| Wylie | e-texts produced with BDRC’s OCR application |
བཟུངས་རྫོགས་སྷོ།། ། རྒྱ་གར་སྐད་དུ། བ་ཧུ་ད་ཏུ་ཀཱ་སཱུ་ཏྲ། བོད་སྐད་དུ། ཁམས་མང་པོའི་མདོ།། སངས་རྒྱས་དང་བྱང་།། ་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ ་མགོན་ཟླས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གཅིག་པུ་དབེན་པར་སོང་སྟེ། ནང་དུ་ཡང་དག་གཞག་ནས། སེམས་ལ་སེམས ་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་དག་སྐྱེས་ཏེ། འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེས་མཁས་པ་ལས་མ་ཡིན་ནོ།། ཡམས་ཀྱི་ནད ་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་ལས་སྐྱེའི། མཁས་པ་ལས་མ་ཡིན་ནོ།། དེ་ནས་ཚེ་དང ་ལྡན་པ་ཀུན་དགའ་བོ་ཕྱི་མ་འབྲེང་ནང་དུ་ཡང་དག་འཇོག་པ་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ ་མགོ་བོས་ཕྱག་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ་བཙུན་པ་འདིར་བདག་གཅིག་པུ་དབེན་པར་མཆིས་ཏེ། ནང་དུ་ཡང་དག་གཞག་ན། སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་སྐྱེས་ཏེ། འཇིགས་པ་གང ་ཁམས་ཡང་། @དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི། བྱིས་པ་ལས་སྐྱེའི་མཁས་པ་ལས་མ་ལགས་སོ།། ཡམས་ཀྱི་ནད་དྲུག་དང་། གནོད་པ་དང་། ་ནད་འགོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི། མཁས་པ་ལས་མ་ལགས་སོ་སྙམ་མོ།། ཀུན་དགའ་བོ་དེ་དེ ་བཞིན་ནོ།། དེ་དེ་བཞིན་དེ། འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི། མཁས་པ་ལས་ནི་མ་ཡིན་ནོ།། ཡམས་ཀྱི་ནད་གང་དག ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི། མཁས་པ་ལས་ནི་མ་ཡིན་ནོ།། ཀུན ་དགའ་བོ་དཔེར་ན་འདམ་བུ་སྐམ་པོའི་ཁང་པ་འམ། ཙཱ་སྐམ་པོའི་ཁང་པ་འམ། སོག་མ་སྐམ་པོའི་ཕུང་པོ་དག་ལོ་མེ་བཏང་ནས། ཁང་པ་བརྩེགས་པ་དང་། ་ཁང་པ་བརྩེགས་པའི་གནས་རྣམས་ཀྱང་ཚིག་པར་བྱེད་དོ།། དེ་བཞིན་དུ་འཇིག་པ་གང་དག་འབྱུང་ཞིང་སྐྱེ་བ་ཐམས་ཅད་ནི་བྱིས་པ་ལས་སྐྱེའི། མཁས་པ ་ལས་ནི་མ་ཡིན་ནོ།། ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགྲོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའོ།། མཁས་པ་ལས ་ནི་མ་ཡིན་ནོ།། ཀུན་དགའ་བོ་འདས་པའི་དུས་སུ་འཇིག་པ་གང་དག་འབྱུང་ཞིང་སྐྱེས་པ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེས་ཀྱི། མཁས་པ་ལས་ནི་མ་ཡིན་ནོ།། ཡམས ་ཀྱི་ནད་གང་དག་དག་དང་། གནོད་པ་དང་། ནད་འགྲོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེས་ཀྱི། མཁས་པ་ལ་ནི་མ་ཡིན་ནོ།། ་ཀུན་དགའ་བོ་མ་འོངས་པའི་དུས་སུ་འཇིགས་པ་གང་དག་འབྱུང་ཞིང་སྐྱེས་པར་འགྱུར་བ་ཐམས་ཅད་ནི་བྱིས་པ་ལས་སྐྱེ་བར་འགྱུར་གྱི། མཁས་པ་ལས་མ་ཡིན་ནོ།། ཡམས་ཀྱི ་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེ་བར་འགྱུར་གྱི། མཁས་པ་ལས་ནི་མ་ཡིན ་ནོ།། ཀུན་དགའ་བོ་དེ་ལྟར་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་དག་ཏུ་འཇིགས་པ་དང་བཅས་པ་ནི་བྱིས་པའོ།། འཇིགས་པ་མེད་པ་ནི་མཁས་པའོ།། ཡམས ་ཀྱི་ནད་དང་བཅས་པ་ནི་བྱིས་པའོ།། ཡམས་ཀྱི་ནད་མེད་པ་ནི་མཁས་པའོ། གནོད་པ་དང་བཅས་པ་ནི་བྱིས་པའོ།། གནོད་པ་མེད་པ་ནི་མཁས་པའོ།། ནད་འགོ་བ་དང་བཅས་པ། ་ནི་བྱིས་པའོ།། རད་འགོ་བ་མེད་པ་ནི་མཁས་པའོ།། འཁྲུག་པ་དང་བཅས་པ་ནི་བྱིས་པའོ།། འཁྲུག་པ་མེད་པ་ནི་མཁས་པའོ།། ཀུན་དགའ་བོ་འཇིགས་པ་དང་། ཡམས་ཀྱི ་ནད་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་དག་ནི་བྱིས་པ་ལས་ཡིན་གྱི་མཁས་པ་ལས་ནི་མ་ཡིན་པར་ཤེས་པར་བྱའོ།། ཀུན་དགའ་བོ་དེ་ལྟ་བས་ན། བྱིས་པའི་ཆོས ་དང་མཁས་པའི་ཆོས་ཁོང་དུ་ཆུད་པར་བྱའོ།། བྱིས་པའི་ཆོས་དང་མཁས་པའི་ཆོས་དག་ཁོང་དུ་ཆུད་ནས་ཀྱང་། བྱིས་པའི་ཆོས་ནི་སྤང་བར་བྱའོ།། མཁས་པའི་ཆོས་ནི་ཡང་དག ་ཁམས་ཡང་#པར་བླང་བར་བྱ་སྟེ། ཀུན་དགའ་བོ་དེ་ལྟར་དེ་བཞིན་དུ་བསླབ་པར་བྱའོ།། བཙུན་པ་ཇི་ཙམ་གྱིས་ན་བྱིས་པ་བྱིས་པ་ཞེས་བགྱི་བའི་གྲངས་སུ་མཆི་བ་ལགས། ་ཀུན་དགའ་བོ་བྱིས་པ་ནི་ཁམས་ལ་མཁས་པ་མ་ཡིན་པ་དང་། སྐྱེ་མཆེད་ལ་མཁས་པ་མ་ཡིན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་མ་ཡིན་པ་དང་། གནས་དང ་གནས་མ་ཡིན་པ་ལ་མཁས་པ་མ་ཡིན་པ་སྟེ། ཀུན་དགའ་བོ་དེ་ཙམ་གྱིས་ན་མྦུ་བྱིས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ།། བཙུན་པ་ཇི་ཙམ་གྱིས་ན་མཁས་པ་མཁས་པ་ཞེས་བགྱི། ་བའི་གྲངས་སུ་མཆི་བ་ལགས། ཀུན་དགའ་བོ་མཁས་པ་ནི། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་ཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས ་དང་གནས་མ་ཡིན་པ་ལ་མཁས་པ་ཡིན་ཏེ། ཀུན་དགའ་བོ་ཙམ་གྱིས་ན་མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ།། བཙུན་པ་ཇི་ཙམ་བགྱི་ན་མཁས་པ་མཁམས ་ལ་མཁས་པ་ལགས། ཀུན་དགའ་བོ་མཁས་པ་ནི་ཁམས་བཅོ་བརྒྱད་པོ།། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི ་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི ་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི ་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། ཀུན་དགའ་བོ་དེ་ལྟར་ན་ཁམས་བཅཝོ་བརྒྱད་པོ་ཡང་དག་པར་ཇི་ལྟ་བ། ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་དྲུག་པོ།། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ན་མཁའི་ཁམས་དང་། རྣམ ་པར་ཤེས་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། དེ་ལྟར་ན་ཁམས་དྲུག་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས། ་དྲུག་པོ་འདོད་པའི་ཁམས་དང་། གནོད་སེམས་ཀྱི་ཁམས་དང་། རྣམ་པར་འཚེ་བའི་ཁམས་དང་ངེས་པར་འབྱུང་བའི་ཁམས་དང་། གནོད་སེམས་མེད་པའི་ཁམས་དང་། རྣམ་པ ་འཚེ་བ་མེད་པའི་ཁམས་དག། ཡང་དག་པར་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། དེ་ལྟར་ན་ཁམས་དྲུག་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང ་ཁམས་དྲུག་པོ་བདེ་བའི་ཁམས་དང་། སྡུག་བསྔལ་གྱི་ཁམས་དང་། ཡིད་བདེ་བའི་ཁམས་དང་། ཡིད་མི་བདེ་བའི་ཁམས་དང་། གཏང་སྙོམས་ཀྱི་ཁམས་དང་། མ་རིག་པའི། ་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། དེ་ལྟར་ན་ཁམས་དྲུག་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་བཞི།། ་པོ་ཚོར་བའི་ཁམས་དང་། འདུ་ཤེས་ཀྱི་ཁམས་དང་། འདུ་བྱེད་ཀྱི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དག་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང ་ང་། @། ཁམས་གསུམ་པོ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ ་ཡིན་ནོ།། གཞན་ཡང་ཁམས་གསུམ་པོ་དག། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། འགོག་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན ་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གསུམ་པོ་འདས་པའི་ཁམས་དང་། མ་འོངས་པའི་ཁམས་དང་། དལྟར་བྱུང་བའི་ཁམས་དག་ཡང་དག་པ་ཇི་ལྟ་བ ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གསུམ་པོ་དམན་པའི་ཁམས་དང་། བར་མིའི་ཁམས་དང་། གྱ་ནོམ་པའི་ཁམས་དག་ཡང་དག་ཇི་ལྟ་བ་བཞིན ་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གསུམ་པོ་དགེ་བའི་ཁམས་དང་། མི་དགེ་བའི་ཁམས་དང་། ལུང་དུ་མ་བསྟན་པའི་ཁམས་དག་ཡང་དག་པ་ཇི་ལྟ ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གསུམ་པོ་སློབ་པའི་ཁམས་དང་། མི་སློབ་པའི་ཁམས་དང་། སློབ་པ་ཡང་མ་ཡིན་པའི་ཁམས་དག་ཡང ་དག་པར་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གཉིས་པོ་ཟག་པ་དང་བཅས་པའི་ཁམས་དང་། ཟག་པ་མེད་མའི་ཁམས་དག་ཡང་དག ་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་བློ་འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས ་ཤིང་མཐོང་བ་ཡིན་ཏེ། ཀུན་དགའ་བོ་དེ་ཙམ་གྱིས་ན། མཁས་པ་ཁམས་ལ་མཁས་པ་ཡིན་ནོ།། བཙུན་པ་ཇི་ཙམ་གྱིས་ན་མཁས་པ་སྐྱེ་མཆེད་ལ་མཁས་པ ་ལགས། ཀུན་དགའ་བོ་མཁས་པ་ནི་སྐྱེ་མཆེད་བཅུ་གཉིས་པོ་མིག་གི་སྐྱེ་མཆེ་དང་། གཟུགས་ཀྱི་སྐྱེ་མཆེད་དང་། རྣ་བའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། ་དྲིའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་། ཡིན་གྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དག ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། ཀུན་དགའ་བོ་དེ་ཙམ་གྱིས་ནི་མཁས་པ་སྐྱེ་མཆེད་ལ་མཁས་པ་ཡིན་ནོ།། བཙུན་པ་ཇི་ཙམ་གྱིས་ན་མཁས་པ་རྟེན ་ཅིང་འབྲེལ་པར་འབྱུང་ལ་མཁས་པ་ལགས། ཀུན་དགའ་བོ་མཁས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཉིད་ལུག་བཞིན་འབྱུང་བ་དང་། ལུགས་ལྔས་བཟློག ་བ་འདི་ལྟ་སྟེ། འདི་ཡོད་པས་འབྱུང་། འདི་སྐྱེས་པས་འདི་སྐྱེས་སྟེ་འདི་ལྟར། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རིག་པའི་རྐྱེན་གྱིས་ཚོར ་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན ་!དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་འབྱུང་ཞིང་། སྡུག་བསྔལ་གྱི་ཕུང་པོ་ཆེན ་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ།། འདི་ལྟ་སྟེ་འདི་མེད་པས་འདི་མི་འབྱུང་། འདི་འགག་པས་འདི་འགག་ཏེ། འདི་ལྟར་མ་རིག་པ་འགག་པས་འདུ་བྱེད ་འགག། འདུ་བྱེད་འགགས་པར་རྣམ་པར་ཤེས་པ་འགག། རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག། མིང་དང་གཟུགས་འགགས་པས ་སྐྱེད་མཆེད་དྲུག་འགག། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག། རེག་པ་འགགས་པས་ཚོར་བ་འགག། ཚོར་བ་འགགས་པས་སྲེད་པ་འགག། སྲེད་པ། ་འགགས་པས་ལེན་པ་འགག། ལེན་པ་འགགས་པས་སྲིད་པ་འགག། སྲིད་པ་འགགས་པས་སྐྱེ་བ་འགག། སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨེ ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་འགག་ཅིང་། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འགག་པར་འགྱུར ་བདག་ཡང་དག་པར་ཇི་ལྟ་བ་བཞིན་མཐོང་བ་ཏེ། ཀུན་དགའ་བོ་དེ་ཙམ་གྱིས་ན་མཁས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཡིན་ནོ།། བཙུན་པ་ཇི་ཙམ་གྱིས་ན ་མཁས་པ་གནས་དང་། གནས་མ་ཡིན་པ་ལ་མཁས་པ་ལགས། ཀུན་དགའ་བོ་མཁས་པ་ནི་གནས་ལ་གནས་དང་། གནས་མ་ཡིན་པ་ལ་གནས་མ་ཡིན་པ་དག་ཡང ་དག་པར་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། ཀུན་དགའ་བོ་འདི་ནི་གནས་མ་ཡིད་ཞིང་གོ་སྐབས་མེད་པ་སྟེ། གང་ལུས་ཀྱི་ཉེས་པར་སྤྱད་པ་དང་། ངག་དང་ཡིད ་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་མ་ཡིན་པ་དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དག་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས ་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། གང་ལུས་ཀྱི་ཉེས་པར་སྤྱད་པ་དེ་དང་། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་མ་ཡིན་པ་དང་། སྡུག ་པ་མ་ཡིན་པ་དང་། དགའ་བ་མ་ཡིན་པ་དང་། ཡིད་དུ་མི་འོང་བ་དང་། མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་ཡིན་ནོ།། ཀུན་དགའ་བོ་འདི་ནི་གནས་མ ་ཡིན་ཞིང་གོ་སྐབས་མེད་པ་སྟེ། གང་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་མ་ཡིན་པ་དང་།། ་སྡུག་པ་མ་ཡིན་པ་དང་། དགའ་བ་མ་ཡིན་པ་དང་། ཡིད་དུ་འོང་བ་མ་ཡིན་པ་དག་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་མ་ཡིན་ཏེ། འདི་ནི་གནས། ་ཡིན་ཏེ། གང་ལུས་ཀྱི་ལེགས་པར་སྤྱད་པ་དང་། ངག་སྲིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང ་བདག་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་ཡིན་ནོ།། གནས་མ་ཡིན་ནིང་གོ་སྐབས་མེད་པ་འདི། གང་ལུས་ཀྱི་ཉེས་པར་སྤྱད་པ་སྤྱང་། ངག་དང་ཡིད་ཀྱིས ་ཉེས་པར་སྤྱད་པ་སྤྱད་ནས། རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་འདི་ནི་གནས། ་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། གང་ལུས་ཀྱི་ཉེས་པར་སྤྱད་པ་སྤྱད། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱད་ནས། རྒྱུ་དེ་དང་རྐྱེན་རིས་ལུས་ཞིག་ནས་ཤི་ཕན་ཅད ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་དག་གི་ནང་དུ་སྐྱེ་བར་འགྱུར་བ་འདི་ནི་གནས་ཡིན་ནོ།། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི། གང་ལུས་ཀྱིས་ལེགས་པར ་སྤྱད་པ་སྤྱད། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱད་ནས། རྒྱུ་དང་རྐྱེན་དེས་ལུས་ཞིག་ནས་ཤི་ཕན་ཅད་ངན་སོང་ངན་འགྲོ་རྣམ་པར་ལྟུང་བ་སེམས་ཅན་དམྱལ་བ་དག་གི ་ནང་དུ་སྐྱེ་བར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས་མ་ཡིན་ཏེ། གང་ལུས་ཀྱི་ལེགས་པར་སྤྱད་པ་སྤྱད། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱད་ནས། ་རྒྱུ་དང་རྐྱེན་དེས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་དེ་ནི་གནས་ཡིན་ནོ།། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི། ཡང་དག ་པར་རྫོགས་པའི་སངས་རྒྱས་གཉིས་འཇིག་རྟེན་དུ་གང་སྔ་ཕྱི་མེད་པར་འབྱུང་བ་འདི་ནི་གནས་མ་ཡིན་ཏེ། གང་གཅིག་འབྱུང་བ་འདི་ནི་གནས་ཡིན་ནོ།། གནས་མ་ཡིན་ཞིང ་གོ་སྐབས་མེད་པ་ནི། འཁོར་ལོས་སྒྱུར་བ་གཉིས་འཇིག་རྟེན་དུ་གང་སྔ་ཕྱི་མེད་པར་འབྱུང་བ་འདི་ནི་གནས་མ་ཡིན་ཏེ། གང་ཅིག་འབྱུང་བ་འདི་ནི་གནས་ཡིན་ནོ།། གནས་མ ་ཡིན་ཞིང་གོ་སྐབས་མེད་པ་འདི་ནི། གང་བུད་མེད་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་། བརྒྱ་བྱིན་ཉིད་དང་། ཚངས་པ་ཉིད་དང་། བདུད་ཉིད་བྱེད་པར་འགྱུར་བ་དང་། ་རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་བ་དང་། བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་འཚང་རྒྱ་བར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས ་ཡིན་ཏེ། སྐྱེས་པ་གང་ཡིན་པའོ།། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི། གང་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་བསམས་བཞིན་དུ་ཕ་དང་མ་དང་། དགྲ་བཅོམ་པ་བསོད། ་པར་འགྱུར་བ་དང་། དགེ་འདུན་གྱི་དབྱེན་བྱེད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི ་གནས་ཡིན་ཏེ་སོ་སོའི་སྐྱེ་བོ་གང་ཡིན་པའོ།། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི། གང་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་བསམས་བཞིན་དུ་སྲོག་ཆགས་ཀྱི་སྲོག་བཅོད ་པར་འགྱུར་བ་དང་། བསླབ་པ་བཏང་ནས་ཉམས་པ་འཇུག་པར་འགྱུར་བ་དང་། འདི་ལས་ཕྱི་རོལ་གཞན་དག་ལ་ཡོན་གནས་སུ་ཚོལ་བར་འགྱུར་བ་དང་། འདི་ལས་ཕྱི་རོལ ་པ་གཞན་དག་ལ་སྟོན་པར་ལྟ་བར་འགྱུར་བ་དང་། དགེ་མཚན་དང་བཀྲ་ཤིས་བདག་གི་དག་པར་ཡིད་ཆེས་པར་འགྱུར་བ་དང་། དགེ་སྦྱོང་དང་། བྲམ་ཟེ་ཤེས་པ་དང་ལྡན་པ ་དེ་དག་ཤེས་པར་བྱ་བ་ཤེས་ཤིང་ལྟ་བར་བྱ་བར་མཐོང་ངོ་།། སྙམ་ནས་དགེ་སྦྱོང་དང་། བྲམ་ཟེ་གཞན་དག་གི་ངོར་རྟོག་ཅིང་ངོར་ལྟ་བར་འགྱུར་བ་དང་། སྲིད་པ་བརྒྱད་པ་མངོན་པ ་ས@#། འགྲུབ་པར་འགྱུར་བ་འདི་ནི་གནས་མ་ཡིན་ཏེ། འདི་ནི་གནས་ཡིན་ནོ།། སོ་སོའི་སྐྱེ་བོ་གང་ཡིན་པའོ།། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི ་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམས་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མི་འགྱུར་བ་གང་སྒྲིབ་ལྔ་པོ ་མ་སྤངས་པ་ནི། དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་གཞག་ནས། འདི་ནི་གནས་ཡིན་ཏེ། སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ ་ཉམས་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མི་འགྱུར་བ་གང་སྒྲིབ་པ་ལྔ་པོ་སྤངས་པས་ནི། དྲན་པ་ཉེ་བར་གཞག་པ་བཞི་དག ་ལ་སེམས་ཤིན་ཏུ་ཉེ་བར་གཞག་ནས་གནས་པར་འགྱུར་བ་འདི་ནི་གནས་ཡིན་ནོ།། གནས་མ་ཡིན་ཞིང་གོ་སྐབས་པ་མེད་པ་ནི། སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ་ཤེས་རབ་ཉམས་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མི་འགྱུར་བ། གང་སྒྲིབ་པ་ལྔ་པོ་མ་སྤངས་པ་ནི། དྲན་པ་ཉེ་བར་གཞག ་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་གཞག་པ་ན། བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། སེམས་ཀུན་ནས་ཉོན་མོངས་པར། ་བྱེད་པ་དང་། ཤེས་རབ་ཉམས་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདས་པར་མི་འགྱུར་བ་གང་སྒྲིབ་པ་ལྔ་པོ་སྤངས་པས་ནི། དྲན་པ་ཉེ་བར ་གཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་གཞག་ནས་གནས་པ་ན། བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པར་འགྱུར་བ་འདི་ནི་གནས་ཡིན་ནོ།། གནས་མ་ཡིན་ཞིང་གོ་སྐབས ་མེད་པ་ནི། སེཾས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམས་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མི་འགྱུར། ་བ་གང་སྒྲིབ་པ་ལྔ་པོ་མ་སྤངས་པས་ནི། དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་གཞག་ནས་གནས་པ་ན། བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་ཏེ། རང ་བྱང་ཆུབ་མངོན་པར་བྱེད་པར་འགྱུར་བ་དང་། བླ་ན་མེ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས ་ཡིན་ཏེ། སེམས་ཀུན་ནས་ཉོན་མོངས་པར་འགྱུར་བ་དང་། ཤེས་རབ་ཉམས་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མི ་འགྱུར་བ་གང་སྒྲིབ་པ་ལྔ་པོ་སྤངས་པས་ནི། དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་གཞག་ནས་གནས་པ་ན། བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་ཏེ། རང་བྱང ་ཆུབ་མངོན་དུ་བྱེད་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འདི་ནི་གནས་ཡིན་ཏེ། ཀུན་དགའ་བོ་དེ ་ཙམ་གྱིས་ན་མཁས་པ་གནས་མ་ཡིན་པ་ལ་མཁས་པ་ཡིན་ནོ།། བཙུན་པ་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས་ཇི་ལྟར་བཟུང་བར་བགྱི། ཀུན་དགའ་བོ་དེའི་ཕྱིར་ཆོས ་མས། @#ཀྱི་རྣམ་གྲངས་འདི་ནི་ལེའུ་བཞི་པ་ཞེས་པར་ཡང་བཟུང་ཤིག། ཆོས་ཀྱི་མེ་ལོང་ཞེས་བྱ་བ་ཡང་བཟུང་ཤིག། བདུད་རྩིའི་ལྔ་པོ་ཆེ་ཞེས ་བྱ་བར་ཡང་བཟུང་ཤིག། དེ་བས་ན་ཁམས་མང་པོ་པ་ཞེས་བྱ་བ་ནི། ཆོས་ཀྱི་རྣམ་གྲངས་འདིའི་ཚིགས་བླ་དགས་ཡིན་ནོ།། ཁམས་མང་པོ་ཞེས་བྱ་བའི་མདོ་རྫོག་སྷོ།། ། ་རྒྱ་གར་གྱི་མཁན་པོ་སུ་ལེནྟ་བོ་དེ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་གཏན་ལ་ཕབ་པ།། ་