| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། སྦལ་པ་དེ་བ་ཏ་སཱུཏྲ། བོད་སྐད་དུ། ལྷའི་མདོ་ཉུང་ངུ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ་འདི་སྐད་བདག་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་འཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། ་དེ་ནས་ལྷ་ཞིག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། ་ཕྱོགས་གཅིག་ཏུ་འདུག་ནས། ལྷ་དེས་བཅོམ་ལྡན་འདས་ལ་ཞུ་བ་ཞུས་པ།། ཚུལ་ཁྲིམས་གང་ལགས་སྤྱོད་པ་གང་།། ཡོན་རྟེན་གང་ལགས་གང་གིས། ་གནས་ཇི་ལྟར་ཤེས་རབ་གང་།། སྐྱེ་བ་གང་དག་མཐོ་རིས་མཆི།། ལྷ་ལ་ཐུགས་བརྩེས་ཉེར་བཟུང་ནས།། སྟོན་པས་དེ་ལ་ལུང་བསྟེན་པ།། སྐྱེ་བོ་མཐོ་རིས ་གང་འགྲོ་བ།། ལྷ་ཁྱོད་ངལ་རབ་ཏུ་ཉོན།། སྲོག་གཅོད་པ་ལས་ཕྱིར་ལོག་ཅིང་།། ཁྲིམས་བསྲུང་ཡང་དག་སྡོམ་ལ་དགའ།། གང་དག་སྐྱེ་བོ་མའི་ཚེ་བ།། སྐྱེ་བོ་དེ་དག ་མཐོ་རིས་འགྲོ།། གང་དག་མ་བྱིན་ལེན་སྤོང་ཞིང་།། སྦྱིན་པ་གཏོང་ལ་རྟག་དགའ་སྟེ།། རྐུ་བ་སྤོང་ཞིང་མི་རྐུ་བ།། སྐྱེ་བོ་དེ་དག་མཛེ་རིས་འགྲོ།། གཞན་གྱི་ཆུ་མའི་ཐད་མི ་འགྲོ།། ལོག་པར་གཡེམ་པ་རྣམ་པར་སྤྲོ།། དག་ཉིད་ཆུང་མས་ཆོག་སེམས་པ།། སྐྱེ་བོ་དེ་དག་མཐོ་རིས་འགྲོ།། གཞན་གྱི་ནོར་ལ་རྐུ་བྱ་དང་། བདག་གི་ཕྱིར་དང་འཇིགས ་ཕྱིར།། བརྫུན་གྱི་ཚིག་རྣམས་མི་སྨྲ་བ། སྐྱེ་བོ་དེ་དག་མཐོ་རིས་འགྲོ།། གྲོགས་པོ་རྟག་པར་དབྱེན་བྱེད་པ།། ཕྲ་མའི་ཚིག་རྣམས་རབ་སྤོང་ཞིང་། གང་དག་འདུམ་པར་གང ་དགའ་བ།། སྐྱེ་བོ་དེ་དག་མཐོ་རིས་འགྲོ།། རྒྱགས་པ་སྟོན་ཅིང་ཞེ་གཅོད་ན།། ཚིག་རྩུབ་དག་ནི་རབ་སྤོང་ཞིང་།། འཇམ་པོའི་ཚིག་ཏུ་གང་སྨྲ་བ།། སྐྱེ་བོ་དེ་དག་མཐོ ་རིས་འགྲོ།། དོན་མེད་གནས་དང་ལྡན་པ་ཡི།། འཁྱལ་བའི་ཚིག་རྣམས་རབ་སྤོང་ཞིང་།། གང་ཡང་དུས་སུ་ཆོས་སྨྲ་བ།། སྐྱེ་བོ་དེ་དག་མཐོ་རིས་འགྲོ།། གྲོང་ངམ ་འོན་ཏེ་དགོན་པ་ན།། གཞན་གྱི་བདག་གིར་བྱས་པ་ལ།། དེ་ལ་ཆགས་སེམས་གང་མེད་པ།། སྐྱེ་བོ་དེ་དག་མཐོ་རིས་འགྲོ།། བྱམས་པའི་སེམས་ཀྱིས་མི་འཚེ་ཞིང་།། ་གནོད་པར་སེམས་པ་མེད་པ་ཡི།། སྐྱེ་བོ་ཀུན་ལ་མི་གནད་པ།། སྐྱེ་བོ་དེ་དག་མཐོ་རིས་འགྲོ།། ལས་དང་ལས་ཀྱི་རྣམ་སྨིན་པ།། གཉི་ག་ལ་ཡང་གང་དད་ཅིང་།། ཡང ་དག་ལྟ་བ་ཡང་དག་འཛིན།། སྐྱེ་བོ་དེ་དག་མཐོ་རིས་འགྲོ།། དགེ་བའི་ཆོས་རྣམས་འདི་དག་ནི།། དཀར་པོའི་ཆོས་ཀྱི་ལམ་བཅུ་སྟེ།། གང་དག་ཡང་དག ་འཛིན་འགྱུར་བ།། སྐྱེ་བོ་དེ་དག་མཐོ་རིས་འགྲོ།། བྲམ་ཟེ་མྱ་ངན་འདས་པ་དང་།། དགྲ་དང་འཇིགས་པ་ཀུན་འདས་ཤིང་།། འཇིག་རྟེན་ཆགས་མེད་རྒལ་བ་ནི།། མང་པོ་ཡོད་པར་མ་མཐོང ་ངོབཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷ་དེའི་ཡི་ར་དེ་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ལྷའི་མདོ་ཉུང་ངུ་རྫོགས ་