལན་ལྡོན་ནོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ཟླ་བ་ལ་འདི་སྐད ་ཅེས་སྨྲས་སོ།། ལྷའི་བུ་ཁྱོད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སམ། སྨྲས་པ། ཀོའུ་ཤི་ཀ་མི་སྐྱེ་བ་སྐྱེ་འམ། སྨྲས་པ། ལྷའི་བུ་དེ་ནི་མ་ཡིན་ནོ།། སྨྲས་པ།། ལེ་ཀོའུ་ཤི ་གལ་ཏེ་མི་སྐྱེ་བ་སྐྱེ་བར་གྱུར་ན། མི་སྐྱེ་བའི་ཆོས་རྣམས་སུ་སུའི་བཟོད་པ་བསྐྱེད་པར་འགྱུར། ཀོའུ་ཤི་ཀ་མི་སྐྱེ་བ་ཞེས་བྱ་བ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དགས་སོ།། ཆོས་ཀྱི ་དབྱིངས་གང་ཡིན་པ་དེ་ལ་སྐྱེ་བ་འམ། འགགས་པ་མི་དམིགས་སོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། ལྷའི་བུ་འདིའི་བསྟན་པ་དེ་འདྲ་བ་ལས་ན། སྐྱེ་མ་ལྷའི ་བུ་འདི་ནི་བཟོད་པ་ཐོབ་པ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བ་སྙམ་མོ།། དེ་ནས་ལྷའི་བུ་ཟླ་བས་ལྷའི་དབང་པོ་བརྒྱ་བྱིན་གྱི་སེམས་ཀྱི་ཡོངས་སུ་རྟོགས་པ ་སེམས་ཀྱིས་ཤེས་ནས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ།། ཀོའུ་ཤི་ཀ་བཟོད་པ་ཐོབ་གང་དག་ཡིན་པ་དེ་དག་ནི་སངས་རྒྱས་ཀྱི་བྱང་ཆུབ་དང་ཉེ་བ་མ་ཡིན་ནོ།། སྨྲས་པ། ་ལྷའི་བུ་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་ཟེར། སྨྲས་པ། ཀོའུ་ཤི་ཀ་ཐོབ་ཅེས་བྱ་བ་དེ་ནི་དམིགས་པའི་ཚིགས་བླ་དགས་ཡིན་ལ། དམིགས་པས་ནི་བྱང་ཆུབ་མངོན་པར་རྫོགས་པར ་འཚང་མི་རྒྱའོ།། མི་སྐྱེ་བའི་བཟོད་པ་ཞེས་བྱ་བ་དེ་ནི་མི་སྐྱེ་བའི་ཚིགས་བླ་དགས་སོ།། མི་སྐྱེ་བ་གང་ཡིན་པ་དེ་ཉིད་ནི་བྱང་ཆུབ་པོ།། སྨྲས་པ། ལྷའི་བུ་ཟླ་བ་བྱང་ཆུབ་ཉིད་གང་། ་ལས་བཙལ་བར་བྱ། སྨྲས་པ། ཀོའུ་ཤི་ཀ་བྱང་ཆུབ་ནི་བདག་གིས་ངོ་བོ་ཉིད་ལས་བཙལ་བྱའོ།། སྨྲས་པ། བདག་གི་ངོ་བོ་ཉིད་གང་ལས་བཙལ་བར་བྱ། སྨྲས་པ། ཆོས་གང ་མ་སྐྱེས། མི་སྐྱེ། སྐྱེ་བར་མི་འགྱུར་བ་དེ་ལས་བཙལ་བར་བྱའོ།། ཅེས་ནས་ཀྱང་བཙལ་བར་བྱའོ།། ཚོལ་བ་ནི། གང་གིས་བཙལ་བ་དེ་ཡང་སློང་བར་མི་བྱེད་པ་དེ་ལྟར་བཙལ་བར ་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷའི་བུ་ཟླ་བ་འདི་དེ་ལྟར་ཟབ་མོའི་ཤེས་རབ་དང་ལྡན་པ་ངོ་མཚར་ལག་སོ།། ་བཅོམ་ལྡན་འདས་ལྷའི་བུ་ཟླ་བ་འདི་གང་ནས་ཤི་འཕོས་ཏེ་འདིར་མཆིས་ལགས། དེ་ནས་ལྷའི་བུ་ཟླ་བས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད ་ཅེས། ཀོའུ་ཤི་སྒྱུ་མ་མཁན་གྱིས་སྐྱེས་པ་འམ། བུད་མེད་སྤྲུལ་པ་གང་ཡིན་པ་དེ་བང་ནས་ཤི་འཕོས་ཏེ་འདིར་འོངས། འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར། སྨྲས་པ། ་ལྷའི་བུ་སྒྱུ་མ་སྤྲུལ་པ་ལ་ནི་འཆི་འཕོ་འམ། སྐྱེད་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ།། སྨྲས་པ། ཀོའུ་ཤི་ཀ་ཁྱོད་འདི་སྐད་དུ། སྤྲུལ་པ ་འདི་གང་ནས་ཤི་འཕོས་ཏེ་འདིར་འོངས། འདི་ནས་ཤི་འཕོས་ཏེ་གང་དུ་འགྲོ་བར་འགྱུར། ཞེས་ཟེར་བ་དེ་ཅི་མཁས་རྣམས་ཀྱིས་སྤང་བར་མི་འགྱུར་རམ། སྨྲས་པ། ལྷའི ་བུ་དེ་དེ་བཞིན་ནོ།། སྨྲས་པ། ཀོའུ་ཤི་ཀ་བདག་ནི་ཁྱོད་ཀྱིས་དྲི་བ་དེ་ལ་འདི་སྙམ་བྱེད་དེ། གང་ཁྱོད་ཀྱི་ལྷའི་བུ་འདི་གང་ནས་ཤི་འཕོས་ཏེ་འདིར་མཆིས། འདི་ནས་ཤི་འཕོས ་ནས་གར་སྐྱེ་བར་འགྱུར། ཞེས་ཞུས་པ་ནི། སྒྱུ་མ་ལྟ་བུའི་ཆོས་རྣམས་ལ་འདི་སྐད་འདྲི་བར་ཟད་དོ།། སྙམ་མོ།། ཀོའུ་ཤི་ཀ་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས ་སྤྲུལ་པར་མཛད་པ་གང་ཡིན་པ་དེ་འོང་ངམ། འཆི་འཕོ་འམ། སྐྱེ་འམ། སྨྲས་པ། ལྷའི་བུ་དེ་ནི་མ་ཡིན་ནོ།། སྨྲས་པ། ཅི་བྱ་བ་གང་གི་ཕྱིར། སྤྲུལ་པ་བྱ་བ་དེ་བྱེད་དམ།། ་སྨྲས་པ། ལྷའི་བུ་བྱེད་དོ།། སྨྲས་པ། ཀོའུ་ཤི་ཀ་དེ་བཞིན་དུ་གང་གིས་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་ལྟ་བུར་རྟོགས་པ་དེ་ནི་འགྲོ་བ་དང་། འོང་བ་དང་། འཆི་འཕོ ་བ་དང་། སྐྱེ་བ་ཡང་སྟོན་ལ། དེ་ནི་ཅི་ལ་ཡང་རྣམ་པར་མི་རྟོག་སྟེ། བྱ་བ་དེ་ཡང་བྱེད་དོ།། ཀོའུ་ཤི་ཀ་འདི་ཇི་སྙམ་དུ་སེམས། གང་རྨི་ལམ་དུ་གཟུགས་མཐོང་བ་འམ། སྒྲ་ཐོས་པ་འམ། ་དྲི་སྣོམ་པའམ། རོ་མྱོང་བ་འམ། རེག་བྱ་ལ་རེག་པ་འམ། ཆོས་རྣམ་པར་ཤེས་པ་དེ་དག་ཅི་དེ་ན་ཅི་ཡང་ཡོད་དམ། སྨྲས་པ། ལྷའི་བུ་དེ་ནི་མེད་དོ།། ཀོའུ་ཤི་ཀ་དེ་བཞིན་དུ། ་གང་གིས་ཆོས་ཐམས་ཅད་རྨི་ལམ་གྱི་ངོ་བོ་ཉིད་དུ་རྟོག་པ་དེ་མཐོང་བ་དང་ཐོས་པ་དང་། དྲན་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་རིགས་པའི་ཆོས་རྣམས་ལ་ཆགས་པར ་མི་འགྱུར། རྗེས་སུ་ཆག་པར་མི་འགྱུར། ཁོང་ཁྲོ་བར་མི་འགྱུར། མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། བྱེ་བྲག་ཕྱེ་བ་དང་། རྣམ་པར་ཤེས་པའི་ཆོས་ཀྱང་གཞན ་དག་ལ་བརྗོད་པར་བྱེད་ལ། བརྗོད་པ་དེ་ཡང་མངོན་པར་ཞེན་པ་མེད་དོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱི་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་ལྷའི་བུ་ཟླ་བ་འདི་སྐྱེ་བ་ཡང་མི་དམིགས། འཆི་འཕོ་ཡང་མི་དམིགས་ན། བཅོམ་ལྡན་འདས་ཇི་ལྟར་ན་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱི་བ་རྟོགས་ཤིང ་བགྱིད་པར་འགྱུར་ལགས་གང་ལ་སྐྱེ་བ་ཡང་མ་མཆིས། འཆི་འཕོ་བ་ཡང་མ་མཆིས་པ་དེ་ནི་ཉན་ཐོས་ཀྱི་ས་མ་ལགས་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ས་མ་ལགས་སོ།། ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ནི་བསྐལ་པ་སྟོང་ཕྲག་མང་པོར་འཁོར་བར་བགྱི་འཚལ་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི ་དབང་པོ་བརྒྱ་བྱིན་ལ་འདི་སྐད་བཀའ་སྩལ་ཏོ།། ཀོའུ་ཤི་ཀ་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་བསྐྱེད་པ་ནི་སུ་ཡང་རུང་སྟེ། ་དེ་ནི་སྐྱེ་བ་ཡང་རློམ་སེམས་མེད་ལ། འཆི་འཕོ་ལ་ཡང་རློམ་སེམས་མེད་དེ། དེ་ནི་དགྲ་བཅོམ་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ཇི་ལྟ་བ་བཞིན་དུ་བཟུང་བར ་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལྟ་ནི་བདག་ཏུ་འདུ་ཤེས་པ་དང་། གཞན་དུ་འདུ་ཤེས་མི་འཇུག་པའི་ཕྱིར་རོ།། ཀོའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གཏན་ཏུ་ཡོངས ་སུ་མྱ་ངན་ལས་འདས་པའི་ཆོས་རྣམས་ལ། དེ་ལྟར་སྐྱེ་བ་ལ་ཡང་རློམ་སེམས་མི་བྱེད། འཆི་འབོ་ལ་ཡང་རློམ་སེམས་མི་བྱེད་པ་དང་། བདག་ཏུ་འདུ་ཤེས་པར་ཡང་མི་བྱེད། ་གཞན་དུ་འདུ་ཤེས་པར་ཡང་མི་བྱེད་ལ། སེམས་ཅན་གང་ཆོས་ཀྱི་ཚུལ་གྱིས་བཟོད་པ་འདི་མི་ཤེས་པ་དེ་དག་ལ་བརྡའ་ཕྲད་པའི་ཕྱིར།། སྙིང་རྗེ་ཆེན་པོས་ཆེད་དུ་བསྐལ་པ་བྱེ་བ ་འབུམ་ཕྲག་གྲངས་མེད་པར་འཁོར་ཡང་སྐྱོ་བ་མེད་པ་ནི་མཆོག་ཏུ་དགའ་བ་བྱེད་པ་ཡིན་ནོ།། ཀོའུ་ཤི་ཀ་དཔེར་ན་མི་ལ་ལ་ཞིག་མེ་དག་གི་དོང་དུ་ལྷུང་ནས་ཚིག་ཅིང་འདུག ་བ་དེ་ལ། མི་སྙིང་རྗེ་ཆེན་པོ་དང་ལྡན་པ་འགའ་ཞིག་གིས་ལུས་དང་སྲོག་ལ་ཡང་བལྟས་ཏེ། འདོད་པའི་ཡོན་ཏན་ལྔ་ལ་དགའ་ཞིང་འདུག་པ་ལས། དགའ་ཞིང་རྩེ་བ་བོར་ནས ་མེའི་ཕུང་པོ་དེའི་ནང་ནས་མི་དེ་ཕྱུང་སྟེ། བདག་ཉིད་ཚིག་པའི་ནང་དུ་བླངས་ན། ཀོའུ་ཤི་ཀ་འདི་ཇི་སྙམ་དུ་སེམས། མི་དེ་དཀའ་བ་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན ་འདས་དཀའ་བ་བགྱིད་པ་ལགས་སོ།། བཀའ་སྩལ་པ། ཀེའུ་ཤི་ཀ་བྱང་ཆུབ་སེམས་དཔའ་གང་ཉོན་མོངས་པ་ཐམས་ཅད་ལས་གྲོལ་ལ། སྲིད་པ་ལེན་པར་བྱེད་པ་ནི། ་དེ་བས་ཀྱང་ཆེས་དཀའ་བ་བྱེད་པ་ཡིན་ནོ།། ཀེའུ་ཤི་ཀ་དེ་བས་ན་རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ་ཅི་ནས་ཀྱི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཟིལ་གྱིས་གནན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། ་ཀེའུ་ཤི་ཀ་ཁྱོད་འདི་སྐད་དུ། ལྷའི་བུ་འདི་གང་ནས་ཤི་འཕོས་ཏེ་འདིར་འོང་ཞེས་ཟེར་བ་དེས་ངས་གཤད་ཀྱིས་ཉོན་ཅིག། ཀེའུ་ཤི་ཀ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས ་སུ་སངས་རྒྱས་ཀྱི་ཞིང་ཁྲག་ཁྲིག་འབུམ་ཕྲག་བདུན་ཅུ་རྩ་གཉིས་འདས་པ་ན། འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་ཕུང་པོ་བགྲང་བ་ཞེས་བྱ་བ་ཞིག་ཡོད་དེ། འཇིག་རྟེན་གྱི་ཁམས ་དེ་ན། རིན་པོ་ཆེ་དུ་མས་བརྒྱན་པའི་ཤིང་ལྗོན་པ་རིན་པོ་ཆེ་སྣ་ཚོགས་མེ་ཏོག་རྒྱས་པ་དག་དང་། ཕྱག་སའི་སྐྱེ་མོས་ཚལ་གྱི་ཁང་པ་བརྩེགས་པ་རིན་པོ་ཆེ་སྣ་ཚོགས་ཀྱི་སྤྲས་པའི་ཟམ ་པ་དང་ལྡན་པ་དག་ཡོད་དོ།། ས་གཞི་ཆེན་པོ་དེ་ཡང་བཻ་ཌཱུར་ལས་གྲུབ་པ་སྟེ། རིན་པོ་ཆེ་འབུམ་ཕྲག་མང་པོས་སྨྲས་སོ།། ཀེའུ་ཤི་ཀ་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་ཕུང་པོ་བཀྲ། ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་ན་རིན་ཆེན་གཟི་བརྗིད་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་ཆོས་སྟོན་ཏོ།། དེ་ན་ཐེག ་པ་གཉིས་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་གཞག་པ་མེད་དོ།། སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་འབའ་ཞིག་གིས་གང་ངོ་།། ཀེའུ་ཤི་ཀ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་ན་རིན་ཆེན་གཟི་བརྗིད ་མངོན་པར་འཕགས་པའི་རྒྱལ་པོ་དེའི་ཆོས་བསྟན་པ་རེ་རེ་ལ་བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་སུམ་ཅུ་རྩ་དྲུག་གི་བཟོད་པ་ཐོབ་པར་གྱུར་ཏེ། བཟོད་པ་ཐོབ་པའི་མོད་ལ་བྱང་ཆུབ ་སེམས་དཔའ་དེ་དག་ཏ་ལ་བདུན་སྲིད་ཙམ་གྱིས་ནམ་མཁའ་ལ་འཕགས་ནས། སངས་རྒྱས་ཀྱི་ཞིང་ཐམས་ཅད་རབ་ཏུ་གཡོས་པར་བྱས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག ་རྟེན་གྱི་ཁམས་ཐམས་ཅད་རིན་པོ་ཆེའི་པད་མ་འདབ་མ་འབུམ་ཡོད་པ་ཤ་སྟག་གིས་པུས་མོ་ནབ་ཙམ་དུ་ཁེབས་པར་བྱས་ནས། དེ་ལྟར་འཁོད་བཞིན་དུ་ཡང་དག་པར་རྫོགས ་པའི་སངས་རྒྱས་གཞན་དག་ལ་བལྟ་བ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་ཉན་པའི་ཕྱིར་བར་སྣང་ལས་སངས་རྒྱས་ཀྱི་ཞིང་དག་ཏུ་དོང་བར་བྱེད་དོ།། ་ཀེའུ་ཤི་ཀ་སངས་རྒྱས་ཀྱི་ཞིང་དེར་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སུ་ཡང་མི་གནས་ཏེ། བཟོད་པ་ཐོབ་པའི་མོད་ལ་སངས་རྒྱས་ཀྱི་ཞིང་དུ་འདོང་ངོ་།། ཀཻའུ་ཤི་ཀ་དེ ་བཞིན་གཤེགས་པ་དེ་བྱུང་ནས། བསྐལ་པ་བཅུ་གཉིས་ཀྱི་བར་དུ་ཉིན་ཅིག་བཞིན་དུ་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཆོས་བཤད་པ་འབྱུང་སྟེ། ཆོས་བསྟན་པ་རེ་རེ་ལ་བྱང་ཆུབ ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་བཅུ་དྲག་གིས་བཟོ་བ་ཐོབ་པར་གྱུར་ཏེ། བཟོད་པ་ཐོབ་པའི་མོད་ལས་སངས་རྒྱས་ཀྱི་ཞིང་དག་ཏུ་འདོང་ངོ་།། ཀེའུ་ཤི་ཀ་བྱང་ཆུབ་སེམས་དཔའ ་ཇི་སྙེད་བཟོད་པ་ཐོབ་ནས་སངས་རྒྱས་ཀྱི་ཞིང་གཞན་དུ་དོང་བ་ཇི་སྙེད་ཀྱི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གིས་མི་སྟོངས་སོ།། ཀེའུ་ཤི་ཀ་འཇིག ་རྟེན་གྱི་ཁམས་རིན་པོ་ཆེའི་ཕུང་པོ་བཀྲམ་པ་དེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་ན་རིན་ཆེན་གཟི་བརྗིད ་མངོན་པར་འཕགས་པའི་རྒྱལ་པོ་དེའི་ཐད་ནས། ལྷའི་བུ་ཟླ་བ་འདི་མི་སྣང་བར་གྱུར་ཏེ། ང་ལ་ལྟ་བ་དང་། འཕྱག་འཚལ་བ་དང་། བསྙེན་བཀུར་བ་དང་། ཞུ་བ་དང་། ་དྲི་བར་བྱ་བ་དང་། ཆོས་ཀྱི་རྣམ་གྲངས་འདི་ཡང་སྐྱེ་བོ་མང་པོ་ལ་རྒྱས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་གཞན་དག་གིས་ཡང་ཆོས་ཀྱི་བཟོད་པ་འདི་ཡོངས་སུ་རྫོགས་པར ་བྱ་བའི་ཕྱིར། སུམ་ཅུ་རྩ་གསུམ་གྱི་གནས་འདིར་གནོས་པར་གྱུར་ཏོ།། ཀེའུ་ཤི་ཀ་ལྷའི་བུ་ཟླ་བ་འདི་ནི་ངའི་ཚེའི་ཐད་གཏུགས་ཀྱི་བར་དུ་དམ་པའི་ཆོས་ཡོངས་སུ་བཟུང་ནས། ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཕྱི་མའི་ཚེ། ཕྱི་མའི་དུས་ན་དམ་པའི་ཆོས་ཡོངས་སུ་བཟུང་ནས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི ་འོག་ཏུ། ཕྱི་མའི་དུས་ན་དམ་པའི་ཆོས་ནུབ་པའི་དུས་ལ་བབ་ན། འདི་ནས་ཤི་འཕོས་ནས་འཛམ་བུའི་གླིང་དུ་མི་རྣམས་དང་བསྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ།། འདི་ལྷའི ་བུ་ཆོས་ཀྱི་རྣམ་གྲངས་ཟབ་མོ་ཟབ་པར་སྣང་བ་འདི་དག་ཡོངས་སུ་འཛིན་པ་ལ་བརྩོན་པར་འགྱུར་རོ།། སེམས་ཅན་འབུམ་ཕྲག་མང་པོ་དག་ཀྱང ་ཆོས་ཀྱི་བཟོད་པ་འདི་ལ་འདོད་པ་བསྐྱེད་པར་འགྱུར། དེ་ཕྱི་མའི་ཚེ་ཕྱི་མའི་དུས་ན་དམ་པའི་ཆོས་ནུབ་པ་ན། མིའི་འཇིག་རྟེན་ནས་འཆི་འཕོས་ནས། དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བར ་འགྱུར་ཏེ། དགའ་ལྡན་གྱི་ལྷའི་གནས་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ལྷན་ཅིག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་འདི་འཛིན་དུ་འཇུག ་པར་འགྱུར་ཏེ། ལྷའི་བུ་འབུམ་ཕྲག་དཔག་ཏུ་མེད་པ་སྔོན་བྱང་ཆུབ་སེམས་མ་སྐྱེས་པ་དག་ཀྱང་སྐྱེད་དུ་འཇུག་པར་འགྱུར་རོ།། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེའི་ཚེ་ན། ལྷའི་བུ་འདི་ནི་འཛམ་བུའི་གླིང་དུ་གནས་ཏེ། ལོ་བཅུའི་བར་དུ་ཁྱིམ་པར ་འདུག་ཅིང་དེ་བཞིན་གཤེགས་པ་བྱམས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བཀུར་སྟི་བྱེད། བླ་མར་བྱེད་པར་འགྱུར། དེ་དེའི་འོག་ཏུ་མི་ཁྲི་སྟོང་དང་ལྷན་ཅིག་ཏུ་ཁྱིམ་ནས ་ཁྱིམ་མེད་པར་རབ་ཏུ་བྱུང་བར་འགྱུར་ཏེ། རབ་ཏུ་བྱུང་ནས་ཀྱང་དེ་བཞིན་གཤེགས་པ་བྱམས་པའི་ཚེའི་ཐད་གཏུགས་པའི་བར་དུ་དམ་པའི་ཆོས་ཡོངསུ་འཛིན་པར་འགྱུར་རོ།། ཡོངས ་སུ་མྱ་ངན་ལས་འདས་ཀྱང་དམ་པའི་ཆོས་ཇི་སྲིད་དུ་གནས་པ་དེ་སྲིད་དུ་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་རོ།། བསྐལ་པ་བཟང་པོའི་སངས་རྒྱས་དགུ་བརྒྱ་དག་བཅུ་རྩ་དྲུག ་འབྱུང་བར་འགྱུར་བ་གང་དག་ཡིན་པ་དེ་དག་ཐམས་ཅད་མཉེས་པར་འགྱུར་ཏེ། མཉེས་པར་བྱས་ནས་ཀྱང་བཀུར་སྟི་བྱེད་པར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད ་ཀྱི་ཐད་དུ་ཚངས་པར་སྤྱད་པ་སྤྱོད་པ་འགྱུརརོ།། དེ་དེའི་འོག་ཏུ་བསྐལ་པ་གང་གཱའི་ཀླུང་བདུན་ཅུའི་བྱེ་མ་སྙེད་འདས་པ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར ་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་འོད་ཅེས་བྱ་བ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ།། དེ་ནས་ལྷའི་བུ་ཟླ་མཆོག ་གིས་ཟླ་བ་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་བུ་ཁྱོད་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ན། ཅི་ཁྱོད་དེ་བཞིན་གཤེགས་པ་ལ་ལྷའི་བུ ་ལྷག་པར་དགའ་བ་དང་། དང་བ་དང་། གུས་པ་སྐྱེ་འམ། དེ་སྐད་ཅེས་སྨྲས་པ་དང་། ལྷའི་བུ་ཟླ་བས་ལྷའི་བུ་ཟླ་མཆོག་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་བུ་དེ་བཞིན་གཤེགས་པ་ནི ་བདུན་པའི་དབང་དུ་འགྲོ་བ་འམ། འཇིགས་པའི་དབང་དུ་འགྲོ་བས། ལུང་བསྟན་པ་ཅུང་ཟད་ཀྱང་མེད་དེ། ལྷའི་བུ་དེ་བཞིན་གཤེགས་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར ་ལུང་སྟོན་པར་ཟད་ན། བདག་གི་དེ་བཞིན་གཤེགས་པའི་ལྷག་པར་དགའ་བ་འམ། དང་བ་འམ། གུས་པ་སྐྱེད་དུ་ཅིག་ཡོད། སྨྲས་པ། ལྷའི་བུ་དང་བ་གང་ལས་ཡོངས་སུ་བཙལ་བར ་བྱ། སྨྲས་པ། དང་བ་སེམས་ལས་ཡོངས་སུ་བཙལ་བར་བྱའོ།། སྨྲས་པ། གང་སེམས་ལ་སེམས་སུ་འདུ་ཤེས་པ་དེས། དང་བ་གང་ལས་བཙལ་བར་བྱ། སྨྲས་པ། གང་ལ་འཛིན ་པ་མེད་པ་དེ་ལ་དང་བ་ཡོད་དོ། སྨྲས་པ། གང་ལ་འཛིན་པ་མེད་པ་དེ་ལ་མཆོག་ཏུ་དང་བ་ཡོད་དམ། སྨྲས་པ། ལྷའི་བུ་འདི་ནི་དང་བ་ཡིན་ཏེ། ་གང་ལ་སྡང་བ་ཡང་མེད། རབ་ཏུ་སྡང་བ་ཡང་མེད་པ་དང་། དང་བ་མེད་པ་དང་། གང་ལ་སོ་སོའི་སྐྱེ་བོའི་དང་བ་མེད་པ་དེ་ལ་ནི་དང་བ་ཡོད་དོ།། དེ་དེ་ལྟར་དང་བར་གྱུར་པས། དེ་ལ་རང ་བཞིན་གྱི་དང་བ་ཡང་མེད་ལ། དེ་ནི་ཕྱིན་ཆད་ཀྱང་སྡང་བར་མི་འགྱུར་རོ།། ལྷའི་བུ་དེ་ལྟ་བས་ན་དང་བ་ཐོབ་པར་འདོད་པས། མྱུར་དུ་ཆོས་ལྔ་སྦྱོར་བ་ཡང་མེད། འབྲལ་བ་ཡང་མེད ་པ་དེ་ལྟར་སྦྱོར་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ལ་ནི་སྦྱོར་བ་ཡང་མེད། འབྲལ་བ་ཡང་མེད་པའི་ཕྱིར་རོ།། དེ་ནས་ལྷའི་བུ་ཟླ་བས་འདི་སྐད་ཅེས་སྨྲས་སོ།། ལྷའི་བུ ་བྱང་ཆུབ་སེམས་དཔའི་བསླབ་པ་ཞེས་བྱ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབས་པ་རྣམས་གང་ཡིན་སྨྲས་པ། ལྷའི་བུ་གང་ལ་ལུས་ཀྱང་མེད། ལུས་ཀྱི་སྡོམ་པ་ཡང་མེད། ་ངག་ཀྱང་མེད། ངག་གི་སྡོམ་པ་ཡང་མེད། ཡིད་ཀྱི་སྡོམ་པ་ཡང་མེད་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡོམ་པའི་མཆོག་ཡིན་ནོ།། གང་ལ་ཡིད་ཀྱང་མེད། འཛིན་པ་ཡང ་མེད། སྩོགས་པ་ཡང་མེད། འདྲི་བ་ཡང་མེད་པ་དེ་ནི། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ཡིན་ནོ།། དེ་ནས་ལྷའི་བུ་ཟླ་མཆོག་གི་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས ་སྨྲས་སོ།། ལྷའི་བུ་ཁྱོད་བསླབ་པ་འདི་ལ་བསླབ་པས། དེ་བཞིན་གཤེགས་པས་ལུང་བསྟན་ཏམ། སྨྲས་པ། ལྷའི་བུ་བདག་ནི་བསླབ་པ་འདི་ལ་བསློབ་པས། དེ་བཞིན་གཤེགས ་པས་ལུང་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་བསླབ་པ་འདི་ལ་ནི་གང་གིས་ཤེས་པར་འགྱུར་བའི་བདག་གམ། བདག་སློབ་པོ་སྙམ་དུ་འཛིན་པ་མེད་དེ། ཡང་དག་པར་ཞུགས ་པ་དེ་ནི་བདག་སློབ་པོ་སྙམ་དུ་དེ་ལྟར་མི་སེམས་སོ།། ཇི་ཙམ་གྱིས་ན་ཡང་དག་པར་ཞུགས་པར་གྱུར། སྨྲས་པ། གང་མཉམ་པ་ཉིད་ལ་སྨོན་པར་མི་བྱེད། འབྲི་བར་མི་བྱེད། ལེན་པར ་ཡང་མི་བྱེད། འདོར་བར་ཡང་མི་བྱེད་པ་དང་། གང་མཉམ་པ་ཉིད་ལ་ཆོས་འདི་དག་ནི་མཆོག་གོ།། ཆོས་འདི་དག་ནི་ངན་པའོ་ཞེས་གཉིས་སུ་མི་འབྱེད་ཅིང་། ཆོས་འདི་ལ་སོ་སོར ་ཡང་དག་པར་སོ་སོར་ཤེས་ཏེ། དེ་ལྟར་ཞུགས་པ་གང་ཡིན་པ་དེ་ནི་ཡང་དག་པར་ཞུགས་པ་ཞེས་བྱའོ།། དེ་ནས་ལྷའི་བུ་ཟླ་མཆོག་གི་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་བུ ་ཁྱོད་ཀྱི་ཆོས་གང་དག་ཐོབ་པ་དང་། ཆོས་གང་དག་སྤངས་པའི་ཕྱིར་དེ་བཞིན་གཤེགས་པས་ལུང་བསྟན་པ། སྨྲས་པ། ལྷའི་བུ་བདག་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་སྤངས་པ་དང་། ་སངས་རྒྱས་ཀྱིས་ཆོས་རྣམས་ཐོབ་པའི་ཕྱིར། དེ་བཞིན་གཤེགས་པས་ལུང་བསྟན་པ་མ་ཡིན་གྱིས། ལྷའི་བུ་བདག་ནི་ཆོས་འདི་དག་མ་སྤངས་མ་ཐོབ་པའི་ཕྱིར། དེ་བཞིན་གཤེག ་པས་ལུང་བསྟན་ཏོ།། སྨྲས་པ། དེ་ལྟར་ན་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་ལུང་སྟོན་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོ་རྣམས་ནི་སོ་སོའི་ཆོས་རྣམས་ཀྱང་མ་སྤངས ་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མ་ཐོབ་པའི་ཕྱིར་རོ།། སྨྲས་པ། ལྷའི་བུ་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱི་ཅི་ཞིག་སྤྲོས་པར་བྱེད། སྨྲས་པ། སྟོང་པ་ཉིད་དང་། ཆོས་ཉིད་སྤྲོས ་པར་བྱེད་དོ།། སྨྲས་པ། སངས་རྒྱས་ཀྱི་ཆོས་དེ་དག་གི་ཅིག་སྤྲོས་པར་བྱེད། སྨྲས་པ། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་སྨོས་པར་བྱེད་དོ།། ་སྨྲས་པ། སྟོང་པ་ཉིད་དང་ཆོས་ཉིད་སྤྲོས་པར་ནུས་སམ། སྨྲས་པ། ལྷའི་བུ་དེ་ནི་མ་ཡིན་ནོ།། སྨྲས་པ། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་སྤྲོས་པར་ནུས་སམ། སྨྲས་པ། ་དེ་མ་ཡིན་ནོ།། ལྷའི་བུ་བདག་གིས་དེ་ལས་བསམས་ཏེ། སོ་སོའི་སྐྱེ་བོའི་ཆོས་རྣམས་མ་སྤངས་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་མ་ཐོབ་པའི་ཕྱིར། དེ་བཞིན་གཤེགས་པས་བདག་ལུང ་བསྟན་ཏོ་ཞེས་སྨྲས་པ་ཅི་སྟོང་པ་ཉིད་དང་། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉི་དང་། ཡང་དག་པའི་མཐའ་བྱང་ཆུབ་ཇི་ལྟར་ལུང་བསྟན་པ་བཞིན་དུ། ཁྱོད་དེ་བཞིན་གཤེགས་པས་བྱང ་ཆུབ་ཏུ་ལུང་བསྟན་ཏམ། སྨྲས་པ། བདག་ནི་སྟོང་པ་ཉིད་དང་ཆོས་ཀྱི་དབྱིངས་དང་དེ་བཞིན་དང་། ཡང་དག་པའི་མཐའ་ཇི་ལྟ་བ་དེ་བཞིན་དུ་ལུང་བསྟན་ཏོ།། ལྷའི་བུ་ཆོས་འདི ་ངག་གི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ལུང་བསྟན་པ་ཡང་དེ་བཞིན་ཏེ། གང་ལུང་བསྟན་ཟིན་པ་ཡང་དེ་བཞིན་ནོ།། གང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འམ། མངོན ་པར་རྫོགས་པར་འཚང་རྒྱ་བ་ཡང་དེ་བཞིན་ནོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་མཆོག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷའི་བུ་ཟླ་བ་འདི་ནི་ཟབ་མོའི་ཤེས། ་པ་དང་ལྡན་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཉིད་ནི་དེ་ཡིན་ཏེ། ལན་ཅིག་ཡང་མི་འདེབས་པ་དེ ་དག་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཁོ་ནས་འདེབས་ལ། ཆོས་ཀྱི་དབྱིངས་ནི་བསྟན་པ་འམ། ལན་གདབ་པ་འམ། བརྗོད་པར་ཡང་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ནི ་བརྗོད་དུ་མེད་ཅིང་བསྟན་དུ་མེད་པའི་ཕྱིར་རོ།། ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་ཁམས་ཀྱང་དེ་དང་འདྲའོ།། སེམས་ཅན་གྱི་ཁམས་ཇི་བཞིན་དུ་སངས་རྒྱས་ཀྱི་ཡུལ ་ཡང་དེ་དང་འདྲའོ།། ཆོས་ཐམས་ཅད་ཀྱང་དེ་དང་འདྲའོ།། ལྷའི་བུ་བྱང་ཆུབ་སེམས་དཔའ་གང་དག་དེ་ལྟར་ཆོས་ཀྱི་དབྱིངས་ཀྱིས་རྗེས་སུ་འགྲོ་བ་དེ་དག་ནི། གཞན་གྱི་དྲིང་མི་འཇོག ་པ་ཞེས་བྱའོ།། གཏམ་འདི་བརྗོད་པ་ན། ཚེ་དང་ལྡན་པ་མེའུ་འགལ་གྱི་བུ་ཆེན་པོ་ཁངས་བཟངས་རྒྱལ་བྱེད་ན་འདུག་ཏེ། འཁོར་མང་པོའི་ཆོས་སྟོན་ཅིང་འདུག་གོ།། དེ་ནས་ཚེ་དང ་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་བསྟན་ལས་ལངས་ཏེ་འཆག་པར་བྱེད་དོ།། དེ་ནས་ཚེ་དང་ལྡན་པ་མེའུ་འགལ་གྱི་བུ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འཛམ་བུའི་གླིང་འདི་ནི་དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྟོངས་སོ།། སེམས་ཅན་དགེ་བའི་བསམ་པ་ཅན་དག་ཀྱང་མང་ན། དེ་དག་ཀྱང་ཆོས་མ་ཐོས་པས ་ཡོངས་སུ་ཉམས་པར་འགྱུར་རོ་སྙམ་མོ།། དེ་ནས་ཚེ་དང་ལྡན་པ་མེའུ་འགལ་གྱི་བུ་ཆེན་པོས་དེ་ཉིད་ཀྱི་ཕྱིར། ལྷའི་མིག་གིས་འཛམ་བུའི་གླིང་འདིར་རྣམ་པར་བལྟས་ན། དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་སློང་ཞིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི ་གྲོང་ཁྱེར་ཆེན་པོ་ན། རྒྱལ་པོ་གཟུགས་ཅན་སྙིང་པོའི་ཁང་པ་ན་བཤོས་གསོལ་བ་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། འདི་ན་བདག ་འདྲ་བའི་དགེ་སློང་འགའ་ལྟ་ཡོད་དམ་སྙམ་པ་དང་། དེས་བདག་དང་འདྲ་བའི་དགེ་སློང་ཞིག་བཅོམ་ལྡན་འདས་ཀྱིས་གཡོན་ལོག་ནས་ཟན་ཟ་ཞིང་འདུག་པ་མཐོང་ནས། དེས་བདག ་གིས་ལུས་ལ་བརྟགས་སོ།། དེས་བརྟགས་ན་དེ་ལ་ཅུང་ཟད་ཀྱང་ཐ་དད་པར་མ་མཐོང་སྟེ། བདག་ཉིད་ཀྱི་ཆུ་ཞེང་དེའི་ཆུ་ཞེང་དེ་ཁོ་ན་འདྲ་ལ། ལྷག་ཆད་མེད་དོ།། ཁ་དོག་དེ་དག་དང་། ་རྟག་དེ་དང་། དབྱིབས་ཐ་དད་པ་མེད་པ་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་འཛམ་བུའི་གླིང་དུ་གཤེགས་སམ་སྙམ་མོ།། དེས་ཤིང་ཡོང་འདུའི་དྲུང་དུ ་བལྟས་ན། དེ་ན་ཡང་དེ་བཞིན་གཤེགས་པ་ལྷའི་ཚོགས་ཀྱིས་བསྐོར་ཏེ། ཆོས་སྟོན་ཅིང་བཞུགས་ལ། ཤ་རིའི་བུ་ཡང་གཡས་ལོགས་ན་འདུག་པ་དང་། མེའུ་འགལ་གྱི་བུ་འདྲ་བའི་དགེ ་སློང་ཡང་གཡོན་ལོག་ན་འདུག་པ་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་དེ་ན་འཁོད་པར་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་མེའུ་འགལ་གྱི་བུ་ཆེན་པོ་ངོ་འཚར་ཆེ་བར་གྱུར་ཏེ། ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ངོ་འཚར་ཆེའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྫུ་འཕྲུལ་ཆེའོ།། ཆེ་བར་ཡང་གྲགས་སོ།། མཐུ་ཡང་ཆེ་སྟེ། འདི་ལྟར་འཛམ་བུའི ་གླིང་ན་ཡང་ཆོས་སྟོན་པའི་རྒྱུན་མི་འཆད་ལ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་ཡང་ཆོས་སྟོན་ཏོ་སྙམ་མོ།། དེ་ནས་མེའུ་འགལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་འཚར་དུ་གྱུར་ནས་འཛམ་བུའི་གླིང ་དུ་རྣམ་པར་ལྟས་ན། དེས་དེ་བཞིན་གཤེགས་པ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་བཞུགས་པ་མཐོང་ངོ་།། ་དེ་ན་ཡང་བདག་ཁོ་ན་དང་འདྲ་བའི་དགེ་སློང་ཁ་དོག་ཀྱང་དེ་དང་འདྲ། རྟགས་ཀྱང་དེ་དང་འདྲ། དབྱིབས་ཀྱང་དེ་དང་འདྲ་བ་ཞིག་མཐོང་ངོ་།། ཤ་རིའི་བུ་དང་། འོད་སྲུང་ཆེན་པོ་དང་། ཀཎྜི ་བུ་ཆེན་པོ་དང་། གང་པོ་དང་། རབ་འབྱོར་དང་། ནམ་གྲུ་དང་། རྟག་ཐུལ་དང་། ཀ་པི་ན་དང་། ཉན་ཐོས་ཆེན་པོ་ཐམས་ཅད་ཀྱང་ཆུ་ཞེང་དེ་ཁོ་ན་བཞིན་དུ་མཐོང་ངོ་།། རྒྱལ་པོའི་ཁབ་ན་ཇི ་ལྟ་བ་བཞིན་དུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་ཡང་དེ་དང་འདྲའོ།། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་ཇི་ལྟ་བ་བཞིན་དུ་སུམ་ཅུ་རྩ་གསུམ་གྱི་གནས་ན་ཡང་དེ་དང་འདྲའོ།། དེ་ནས་ཚེ་དང་ལྡན་པ་མེའུ ་འགལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་མཚར་དུ་གྱུར་ནས། འཛམ་བུའི་གླིང་དུ་རྣམ་པར་ལྟས་ན། དེ་ནས་བཅོམ་ལྡན་འདས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ན། ཤིང་ནྱ་གྲོ་དའི་ཀུན་དགའི་ར་བ་ན ་བཞུགས་པ་དང་། སེར་སྐྱའི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་གཤེགས་པ་མཐོང་སྟེ། དེ་ཡང་མེའུ་འགལ་གྱི་བུ་དང་འདྲ་བའི་དགེ་སློང་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་།། ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡངས་པའི་གྲོང་ཁྱེར་ཆེན་པོ་ན་ལི་ཙ་བྱི་གཞོན་ནུ་དྲི་མ་མེད་པའི་ཟླ་བའི་ཁྱིམ་ན་བཤོས་གསོལ་ཞིང་བཞུགས་པ་མཐོང་སྟེ། དེར་ཡང་བདག་ཁོ་ན་འདྲ་བའི ་དགེ་སློང་ཁ་དོག་དང་འདྲ་བ་དང་། རྟག་དེ་དང་འདྲ་བ་དང་། དབྱིབས་དེ་ང་འདྲ་བ་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དེ་དག་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་མེའུ་འགལ་གྱི་བུ་ཆེན་པོས། ་@དེ་བཞིན་གཤེགས་པ་བ་ར་ན་སའི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་གཤེགས་ནས། སླར་གཤེགས་པར་མཐོང་ངོ་།། དེར་བདག་འདྲ་བའི་དགེ ་སློང་ཁ་དོག་ཀྱང་དེ་དང་འདྲ། རྟགས་ཀྱང་དེ་དང་འདྲ། དབྱིབས་ཀྱང་དེ་དང་འདྲ་བ་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།། དེ་ནས་མེའུ་འགལ་གྱི་བུ་ཆེན་པོས། ་འཛམ་བུའི་གླིང་འདིར་རྣམ་པར་ལྟས་ན། དེ་བཞིན་གཤེགས་པ་བཞུགས་པ་གང་ཡང་རུང་སྟེ། གཙུག་ལག་ཁང་ངམ། འཆགས་ས་འམ། ཤིང་དྲུང་ངམ། རྡོ་ལེབ་བམ། ་ས་ཕྱོགས་གང་ཡང་རུང་བའི་ས་ཕྱོགས་ཇི་སྙེད་པ་དེ་དག་ཐམས་ཅད་དུ་དེ་གཤེགས་པ་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་འདུན་གྱིས་ལྟས་པ་སྤྱོད་ལམ་སྣ་ཚོགས་ཀྱིས ་བཞུགས་པ་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་མེའུ་འགལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་འཚར་དུ་གྱུར་ནས། བྱང་གི་སྒྲ་མི་སྙན་གྱི་གླིང་དུ་རྣམ་པར་ལྟས་ན། དེ་ན་ཡང་དེ་བཞིན་གཤེགས་པ ་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ། བྱང་གི་སྒྲ་མི་སྙན་གྱི་གླིང་ན་བསོད་སྙོམས་ལ་གཤེགས་པ་དང་། བསོད་སྙོམས་བཞེས་ནས་བཤོས་གསོལ་ཞིང་བཞུགས་པ ་མཐོང་ནས། དེ་ན་ཡང་བདག་ཉིད་དང་འདྲ་བའི་དགེ་སློང་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་མེའུ་འགལ་གྱི་བུ་ཆེན་པོས། ཤར་གྱི་ལུས ་འཕགས་གླིང་དུ་རྣམ་པར་ལྟས་ན། དེས་དེར་ཡང་དེ་བཞིན་གཤེགས་པ་སྐྱེ་བོའི་ཚོགས་ཆེན་པོའི་དབུས་ན། དེ་བཞིན་གཤེགས་པ་བཞུགས་པ་མཐོང་སྟེ། དེ་ན་ཡང་བདག་ཉིད་དང ་འདྲ་བའི་དགེ་སློང་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་མཐོང་སྟེ། དེ་བཞིན་དུ་ནུབ་གྱི་བ་གླང་སྤྲོད་ཀྱི་གླིང་ན་ཡང་། དེ་བཞིན་གཤེགས་པས་བསམ་གཏན་ནང་དུ་ཡང་དག ་པར་འཇོགས་པ་ལ་ཞུགས་ཏེ། སྲོག་ཆགས་སྟོང་ཕྲག་དུ་མ་ཕྱག་འཚལ་ཞིང་འདུག་པ་དང་། ཉན་ཐོས་ཆེན་པོ་ཐམས་ཅད་ཀྱང་མེའི་ཁམས་ཀྱི་ཏིང་ངེ་འཛིན་ལ། སྙོམས་པར ་བཞུགས་པ་དག་ཀྱང་མཐོང་སྟེ། དེར་ཡང་བདག་ཉིད་འདྲ་བའི་དགེ་སློང་ཞིག་མཐོང་ངོ་།། དེ་ནས་མེའུ་འགལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་འཚར་དུ་གྱུར་ནས། ས་བླ་རྣམས་ཀྱི་གནས་སུ ་རྣམ་པར་ལྟས་ན། དེ་ན་ཡང་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཆོས་སྟོན་པ་མཐོང་སྟེ། དེ་ན་ཡང་བདག་ཉིད་དང་འདྲ་བའི་དགེ་སློང་དང་། དེ་མ་ཡིན་པའི ་ཉན་ཐོས་ཆེན་པོ་དག་མཐོང་ངོ་།། དེ་བཞིན་དུ་བར་སྣང་གི་ལྷ་རྣམས་ཀྱི་གནས་སུ་རྣམ་པར་ལྟས་ན། དེ་ན་ཡང་དེ་བཞིན་གཤེགས་པ་འཁོར་རྒྱ་ཕྲག་དུ་མ་ལ་ཆོས་སྟོན་པ་མཐོང་སྟེ། ་དེ་ན་ཡང་བདག་ཉིད་དང་འདྲ་བའི་དགེ་སློང་དང་། དེ་མ་ཡིན་པའི་ཉན་ཐོས་དྲུག་མཐོང་ངོ་།། དེ་བཞིན་དུ་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་དང་། ་འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་རྣམས་སུ་ཡང་དེ་དང་འདྲའོ།། དེ་ནས་ཚེ་དང་ལྡན་པ་མེའུ་འགལ་གྱི་བུ་ཆེན་པོས། ཚངས་པའི་འཇིག་རྟེན་གྱི ་བར་སྣང་དུ་རྣམ་པར་ལྟས་ན། ཚངས་ཆེན་གྱི་འཇིག་རྟེན་ན་ཡང་དེ་བཞིན་གཤེགས་པ་ཚངས་པ་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་འདུན་གྱི་ལྟས་ནས། ཆོས་སྟོན་པ་མཐོང་ཏེ། དེ་ན་ཡང་བདག ་ཉིད་དང་འདྲ་བའི་དགེ་སློང་ཁ་དོག་ཀྱང་དེ་དང་འདྲ། རྟགས་ཀྱང་དེ་དང་འདྲ། དབྱིབས་ཀྱང་དེ་དང་འདྲ། ཆུ་ཞེང་ཡང་དེ་ཁོ་ན་འདྲ་བ་མཐོང་ངོ་།། ་མེའུ་འགལ་གྱི་བུ་འདྲ་བའི་དགེ་སློང་དེ་དག་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་ཆོས་སྟོན་ཏོ།། ཐམས་ཅད་ཀྱང་མེའུ་འགལ་གྱི་བུ་ཞེས་བྱས་པར་ཤེས་སོ།། ཤ་རིའི་བུ་འདྲ་བའི་དགེ་སློང་དེ ་དག་ཐམས་ཅད་ཀྱང་། ཤེས་རབ་ཀྱི་སྣང་བ་ཆེན་པོས་འཁོར་འདུན་ན་སེང་གེའི་སྒྲ་སྒྲོགས་ཏེ། དེ་དག་ཐམས་ཅད་ཀྱང་ཤ་རིའི་བུ་ཞེས་གྲགས་ཏེ། དེ་ལྟར་ཉན་ཐོས་ཆེན་པོ་དེ་དག་རང་རང་གི ་སྟོབས་བསྐྱེད་པའི་ཆོས་སྟོན་ཏོ།། དེ་ནས་མེའུ་འགལ་གྱི་བུ་ཆེན་པོ་དགའ་ཞིང་མགུ་ལ། སྤུ་ཟིང་ཞེས་བྱེད་ན། ངོ་འཚར་དུ་གྱུར་ཏེ་དགའ་བ་དང་། མཆོག་ཏུ་དགའ་བ་སྐྱེས་ནས། ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ངོ་འཚར་ཏོ།། ཞེས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཡང་ཆེད་དུ་བརྗོད་དོ།། དེ་ནས་མེའུ་འགལ་གྱི་བུ་ཆེན་པོས་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ།། ་ཞེས་ཚིག་ཏུ་སྨྲ་ཞིང་ཁང་བཟང་རྣམ་པར་རྒྱལ་བྱེད་ནས། ཤུགས་ཆེན་པོས་ཡན་ལག་ལྔས་ཕྱག་འཚལ་ནས། དེའི་ཚེ་ཅ་ཅོའི་སྒྲ་ཆེན་པོ་འཇིག་རྟེན་དུ་གྲགས་ཏེ། སུམ་ཅུ་རྩ་གསུམ་པའི ་གནས་ཐམས་ཅད་གཡོས་སོ།། དེ་ནས་ལྷའི་བུ་འབུམ་ཕྲག་དུ་མ་མི་དགའ་བར་གྱུར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་རྒྱུ་གང་ལགས། རྐྱེན་གང་གིས་ཅ་ཅོ་ཆེན ་པོ་དང་། ས་ཆེན་པོ་གཡོས་པ་འཇིག་རྟེན་དུ་བྱུང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྷའི་བུ་དག ་དགེ་སློང་མེའུ་འགལ་གྱི་བུ་འདི་སངས་རྒྱས་ལ་ཅེས་པར་འཛིན་པའི་ཕྱིར། ས་ཆེན་པོའི་སྟེང་དུ་ཕྱག་བྱས་ཏེ། འདི་ནི་དེའི་མཐུ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་ཅིའི ་སླད་དུ་དགེ་སློང་མེའུ་འགལ་གྱི་བུ་ཆེན་པོ།། ས་ཆེན་པོའི་སྟེང་དུ་ཕྱག་འཚལ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དགེ་སློང་མེའུ་འགལ་གྱི་བུ་དེ་འོང་གིས་དེ ་ལ་དྲིས་ཤིག། དེ་ནས་གནས་བརྟན་མེའུ་འགལ་གྱི་བུ་ཆེན་པོ་ཁང་བཟང་རྣམ་པར་རྒྱལ་བྱེད་ནས་ལངས་ཏེ། ཤིན་ཏུ་མྱུར་བ་དང་། ཤིན་ཏུ་རིང་བར་བཅོམ་ལྡན་འདས་ག་ལ་བ་དེར་སོང་ཏེ ་ཕྱིན་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། སོར་མོ ་བཅུ་ཡིས་ཐལ་མོ་སྦར་ཏེ། བཅོམ་ལྡན་འདས་ལ་ཚིགས་བཅད་པ་དག་གིས་བསྟོད་པ། མགོན་པོ་མཚུངས་མེད་མིའི་དབང་པོ་ཁྱད་པར་རྙེད།། དྲི་མ་གསུམ་གྱི་ཐ་བ་སྤངས་པ ་སེམས་དུལ་བ།། མི་མཆོག་ལྷ་དང་མི་ཡིས་མཆོད་པའི་གནས་གྱུར་པ།། རྒྱལ་བའི་བློའི་སྤོད་པ་བསམ་གྱིས་ཡོངས་མི་ཁྱབ།། ཉི་མ་འབུམ་ཕྲག་མང་པོ་དག་ནི་ཤར་བ་ན།། ་སེམས་ཅན་ལོང་བ་ཀུན་གྱིས་མཐོང་བར་མི་འགྱུར་བ།། དེ་བཞིན་སྟོབས་བཅུ་མངའ་བ་ཀུན་ལོ་འོད་ཟེར་ལྡན།། ཉན་ཐོས་ཀུན་གྱི་ཤེས་པར་སྨྲ་བ་མ་ལགས་སོ།། ཉན་ཐོས་འདི ་ངག་ཐམས་ཅད་དམུས་ལོང་འདྲ་བ་སྟེ།། སངས་རྒྱས་ཐེག་པ་ཞེས་ནི་འཛིན་པ་ཡོང་མི་བགྱིད།། དེ་བཞིན་གཤེགས་པ་ལ་ནི་དད་པས་འཆི་མོས་ཀྱི།། རྒྱལ་བ་དག་གི་ཆོས་ཉིད་ཀྱང ་ནི་ཡོང་མ་འཚལ།། རྒྱ་མཚོ་ཆེན་པོའི་དྲུང་ན་བ་རྗེས་ལྟ་བུ་དང་།། རི་རབ་རྒྱལ་པོ་དང་ནི་ཡུངས་འབྲུ་ཅིག་པུ་ལ། ཉི་མའི་འོད་དང་སྲིན་པོ་མེ ་ཁྱེར་འདྲ་བ་སྟེ།། སངས་རྒྱས་སྤྱན་སྔར་ཉན་ཐོས་འཁོར་རྣམས་དེ་དང་འདྲ།། ལྷུན་པོ་རྣམས་ཀྱང་ཡུངས་འབྲུ་དག་ལ་འདོད་མི་བགྱིད།། མཁའ་ལ་ཉི་མ་གནས་པ་མེ་ཁྱེར་འདོད་མི ་བགྱིད། རྒྱ་མཚོ་ཆེན་པོ་པ་རྗེས་ཆུ་ལ་འདོད་མི་བགྱིས།། བྱང་ཆུབ་སེམས་དཔའ་ཉན་ཐོས་རྣམས་ལ་འདོད་མི་བགྱིད།། དམུས་ལོང་མི་དང་ལྷའི་མིག་ལྡན་ཅི་འདྲ་དང་།། ཕལ་བའི ་མི་དང་འཁོར་ལོ་སྐུར་བ་ཅི་འདྲ་དང་།། ཟླ་བའི་འོད་ཀྱི་སྐར་མ་རྣམས་ནི་ཟིལ་གནོན་པ།། སངས་རྒྱས་སྨན་སྔར་ཉན་ཐོས་འཁོར་རྣམས་དེ་དང་འདྲ།། ལྷ་མོ་སྒྱུ་འཕྲལ་ལ་ནི་ཐུགས ་རྩེའི་དོན་སླད་དུ།། ལྷུན་པོའི་རྩེ་མོ་འདི་ནི་བཞུགས་པ་ན།། སངས་རྒྱས་དང་ནི་དགེ་སློང་དགེ་འདུན་མི་བཞུགས་པས།། བདག་ནི་འཛམ་བུའི་གླིང་འདི་སྟོང་སྙམ་ཡིད་ལ་བགྱིད། ་བཅོམ་ལྡན་བདག་ནི་རྣམ་པར་རྒྱལ་བྱེད་ནང་དུ་མཆིས།། ལྷའི་བུ་མོ་རྣམས་ལ་ཆོས་ནི་སྟོན་པ་ན།། བདག་གིས་ལྷའི་མིག་གིས་འཛམ་བུའི་གླིང་དུ་ལྟས།། གྲོང་ཁྱེར་དང་ནི་ཚོང་འདུས་རྒྱ་ཕྲག་བརྟགས ་བར་བགྱིད།། རྟག་པའི་ཚེ་ན་བདག་གིས་དེར་ནི་རྒྱལ་བ་མཐོང་།། རྒྱལ་པོའི་ཁབ་ན་མཐུ་ཆེན་སྙིང་པོ་ཁབ།། གྲོང་བརྡལ་མི་དང་འཁོར་གྱིས་འདུན་གྱིས་བལྟས་པ་ན།། ཉན་ཐོས་རྣམས་དང་ཐབས ་གཅིག་ཏུ་ནི་བཤོས་ཀྱང་གསོལ།། གཡོན་ལོག་ན་ནི་བདག་གི་ཁ་དོག་དེ་འདྲ་བའི།། མེའུ་འགལ་གྱི་བུ་མཆིས་པ་ཡང་བདག་གིས་མཐོང་།། གཡས་ལོག་ན་ནི་ཤ་རིའི་བུ་མཆིས་གཞན་དག་ཀྱང ་རྒྱལ་བའི་ཉན་ཐོས་ཐམས་ཅད་འཁོད་པ་མཐོང་།། ལྷུན་པོ་ཡི་ནི་སྟེང་དུ་རྒྱལ་བ་གཤེགས་སྙམ་བགྱིད།། བདག་གི་བརྟག་ན་ལྷུན་པོའི་ནི་ཟོམ་ན་བཞུགས་པ་མཐོང་།། བདག་ཉིད ་ཀྱང་ནི་རྒྱལ་པོའི་ཁབ་ན་མཆིས་པ་དང་། ལྷུན་པོའི་རྩེ་མོ་དེ་ཉིད་ན་ཡང་མཆིས་པ་མཐོང་།། གྲོང་ཁྱེར་མཉན་ཡོད་ན་ཡང་འཇིག་རྟེན་མགོན་པོ་ནི།། སྲོག་ཆགས་བྱེ་བ་མང་པོ་དག ་ལ་ཆོས་སྟོན་མཐོང་།། དེ་དག་ན་ཡང་བདག་དང་ཤ་རིའི་བུ་དང་ནི།། ཉན་ཐོས་གཞན་རྣམས་གང་ལགས་དེ་དག་མཐོང་བར་འགྱུར།། ཤཱཀྱ་དག་གི་ནང་དུ་བསོད་སྙོམས་གཤེག ་པ་མཐོང་།། ཡང་བ་ཅན་ན་སླར་གཤེགས་མཐོང་བར་འགྱུར།། བ་ར་ན་སེར་ཡང་ནི་དེ་བཞིན་མཐོང་བར་འགྱུར།། ཐམས་ཅད་དུ་ཡང་བདག་ཉིད་ཀྱི་ནི་ལུས་ཀྱང་མཐོང་།། བྱར ་གིས་སྒྲ་མི་སྙན་གྱི་གླིང་ན་དེ་བཞིན་དུ།། ཚོགས་དང་ལྷན་ཅིག་བསོད་སྙོམས་དག་ལ་རྒྱུ་བ་མཐོང་།། མ་དྲོས་མཚོའི་ནང་ན་ཡང་ཉན་ཐོས་བཅས།། བསོད་སྙོམས་ཞལ་གསོལ ་བདག་གིས་མཐོང་བར་འགྱུར།། དེ་བཞིན་ནུབ་ཀྱི་བ་ལང་སྤྲོད་ཀྱི་ནང་དག་ན།། སེམས་ཅན་བྱེ་བ་ཁྲག་ཁྲིག་མང་པོའི་དོན་མཛད་མཐོང་།། ཐམས་ཅད་མེའུ་འགལ་གྱི་བུ་གང་རྫུ་འཕྲུལ ་གྱི།། སྟོབས་ཀྱི་འགྲོ་བ་རྣམས་ནི་འབུལ་བར་བགྱིད་པ་མཐོང་།། དེ་བཞིན་དུ་ཤར་གྱི་ལུས་འཕགས་གླིང་དག་ན།། མི་རྣམས་ལ་ནི་ཆོས་རྣམས་སྣ་ཚོགས་སྟོན་པ་མཐོང་།། དེ་ན་ཡང་ནི ་བདག་དང་ཤཱ་རིའི་བུ་དག་དང་།། གཞན་ཡང་ཉན་ཐོས་གང་ལགས་དེ་དག་བདག་གིས་མཐོང་།། དེ་བཞིན་ས་བླའི་ལྷའི་གནས་རྣམས་དང་།། བར་སྣང་དག་ན་ཆོས་སྟོན་ཅིང་བཞུགས ་པ་མཐོང་།། ཆོས་ཀྱི་མངའ་བདག་དམ་པ་ཁྱོད་ནི་འཇིག་རྟེན་སྐྱོང་།། བཞི་པོ་དག་ལ་ཆོས་ནི་སྟོན་ཅིང་བཞུགས་པ་མཐོང་།། དེ་བཞིན་དུ་ཡང་འཐབ་བྲལ ་ལྷ་རྣམས་ནང་མཐོང་།། དེ་ནས་ཤཱཀྱ་སེང་གེ་དགའ་ལྡན་དག་ཏུ་མཐོང་།། རབ་འཕྲལ་དག་དང་གཞན་འཕྲུལ་དབང་བྱེད་དག་ན་ཡང་།། མགོན་པོ་ཉན་ཐོས་རྣམས་དང་བཅས་པ་བདག ་གིས་མཐོང་།། ཚངས་པའི་འཇིག་རྟེན་དག་ན་ཚངས་པ་བྱེ་བ་ལ།། ཆོས་རྣམས་སྟོན་ཅིང་བཞུགས་པ་བདག་གིས་མཐོང་བར་འགྱུར།། ཐམས་ཅད་དུ་ཡང་བདག་གི་ལུས་དང་དེ་བཞིན་དུ།། ། ་གཞན་ཡང་རྒྱལ་བའི་ཡོན་ཏན་རྣམས་ནི་བདག་གིས་མཐོང་།། གཙུག་ལག་ཁང་དང་འཆགས་ཤིང་གི་ནི་གནས་རྣམས་དང་།། བུག་རྣམས་གང་ན་སྔན་ཆད་སངས་རྒྱས་བཞུགས ་བཞུགས་པ།། ཐམས་ཅད་དུ་ཡང་ཤཱཀྱ་སེང་གེ་ཅི་འདྲ་བ།། དེ་འདྲའི་ཆོས་ཀྱི་རྒྱལ་པོ་བདག་གིས་མཐོང་བར་འགྱུར།། དཔའ་བོ་ཁྱོད་ཀྱི་ཆོས་ཉིད་འདི་ནི་བདག་གིས་སུ།། མཐོང་། ་ནས་བདག་ནི་སྨད་དུ་འཛིན་པར་འགྱུར།། སངས་རྒྱས་འོད་མཛད་དེ་དག་རྣམས་ཀྱི་རྫུ་འཕྲུལ་མཆོག། འདི་འདྲ་དེ་དག་ངོ་མཚར་རབ་ཏུ་ཆེ་བ་ལགས།། རྣམས་འདྲེན་སུམ་ཅུ་གསུམ ་ན་བཞུགས་པར་མ་བས་ཀྱི།། འཛམ་བུའི་གླིང་ན་ཐམས་ཅད་དུ་ཡང་སྣང་ཞིང་བཞུགས།། གྲོང་རྣམས་དང་ཡུལ་འཁོར་གྲོང་ཁྱེར་དག་ན་ཡང་།། ཁ་དོག་མཐུན་པ་ཡི་ནི་ཆོས ་རྣམས་སྟོན་ཅིང་བཞུགས།། འཇིག་རྟེན་མགོན་པོ་ཁྱོད་ནི་ཇི་ལྟར་མཐོང་བ་བཞིན།། དེ་སྙེད་ཀྱི་ནི་ཤ་རིའི་བུ་བསུས་པོ་ཆེ།། ཀ་པི་ན་དང་ནམ་གྲ་ཀ་ཏྱ་ཡ་ནའི་བུ།། ་གང་པོ་དང་ནི་རབ་འབྱོར་འོད་སྲུང་མཐོང་བར་འགྱུར།། ཐོས་པ་རྒྱ་མཚོ་ལྟ་བུའི་དགེ་བ་ཀུན་དགའ་བོ།། ཀུན་ཏུ་སངས་རྒྱས་རྣམས་ལ་ཞུ་བ་བདག་གིས་མཐོང་།། ཐམས་ཅད་དུ་ཡང་བདག ་གི་ལུས་ནི་མདོག་དང་བརྟགས།། མཚུངས་ཤིང་ལྷག་པ་མ་མཆིས་བདག་གིས་མཐོང་།། སངས་རྒྱས་བསམ་གྱིས་མི་ཁྱབ་རྣམས་ལ་ཕྱག་འཚལ་ཞེས།། བདག་གིས་ལྷུན་པོའི་ཟོ་མ་ལ ་ཆེད་དུ་བརྗོད་པ་བརྗོད།། བདག་གི་སྒྲ་ཡང་ཟིང་ཞེས་བགྱིད་དེ་གུས་པས་གནས།། ཡན་ལག་ལྔ་པོ་རྣམས་ཀྱི་ཀྱང་ནི་ཕྱག་བགྱིད་ལགས།། སྒྲ་སྐད་ཆེན་པོ་གྲགས་པར་འགྱུར།། སྟོང ་གསུམ་ས་བཞི་དག་ཀྱང་རབ་ཏུ་གཡོས་པར་འགྱུར།། ལྷུན་པོའི་རྩེ་མོ་འདི་ཡང་ཀུན་ཏུ་སྣང་བར་འགྱུར།། རྒྱལ་བ་ངེས་པ་དག་གིས་མཐུ་ནི་མཐོང་གྱུར་ན།། ད་ལྟར་བདག་ནི་ཤིན་ཏུ་རིང ་པའི་ཚུལ་གྱིས་སུ།། མི་མཆོག་ག་ལ་བཞུགས་པ་དེར་ནི། བདག་མཆིས་ཏེ།། ཆོས་ཀྱི་རྣམ་པར་དབྱེ་བ་མཁས་པ་རྣམས་ལ་ཞུ།། རྒྱལ་བ་དེ་བཞིན་གཤེགས་པ་ཇི་ལྟར་རྣམ་པར་འཕྲུལ། ་འཛམ་བུའི་གླིང་དང་ལྷའི་འཇིག་རྟེན་དག་དང་ནི།། ལྷོ་ཕྱོགས་དང་ནི་ཤར་ཕྱོགས་བྱང་གི་ཕྱོགས་རྣམས་དང་།། ཚངས་པའི་འཇིག་རྟེན་དང་ནི་བར་སྣང་གནས་བཞུགས་པ།། རྒྱལ་བ ་རྣམས་ཀྱི་དེ་ཉིད་གང་ལགས་པདག་ལ་གསུངས།། སྟོན་པ་ཆེན་པོ་རྫུ་འཕྲུལ་ཆེ་བ་འདི་མཐོང་བས།། དེང་ནི་བདག་གིས་རྙེད་པ་ལེགས་པར་གྱུར།། དེའི་འོག་ཏུ་སངས་ཐེག་པ་དེ། ་དག་ལས།། བདག་ཉིད་དམན་པར་གྱུར་པ་དེང་དུ་མྱ་ངན་བགྱིད།། གལ་ཏེ་བདག་ནི་སེམས་ཅན་རྣམ་པར་གྲོལ་བར་མ་གྱུར་ན།། བྱང་ཆུབ་ཏུ་ནི་ད་ལྟར་སེམས་ཀྱང་བསྐྱེད་པར ་\ུ0f7f། རིག། བཅོམ་ལྡན་བདག་གིས་ཟག་པ་ཟད་པ་བགྱིར་མ་མཆིས།། བདག་ནི་སངས་རྒྱས་ཡེ་ཤེས་འདིའི་གནོད་མ་ལགས།། ཇི་ལྟར་རྒྱ་མཚོ ་རིན་ཆེན་དོན་དུ་སོང་སོང་ན།། ཀྱི་ཧུད་ནོར་བུ་རིན་ཆེན་པོར་ཏེ་འཆིངས་བུ་བླངས།། བྱང་ཆུབ་བོར་ནས་ཉན་ཐོས་གྱུར་པ་གང་ལགས་པའི།། སེམས་ཅན་རྣམས་ཀྱང་ད་ནི་དེ་འདྲར་མཁྱེན ་པར་མཛོད།། སེམས་ཅན་དམན་པ་ངན་པའི་ལྟ་བ་ཅན་དག་གིས།། རྒྱ་ཆེན་བྱང་ཆུབ་ཏུ་ནི་སེམས་ཀྱང་བསྐྱེད་མི་འགྱུར།། བརྩོན་འགྲུས་ལྡན་ཞིང་མཐུ་རྩལ་བརྟག་པ་གང་ལགས་པ། ་དེ་དག་སངས་རྒྱས་ཡེ་ཤེས་ལ་ནི་འདུན་པ་སྐྱེད།། མགོན་པོ་བདག་ཟིལ་མོ་སྦྱར་ནས་སངས་རྒྱས་ཀྱི།། ཡེ་ཤེས་མཆོག་ཞུགས་གང་ལགས་པ་ལ་ཕྱག་ཀྱང་འཚལ།། ཤཱཀྱ་སེང་གེ ་བཞིན་དུ་དེ་དག་རྣམ་པར་འཕྲུལ།། བདག་ནི་འདི་ལ་ཡིད་གཉིས་མི་འཚལ་དོག་སོ་མ་མཆིས།། དེ་ནས་བཅོམ་ལྡན་འདས་ཀྱིས།། ཚེ་དང་ལྡན་པ་མེའུ་འགལ་གྱི་བུ་ཁྱོད་ཀྱི་ཡུལ་ཇི་ལྟ་བ་བཞིན ་དུ་ཁྱོད་ཀྱིས་མཐོང་ཞིང་ལྟ་བར་ཟད་ཀྱི།། མེའུ་འགལ་གྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི།། སངས་རྒྱས་ཀྱི་ཡུལ་བསམ་གྱི་མི་ཁྱབ་པ་གང་ཡིན་པ་དེ་ནི།། སེམས་ཅན་ཐམས ་ཅད་རང་སངས་རྒྱས་སུ་གྱུར་པས་ཀྱང་ཀན་ཤེས་པ་འམ།། རྣམ་པར་ཤེས་པ་འམ། རྣམ་པར་ཤེས་པར་མི་ནུས་ན། ཉན་ཐོས་ཕྱོགས་གཅིག་པ་སྨོད་ཅིང་། ཕྱོགས་གཅིག་གི་ཤེས་པ་དང་ལྡན ་པ་ཁྱོད་ཀྱི་ལྟ་ག་ལ་ཤེས།། མེའུ་འགལ་བྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས ་འཁོར་འདུས་པ་རྣམས་མི་འཁོར་དུ་ཆུག་ཤིག། ་སྟོན་གྱིས། དེའི་བར་དུ་འཁོར་མ་འོངས་པ་རྣམས་ནི་སྔས་ཤིག།། བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ། ཚེ་དང་ལྡན་པ་མེའུ་འགལ་གྱི་བུ་ཆེན་པོས། བཅོམ་ལྡན་འདས ་ཀྱི་ལྟར་མཉན་ནས། ལུས་འབར་ཞིང་འོད་ཟེར་དག་འགྱེད་བཞིན་དུ། དེའི་ཚེ་ཚངས་པའི་འཇིག་རྟེན་དུ་འདུག་ནས། གླིང་ཆེན་པོ་བཞིའི་འཇིག་རྟེན་གྱི་ཁམས་སུ་སྐད་ཀྱི་བསྒོ་སྟེ། དེའི ་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། བསྐལ་པ་བྱེ་བ་ཁྲག་ཁྲིག་རྣམས་སུ་ཡང་།། དེ་བཞིན་གཤེགས་རྣམས་འབྱུང་བ་ཤིན་ཏུ་དཀོན།། ཨུ་དམ་པ་རའི་མེ་ཏོག་ཇི་ལྟ་བ།། འདྲེན ་བྱ་རྣམས་མཐོང་བ་ཡང་དེ་དང་འདྲ།། འཁོར་ལོས་སྒྱུར་བའི་རྒྱལ་པོ་རྫུ་འཕྲུལ་ཆེ།། བསོད་ནམས་སྟོབས་དང་རིན་ཆེན་བདུན་ལྡན་འདོད་པ་གང་ཡིན་པ།། དེ་ནི་སོང་ལ་སངས་རྒྱས ་ཆོས་ཉོན་ཅིག། རྒྱ་བྱིན་ཚངས་པར་འགྱུར་བ་སུ་འདོད་དང་།། འདིར་ནི་ལྷ་མིའི་བདེ་བ་གཞན་དག་གིས།། དགའ་ཞིང་རྩི་ལ་རྟག་ཏུ་བདེ་ལྡན་འདོད།། དེ་ནི་ཆོས་ཀྱི་རྒྱལ་པོ་ལྟར ་སོང་ཤིག། ཉོན་མོངས་ཀུན་སྐམས་ཞི་བ་མྱ་ངན་འདས།། བདུད་རྩི་རིག་དང་རྫུ་འཕྲུལ་སྟོབས་གནས་ནས།། རྣམ་པར་འཕྲུལ་པར་འདོད་པ་གང་ཡིན་པ།། དེ་ནི་སོང་ལ་རྒྱལ་བའི་ཆོས ་ཉོན་ཅིག། རང་སངས་རྒྱས་སམ་ཉན་ཐོས་འགྱུར་བ་འམ།། ཡང་ན་སྟོབས་བཅུས་དཔུང་བཅས་བདུད་བཏུལ་ནས།། སངས་རྒྱས་རྐང་གཉིས་མཆོག་འགྱུར་གང་འདོད་པ།། དེ་ནི་ཆོས ་ཀྱི་མངའ་བདག་ལྟར་སོང་ཤིག། དེ་ནས་གནས་བརྟེན་མེའུ་འགལ་གྱིས་བུས་བསྐུལ་པའི་ལྷ་བྱེ་བ་ཁྲིག་ཁྲིག་འབུམ་ཕྲག་དུ་མ་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི། ་ལྷའི་བུ་རྣམས་མྱུར་བར། ཤིན་ཏུ་རིང་བར་མེ་ཏོག་དང་། སྤོས་དང་། ཕྱེ་མ་ཁྱེར་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། བཅོམ་ལྡན ་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་ཚེ་དང་ལྡན་པ་མེའུ་འགལ་གྱིས་བྱས་རྫུ་འཕྲུལ་དེ་བཏང་ནས། བཅོམ་ལྡན་འདས་ཀྱི ་སྤྱན་སྔར་འདུག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མེའུ་འགལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མེའུ་འགལ་གྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང ་ཤིག་དང་། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱིས་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་བཤད་དོ།། བཅོམ་ལྡན་འདས་དེ་ལྟར་འཚལ ་ལོ།། ཞེས་གསོལ་ཏོ།། ཚེ་དང་ལྡན་པ་མེའུ་འགལ་གྱི་བུ་བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། མེའུ་འགལ་གྱི་བུ། སྟོང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཟླ་བ་བྱེ་བ་ཕྲག་བརྒྱ་དང་། རྒྱ་མཚོ་བྱེ་བ་ཕྲག་བརྒྱ་དང་། རིའི་རྒྱལ་པོ་རི་རབ་བྱེ་བ་ཕྲག་བརྒྱ་དང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས ་བྱེ་བ་ཕྲག་བརྒྱ་ཡོད་དེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཡིན་ནོ།། མེའུ་འགལ་གྱི་བུ་འདི་ཇི་སྙམ་དུ་སེམས། གླིང ་ཆེན་པོ་བཞི་པ་འདི་འབའ་ཞིག་ཏུ། ང་མངོན་པར་རྫོགས་པར་སངས་རྒྱས་ཀྱི་གླིང་གཞན་དུ་མ་ཡིན་ནོ་སྙམ་དུ་སེམས་ན། མེའུ་འགལ་གྱི་བུ་ཁྱོད་ཀྱིས་དེ་དེ་ལྟར་ལྟ་བར་མི་བྱ་སྟེ། གླིང་ཆེན ་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་རྣམས་ཇི་ལྟར་ཡོངས་སུ་སྨིན་པ་བཞིན་དུ་ང་ཆོས་སྟོན་ཏེ། ཁ་ཅིག་ཏུ་ནི་མངོན་པར་རྫོགས་པར་སངས་རྒྱས། ཁ་ཅིག་ཏུ་ནི་དདུང ་མའི་མངལ་ན་གནས་ཅིག་ཏུ་ནི་དགའ་ལྡན་གྱི་གནས་སུ་འདུག། ཁ་ཅིག་ནི་ཡོངས་སུ་མྱ་ངན་ལས་འདས་པར་ཡང་ངས་ཡང་དག་པར་ཤེས་སོ།། མེའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང ་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན། ཤར་ཕྱོགས་སུ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཁྲི་ཉིས་སྟོང་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་རྡུལ་མེད ་ཅེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡུལ་བྲལ་བློ་གྲོས་ཞེས་བྱ་བ་དེ་ལྟར་ཆོས་སྟོན་ཏོ།། མེའུ་འགལ་གྱི་བུ་གླིང ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན་འཁོད་པའི་སེམས་ཅན་དེ་ནི་འདོད་ཆགས་ཆུང་བ་དང་། ཞེ་སྡང་ཆུང་བ་དང་། གཏི་མུག་ཆུང་བ་དང་། བྱད་བཟང་བ་དང་། ལེགས་པར ་བཤད་ཀྱིས་བྱ་བར་བྱེད་པ་ཡིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའི་ཐེག་པ་ནི་ཉུང་བ་སྟེ། ཕལ་ཆེར་ཉན་ཐོས་ཀྱི་ཐེག་པ་ཡིན་ནོ།། མེའུ་འགལ་གྱི་བུ་དེ་བཞིན་གཤེགས་པ་དགྲ་བཙོ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡུལ་བྲལ་བློ་གྲོས་དེ་ལ། ཆོས་བསྟན་པ་རེ་རེ་ལ་ཉན་ཐོས་བྱེ་བ་ཕྲག་དགྲ་བཅུ་རྩ་དགུ་དགུ་འདུལ་བར་བྱེད་དོ།། དེ་ལྟར་འདི་ནི་རྒྱུན་དུ་ཞུགས ་པ་ཞེས་བྱ་བ་དང་། ལན་ཅིག་ཕྱིར་འོང་བ་ཞེས་བྱ་བ་དང་། ཕྱིར་མི་འོང་བ་ཞེས་བསྟན་པར་དེ་ལྟ་བུའི།། དེ་དགེ་སྦྱོང་གི་ཚུལ་གྱིས་འབྲས་བུ་བཞི་རྣམ་པར་བཞག་པ་ནི་དེ་ན་མེད་ཀྱི། ་བྱ་བྱ། དེ་དག་ཐམས་ཅད་ནི་བསྟན་གཅིག་ལ་འདུག་པ་ཤ་སྟག་སྟེ། ཁ་ཅིག་ནི་མངོན་པར་ཤེས་པ་མངོན་སུམ་དུ་བྱེད་ཅིང་། རྣམ་པར་ཐར་པ་བརྒྱད་རྗེས ་སུ་ཐོབ་པ་དང་། ཡེ་ཤེས་ཆེན་པོ་ཐོབ་ནས་ཤིང་རྟ་ལ་བདུན་སྲིད་ཙམ་དུ་ནམ་མཁའ་ལ་མངོན་པར་འཕགས་ནས། རང་གི་མེའི་ཁམས་ཀྱིས། རང་གི་ལུས་སྲེག་པར་བྱེད་དེ། ་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་ཐལ་མོའི་བག་ཙམ་ཡང་མེད་དོ།། མེའུ་འགལ་གྱི་བུ་དེ་ལྟར་ན། དེ་བཞིན་གཤེགས་པ་དེ་རྒྱུན་མི་ཆད་པར་ཆོས་སྟོན་ཅིང་སེམས ་ཅན་རྣམ་པར་གྲོལ་བར་བྱེད་ལ། རྒྱུན་མི་ཆད་པར་ཉན་ཐོས་རྣམས་ཡོངས་སུ་མྱ་ངན་ལས་ཟླ་བར་བྱེད་དོ།། དེ་ན་སྦྱིན་པ་ཡང་མེད། ལེན་པ་ཡང་མེད་དོ།། གཟའ་བ་དང་། ་བཏང་བ་དང་། གོས་རྣམས་ཀྱང་བསམས་པ་ཙམ་གྱིས་འབྱུང་བར་འགྱུར་ཏེ། དཔེར་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་འདྲའོ།། དེ་ན་སེམས་ཅན་མངལ་ན་གནས ་པ་མེད་དོ།། རྫུས་ཏེ་སྐྱེའོ།། ས་གཞི་ཆེན་པོ་དེ་ཡང་གསེར་ལས་གྲུབ་པ་ཡིན་ནོ།། མེའུ་འགལ་བུ་དེ་བཞིན་གཤེགས་པ་རྡུལ་བྲལ་བློ་གྲོས་དེའི་འཇིག་རྟེན་གྱི་ཁམས་དེ་ན། མི་དེ ་དག་གི་ཚེའི་ཚད་ནི་ལོ་ལྔ་བརྒྱ་ཐུབ་སྟེ། བར་མ་དོར་འཆི་བ་མེད་དོ།། མེའུ་འགལ་གྱི་བུ་འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྡལ ་བྲལ་བློ་གྲོས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མེའུ་འགལ་གྱི་བུ་ཁྱོད་ཀྱི་དེ་ལྟར་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ནི་འཇིག་རྟེན་གྱི་ཁམས་དེ་ན། མིང་དེ་སྐད་བྱ་བ ་ཆོས་སྟོན་ཏོ།། མེའུ་འགལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲལ་ཡིན་ཏེ། དེ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་འཇུག་པར ་མི་ནུས་ཏེ། མེའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན། ལྷོ་ཕྱོགས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཁྲི་བརྒྱད་སྟོང་འདས་པ་ན།། ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན། རིན་ཆེན་འབྱུང་ཞེས་བྱ་བ་རིན་པོ་ཆེ་སྣ་བཞི་ལྟ་སྟེ། གསེར་དང་། དངུལ་དང་། ཤེལ་དང་། རྡོའི་སྙིང་པོ་ལས་གྲུབ་པ་ཞིག ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་ཕུང་པོ་ཞེས་བྱ་བ་ད་ལྟར་ཆོས་སྟོན་ཏེ། མེའུ་འགལ་གྱི་བུ་དེ་བཞིན་གཤེགས་པ ་དེ་ན་ཤས་ཆེར་རང་སངས་རྒྱས་ཀྱི་ཐེག་པ་རྣམས་ལས་རྩམས་ནས་ཆོས་སྟོན་ཏེ། དེ་ན་ནི་ཉན་ཐོས་ཀྱི་ཐེག་པ་དག་ཀྱང་ཉུང་ངོ་།། བྱང་ཆུབ་སེམས་དཔའི་ཐེག་པ་དག་ཀྱང་ཉུང་ངོ་།། རང་སངས ་རྒྱས་ཀྱི་ཐེག་པ་པའི་སེམས་ཅན་གང་དག་འཇིག་རྟེན་གྱི་ཁམས་དེ་ནས་ཤི་འཕོས་ནས། འཇིག་རྟེན་གྱི་ཁམས་གཞན་སངས་རྒྱས་ཀྱི་ཞིང་སྟོང་པ་དག་ཏུ་སྐྱེ་བར་འགྱུར་ཏེ། དེ་དག་རྐྱེན་གཉིས ་ཀྱིས་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ།། མེའུ་འགལ་གྱི་བུ་འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་རིན་ཕྲེང་པོ་ཞེས་བྱ་བ་དེ་གཞན ་ཞིག་ཡིན་སྙམ་དུ་སེམས་ན། མེའུ་འགལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་ལྟ་བར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ།། ་མེའུ་འགལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ཉན་ཐོས་དང་རང་སངས་རྒྱས ་ཐམས་ཅད་ཀྱི་འཇུག་པར་མི་ནུས་སོ།། མེའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ནས། ནུབ་ཕྱོགས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས ་རིན་པོ་ཆེ་སྣ་ཚོགས་ཅན་ཞེས་བྱ་བ། རིན་པོ་ཆེ་སྣ་བདུན་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་དང་། རྡོའི་སྙིང་པོ་དང་། མུ་ཏིག་དམར་པོ་དང་། སྨུག་ལས་གྲུབ་པ་བཞི་ཡོད་དེ། མེའུ ་འགལ་གྱི་བུ་འཇིག་རྟེན་གྱི་ཁམས་དེ་ན། རིན་པོ་ཆེ་ལས་བྱས་པའི་འཆགས་ས་དག་དང་། རིན་པོ་ཆེ་ལས་བྱས་པའི་ཁང་བརྩེགས་པ་དག་དང་། རིན་པོ་ཆེའི་སྟེགས་བུ་དུ་མས་བརྒྱན་པའི་རྫིང་དག ་ཀྱང་ཡོད་དོ།། གཟའ་བ་དང་། གཏུང་བ་དང་། གོས་བསམས་པ་ཙམ་གྱིས་འབྱུང་བར་འགྱུར་ཏེ། དཔེར་ན་དགའ་ལྡན་གྱི་ལྷ་རྣམས་ཀྱིས་ཉེ་བར་སྤྱོད་པ་དང་། ལོངས་སྤྱོད་ཇི་ལྟ་བ་བཞིན་དུ། ་འཇིག་རྟེན་གྱི་ཁམས་དེ་ན་འཁོད་པའི་མི་དེ་དག་གི་ཉེ་བར་སྤྱོད་པ་དང་། ལོངས་སྤྱོད་པ་ཡང་དང་འདྲའོ།། དེ་ན་བུད་མེད་ཀྱི་མིང་ཡང་མི་སྐྲག་གོ།། དོན་བུད་མེད་ཀྱི་སྐྱེ་བ་ཡང་མེད་དོ།། དེ་ན་སེམས ་ཅན་དེ་དག་འཁྲིག་པའི་ཆོས་ཀུན་ཏུ་སྤྲོད་པ་ཡང་མེད་དོ།། སེམས་ཅན་དེ་དག་འདོད་པའི་རྟོག་པ་ཡང་མི་བྱེད། གནོད་སེམས་ཀྱི་རྟོག་པ་ཡང་མི་བྱེད་དོ།། དེ་ན་སུ་ཡང་མངལ་ན་གནས་པ ་ཡང་མེད་དེ། སེམས་ཅན་དེ་དག་རྫུས་ཏེ་སྐྱེ་ཞིང་དཀྱིལ་མོ་དཀྲུང་བཅས་བཞིན་དུ་འབྱུང་ངོ་།། མེའུ་འགལ་གྱི་བུ་རིན་པོ་ཆེ་སྣ་ཚོགས་ཅན་གྱི་འཇིག་རྟེན་གྱི་ཁམས་དེ་ན། དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་ཞེས་བྱ་བ་ད་ལྟར་ཆོས་སྟོན་ཏེ། བྱང་ཆུབ་སེམས་དཔའ་སྡེ་སྣོད་ཅེས་བྱ་བ་ཆོས་ཀྱི་རྣམ་གྲངས་ཀྱི་རྡོ་རྗེའི་ཚིག་འཁོར་གསུམ ་ཡོངས་སུ་ཆད་པའི་ཕ་རོལ་ཏུ་ཕྱིན་པ་དྲག་དང་ལྡན་པ་མ་གཏོགས་པར་གཏམ་གཞན་མི་གསུང་ངོ་།། དེ་ནས་སེམས་ཅན་དཔག་ཏུ་མེད་པ་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་དོ།། སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ།། སེམས་ཅན་དཔག་ཏུ་མེད་པ་དག་ནི་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ།། དེ་ན་ཐེག་པ་གཉིས་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་གཞག་པ་ཡང་མེད། བྱང་ཆུབ ་སེམས་དཔའི་ཉེས་པའི་དྲི་ང་བ་མེད་འབྲིག་པ་དང་འབྲལ་བ་འགའ་ཞིག་གིས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ཡོངས་སུ་གང་ངོ་།། དེ་བཞིན་གཤེགས་པ་དེའི་ཚེའི་ཚད་ནི།། ་ལོ་བརྒྱད་ཁྲི་ཐུབ་པོ།། མི་དེ་དག་ནི་བར་མ་དོར་འཆི་འཕོ་བ་ཡོད་དོ།། སེམས་ཅན་དུ་ཡང་དེ་ནས་ཤི་འཕོས་ནས། སེམས་ཅན་དམྱལ་བ་འམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི ་འཇིག་རྟེན་ནམ། མི་ཁོམ་པ་རྣམ་སུ་སྐྱེ་བ་མེད་དོ།། བྱང་ཆུབ་སེམས་དཔའ་ཕལ་ཆེར་ཤི་འཕོས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གཞན་དག་ཏུ་སྐྱེ་བར་འགྱུར་རོ།། གླིང་དེ ་དག་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་འཁོད་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་བློ་གྲོས་གཅིག་གོ།། ལྷ་དང་། ཀླུ་དང་། ་གནོད་སྦྱིན་དང་། དྲི་ཟ་དེ་དག་སངས་རྒྱས་ཀྱི་ཆོས་འགའ་མ་གཏོགས་པར་གཞན་ལ་དགའ་བ་མི་བསྐྱེད་དོ།། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ་དྲི་ཟ་དེ་དག་ཀྱང་ལྷ་ཞེས་བྱ་བ་འམ། ཀླུ་ཞེས་བྱ་བ་འམ། དྲི་ཟ་ཞེས་བྱ་བ་འམ། མི་ཞེས་བྱ་བར་མིང་དུ་གདགས་པ་ཙམ་ཡོང་བར་ཐ་དད་དབྱེར་མེད་དོ།། མེའུ་འགལ་གྱི་བུ་འདི་ཇི་སྙམ ་དུ་སེམས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་ལྡན། འཇིག་རྟེན་གྱི་ཁམས་དེ་ན་ཆོས་སྟོན་པ་གང་ཡིན་པ་དེ་གཞན་ཞིག་ཡིན ་སྙམ་དུ་སེམས་ན། མེའུ་འགལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ།། མེའུ་འགལ་གྱི་བུ་འདི ་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲལ་པའི་ཆོ་འཕྲལ་ཡིན་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཀུན་ཤེས་པར་སླ་བ་མ་ཡིན་ནོ།། མེའུ་འགལ་གྱི ་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ནས། བྱང་ཕྱོགས་སུ་གླིང་ཆེན་པོ་འཇིག་རྟེན་གྱི་ཁམས་སུམ་ཁྲི་དྲུག་སྟོང་འདས་པ་ན། གླིང་ཆེན་པོ་བཞི་པའི ་འཇིག་རྟེན་གྱི་ཁམས་འཇིག་མེད་ཅེས་བྱ་བ་ན། རིན་པོ་ཆེ་སྣ་གཉིས་ཏེ། གསེར་དང་། དངུལ་ལས་གྲུབ་པ་ཞིག་ཡོད་དེ། དེ་ན་སེམས་དམྱལ་བའི་འཇིག་པ་ཡང་མེད། ་དུད་འགྲོའི་སྐྱེ་གནས་ཀྱི་འཇིག་པ་ཡང་མེད། མི་ཁོམ་པའི་འཇིག་པ་ཡང་མེད། ངན་འགྲོའི་འཇིགས་པ་ཡང་མེད། དེ་ན་སེམས་ཅན་སུ་ཚུལ་ཁྲིམས་ཉམས་པ་འམ། ལྟ་བ ་། ཉམས་པ་མེད་པ་དེ་ལྟ་བས་ན་ཡང་དག་པ་མ་ཡིན་པ་དང་། སྒྱུ་མ་ལྟ་བུར་ཤེས་པའི་ཆོས་ཐམས་ཅད་ནི། ཆོས་ཀྱི་དབྱིངས་སུ་ཁྱད་པར་རམ། ཐ་དད་དུ་དབྱེར་མེད་དོ།། མེའུ་འགལ ་གྱི་བུ་དེ་བཞིན་གཤེགས་པ་ནི་གཞེད་ན། འཇིག་རྟེན་གྱི་ཁམས་གཅིག་ཏུ་ཡང་། མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་དེ་བཞིན་གཤེག་པ་དེའི་རང་བཞིན་དང་། ཆུ་ཞེང་དང་ལྡན ་པ་གང་གའི་ཀླུང་གི་བྱེ་མ་སྙེད་སྤྲུལ་མ་མཛད་དེ། དེ་དག་ཀྱང་རྣམ་པ་དྲུག་ཅུ་དང་ལྡན་པ་དག་གོ་ཆོས་སྟོན་ཏོ།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་ཀྱང་། སེམས་ཅན། ་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་མཁྱེན་ཏོ།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་ཇི་ལྟར་མོས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་ཇི་ལྟར་མོས་པའི་སེམས་ཅན་རྣམས ་མོས་པ་དང་། དབང་པོ་ཇི་ལྟ་བ་བཞིན་དུ་འཇུག་པའི་ཤེས་པ་བསྐྱེད་པའི་ཕྱིར་ཆོས་སྟོན་ཏོ།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་ཆོས་བསྟན་པ་ལས། སེམས་ཅན་ཚོགས ་ངེས་པར་འབྱུང་བར་ཏེ། དེ་ལྟར་སྡུག་བསྔལ་ཡང་དག་ཟད་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཆོ་འཕྲུལ་རྣམ་པ་བཞིས་ཆོས་སྟོན་ཏོ།། དེ་བཞིན་གཤེག ་པ་དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱང་ཡང་དག་པར་སྟོན་ཏོ།། མེའུ་འགལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེ་དག་ཆེས་ཁྱད་པར་འཕགས་པ་འམ། ཆོས ་གཟུགས་དང་ལྡན་པ་འམ། ཆོས་ཁ་དོག་དང་ལྡན་པ་འམ། ཆོས་སྤོབས་པ་དང་ལྡན་པ་འམ། ཆོས་ཡེ་ཤེས་དང་ལྡན་པ་འམ། ཆོས་རྫུ་འཕྲུལ་དང་ལྡན་པ་འམ། ཆོས་སྟོན་པ ་། དང་ལྡན་པ་འམ། ཆོས་སེམས་ཅན་ཡོངས་སུ་སྤྲུལ་པ་དང་ལྡན་པ་ཡིན། གསོལ་པ། བཅོམ་ལྡན་འདས་དེ་ལ་ནི་ཐ་དད་པ་མི་ནུས་ལགས་སོ།། ། ་བཀའ་སྩལ་པ། མེའུ་འགལ་གྱི་བུ་དེ་ལྟ་བས་ན་རྣམ་གྲངས་འདིས་ཀྱང་ཆོས་ཐམས་ཅད་ནི་སྤྲུལ་པའི་ངོ་བོ་ཉིད་དེ། ཁྱད་པར་ཡང་མེད་ཐ་དད་དུ་དབྱེར་ཡང་མེད་པ་དེ་ལྟར་རིག་པར་བྱའོ།། ། ་མེའུ་འགལ་གྱི་བུ་ཆོས་ཐམས་ཅད་སྤྲུལ་པའི་ངོ་བོ་ཉིད་དུ་ཤེས་པ་གང་ཡིན་པ་དེ་ནི་སོ་སོའི་སྐྱེ་བོ་རྣམས་ལ་ཡང་ཐ་དད་པར་དབྱེ་བར་མི་འདོད་ན། སངས་རྒྱས་བཅོམ་ལྡན་འདས་རྣམས ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། མེའུ་འགལ་གྱི་བུ་ཆོས་ཐམས་ཅད་ནི་རང་བཞིན་གྱི་སྟོང་པ། ཀུན་ཏུ་བརྟགས་པ་དང་། ཡོངས་སུ་བརྟགས་པ་ལས་བྱུང་བ་སྟེ། དེ་དག་ལ་ཇི ་ལྟར་འདོད་པ་བཞིན་དུ་རྣམ་པར་སྒྲུབ་མོད་ཀྱི། ཆོས་ཀྱི་དབྱིངས་ནི་སྐྱེ་བ་ཡང་མེད། འཇིག་པ་ཡང་མེད་དོ།། མེའུ་འགལ་གྱི་བུ་ཆོས་ཀྱི་དབྱིངས་དེ་ནི། དེ་བཞིན་གཤེགས་པས ་དེ་བཞིན་དུ་ཐུགས་སུ་ཆུད་དེ། དེ་ཐུགས་སུ་ཆུད་པའི་ཕྱིར་དེ་བཞིན་གཤེགས་པས་སྤུའི་ཁུང་བུ་གཅིག་ནས། འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་མདུན ་དུ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ལ། དེ་དག་ཀྱང་གཅིག་གིས་གཅིག་མི་ཤེས་སོ།། མེའུ་འགལ་གྱི་བུ་འཛམ་བུའི་གླིང་ལྟ། ་ཞོག་གིས། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལྷ་འམ། མི་འམ། དེ་མ་ཡིན་པའི་སྐྱེ་གནས་ན། གནས་པ་ཇི་སྙེད་པའི་སེམས་ཅན་དེ་དག་ཐམས ་ཅད་ཀྱི་འདུན་དུ། དེ་བཞིན་གཤེགས་པའི་སྒྲའི་ཁུང་བུ་གཅིག་ནས། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ལ། དེ་དག་ཀྱང་གཅིག་པ་འམ། ་ཆོ་ག་ཉམས་པ་མེད་དོ།། དེ་ན་གཞན་མུ་སྟེག་ཅན་སྤྱོད་དང་ཀུན་ཏུ་ཆུ་རྣམས་ཀྱི་མིང་དུ་གདགས་པ་ཡང་མེད། མེའུ་འགལ་གྱི་བུ་འཇིག་རྟེན་གྱི་ཁམས་འཇིགས་མེད་ན་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིགས་མེད་སྦྱིན་བྱ་བ་ད་ལྟར་ཆོས་སྟོན་ཏེ། མེའུ་འགལ་གྱི་བུ་དེ་བཞིན་གཤེགས་པ་དེ་ནི། འདི་ལྟ་སྟེ། ་ཉན་ཐོས་སུ་འགྱུར་བ་དང་། རང་སངས་རྒྱས་སུ་འགྱུར་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བའི་ཐེག་པ་གསུམ ་ལས་བརྩམས་ཏེ། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།། མེའུ་འགལ་གྱི་བུ་དེ་བཞིན་གཤེགས་པ་དེ་གང་གི་ཚེ། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི ་ཕྱིར། བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བར་འདོད་ན། བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་པ་དེ་ལ། བདུད་བློ་གྲོས་བཟང་པོ་ཞེས་བྱ་བ་ལ་སོགས་པ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ ་གཉིས་འོང་བར་འགྱུར་རོ།། དེའི་ཚེ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་བར་གྱུར་པ་ད་དང་ཐམས་ཅད་མཁྱེན་པ་མ་ཐོབ་པ་དེས་བདུད་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་བྱང་ཆུབ ་ཀྱི་ཤིང་སྤྲུལ་པར་བྱེད་དོ།། བྱང་ཆུབ་ཀྱི་ཤིང་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་རང་རང་གི་ཤིང་དྲུང་ན་འདུག་པ་དེ་དག་སྤྲུལ་ཏེ། དེར་བདུད་དེ་དག་ངོ་འཚར་དུ་གྱུར་ནས། ་། ཡང་དག་པའི་བྱང་ཆུབ་སེམས་དཔའ་དེ་གང་ཡིན། བདག་ཅག་གིས་གང་གི་བར་ཆད་བྱ་སྙམ་མོ།། དེ་ནས་སྤྲུལ་པའི་བྱང་ཆུབ་སེམས་དཔའ ་དེ་དག་གིས་བདུད་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། གྲོགས་པོ་དག་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ན། འདི་ལ་ཇི་ལྟར་ཁྱོད་ཀྱིས་བར་ཆད་བྱ། གཞན་ཡང་ཁྱེད་ཀུན་གྱིས་གང་བླ ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འམ། གང་ཡང་དག་པར་འཛུད་པ་དེའི་བསོད་ནམས་ཇི་སྙེད་འཕེལ་བར་འགྱུར་བ་ཤེས་སམ། ཁྱོད་ཀྱི་ནི་དེ་ཡང་མི ་རྟོགས་སོ།། གལ་ཏེ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པའི་བར་ཆད་བྱེད་པའི་བསོད་ནམས་མ་ཡིན་པ་དེ་སྙེད་འབྲེལ་བར་འགྱུར་བ་ཤེས་ན་ནི་ཁྱེད་པར་ཆད་བྱེད ་པའི་ཕྱིར་བརྟད་པར་མ་བྱེད་ཅིག། དེ་ནས་བདུད་རྣམས་ཀྱིས་སྨྲས་པ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འམ། གང་གཞན་ལ་ཁོང ་དུ་ཆུད་པར་བགྱིས་ཏེ། ཡང་དག་པར་འཛིན་དུ་འཇུག་པ་དེ་བསོད་ནམས་ཇི་སྙེད་ཅིག་སྐྱེད་པར་བགྱིད། སྨྲས་པ། གྲོགས་པོ་དག་གིས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ ་སྟོད་རིན་པོ་ཆེས་ཡོངས་སུ་བཀང་སྟེ། སྦྱིན་པ་བྱིན་པ་བས་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེ་ནི་དེ་བས་བསོད་ནམས་ཆེས་མང་དུ་བསྐྱེད ་པར་འགྱུར་རོ།། གྲོགས་པོ་དག་གང་གིས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དེ་དག་ཐམས་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྐལ་པ་འབུམ་གྱི་བར་དུ་བསྐུར ་སྟི་བྱས་པ་བས། གང་གི་གཞན་ལ་ཁོང་དུ་ཆུད་པར་བྱས་ཏེ། ཡང་དག་པར་འཛིན་དུ་བཅུག་ན། དེ་ནི་དེ་བས་ན་བསོད་ནམས་ཆེས་མང་དུ་སྐྱེད་པར་འགྱུར་རོ།། དེ་དག་གི་སྨྲས་པ། ་བདག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བྱང་ཆུབ་སེམས་དཔའི་བར་ཆད་བགྱིས་ན། དེ་བསོད་ནམས་མ་ལགས་པ་ཇི་སྙེད་ཅིག་སྐྱེད་པར་འགྱུར། སྤྲུལ་པའི་བྱང། ་ཆུབ་སེམས་དཔའ་རྣམས་ཀྱི་སྨྲས་པ། སེམས་དེ་དག་མིག་ཕྱུང་ན་དེ་བསོད་ནམས་མ་ཡིན་པ་ཇི་ཙམ་ཞིག་བསྐྱེད་པར་འགྱུར། དེ་དག་གི་སྨྲས་པ། མང་ངོ་སྨྲས་པ། བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ལས། བྱང་ཆུབ་སེམས་དཔའི་བར་ཆད་བྱས་པ་ནི། དེ་བས་ཆེས་བསོད་ནམས་མ་ཡིན་པ་མང་དུ་བསྐྱེད་པར་འགྱུར་རོ།། དེ་ནས་བདུད་མང་པོ་དེ་དག་ལ་གདམ ་ངག་འདི་དག་བསྟན་པ་དང་། ཆོ་འཕྲུལ་འདི་ལྟ་བུ་མཐོང་བ་ནས་ཐམས་ཅད་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་དོ།། སྤྲུལ་པའི་བྱང་ཆུབ་སེམས་དཔའ ་དེ་དག་ཐམས་ཅད་ལ་ཡང་ལྷའི་མེ་ཏོག་དང་། མེ་ཏོག་གི་ཕྲེང་དང་། བྱུག་པ་རྣམས་ཀྱི་མངོན་པར་གཏོར་ཏོ།། སིལ་སྙན་རྒྱ་སྟོང་དག་ཀྱང་ཀུན་ཏུ་དཀྲོལ་ཏེ། ཚིག་འདི་སྐད་དུ་དེད་དཔོན ་ཆེན་པོ་ཁྱོད་མྱུར་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། དེའི་འོག་ཏུ་བདག་ཅག་ཀྱང་བྱང་ཆུབ་ལ་འགོད་དུ་གསོལ་ཞེས་ཀྱང ་འཛེར་ཏོ།། དེ་ལྷ་གཞན་དག་གིས་ཀྱང་ཕྱུང་སྟེ། ཀྱེ་མ་བདུད་འདི་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པའི་ཕྱིར་འདི་རྣམས་ངན་འགྲོའི་འཇིག ་བྱ་བྱ།། པ་ཐམས་ཅད་ལས་རབ་ཏུ་གྲོལ་ལོ།། ཀྱེ་མ་དེ་བཞིན་གཤེགས་པ་འདི་དག་ནི་འཇིག་པ་མེད་པར་སྦྱིན་པ་སྟེ། དེ་བས་ན་དེ་བཞིན་གཤེགས།། ་པ་འདིའི་མཚན་འཇིག་མེད་སྦྱིན་ཞེས་བྱའོ།། ཞེས་འཛེར་ཏོ།། མེའུ་འགལ་གྱི་བུ་འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་དེ་དག་ལ་ཆོས་སྟོན་པའི་དེ་བཞིན ་གཤེགས་པ་དེ་གཞན་ཞིག་ཏུ་ཡིན་སྙམ་དུ་སེམས་ན། མེའུ་འགལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ།། ་མེའུ་འགལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ།། ་མེའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་རྟེན་གྱི་ཁམས་འདི་ཉིད་ནས། ཤར་དང་ལྷོའི་ཕྱོགས་མཚམས་སུ། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བརྒྱད ་ཁྲི་བཞི་སྟོང་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀུན་ནས་སྣ་ཚོགས་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་མེ་ཏོག་སྣ་ཚོགས་ཅན་ཞེས་བྱ་བ་ཆོས་སྟོན་ཏོ།། མེའུ་འགལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ཡང་བཀྲ་ཤིང་ལྟ་ན་སྡུག་པ། མིག་མང་རིས་སུ་འཇུག ་ཅིང་རིན་པོ་ཆེའི་དྲ་བས་ཁེབས་ལ། ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བའི་རྩ་སྔོན་པོ་ཁྲུན་དུ་སོར་བཞི་ཙམ་གྱིས་ཀུན་ཏུ་ཁྱབ་པར་འཇུག་གོ།། ས་ཆེན་པོ་དེ་རྐང་བཏེག་ན་ནི་བར་བྱེད་དེ། དང་། ་བཞག་ན་ནེམ་པར་བྱེད་དེ། ས་ཆེན་པོ་ལག་འཐིལ་ལྟར་མཉམ་པར་འདུག་གོ། མེའུ་འགལ་གྱི་བུ་ཀུན་ནས་སྣ་ཚོགས་ཅན་གྱི་འཇིག་རྟེན་ཁམས་དེ་ན་གྲོང་ཁྱེར་ཆེན་པོ་བཟང་མཆོག ་ཅེས་བྱ་བ་འབྱོར་ཅིང་རྒྱས་ལ། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་བ་དང་། སྐྱེ་བོ་དང་མི་མང་པོས་གང་བ་ཞིག་ཡོད་དེ། གྲོང་ཁྱེར་དེའི་ཤར་ཕྱོགས་ནས་ནུབ་ཕྱོགས ་ཀྱི་ཆུར་ཞེང་དཔག་ཚད་སུམ་ཅུ་རྩ་གཉིས་ཡོད་དེ། ལྷོ་ཕྱོགས་ནས་ནུབ་ཕྱོགས་ཀྱི་ཞེང་དུ་ནི་དཔག་ཚད་བཅུ་གཉིས་ཡོད་དོ།། མེའུ་འགལ་གྱི་བུ་གྲོང་ཁྱེར་ཆེན་པོ་བཟང་མཆོག ་དེའི་ནང་ན། སེམས་ཅན་ཆེས་མང་བ་དག་གནས་ཀྱི། ཡུལ་ཨང་ག་དང་། མང་ག་དང་། ཀུ་རུ་འདི་དག་ནི་དེ་ལྟར་མ་ཡིན་ནོ།། མེའུ་འགལ་གྱི་བུ་དེ་ལྟར་ན་དེ་བཞིན་གཤེགས ་པ་མེ་ཏོག་སྣ་ཚོགས་ཅན་ནི། གྲོང་ཁྱེར་ཆེན་པོ་བཟང་མཆོག་ན་གནས་ཤིང་བཞུགས་ཏེ། དེའི་ཆོས་བསྟན་པ་གཅིག་གིས་སེམས་ཅན་ཁྲག་ཁྲིག་ཕྲག་སུམ་ཅུ་ནི་དགྲ་བཅོམ ་པ་ཉིད་དུ་བཏུལ་ལོ།། ཁྲག་ཁྲིག་ཕྲག་སུམ་ཅུ་ནི་ཕྱིར་མི་ལྡོག་པའི་འབྲས་བུ་བཏུལ་ལོ།། ཁྲག་ཁྲིག་ཕྲག་སུམ་ཅུ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་བཏུལ་ལོ།། ཁྲག་ཁྲིག ་ཕྲག་སུམ་ཅུ་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ།། དེའི་ཉིས་གྱུར་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། གཞན ་ཡང་སེམས་ཅན་དཔག་ཏུ་མེད་པ་དག་གིས་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱས་སོ།། མེའུ་འགལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན། སྦྲང་རྩི་འབྱུང ་ཞེས་བྱ་བའི་ཤིང་ལྗོན་པ་རྟག་ཏུ་མེ་ཏོག་དང་ལྡན་པ་དང་། རྟག་ཏུ་འབྲས་བུ་དང་ལྡན་པ་དག་ཡོད་དོ།། མེ་ཏོག་དང་འབྲས་བུ་དེ་དག ་གི་རོ་ནི། དཔེར་ན། རོ་བརྒྱ་དང་སྦྱར་བའི་འབྲས་ཅན་དག་དང་འདྲ་སྟེ། དེ་བས་སྐྱེས་པ་འམ། བུད་མེད་དག་གི་མེ་ཏོག་ཅིག་འབྲས་བུ་ཟོས་ན། དེ་ཉིན་མཚན་གྱི་བར་དུ་ངེས་པར ་འཚེ་བར་འགྱུར་ཏེ། སྤྲོ་བ་དང་། མདོག་ཀྱང་ཉམས་པར་མི་འགྱུར་ལ། ལུས་གཟི་བྱིན་དང་ཁ་དོག་དང་ལྡན་པར་ཉམས་སུ་ཚོར་བར་འགྱུར་བ་དང་། ཟོ་མདོག་ཡང་བར་འགྱུར་རོ།། ། ་ཟོས་ནས་ཀྱང་བྱིས་དང་། གཅིན་མེད་ལ། ངར་བསྣབས་དང་། སྣབས་ཀྱང་མེད་དོ།། འཇིག་རྟེན་གྱི་ཁམས་དེ་ན་ཞིང་རྨོ་བ་ཡང་མེད། ཚོང་བྱེད་པ་ཡང་མེད་རྩེས་བྱེད་པ ་ཡང་མེད། ལས་སུ་བྱ་བ་ཡང་མེད་དེ། སེམས་ཅན་དེ་དག་ནི་མེ་ཏོག་འབྲས་བུ་ཟའོ།། དེ་ན་ཕྱུག་པོ་ཡང་མེད། དབུལ་པོ་ཡང་མེད་དོ།། སེམས་ཅན་དེ་དག་ལོངས་སྤྱོད་མ ་ཉམ་མོ།། མེའུ་འགལ་གྱི་བུ་དེ་བཞིན་གཤེགས་པ་དེའི་ཉན་ཐོས་ཀྱི་དགེ་འདུན་ནི་འབུམ་ཕྲག་དགུ་བཅུ་རྩ་དགུ་ཡོད་དོ།། དེ་བཞིན་གཤེགས་པ་དེ་ཡང་མེ་ཏོག་ཀུན་ཏུ ་རྒྱས་པ་ཞེས་བྱ་བའི་སྐྱེད་མོས་ཚལ་ན་བཞུགས་ཏེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་བཞུགས་ནས། གདུགས་ཚོང་ལ་བབ་ནས། ཤིང་ལྗོན་པ ་རྣམས་དེར་འདུས་པར་འགྱུར་ཏེ། མེ་ཏོག་དང་འབྲསམ་བུ་དེཔ།། བཅོམ་ལྡན་འདས་དང་། དགེ་སློང་རྣམས་ཀྱི་ལྷུང་བཟེད་རྣམས་ཀྱི་ལྷུང་བཟེད་ཀྱི་ནང་དུ་འཕྲུལ་བར་འགྱུར་ས ་བཤོས་གསོལ་ཟིན་པར་རིག་ནས། ཤིང་ལྗོན་པ་དེ་དག་ཕྱིར་རངས་ཏེ། སྔ་ཁོ་བཞིན་དུ་འདུག་གོ།། མེའུ་འགལ་གྱི་བུ་འཇིག་རྟེན་གྱི་ཁམས་དེའི་ཡོན་ཏན་ནི། དེ་བས་ཀྱང ་ལྷག་པར་ཡོད་དོ།། མེའུ་འགལ་གྱི་བུ་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པའི་འཇིག་རྟེན་གྱི་ཁམས་དེ་ན། སེམས་ཅན་དེ་དག་ལ་ཆོས་སྟོན་པ་དེ་གཞན་ཞིག་ཡིན་པར ་ཁྱོད་སོམ་ཉི་འམ་ཡིད་གཉིས་སམ། ཐེ་ཙོམ་ཟ་ན། ཁྱོད་ཀྱི་དེ་ལྟར་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མེ་ཏོག་སྣ་ཚོགས་ཅན་ཞེས་བྱ་བའི་འཇིག ་རྟེན་གྱི་ཁམས་དེ་ན་ཆོས་སྟོན་ཏོ།། མེའུ་འགལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲལ་གྱི་རྣམ་པར་འཕྲལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ཉན་ཐོས་དང་། རང་སངས་རྒྱས ་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ།། མེའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བདུན་ཁྲི་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས ་རྣམ་པར་འཇེད་པའི་བློ་གྲོས་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་གླིང་གཅིག་ན་ཡང་རྒྱལ་པོ་བརྒྱད་ཁྲི་ཡོད་དོ།། གླིང་གཅིག་ན་ཡང་གྲོང་ཁྱེར་བརྒྱད་དང་ཚོང་འདུས་བརྒྱད་ཁྲི་ཡོད་དོ།། ་གྲོང་ཁྱེར་དང་། གྲོང་བརྡལ་དང་། ཡུལ་འཁོར་དང་། ཚོང་འདུས་དེ་དག་ཐམས་ཅད་ན་ཡང་། མི་བྱེ་བ་ཕྲག་འབུམ་དག་གིས་ཡོངས་སུ་གང་ངོ་།། རྒྱལ་པོ་དེ་དག་ཐམས ་ཅད་ཀྱང་རང་རང་གི་རྒྱལ་སྲིད་ཀྱིས་ཆོག་པར་འཛིན་ཏོ།། རྒྱལ་པོ་དེ་དག་ཐམས་ཅད་ཀྱང་ཆོས་དང་ལྡན་པའི་རྒྱལ་པོ་སྟེ། ཆོས་མ་ཡིན་པ་སྤངས་པ་ཤ་སྟག་གོ།། རྒྱལ་པོ་དེ ་ག་རྟེན་གྱི་ཁམས་འདི་ཉིད་ན། ལྷོ་དང་ནུབ་ཀྱི་ཕྱོགས་འཚམ་སུ་གླིང་ཆེན་པོ་བཞི ་ངག་ཐམས་ཅད་ལ་ཡང་བཙུན་མོ་བུད་མེད་བརྒྱད་ཁྲི་བཞི་ཡོད་དེ། བུད་མེད་དེ་དག་ཐམས་ཅད་ཡུལ་གྱི་བཟང་མོ་ཤ་སྟག་གོ།། རྒྱལ་པོ་རེ་རེ ་ལ་ཡང་བུ་ལྔ་བརྒྱ་ཡོད་དོ།། རྒྱལ་པོ་རེ་རེ་ལ་ཡང་བུ་མོ་ཁྲི་ཉིས་སྟོང་ཉི་སྟོང་ཡོད་དོ།། ཐམས་ཅད་ཀྱང་ཡུལ་གྱི་བཟང་མོ་ཤ་སྟག་གོ།། རྒྱལ་པོ་དེ་དག་ཐམས་ཅད་ཀྱང་ཆད་པ ་མེད་པ་དང་། མཚོན་ཆ་མེད་པར་རང་རང་གི་འོག་ཏུ་གཏོགས་པ་འདུལ་བར་བྱེད་དོ།། མེའུ་འགལ་གྱི་བུ་འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བའི་བློ་གྲོས་དེ་ན་དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བ་ཆོས་སྟོན་ཏེ། མེའུ་འགལ་གྱི་བུ་དེ་བཞིན་གཤེགས་པ་དེ་ནི་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེར་ཏ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ་མངོན་པར་འཕགས་ནས། དཀྱིལ ་མོ་དཀྲུང་བཅས་ཏེ། དཀྱིལ་མོ་དཀྲུང་གཅིག་གིས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཁྱབ་པར་བྱས་ནས། འོད་ཟེར་རབ་ཏུ་འགྱེད་པ་དང་མེ་ཏོག་ཆར་འབེབས་པ་དང་། ་སིལ་སྙན་བརྒྱ་སྟོང་དག་དཀྲོལ་བཞིན་ན། ས་ཆེན་པོ་རྣམ་པ་དྲུག་ཏུ་རབ་ཏུ་སྐྱོད་ནས། ཚངས་པའི་སྒྲ་སྐད་ལྟ་བུ་དག་པའི་རྩ་བ་འབུམ་ཕྲག་དུ་མས་ཡང་དག་པར་སྒྲུབ་པའི ་གསུང་གི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་ཟད་པར་བྱ་བའི་ཕྱིར། རྡུལ་མེད་མྱ་ངན་ལས་འདས་པ་ཡང་དག་པར་སྟོན་ཏེ། ་བྱང་ཆུབ་སེམས་དཔའ་རྣམས་བསྡུ་བའི་ཕྱིར་ཆོས་སྟོན་ཏོ།། དེར་དེ་ལྟར་ཆོས་བསྟན་པས་གླིང་བཞི་ཆེ་བའི་རྒྱལ་པོ།། བརྒྱད་ཁྲི་བུ་དང་བཅས། བུ་མོ་དང་བཅས།། ་པ་དེ་དག་མ་གཏོགས་པའི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དེ་དག་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་། དྲི་མ་དང་བྲལ་བ་རྣམ་པར་དག་གོ། ་རྒྱལ་པོ་དེ་དག་བུ་དང་བཅས། ཆུང་མ་དང་བཅས། བུ་མོ་དང་བཅས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཐམས་ཅད་ཀྱིས་ཚིགས ་མཐུན་པར་དེ་བཞིན་གཤེགས་པ་ལ་རབ་ཏུ་བྱུང་བར་གསོལ་བ་འདེབས་སོ།། དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་དགེ་སློང་ཚུར་ཤོག་ཅེས་གསུངས་པས་རབ་ཏུ་བྱུང་ངོ་།། ་དེ་ལྟར་ཐམས་ཅད་རབ་ཏུ་བྱུང་ནས། སོ་སོའི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། ཚོང་འདུས་དང་། རྒྱལ་པོའི་ཕོ་བྲང་དག་ཏུ་གནས་པའི་ལོངས ་སྤྲོད་ཀྱིས་གནས་སོ།། མ་མོས་མ་བཏབ་པའི་འབྲས་ས་ལུ་ཡང་བྱུང་ངོ་། ལྷ་རྣམས་ཀྱང་དེ་དག་ལ་སྙེན་བཀུར་བྱེད་དོ།། དེ་ནས་དེ་བཞིན་གཤེགས་པ་དེའི་ཆོས་བསྟན་པ ་གཉིས་པ་ལ་ཉན་ཐོས་ཀྱི་ཐེག་པ་ཐམས་ཅད་ནི་ལན་ཅིག་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་དོ།། བྱང་ཆུབ་སེམས་དཔའི་ཐེག་པ་རྣམས་ནི་ཆོས་རྣམས་ལ་མི་སྐྱེ་བའང ་མཐུན་པའི་བཟོད་པ་ལ་བགོད་དོ།། ཆོས་བསྟན་པ་གསུམ་པ་ལ་ནི་ཉན་ཐོས་ཀྱི་ཐེག་པ་རྣམས་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་འགོད་དོ།། བྱང་ཆུབ་སེམས་དཔའི་ཐེག་པ ་རྣམས་ནི་མངོན་པར་ཤེས་པ་ལྔ་ཐོབ་བོ།། ཆོས་བསྟན་པ་བཞི་པ་ལ་ནི་ཉན་ཐོས་ཀྱི་ཐེག་པ་ཐམས་ཅད་ནི་དགྲ་བཅོམ་པ་ཉིད་ལ་འགོད་དོ།། ་བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ནི་ཆོས་རྣམས་མི་སྐྱེ་བ་ལ་བཟོད་པ་ཐོབ་བོ།། རྒྱལ་པོའི་བཙུན་མོ་དེ་དག་དང་། སྲས་དེ་དག་དང་། རྒྱལ་པོའི་བུ་མོ་དེ་དག་ནི་ལུས་དེ་ཉིད་ཀྱིས་བུ་མེད ་ཀྱིས་ལུས་ལས་གྱུར་ཏེ། སྐྱེས་པའི་ལུས་ཐོབ་པར་འགྱུར་ནས། དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ།། མེའུ ་འགལ་གྱི་བུ་འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ནི་དེ་བཞིན་གཤེགས་པས་ཆོས་བསྟན་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མེའུ་འགལ་གྱི་བུ་ཁྱོད་ཀྱིས་དེ་དེ་ལྟར་མི་ལྟའོ།། ་དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱས་པས་ཆོས་སྟོན་ཏོ།། མེའུ་འགལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན། ་ཏེ། དེ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་འཇུག་པར་མི་ནུས་སོ།། མེའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན། ནུབ་དང་བྱང ་གི་ཕྱོགས་མཚམས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ལྔ་ཁྲི་ལྔ་སྟོང་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་སྤོས་ལྡན་ཞེས་བྱ་བ་ཞིག་ཡོད་དེ། ཙན་དན ་སྦྲུལ་གྱི་སྙིང་པོ་འབའ་ཞིག་ཡོད་ལ། སྤོས་དེ་སྲང་གཅིག་ལ་འཛམ་བུའི་གླིང་འདི་རའོ།། དེ་ན་ཤིང་ལྗོན་པ་སྤོས་ཀྱིས་ངད་ཀན་ནས་ལྡང་བ་ཞེས་བྱ་བ་དག་ཀྱང་ཡོང་ངོ་།། ཤིང་གཅིག་ལས ་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཅུར་སྤོས་ངད་ལྡང་ངོ་།། དེ་ནས་ས་ཆེན་པོ་ལས་པད་མའི་ཤིང་རྟའི་འཕང་ལོ་ཙམ་ལ། འདབ་མ་འབུམ་ཕྲག་དུ་མ་དང་ལྡན་པ། ཁ་དོག་འབུམ ་ཕྲག་དུ་མ་དང་ལྡན་པ་འཇམ་ཤིང་ཀ་ཙ་ལིན་དི་ལྟར་རེག་ན་བདེ་བ། འཕང་དུ་ཁྲ་བཅུ་པ་ཙམ་དག་སྐྱེད་དེ་པད་མ་རེ་རེའི་དྲིས་ཀྱང་གླིང་བཞི་པའི་འཇིག་གྱི་ཁམས་དེ་དྲི་གསུང་ཞིམ་པར་བྱེད་དོ།། ། ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན་ཙན་དན་གྱི་ཁང་པ་བརྩེགས་པ་དང་། ཙན་དན་གྱི་འཆགས་ས་པད་མ་དང་། མེ་ཏོག་གིས་གང་བར་འདུག་གོ། ཁང་པ་བརྩེགས་པ་ཤ་སྟག་འབུམ ་ཕྲག་དུ་མས་འཇིག་རྟེན་གྱི་ཁམས་དེ་ཁྱབ་པར་འདག་གོ། དེ་ན་གྲོང་ཁྱེར་གྱི་ཡོངས་སུ་འཛིན་པ་མེད་དོ།། དཔེར་ན་གཞན་འཕྲལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉེ་བར་སྤད་པ་དང་། ལོངས་སློང་ཇི ་ལྟ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་དེའི་མི་དེ་དག་གི་ཉེ་བར་སྨད་པ་དང་། ལོངས་སྤྱོད་ཀྱང་དེ་དང་འདྲའོ།། མེའུ་འགལ་གྱི་བུ་འཇིག་རྟེན་གྱི་ཁམས་སྤོས་ལྡན་ན། དེ་བཞིན་གཤེགས་པ། ་འབྱེད་འོད་ཟེར་ཅན་ཞེས་བྱ་བ་དེ་ལྟར་ཆོས་སྟོན་ཏེ། དེ་བཞིན་གཤེགས་པ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་གཏམ་ཡོངས་སུ་སྤངས་པ། བྱང་ཆུབ་སེམས་དཔའི་གཏམ་འབའ ་ཞིག་གསུང་ངོ་།། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་རྫུ་འཕྲུལ་ཐོབ་པ་ཤ་སྟག་གི་ཡོངས་སུ་གང་ངོ་།། ་བྱང་ཆུབ་སེམས་དཔའི་འཁོར་དེ་ན་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་འམམ་གྱིས་མི་ཁྱབ་པའི་འཇུག་པ་དང་ལྡན་པ། བཟོད་པ ་གཉིས་པ་ཐོབ་པ། མངོན་པར་ཤེས་པ་རྣམས་ལ་མཁས་པ་སྤོབས་པས་རྟོགས་པར་ཁོང་དུ་ཆུད་པ། སངས་རྒྱས་འབུམ་ཕྲག་དུ་མ་མང་པོ ་བསྙེན་བཀུར་བྱས་པ་འདུག་སྟེ། མེའུ་འགལ་གྱི་བུ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་དེ་བཞིན་གཤེགས་པ་དེས་སྐུལ་ཏེ། ་སྐབས་ཕྱེ་ནས་ཆོས་སྟོན་ཏོ།། བཅོམ་ལྡན་འདས་དེ་བསྟན་ལས་ལངས་ཏེ། དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་ལ་ལན་གསུམ ་བསྐོར་བ་བྱས་ནས། སྟེང་གི་བར་སྣང་ལ་མངོན་པར་འཕགས་ཏེ། དཀྱིལ་མོ་དཀྲུང་གི་འཁོར་འཁོར་ཡུག་ཏུ་དཔག་ཚད་བཅུར་ཁྱབ་པར་བྱས་ནས། སྤུའི་ཁོང་སྤུ་ཐམས་ཅད ་ནས་འོད་ཟེར་དག་པ་ཀྱེ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱི་ཁྱབ་པར་བྱས་ནས། མེ་ཏོག་ཁ་དོག་སྣ་ཚོགས་ས་ཆེན་པོ་དང་ལྡན་པ། ཤིང་ཏའི་འཕང་ལོ་ཙམ་དག་གིས ་ས་ཆེན་པོ་དེ་དག་ལ་མིང་ཙམ་བགྲེང་ཙམ་དུ་བཀྲམ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། ལྷ་དང་མིའི་སིལ་སྙན་དག་གི་སྒྲ་འབྱིན་ཏོ།། སིལ་སྙན་དེ་དག་ལས་ཀྱང་ཕྱག་རྒྱའི་སྒྲ ་བརྒྱད་བརྒྱ་འབྱུང་ངོ་།། ཆོས་ཀྱི་ཕྱག་རྒྱ་རེ་རེ་ལ་ཡང་མདོ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་སྡུས་སོ།། མདོ་རེ་རེ་ལ་ཡང་ཚིགས་སུ་བཅད་པ་བདུད་ཁྲི་ཉིས་སྟོང་གིས་བརྗོད་དོ།། དེས་དཀྱིལ་མོ།། ་དཀྲུང་དེ་ལས་མ་ལངས་པར་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དྲུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་བཀོད་དེ། ཐམས་ཅད ་ཀྱང་ཆོས་རྣམས་མི་སྐྱེ་བར་བཟོད་པ་ཐོབ་པར་བྱས་སོ།། མེའུ་འགལ་གྱི་བུ་འཇིག་རྟེན་གྱི་ཁམས་དེ་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དག་གིས་ཡོངས་སུ་གང་ངོ་།། དེ་ན་སེམས་ཅན་ཞར ་བ་འམ། ཐེང་བུ་འམ། གྱོལ་པོ་འམ། འོན་པ་འམ། མདོག་ངན་པ་འགའ་ཡང་མེད་དེ། སེམས་ཅན་དེ་དག་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་བྱད ་ཆུབ་སེམས་དཔའ་ཤ་སྟག་གོ།། སེམས་ཅན་དེ་དག་ནི་ཆོས་ཀྱི་དགའ་བའི་དགའ་བ་མ་གཏོགས་པར་གཞན་ཅི་ལ་ཡང་དགའ་བ་མེད་དོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་དེ་དག་ལ་ནི། བསམ་གཏན་གྱི་དགའ་བའི་ཟས་མ་གཏོགས་པར་ཟས་གཞན་ཅི་ཡང་མེད་དོ།། དེ་ནི་མི་ཁོམ་པར་ལྟུང་ཞིང་སྐྱེ་བ་ཡང་མེད་དོ།། དེ་ནས་ཤི་འཕོས་ནས་ཀྱང་། ་དེ་བཞིན་གཤེགས་པའི་འགྲོ་བ་མ་གཏོགས་པར་འགྲོ་བ་མེད་དོ།། མེའུ་འགལ་གྱི་བུ་དེ་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་སྤོས ་འགྱེད་འོད་ཟེར་ཅན་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མེའུ་འགལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱིས་ཁམས་དེ་ན་མིང ་དེ་སྐད་ཅེས་བྱ་བས། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།། མེའུ་འགལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་ཆོ་འཕྲུལ་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ནི་ཉན་ཐོས་དང་། ་རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ།། མེའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ནས་བྱང་ཤར་གྱི་ཕྱོགས་མཚམས་སུ་གླེང་ཆེན ་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བཞི་ཁྲི་ཉིས་སྟོང་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་མྱ་ངན་གྱིས་འཇོམས་པ་ཞེས་བྱ་བ་ཞིག ་ཡོད་དེ། དེ་ན་སེམས་ཅན་འཁོད་པ་རྣམས་ནི། འདོད་ཆགས་པ་རྣམས་དང་། ཞེ་སྡང་གིས་སྡང་བ་དང་། གཏི་མུག་གིས་རྨོངས་པ་དང་། བརྐམ་པ་དང་། བརླང་བ་དང་། རྒོད་པ་དང་། ་མུ་ཅོར་སྨྲ་བ་དང་། དབང་པོ་ཞན་པ་དང་། སེར་སྣ་ཅན་དང་། ཚུལ་ཁྲིམས་འཚལ་བ་དང་། གནོད་སེམས་ཅན་དང་། ལེ་ལོ་ཅན་དང་། སྙོམས་ལས་ཅན་དང་། བརྗེད་དད་པ་དང་། ་ཤེས་བཞིན་པ་དང་། བདག་ཏུ་ལྟ་བ་དང་། སེམས་ཅན་དང་། སྲོག་དང་། གང་ཟག་ཏུ་ལྟ་བ་དང་། ཤེས་རབ་འཚལ་པ་དང་། ལུག་ལྟར་སྐྲག་པ་དང་། ངོ་ཚ་མི་ཤེས་པ་དང་། ཁྲེལ ་མེད་པ་དང་། གུས་པ་མེད་པ་དང་། སེམས་འཁྲུལ་པ་ཤ་སྟག་གོ།། སེམས་ཅན་དེ་དག་ནི་ཁ་དོག་ངན་པ་དང་། ཆུང་བར་གྲགས་པ་དང་། བྱང་ངན་པ་དང་། དཀའ་བས་འཚོ་བ་དང་། ཅིག ་ལ་ཅིག་འདྲིས་པར་གནས་པ་ཤ་སྟག་གོ།། དེ་ནས་ཟླ་བ་དྲུག་ཏུ་ཆར་མི་འབབ་སྟེ། ལོ་ཏོག་ལེགས་པར་མི་སྨིན་ནོ།། ས་ཆེན་པོ་དེ་ནི་རྩུབ་པ་དང་། མཁྲང་བ་དང་། ཚེར་མ་སྣ་ཚོགས ་ཅན་དང་། གཡང་ས་དང་། རི་བྲག་གིས་གང་ངོ་།། འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་དེ་དག་གི་ཆུ་ནི་འབྲུ་མར་གྱི་སྙིགས་མ་དང་། དྲི་མ་དང་འདྲའོ།། སེམས་ཅན་དེ་དག་ནི་གོས་དང་། ་ཆོས་གོས་དང་། ལོངས་སྤྱོད་དག་གིས་དབུལ་བ་དང་། འདྲེན་པ་དང་། གཞན་གྱི་ནོར་འབྲོག་པ་ཤ་སྟག་གོ།། འཇིག་རྟེན་གྱི་ཁམས་དེ་ན་རྒྱལ་པོ་སྡང་ཆགས་ཞེས་བྱ་བ་ཞིག་ཡོད་དེ། ་སེམས་ཅན་དེ་དག་ལ་སངས་རྒྱས་ཀྱི་དབང་ཕྱུག་ལ་དབང་བྱེད་དེ། སེམས་ཅན་དེ་དག་གི་ནོར་དང་། འབྲུ་དང་མཆོག་རྒྱལ་པོའི་མཛོད་དུ་འདྲུབ་པར་བྱེད་དོ།། སེམས་ཅན་དེ་དག་ནི་ཆད།། ་བ་དང་། བརྡེག་པ་འབའ་ཞིག་གིས་གཟིར་བ་ཤ་སྟག་གོ།། མེའུ་འགལ་གྱི་བུ་དེ་དག་ནི་འཇིག་རྟེན་གྱི་ཁམས་དེ་ན་ཚེ་དེའི་སྡུག་བསྔལ་ཡིན་ནོ།། གང་ཤི་བ་དེ་དག་ཀྱང་ཤི་ནས་ཕལ་ཆེར ་སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོའི་སྐྱེ་གནས་རྣམས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ།། མེའུ་འགལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྙིང་རྩེ་བ་དང་། སྙིང་རྗེའི་སེམས་ཡིད་ལ་བྱེད་པ་ཞེས་པ་ཆོས་སྟོན་ཏོ།། མེའུ་འགལ་གྱི་བུ་དེ ་བཞིན་གཤེགས་པ་དེ་ནི་ཆོ་འཕྲུལ་རྣམ་པ་བཅཝོ་བརྒྱད་ཀྱིས་ཆོས་སྟོན་ཏོ།། དེས་ལོ་བདུན་གྱི་བར་དུ་ཆོས་སྟན་ཀྱང་སེམས་ཅན་ཅིག་གིས་ཀྱང་མངོན་པར་རྟོག་པར་མ་གྱུར་ལ། དེ་བཞིན ་གཤེགས་པ་དེ་ཡང་སྐྱེ་བ་མེད་པའི་སྟེང་དུ་སྙིང་རྗེ་ཆེན་པོས་ཆོས་ཀྱང་སྟོན་ཏོ།། མེའུ་འགལ་གྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་དེ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་དུ་གནས ་ཤིང་བཞུགས་ལ། སེམས་ཅན་དེ་དག་གི་སྤྱོས་ཤིང་བརྒྱད་བཀག་སྟེ། སྨད་ཅིང་བཤུང་བར་བྱེད་ཀྱང་། དེར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། སྙིང་རྗེ ་ཆེན་པོས་དེ་དག་བཟོད་པར་མཛད་དོ།། མེའུ་འགལ་གྱི་བུ་དེ་བཞིན་གཤེགས་པ་དེས། ལོ་བདུན་པས་ཀྱང་ལྷག་པས་སེམས་ཅན་ཁ་ཅིག་ཡོངས་སུ་སྨིན་པར་མཛད་དོ།། ་། ཆོས་སྟོན་པ་ལན་ཅིག་ལ། སེམས་ཅན་ཁྲག་ཁྲིག་ཕྲག་བརྒྱ་ཅུ་རྩ་བཞི་ནི་དགྲ་བཅོམ་པ་ཉིད་ཐོབ་བོ།། ཁྲག་ཁྲིག་བརྒྱ་ཅུ་རྩ་བཞིས་ནི་ཕྱིར ་མི་འོང་བའི་འབྲས་བུ་ཐོབ་བོ།། ཁྲག་ཁྲིག་བརྒྱད་ཅུ་རྩ་བཞིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ།། ཁྲག་ཁྲིག་བརྒྱ་ཅུ་རྩ་བཞིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ ་སྟེ། དེ་དག་ཀྱང་ཉི་མ་གཅིག་ལ་རབ་ཏུ་བྱུང་བ་བསྟན་པར་རྫོགས་སོ།། སློབ་པ་དང་། མི་སློབ་པ་དེ་དག་ཐམས་ཅད་ཀྱང་ཅིག་ལ་གཅིག་ལུང་བསྟན་པས། ཉི་མ་ཅིག་གིས་ཡོངས ་སུ་མྱ་ངན་ལས་འདས་སོ།། དེ་བཞིན་གཤེགས་པ་དེ་ནི་བྱང་ཆུབ་སེམས་དཔའ་ལྔ། ལས་ཀྱི་སྒྲིབ་པ་དེར་སྐྱེས་ཏེ། སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བ་དེ་དག་ཡོངས ་སུ་སྨིན་པར་མཛད་པའི་ཕྱིར་ད་དུང་ཡང་བཞུགས་སོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མེའུ་འགལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ ་ཏོ།། བཅོམ་ལྡན་འདས་ལས་ཀྱི་སྒྲིབ་པ་གང་གིས་ན། བྱང་ཆུབ་སེམས་དཔའ་རྣམས་རེ་ཤིག་འཇིག་རྟེན་གྱི་ཁམས་ཉོན་མོངས་པར་སྐྱེ་བར་འགྱུར་ལགས། བཀའ་སྩལ་པ། ་མེའུ་འགལ་གྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། རེ་ཤིག་སྐྱེ་བ་ངན་པ་ལེན་པར་འགྱུར་རོ།། བཞི་གང་ཞེ་ན། མེའུ་འགལ་གྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའི ་མིང་གིས་རྙེད་པས་ཚོལ་བར་བྱེད་ལ། བྱང་ཆུབ་སེམས་དཔའི་སླབ་པ་ལ་མི་སློབ་པ་དང་། མེའུ་འགལ་གྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་དམ་པའི་ཆོས་སྤོང་བར་ཡལ་བར་འདོར ་ཞིང་ལྡོག་པར་མི་བྱེད་པ་དང་། མེའུ་འགལ་གྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་གཞན་དག་གི་རྙེད་པའི་བར་ཆད་བྱེད་ཅིང་སྔགས་པ་མ་ཡིན་པ་བརྗོད་པ་དང་། མེའུ་འགལ་གྱི། ་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་མ་སྲུང་བ་དང་ལྡན་པ་དང་། མེའུ་འགལ་གྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག ་དང་ལྡན་ན། རེ་ཤིག་འགྲོ་བ་འགྲོ་བར་འགྱུར་རོ།། མེའུ་འགལ་གྱི་བུ་འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་ལ་སྙིང་རྩེ་བ་དང་། ་སྙིང་རྗེའི་སེམས་ཡིད་ལ་བྱེད་པ་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མེའུ་འགལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས ་དེ་ན་མིང་དེ་སྐད་ཅེས་བྱ་བས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།། མེའུ་འགལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ཉན་ཐོས་དང་། ་རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ།། མེའུ་འགལ་གྱི་བུ་དེ་ལྟར་ན། དེ་བཞིན་གཤེགས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དེ། དེ་ལ་ནི་སྟོན་པས་མ་བསྟན་གྱི་བར་དུ། ཁྱེད་ཉན་ཐོས་རྣམས་ཀྱི་འཇུག་པར་མི་ནུས་སོ།། མེའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོ ་འཇིག་རྟེན་གྱི་ཁམས་འདིན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས ་། སྟོན་ཏོ།། མེའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས ་གང་ན་ཚངས་པའི་གཟུགས་ཀྱི་ཆོས་སྟོན་ཏེ། དེ་བཞིན་གཤེགས་པ་རབ་ཏུ་འབྱུང་བ་དང་། གོས་ངུར་སྨྲིག་མི་སྟོན་པ་མེད་དོ།། དེ་བཞིན་བརྒྱ་བྱིན་གྱི་གཟུགས་ཀྱིས་ཀྱང་ཆོས་སྟོན ་ཏོ།། དེ་བཞིན་དུ་སྐྱེ་བ་ཐམས་ཅད་ཀྱིས་ཀྱང་ང་ཆོས་སྟོན་ཏོ།། མེའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ན། ཇི་ལྟར་མོས་པའི་སེམས ་ཅན་རྣམས་ལ་ཇི་ལྟར་མོས་པ་བཞིན་དུ་ང་ཆོས་སྟོན་ཏོ།། སངས་རྒྱས་ཀྱི་ཞིང་ཚད་མེད་པ་གཞན་དང་། གཞན་དག་ཏུ་ཡང་ཆོས་སྟོན་ཏོ།། དེ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས ་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ།། མེའུ་འགལ་གྱི་བུ་དཔེར་ན། ཟླ་བའི་དཀྱིལ་འཁོར་འམ། ཉི་མའི་དཀྱིལ་འཁོར་ན་གཞལ་མེད་ཁང་ནས་ཀྱང་མི་གཡོ་ལ། གྲོང་དང་། ་གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་ཐམས་ཅད་དུ་ཡང་དག་པར་སྣང་ངོ་།། མེའུ་འགལ་གྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་ནི། སངས་རྒྱས་ཀྱི་ཞིང་ལས་ཀྱང་མ་གཡོས་ལ། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་དག་ཏུ་ཡང་ཡང་དག་པར་སྣང་སྟེ། སེམས་ཅན་ཇི་ལྟར་ཡོངས་སུ ་སྨིན་པར་གྱུར་པ་རྣམས་ལ་ཆོས་སྟོན་ཏོ།། དེ་ནས་བཅོམ་ལྡན་འདས་ལ་མེའུ་འགལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་སུམ་ཅུ་རྩ་གསུམ་དག་ན ་བཞུགས་པ་དག། འཛམ་བུ་གླིང་དང་། ལྷའི་གནས་རྣམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས། ་གཞན་དང་གཞན་དག་ན། ཆོས་སྟོན་ཅིང་བཞུགས་པ་ལ། དེ་བཞིན་གཤེགས་པ་ཡང་དག་པ་གང་ལགས། གང་ལ་ཡོན་ཕུལ་ན་མཐུ་ཆེ་བར་འགྱུར་བའི་དེ་བཞིན་གཤེགས་པ་ཡང ་དག་པ་ནི་འདི་ལགས་སོ་སྙམ་དུ། བདག་གིས་ཇི་ལྟར་འཚལ་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་མེའུ་འགལ་གྱི་བུ་ཆེན་པོ་ལ ་འདི་སྐད་ཅེས་བཀའ་སྩལ་ཏོ།། མེའུ་འགལ་གྱི་བུ་དེའི་ཕྱིར་ཁྱོད་ཉིད་ལ་འདྲི་བར་བྱེད། ཁྱོད་ཉིད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཤིག། མེའུ་འགལ་གྱི་བུ་འདི་ཇི ་སྙམ་དུ་སེམས། སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་འམ། བུད་མེད་གང་ཡིན་པ་དེ་ལ་ཡང་དག་པ་གང་ཡིན། གསོལ་པ། བཅོམ་ལྡན་འདས་དེ་ལ་ནི་ཡང་དག་པ་ཅི་ཡང ་མ་མཆིས་སོ།། དེ་ཅིའི་སླད་ཞེ་ན། སྒྱུ་མ་མཁན་གྱི་གསང་སྔགས་དང་། རིགས་སྔགས་ཀྱི་སྟོབས་ཀྱིས་བསྐྱེད་དེ། སྤྲུལ་པ་སྤྲུལ་པར་བས་ན། དེ་དག་ལ་ནི་ཁྱད་པར་མ ་མཆིས་སོ།། བཀའ་སྩལ་པ། མེའུ་འགལ་གྱི་བུ་ཅི་གང་གི་ཕྱིར་སྤྲུལ་པ་དེའི་བྱ་བ་བྱེད་དམ། གསོལ་པ། བཅོམ་ལྡན་འདས་བགྱིད་ལགས་སོ།། བཀའ་སྩལ་པ། མེའུ་འགལ ་གྱི་བུ་དེ་བཞིན་དུ། སྤྱི་མ་ལྟ་བུའི་ཆོས་ཐམས་ཅད་ལ་ནི་ཁྱད་པར་རིམ། ཐ་དད་ད་བྱ་བ་བྱེད་དམ། མེའུ་འགལ་གྱི་བུ་ཇི་ལྟར་སྒྱུམ་མཁན་གྱི་གསང་སྔགས་ཀྱི་སྟོབས་ཀྱི་སྤྲུལ་པ་མ ་པོ་སྤྲུལ་ལ། དེ་དག་ཀྱང་མཉམ་ཞིང་ཁྱད་པར་མེད་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་འཕྲིན་ལས་ཀྱི་བྱ་བ་བྱས་ཏེ། དེ་ལ་ཡོན་ཕུལ་བ་གང་ཡིན་པ ་དེ་དག་རྣམ་པར་སྨིན་པ་ཡང་མཉམ་པར་འགྱུར་རོ།། མེའུ་འགལ་གྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆུང་ཟད་ཀྱང་ཐ་དད་དུ་དབྱེར་མེད་དོ།། མེའུ་འགལ་གྱི་བུ་དེ་ལྟ་བས་ན། ་ཡང་དག་པ་མ་ཡིན་པ་དང་། སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་ནི། ཆོས་ཀྱི་དབྱིངས་སུ་ཁྱད་པར་རམ། ཐ་དད་དུ་དབྱེར་མེད་དོ།། མེའུ་འགལ་གྱི་བུ་དེ་བཞིན་གཤེགས་པ་ནི་བཞེད་ན། ་འཇིག་རྟེན་གྱི་ཁམས་གཅིག་ན་ཡང་། མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་དེ་བཞིན་གཤེགས་པ་དེའི་རང་བཞིན་དང་ཆུ་ཞེང་ལྡན་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་སྤྲུལ་པ་མཛད་དོ།། ། ་དེ་དག་ཀྱང་ངག་གི་ལས་དྲུག་ཅུ་དང་ལྡན་པའི་ངག་གི་ལས་ཀྱི་སྟོན་ཏོ།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་མཁྱེན་ཏོ།། ་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་ཇི་ལྟར་མོས་པའི་སེམས་ཅན་རྣམས་ལ་མོས་པ་དང་། དབང་པོ་ཇི་ལྟ་བ་བཞིན་དུ་འཇུག་པའི་ཤེས་པ་བསྐྱེད་ཕྱིར། ཆོས་སྟོན་ཏོ།། དེ་བཞིན ་གཤེགས་པ་དེ་དག་ཐམས་ཅད་ཀྱིས་ཆོས་བསྟན་པས་སེམས་ཅན་སྣ་ཚོགས་ངེས་པར་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་ཡང་དག་པར་ཟད་པར་བྱ་བའི་ཕྱིར། དེ་བཞིན་གཤེགས ་པ་དེ་དག་ཐམས་ཅད་ཆོ་འཕྲུལ་རྣམ་པ་བཞིས་ཆོས་སྟོན་ཏོ།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནི། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱང་ཡང་དག་པར་སྟོན་ཏོ།། མེའུ་འགལ་གྱི་བུ ་འདི་ཇི་སྙམ་དུ་སེམས། དེ་དག་ལ་ཆེས་ཁྱད་པར་དུ་འབགས་པ་འམ། ཆེས་གཟུགས་དང་ལྡན་པ་འམ། ཆེས་ཁ་དོག་དང་ལྡན་པ་འམ། ཆེས་སྤོབས་པ་དང་ལྡན་པ་འམ། ཆེས་ཡེ་ཤེས ་དང་ལྡན་པ་འམ། ཆེས་རྫུ་འཕྲལ་དང་ལྡན་པའམ། ཆེས་ཆོས་དང་ལྡན་པ་འམ། ཆེས་སེམས་ཅན་ཡོངས་སུ་བསྒྲོལ་བ་དང་ལྡན་པ་གང་ཡིན། གསོལ་པ། བཅོམ་ལྡན་འདས་སེམས ་ཅན་དེ་དག་ཐམས་ཅད་ཀྱིས་སྔ་ཕྱི་མེད་པར་མི་ལུས་ཐོབ་པར་གྱུར་ཀྱང་། མེའུ་འགལ་གྱི་བུ་སེམས་ཅན་དེ་དག་ཐམས་ཅད་ལ་ཡང་དེ་བཞིན་གཤེགས་པས་སྤུའི་ཁོང་བུ་གཅིག་ནས། ་རེ་རེའི་འདུན་དུ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ལ། མེའུ་འགལ་གྱི་བུ་ཕྱོགས་བཅུར་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཁམས་དག་ན། ་སེམས་ཅན་འཁོད་པ་རྣམས་ལྟ་ཞོག་གི། མེའུ་འགལ་གྱི་བུ་དེ་བཞིན་གཤེགས་པ་ནི་གདན་འདི་དག་ལ་བཞུགས་བཞིན་དུ་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པ་དང་། ཐོགས་པ ་མེད་པ་དང་། སངས་རྒྱས་ཀྱི་ཞིང་དེ་དག་ནི་དེ་ཙམ་དུ་དཔག་ཏུ་མེད་དོ།། ངས་གདན་འདི་ལ་བཞུགས་བཞིན་དུ་གང་གཟིགས་པས། དེ་བཞིན་གཤེགས་པས་དཔེར་ན་བླང་བ་བགྲང་བ་དག ་གིས་བསྟན་པ་གང་ཡིན་པ་དེ་ནི། སེམས་ཅན་ཐམས་ཅད་རང་སངས་རྒྱས་དང་འདྲ་བར་གྱུར་པས་ཀྱང་། ཤེས་པ་འམ། གཞལ་བ་འམ། རྟགས་པར་སླབ་མ་ཡིན་ན། ཉན་ཐོས་རྣམ། ་ཀྱིས་མ་མེ། དེ་བཞིན་གཤེགས་པ་འང་ཞིག་གིས། མང་རྒྱས་ཀྱི་ང་ག་འརྒྱམ་ག་ཇི་སྙེང་སོང་བ་དང་། གླེང་དྲག་མེད་མང་པ་དང་། འབྲུམ་ཐག་ཟུད་མོན། ་པ་དང་། བྱེ་བ་འབུམ་ཕྲག་ཇི་སྙེད་ཡོད་པ་དང་། གཏིམ་ཕྲག་ཇི་སྙེད་ཡོད་པ་དང་། བཀྲིག་ཕྲག་ཇི་སྙེད་ཡོད་པ་དང་། མི་འཁྲུག་ཕྲག་ཇི་སྙེད ་ཡོད་པ་དང་། གྲངས་མེད་ཕྲག་ཇི་སྙེད་ཡོད་པ་དང་། དཔག་ཏུ་མེད་པའི་ཕྲག་ཇི་སྙེད་ཡོད་པ་དང་། གང་གའི་ཀླུང་གི་བྱེ་མ་སྙེད་ཕྲག་ཇི་སྙེད་ཡོད་པ་དང་། སྟོང་གསུམ་གྱི་རྡུལ་ཕྲ་རབ ་ཀྱི་རྡུལ་ཡོངས་སུ་གང་བ་ཇི་སྙེད་ཡོད་པར་མཁྱེན་ཏོ།། མེའུ་འགལ་གྱི་བུ་སངས་རྒྱས་ཀྱི་སྤྱན་བསྒྲིབ་པ་དང་། ཐོག་པ་མེད་པས་སངས་རྒྱས་ཀྱི་ཞིང་ཇི་སྙེད་མཐོང་བའི་སངས་རྒྱས ་ཀྱི་ཞིང་དེ་དག་ན་སེམས་ཅན་གང་སེམས་ཅན་དུ་བསྡུ་བར་བསྡུས་ཤིང་སྨོས་པའི་སེམས་ཅན་གྱི་ཁམས་རྣམས་ནི་ཆེས་མང་གིས། སའི་ཁམས་ནི་དེ་ལྟ་མ་ཡིན་ཏེ། སེམས་ཅན་དེ་དག ་ཐམས་ཅད་ནི་སྔ་ཕྱི་མེད་པར་མཱི་ལུས་ཐོབ་པར་གྱུར་ལ། ཐོབ་ནས་ཀྱང་འཁོར་ལོ་སྒྱུར་བའི་རྒྱལ་པོར་གྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་རེ་རེ་ལ་ཡང་དེ་སྙེད་ཀྱི་འཁོར་ཡོད ་པར་གྱུར་ཀྱང་། མེའུ་འགལ་གྱི་བུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་དང་བཅས་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་སྒྲའི་ཁོང་བུ་གཅིག་ནས། རེ་རེའི་འདུན་དུ་དེ་བཞིན ་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་སྟོན་ལ། གཅིག་གིས་ཅིག་ཀྱང་མི་མཐོང་བ་ཤེས་ཏེ། རང་རང་གི་དེ་བཞིན་གཤེགས་པ་མཐོང་ངོ་།། དེ་བཞིན་སྒྲའི་ཁུང་བུ་ཐོ ་ནས་ཀྱང་། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་ཡང་དག་པར་ཆོས་སྟོན་ཀྱང་། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་གྱི་རྒྱའི་ཆ་འམ། ་སྟོང་གི་ཆ་འམ། འབུམ་གྱི་ཆ་འམ། བྱེ་བ་ཕྲག་འབུམ་གྱི་ཆ་དང་། གྲངས་སམ་ཆའམ། བགྲང་བ་འམ། དཔེ་འམ། རྒྱུ་ཙམ་ཡང་ཡང་དག་པར་བསྟན་པར་མི་འགྱུར་ཏེ། དེ་ལ་ནི་ཐ་དད་པར ་བསྟན་པར་མི་ནུས་ལགས་སོ།། བཀའ་སྩལ་པ། མེའུ་འགལ་གྱི་བུ་དེ་ལྟ་བས་ན་རྣམས་གྲངས་འདིས་ཀྱང་ཆོས་ཐམས་ཅད་ནི་སྤྲུལ་པའི་ངོ་བོ་ཉིད་དེ། ཁྱད་པར་ཡང་མེད། ཐ་དད་དུ་དབྱེར ་ཡང་མེད་པ་དེ་ལྟར་རིག་པར་བྱའོ།། མེའུ་འགལ་གྱི་བུ་ཆོས་ཐམས་ཅད་སྤྲུལ་པའི་ངོ་བོ་ཉིད་དུ་ཤེས་པ་གང་ཡིན་པ་དེ་དེ་དག་ནི། སོ་སོའི་སྐྱེ་བོ་རྣམས་ལ་ཐ་དད་པ་དབྱེ་བར་མི་འདོད་ན།། ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། མེའུ་འགལ་གྱི་བུ་ཆོས་ཐམས་ཅད་ནི། རང་བཞིན་གྱིས་སྟོང་པ་ཀུན་ཏུ་གཏགས་པ་དང་། ཡོངས་སུ་བརྟགས་པ ་ལས་བྱུང་བ་སྟེ། དེ་དག་ལ་ཇི་ལྟར་འདོད་པ་བཞིན་དུ་རྣམ་པར་སྒྲུབ་མོད་ཀྱི་ཆོས་ཀྱི་དབྱིངས་ནི་སྐྱེ་བ་ཡང་མེད། འཇིགས་པ་ཡང་མེད། མེའུ་འགལ་གྱི་བུ་ཆོས་ཀྱི་དབྱིངས་དེ་ནི་དེ་བཞིན་གཤེག ་པས་དེ་བཞིན་དུ་ཐུགས་སུ་ཆུད་དེ། དེ་ཐུགས་སུ་ཆུད་པའི་ཕྱིར། དེ་བཞིན་གཤེགས་པས་སྒྲའི་ཁོང་བུ་གཅིག་ནས་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་འདུན་དུ། ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དེད་བཅས་པ། ཡང་དག་པར་སྟོན་ལ། དེ་དག་ཀྱང་ཅིག་གིས་ཅིག་མི་ཤེས་སོ།། མེའུ་འགལ་གྱི་བུ་འཛམ་བུའི་གླིང་ལྟ་ཞོག་གི། གླིང་ཆེན་པོ ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལྷའམ། མི་འམ། དེ་མ་ཡིན་པའི་སྐྱེ་བའི་གནས་ན་གནས་པ་ཇི་སྙེད་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་འདུན་དུ་དེ་བཞིན་གཤེགས་པས། ་སྐུའི་ཁོང་བུ་གཅིག་ནས། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ལ། དེ་དག་ཀྱང་གཅིག་གིས་ཅིག་མི་ཤེསོ།། ་མེའུ་འགལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལྟ་ཞོག་གི། མེའུ་འགལ་གྱི་བུ་ནན་གྱི་དཔེར་བྱ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི ་ཁམས་ཀྱི་སེམས་ཅན་བསྡུ་བར་བསྡུས་པ་ཇི་སྙེད་པ་དེ་དག་ཐམས་ཅད། སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། མེའུ་འགལ་གྱི་བུ་སེམས་ཅན་མིར་གྱུར་པ་དེ་དག་ཐམས་ཅད་ཀྱི་འདུན་དུ། ་དེ་བཞིན་གཤེགས་པའི་སྒྲའི་ཁོང་བུ་གཅིག་ནས། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་པར་མཛད་ལ། དེ་དག་ཀྱང་གཅིག་གིས་ཅིག་མི་ཤེས ་སོ།། མེའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྟ་ཞོག་གི། མེའུ་འགལ་གྱི་བུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང ་གི་བྱེ་མ་སྙེད་དག་ན། སེམས་ཅན་དུ་སྨོས་པ་གང་ཡིན་པའི་སེམས་ཅན་གྱི་ཁམས་ནི་ཆེ་མང་གི། སའི་ཁམས་ནི་དེ་ལྟ་མ་ཡིན་ནོ།། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་དང་། ་ཕྱོགས་མཚམས་དང་། འོག་དང་སྟེང་གི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་དུ་སྨོས་པ་གང་ཡིན་པའི་སེམས་ཅན་གྱི་ཁམས་ནི་ཆེས ་མང་གི། སའི་ཁམས་ནི་དེ་ལྟ་མ་ཡིན་ནོ།། མེའུ་འབལ་གྱི་བུ་ནན་གྱི་དཔེར་བྱ་ན། མེའུ་འགལ་གྱི་བུ་དེ་ལྟར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་ནི། རྫུ་འཕྲུལ་དང་། ཡེ་ཤེས་དཔག་ཏུ་མེད་པ་དང་ལྡན་ནོ།། མེའུ་འགལ་གྱི་བུ་འདི་ཇི་སྙམ་དུ་སེམམ། སེམས་ཅན་འཁོར་ལོས་སྒྱུར་བར་གྱུར་པ་དེ་དག་གིས་བསོད ་ནམས་ཀྱི་ཕུང་པོ་གང་གིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་། རིན་པོ་ཆེ་སྣ་བདུན་ཐོབ་པའི་བསོད་ནམས་ཀྱི་ཕུང་པོ་མང་ངམ། གསོལ་པ། བཅོམ་ལྡན་འདས་མང་ལག་སོ།། ་བདེ་བར་གཤེགས་པ་དཔག་ཏུ་མ་མཆིས་སོ།། བཀའ་སྩལ་པ། མེའུ་འགལ་གྱི་བུ་ཁྱོད་མོས་པར་བྱའོ།། ཁོང་དུ་ཆུད་པར་བྱའོ།། སེམས་ཅན་འཁོར་ལོས་སྒྱུར་བར་གྱུར་པ་དེ ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་བའི་བསོད་ནམས་ཀྱི་ཕུང་པོས་དེ་བཞིན་གཤེགས་པའི་སྒྲའི་ཁོང་བུ་ཅིག་ཡོངས་སུ་སྒྲུབ་པར་འགྱུརརོ།། དེ་ནས་བཅོམ ་ལྡན་འདས་ལ་ཚེ་དང་ལྡན་པ་མེའུ་འགལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་སྟོན་པ་འདི་ལྟར་རྫུ་འཕྲུལ་ཆི་བ་དང་། འདི་ལྟར་དབང་ཆེ་བ། ་གྲགས་པ་དང་། འདི་ལྟར་མཐུ་ཆེ་བ་ནི། བདག་གི་རྙེད་པ་ལེགས་པར་རྙེད་ལགས་སོ།། དེ་ལྟ་ལེགས་ཀྱིས་ཀྱང་བདག་ནི་རྒྱུའི་རྗེས་སུ་འགྲོ་བའི་ཆོས་ཐམས་ཅད་ལ་ཐོག་པ་མ ་མཆིས་པའི་ཡེ་ཤེས་འདི་ལྟ་བུ་ལས་དམན་པར་གྱུར་པ་ལགས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས། རྣམ་པར་འཕྲུལ་པའི་ཚེ་འདྲུག ་འདི་ཐོས་ནས། ལན་ཅིག་སེམས་བསྐྱེད་པའི་སེམས་ཅན་དེ་དག་ཀྱང་། རྙེད་པ་ལེགས་པར་རྙེད་ལགས་ན། བདག་མོས་པར་བགྱིད་ལ། མོས་ཤིང་ཡིད་ཆེས་ནས་ཀྱང་། ་རྫུ་འཕྲུལ་དང་། ཡེ་ཤེས་འདི་ལྟ་བུ་རྫོགས་པར་བགྱི་བའི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད། ་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། སེམས་ཅན་དེ་དག་ནི་ལྷ་དང་བཅས་པའི་འཇིག་རྟེན་ཕྱག་བགྱི་བར་གནས་པ་ལགས་སོ།། བཀའ་སྩལ་པ། མེའུ་འགལ་གྱི་བུ་དེ་དེ་བཞིན་ཏེ། ་ཁྱོད་ཇི་སྐད་ཟེར་བ་བཞིན་དུ། སེམས་ཅན་གང་དག་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ལ་ཡིད་ཆེས་པ་དེ་དག་གིས་ནི། རྙེད་པ་ལེགས་པར་རྙེད་དོ།། དེ་དག་ནི་ལོག་པར་ལྷུང ་བ་དགོས་པ་མེད་པར་ཤེས་པར་བྱའོ།། དེ་ནས་ལྷ་དེ་དག་དང་། ཀླུ་དེ་དག་དང་། བརྒྱ་བྱིན་དེ་དག་དང་། ཚངས་པ་དེ་དག་གིས་བཅོམ་ལྡན་འདས་ལས་སངས་རྒྱས་ཀྱི་རྫུ་འཕྲལ ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་འདི་ཐོས་ནས། ཚིག་འཐུན་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལ་ལོ།། ཕྱག་འཚལ་ལོ།། སེམས་ཅན་གང་དག་གིས ་ཡེ་ཤེས་འདི་ལྟ་བུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། སེམས་བསྐྱེད་པ་འམ། བསྐྱེད་པར་འགྱུར་བ་དེ་དག་ལ་ཡང་ཕྱག་འཚལ་ལོ།། ཇི་ལྟར་ད་ལྟར་ན། དེ་བཞིན་གཤེགས་པ ་རྣམ་པར་འཕྲུལ་པ་བཞིན་དུ། དེ་དག་ཀྱང་རྣམ་པར་འཕྲུལ་པར་འགྱུར་ཏེ། དེ་བས་ན་བདག་ཅག་གིས་འདི་ལ་སོམ་ཉི་དང་། ཡིད་གཉིས་སམ། ཐེ་ཙོམ་ཟ་བར་མི་བྱེད་དོ།། ཞེས ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ།། དེ་ནས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དེ་དག་དང་། བརྒྱ་བྱིན་དེ་དག་དང་། ཚངས་པ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱ། ་བ་དང་། ཆོས་ཀྱི་རྣམ་གྲངས་འདི་ལ་གུས་པར་བྱ་བའི་ཕྱིར། སིལ་སྙན་འབུམ་སྒྲ་ཕྱུང་ངོ་།། ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ཏ་དང་། པད་མ་དཀར་པོ་དག་གིས ་སུམ་ཅུ་རྩ་གསུམ་གྱི་གནས་ཐམས་ཅད་ལ་མངོན་པར་གཏོར་ཏོ།། ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་དང་། སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ལྷ ་བེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུ་རྩ་གཉིས་ཀྱི་སེམས་སྐྱེད་དེ་ཚིག་འདི་སྐད་དུ་ཇི་ལྟར་ད་ལྟར་ན། དེ་བཞིན་གཤེགས་པ་སེང་གེའི་སྒྲ་སྒྲོགས་པ་དེ་བཞིན་དུ། བདག་ཅག་ཀྱང་མ་འོང་པོའི་དུས་ན། ་ལྷོ་དང་བཅས་པའི་འཇིག་རྟེན་གྱི་འདུན་ན། བླ་ན་མེད་པའི་སེང་གེའི་སྒྲ་སྒྲོགས་པར་གྱུར་ཅིག་ཅེས་སྨྲས་སོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བ་དང་། ཟླ་མཆོག་གི་འདི ་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དེ་བསོད་ནམས་ཇི་ཙམ་ཞིག་བསྐྱེད་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་དང་། ་ཟླ་མཆོག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྷའི་བུ་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་བདག་ཉིད་ཀྱི་འཆང་ལ། གཞན་དག་ལ་ཡང་དག་པར་སྟོན ་པ་དེ་ནི། དཀོན་མཆོག་གསུམ་རྒྱུན་མི་འཆད་པའི་ཕྱིར། ཞུགས་པ་ཡིན་ནོ་དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན་ཉན་ཐོས་ཀྱི་སེམས་སམ། ་རང་སངས་རྒྱས་ཀྱི་སེམས་བསྐྱེད་པར་མི་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབའ་ཞིག་ཏུ་སེམས་བསྐྱེད་པར་འགྱུར། ་བའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་རྒྱ་ཆེན་པོ་ལ་མོས་པ། དབང་པོ་རྣོན་པོ།། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། རྣམས་ནི་ཆོས་ཀྱི་རྣམ་གྲངས་འདི་ལ། དགའ ་བ་བསྐྱེད་པར་འགྱུར་གྱི། ཆུང་ངུ་ལ་མོས་པ་རྣམས་ནི་དེ་ལྟ་མ་ཡིན་ནོ།། ལྷའི་བུ་རྣམ་གྲངས་འདིས་ན། གང་དག་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། ཀློག་པ་རྣམས་ནི་ཅི་ནས ་དཀོན་མཆོག་གསུམ་རྒྱུན་མི་འཆད་པའི་ཕྱིར་གནས་པ་ཡིན་པ་དེ་ལྟར་རིག་པར་བྱའོ།། ལྷའི་བུ་འདི་ཇི་སྙམ་དུ་སེམས། གང་དཀོན་མཆོག་གསུམ་རྒྱུན་མི་འཆད་པའི་ཕྱིར། ་གནས་པ་དེའི་སྔགས་པའི་མཐའ་འམ། བསོད་ནམས་ཀྱི་མཐའ། སངས་རྒྱས་འབུམ། སྐུ་ཚེའི་ཚད། བསྐལ་པར་བཞུགས་པ་བས་ཀྱང་བསྟན་པ་འམ། གཤད་པར ་སྤྱོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཀའ་སྩལ་པ། ལྷའི་བུ་རྣམ་གྲངས་འདི་ཀྱང་། གང་དག་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་འམ། གཞན ་དོག་ལ་སྟོན་པ་དེ་བསོད་ནམས་ཚད་མེད་པར་སྐྱེ་བར་མཁས་པ་དེས་དེ་ལྟར་རིག་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་དེའི་ཕྱིར་ཆོས་ཀྱིས་རྣམ་གྲངས་འདི་སུམ ་། ཅུ་རྩ་གསུམ་གྱི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག། སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཞེས་བྱ་བར་ཡང་ཟུང་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས ་བཀའ་སྩལ་ནས། ལྷའི་བུ་ཟླ་བ་དང་། ཟླ་མཆོག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། ཚེ་དང་ལྡན་པ་མེའུ་འགལ་གྱི་བུ་ཆེན་པོ་དང་། ཚངས་པ ་དེ་དག་དང་། བརྒྱ་བྱིན་དེ་དག་དང་། ལྷ་དེ་དག་དང་། མི་དེ་དག་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན ་པར་བསྟོད་དོ།། །། འཕགས་པ་སུམ་ཅུ་རྩ་གསུམ་པའི་ལེའུ་ཞེས་བྱ་བ། ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ་རྒྱ་གར་གྱི་མཁན་པོ་པཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་། ཞུས་ཏེ་གཏན་ལ་ཕབ་པའོ།། ་