CLOSE WINDOW

F170: 'phags pa thabs khas pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

། རྒྱ་གར་སྐད་དུ། ཨར་སུ་བ་ཡ་ན། ནམ་མ་ཧཱ་ཡ་ན་སཱུ་ཏ། བོད་སྐད་དུ། འཕགས་པ་ཐབས་ཁས་པ་ཞེས་བྱ་བ་ཐེག ་པ་ཆེན་པོའི་མདོ།། ། བམ་པོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔེའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ་བཅོམ་ལྡན་འདས་མཉན་དུ་ཡོད་ན། མཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དཀའ་ར་བ་ན། དགེ་སློང་བརྒྱད་ཁྲི་བཞི་སྟོང་གི་དགེ་སློང་ན་ཆེན་པོ་དང་། ཐབས་གཅིག་ཏུ ་བཞུགས་སོ།། བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ། གཟུ་ས་ཐོབ་པ། སྤོབས་པ་ཐོག་པ་མེད་པ། ཁྲི་དྲུག་སྟོང་དང་ཡང་ཐབས་གཅིག་སྐྱེ། ཡང་དེའི་ཚེ་ན། བཅོམ་ལྡ ་འདས་ནང་དུ་ཡང་དག་པར་འཇོག་པས། བཞེངས་པར་གྱུར་ཏེ།། འཁོར་བརྒྱ་སྟོང་དུམས་བསྐོར་ཅིང་མདུན་དུ་བངར་ནས་ཆོས་མཆེད་དོ།། ཡང་དེའི་ཚེན་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ།། ཡེ་ཤེས་བླ་ཞེས་བྱ་བ་ཞིག་འཁོར་དེར་འོངས་ཏེ། འདུག་པར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླས་བླ་གོས་ཕྲག་པ ་གཅིག་ཏུ་བཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ།། གལ་ཏེ་ཞུས་ན་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་བདག་ཕྱོགས་འགའ་ཞིག་ཞུའོ།། ཞེས་དེ་སྐད་ཅེས་གསོལ་པོ་དང་། བཅོམ་ལྡན་འདས་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་ལ་རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་། དང་།། དྲིས་པ་ལུང་བསྟན་པ་དེ་དང་དེ་ཉིད་ཀྱིས ་ངས་ཁྱོད་ཀྱིས་སེམས་རངས་པར་བྱའོ།། ཞེས་དེ་སྐད་བཀའ་སྩལ་ནས། བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་ཡེ་ཤེས་བླས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐབས་ཁས་པ། ཐབས་མཁས་པ་ཞེས་བགྱི་བའི་ཐབས་ཁས་པ་དེ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ཐངས་ཁས་པ་ནི་ཟས་ཁམས་ཅིག་གིས་ཀྱང་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ཐབས་ཁས་པ་ནི་བྱོལ་སོང་དུ་གཏོགས་པ་ལ་ཟས་ཁམ་ཅིག་སྦྱིན་པར་བྱེད་པ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ལྡན་པ ་ཡིན་ཏེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་ལ་བསྔོའོ།། དེའི་རྒྱུ་གཉིས་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་དོ།། གཉིས་པོ་གང་ཞེ་ན། ཐམས་ཅད ་མཁྱེན་པ་ཉིད་ཀྱི་སེམས་དང་། བསྔོ་བའོ།། རིགས་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ནི་ཕ་རོལ་དགེ་བའི་རྩ་བ་ལ་ཡིད་རངས་པར ་བྱེད་དོ།། ཡིད་རང་བར་བྱས་ནས་སེམས་ཅན་ཐམས་ཅད་ལ་སྔོ་སྟེ། ཐམས་ཅད་མཁྱེན་པའི་སེམས་དེས་སྦྱིན་པར་བྱེད་པ་དང་། སྦྱིན་པའི་བདག་པོ་དེ་དག་ཟིལ་གྱིས་གནོན ་ཏོ།། གང་ལེན་པར་བྱེད་པ་དེ་དག་ཀྱང་ཟིལ་གྱིས་གནོན་ཏོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། ཕྱོགས་བཅུ་ནས་ཤིང་ལས་བྱུང་བའི ་མེ་ཏོག་གང་ཇི་སྙེད་ཡོད་པ་ཕྲ་མོ་ཡོངས་སུ་མ་བླངས་པ་རྣམས་དང་། ཕྱོགས་བཅུ་ན་གང་སྤོས་ཀྱི་ཤིང་ཡོད་པ། རླུང་གི་ཁྱེར་བ་ཡོངས་སུ་མ་བླངས་པ། བདག་པོ་མེད། ་དེ་དག་ཀྱང་སངས་རྒྱས་ཐམས་ཅད་ལ་འབུལ་ཞིང་། དགེ་བའི་རྩ་བ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེཾས ་ཐབས་མཁས་པ་ནི། ཕྱོགས་བཅུ་ན་སེམས་ཅན་གང་ཇི་སྙེད་བདེ་བའི་ཚོར་བ་མྱོངས་པ་དེ་ཐམས་ཅད་ལ་བསམས་ཏེ། རྗེས་སུ་ཡིད་རང་བར་བྱེད་དོ།། རྗེ་སུ་ཡིད་རང ་ནས་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བར་བྱེད་དོ།། གང་ཡང་ཕྱོགས་བཅུ་ན་སེམས་ཅན་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་ཐམས་ཅད་ནི་འཆགས་སུ་འཇུག་སྟེ། གང་སེམས། དེ་དག ་གི་སྡུག་བསྔལ་ནི་དག་ལ། ཤོག་ཤིག། དེ་དག་ནི་བདེ་བར་གྱུར་ཅིག་ཅེས་དེ་ལྟ་བུའི་གོ་ཆ་གྱོན་ཞིང་དགེ་བའི་རྩ་བ་དེ་ཡང་བྱང་ཆུབ་ཏུ་མདོ་བར་བྱེད་དོ།། རིགས་ཀྱི་བུ་གཞན ་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། དེ་བཞིན་གཤེགས་པཅིག་ལ་ཕྱག་འཚལ་ན།། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་བར་དེ་ལྟར་འཛིན་ཏོ།། ་དེ་འདི་ལྟར་སློབ་བོ།། སངས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་གཅིག་གོ།། ཚུལ་ཁྲིམས་ཅག་གོ་ཏིང་ངེ་འཛིན་གཅིག་གོ།། ཤེས་རབ་གཅིག་གོ།། རྣམ་པར་གྲོལ་བའི་ཡེ་ཤེས ་མཐོང་བ་ཅིག་གོ།། ཞེས་དེ་ལྟར་དེ་བཞིན་གཤེགས་པ་ཅིག་ལ་ཕྱག་འཚལ་ན། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་བར་འཛིན་ཏོ།། དེས་ཐབས་མཁས་པ་དེས ་སངས་རྒྱས་ཅིག་ལ་བཀུར་བསྟི་བྱས་ན། སངས་རྒྱས་ཐམས་ཅད་བསྐུར་སྟི་བྱེད་དེ། ཕྱོགས་བཅུའི་སངས་རྒྱས་དེ་དག་ལ་མཆོད་པར་འགྱུར་བ་ཇི་སྙེད་ཡོད་པ། དེ་དག་ཐམས ་ཅད་ཀྱང་ཡོངས་སུ་ལེན་ནོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི་ནམ་ཞིག་ཤེས་རབ་རྨོངས་པ་ཅན་དུ་རིང་ན་ཡང་། དེ་ནི་དག་ལ་མི་བསོད ་ཀྱི་བཟེངས་བསྟོད་པར་བྱེད་དོ།། ཆུང་ངུ་ན་རྩ་བ་བཞི་པའི་ཚིགས་སུ་བཅད་པ་ཅིག་ཁ་ཏོན་དུ་འདོན་ཡང་། རྩ་བ་བཞི་པའི་ཚིགས་སུ་བཅད་པ་གཅིག་གིས། དོན་ཡིན་པ ་གསུང་རབ་ཏུ་གཏོགས་པ་ཐམས་ཅད་ཀྱི་དོན་ཀྱང་ཡིན་ནོ།། ཞེས་དེ་ལྟར་སྤོབས་ཅིང་དེས་ཚིགས་སུ་བཅད་པ་ཁ་ཏོན་དུ་བྱས་ནས། སེམས་ཅན་གང་ཇི ་སྙེད་པ་བདག་གི་རྩ་བ་བཞི་པའི་ཚིགས་སུ་བཅད་པ་འདི་ཐོས་པ་དེ་ཐམས་ཅད་སངས་རྒྱས་ཀྱི་སྤོབས་པ་ཐོབ་པར་ཤོག་ཤིག། ཅེས་དེ་ལྟར་མ་ཞུམ་པའི་སེམས་ཀྱིས་སྨོན་ལམ ་འདེབས་ཏེ། དེ་དགེ་བརྩ་བ་དེས་སེམས་ཅན་ཐམས་ཅད་ཀྱིས་ཐོས་པ་མཐའ་མེད་པ་དཔེའ་མེད་པ་ཟིལ་གྱིས་གནོན་ཏོ།། སངས་རྒྱས་ཀྱི་སྤོབས་པ་ཡང་ལེན་པར་བྱེད་དོ།། ་རིགས་ཀྱི་བུ་རྩ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐིགས་མཁས་པ་ནི་ནམ་ཞིག་གལ་ཏེ་བརྒྱ་ལ་དབུལ་པོར་གྱུར་ན། དེའི་ཚེ་ཆུང་ངུ་ན་གཞན་གྱི་ལས་ཀྱང་བྱས་ནས། ཟས ་བཟར་བུ་གང་ཡིན་པ་ཏེ། སེམས་མ་ཞུམ་པས་དགེ་འདུན་ནམ་གང་ཟག་ལ་སྦྱིན་པར་བྱེད་དོ།། བྱིན་ནས་ཀྱང་འདི་ལྟར་སློབ་སྟེ། བཅོམ་ལྡན་འདས་ཀྱི་སེམས་ཆེ་ཆེར་གྱུར ་ཏོ།། ཞེས་གསུངས་ཀྱིས་བདག་གིས་སྦྱིན་པ་ཆུང་ངུ་ཟིན་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ནི་དཔག་ཏུ་མེད་པའོ།། སྙམ་ནས། དེ་ཐམས་ཅད་མཁྱེན་པ་ཉིད་ཀྱི ་སེམས་ཀྱིས་ཟས་བཟར་བུ་གང་པོ་སྦྱིན་པར་བྱེད་ཅིང་། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་འདི་ལྟ་སྟེ། དཔེར་ན། ད་ལྟར་གྱི་དེ་བཞིན་གཤེགས་པ་ཕྱག་ན ་རིན་ཆེན་བཞིན་དུ་ཤོག་ཤིག་ཅེས། ཟས་བཟར་བུ་སྦྱིན་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱིས་རང་བཞིན་དང་། བསྒོམ་པའི་རང་བཞིན་གྱིས་བསོད ་ནམས་བྱ་བའི་དངོས་པོ་མངོན་པར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་དང་ལྷན་ཅིག་ཏུ་གནས ་ཀྱང་། དེ་དག་ལ་འདོད་པར་མི་བྱེད་དོ།། གལ་ཏེ་ཡང་ཉན་ཐོས་དང་། རང་སངས་རྒྱས་དག་ལ་བསྐུར་སྟི་བྱས་པ་མཐོང་ན། དེ་རྒྱུ་གཉིས་ཀྱིས་བདག་ཁོང་དུ་ཆུད་པར་བྱེད་དེ།། ་དེ་རྒྱུ་གཉིས་གང་ཞེ་ན། བྱང་ཆུབ་སེམས་དཔའ་ལས་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་ངོ་།། སངས་རྒྱས་ལས་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས ་འབྱུང་བས་དེ་དག་ལ་བསྐོར་བསྟི་བྱས་ནས། བདག་ཉིད་ལ་ཐོག་མ་ཁོ་ནར་བསྐུར་སྟི་བྱས་པ་ཡིན་གྱི། དེ་དག་ལ་ནི་མ་ཡིན་པ་དང་། དེ་དག་ནི་བདག་གི་ཕའི་ནོར་ལ་སྤྱོང་མོང ་ཀྱི། དེ་ལ་བདག་གིས་འདོད་པར་མི་བྱ། ཕྲ་དོག་དུ་མི་བྱ་སྙམ་དུ་སེམས་དཔའོ།། རིགས་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། སྦྱིན་པ་སྨིན་པ་ན། ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པའོ།། ཇི་ལྟར་ནི་ཡོངས་སུ་རྫོགས་པར་བྱེད་ན། འདི་ལ་བྱང་ཆུབ་སེམས་དཔའ་གང་གི་ཚེ། སློང་བ་མཐོང་ན། དེ་སེར ་སྣའི་སེམས་ཚར་གཅོད་པར་བྱེད། གཏོང་བ་ཆེན་པོ་འཕེར་བར་བྱེད་དེ། དེ་ནི་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། གང་ཚུལ་ཁྲིམ་ཡང་དག་པར་བླངས་ནས། ཚུལ་ཁྲིམས་དང ་ལྡན་པ་སྦྱིན་པར་བྱེད་པ་དང་། གང་དང་ཚུལ་ངན་པ་ཅན་དེ་ཚུལ་ཁྲིམས་ལ་འཇིག་པར་བྱེད་ཅིང་། སྦྱིན་པ་ཡང་སྦྱིན་པར་བྱེད་པ། དེ་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ ་ཕྱིན་པའོ།། གང་བྱམས་པར་སེམས་དཔའ་དང་སེམས་མ་འཁྲུགས་པ་དང་། ཕན་པར་སེམས་དཔའ་དང་། སེམས་རྩེ་གཅིག་པར་གྱུར་ནས། སྦྱིན་པ་སྤྲིན ་པར་བྱེད་པའི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། གང་བཟའ་བ་དང་། བཅའ་བ་དང་། མྱང་བར་བྱ་བ་དེ་དག་ལ་ལུས་དང་། ངག་དང་། སེམས་འཇོག་ཅིང་། འགྲོ་བ་དང་། ་འོང་བར་བྱེད་པ་དེ་ནི་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། སྦྱིན་པ་བྱིན་ནས་གང་རྩེ་ཅིག་པ་དང་། དབུགས་ཕྱིན་པར་མི་འཛིན་པ་དེ་ནི་དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། ་གལ་ཏེ་སྦྱིན་པ་དེ་སྦྱིན་པདེ་བྱིན་ནས་ཆོས་ཉིད་ལ་བརྟེན་ཏེ། འདི་སུས་བྱིན། འདི་སུས་ཟོས། སུ་ལ་རྣམ་པར་སྨིན་པར་འགྱུར་བ་ཞེས་དེས་དེ་ལྟར་བརྟགས་ན་གང་གི་བྱིན ་པ་དང་། གང་ལ་བྱིན་པ་དང་། གང་བྱིན་པར་སྨིན་པ་མྱོང་བར་འགྱུར་བའི་ཆོས་གང་ཡང་མི་དམིགས་དེ་ནི། དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རིགས་ཀྱི་བུ་དེ་ལྟར་ན ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་སྦྱིན་པ་བྱིན་པར་བྱེད་པ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ ་ཡེ་ཤེས་བླས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་འདྲ་བར་ཐབས་མཁས་ཏེ། སྦྱིན་པ་གང་གིས་སེམས་ཅན་གཞན་ཡ་དག་འཁོར་བ་ཡོངས་སུ་ལེན་པར་ཡོངས ་སུ་ལེན་པར་བགྱིད་པའི་སྦྱིན་པའི་དེ་ཉིད་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སངས་ཀྱི་ཆོས་རྣམས་ལེན་པར་བགྱིད། བ་ངོ་མཚར་ཏོ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ།། རིགས་ཀྱི་བུ་འདི་སྐད་ཅེ་སྨྲས་པ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། སྦྱིན་པ་ཉུང་ངུ་ཡང་མང་པོར ་བྱེད། སྦྱིན་པ་མང་པོ་ཡང་དཔག་མེད་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།། ཡེ་ཤེས་ལ་བཀའ་སྩལ་པ། རིགས་ཀྱི་བུ ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། ལྟུང་བའི་ལྕི་བ་ཡང་ཐབས་མཁས་པ་སྲང་མོར་བྱེད་ཅེ་ནཱ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཐབས ་མཁས་པ་ནི། ནམ་ཞིག་བརྒྱ་ལ། ལ་ལ་ཞིག་ཏུ་སྡིག་པའི་གྲོགས་པོའི་དབང་གི་ལྟུང་བ་བྱུང་ན། དེ་འདི་ལྟར་སློབ་སྟེ། གལ་ཏེ་བདག་གིས་ཕུང་པོ་འདི་དག་གིས་མྱ་ངན ་ལས་འདའ་བར་བྱ་བ་ནི། དེ་ལྟར་བདག་གིས་སེམས་ཡོངས་སུ་གདུང་བ་དང་། ལྡན་པར་ཡང་འགྱུར་ན། བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཕྱི་མའི ་མཐར་ཐུགས་པར་འཁོར་བ་ན་གནས་པའི་གོ་ཆ་དེ་ལྟ་བུ་བགོས་པས། བདག་གིས་སེམས་ལ་གདུང་བར་ནི་མི་བྱའི། བྱང་ཆུབ་ཇི་ལྟ་ཇི་ལྟར་འཁོར་བར་འགྱུར་པ། དེ་ལྟ་དེ ་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱའོ།། ལྟུང་བ་འདི་ཡང་ཆོས་བཞིན་དུ་བྱའོ།། ལྟུང་བ་གཞན་ཡང་མ་བྱུང་བར་བྱའོ།། སྙམ་དུ་སེམས་སོ།། རིགས་ཀྱི་བུ་ཡོངསུ ་རྟག་པར་བཟུང་ན། གལ་ཏེ་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ལྟུང་བའི་རྩ་བ་བཞི་པོ་ཐམས་ཅད་འདས་པར་གྱུར་ཀྱང་། ཐབས་མཁས་པ་འདིས་སྦེང་བར་བྱེད་ན། ་བྱང་ཆུབ་སེམས་དཔའི་ལྟུང་བར་མི་འགྱུར་བར་ངས་བཤད་དོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླས་འདི་སྐད་ཅེས ་གསས་ཏེ།། མམ་ལྡན་འདས་ཇི་ས་ན། བྱང་ཆུབ་སེམས་དཔའ་སྣང་བ་དང་བཅས་པ་ལགས།། དེ་གད་ཅེས་གསལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་ལ། འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སོ་སོར་ཐར་པའི་བསླབ་པ་ལ་བསློབ་པ་ན། བསྐལ་པ ་བརྒྱ་སྟོང་དུ་ཡང་རྩ་བ་དང་འབྲས་བུ་ཟ་བར་འགྱུར་ལ། སེམས་ཅན་ཐམས་ཅད་ཀྱིས་སྙན་པར་སྨྲས་པ་དང་། མི་སྙན་པར་སྨྲས་པ་ཡང་བཟོད་ཅིང་། ཉན་ཐོས་དང་། རང་སངས ་རྒྱས་ཡིད་ལ་བྱེད་པ་དང་། ཡང་ལྡན་པར་གནས། བྱང་ཆུབ་སེམས་དཔའི་ལྟུང་བའི་རྩ་བ་བཞི་ཡིན་ནོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། ཉན་ཐོས་ཀྱི་ཐེག་པ་ལ་གནས ་པ་ལྟུང་བའི་རྩ་བ་བྱུང་ན། ཕུང་པོ་དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པའི་སྐལ་པ་མེད་པ་དེ་བཞིན་དུ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཡང་ལྟུང་བ་མཐོལ་ཞིང ་ཉན་ཐོས་དང་། རང་སངས་རྒྱས་ཡིད་ལ་བྱེད་པ་མ་གཏང་ན། སངས་རྒྱས་ཀྱི་སར་ཡོངས་སུ་མྱ་ངན་ལས་འདའ་བའི་སྐལ་པ་མེད་དོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་བསོད་སྙོམས་ཀྱི་ཕྱིར། མཐར་གྱིས་སྤྱོད་པ་ན། བྱང་ཆུབ་སེམས་དཔའ། འོད ་མངས་ལྡན་གྱི། རྒྱལ་པོའི་ཁང་པ། ཞིག་ན། བུད་མེད་དང་ཁྲི་གཅིག་ལ་ལྷན་ཅིག་མཆིས་པར་མཐོང་སྟོང་སྟེ། ལྟུང་བ་བྱུང་ནམ་བཅབ་ཤིག། ཚངས་པ་མཚུངས་པར་སྤྱོད་པ་གཞན ་དག་ལ་བདག་ལ་བཟློག་ཤིག་ཅེས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན། དེ་བཞིན་གཤེགས་པ་ནི། སེམས་ཅན་ཐམས་ཅད་ཀྱི་སྟོན་ལགས་ཏེ། དེ་བཞིན་གཤེགས་པ་ལ་ཅུང ་ཟད་ཀྱང་མི་ཁྱེན་པ་འམ། ཐུགས་སུ་མ་ཆུད་པ་མ་མཆིས་པས། དེའི་སླད་དུ་བཅོམ་ལྡན་འདས་ལ་གསོལ་ཞེས། ཚེ་དང་ལྡན་པ་དགའ་བོས་དེ་སྐད་ཅེས་སྨྲས་ནས། རིང ་པོར་མ་ལོན་པར་དེ་ནས་དེའི་མོད་ལས་གཡོས་པར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་འོད་མངས་ལྡན་གྱི་རྒྱལ་པོ་ཤིང་ཏ་ལ་གང་ཙམ་དུ་སྟེང་གི་ནམཁའ་ལ་འདུག་ནས། ་ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་ཀུན་དགའ་བོ་དེ་ཇི་སྙམ་དུ་སེམས། ལྟུང་དབྱུང་བའི་ཆོས་ཅན་གྱིས་བར་སྣང་ལ་འདུག་པར་ནུས་སོ།། ་ཡང་ཚེ་དང་ལྡན་པ་དགའ་བོ་བྱང་ཆུབ་སེམས་དཔའི་ལྟུང་བའི་ཆོས་ཅི་ལྟ་བུ་གྲགས་ཤེས་པ་དེ་བཞིན་གཤེགས་པ་མངོན་སུམ་དུ་བཞུགས་པ་ལྔ་ཞུས་ཤིག། དེ་ནས་ཚེ་དང ་ལྡན་པ་དགའ་བོ་ཡུལ་ཡུལ་པོར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལྟུང་བ་དང་ཆགས་པ་གང་བ་དག་གིས་སྐྱེས་བུ་བ་ལང་གླ ་ཆེར་པོ་ལྟ་བུ་ལ་ལྟུང་བ་བརྟུལ་པ། བཅོམ་ལྡན་འདས་ནོངས་ཏེ། ནོངས་པ་ཆགས་སོ།། ཞེས་དེ་སྐད་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ ་ས་། @#བོ་ལ་འདི་སྐད་བཀའ་སྩལ་ཏེ། དགའ་བོ་ཁྱེད་ཐེག་པ་ཆེན་པོ་ལ་གནས་པའི་སྐྱེས་བུ་དམ་པ་ལ་ཉེས་པར་འདུ་ཤེས་མ་བསྐྱེད་ཅིག། ་དགའ་བོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་ལ་གནས། གཅིག་པུ་གཉིས་སུ་མེད་པ་ནི། ཟག་པ་ཟད་པར་བྱ་བ་ལ་བར་ཆད་མེད་པར་འདོད་པར་བྱའོ།། དགའ་བོ་དེ་བཞིན ་དུ། བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ཡང་ཐམས་ཅད་མཁྱེན་པ་ལ་བར་ཆད་མེད་པར་འདོད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དགའ་བོ་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ནི་གང་དཀོན་མཆོག་སུམ་ལ་གཞོལ་བར་མི་འགྱུར་བའི་གཡོག་འཆང་བར་མི་བྱེད་དོ།། དཀོན་མཆོག་གང་ཞེ་ན། སངས་རྒྱས་དཀོན་མཆོག ་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་དང་། དགའ་བོ་གང་གི་ཚེ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པའི་རིགས་ཀྱི་བུ་ཐམས་ཅད་མཁྱེན ་པ་ཉིད་ཀྱི་སེམས་དང་མ་བྲལ་བར་འདོད་པ་ལྔའི་ཡོན་ཏན་གྱིས། རྩེ་དགའ་ཞིང་ཡོངས་སུ་སྤྱོད་པར་མཐོང་ན། དགའ་བོ་དེའི་ཚེ་ཁྱོད་ཀྱིས་སྐྱེས་བུ་དམ་པ་དེ། དེ་བཞིན ་གཤེགས་པའི་དབང་པོ་ལྔ་དང་ལྡན་པར་ཤེས་པར་གྱིས་ཤིག། དགའ་བོ་ཁྱོད་ཡང་ཅིའི་ཕྱིར། བྱང་ཆུབ་སེམས་དཔའ་འོད་མངས་ལྡན་གྱི་རྒྱལ་པོ་བུད་མེད་དང་། ལྡན ་ཅིག་ཁྲི་ཅིག་ལ་འདུག་པ་དེ་ཉོན་ཅིག། དགའ་བོ་སྲིང་མོ་དེ་ནི་འདས་པའི་དུས་ན། ཚེ་རབས་ཉིས་བརྒྱར་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོའི་རླུང་མར་གྱུར། ་དེ་སྔོན་གྱི་བག་ལ་ཉལ་དེ་ཉིད་ཀྱིས་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་འོད་མངས་ལྡན་གྱི། རྒྱལ་པོ་པལ་དང་། གཟིག་བརྗིད་དང་། ཚུལ་ཁྲིམས་དང་། སྟོབས་བསྐྱེད ་པ་མཐོང་ན་ཡང་། བརྗེད་དང་། གནས་ངན་ལན་གྱི་ཚིག་སྨྲས་ཏེ། དེ་ཅིག་པུ་རྟོག་ཏུ་སོང་ནས། གལ་ཏེ་བྱང་ཆུབ་སེམས་དཔའ་འོད་མངས་ལྡན་གྱི་རྒྱལ་པོ་བདག་དང་། ་ལྷན་ཅིག་ཏུ་ཁྲི་གཅིག་དུ་འདུག་ན། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། སྙམ་དུ་དེ་ལྟར་སེམས་པར་འགྱུར་རོ།། དགའ་བོ་བྱང་ཆུབ ་སེམས་དཔའ་འོད་མངས་ལྡན་གྱི་རྒྱལ་པོའི་སེམས་ཀྱི་སྲིང་མོའི་སེམས་ཀྱི་ཡོངསུ་རྟོགས་པ་ཤེས་ནས་དེ་ཉིད་ནུབ་མོ་འདས་པ་དང་། དེའི་ཁྱིམ་དུ་འོངས་ཏེ། གང་ནང ་གིས་སའི་ཁམས་དང་། གང་ཕྱིའི་སའི་ཁམས་སུ་ཅིག་པའི་ཆོས་ཀྱི་སྒོས་འདྲའི་སེམས་དེས། སེམས་དེས་ལག་པ་གཡས་པས་བཟུང་སྟེ། ཁྲི་ཅིག་ལ་འདུག ་གོ།། འདུག་མ་ཐག་ཏུ་ཚིགས་སུ་བཅད་པ་འདི་སྨྲས་སོ།། སངས་རྒྱས་འདོད་པ་བསྔགས་མི་མཛད། དེ་ནི་བྱིས་པའི་སྤྱོད་ཡུལ་ཏེ།། འདོད་པའི་སྲེད་པ་སྤང། ་ན་ནི།། སངས་རྒྱས་མིའི་མཆོག་ཏུ་འགྱུར། དགའ་བློ་ནས་སྲིང་མོ་དེ་དགའ་ཞིང་རབ་ཏུ་མགུ་བ་སྐྱེས་ནས། ཁྲི་དེ་ལས་ལངས་ཏེ། བྱང་ཆུབ་སེམས་འོད་མང ་ལྡན་གྱི་རྒྱལ་པོའི་རྐང་པ་ལ་ཕྱག་འཚལ་ལོ།། དེའི་ཚེ་ཚིག་སུ་བཅད་པ་འདི་དག་སྨྲས་སོ།། སངས་རྒྱས་ཀྱི་ནི་གང་སྤང་བ། འདོད་པ་སླང་ཆད་བདག ་@#མི་འཚལ།། འདོད་པའི་སྲེང་བ་སྤངས་ན་ནི།། སངས་རྒྱས་མའི་མཆོག་ཏུ་འགྱུར།། བདག་གི་སེམས་ནི་གང་བསམས་པའི།། ནོངས་པ་དེ་ནི་ཁྱོད ་བཤགས།། སྲོགས་ཆགས་ཀུན་ལ་བདེ་བའི་ཕྱིར། བྱང་ཆུབ་སེམས་དཔེང་ཏུ་ནི་མོས་བསྐྱེད་དོ།། དགའ་བོ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་འོད་མངས་ལྡན ་གྱི་རྒྱལ་པོ་ཐབས་མཁས་པ་དེས། སྲིང་མོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྟབས་ནས། སྟན་ལས་ལངས་ཏེ་སོང་ངོ་།། དགའ་བོ་ལྷག་པའི་བསམ ་པའི་ཁྱད་པར་ལ་ལྟོས། ངས་སྲིང་མོ་དེ་ལུང་བསྟན་ཏོ།། འདི་ནས་ཤི་འཕོས་ནས་བུད་མེད་ཀྱི་ལུས་བརྗེས་ཏེ། བསྐལ་པ་གྲངས་མེད་པ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་ན། ་ཀུན་ནས་ལྡང་བ་དང་བྲལ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་འབྱུང་བར་འགྱུར་ཏེ། དགའ་བོ་ཁྱོད་ཀྱི་རྣམ ་གྲངས་དེས་ཀྱང་བྱང་ཆུབ་སེམས་དཔའ་ནི་གང་ལྟུང་བའི་ཆོས་ཅན་དུ་འགྱུར་བའི་གཡོག་མི་འཆང་བར་རིག་པར་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་འོད་མངས་ལྡན་གྱི ་རྒྱལ་པོ་བར་སྣང་དེ་ལས་བབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ ་སེམས་དཔའ་རབས་མཁས་པ་དང་། སྙིང་རྗེ་ཆེན་པོ་ལ་གནས་པར་བགྱིའོ།། བཅོམ་ལྡན་འདས་འདི་ལ་བདག་འདི་སྙམ་བགྱིད་དོ།། བྱང་ཆུབ་སེམས་དཔའ་སེམས ་གཅིག་གི་དགེ་བའི་སྐྱེ་བར་འགྱུར་ན། ལྟུང་བ་དེ་འདྲར་འབྱུང་ཤིང་། ཇི་ལྟ་བུའི་ལྟུང་བ་བྱུང་ནས། བསྐལ་པ་བརྒྱ་སྟོང་དུ་སེམས་ཅན་དམྱལ་བར་བཙོ་བར་གྱུར་ཀྱང་། བཅོམ་ལྡན་འདས ་བྱམས་པ་ལྟུང་བ་འབྱུང་བ་དང་། སེམས་ཅན་དམྱལ་བའི་སྡུག་བསྔལ་བ་དེ་ལ་སྤྲོ་བ་ཉིད་དུ་བགྱིའོ།། སེམས་ཅན་གཅིག་པོའི་དགེ་བའི་རྩ་བ་ཡོངས་སུ་གཏོང་བ་དང་། ཡོངས་སུ་འཆི ་བར་ནི་མི་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་མངས་ལྡན་གྱི་རྒྱལ་པོ་ལ་ལེགས་སོ།། ཞེས་བྱ་བ་བྱིན་ནས། ལེགས་སོ་ལེགསོ།། སྐྱེས་བུ ་དམ་པ། བྱང་ཆུབ་སེམས་དཔའ་དག་ནི། སྙིང་རྗེ་ཆེན་པོ་འདིས་ལྟུང་བ་ཐམས་ཅད་སྤོང་སྟེ། རིགས་ཀྱི་བུ་ངས་མངོན་པར་ཤེས་པ་འདས་པའི་དུས་ན། བསྐལ་པ་གྲངས་མེད ་པའི་ཕ་རོལ་གྱི་ཡང་ཤིན་ཏུ་ཕ་རོལ་ན། ཁྱེའུ་སྐར་མ་ཞེས་བྱ་བ་ཞིག་ཡོད་དེ། ནགས་ཀྱི་འདབ་ན་ལོ་བཞི་ཁྲི་ཉིས་སྟོང་དུ་ཚངས་པར་སྤྱོད་པ་སྤྱང་ནས། དེ་ལོ་བཞི་ཁྲི་ཉིས་སྟོང ་འདས་པ་དང་། རྒྱལ་པོའི་ཕོ་བྲང་འབྱོར་པ་ཞེས་བྱ་བར་ཕྱིན་ནས། དེ་གྲོང་ཁྱེར་ཆེན་པོ་དེར་སོང་བ་དང་། ཆུ་རྒུན་མ་ཞིག་གིས་ཁྱེའུ་བཟང་པོ་དེ་མཐོང་ནས། འདོད་པའི ་འདོད་ཆགས་ཀྱིས་ཡོངས་སུ་ཟིན་པའི་སེམས་དང་ལྡན་པས། ཁྱེའུ་དེའི་མདུན་ཕྱིན་ནས་འཚལ་ཏོ།། དེ་ནས་རིགས་ཀྱི་བུ་ཁྱེའུ་སྐར་མེས་བུད་མེད་དེ་ལ་འདི་སྐད་ཅེས་སྨྲས། ་སྲིང་མོ་ཁྱོད་ཅི་འདོད།། མོས་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱེའུ་དེ་དག་ཁྱོད་ལ་ཕྱག་འཚལ་ལོ།། ཁོས་དེ་ལ་འདི་སྐད་སྨྲས་སོ།། སྲིང་མོའི་ཁོའི་ནི་འདོད་པ་དགོས ་པ་མ་ཡིན་ནོ།། མོས་དེ་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་བདག་ཁྱོད་འཇལ་བར་མི་འགྱུར་ན་བདག་འགུམ་པར་འགྱུར་རོ།། དེ་ནས་ཁྱེའུ་སྐར ་མ་འདི་སྙམ་དུ་བསམས་སོ།། གང་དག་གིས་ལོ་བཞི་ཁྲི་ཉིས་སྟོང་གི་བར་དུ་ཚངས་པར་སྤྱོད་པ་སྤྱད་ནས། བརྟུལ་ཤུགས་བཞིག་པ་ནི། བདག་གི་མི་ཆིའོ།། སྙམ་ནས་ནན ་གྱིས་ཐེན་ཏེ་བུད་མེད་དེས་གཏངས་ནས། གོམ་པ་བདུན་འཕགས་པ་དེ་གོམ་པ་བདུན་ལ་གནས་ནས་སྙིང་རྗེ་སྐྱེས་ཏེ། བདག་གི་བརྟུལ་ཤུགས་འདི་ཤིག་ནས་སེམས་ཅན ་དམྱལ་བར་སོང་བར་གྱུར་ཀྱང་། སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་བཟོད་ཀྱི་བུད་མེད་འདི་ཤིར་འོང་གིས། བདེ་བར་གྱུར་ཅིག་ཅེས། རིགས་ཀྱི་བུ་ཁྱིའུ་སྐར་མ་དེས ་ཁ་སླར་ལོག་ཏེ། བུད་མེད་དེ་ལག་གཡས་བཟུངས་ནས།། སྲིང་མོ་ཁྱོད་ཇི་འདོད་པ་བྱས། ལོངས་ཤིག་ཅེས་དེ་སྐད་ཅེས་སྨྲས་སོ།། དེ་ནས་ཁྱེའུ་སྐར་མེ་ལོ་བཅུ་གཉིས ་བར་དུ་ཁྱིམ་ན་གནས་ནས་སླར་ཡང་མངོན་པར་བྱང་སྟེ། ཚངས་པའི་གནས་བཞི་བསྐྱེད་ནས།། ཤི་འཕོས་པ་དང་། ཚངས་པའི་འཇིག་རྟེན་དུ་སྐྱེས་སོ་རིགས་བུ་ཁྱོད ་དེའི་ཚེ་དེའི་དུས་ན། ཁྱེའུ་སྐར་མ་ཞེས་བྱ་བ་དེ་གཞན་ཡིན་སྙམ་དུ་མ་ལྟ་ཞིགོ།། དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དེའི་དུས་ན། དཁྱེའུ་སྐར་མ་གྱུར་ཏོ།། གྲགས་འཛིན ་མ་ནི་ནུ་ཆུན་གྱུར་ཏོ།། རིགས་ཀྱི་བུ་འདོད་པ་ངན་པ་དང་ལྡན་པའི་སྙིང་རྗེ་ཆེན་པོའི་སེམས་བསྐྱེས་པས་ཀྱང་བསྐལ་པ་སྟོང་ཕྲག་བཅུའི་བར་དུ་འཁོར་བ་ལ་བརླབ ་ཀྱིས་ལྟས་ཤིང་སྤངས་པར་གྱུར་རོ།། རིགས་ཀྱི་བུ་ལྟོས། གང་སེམས་ཅན་གཞན་དག་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་དེ། བྱང་ཆུབ་སེམས་དཔའ་ཐབས་མཁས། ་པ་ནི་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ།། རིགས་ཀྱི་བུ་གལ་ཏེ་དགེ་སློང་མེའུ་འགལ་བུཾ་ཤ་རིའི་བུ་ཐབས་མཁས་པ་དང་ལྡན་དུ་ཟིན་ན་ནི་དགེ་སློང་ཀོ་ཀ་ལི་ཀ་དེ་སེམས ་ཅན་དམྱལ་བར་འགྲོ་བར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ངས་མངོན་ཤེས་པ་འདས་པའི་དུས་ན། དེ་བཞིན་གཤེགས་པ་ལོག་པར་དང་སེལ་གྱི་གསུངས་རབས ་ལ་དགེ་སློང་དྲི་མ་མེད་པ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་དགོན་པའི་བྲག་ཕུག་གཅིག་ན་གནས་པ་ནས། རྒྱང་མི་རིང་བ་ཞིག་ན། དྲང་སྲོང་ལྔ་གནས་པ་ལས། དེའི་ཚེ་དུས་མ་ཡིན་པའི ་སྤྲིན་ཆེན་བྱུང་།། འདས་མ་ཡིན་པའི་ཆར་བ་ཡང་ཆེར་བབ་པ་དང་། དེ་ནས་བུད་མེད་གཉིས་ཤིག་ཆར་པའི་སྐྱབས་ཀྱི་ཕྱིར། དགེ་སློང་དྲི་མ་མེད་པའི་བྲག་ཕུག་དུ་བཞུགས་ཏེ། སླར ་བྱུང་བ་དང་། དྲང་སྲོང་རྣམས་ཀྱིས་མཐོང་ནས། ཨེ་མའོ།། དགེ་སློང་དྲི་མ་མེད་པ་འདི་སྡིག་པ་འདོད་པའོ།། ཚངས་པར་སྤྱོད་པ་མ་ཡིན་ནོ།། ཞེས་ཡང་བྱུང་བར་གྱུར་ཏོ།། ་དེ་ནས་དགེ་སློང་དྲི་མ་མེད་པའི་སེམས་ཀྱིས། དྲང་སྲོང་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་ཤེས་ནས། དེ་ཚེ་ནམ་མཁའ་ལ་ཤིང་རྟ་ལ་བདུན་ཙམ་དུ་འཕགས་སོ།། ་དེ་ནས་དྲང་སྲོང་དེ་དག་གིས་དགེ་སློང་དྲི་མ་མེད་པ་བར་སྣང་གི་ནམ་ཁའ་ལ་འདུག་པ་མཐོང་ནས།། བདག་ཅག་གི་གཙུག་ལག་ལ་འབྱུང་བ་ལྟར་ན། ཚངས་པར་སྤྱོད་པ ་། མ་ཡིན་པ་ནམཁའ་ལ་འཕགས་མི་ནུས་སོ།། སྙམ་དུ་སེམས་པར་གྱུར་ནས། དེའི་ཚེ་ཡན་ལག་ལྔས་ཕྱག་འཚལ་ཏེ། ཉེས་པ་བཤགས་སོ།། ་རིགས་ཀྱི་བུ་གལ་ཏེ་དགེ་སློང་དྲི་མ་མེད་པ་ན་མཁའ་ལམ་འཕགསུ་ཟིན་ནེ། དེའི་ཚེ་དྲང་སྲོང་ལྔའི་ལུས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར། རིགས་ཀྱི་བུ་དེ་ཇི་སྙམ ་དུ་སེམས། དེའི་ཚེ་དེའི་དུས་ན། དགེ་སློང་དྲི་མ་མེད་པ་ཞེས་བྱ་བ་གཞན་དུ་གྱུར་པ་སྙམ་དུ་ཁྱོད་དེ་ལྟར་མ་ལྟ་ཤིག། བྱང་ཆུབ་སེམས་དཔའ་བྱམས་པ་དེའི་ཚེ་དྲི་མ་མེད་པ་ཞེས ་བྱེ་བར་གྱུར་ཏོ།། རིགས་ཀྱི་བུ་གལ་ཏེ་དགེ་སློང་ཤ་རིའི་བུ་དང་། མེའུ་འགལ་གྱི་བུ་ན་མཁའ་ལ་འཕགས་སུ་ཟིན་ན་ནི་དགེ་སློང་ཀོ་ཀ་ལི། སེམས་ཅན་དམྱལ་བར་འགྲོ་བ་ཡང་མ ་འགྱུར་རོ།། རིགས་བུ་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་ཐབས་མཁས་པའི་ཡེ་ཤེས་གང་དུ་འཇུག་པ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཡུ ་མ་ཡིན་པར་རིག་པར་བྱའོ།། རིགས་ཀྱི་བུ་འདི་ལྟ་སྟེ། སྣང་འཚོང་མ་ཐབས་དྲུག་བཅུ་རྩ་བཞི་དང་ལྡན་པ། ཤིན་དུ་ལོངས་པ་ནོར་དོད་པ་ནི། སྐྱེས་བུ་དེ་ལས་ནོར ་མ་གྲུབ་ཀྱི་བར་དུ། སེམས་ཅན་དེ་དག་གི་དྲུང་ན་ཅི་ནས་ཀྱང་བདག་གི་ལུས་གཏོང་བ་ཡང་སྟོན་པ་དང་། ཡོད་བྱེད་ཐམས་ཅད་ཀྱང་མི་སྦེད་པར། དེ་ལྟ་དེ་ལྟར་གནས་སོ།། ་དེ་ནས་ཕྱིས་དེ་ལ་མི་ལ་མི་སེམས་པར་འདོར་ཏེ། དེའི་ཕྱིར་དེ་ལ་འགྱོད་པར་ཡང་མི་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་མཁས ་པ་ཡང་ཐབས་མཁས་པ་གང་གིས་སེམས་ཅན་འདི་དག་གིས་ཡོངས་སུ་སྨིན་པར་བྱ་བར་ཤེས་ན། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ལ་དགའ་བས་ཅུང་ཟད་ཀྱང་མི་སྦེད་ཅིང་། ་བདག་གི་ལུས་གཏོང་བར་བྱེད་པ་སྟོན་པར་བྱེད་པའི་བར་དུ་སེམས་ཅན་དེ་དག་གི་དྲུང་ན་དེ་ལྟ་དེ་ལྟར་གནས་ཏེ། ནམ་ཞིག་ཨེ་མའོ།། སེམས་ཅན་འདི་དག་དགེ་བའི་རྩ་བ་ལ་བསྐྱེད ་བ་མ་ཡིན་ཏེ། ཕྱིན་ཆད་དེ་ལས་ལྷག་པ་གཞན་དུ་མི་ནུས་པར་ཤེས་ནས་ནི། དེ་ལ་མི་ལྟ་ཞིང་དགའ་བ་དང་།། བརྩེ་བ་ཐམས་ཅད་ཀྱང་བཏང་སྟེ་འགྲོའོ།། དེ་ལ་རག་ལུས་པའི ་སེམས་ཀྱང་མེད་དོ།། རིགས་བུ་འདི་ལྟ་སྟེ། བྱོལ་སོང་དུ་གཏོགས་པའི་སྲོགས་ཆགས་ཀྱི་རྣམ་པ་བུང་བ་ཞེས་བྱ་བ་མེ་ཏོག་ཐམས་ཅད་ཀྱི་དྲི་སྣོམ་ཡང་། གང་དུ་ཡང་རྟག ་པར་སྲེད་པ་མི་སྒོམ་སོ།། ང་ལོ་མ་ཡང་མི་འཕྲོག་གོ།། དེ་བཞིན་དུ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་ཡང་འདོད་པའི་དགའ་བ་དང་། རྩེ་བ་ཐམས་ཅད་ཀྱང་སྤྱོད་ཀྱང ་གང་དུ་ཡང་རྟག་པར་སྲེད་པ་མི་བསྐྱེད་དག་དང་། གཞན་སྙམ་པར་མི་བྱེད་དོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། ས་བོན་ཡོངསུ་གདུངས་པ་ནི་ཁ་དོག་ཉམས་པ་མེད་ཀྱང ་ལྗང་བུ་འབྱུང་བ་མི་ནུས་སོ།། རིགས་ཀྱི་བུ་དེ་བཞིན་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཤེས་རབ་ཡོངས་སུ་བསྒོམ་པའི་ཉོན་མོངས་ནི་དགའ་བ་དང ་རྩེ་བ་ཐམས་ཅད་ལེ་སྤྱོད་ཀྱང་། དེ་ལྟུང་བར་འགྲོ་བ་ཡོངསུ་མི་ལེན། སངས་རྒྱས་ཀྱི་འགྲོ་བ་ཡོངས་སུ་མི་ལེན། སངས་རྒྱས་ཀྱི་ཡོན་ཏན་ལས་ཡོངས་སུ་མི་ཉམས་སོ།། ་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཉམ་པ་བཞིན་དུ་བསླབས་པ་ནི། སྐུད་པ་གཅིག་ལ་གཟན་མ་ཏགས་པ་ནི་མཆིལ་པ་སྦྱར་ནས་མཚོ་ཆེན་པོར་བཅུག ་སྟེ། དེ་གང་དང་གང་གི་ཚེ་ན། འདོད་པ་དེ་དང་དེའི་ཚེ་སྐུད་པ་མཚོ་ཆེན་པོ་ནས་འདྲེན་ཏོ།། རིགས་ཀྱི་དེ་བཞིན་དུ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའི། བྱང་ཆུབ ་སེམས་དཔའ་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཡོངས་སུ་བསྒོམ་པའི་སེམས་ཅན་མཁྱེན་པ་ཉིད་ལ་བརྟན་པོར་འབྲེལ་ནས། འདམ ་ཛ་བ་ཆེན་པོར་ལྟུང་ཞིང་དེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དེ་བསྲུངས་པས། གང་གིས་ཚེ་འདོད་པ་དེ་དང་དེའི་ཚེ་ན། ཤི་འཕོས་ནས་ཚངས་པའི་འཇིག་རྟེན་དུ ་སྐྱེའོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྔགས་ཀྱི་རིགས་འཛིན་གྱི་སྐྱེས་བུ་རྒྱལ་པོས་བཟུང་སྟེ།། ཞགས་པ་ལྔའི་བཅིང་པས་བཅིངསུ་ཟིན་ཀྱང་། དེ་གང་གི ་ཚོ་འགྲོ་བར་འདོད་པ་དེ་སྔགས་ཀྱི་རིགས་པའི་སྟོབས་བསྐྱེད་པ་ཅིག་གིས་བཅིངས་པ། ཐམས་ཅད་བཏུབས་ཏེ་འགྲོའོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས ་མཁས་པ་ཡང་གང་གི་ཚེ་འདོད་པའི་ཡོན་ཏན་ལྔས་དགའ་བ་མྱོང་ཞིང་དེ་དག་གིས་རྒྱས་པར་གྱུར་ཀྱང་། གང་གི་ཚེ་འདོད་པར་གྱུར་པ་དེའི་ཚེ། ཤེས་རབ་ཀྱི་རིག་པའི ་སྟོབས་བསྐྱེད་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་གཅིག་གིས་འདོད་པའི་ཡོན་ཏན་ཐམས་ཅད་རབ་ཏུ་བཅོམ་སྟེ།། ཤི་འཕོས་ནས་ཚངས་པའི་འཇིག ་རྟེན་དུ་སྐྱེའོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། མདའ་དང་མཚོན་གྱི་སློབ་དཔོན་རལ་གྲི་རྣོན་པོ་གཅིག་མི་མངོན་པར་ཐོགས་ནས། འགྲོན་པོ་མང་པོའི་བསེལ་བྱེད་ན། དེ་ལ ་སེམས་ཅན་གང་མི་ཤེས་པ་དེ་དག་ནི་མདའ་དང་མཚོན་གྱི་སློབ་དཔོན་དེ་ལ་མི་འདི་ནི་མདའ་གཞུ་ཡང་མེད། མཚོན་ཆ་གཞན་ཡང་མེད། གཡོག་ཀྱང་མེད་དེ། འདི་ནི་བདག ་གི་སྐྱབས་ཀྱང་མི་ནུས་ན། འགྲོན་པོའི་ལྟ་ཅི་སྨོས། མི་རྒོད་ལས་རྒྱལ་བར་ལྟ་ག་ལ་ཡོད་ནུས་ཏེ། འདི་དག་ཏུ་མི་རིགས་པར་སྡུག་བསྔལ་བར་འགྱུར་རོ།། ཞེས་སྙིང ་རྗེ་བ་བསྒོམ་མོ།། དེ་ནས་མདའ་དང་མཚོན་གྱི་སློབ་དཔོན་དེ་འབྲོག་དགོན་པའི་དབུས་སུ་ཕྱིན་ཏེ། མི་རྒོད་མང་པོ་བྱུང་བ་དང་། མཚོན་གྱི་ཕྱིར་གོ་ཆ་ལེགས་པར ་དགོས་ནས། མཚོན་ཆ་དེ་ལ་ཡོངས་སུ་བརྟགས་ཏེ། མི་རྒོད་དེ་དག་ལ་འབེབས་སོ།། དེ་ནས་མི་རྒོད་དེ་དག་ཐམས་ཅད་སྲོག་དང་བྲལ་ནས་སླར་ཡང་མཚོན་ཆ་དེ་ལག་པར ་འཇོག་གོ།། དེ་བཞིན་དུ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚོན་ཤིན་ཏུ་ཐོགས་ནས། ཐབས་མཁས ་བས་འདོད་པའི་ཡོན་ཏན་ལྔས་རྩེ་དགའ་ཞིང་ཡོངསུ་སྤྱོད་དོ།། དེ་ལ་གང་དག་དེའི་ལུས་ཀྱི་དབང་པོ་མཐོང་ན། དེ་དག་མ་དད་པར་བྱེད་ཅིང་། འདི་ན་འདི་ལྟར་བག ་མེད་པར་གནས་པས་གནས་ཏེ། འདི་ནི་བདག་ཐར་པར་བྱ་ཡང་མི་ནུས་ན། སེམས་ཅན་གཞན་ལྟ་ཅི་སྨོས།། བདུད་ལས་རྒྱལ་བར་ལྟ་ག་ལ་འགྱུར་ཞེས ་སྙིང་རྗེ་བསྐྱེད་པར་བྱེད་མོད་ཀྱིས། བྱང་ཆུབ་སེམས་དཔའ་དེ། ཐབས་མཁས་པ་ཤིན་ཏུ་ཡོངསུ་བླངས་པས་ནམ་འདོད་པ་དེའི་ཚེ། དེས་ཤེས་རབ་ཀྱི ་མཚོན་གྱིས་ཉོན་མོངས་པའི་དྲ་བ་དྲལ་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ། བུང་མེད་མེད་པ། གཡེམ་པ་མེད་པ་གཞན་དུ་འགྲོའོ།། ཡང་དེའི་ཚེ་ན་བྱང་ཆུབ་སེམས་དཔའ ་དགའ་བར་བྱེད་པ་ཞེས་བྱ་བ་མཉན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་སོང་སྟེ། དེ་བསོད་ནམས་སྤྱོད་པ་ལས། ཁྱིམ་བདག་ཅིག་གི་ཁྱིམ་དུ་ཕྱིན་པ་དང་། དེ་ན་བུ་མོ་ཡོད་པས ་ནས་ལྡན་མཆོག་ཅེས་བྱ་བ་ཁང་ཐོག་ན་འདུག་པས། དགེ་སློང་གི་སྒྲ་ཐོས་ནས་ཟས་བླངས་ཏེ། བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པ་ག་ལ་བ་དེར་སོང་ངོ་།། དེ་ནས་བུ་མ ་བསོད་ནམས་ལྡན་མཆོག་གིས་མཐོང་མ་ཐགས་ཏུ། བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པའི་སྐད་དང་། བལྟས་པ་ལས་རྗེས་སུ་རྟོགས་པའི་མཚན་མ་བཟུང་ནས། ་འདོད་ཆགས་ཀྱིས་ཡོངས་སུ་བཟུང་བའི་སེམས་ཀྱིས། འདོད་ཆགས་ཀྱི་ཡོངསུ་གདུང་ཞིང་འགྲེང་བཞིན་དུ། ལུས་ཐམས་ཅད་ཀྱང་བརྟུལ་ནས། འཆི་བའི་དུས་བྱས་ནས། ་། བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པས།། བུ་མོ་བསོད་ནམས་ལྡན་མཆོག་མཐོང་སྟེ། འདོད་ཆགས་ཀྱི་སེམས་ཀྱིས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་རྣམ ་པར་རྟོག་པར་བྱུང་བ་དང་། དེའི་ཚེ་དེ་ལ་ཆགས་པ་ཞེས་བྱ་བའི་ཆོས་དེ་གང་ཡིན་པ་ཞེས་དྲན་པ་སྐྱེས་ནས། ཅི་མིག་དེ་ཆགས་པའམ་ཞེ་ན། མིག་ཀྱང་ཚོར་མ་མེད་པ། ་བྱེད་པ་མེད་པ། འདུས་བྱས་པ། ཤའི་ཕུང་པོ་སྟེ། རང་བཞིན་གྱིས་སྟོང་པའི་ཕྱིར་ཚོར་བ་མེད་དོ།། འོ་ན་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་། ཡིད་ཆགས་པ་འམ་ཞེ་ན། དེས་ནང་ཡང ་རུང་ཕྱི་ཡང་རུང་། འདོད་ཆགས་པར་འགྱུར་བ་འམ།། ཞེ་སྡང་བར་འགྱུར་བའི་ཆོས་དེ་གང་ཡང་མི་དམིགས་སོ།། དེ་མི་དམིགས་ནས་འདོད་ཆགས་ཀྱི་སེམས་དེ་བསལ་ཏེ། དེའི ་ལུས་པགས་པ་དང་།། ཤས་གཡོགས་པའི་རྐང་པའི་མཐིལ་ཡན་ཆད་སྤྱི་བོའི་བར་དུ་བརྟགས་སོ།། དེས་ཡང་དག་པ་ཇི་ལྟ་བར་བརྟགས་ནས། ཆོས་ཐམས་ཅད་མི་སྐྱེ་བར་རྟོགས ་ཏེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། དེ་དགའ་བར་རབ་ཏུ་འགྲུ་བོ་དེ་ཉིད་ཀྱིས་སྟེང་གི་བར་སྣང་ལ་ཤིང་ཏ་ལ་གང་ཙམ་དུ་འཕགས་ནས། མཉན་དུ་ཡོད་པའོ་གྲོང་ཁྱེར ་ཆེན་པོ་ལན་བདུན་བསྐོར་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པ་བར་སྣང་ལས་དད་པའི་རྒྱལ་པོ ་བཞིན་དུ་ཐོགས་པ་མེད་པར་འོང་བ་གཟིགས་སོ།། གཟིགས་ནས། ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་ཏོ།། དགའ་བོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་དགའ་བར་བྱེད་པར་སྣང་ལས་ལོངས་པ་མཐོང་ངམ་གསོལ་པ། བཅོམ་ལྡན་འདས་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་བྱང་ཆུབ་སེམས་དཔའ ་དགའ་བ་བྱེད་པ་དེས་ནི། འདོད་ཆགས་ཀྱི་སེམས་ལས་ཆོས་ཐམས་ཅད་ཡོངསུ་བརྟགས་སོ།། བདུད་ཀྱི་སྡེ་གདུལ་ལོ།། ཆོས་ཀྱི་འཁོར་ལོ་བསྐོར་རོ།། དེ་ནས་བུ ་@#མ་ཐསོ་ནས་ལྡན་མཆོག་ཤི་མ་ཐག་ཏུ། བུད་མེད་ཀྱི་ལུས་བསྒྱུར་ཏེ། ཤི་འཕོས་པ་དང་མཐོ་རོས་ཀྱི་འཇིག་རྟེན་དུ་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས ་དང་། སྐལ་བ་མཉམ་པར་སྐྱེས་སོ།། དེར་སྐྱེས་མ་ཐག་ཏུ་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་ལས་བྱས་པ། དཔག་ཚད་བཅུ་གཉིས་པ་ཡང་བྱུང་། གཡོག་བྱ་བའི་ཕྱིར། ལྷ ་བུ་བོ་བ་ནི་སྟོང་ཡང་བསྐྱེད་ནས། དེའི་ཚེ་དགེ་བའི་རྩ་བ་གང་གིས་འདིར་སྐྱེས་པར་གྱུར་ཅེས་ཤེས་བསྐྱེས་ཏེ། དེས་བསམས་པ་དང་། འདི་སྙམ་དུགྱུར་ཏེ། བདག་ནི ་མཉན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོ་ན། ཁྱིམ་བདག་གི་བུ་མོར་གྱུར་པ་ལས། དེ་དག་གིས་འདོད་ཆགས་ཀྱི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པ་མཐོང་ནས། ་བདག་གི་སེམས་འདོད་ཆགས་ཀྱིས་ཀུན་ཏུ་ཟིན་ཏེ། འཆི་བའི་དུས་བྱས་པ་དང་། བདག་བུད་མེད་ཀྱི་ལུས་ལས་གྱུར་ཏེ། བདག་གིས་སྐྱེས་པའི་ལུས་ཐོབ་ནས། བདག་གི་རྫ ་འཕྲུལ་དཔག་ཏུ་མེད་པ་འདི་དག་ཐོབ་པོ་སྙམ་མོ།། དེ་ནས་ལྷའི་བུ་དེ་འདི་སྙམ་དུ་སེམས་ཏེ།། འདོད་ཆགས་ཀྱི་སེམས་ཀྱི་རྣམ་པར་སྨིན་པ་ཡང་འདི་ཡིན་ན། གང་དག་གིས ་བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པ་ལ་ཕྱག་བྱ་བ་འམ། བསྟན་བཀུར་བྱ་བ་ལྟ་ཅི་སྨོས་ཀྱིས། གང་དག་རྩེ་བ་འམ། དགའ་བྱེད་པའི་རིགསར་འགྱུར་བ་མ་ཡིན་གྱི། ་དེ་ལྟར་བདག་ནི་བཅོམ་ལྡན་འདས་ག་ལ་བ་དང་། དགའ་བར་བྱེད་པ་ག་ལེ་བ་དེར་འགྲོའོ།། སྙམ་མོ།། དེ་ནས་ལྷའི་བུ་ཕུ་དེ་འཁོར་དང་བཅས་ཏེ། མེ་ཏོག་དང་། ་དྲི་དང་ཕྲེང་བ་དང་བྱུག་པ་རྣམ་ཐོགས་ནས། ཁ་དོག་ཚད་མེད་པས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། མེ་ཏོག་དང་ཕྲེང་བ་དང་། བྱུག་པ་དེ་དག་གིས་བཅོམ་ལྡན་འདས་ལ ་མཆོད་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱིས་སྤྱན་སྔར་ཐལ་མོ ་སྦྱར་ཏེ།། ཚིགས་སུ་བཅང་འདི་དག་སྨྲས་སོ།། སངས་རྒྱས་མི་མཆོག་རྣམས་ནི་བསམ་མི་ཁྱབ།། བྱང་ཆུབ་རབ་མཆོག་གནས་རྣམས་བསམ་མི་ཁྱབ།། དེ་བཞིན་གཤྱེ ་པོའི་ཆོས་རྣམས་བསམ་མི་ཁྱབ།། གྲངས་པ་རྣམས་ཀྱི་སྐྲོད་པ་བསམ་མི་ཁྱབ།། བདག་ནི་མཉེན་དུ་ཡོད་པར་བུ་མོར་གྱུར།། ཚོང་དཔོན་བུ་མོ་མིང་ནི་བསོད་ནམས་མཆོག། ་བཟང་མོ་ན་ཚོད་ལང་ཚོ་དང་ཡང་ལྡན།། ཕ་དང་མ་ཡང་བྱམ་སོ་ཤིང་ཡིད་དུ་མཆི།། གང་ཡང་སངས་རྒྱས་མ་སྨད་པའི་སྲས།། དགའ་བར་བྱེད་ཅེས་བགྱི་བ་མཐུ་བོ་ཆེ།། ་མཉན་དུ་ཡོད་པར་བསོད་སྙོམས་ཕྱིར་ན་ཆེས་ནས།། བདག་གི་ཕའི་ཁང་པར་ཕྱིན་པ་དང་།། ཡིད་དུ་མཆི་ཞིང་སྙན་པའི་སྒྲ་ཐོས་ཏེ།། བདག་ནི་རབ་ཏུ་དགའ་བས ་བཤོས་ཐོབས་ནས།། དེ་བཞིན་གཤེགས་པའི་སྲས་པོ་དགའ་བྱེད་པ།། མཐུ་བོ་ཆེ་དགག་ན་བར་མཆིས་པ།། མཐོང་མ་ཐག་ཏུ་བདག་གིས་སེམས་སྐྱེས་པ། ་ཚུལ་བཞིན་མ་ལགས་འདོད་ཆགས་ལྡན་པར་གྱུར།། གལ་ཏེ་བསམ་པ་བཞིན་དུ་མ་གྲུབ་ན།། བདག་མི་མི་འཚེ་མཆི་བའི་དུས་སྙམ།། ཅིག་ཀྱང་སྨྲ་བ་ཉིད་དུ་མ་ནུས ་བམང་གངས་དེ་སང་ཚུལ་པར་རྫས་པ་ནས།། ཚུལ་བཞིན་མ་ལགས་འདང་ཆགས་ཀྱི་གདུངས་ཏེ། དགང་དག་ཏུ་བརྟུལ་ཤུགས་སུམ་པར་གྱུར། ་བཅོམ་ལྡན་བདག་ནི་འཆི་འཕོ་གྱུར་མ་ཐག། དེ་ཚེ་བདག་ནི་བུད་མེད་ལུས་བོར་ཏེ།། འོད་གསལ་སྐྱེས་པའི་ལུས་འདི་ཐོབ་པར་གྱུར། གུམ་ནས་བདག་ཀྱང་མཐོ་རིས་འཇིག་སྐྱེས ་བདག་གིས་གཞལ་མེད་ཁང་འདི་མཆོག་གྲུབ་པས།། རིན་ཆེན་རྒྱུ་སྟེ། དེ་འདྲ་སུ་ལའང་མེད།། ལྷའི་བུ་མོ་སྟོང་ཕྲག་བཅུ་བཞི་འདི།། བདག་གིས་གཡོག་ཏུ་ཐོབ་པོ་བཅོམ ་ལྡན་འདས།། དེ་ཚེ་བདག་ཀྱང་དེ་འདྲའི་སེམས་སྐྱེས་ཏེ།། འདི་འདྲའི་རྣམས་སྨིན་བཟང་པོ་ལས་དག་གིས། དེ་ལྟར་བསམས་ནས་འདི་སྙམ་དུ་གྱུར་ནས།། འདི་ནི་འདོད། ་ཆགས་སེམས་ཀྱི་རྣམ་སྨིན་ཏོ།། དགའ་བྱེད་མགུ་བྱེད་མཁས་པ་འོད་བྱེད་ལ།། བདག་གིས་ཆགས་པའི་སེམས་ཀྱིས་བརྟག་པ་དང་།། དེའི་ལས་ཀྱི་རྣམ་སྨིན་འདི་འདྲ་སྟེ། ་དེའི་བདག་ནི་འབར་བའི་མཐུ་ཆེན་གྱུར།། བདེ་བར་གཤེགས་པ་ཉིད་ནི་གར་འཇུག་པ།། དེར་ནི་ཉན་ཐོས་དག་དང་རང་སངས་རྒྱས། དེ་དག་སར་ནི་གཞན་ཡང་མི་འགྱུར ་འདོད་ཆགས་སེམས་ཀྱི་འབྲས་བུ་འདི་འདྲན།། བདག་གི་བསྐུར་བགྱི་བ་ཅི་སྤྲོས་ཏེ།། བདག་གི་རྒྱལ་བ་འདིའི་སྤྱན་སྔར་ནི།། སངས་རྒྱས་ཡེ་ཤེས་བྱང་ཆུབ ་མཆོག་ཐོབ་སྨོན།། གསྐལ་པ་གང་གིའི་བྱེ་མ་སྙེད་དུ་སྤྱང་།། བདག་གི་ཡི་ངས་གཏང་བར་རྫོབགྱི་སྟེ།། དགེ་བའི་བཤེས་མཉེན་དགའ་བར་བྱེད་པ་ལ། ་མཆོད་པ་ཡངས་ཤིང་རྒྱ་ཆེན་དག་ཀྱང་བགྱི།། མངོན་པར་བྱང་ཆུབ་ཕྱིར་ཞུགས་མག་རྟོགས་པར།། གཞན་དུ་འདྲེན་པ་རྣམས་ལ་མཆོད་མི་འགྱུར།། བྱང་ཆུབ་སྤྱོད་པ ་དམ་པ་ཀུན་སྤྱོད་ཅིང་། འདོད་ཆགས་སེམས་ཀྱིས་བདག་ལ་གང་ལྟ་བ།། དེ་དག་བུད་མེད་ལུས་ནི་སྤངས་གྱུར་ནས།། ཐམས་ཅད་མི་འཇིགས་སྐྱེས་བུ་འགྱུར་བར་ཤོག། ་ལུས་ཀུན་རྡུལ་ཞིང་ཞི་བར་ཤེས་གྱུར་ནས།། བུ་མོ་པ་དང་མ་ནི་དུ་བར་བགྱིད།། རོ་ལངས་པ་ནི་རབ་ཏུ་བཏང་བར་སེམས།། གངས་ཕྱིར་དགེ་སྦྱོང་ལ་ཡང་ཚིགས་ཅིང་དུ། ་མའི་ངང་སངས་རྒྱས་མཐུས་ནི་ལྷའི་བུ་ཕོ་དེ།། ཕ་མའི་དྲུང་དུ་སོང་སྟེ་ཚིག་སྨྲས་པ།། དགེ་སྦྱོང་ལ་ནི་ཞེ་སྡང་ཁྲོ་མ་བྱེད།། ཡུན་རིངས་དུས་སུ་སྡུག་བསལ་གྱུར་ཏ་རེ།། ་གང་ཡང་བསོད་ནམས་ལྡན་མཆོག་ཤི་བ་དེ།། སུམ་བཅུ་རྩ་གསུམ་པོ་དང་སྐལ་བ་མཉམ།། འདིར་ནི་བུད་མེད་ལུས་ཀྱང་ང་རྗེསུ་གྱུར་ནས།། འོད་གསལ་ལྷའི་བུ་ཕོ་མཛེས ་པར་གྱུར།། བདེ་བར་གཤེགས་པ་དེའི་གནས་སོང་སྟེ།། ཁྲོ་སེམས་ཉེས་པ་དེ་ནི་གཤེགས་པར་བགྱིས།། སངས་རྒྱས་དེ་བཞིན་གཤེགས་པ་མ་གཏོགས་པར། ་སེམས་ཅན་དག་གི་མགོན་སྐྱབས་གཞན་མེད་དོ།། འཇིགས་པ་མེད་པ་དེས་ནི་བསྐུལ་པ་དང་།། པ་དང་བམས་ཀྱང་སངས་རྒྱས་སྒྲ་ཐོས་ནས།། ཐམས་ཅད་ཚོགས ་ལྷན་ཅིག་འགྲགས་གྱུར་ནས།། གཏུ་ཐུ་པའི་དྲུང་དུ་སོང་བར་གྱུར།། སྐྱེས་བུ་དཔེ་པའི་ཞབས་ལ་ཕྱག་འཚལ་ཏོ།། ཁྲི་སེམས་ཉེས་བདག་ཀྱང་བཤགས་བྱས་ནས། ་། དེ་བཞིན་གཤེགས་པ་ལ་ཡང་སྐྱབས་སོང་སྟེ།། བདེ་གཤེགས་རང་འབྱུང་ལ་ཡང་ཞུ་བ་ཞུས།། ཅི་ཙམྱིན་འདྲེན་པ་མཆོད་པར་འགྱུར།། ་ཆོས་དང་དགེ་འདུན་ལ་ཡང་ཇི་ལྟར་མཆོད།། ཞུས་པ་དེ་ཡང་སོ་སོར་ལུང་བསྟན་གསོལ།། ཐོས་ནས་དེ་བཞིན་ལགས་ཀྱིས་མཆི་བར་བགྱི།། རྒྱལ་བས་དེ་དག་གི་ནི་སེམས ་མཁྱེན།། འཇིག་རྟེན་མགོན་གྱིས་ཡང་ངག་རེ་ཚོགས་གསུངས་པ།། གང་ཞིག་སངས་རྒྱས་ཀུན་ལ་མཆོད་འདོད་པ།། བྱང་ཆུབ་ཕྱིར་ནི་བརྟན་པའི་སེམས་བསྐྱེད་ཅིག། ་བུ་མོའི་ཕ་དང་མ་དང་གཉེན་པ་རྣམས།། ལྔ་བརྒྱའི་མི་ཉུང་ཚང་བ་དེ་དག་ཀྱང་།། སྐྱེས་བུ་ཁྱུ་མཆོག་གི་ནི་ཚིག་ཐོས་ནས།། དེའི་ཚེ་བྱང་ཆུབ་ཕྱིར་ནི་སེམས་བསྐྱེད་དོ།། དེའི ་དགའ་བོ་དགེ་ལ་བཀའ་སྩལ་པ།། ཇི་སྐད་སྨྲས་པ་བཞིན་དགའ་བོ་ཉོན།། བྱང་ཆུབ་སེམས་དཔའི་བསམས་སྤྱོད་བསམ་མི་ཁྱབ།། ཐབས་ཁས་པ་ནི་ཤེས་རབ་དེ་བཞིན་ནོ།། ། ་དགའ་བྱེད་སྨོན་ལམ་ཕྱི་ཕྱིར་འདེབས་པ་ནི། བུད་མེད་གང་དག་ཆག་སྤུ་གྱི་བལྟ་བ།། དེ་ནི་བུད་མེད་ལུས་ཀྱིང་ཡོངས་སྤངས་ཏེ།། སྐྱེས་བུ་ཡངས་པའི་སེམས་ཅན་འགྱུར ་བར་ཤོག། དགའ་བོ་འདིའི་ཡོན་ཏན་འདི་འདྲ་ལྟོས།། གང་གིས་སེམས་ཅན་གཞན་དག་དམྱལ་འགྲོ་བ།། དེ་ཉིད་དཔའ་བོ་དག་ལ་ཆགས་བསྐྱེད་ནས།། མཐོ་རིས་སུ་ནི་སྐྱེས ་བུར་འགྱུར་བར་ཤོག། ལྷའི་བུ་དེས་ང་ལ་བཀུར་སྟི་བྱས།། གུས་དང་བཅས་པས་བྱང་ཆུབ་མཆོག་གནས་སོ།། བསྐལ་པ་མང་པོར་སངས་རྒྱས་མཆོད་བྱས་ནས། ་ཤིན་ཏུ་གཟིགས་ཞེས་བྱ་བར་རྒྱལ་བར་འགྱུར།། ལྔ་བརྒྱ་གང་དག་བྱང་ཆུབ་ལ་གནས་པ།། དེ་དག་རྣམས་ཀྱང་མའི་མཆོག་ཏུ་གྱུར། དེ་ལ་དང་ཕྱིར་བདེ་བ་བསམས་ལས་ནས།། མངོན ་པོ་ལ་ནི་བཀུར་སྟི་སུ་མི་བྱེད།། ཡང་དག་དགའ་བར་བྱེད་ལ་ཆགས་སེམས་དཔའ།། བུད་མེད་ལུས་སྤངས་སྐྱེས་པར་གྱུར་པ་ནི།། གཅིག་དང་གཉིས་དང་གསུམ་ནི་མ་ཡིན་གྱིས།། ་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་མང་པོ་སྟེ།། རྩིའི་རྒྱལ་པོ་གྲགས་པ་ཆེན་པོའི།། བྱང་ཆུབ་དེ་ལ་ཞེ་སྡང་སུ་ཞིག་སྐྱེས།། ཉོན་མོངས་ལས་ཀྱང་བདེ་བ་སྦྱིན་བྱེད་ན།། དེ་ལ་བཀུར ་བསྟི་བྱེད་པ་སྨོས་ཅི་དགོས།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་རི་རབ ་ལྷུན་པོའི་དྲང་དུ། གང་སེམས་དང་རུང་། སེམས་ཞེས་སྡང་ཡང་རུང་། སེམས་ཆགས་པ་ཡང་རུང་། ཆོས་ལ་བར་ཆད་བགྱིད་པའི་སེམས་ཀྱང་རུང་སྟེ། མཆི་ནི། དེ་ཐམས་ཅད། ་ཁ་དོག་གཅིག་ཏུ་འགྱུར་བ་ནི། འདི་ལྟ་སྟེ། གསེར་གྱི་ཁ་དོག་གོ།། བཅོམ་ལྡན་འདས་གང་སུ་ཡང་རུང་།། བྱང་ཆུབ་སེམས་དཔའི་དྲུང་དུ་སེམས་དད་དམ། སེམས་ཞེ་སྡང ་དམ། སེམས་ཆགས་པ་འམ། ཆོས་ལ་བར་ཆད་བགྱིད་པའི་ཀླུང་རུང་ནི། མཆིན་དེ་དག་ཐམས་ཅད་ཁ་དོག་གཅིག་ཏུ་གྱུར་པ་ནི་འདི་ལྟ་སྟེ།། ཐམས་ཅད་མཁྱེན་པ་ཉིང ་ཀྱི་སེམས་ཀྱི་ཁ་དོག་གོ།། བཅོམ་ལྡན་འདས་བདག་ནི་དེ་རིང་ཆང་བྱང་ཆུབ་སེམས་དཔའ་རྣམས་ལ་རི་རབ་ལྷུན་པོ་དང་། དྲ་བར་འཛིན་ཏོ།། བཅོམ་ལྡན་འདས་འདི་ལྟ་སྟེ ་དཔེར་ན། སྨན་གྱི་རྣམ་པ་བལྟན་བཟང་བ་ལ་སེམས་ཅན་སུ་ཡང་རུང་སྟེ། ནང་རྣམ་པ་སྣ་ཚོགས་ཀྱིས་ཉོན་མོངས་པ་རྣམས་ཀྱིས་ལྟས་ན་ནད་དེ་དག་ཐམས ་ཅད་རབ་ཏུ་ཞི་བར་འགྱུར་རོ།། བཅོམ་ལྡན་འདས་དེ་བཞིན་དུ་གང་ཡང་རུང་སྟེ། སེམས་དད་པ་དང་། སེམས་ཞེ་སྡང་བ་དང་། སེམས་ཆགས་པས་བྱང་ཆུབ་སེམས་དཔའ ་བལྟས་ན། དེ་ཐམས་ཅད་ཀྱི་འདོད་ཆགས་དང་། ཞེས་སྡང་དང་། གཏི་མུག་གི་ནད་རྣམས་རབ་ཏུ་ཞི་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ ་བོ་ལ་ལེགས་སོ།། ཞེས་བྱ་བ་བྱིན་ནས། དགའ་དི་ཇི་སྐད་སྨྲས་པ་དེ་བཞིན་ནོ།། ཞེས་གསུང་སོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ངོ་མཚར་ཏོ།། བདེ་བར་གཤེགས་པ་རབ་ཏུ་ངོ་མཚར་ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི ་ཞི་བའི་ཏིང་ངེ་འཛིན་ལ་གནས་ཀྱང་། སེམས་ཅན་རྣམས་ལ་སྙིང་རྩེ་བའི་སླད་དུ། སླར་ཡང་འདོད་པའི་ཁམས་སུ་ཡང་གདའོ།། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། ་སྨོན་པ་མེད་པ་ལ་སྤང་བ་ལ་གནས་ཤིང་། ཉན་ཐོས་དང་། རང་སངས་རྒྱས་ལ་ཆོས་རྣམས་ལ་ཡང་མ་རེག་ལ། ཐམས་ཡང་ཅད་མཁྱེན་པའིསེམས་ལ་ཡང་འབབ ་བར་བགྱིད་དོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསམ་གྱིས་མི་ཁྱབ་པའི་ཐབས་མཁས་པ་ལ་གནས་ལ། དེ་ནི་འདི་ལྟ་སྟེ། ་ཆགས་པར་འགྱུར་བ་གཟུགས་དང་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ཐམས་ཅད་ལ་སྤྱོད་ཀྱང་དེ་དག་ལ་ཆགས་པར་མི་བགྱིད་དོ།། བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་རྣམས་ལས་བརྩམས་ཏེ། དཔེ་ཆུང་ཟད་གཅིག་གསོལ་པར། བཅོམ་ལྡན་འདས་བདག་སྤོབ་སོ།། བདེ་བར་གཤེགས་པ་བདག་སྤོབས་སོ།། བཀའ་སྩལ ་བ་འོད་སྲུངས་ཁྱོད་སྤོབས་པར་གྱིས་ཤིག། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན།། འབྲོག་དགོན་པ་ཞིག་མཆིས་ལ། འབྲོག་དེ་ན་རྩིག་པ་འཁོར་བའི་རྩེ་མོའི ་བར་དུ། ཕྱིན་པ་ཞིག་ཀྱང་མཆིས་པར་གྱུར། དགོན་པ་དེའི་ཚེ་བ་སྒོ་ཡང་གཅིག་པུ་ཞིག་མཆིས་པར་གྱུར། འབྲོག་དགོན་པ་དེ་ནས་ཤིན་ཏུ་རྒྱང་མི་རིང་བ་ཞིག་ན། ་གྲོང་ཁྱེར་ཞིག་ཀྱང་མཆིས་ལ། འབྱོར་པ་དང་། བདེ་བ་དང་ལོ་ལེགས་པ་དང་། མིའི་སྐྱེ་བོས་གང་བར་གྱུར། གང་དག་གྲོང་ཁྱེར་དེར་མཆིས་པ་དེ་དག་ཀྱང་རྒ་བ་དང་། ་འཆི་བར་མི་འགྱུར། གྲོང་ཁྱེར་ཆེན་པོ་དེའི་ཤུལ་ནི་མཐོ་གང་ཙམ་དུ་གྱུར་ལ། དེ་ན་གཡས་གཡོན་དུ་གཡངས་ས་ཁྲི་འབུམ་མཆིས་པར་གྱུར་ཅིང་། འབྲོག་དགོན ་པ་དེའི་དབུས་ན་སེམས་ཅན་མཁས་པ་ཞིག་པ། ཡིད་གཞུངས་པོ་དོན་འཚལ་བ། ཕན་པར་འཚལ་བ། འབྱོར་པ་དང་། བདེ་བར་འཚལ་བ་གཅིག་གིས་སྐྱེས ་དེས་འབྲོག་དགོན་པར་སེམས་ཅན་དེ་དག་ལ་འབྲེག་དགོན་པ་འདི་ན། ཤིན་ཏུ་རྒྱང་མི་རིང་བ་ཞིག་ན། གྲོང་ཁྱེར་ཞིག་ཡོད་དེ། དེར་སུ་འགྲོ་བ་དེ་ནི། རྒ་བ་དང ་འཆི་བར་མི་འགྱུར་གྱིས། ཀྱེ་སེམས་ཅན་དག་ཚུར་ཤེག། གྲོང་ཁྱེར་ཆེན་པོ་དེར་འདོང་ངོ་།། ངས་ནི་ཁྱེད་ཡོངས་སུ་དྲང་།། ཞེས་སྒྲ་བསྒྲོགས་ཤིང་དབྱངས་ཀྱིས ་བསྐྲད་པ་དང་།། དེ་ན་གང་དམན་པ་ལ་མོས་ཤིང་འབྱུང་བའི་བསམ་པ་མཆིས་པ་དེ་དག་ནི། བདག་ཅག་བསྟན་པ་དེ་དང་། ཡུལ་དེར་མཆིས་ཡངས་མཆིས་ཡང་འཚལ་ན།། འདི ་ནས་ཀྱང་མི་འཕགས་ལ། གང་གྲོང་ཁྱེར་དེ་ན་ཡོན་ཏན་མཆིས་པ་དེ་དག་ཀྱང་། འདི་ན་མཆིས་བཞིན་དུ་འབྱུང་བར་གྱུར་ཅིག་ཅེས་མཆིའོ།། གང་ཆེན་པོ་ལ་མོས་པ་དེ་དག ་ནི་བྱུ་གང་བཅག་ཀྱང་མཆི་སྟེ། ཁྱོད་ཇི་ལྟར་བདག་ཅག་ཀྱང་དེ་དང་འདྲའོ་ཞེས་དེ་སྐད་མཆིའོ།། གང་བསོད་ནམས་ཆུང་བ་དེ་དག་ནི་སྒྲ་དེ་དག་ནི་སྒྲ་དེ་ཐོས་པ་དང་། ཟོས་པས ་ཡིད་ཆེས་པར་མི་བགྱིད་ངོ་།། དེ་ནས་སྐྱེས་བུ་མཁས་པ་དེ་འབྲོག་དགོན་པ་དེ་ནས་བྱུང་ནས།། ལམ་དེ་མཐོང་ངོ་།། དེས་ཤལ་མཐོ་གང་ཙམ་པོ་དོ་མཐོང་ནས་སོང་བ་དང ་ལམ་གྱི་གཡས་ཕྱོགས་ན་གཡངས་ས་ཁྲི་འབུམ་དང་། གཡོན་ཕྱོགས་ནག་ཡང་ས་ཁྲི་འབུམ་མཆིས་ནས། ལམ་དེའི་གཡས་གཡོན་དུ་དེས་རྩིག་པའི་རྟེན་བཅས་ཏེ། གྲ ་བཞིས་ཤུལ་དེ་རྒལ་བར་བགྱིད་ཅིང་། གཡས་སུའང་མི་བལྟ། དེའི་རྒྱུང་ནས་དགྲ་རྣམས་སྒྲ་སྒྲོགས་ཅིང་འཇིགས་པར་སྟོན་ཀྱང་། དེ་ཁ་ཕྱིར་ཡང་མི་བལྟ་སྟེ།། ལམ་དུ ་ཞུགས་པ་དང་། ཛ་ལྟ་ཇི་ལྟར་མཆིས་པ་དེ་ལྟ་དེ་ལྟར་གྲོང་ཁྱེར་ཆེན་པོ་མཐོང་ངོ་།། དེ་ལྟ་དེ་ལྟར་དེའི་འཇིག་པ་ཐམས་ཅད་ཀྱང་མ་མཆིས་སོ།། གྲོང་ཆེན་པོ་དེར་ཕྱིན་ནས། ་ས་བོར་དུའང་མི་ལྡ། ་སེམས་ཅན་དཔག་ཏུ་མ་མཆིས་པ་རྣམས་ཀྱི་དོན་ཀྱང་བགྱིད་དོ།། བཅོམ་ལྡན་འདས་འབྲོག་དགོན་པ་ཞེས་བགྱི་བ་ནི། དེ་ལྟར་འཁོར་བའི་འབྲོག་དགོན་པར་ལྟ་བར་འགྱིད་དོ།། ་རྩིག་པ་འཁོར་མོའི་བར་དུ་ཕྱིན་པ་ཞེས་བགྱི་བ་ནི། དེ་ལྟར་མ་རིག་པ་དང་། སྲེད་པ་དང་། སྲིད་པར་ལྟར་བར་བགྱིའོ།། སྲོག་ཆགས་བརྒྱ་སྟོང་མང་པོ་འབྲོག་དགོན་པ་དེ་ནས ་མཆིས་ཞེས་བགྱི་བ་ནི། དེ་ལྟར་བྱིས་པ་ལྟ་བུའི་སོ་སོའི་སྐྱེ་བོ་ཐམས་ཅད་དུ་ལྟ་བར་བགྱིའོ།། ཆབ་སྒོ་གཅིག་ཅེས་བགྱི་བ་ནི། དེ་ལྟར་ཐེག་པ་གཅིག་ལམ་དུ་ལྟ་བར་བགྱིའོ།། ་སྐྱེས་བུ་མཁས་པ་ཞེས་བགྱི་བ་ནི། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་ལྟ་བར་བགྱིའོ།། སེམས་ཅན་དམན་པ་ལ་དད་པར་འབྱུང་བའི་བསམ་པ་མཆིས་པ། ་གནས་དེ་ནས་ཀྱང་མི་འཕགས་ལ། གྲོང་ཁྱེར་གྱི་ཡོན་ཏན་ཀྱང་འཚལ་བ་ཞེས་བགྱི་བ་ནི། ཉན་ཐོས་དང་། རང་སངས་རྒྱས་སུ་ལྟ་བར་བགྱིའོ།། གཞན་དག་བདག་ཅག་ཀྱང ་མཆི་སྟེ།། ཁྱོད་ཅི་འདྲ་བ་བདག་ཀྱང་དེ་དང་འདྲའོ།། ཞེས་མཆི་བ་དེ་ནི་དེ་ལྟར་བྱང་ཆུབ་སེམས་དཔའ་དག་ཏུ་ལྟ་བར་བགྱིའོ།། སྒྲ་ཐོས་ཀྱང་ཡིད་ཅེས་པར་མ་གྱུར་ཅེས་དབྱི ་བ་ནི། དེ་ལྟར་མུ་སྟེགས་ཅན་གཞན་དག་ཏུ་ལྟ་བར་བགྱིའོ།། འབྲོག་དགོན་པ་ནས་འབྱུང་ཞེས་བགྱི་བ་ནི། དེ་ལྟར་ཐམས་ཅད་མཁྱེན་པར་བསྔོས་པའི་བརྩོན་འགྲུས་སུ་ལྟ་བར ་འགྱིའོ།། ཤུལ་མཐོ་གང་ཙམ་ཞེས་བགྱི་བ་ནི་དེ་ལྟར་ཆོས་ཀྱི་དབྱིངས་སུ་ལྟ་བར་བགྱིའོ།། གཡས་ཕྱོག་གཡངས་ས་ཁྲི་འབུམ་མཆིས་བགྱི་བ་ནི། དེ་ལྟར་ཉན་ཐོས་ཀྱི ་སར་ལྟ་བར་བགྱིའོ།། གཡས་གཡོན་གྱི་ཕྱོགས་སུ་རྩིགས་པའི་རྟེན་བཅས་ཞེས་བགྱི་བ་ནི། དེ་ལྟར་ཐབས་མཁས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་དང་། ལྡན་པའི་བརྩོན་འགྲུས་སུ་ལྟ་བར་བགྱིའོ།། གྲཝ་བཞིས་མཆི་བར་བགྱི་བླ་ནཱི།། བསྡུ་བའི་དངོས་པོ་བཞིས་སེམས་ཅན་གྲངས་མེདྲཱ་ས། དཔག་ཏུ་མ་མཆིས་པ་རྣམས་བསྡུད ་པ་ལ་བགྱིའོ།། རྒྱབ་ལོག་ནས་དགྲའི་འཇིགས་པ་སྟོན་ཅེས་བགྱི་བ་ནི། དེ་ལྟར་བདུད་དང་བདུད་ཀྱི་ལྷ་རྣམས་སུ་བལྟ་བར་བགྱིའོ།། དེ་བཞིན་དུ་གང་སེམས་ཅན་མ་རུངས་པ་བྱེད ་ཆུབ་སེམས་དཔའ་རྣམས་ལ་བཙལ་བར་བགྱིད། བསྟིང་པར་འགྱིད། སྨོད་པར་བགྱིད་པ་གཞན་དག་ལ་ཡང་བལྟ་བར་བགྱིའོ།། ཁ་ཕྱིར་མི་ལྟ་ཞེས་བགྱི་བ་ནི། བཟོད་པའི་ཕ་རོལ ་ཏུ་ཕྱིན་པ་དང་། བསམ་པ་ལྷག་པའི་ཚིག་བླ་དགས་སོ་ལགས་སོ།། གཡས་གཡོན་དུ་མི་ལྟ་བ་ཞེས་བགྱི་བ་ནི། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་མི་འཚལ་བས ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་ལགས་སོ།། ཇི་ལྟ་ཇི་ལྟར་གྲོང་ཁྱེར་མཐོང་བ་དེ་ལྟ་དེ་ལྟར་འཇིགས་མ་མཆིས་པར་འགྱུར་ཞེས་བགྱི་བ་ནི། དེ་ལྟར་ཇི་ལྟར་ཇི་ལྟར། ་སངས་རྒྱས་ཀྱི་ཡོན་ཏན་མཐོང་ཞིང་། སངས་རྒྱས་ཀྱི་བྱེད་པ་དང་། ཡེ་ཤེས་ལ་རྟོགས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པ་ལ་བསླབས་པ་དེ་ལྟ་དེ ་ལྟར་སེམས་ཅན་རྣམས་ལ་མི་འཇིགས་ཤིང་། ཐེ་ཙོམ་མ་མཆིས་པ་ལ་བགྱིའོ།། གྲོང་ཁྱེར་ཕྱིན་ནས། སེམས་ཅན་དཔག་ཏུ་མ་མཆིས་པའི་དོན་བགྱིད་ཅེས་བགྱི་བ་ནི། དེ་བཞིན ་གཤེགས་པའི་ཚོགས་བླ་དགས་སོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འོད་སྲུང་ལེགས་ལེགས་སོ།། འོད་སྲུང་ཁྱོད་ཀྱིས་དཔེ་བཤད ་པས་ལྷ་དང་། མིའི་སྐྱེས་དགུ་སྲོགས་ཆགས་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སེམས་དཔའ་བསྐྱེད་དོ།། འོད་སྲུངས་བྱང་ཆུབ་སེམས་དཔའ་ཐབས ་མཁས་པ་ལ་གནས་པ་ནི། ཡོན་ཏན་དཔག་ཏུ་མེད་པ་དག་དང་ལྡན་པ་ཡིན་ཏེ། འོད་སྲུངས་བྱང་ཆུབ་སེམས་དཔའ་ནི་གང་བདག་ལ་གནོད་པར་འགྱུར་བ་དང་། གཞན་ལ་གནོད་པར ་འགྱུར་བའི་ལས་དེ་ལྟ་བུ་མི་བྱེད་དོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་ཡེ་ཤེས་བླས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་འོ་ན་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པས། དེ་བཞིན་གཤེགས་པ་འོད་སྲུངས་གི་གསུངས་རབ་ལས་མགོ་རེག་འདི་མཐོང་བས་མཆོག ་གོ།། དགེ་སྦྱོང་མགོ་རེག་འདི་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་ཤིན་ཏུ་དཀོད་པའོ།། ཞེས་ཚིག་སྨྲས་པར་གྱུར། བཅོམ་ལྡན་འདས་དེ་སྐད་སྨྲས་པའི་དོན་གང་ལགས། ་དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཆོག་གོ།། དེ་བཞིན་གཤེགས་པ ་དང་། བྱང་ཆུབ་སེམས་དཔའ་ལ་དྲོད་མ་འཛིན་ཅིག། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཐབས་མཁས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ཏེ། སྐྱེས་བུ་དམ ་པ་དེ་དག་ནི་ཅི་ལྟར་ཅི་ནས་ཀྱང་། སེམས་ཅན་འདུལ་བར་འགྱུར་བ་དེ་ལྟ་དེ་ལྟར་གནས་པ་ཡིན་ནོ།། རིགས་ཀྱི་བུ་ལེགས་པར་ཤིན་ཏུ་ཉོན་ལ་ཡིད ་ལ་ཟུང་ཤིག་དང་། ཐབས་མཁས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཁྱོད་ལ་བཤད་དོ།། ཇི་ལྟར་བྱང་ཆུབ་སེམས་དཔའ་མར་མེ་འཛད་ཚུན་ཆད་བསམ་གྱིས་མི་ཁྱབ་པའི་ཐབས ་བསྟན་པ་དེ་ལས་ཅུང་ཟད་ཙམ་ཞིག་བསྟན་ཏོ།། རིགས་ཀྱི་བུ་གང་གི་ཚེ་ན། བྱང་ཆུབ་སེམས་དཔའ་མར་མེ་མཛད་མཐོང་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཚུན་ཆད། བྱང ་ཆུབ་སེམས་དཔའ་ལ་འཁྲུལ་པ་མེད་དོ།། ཅ་ཅོ་མེད། དྲན་པ་ཉམས་པ་མེད་དེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ། ཐོབ་པ་ནི་འདོད་ན་ནུབ་བདུན་གྱི་ས་བྱང་ཆུབ་ཐོབ ་པར་འགྱུར་རོ།། འདོད་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བསྐལ་པ་བརྒྱད་བྱང་ཆུབ་སེམས་དཔའ་ཐོབ་པར་འགྱུར་རོ།། གལ་ཏེ་སླར་ཡང་སྲིད་པར་འདོད་ན། སེམས་ཅན ་ཡོངས་སུ་སྨིན་པར་བྱ་བ་འོངས་ན། ཤེས་རབ་ཀྱི་སྟོབས་ཀྱིས་མཐུ་བསྐྱེད་པས། གང་གི་ཚེ་འདོད་པ་དེའི་འཚང་རྒྱའོ།། འདོད་ན་ཕྱི་མའི་མཐར་ཐུགས་པར་གནས་སྐྱོབ་པར་མི ་འགྱུར་ཏེ།། དེ་ནི་བྱང་ཆུབ་སེམས་དཔའ་ཐབས་མཁས་པར་རིག་པར་བྱའོ།། རིགས་ཀྱི་བུ་གཞན་ཡང་ཉན་ཐོས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་ཞི་པའི་ཏིང་ངེ་འཛིན ་ལ་སྙོམ་པར་འཇུག་པ་བཞིན་དུ། ཏིང་ངེ་འཛིན་ཞི་བ་ཡིན་ཏེ། དེའི་ལུས་ཀྱང་མི་གཡོག། དེའི་སེམས་ཀྱང་མི་ག་ཡོ་ཞིང་། བདག་ཡོངས་སུ་མྱ་ངན་ལས་འདའ་བར་འཛི ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཞི་བའི་ཏིང་ངེ་འཛིན་དེ་ལ་སྟོམས་པར་བཞུགས་ནས། སེམས་ཅན་སྨིན་པར་བྱེད་ཅིང་། བསྡུ་བའི་དངོས་པོ་བཞིའི་བརྩོན་འགྲུས་ཀྱང ་མི་གཏོང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་བདྲུག་གི་བརྩོན་འགྲུས་ཀྱང་མི་གཏོང་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི ་འདོད་ན། དགའ་ལྡན་གྱི་ཁང་པ་ན་འདུག་བཞིན་དུ། བྱང་ཆུབ་སེམས་དཔར་འདི་སྙམ་དུ་སེམས་ཏེ། ལྷ་དག་ནི་ཆོས་ཉན་པའི་ཕྱིར་འཛམ་བུ་གླིང་དུ་བབས་ནུས་ཀྱིས། འཇམ ་བུ་གླིང་གི་མི་རྣམས་ནི་ཆོས་ཉན་པའི་ཕྱིར་ལྷའི་ཁང་པར་འགྲོ་མི་ནུས་སོ་སྙམ་ནས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་འཛམ་བུའི་གླིང་དུ་བྱང་ཆུབ་དུ་མངོན་པར་རྫོགས་པར་འཚང ་རྒྱ་ཞིང་། ཆོས་ཀྱི་འཁོར་ལོ་ཡང་བསྐོར་བར་འགྱུར་ན། གང་འཛམ་བུ་གླིང་གི་མི་དེ་དག། ཆོས་ཉན་པའི་ཕྱིར་ལྷའི་ཁང་པར་འགྲོ་བ་མི་ནུས་ནས། བྱང་ཆུབ་མངོན་པར ་འཚང་རྒྱ་སྟེ།། དེ་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པར་ལྔའོ།། བྱང་ཆུབ་སེམས་དཔའ་ནི། འདོད་ན་དགའ་ལྡན་གྱི་གནས་ནས། ཤི་འཕོས་ཏེ། མའི ་མངལ་གྱི་ཁྱིམ་དུ་མ་ཞུགས་པར། དེའི་མོད་ཉིད་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ན། དེ་ལ་སེམས་ཅན་ཁ་ཅིག་ཐེ་ཙོམ་སྐྱེ་བར་འགྱུར་ཏེ། འདི་ལྷ་འམ ་དྲི་ཟ་འམ། སྤྲུལ་པ་ཞིག་གམ། འདི་ལྟས་འོངས་པ་ཞིག་ཅེས་དེ་དག་ཐེ་ཙོམ་དུ་གྱུར་ནས། ཆོས་ཉན་པར་མི་འགྱུར་བས། རྒྱུ་དེ་དང་། ཀྱེན་དེའི་ཕྱིར། བྱང་ཆུབ ་སེམས་དཔའ་མངལ་དུ་གནས་པར་སྟོན་ཏོ།། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ།། རིགས་ཀྱི་བུ་ཡང་བྱང་ཆུབ་སེམས་དཔའ ་ནི་མངལ་གྱི་མལ་དུ་ཞུག་སོ།། སྙམ་དུ་ཁྱོད་དེ་ལྟར་མ་ལྟ་ཞིག། བྱ་ཆུབ་སེམས་དཔའ་ནི་མངལ་དུ་ཞུགས་སྷོ།། ཅིའི་ཕྱིར་ནཱ། བྱང་ཆུབ་སེམས་དཔའ་ནི། བྱང་ཆུབ་སེམས་དཔའི ་ཏིང་ངེ་འཛིན་དྲི་མ་མེང་པ་ཞེས་བྱ་བ་དེ་ལ་སྐོམ་པར་ཞུགས་ནས། མ་སོང་བཞིན་དུ། བྱང་ཆུབ་སྙིང་པོ་ལ་འདུག་སྟེ། དགའ་ལྡན་གནས་ཀྱི་ལྷ་རྣམས་ཀྱང་། བྱང་ཆུབ་སེམས ་དཔའ་ཤི་འཕོས་སོ་སྙམ་དུ་འཛིན་ཅིང་།། དེ་ན་མི་མཐོང་མོད་ཀྱི། བྱང་ཆུབ་སེམས་དཔའ་ཆེན་པོ་ནི། དགའ་ལྡན་གྱི་གནས་ནས་ཀྱང་མི་གཡོ་ལ། སྤྲུལ་པས་བྱ་བ་ཐམས་ཅད ་དང་། མངལ་དུ་འདུག་པ་དང་། སྐྱེ་བ་དང་། མངོན་པར་འབྱུང་བ་དང་། དཀའ་བར་སྤྱོད་པ་ཐམས་ཅད་སྟོན་ཏེ། དེ་ཐམས་ཅད་ནི། བྱང་ཆུབ་སེམས་དཔའ་སྤྲུལ་པ་ཡིན་ནོ།། ་དེའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་གཙང་མར་སྤྱོད་པས་སླར་ཡང་མངལ་གྱི་མལ་དུ་མི་འཇུག་སྟེ།། དེ་ཡང་བྱང་ཆུབ་སེམས་དཔའི་ཐེབས་མཁས་པར་ཤེས་པར་བྱའོ།། ། ་དེའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་བ་གླང་གི་བུ་དཀར་པོར་བསྒྱུར་ཏེ།། མའི་མངལ་དུ་འཇུག་པར་སྟོན་ཅེ་ན། དཀར་པོའི་ཕྱོགས་ཡིན་པའི་ཐ་ཚིག་སྟེ། བྱང་ཆུབ་སེམས ་དཔའ་སེམས་ཅན་ཐམས་ཅད་ཁྱད་དུ་ཞུགས་པས་དེའི་ཕྱིར། ཅི་ནས་ཀྱང་ལྷ་དང་མི་འདྲའོ། མི་དང་ཡང་མི་འདྲ་བར་དེ་ལྟར་འཇུག་པར་བསྟན་བྱ་དགོས་ཏེ།། དེ་ཡང ་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་མའི་མངལ་ན་ཟླ་བ་དགུར་མི་གནས་པར་གཅུར་གནས་ཤེས་ནས། སེམས ་ཅན་ཁ་ཅིག་ཀྱེ་མའོ།། འདི་ནི་མངལ་ན་གནས་པའི་དུས་མ་ཚངས་དབང་པོ་ཉམས་པ་ཞིག་བྱུང་ངོ་།། ཞེས་དེ་ལྟར་སེམས་པའི་ཕྱིར་རོ།། མངལ་དུ་དབང་པོ་ཡོངས་སུ་རྫོགས ་པར་སྟོན་པས་ཟླ་བ་བཅུར་གནས་ཤིང་དགུར་མ་ཡིན་ཏེ།། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ ་གྲོང་དང་། གྲོང་ཁྱེར་དུ་མ་སྐྱེས་ཀྱི། དགོན་པར་སྐྱེས་ཤེ་ན། བྱང་ཆུབ་སེམས་དཔའ་ནི་ཡུན་རིང་པོ་ནས་དགོན་པའི་ནང་དུ་དགོན་པའི་སྔགས་པ་བརྗོད་པར་བྱེད་ལ། དབེན་པ་ན ་གནས་ཤིང་གཙང་མར་སྤྱོད་པ་དང་། ཁྱིམ་གྱི་ནང་ནུ་སོང་བར་གྱུར་ནི། ལྷ་དང་། ཀླ་དང་། གནོད་སྦྱིན་རྣམས་ཀྱིས་ལྷའི་དྲི་དང་། ཕྱེ་མ་དང་། མེ་ཏོག་ངག་གི་རྒྱུན ་མ་ཆད་པར་མཆོད་པ་བྱེད་མི་ནུས་པ་དང་། གྲོང་ཁྱེར་སེར་སྐྱེའི་སེམས་ཅན་དག་རབ་ཏུ་དགའ་བར་འགྱུར་བས། རྒྱུ་དང་རྐྱེན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ནི་དགོན་པར ་སྐྱེས་སོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཕ་མའི་སྐུ་བརྟོལ་ཏེ་ནི་ཕ་མའི། མེར་མེར་པོ་ལས་གྱུར་པ་ཡིན་གྱི། རྫུས་ཏེ་སྐྱེས་པ་མ་ཡིན་ནོ།། སྙམ་དུ་སེམས ་པོའི་སེམས་ཅན་དེ་དག་གི་ཐེ་ཙོམ་གཅོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་མའི་དཀུ་བརྟོལ་ཏེ། ཞུགས་སོ།། ཞུགས་ནས་ཀྱང་རྨ་དང་། བུ་གར་མ་གྱུར་ལ། ཡུམ ་མངས་ཀྱི་ལམ་དུ་ཞུགས་ཤེ་ན། སེམས་ནཱམྦུ་བྱུང་ཆུབ་སེམས་དཔ ་ཡུམ་རྒྱུ་མ་ཡང་དེའི་ཚེ་བདེ་བ་མྱོང་བ་ལྟ་བུ་སྔོན་མ་མྱོང་ངོ་།། ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་མ་ཤིང་བླག་ཤའི་ཡལ་ག་ལ་འཇུས་ཏེ། ་ཤ་འདུས་སུ་བྱས་ནས། བྱང་ཆུབ་སེམས་དཔའ་སྐྱེས་ཤེས་ན། སེམས་ཅན་གང་དག་ལྷ་མོ།། སྒྱུ་མ་ནི་བུད་མེད་གཞན་བཞིན་དུ་སྡུག་བསྔལ་གྱི་ཚོར་བས་བྱང་ཆུབ ་སེམས་དཔའ་སེམས་ཅན་དེ་དགེ་ལ་བདེ་བར་བསྟན་པའི། བྱང་ཆུབ་སེམས་དཔའི་མས་ཤིང་བླག་ཤོ་འི་ཡལ་ག་ལ་འཇུས་ནས། ཤ་འནས་སུ་བྱས་ཏེ། བྱང ་ཆུབ་སེམས་དཔའ་བསྐྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སྐྱེ་གནས་དང་། ལུས་ཀྱི་ཕྱོགས་གཞན་ནས་མི་འབྱུང་བར། མའི་མངལ་བརྟོལ་ཏེ། དྲན ་བཞིན་ཤེས་བཞིན་ཤེས་པཞིན་དུ་མངལ་གྱི་མལ་ནས་བྱུང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་གཙང་མན་སྤྱོད་ལ། འཇིག་རྟེན་གསུམ་པོ་ཐམས་ཅད་མཆོག་ཡིན་པས། དེ ་སྐྱེ་གནས་ལའང་མི་ཤིང་།། སྐྱེ་བ་བསྟན་དགོས་ལ། སེམས་ཅན་ཐ་མ་གཞན་དག་དང་ཡང་མི་འདྲ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་མའི་དཀུ་བརྟོལ་ནས། མངལ ་གྱི་ལམ་ནས་བྱུང་ཞིང་།། སྐྱེས་མ་ཐག་ཏུ་དེའི་ཚེ་ན་གྲོ་ལ་རྨ་ཡང་མེད་དོ།། ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་སྐྱེས་མ་ཐག་ཏུ། བརྒྱ་བྱིན་ལྷའི་དབང་པོས་བླངས ་ཀྱི། ཟེར་གྱུར་པ་གཞན་དག་གིས་མ་ཡིན་ནོ་ན། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཤིན་ཏུ་འབེར་བ་དང་། བྱང་ཆུབ་སེམས་དཔའ་སྐྱེས་མ་ཐག་ཏུ། དེ་ལྟར ་བྱིན་ལྷའི་དབང་པོས།། བླངས་པར་ཤོག་ཤིག་ཅེས་སྨོན་ལམ་བཏབ་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སྐྱེས་མ་ཐག་ཏུ་མ་བླངས་པར་གོམ་པ་བདུན་པོར་གྱི། ་དྲུག་དང་བརྒྱད་མ་ཡིན་ཞེ་ན་ན། རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་དང་། སྐྱེས་བུ་དམ་པར་སྔོན་སུས་ཀྱང་མ་བསྟན་པ། བསྟེན་དགོས་ལ། སེམས་ཅན་གང་དག་གི་དོན ་གོམ་པ་བདུན་བོར་ཏེ་བྱ་བ་དེ། གོམ་པ་དྲག་གིས་ཀྱང་མི་ནུས་ལ། གོམ་པ་བརྒྱད་བོར་ན་ཡང་། ལྷག་པའི་གྱུར་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སྐྱེས་མ་ཐག ་ཏུ་མ་བླངས་པར་གོམ་པ་བདུན་འདོར་གྱིས། དྲུག་དང་བརྒྱད་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་གོམ་པ་བདུན་བོར་ནས། ང་ནི་འཇིག་རྟེན་ན་གཙོ ་བོ་ཡིན་ཏེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། མཆི་བ་མཐར་བྱའོ།། ཞེས་ཚིགས་སུ་སྨྲ་ན། འཁོར་དེ་ན་ཚངས་པ་དང་། ལྷ་མཐུ་བ་དག་ལྷགས་ཤིང་འཁོད་དེ། ་ང་རྒྱལ་ཅན་དུ་གྱུར་དེ་དག་བདག་ཅག་གཙོ་བོ་ཡིན་གྱི། འདི་ནི་མ་ཡིན་ནོ།། སྙམ་དུ་སེམས་ཤིང་། དེ་དག་བྱང་ཆུབ་སེམས་དཔའ་ལ་འདུད་པར་མི་བྱེད། ཡང་དག ་པར་འདོད་པར་མི་བྱེད། པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཏེ། ཚངས་པ་དང་། ལྷ་འདི་དག་ཡུན་རིང་པོར། ཕན ་བ་མེད་པར་གྱུར་དུ་འོང་དོནསདེའི་ཕྱིར་བྱང་ཆུབ་སེམས་དཔའ་འཇིག་རྟེན་ན། ང་མཆོག་གི། སྐྱེ་བ་དང་རྒ་བ་དང་། ན་བ་དང་། འཆི་མཐར་འབྱིན་ཏོ།། ་རྣམ་གྲངས་དེས་ཀྱང་ལྷ་མོ་སྒྱུ་མའི་ཚེ་ཟང་ནས་འཆི་དུས་བྱས་ཀྱི། བྱང་ཆུབ་སེམས་དཔའ་ཉེས་པ་མ་ཡིན་ནོ།། ཅིའི་ཕྱིར་ན། བྱང་ཆུབ ་དཔའ་བཟོ་སློབ་ཅེ་ན། འཇིག་རྟེན་གྱི་རྗེསུ་འཇུག་པའི་ཕྱིར་དུ་ཟད་ཀྱི། བྱང་ཆུབ་སེམས་དཔའ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། གཙུག་ལག་གམ། ་གླུ་འམ་གར་མར། སྔགས་སམ། རིགས་སམ། ཐབས་སམ། དགོད་པ་འམ་ཚ་བ་འམ། རྩེ་བ་འམ། བལྟ་བ་གང་ཡང་ཐོག་མར་མ་སླབས་པ་མེད་དོ།། ཅིའི་ཕྱིར་ན།། ་བྱང་ཆུབ་སེམས་དཔའ་ཆུང་མ་ལེན་ཅེ་ན། བྱང་ཆུབ་སེམས་དཔའ་ནི་འདོད་པ་དགོས་པར་བྱེད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ནཱ། སྐྱེས་བུ་དམ་པ་དེ་ནི་དེའི་ཚེ་འདོད ་པ་དང་བྲལ་བ་ཡིན་མོད་ཀྱི། བྱང་ཆུབ་སེམས་དཔེའ་ནི་ངེས་པར་སྐྱེ་བར་བསྟན་དགོས་ཏེ། སེམས་ཅན་ཁ་ཅིག་བྱང་ཆུབ་སེམས་པའོ་ལ་སྐྱེས་པ་མ་ཡིན་གྱི། མ་ནིང ་གི་རང་བཞིན་ཅན་ནོ།། ཞེས་དེ་སྙམ་དུ་སེམས་པར་མི་འགྱུར་ཞིང་། དེ་དག་གི་ཐེ་ཙོམ་གཅད་པ་དང་། འདི་ལྟ་སྟེ། སྲས་ནོར་སྤྲིན་ལེན་བསྟན་པའི་ཕྱིར། བྱང་ཆུབ་སེམས ་དཔའ་ཤག་ཀྱའི་གྲགས་འཛིན་ལས་སྩོགས་པ་བླངས་སོ།། ནོར་བྱིན་འཛིན་མེར་མེར་པོ་ལས་གྱུར་པའོ།། ཞེས་དེ་སྐད་གང་དེ་སྙམ་དུ་འཛིན་ན། དེ་ལྟར་མི་ལྟའི་ནོར ་སྦྱིནྡྲ་འཛིན་ནི་ལྷ་ལས་ཤི་འཕོས་ཏེ། འདིར་སྐྱེས་པས་ཕ་མའི་མེར་མེར་པོར་ལས་གྱུར་པ་མ་ཡིན་གྱི། རྫུས་ཏེ་སྐྱེས་པར་ཤེས་པར་བྱའོ།། ཞེས་གང་ཡང་སྔོན་གྱི ་སྨོན་ལམ་གྱིས་ཤཱཀྱའི་བུ་མོ་གྲགས་འཛིན་བླངས་པ་ཡིན་ཏེ། མར་མེ་མཛད་ཚུན་ཆད་སྐྱེ་བའི་ཐ་མའི་བར་ཁྱོད་ཀྱི་ཆུང་མར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ལ། སངས་རྒྱས་ལ ་དགེ་བའི་རྩ་བ་བསྐྱེད་པ་དེ་ཡང་སླུ་བར་མི་འགྱུར་བས་ན། དེའི་ཕྱིར་ཤཱཀྱའི་བུ་མོ་གྲགས་འཛིན་བླངས་སོ།། ཡང་སེམས་ཅན་འདི་དག་ནི་འདོད་པའི་ས་ཉེས་པ་ཅན་ཁྱིམ་གྱི ་བྱ་བ་ལ་ཞེན་པ་ཡིན་པས། དེ་དག་སྤངས་ཏེ། རབ་ཏུ་འབྱུང་བར་མི་ནུས་ནས། དེ་དག་ཕྱིར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཡོག་ལེན་ཏོ།། ཡང ་འདི་ནི་ཆུང་མ་བཟང་མོའི་གཡོག་འདི་ལྟ་བུ་སྤངས་ཏེ། རབ་ཏུ་བྱུང་ནས་བདག་ལྟ་ཅིའི་ཕྱིར་རབ་ཏུ་མི་བྱུང་ཞེས་དེ་སྙམས་སེམས་པར་འགྱུར་ཞིང་། ཡང་བྱང་ཆུབ ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། གང་བུད་མེད་གཞོན་ནུ་གྲཝ་ཡོང་སུ་སྨིན་པར་བྱས་ནས་དེ་དག་ཀྱང་མཛའ་བ་ཡིད་ལ་གཅུགས་པས་སྲིད་པ ་ཐ་མའི་བར་དུ་བདག་ཅག་ཁྱོད་ཀྱི་ཆུང་མར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ལ། དེ་དག་གི་ཆོས་དཀར་པོ་དེ་རྣམས་ཀྱང་ཤིན་ཏུ་ཡོངསུ་སྨིན་པར་བྱ་བའི་ཕྱིར། བྱང ་ཆུབ་སེམས་དཔའ་གཡོག་ལེན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་སླས་ཀྱི་ནང་ན་གནས་ལ་བུད་མེད་ཉིད་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་ཡོངས་སུ་སྨིན་པར་བྱས་སོ།། ལྷག་མ་དག་ཀྱང་མི་ལྟུང་བའི་ཆོས་དང་ལྡན་པར་བྱའོ།། རྣམ་གྲངས་དེའི་ཕྱིར། ཡང་བྱང་ཆུབ་སེམས་པར་གེ་མོག་ལེན་གྱི། ་གང་བུད་མེད་ཀྱི་འདོད་ཆགས་ཡོངས་སུ་གདུངས་པ་དེ་ཡང་། བྱང་ཆུབ་སེམས་དཔའ་མཐོང་མ་ཐག་ཏུ་བདག་འདོད་ཆགས་དང་བྲལ་བ་ཤེས ་སོ།། ཡང་བྱང་ཆུབ་སེམས་དཔའ་ནི་བདག་གི་ཤིང་དང་འདྲ་བར་སྤྲུལ་པ་དག་སྤྲུལ་ནས། བུང་མེད་དེ་དག་སྤྲུལ་པ་དེ་རྣམས་དང་། རྩེ་དགའ་ཡོངས་སུ་སྤྱོད་ཅིང་བདག་ཅག་ན ་བྱང་ཆུབ་སེམས་དཔའ་དང་ལྷན་ཅིག་ཏུ་རྩེ་དགའ་ཞིང་ཡོངསུ་སྤྱོད་དོ།། སྙམ་དུ་སེམས་མོད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་། ཏིང་ངེ ་འཛིན་གྱི་དགའ་བ་དང་བདེ་བ་ལ་གནསོ།། འདི་ལ་སྤྲུལ་པ་རྣམས་ཀྱི་འདོད་པ་ལ་དགའ་བ་དང་ཡོངས་སུ་སྤྱོད་པ་ཇི་ལྟ་བ། མར་མེ་མཛད་ཚུན་ཆད་ཀྱི་བྱང་ཆུབ་སེམས་དཔའི ་འདོད་པའི་ཡོངས་སུ་སྤྱོད་པ་ཐམས་ཅད་ཀྱང་དེ་བཞིན་བལྟའོ།། དྲན་པ་ཙན་ཏ་ཀ་དང་། རྟ་ཀན་ཏ་དང་སྔོན་གྱི་སྨོན་ལམ་ལས་གྱུར་པར་ལྟའོ།། ཅིའི་ཕྱིར་ན། བྱང་ཆུབ ་སེམས་དཔའ་ཤིང་འཛམ་བུའི་གྲིབ་མ་ལ་བསམ་གཏན་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་ན་གནས་པས། ལྷ་བྱེ་བ་ཕྲག་བླན་བརྟུལ་ཞིང་། དེ་ངེས་པར་མངོན་པར་ཁྱིམ ་པར་བྱུང་ནས་ཕ་མ་བསྟེན་པའི་ཕྱིར་རོ།། ཅིའི་ཕྱིར་ན། སྐྱེས་མོས་ཚལ་དུ་སོང་ཞེ་ན། རྒ་བ་དང་། ནད་ཀྱི་བཏབ་པ་དང་། འཆི་བ་བསྟན་པའི་ཕྱིར་ཏེ། གཉེན་པ་དག་ནི་བྱང་ཆུ ་ཆུབ་སེམས་དཔའ་དགའ་བ་དང་། ན་བ་དང་འཆེ་བས་འཇིགས་སྐྲག་ནས་ཁྱིམ་ནས་མངོན་པར་འབྱུང་གི་གཉེན་ལ། གནོད་པར་འདོད་པ་ནི་མ་ཡིན་ནོ།། ཞེས་དེ་ལྟར་ཤེས་པར་འགྱུར།། ་ཅིའི་བྱོར་ན། བྱང་ཆུབ་སེམས་དཔའ་མཚན་སོ་ནས་བྱེད་ཀྱི་དུས་ཀྱི་ཚེ།། ཁྱི་ནས་མངོན་པར་འབྱུང་གི།། ཉིན་མོ་ནི་བྱུང་ནནན། དན་འདུག་ན་དགེ་བའི་རྩ་བ་འཕེལ་ནས། རྔས་ད ་པོ་ནདོད་པས་ནམ་ཕྱེད་ན་མ་དྲིས་པར་དེ་ནས་འགྲོ་བར་བྱ་བ་དང་། བདེ་བའི་ཡོད་ཀྱང་སྤངས་པར་བྱའི། ཆོས་དཀར་པོའི་ཕྱོགས་ནི་ཡོངསུ་གཏང་བར་མི་བྱའོ།། ཞེས་སེམས་ཅན་རྣམས་ལ ་བསྟན་པའི་ཕྱིར་རོ།། ཅི་ཕྱིར་ན། སྐྱེ་བོ་དང་གཉིད་ལོག་པར་བྱས་ཞེ་ན། ལྷ་རྣམས་ཀྱི་ཉེས་པར་བསྟན་པའི་ཕྱིར་ཏེ། སྐྱེ་བོ་དག་བྱང་ཆུབ་སེམས་དཔའ་ལ་ཞེས་སྡང་གི་ཐ་པ་སྐྱེ་བར ་མི་འགྱུར་བ་དང་།། དེ་དག་ཡུན་རིང་པོར་གནོད་པ་དང་། མི་ཕན་པ་དང་། ལྟུང་བར་མི་འགྱུར་བར་བྱ་བའི་ཕྱིར། ལྷ་རྣམས་ཀྱིས་སྒོ་ཕྱེས་ནས་ལྷ་རྣས་གཉིད་ལོག་པར་བྱས་ཏེ།། ལྷ་རྣཾས ་ཀྱི་སྒོ་ཕྱེ་ནས་ལྷ་རྣམས་ཀྱི་བར་སྣང་ལས་ཁྲིད་པས་ལྷ་རྣམས་ཀྱིས་ཉེས་ཀྱི་བྱང་ཆུབ་སེམས་དཔའི་ཉེས་པ་མ་ཡིན་ནོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཉེས།། ་ཞེས་དད་པར་མ་རྙེད་པར་མཐོང་ནས་ཉིད་ལོག་པར་བྱསོ།། ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་རང་གིས་རལ་གྲིས་སྐྲ་གཅད་ཅེ་ན། དེ་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་ན། ལྷ་འབ་ཀླུ་འམ་གནོད་སྦྱིན་ནམ། མི་འམ་ཅི་གང་ཡང་བྱང་ཆུབ་སེམས་དཔའི་དཔལ་དཔལ་དང་། གཟི་བརྗོད་ཀྱིས་ཟིལ་གྱིས་ནཱན་ཏེ་སྐྲ་གཅོད་ནུས་པ་སུ ་ཡང་མེད་ཅིང་། རྒྱལ་པོ་ཟས་མ་དེས་ཐོས་ན་ཡང་། ཇི་ལྟར་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་སྐྲ་གཅོད་པར་མཐོང་ནས། ཁྲོ་བར་མི་འགྱུར་ཞིང་། སུས་དེའི་བུང་སྒེ་གཅང ་ཅེས་དེ་ལ་བསད་པ་འམ། ཆད་པར་མི་འགྱུར་བྱ་བའི་ཕྱིར་རོ།། ཙོའི་ཕྱིར་ན། རྟ་དང་བརྒྱན་རྣམས་བྲན་ཙན་ཏ་ཀའི་ལག་ཏུ་བྱིན་ཅེ་ན། ཆོག་ཤེས་པ་དང་། བྱང་ཆུབ་སེམས་དཔའ ་གསེར་རྡུལ་མི་འདོད་ཅིང་། དངོས་པོ་ཐམས་ཅད་ལ་མི་ལྟ་བར། རབ་ཏུ་འབྱུང་བར་བསྟན་པའི་ཕྱིར་རོ།། ཡང་བྱང་ཆུབ་སེམས་དཔས་སྐྱེ་བོ་ཕ་མ་དག་བསླབ་དགོས ་ཏེ། བསྟན་པ་འདི་ལ་གང་རབ་ཏུ་འབྱུང་བ་དེ་དག་བརྗེས་སུ་སློབ་ཅིང་། དངོས་པོ་ཐམས་ལ་མི་ལྟ་བར་འཕགས་པའི་རིགས་བཞི་ལ་གནས་ནས་རབ་ཏུ་བྱུང་བར་འགྱུར་གྱི་ཐོག་མ་ཉིད་ནས་རབ་ཏུ ་འབྱུང་བའི་འཚོ་བའི་ཕྱིར། རབ་ཏུ་འབྱུང་བར་མི་འགྱུར་བར་བྱ་བའི་ཕྱིར།། ཡང་རིགས་ཀྱི་བུ་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་ལོ་དྲུག་ཏུ་དཀའ་བ་སྤྱད་པ་ཉོན་ཅིག། བྱང་ཆུབ་སེམས་དཔའ ་ནི་ལས་ཀྱི་བསྒྲིབས་པ་ཉོན་པས་དཀའ་བ་སྤྱོད་པ་སྤྱད་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ཐབས་མཁས་པས་ནི་ངེས་པར་སེམས་ཅན་རྣམས་ལ་ལས་ཀྱི་བྱ་བ་བསྟན་དགོས་ཏེ། རིགས ་ཀྱི་བུ་བྱང་ཆུབ་སེམས་དཔས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ། མགོ་རེག་ལ། བྱང་ཆུབ་ཡོད་ཅེས་སྨྲས་པ་དེ ་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པར་ལྟ་བར། བྱང་ཆུབ་སེམས་དཔའ་ཇི་ལྟར་དགོངས་ཏེ། ཚད་སྐད་སྨྲས་ཤེས་ན། རིགས་ཀྱི་བུ་འདི་ལྟ་སྟེ། དེའི་ཚེ་དེའི་དུས་ན། ཁྱེའུ་སྐར ་མ་སྐྱོང་གི་ནེའུ་ལྗང་བྲམ་ཟེའུ་ཤིང་སཱ་ལ་ཆེན་པོ་ལྟ་བུ། བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པ་ལྔ་ཡོད་དེ། དེ་དག་སྡིག་པའི་གྲོགས་པོའི་དབང་གིས་བྱང་ཆུབ་ཀྱི་སེམས་བརྗེད་པར་གྱུར་ནས། ་རིགས་ཀྱི་བུལྔ་པོ་དེ་དག་སངས་རྒྱས་ཀྱི་རྡུལ་ཞུགས་ཅན་མ་ཡིན་གྱི། མུ་སྟེགས་ཀྱི་བརྟུལ་ཞུགས་ལྡན་པ་། མུ་སྟེགས་ཀྱི་གསང་སྔགས་ལ་བརྩོན་པར་བྱས། བདག་ཅག་གི་ཡང་བྱང ་ཆུབ་ཡོད་དེ་བདག་ཅག་ཀྱང་སངས་རྒྱས་སོ་ཞེས་བདག་ཉིད་སྟོན་པར་འཛིན་ཏོ།། དེ་ནས་ཁྱེའུ་སྐར་མ་སྐྱོང་གྱི་རིགས་བུ་ལྔ་པོ་དེ་དག་སྣོད་དུགྱུར་ཏོགས་ནས། མགོ་རེག་ལ་བྱང་ཆུབ་ག་ལ་ཡོད ་བྱང་ཆུབ་ནི་ཤིན་ཏུ་དཀོན་པའོ།། ཞེས་ཚིག་དེ་སྐད་སྨྲས་པས། རིགས་ཀྱི་བུ་ལྔ་པོ་དེ་དག་རིམས་ཀྱིས་ཡོངསུ་སྨིན་པར་བྱས་པར་འགྱུརརོ།། འདི་ལྟ་སྟེ། རིགས་ཀྱི་བུ་ཁྱིའུ་སྐར་མ ་སྐྱོང་ནི་བུ་ལྡང་ལྔ་པོ་དེ་དག་དང་། ས་ཕྱོགས་གཞན་ཞིག་ན་འདུག་པར་གྱུར་པའི་དུས་ཀྱི་ཚེ་ཡོད་དེ། དེ་ནས་རྫ་མཁན་རྗེ་སུ་བྱེད་པ་ཞིག་སའི་ཕྱོག་དེ་དག་ག་ལ་བར་སོང་ནས། དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྔགས་པ་བརྗོད་ཅིང་། ཁྱེའུ་སྐར་མ་སྐྱོང་ལ་ཚུར་ཤོག། དེ་བཞིན་གཤེགས་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་དྲུང་དུ་འདོང་ངོ་།། ཞེས་དེ་སྐད་ཅེས་སྨྲས་པ་དང་། དེ་ནས་ཁྱེའུ་སྐར་མ་སྐྱོང་འདི་སྙམ་དུ་གྱུར་ཏོ།། ཀྱེ་མའོ།། སེམས་ཅན ་འདི་དག་ནི། དགེ་བའི་རྩ་བ་ཡོངས་སུ་སྨིན་ན། གང་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་བསྲུང་གི་བསྔགས་པ་བརྗོད་ལ ་མུ་སྟེགས་ཅན་གྱིས་ནི། མི་བསྔགས་པ་བརྗོད་པ་དང་། རིགས་ཀྱི་བུ་དེ་དག་དོགས་ཤིང་འོད་མི་བཏུབ་པར་འགྱུར་རོ།། སྙམ་ནས། ཁྱེའུ་སྐར་མ་སྐྱོང་གིས་ཐོག་མའི་དུས ་དེ་ཉིད་དུ་སྲུང་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་དང་། རྒྱུ་མཐུན་པའི་ཐབས་མཁས་པས་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་ཤིན་ཏུ་དཀོན་པ ་ཞེས་དེ་སྐད་ཅེས་སྨྲས་སོ།། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་དང་། རྒྱུ་མཐུན་པའི་ཡིན་ཞེ་ན། བྱང་ཆུབ་ཏུ་དདུག་སེམས་དཔའ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། བྱང་ཆུབ་ཏུ་འདུ་ཤེས་པར་མི་འགྱུར། སངས་རྒྱས་ཀྱི་ཡེ་ཤེས་སུ་འདུ་ཤེས་པ་མེད། བྱང་ཆུབ་སེམས་དཔའ་ཡང་མི་མཐོང་། ་བྱང་ཆུབ་ཀྱི་སེམས་པ་ནང་དུ་ཡང་མི་ཐོང་། བྱང་ཆུབ་ཕྱི་ལོགསུ་མི་ཐོང་། བྱང་ཆུབ་ནང་དང་ཕྱི་ལོགས་སུ་ཡང་མི་ཐོང་སྟེ། བྱང་ཆུབ་ནི་ཤིན་ཏུ་སྟོང་ངོ་།། སྙམ་དུ་སེམས་ཤིང་། ཁྱེའུ ་སྐར་མ་སྐྱོང་དེས་ཆོས་ཐམས་ཅད་མི་དམིགས་ནས། ཐབས་མཁས་པས་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་སེམས་དཔའ་ནི་ཤིན་ཏུ་དཀོན་པའོ།། ཞེས་དེ་སྐད་ཀྱི་ཚིག ་སྨྲསོ།། དེ་ནས་ཁྱེའུ་སྐར་མ་དང་། ནེའུ་ལྡངས་ལྔ་པོ་དེ་དག་དང་ལྷན་ཅིག་ཏུ་ཆུ་འགྲམ་ཞིག་ན་གནས་པ་དང་། དེ་ནས་སངས་རྒྱས་ཀྱི་མཐུས་རིགས་ཀྱི་བུ་ལྔ་པོ་དེ ་ངག་ཀུན་འདུལ་བའི་དབང་དུ་བྱ་བའི་ཕྱིར། རྫ་མཁན་རྗེའུ་བྱེད་པས་སྐར་མ་སྐྱོང་མི་འགྲོ་བ་དང་། སྐྲ་ནས་བཟུང་སྟེ། ཡང་དག་པར ་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ་དེར་སྔོ་སྟེ། གཞོན་ནུ་ལྔ་པོ་དེ་དག་གིས་ཀྱང་རྫ་མཁན་རྗེའུ་བྱེད་པ། དེ་ལ་ཚུགས་མ ་བྱེད་བཞིན་དུ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ་དེར་ཕྱིན་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་འོད་སྲུང་མཐོང་མ་ཐག་ཏུ། སྔོན་གྱི་དེ་བཞིན་གཤེགས་པའི་དགེ་བའི་རྩ་བའི་རྒྱུ་ནང་གིས་དད་པ་རྙེད་དོ།། དེ་ད་དག་དད་པ་རྙེདན ་ཁྱེའུ་སྐར་མ་སྐྱོང་ལ་འདི་འདྲ་བའི་སྟོན་པ་བཞུགས་ནི།། ཐོག་མར་མི་སྦྲན་པར་ཞེས་བཤད་པར་གྱུར་ཏོ།། དེ་ནས་བྲམ་ཟེའི་ཤིང་སཱ་ལ་ཆེན ་པོ་ལྟ་བུ་ལྔ་པོ་དེ་དག་གིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་བསྲུང་གི་དཔལ་དང་། གཟི ་བརྗིད་དང་།། སྤོངས་པ་མཐོང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་བསྐྱེད་དོ།། དེ་ནས་དེ་བཞིན་གཤེག ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་བ་སྲུང་གིས་ཅི་ནས་ཀྱང་།། རིགས་ཀྱི་བུ་ལྔ་པོ་དེ་དག་གིས། མི་སྐྱེ་བའི་ཆོས་ལ ་བཟོད་པ་ཐོབ་པར་འགྱུར་པ་དེ་ལྟ་དེ་ལྟར།། བྱང་ཆུབ་སེམས་དཔའ་སྡེ་སྣོད། ཕྱིར་མི་ལྡོག་པའི་འཁོར་ལོའི་ཆོས་ཀྱི་རྣམ་གྲངས་བཤད་དོ།། རིགས ་ཀྱི་བུ་དེ་ལ་འདི་ལྟ་སྟེ།། ང་ནི་སངས་རྒྱས་ཡེ་ཤེས་ཀྱིས་ལུང་བསྟན་ཏོ།། རིགས་ཀྱི་བུ་བུ་གལ་ཏེ་ཁྱེའུ་སྐར་མ་སྐྱོང་གིས། དེ་བཞིན་གཤེགས་པ་འོད་བསྲུང་གི་དྲུང་དུ ་བསྔགས་པ་བརྗོད་དུ་ཟིན་ན། རིགས་ཀྱི་བུ་ལྔ་པོ་དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་བསྲུང་གི་དྲུང་དུ་འགྲོ ་པའི་གནས་དང་སྐབས་མེད་དེ། རིགས་ཀྱི་བུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་དང་། བྱང་ཆུབ་ལ་ཐེ་ཚོམ ་མེད་མོད་ཀྱི། བྱང་ཆུབ་སེམས་དཔའ་ལྔ་པོ་དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྒྱུན་ཐུན་པས། མགོ་རེག་ལ་བྱནུབ་ག་ཡོད། ་བྱང་ཆུབ་ནི་དཀོན་ནོ།། ཞེས་དེ་སྐད་ཀྱི་ཚིགས་སྨྲས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པར་ཤེས་པར་བྱའོ།། བྱང་ཆུབ་སེམས་དཔའ་ལྔ་པོ་དེ་དག་ཀྱང ་སྨིན་པར་བྱ་དགོས་པ། ལས་ཀྱི་རྣམ་པར་སྨིན་པ་བསྟན་དགོས་པས། ལས་དེའི་ཕྱིར་ངས་དགའ་བར་སྤྱོད་པ་སྤྱད་ཏེ།། སེམས་ཅན ་གཞན་དག་མི་ཤེས་པས། ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་དང་། བྲམ་ཟེ་དག་མཐོང་ནས་ཚིག་སྨྲ་བར་མི་འགྱུར་བ་དང་།། ཤེས་རབ་སམ་མི་ཤེས ་ཀྱང་རུང་སྟེ། སྨྲས་ན། དེའི་ཕྱིར་དེ་དག་ཡུན་རིང་པོར་གནོད་པ་དང་། མི་ཕན་པ་དང་། མི་དེ་བ་དང་། སྡུག་བསྔལ་བ་དང་། ལྟུང་བར ་འགྱུར་རོ།། ཞེས་སོས་ཅན་དེ་དག་གི་ལས་ཀྱི་བྱ་བ་ཡང་བསྟེན་པའི་ཕྱིར།། དེ་བཞིན་གཤེགས་པ་དེ་ཡང་ལྟར་ལས་སྟོན་མོད་ཀྱི། ་བྱང་ཆུབ་ཆུབ་སེམས་དཔའི་ལས་ཀྱི་སྒྲིབ་པ་ནི་གང་ཡང་མེད་དོ།། ཡང་ཚུལ་ཁྲིམས་དང་ལྡན་པ་ལ་གང་དག་གིས་ཚིག་རྩུབ་པོ་སྨྲས་ནས། བདག་ཅག་ནི་རྣམ་པར་གྲོལ་བའི ་སྐལ་བ་མེད་དོ།། སུམ་སྟེ་འགྱོད་པ་ལ་གནས་ཤིང་བྱིན་མི་བརྩོན་པའི། སེམས་ཅན་དེ་དག་གི་ཐེ་ཚོམ་བསལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ ་བ་གཅིག་གིས་ཐོགས་པས་དེ་སྐད་ཀྱི་ཚིག་སྨྲས་ན། དེ་ཡང་རྣམ་པར་གྲོལ་བའི་ཕྱིར། སྐལ་བ་ཡོད་ན། བདག་ཅག་མི་ཤེས་པ་ལྟ་ཅི་སྨོས་ཤེས་དེ་དག་ཉེས ་པ་དང་། འཆགས་ཤིང་གཞན་དག་ཀྱང་མི་བྱེད་པའི་ཕྱིར། དེ་སྐད་ཀྱི་ཚིགས་སྨྲས་སོ།། ཡང་རིགས་ཀྱི་བུ་མུ་སྟེགས་ཅན་རྣམས་གདུལ་བའི་ཕྱིར ་ངས་ལོ་དྲུག་ཏུ་དཀའ་བ་སྤྱད་ཀྱི་སྒྲིབ་པའི་ཕྱིར་ནི་མ་ཡིན་ནོ།། དགེ་སྦྱོང་དང་། བྲམ་ཟེ་དགཏིལ་དང་། རྒྱ་ཤུག་དང་། འབྲས་ཀྱི་འབྲུ་རེ་རེ་ཟ་བས ་ལོ་དྲུག་འདས་པར་བྱ་སྟེ། དེ་ཡང་འཕགས་པའི་ལམ་ཐོབ་ནས། ཟས་ངན་པས་རྣམ་པར་དག་པར་མི་འགྱུར་ཏེ། རྒྱུ་དེ་དང་། རྐྱེན་དེའི་ཕྱིར། བྱང ་ནུབ་སེམས་དཔའ་སེམས་དཔའ་ཆེན་པོས། མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་ཤིན་ཏུ་དཀོན་ནོ།། ཞེས་དེ་སྐད་ཀྱི་ཚིག་སྨྲས་ཏེ།། ་ལས་ཀྱི་བྱ་བ་དེ་ལ་དམིགས་ཤིང་། ལོ་དྲུག་ཏུ་དཀའ་བ་སྤྱོད་པ་སྤྱད་དེ། བྱང་ཆུབ་སེམས་དཔའ་ལེ་དྲུག་གིས། དམན་པ་ལ་དད་པའི་ལྷ་དང་། ་རོལ་གྱི་དྲང་སྲོང་འབུམ་ཕྲག་ལྔ་བཅུ་རྩ་གཉིས་ཀྱིས་ཡེ་ཤེས་རྟོག་པའི་དོན་བྱས་པར་གྱུར་ཏོ།། དེ་དག་ཀྱང་དམན་པ་ལ་སྤྱོད་པས། ཡོངས་སུ་སྨིན་པར་བྱས་ཏེ། ་རིགས་ཀྱི་བུ་དེ་ཡང་། བྱང་ཆུབ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ་བྱང་ཆུབ་སེམས་དཔའ་ལུས་རང་བཞིན་དུ། བྱང་ཆུབ་ཀྱི་ཤིང་དྲུང་དུ་མི་འགྲོ་བར་ཟས་ཟོས་ལ། སྟོབས་དང་། མཐུ་བསྐྱེད་དེ་འགྲོའོ།། ཞེས་ན ་བྱང་ཆུབ་སེམས་དཔའ་ནི་ཟས་མེད་པར་ལུས་རིང་བས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནས་མེད་ཀྱི། བྱང་ཆུབ་སེམས་དཔར་ཕྱི་མའི་སྐྱེ་བོ ་ངག་ལ་བརྩེ་བའི་ཕྱིར། ཟས་བྲིས་ཏེ་སེམས་ཅན་མི་སེཁས་པ་དག་ཟས་མེད་པར་ཡེ་ཤེས་འཚལ་བར་མི་འགྱུར་བར་བྱེད་དོ།། དེ་དག་བསྲེས་པས་ཅན། ་ཡེ་ཤེས་སྨྲབ་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། བདེ་བར་གྱུར་པ་རྣམས་ན་ཆོས་མངོན་པར་སྨྲར། སྡུག་བསྔལ་བ་རྣམས་པ་ཡིན། ་ཅི་ནས་ཀྱང་ངའི་རྗེས་སུ་སློབ་ཅིང་། སེམས་ཅན་དེ་དག་བདེ་བར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟས་ཟས་སོ།། ་གྲོང་གི་བུ་མ་བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་རྫོགས་པར་བྱ་བའི་ཚེ། ཡང་བྱང་ཆུབ་སེམས་དཔར། དབབས་པས་ཏེ། བྱང་ཆུབ་ཐོབ་མ ་བྱང་ཆུབ་སེམས་དཔའ་མི། ཏིང་ངེ་འཛིན་གཅིག་གིས་བསྐལ་པ་སྟོང་དུ་འདུག་ནུས་སོ།། ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་རྩ་ངག་ཚོལ་ཞེ་ན། སྔོན་གྱི་དེ་བཞིན། ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་། རྩིའི་གདིང་བ་ལ་དགོས་ཀྱི་སྟན་ལ་དགེས་པར་མི་མཛད་པ། ཆོག ་པར་བྱ་བ་དང་། རིགས་རྩ་བུན་བཀྲ་ཤིས་ལྡན་བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་རྩཝ་ཕུལ་བས།། ་རིགས་ཀྱི་བུ་དེ་ནི་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱ་སྣང་བར་སྣང་མཛད་ཅེས་བྱ་བར་འགྱུར་བར་ངས ་དེ་ལ་ལུང་བསྟན་ཏོ།། ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་ནས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན ་པར་རྫོགས་པར་འཚང་མི་རྒྱ་བར་བདུད་ལ་སྡོང་ཅེ་ན།། རིགས་ཀྱི་བུཾ་བདུད་སྡིག་ཅན་ནི།། བྱང་ཆུབ་སེམས་དཔས ་སྐབས་མ་ཕྱེ་མ་བསྐུལ་བར་འོང་བའི་གནས་དང་། སྐབས་མེད་དོ།། དེ་ལྟ་བུའི་གནས་མེད་ཀྱང་། རིགས་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི། དབང ་དང་ལྡན་པ་གང་ཡིན། སེམས་ཅན་འདི་དག་བདུད་སྡིག་ཅན་དེའི་དབང་དུ་འགྲོ་བར་མཐོང་ངོ་།། དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་གྱུར་ཏེ། ་གང་དག་འདི་ནི་ཉིད་དང་འཐབ་པར་བྱའོ།། དེ་ལ་བཏུལ་ནས་འདོད་པའི་ཁམས་ཅད་ཐམས་ཅད་བརྟུལ་བར་འགྱུར་རོ།། ་ལྷའི་འཁོར་ཆེན་པོ་ཡང་འདྲ་བར་འགྱུརརོ།། བདུད་ཀྱི་འཁོར་དང་། གནོད་སྦྱིན་གྱི་འཁོ་དང་། སྲིན་བུའི་འཁོར་དང་། ཀླུའི་འ ་དེ་དག་ཀྱང་། བྱང་ཆུབ་སེམས་དཔའི་རྣམ་པར་གྲོལ་བ་འདི་མཐོང་ནས། བྱང་ཆུབ་སེམས་བསྐྱེད་པར་འགྱུར། གང་ཆུང་ངུན་ཐོས་པ་ལ ་མཐོང་བ་དེ་དག་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བའི་རྒྱུར་འགྱུར་རོ།། སྙམ་མོ།། རིགས་ཀྱི་བུ་དེ་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་ནས ་སོང་བས། སྤྲིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཕྱུང་། འོད་དེས་བདུད་ཀྱི་ཁང་པ་ཐམས་ཀྱང་མོག་མགོ་བོར་བྱས། སྟོང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་སྣང་བར་བྱས་ཏེ། འོད་གཟེར་དེ་ནས་ཤཱཀྱའི་བུ་འདི་ནི་ཤཱཀྱའི་རིགས་ལས ་ཁྱིམ་ནས་མངོན་པར་བྱུང་སྟེ། དེ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། ཁྱོད་ཀྱི་ལུས ་ལས་འདའ་བར་བྱེད་དོ།། སེམས་ཅད་དཔག་ཏུ་མེད་པ་གཞན་ཡང་བྱིན་པར་བྱེད་དོ། བདུད་ཀྱི་གསགསད་པར་བཇུད་གྱིས་སང་ཡ་དང་@ ་ཁྱེ་ཤིག་ཅེས་དེ་སྐད་ཅེར་བའི་སྒྲ་བྱུང་བ་དང་། རིགས་ཀྱི་བུ་དེ་ལྟར་བདུད་བསྐུལ་མ་ཐག་ཏུ་མྱ་ངན་གྱི་ཐུགས་དུ་ཆེན་པོས་བཏབས་པར་གྱུར་ནས། དེ་དེ ་ཚེ་དཔུང་གི་ཚོགས་ཡན་ལག་བནི་པའི་བཤམས་ཏེ། དཔག་ཚད་སུམ་ནུར་བདུད་ཀྱི་སྡེས་གང་བར་བྱས་ནས།། བྱང་ཆུབ་ཀྱི་ཤིང་དྲུང་ན་སོང ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བྱམས་པ་ཆེན་པོ་ལེ་གནས་ཤིང་། རིན་པོ་ཆེའི་བསོད་ནམས་ལས་སྐྱེས་པའི ་ཕྱག་གིས་བདུད་ཀྱི་སྡེ་ཕམ་པར་བྱས་ནས། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་བ་དང་། མི་འམ་ཅི་དང་། ལྷོ་ཕྱེ་ཆེན་པོ་བྱ ་བ་ཕྲག་བརྒྱད་བཅུ་དང་རྩ་བཞི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས ་མཁས་པར་ལྟའོ།། ཅིའི་ཕྱིར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པ་བྱང་ཆུབ་ཐོབ་ནས། ཉི་མ ་འདུན་དུ་སྐྱིལ་མོ་ཀྲུང་མ་ཤིག་ཅིང་། ཤིང་གི་རྒྱལ་པོ་ལ་མིག་མི་འཛུམས་པར་བལྟ་ཞེ་ན། གཟུགས་ཀྱི་ཁམས་ན་སྤྱོད་པའི་ལྷའི་བུ་སྤྱོད་ལམ ་ཞི་བ་དེ་དག་གིས་དེ་བཞིན་གཤེགས་པ་དས་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། སྐྱིལ་མོ་དཀྲུང་བཅས་ཤིང་། ཞུགས་པ་མཐོང་ནས ་ཆེར་དགའ་བར་གྱུར་ཏོ། དེ་དག་དགའ་ཞིང་རབ་ཏུ་མགུ་བ་སྐྱེས་ནས། གང་དག་ཅིག་གིས་དགེ་སྦྱོང ་གོའུ་ཏ་མའི་སེམས་གང་ལ་གནས་པ་བཙལ་ལོ་སྙམ་དུ་གྱུར་ནས། དེ་དག་གིས་ཉིན་བདུན་དུ་བརྟགས་ཀྱང་སེམས་ཀྱི་གནས་གཅིག་ཀྱང་མ་རྙེད་དོ།། དེ་ནས་ལྦའི ་སུམ་ཁྲི་ཉིས་སྟོང་གིས་ཤིན་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ཏེ། བདག་ཀྱང་མ་འོང་བའི་དུས་ན་འདི་འདྲ ་བར་རབ་ཏུ་ཞི་བའི་སྤྱོད་ལམ་དང་མཐར་གནས་ཤིང་། དེ་ལྟར་བྱང་ཆུབ་ཀྱི་ཤིང་དྲུང་ལ་བལྟ་བར་བྱའོ།། སྙམ་མོ་རྒྱུ་དེ་དང་། ་རྐྱེན་དེའི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བྱང་ཆུབ་ཐོབ་ནས། ཉི་མ་བདུན་དུ་དཀྱིལ་པོ་དཀྲུང ་མ་གཤིག་ཤིང་། མིག་མི་བཙུམ་པར་ཤིང་གི་རྒྱལ་པོ་ལ་བལྟའོ།། ཅིའི་ཕྱིར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་པ ་རྫོགས་པའི་སངས་རྒྱས་བྱང་ཆུབ་ཐོབ་ནས། སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དབུགས་ཕྱུང་ཤིང་གཉེར་བར་བྱས་ནས། ཚངས་པས་མ་གསོལ ་བར་ཆོས་མི་འཆད་ཅེ་ན། འདི་ལ་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་ཏེ། ལྷ་དང་། མི་དག་ཕལ་ཆེར་ཚངས་པ་ལ་བརྟེན་ཏེ། བདག་ཅག ་ནི་ཚངས་པ་བསྐྱེད་པའོ།། འཇིག་རྟེན་ན་ཚངས་པའི་མ་རྟོགས་པར་སྟོན་པ་གཞན་མེད་དོ།། སྙམ་དུ་འཛིན་ནས། དེ་ལ་དེ་བཞིན་གཤེགས་པ་འདི ་སྙམ་དུ་དགོངས་ཏེ། གང་ངས་ཚངས་པ་དགུག་གོ། ཚངས་པ་ལ་བསྡུད་ངོ་།། ཚངས་པས་ཕྱག་འཚལ་བ་དང་། ཕྱེ་ལྷ་དང་མི་ཚངས་པ་ལ་རྟེན ་པ་ལ་ཐམས་ཅད་ཕྱག་འཚལ་བར་འགྱུར་རོ།། ཆོས་ལེན་པར་སེམས་པར་འགྱུར་རོ།། དེ་ནབས་ན་གསོལ་ནས་དེ་བཞིན་གཤེགས་པ་འཆང ་ཀྱི་མ་གསོལ་བར་ནི་མ་ཡིན་ནོ།། དེ་བཞིན་གཤེས་པའི་མཐུ་ཉིད་ཀྱིས་དེ་བཞི་ཚངས་པ་ཆོས་གསོལ་བའི་ཕྱིར། དེ་བཞིན་གཤེགས་པའི་དྲང ་དུ་སོང་གི། ཚངས་པ་ཉིད་ཀྱི་བདག་གིས་དེ་བཞིན་གཤེས་པ་ལ་ཆོས་གསོལ་ལོ།། སྙམ་དུ་སེམས་ཤིང་། ཡིད་ལ་བྱེད་པ་ཡང་མེད་དེ། བརྟེན་པའི ་སེམས་ཅན་རྣམས་ཚངས་པ་ལ་བརྟེན་པ་དང་བྲལ་བའི་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཚངས་པ་བཀུག་སྟེ། གང་གི་ཚེ་ན་ཚངས་པ ་ཆེན་པོས་དེ་བཞིན་གཤེགས་པ་འཁོར་ལོ་བསྐོར་བར་གསོལ་བ་དེའི་ཚེན། ཚངས་པ་འབུམ་ཕྲག་དྲུག་བཅུ་རྩ་བརྒྱད་ཀྱིས་དེ་ཉིད་འཚེའོ།། ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། རིགས་བུ་དེ་བཞིན་གཤེགས་པས་ལས་ཀྱི་རྒྱུད་བཅུ་བསྟན་པ་དེ་ཡང ་བབས་@#ཁ་བའི་སྲན་དེ་དག་མཐུང་ངོ་།། རིགས་ཀྱི་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཕ་དེ་བཞིན་གཤེགས་པ་ཡང་ལས་ཀྱི་བྱ་བ་རབ་ཏུ་སྟོན་པའི་སེམ ་ཅན་རྣམས་གཟིགས་ནས། ནད་མེད་པས་གྱུར་བཞིན་དུ། ང་ལས་ཆེ་གེ་མོ་ཞིག་བྱས་པ་དེའི་ལས་ཀྱི་རྣམ་པར་སྨིན་པ་འདི་ཡིན་ནོ་ཞེས་ནད་སྟོན་ཅིང་། དེ་དག་སེམས་ཅན་གྱིས ་ཐོས་ནས་སྐྱོ་བ་ཐོབ་པར་འགྱུར་ཏེ། རིགས་ཀྱི་བུ་དེ་ཐབས་མཁས་པས་ཤེས་པར་བྱའི།། རིགས་ཀྱི་བུ་སྔོན་འདས་པའི་དུས་ན། ཚོང་པ་ནོར་འདོད་པའི་ཕྱིར་རྒྱ་མཚོ་འཆིང་རྣམས ་ཆེན་པོར་ཞུགས་པ་ལྔ་བརྒྱ་ཙམ་ཡོད་དེ།། ཡང་དེའི་ཚེ་ན་ལམ་གྲོགས་དེ་དག་གི་ནང་ན། མི་ལས་ངན་པ་ཅན་སྡིག་པའི་ལས་ཅན། མངའ་མཚོན་ལ་བསླབས་པ། རྐུ ་བ་ཕ་རོལ་གྱི་ནོར་ལ་འཕྲོག་པ་ཚོང་བའི་ཚུལ་དུ་འདུག་པ་ཞིག་ཡོད་དེ། ཤིན་ཏུ་བཏུལ་བའི་ཕྱིར། གྲུ་དེར་ཞུགས་པར་གྱུར་ཏོ།། དེ་ནས་མི་གཡོན་ཅན་དེ་ནི་བདག་གིས་ཚོང ་པ་འདི་ཐམས་ཅད་སྲོག་དང་བྲལ་ལ། ནོར་ཐམས་ཅད་ཁྱེར་ཏེ། འཛམ་བུའི་གླིང་བུ་འགྲོའོ་སྙམ་དུ་སེམས་པར་གྱུར་ཏོ།། ཡང་དེའི་ཚེ་ན། ལམ་གྲོགས་ཀྱི་གྲུ་ན་འདུག་པ་དེ་དག ་གི་ནང་ན། དེད་དཔོན་སྙིང་རྗེ་ཆེན་པོ་ཅན་ཞེས་བྱ་བ་ཞིག་ཡོད་དོ།། དེ་ནས་དེད་དཔོན་སྙིང་རྗེ་ཆེན་པོ་ཅན་དེ་གཉིད་ལོག་པའི་རྨི་ལམ་དུ་གང་རྒྱ་མཚོ་མཆིང་རྣམས་ཆེན་པོ་དེ་ན། ་ལྷ་འདག་པ་དག་གིས་ལམ་གྲོགས་ཀྱི་གྲུབ་དེ་ནི། མི་མིང་འདི་ཞེས་བྱ་བ་འདི་ལྟ་བུ་སླུ་བར་བྱེད་པ། གཞན་གྱི་ནོར་ཕྲོག་པ་ཞིག་ཡོད་དོ།། དེ་ནི་ཚོང་པ་འདི་ཐམས་ཅད ་སྲོག་དང་ཕྲལ་ལ་ནོར་ཐམས་ཅད་ཁྱེར་ཏེ། འཛམ་བུའི་གླིང་དུ་འགྲོའོ་སྙམས་དུ་སེམས་ཀྱིས། དེ་བས་ན་མི་འདི་ནི་ཚོང་པ་འདི་དག་གསོད་པར་འགྱུར་རོ།། སྡིག་པའི་ལས་མི ་བཟང་བ་བྱེད་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཚོང་པ་ལྔ་བརྒྱ་པོ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས། པ། བྱང་ཆུབ་སེམས་དཔའ་ཕྱིར་མི ་ལྡོག་པ་རྣམས་ཡིན་ཏེ། གལ་ཏེ་མི་དེས་བྱང་ཆུབ་སེམས་དཔའ་དེ་དག་བསད་དུ་ཟིན་ན། དེ་ལས་ཀྱི་སྒྲིབ་པའི་ཉེས་པ་འདིས། བྱང་ཆུབ་སེམས་དཔའ་རེ་རེའི་ཕྱིར་ཞིང་ཇི་སྲིད་ཀྱིས། ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབས་པར་འགྱུར་བ་དེ་སྲིད་དུ་སེམས་ཅན་དམྱལ་བ་ཆེན་པོར་འཚོ་བར་འགྱུར་ཏེ། དེ་ལ་དེད་དཔོན་ཁྱོད་ཀྱིས་ཅི་ནས་ཀྱང་མི་འདི ་ཡང་དེ་ལྟར་སེམས་ཅན་དམྱལ་བར་མ་སོང་བ་དང་། དེ་དག་ཀྱང་གསད་པར་མི་འགྱུར་བ་དེ་འདྲ་བའི་ཐབས་སོམས་ཤིག། ཅེས་རྨི་ལམ་དུ་སྟོན་ཏོ།། རིགས་ཀྱི་བུ་དེ་ནས་དེང་དཔོན ་དེ་འདི་སྙམ་དུ་གྱུར་ཏེ། ཚོང་པ་འདི་དག་ཀྱང་མི་གསང་ལ། མི་འདི་ཡང་སེམས་ཅན་དམྱལ་བར་མི་སོང་བར་བདག་གིས་བྱ་བའི་ཐབ་གང་ཡོད་ཅེས་སེམས་པར་གྱུར་ཅིང་གཞན་ལ ་ཡང་ཆུང་བཟད་ཀྱང་མི་སྨྲ་བ་ལས་ཞག་བདུན་རླུང་མ་ལངས་ནས། ཞགས་བདུན་འདས་པ་དང་། དེ་འདི་སྙམ་དུ་འགྱུར་ཏེ། མི་འདི་སྲོག་དང་དཔྲལ་བ་ལས་ཐབས་གཞན་མེད་དོ།། ་སྙམ་ནས། འདི་སྙམ་དེ་སེམས་ཏེ། གལ་ཏེ་ཚང་པ་ཐམས་ཅད་སྦྲན་པ་དང་། དེ་དག་མི་དགེ་བའི་སེམས་ཀྱི་མི་བསད་ཅིང་། དེ་དག་ཐམས་ཅད་ཀྱང་སེམས་ཅན་དམྱལ་བར་གྱུར་ཏུ་འོང ་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་བཟོད་ཀྱི། མི་འདིས་ཚོང་པ་འདི་དག་གསད་ནས། སྡིག་པའི་ལས་འཕེལ་བར་མ་གྱུར་པར་བྱའོ་སྙམ་དུ་སེམས་སོ།། རིགས་ཀྱི་བུ་འདི་ལྟ་སྟེ། དེད ་དཔོན་སྙིང་རྗེ་ཆེན་པོ་ཅན་དེས། བྱང་ཆུབ་སེམས་དཔའ་དེ་དག་བསྲུང་བའི་ཕྱིར། སྙིང་རྗེ་ཆེན་པོ་དེ་དང་ཐབས་མཁས་པ་དེས་ཆེད་དུ་བསམས་ཏེ། མི་དེ་མཚོན་ཤག་ཏིས་གསད་དོ།། ་ང་ནི་དེའི་ཚེ་དེད་དཔོན་སྙིང་རྗེ་ཆེན་པོ་ཅན་ཞེས་བྱ་བར་གྱུར་ཏེ། རིགས་ཀྱི་བུ་ངས་ནི་ཐབས་ཁས་པ་དེ་ཕྱིས་བསྐལ་པ་བཟང་པོ་ལ། སངས་རྒྱས་ལྔ་བརྒྱ་འབྱུང་བའོ།། སྙིང་རྗེ་ཆེན་པོ ་དེས་བསྐལ་པ་བརྒྱ་ཕྲག་སྟོང་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་བྱསོ།། མི་དེ་ཡང་ཤི་འཕོས་ནས་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་སོ།། གང་ཚོང་པ་ལྔ་བརྒྱ་པོ་གྲུབ་ཞུགས་པ་དེ་དག་ནི ་ཕྱིས་བསྐལ་པ་བཟང་པོ་ལ་སངས་རྒྱས་ལྔ་བརྒྱ་འབྱུང་བའོ།། རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། གང་གིས་བསྐལ་པ་བརྒྱ་སྟོང་དུ་ཐབས་མཁས་པའི་ཡེ་ཤེས་ཀྱི་འཁོར་བ་ལ་རྒྱབ་ཀྱི ་ཕྱོགས་པའི་བྱང་ཆུབ་སེམས་དཔའ་སེཾས་དཔའ་ཆེན་པོ་དེ་ལ་ལས་ཀྱི་སྒྲིབ་པ་ཆུང་ཟད་ཀྱང་ཡོད་དམ། རིགས་ཀྱི་བུ་ཁྱོད་དེ་ལྟར་མ་ལྟ་ཤིག། དེ་བཞིན་གཤེགས་པས་ནི་སེམས་ཅན་གྱི ་ལས་ཀྱི་བྱ་བ་སྟོན་ཏོ།། གང་གི་ཚེ་ན་དེ་བཞིན་གཤེགས་པའི་ཞབས་ལ་སེང་ལྡེང་གི་ཚལ་པ་ཐུབ་པ་དེ་ཡང་སངས་རྒྱས་ཀྱི་མཐུ་ཡིན་པར་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན ་གཤེགས་པའི་དགྲ་བཅོམ་པ་ཡང་དགྲ་པར་རྫོགས་པའི་སངས་རྒྱས་ནི་རྡོ་རྗེའི་སྐུ་ཡིན་མོད་ཀྱི། རིགས་ཀྱི་བུ་མཉན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོ་འདི་ཉིད་ན་སྐྱེས་བུ་སྲིད་པ་ཐུ་མར ་གྱུར་པ་ཉི་ཤུ་དང་། སྐྱེས་བུ་ཉི་ཤུ་པོ་དེ་དག་གི་དགྲ་བོ་སྐྱེ་བུ་ཉི་ཤུ་ཡོད་དེ། དེ་ནས་སྐྱེས་བུ་ཉི་ཤུ་པོ་དེ་དག་བདག་གི་གོ་ཡོས་དགྲ་བྱེད་པ་བདག་ཅག་ནི་མཛའ་བོ་ལྟར་བྱས་ཏེ། ཁྱིམ ་དུ་སོང་ལ་སྲོག་དང་དབྲལ་ལོ་སྙམ་དུ་དེ་ལྟར་རྟོག་ཅིང་གཅིག་ཀྱང་མི་སྨྲའོ།། རིགས་ཀྱི་བུ་དེ་ནས་སྲིད་པའི་ཐ་མར་གྱུར་པའི་སྐྱེས་བུ་ཉི་ཤུ་པོ་དང་། གང་སྐྱེས་བུ་དེ་དག་གསོད ་པར་བྱེད་པ་དེ་རྣམས་སངས་རྒྱས་ཀྱི་མཐུ་ས་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སྐྱེས་བུ་བཞི་བཅུ་པོ་དེ་དག་གདུལ་བའི་དབང་དུ ་བྱ་བ་དང་། དེའི་ཚེ་འགྲོ་བ་མང་པོ་ཡང་གདུལ་བའི་དབང་དུ་བྱ་བའི་ཕྱིར། མེའུ་འགལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མེའུ་འགལ་གྱི་བུ་འདི་ནས་ས་ཆེས་པོ་ལས་སེང ་ལྡེང་གི་ཚལ་བ་འབྱུང་སྟེ། དེ་བཞིན་གཤེགས་པའི་ཞབས་གཡས་པ་ལ་ཟུག་པར་འགྱུར་རོ།། དེ་བཞིན་གཤེགས་པས་དེ་སྐད་ཀྱི་ཚིགས་གསུངས་ནས།། རིང་པོ་མ་ལོང་པར ་དེ་ནས་དེའི་མོད་ལ། ས་ཆེན་པོ་ལས་སེང་ལྡེང་གི་ཚལ་པ་མཐོ་གང་ཙམ་བྱུང་ངོ་།། དེ་ནས་དེ་བཞིན་གཤེགས་པ་ལ། ཚེ་དང་ལྡན་མྱེའུ་འགལ་གྱི་བུ་ཆེན་པོས། བཅོམ་ལྡན ་འདས་བདག་གིས་སྡེང་ལྡེང་གཆིལ་པ་འདི་འཇིག་རྟེན་གྱི་ཁམས་གཞན་དུ་དོར་རོ།། ཞེས་དེ་སྐད་གསོལ་པ་དང་། ངས་དེ་ལ་མེའུ་འགལ་གྱི་བུ་ཁྱེ་ཀྱིས་མི་ནུས་སོ།། དེ་སྐད་ཅེས ་@སྨྲས་སོ།། རིགས་ཀྱི་བུ་དེ་ནས་གནས་བརྟེན་མེའུ་འགལ་གྱི་བུ་ཆེན་པོས་ཅི་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རབ་ཏུ ་གཡོས་པར་འགྱུར་བ་དང་། རྐྱེན་དུ་འཕགས་པར་འགྱུར་བ་དེ་འདྲ་བའི་ཤུགས་ཀྱིས་སེང་ལྡེང་གི་ཚལ་པ་ནི་སྒེའི་རྩེ་མོའི་ཆ་ཤས་ཙམ་ཡང་མ་འཕགས་སོ།། དེ་ནས་དེ་བཞིན་གཤེགས ་པ་ཚངས་པའི་འཇིག་རྟེན་དུ་མངོན་པར་འཕགས་པ་དང་། སེང་ལྡེང་གི་ཚལ་པ་ཡང་ཚངས་པའི་འཇིག་རྟེན་དུ་མངོན་པར་འཕགས་སོ།། དེ་ནས་དེ་བཞིན་གཤེགས་པ་གདན་ལ་བཞུག ་པ་དང་། སེང་ལྡེང་གི་ཚལ་པ་ཡང་སྔ་མཁོ་བཞིན་དུ་འདུག་གོ།། དེ་བཞིན་དུ་རྒྱ་མཚོ་མཆིད་རྣམས་ཀྱི་དབུས་སུ་བཞུགས་པ་དང་། སེང་ལྡེང་གི་ཚལ་པ་ཡང་དེ་ནི་འདུག་གོ། ཡོད་དེ་བཞི། ་གཤེགས་པ་རིའི་བྲག་ཕུག་ཏུ་གཤེགས་པ། དང་། དེ་ནི་ཡང་སེང་ལྡེང་གི་ཚལ་པ་འདུག་གོ། དེ་ནས་དེ་བཞིན་གཤེགས་པ་གནད་ལ་བཞུགས་པ་དང་། སེང་ལྡེང་གི་ཚལ་པ་དང་སྔ ་མཁོ་བཞིན་དུ་འདུག་ནས། དེ་བཞིན་གཤེགས་པས་ཕྱག་གཡས་པས་ཞགས་གཡས་བཟུང་སྟེ། སེང་ལྡེང་གི་ཚལ་པའི་སྟེང་དུ་བཞགས་གོ། དེ་ནས་ང་ལ་ཚེ་དང་ལྡན་པ་དགའ་བོས ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་སྔོན་ལས་ཅི་བགྱིས་པ་དེའི་རྣམ་པར་སྨིན་པ་འདི་ལགས། ངས་དེ་ལ་དགའ་བོ་སྔོན་ང་རྒྱ་མཚོ་མཆིང་རྣམས ་ཆེན་པོར་སོང་བ་ན། མཚོན་ཤག་ཏིས་ཚོང་པ་གསང་བ་དེའི་ལས་ཀྱི་རྣམ་པར་སྨིན་པའི་ལྷག་མ་འདི་ཡིན་ནོ།། ཞེས་དེ་སྐད་སྨྲས་སོ།། དེ་ནས་དེའི་ཚེ། བཅོམ་ལྡན་འདས་ཀྱི་ཚིགས ་སུ་བཅས་པ་འདི་གསུངས་སོ།། གང་དུ་གནས་ཀྱང་ལས་རྣམས་མི་འབྱུང་བ།། དེ་ལྟ་བུའི་ས་ཕྱོག་ཡོད་མོད་དེ།། བར་སྣང་མ་ཡིན་རྒྱ་མཚོའི་དབུས་མ་ཡིན།། རིའི་བྲག་ཕུག ་ཞུགས་ཀྱང་མ་ཡིན་ནོ།། རིགས་ཀྱི་བུ་དེ་ནས་མི་ཉི་ཤུ་པོ་དེ་དག་འདི་སྙམ་དུ་གྱུར་ཏེ། དེ་བཞིན་གཤེགས་པ་ཆོས་ཀྱི་རྗེ་ལའང་རྣམ་པར་སྨིན་པར་འགྱུར་ན། དེ་བདག་ཅག་ལྟ ་ཅིའི་ཕྱིར་རྣམ་པར་སྨིན་པར་འགྱུར། སྙམ་ནས། དེ་ནས་དེའི་ཚེ་དེ་བཞིན་གཤེགས་པའི་སྤྱན་སྔར། བཅོམ་ལྡན་འདས་བདག་ཅག་གིས་གདོན་མི་འཚལ་བར་སྲོག་བཅད་པར ་བགྱིས་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་ནོངས་པ་གཤེགས་སོ།། ཞེས་ཉེས་པ་གཤེགས་སོ།། ཅི་ནས་ཀྱང་སྐྱེས་བུ་བཞི་བཅུ་པོ་དེ་དག་ཡེ་ཤེས་རྟོགས་པར ་འགྱུར་བ་དང་། སྲོག་ཆགས་སུམ་ཁྲི་ཉིས་སྟོང་རྡུལ་མེད་ཅིང་དྲི་མ་དང་བྲལ་བའི་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་འགྱུར་བ་དང་། ལས་ཟད་པར་བྱ་བའི་ཕྱིར་ལས་ལས ་བརྩམས་ནས་དེ་ལྟར་དེ་བཞིན་གཤེགས་པས་ཆོས་བཤད་དེ། རྒྱུ་དེ་དང་། རྐྱེན་དེའི་ཕྱིར་དེ་བཞིན་གཤེགས་པའི་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་སྟེ། དེའང་དེ་བཞིན ་གཤེགས་པའི་ཐབས་མཁས་པ་ཡིན་གྱི། ལས་ཀྱི་སྒྲིབ་པ་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནད་དང་བྲལ་བ་སྨན་པ་འཚོ་བྱེད་ཀྱི་དྲུང་དུ། མེ་ཏོག་ཨུད ་པ་ལིའི་བཀྲུ་སྨན་ལ་སྡོམ་པར་མཛད་ཅེ་ན། དེའི་ཚེན་སོ་སོར་ཐར་པ་བཅས་ནས་རིང་པོ་ལེན་པར། དགེ་སློང་སེར་སོའི་སྐྱེའོ་སྲིད་པ་བ་མར་གྱུར་པ་ལྔ་བརྒྱ་ནགས་སྟོག་པོ་ཞིག ་@#ན་འཁོར་བ་དེའི་ཆེན་སོ་སོར་ཐར་པ་བཅས་ནས་ལིང་པོ་ལོན་པར། ལ་དེ་དག་སྨན་ཁུབ་ཕྱུང་བས་ཞི་བར་བྱ་མི་ནུས་པ། དེའང་བའི་ནད་ཀྱི་བཏབ་པར་གྱུར་ནས ་དེ་དག་དེ་བཞིན་གཤེགས་པ་ལ་གུས་པར་སྨན་གཞན་ཡང་མི་ཚོལ་ལོ།། རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་པར་གྱུར་ཏེ། ངས་ཀྱང་མ་གནང་ལ་དགེ ་སློང་དེ་དག་ཀྱང་སྨན་ཚོལ་བར་གྱུར་པ་དེ་ལྟ་བུའི་ཐབས་ཅི་ཡོད་སྙམ་མོ།། གང་དེ་བཞིན་གཤེགས་པས་སྣང་དུ་ཟིན་ན་ནི། དེའི་ཕྱིར་མ་ལ་འཕགས་པའི་རིགས་ཉམས་པར་འགྱུར་རོ།། ་དེ་བས་ནི་དེ་བཞིན་གཤེགས་པའི་ཐབས་མཁས་པས་སྲན་འཚོ་བྱེད་ཀྱི་དྲུང་དུ། མེ་ཏོག་ཨུད་པ་ལའི་བཀྲུ་སྨན་ལ་རྣམས་པ་དང་། དེ་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས ་དགེ་སློང་དག་ལ་སྦྲན་ཏེ། ཚེ་དང་ལྡན་པ་དག་འཆི་བའི་དུས་མ་བྱེད་པ་སྨན་གཞན་ཚོལ་ཅིག་ཅེས་བྱས་པ་དང་། དགེ་སློང་དེ་དག་གིས་བདག་ཅག་ནི། དེ་བཞིན་གཤེགས་པ་བསླབ་པ ་ལས་འདའ་བར་མི་ནུས་ཀྱིས། གུམ་པར་གྱུར་ཀྱང་རུང་གི། དེ་བཞིན་གཤེགས་པའི་བསླབ་པ་ལེས་འདའ་བར་མི་ནུས་སོ་ཞེས་སྨྲས་སོ།། དེ་ནས་གནས་གཙོང་མའི་རིས་ཀྱི་ལྷའི་བུ་དེ་དག ་གིས་དགེ་སློང་དེ་དག་ལ། དེ་བཞིན་གཤེགས་པ་ཆོས་ཀྱི་རྗེ་དེ་ཉིད་ཀྱིས་ཀྱང་སྨན་ཁུ་བ་ཕྱུང་བ་མ་གཏོགས་པར་སྔན་ཞན་བཙལ་ན།། དེ་ཁྱོད་ཅིའི་ཕྱིར་ཚོལ་བར་མི་སེམས། ཚེ་དང་། ་ལྡན་པ་དག་ལྡན་གཞན་ཚུལ་ཅིག་ཅེས་དེ་སྐད་སྨྲས་སོ།། དེ་ནས་དགེ་སློང་ལྔ་བརྒྱམ་པོ་དེ་དག་གིས་འགྱོད་པ་མེད་པར་གྱུར་ཏེ།། སྲན་གཞན་བཙལ་བ་དང་། དེ་དག་ནད་དེ། ་ལས་ཡོངས་སུ་ཐར་པར་གྱུར་ཏོ།། རིགས་ཀྱི་བུ་གལ་ཏེ་དེ་བཞིན་གཤེགས་པས་སྲན་གཞན་བཏང་དུ་བིན་ན། གང་དགེ་སློང་དེ་དག་སྨན་གཞན་ཚོལ་བར་གྱུར་པའི་གནས་མེད ་སྐབས་མེད་དོ།། ནད་དེ་ལས་ཡོངས་སུ་ཐར་པར་འགྱུར་བ་འམ། དགྲ་བཅོམ་པར་འགྱུར་བ་དེ་ལྟ་བུའི་གནས་ཀྱང་མེད་དོ།། ཅིའི་ཕྱིར་ན། དེ་བཞིན་གཤེགས་པ་བསོད་ནམས ་ཐམས་ཅད་ཡང་དག་པར་འཕགས་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་ཞུགས་པ་ལས། ལྷུང་བཟེད་བ་པོ་ཅི་ལྟར་བཀྲུས་པ་བཞིན་དུ་སླར་བྱུང་ཞེ་ན། དེ་བཞིན་གཤེགས་པ་ལས་ཀྱི་སྒྲིབ ་པ་ནི་མེད་མོད་ཀྱི། དེ་བཞིན་གཤེགས་པས་ཕྱིར་མིའི་འགྲོ་བ་དག་བསྲུངས་པའི་ཕྱིར་ཏེ། དགེ་སློང་གང་ལ་ལ་ཞིག་གྲོང་དང་། ཕོ་བྲང་དང་། གང་རྒྱལ་པོའི་ཕོ་བྲང་འཁོར་དུ ་སོང་བ་ལས། བདག་ནི་བསོད་རྣམས་ཆུང་བས་བསོད་སྙོམས་མ་རྙེད་ན། དེའི་ཚེ་ན་དེ་དག་དེ་བཞིན་གཤེགས་པ་བསོད་ནམས་ཀྱི་ཚོགས་བསྩགས་པ་ཉིད་ཀྱང་། ལྷུང་བཟེད་ཇི ་ལྟ་བཀྲུས་པ་བཞིན་སླར་བྱུང་ན། བདག་ཅག་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་ལྟ་ཅི་མོས་ཏེ། བསོད་སྙོམས་མ་རྙེད་པའི་ཕྱིར་ཡོངས་སུ་གདུངས་པར་མི་བྱའོ།། ཞེ་དེ་བཞིན་གཤེགས ་པ་ཡིན་ལ་བྱེད་པར་འགྱུར་བས། དོན་དེ་གཟིགས་ནས་དེ་བཞིན་གཤེགས་པས་གྲོང་དུ་གཤེགས་པ་ནས། ལྷུང་བཟེད་ཅེ་ལྟར་བཀྲུས་བཞིན་དུ་བྱུང་ངོ་།། ཡང་བདུད་སྡིག་ཅན་གྱིས་བྲམ ་ཟེ་དང་། ཁྱིམ་བདག་སྡེ་ནས་ཀྱང་བསོད་སྙོམས་མི་ཏེར་བར་བྱིན་གྱིས་བསླབས་སོ།། ཞེས་བྱ་བ་ཡང་དེ་ལྟར་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། བདུད་ནི་དེ་བཞིན་གཤེགས་པ་ལ་བསོད ་། སྙོམས་ཀྱི་བར་ཆད་བྱེད་མི་ནུས་མོད་ཀྱི། སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་བདུད་ཀྱི་བྲམ་ཟེ་དང་། ཁྱིམ་དག་ཕྱོགས་སུ་བྱིན་གྱིས་བརླབས་ཀྱིས། དེ་བཞིན ་གཤེགས་པ་ལ་ནི་ལས་ཀྱི་སྒྲིབ་པ་ཆུང་ཟད་ཀྱང་མེད་དེ། སེམས་ཅན་དེ་དག་ཡོངས་སུ་སྨིན་པར་རུང་བའི་ཕྱིར་ཐབས་མཁས་པ་སྟོན་ཏོ།། དེ་ལ་དེ་བཞིན་གཤེགས་པས་བཤོས་བཅང ་པ་དང་། བདུད་དང་བདུད་ཀྱི་སྒོ་རིས་ཀྱི་ལྷ་རྣམས་དང་། ལྷ་གཞན་དག་དགེ་སྦྱོང་གོའུ་ཏ་མ་འམ། དེའི་ཉན་ཐོས་དག་ཡིད་མི་བདེ་ནས་མི་གནས་འགྲང་ཞེས་དེ་བཞིན་གཤེགས་པ ་ཉན་ཐོས་ཀྱི་དག་འདུག་དང་བཅས་པའི་སེམས་ལ་རྟོག་སྟེ་དེ་དག་ཉིན་མཚན་དུ་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པའི་སེམས་ལ་བརྟགས་ཀྱང་སེམས་ཀྱི་གནས ་གཅིག་ཀྱང་ཡིད་བདེ་བར་མ་མཐོང་སྟེ། མ་ཁྱེངས་མ་བདུད་ཅིང་སྔོན་ཇི་ལྟ་བ་ཕྱིས་ཇི་ལྟ་བ་སྔོན་ཡང་དེ་བཞིན་ནོ།། དེ་ནས་དེའི་ཚེ་ལྷའི་བུ་བདུན་ཁྲི་སེམས་དང་ནས། དེ་བཞིན་གཤེག ་པ་ལ་ཕྱག་འཚལ་བ་དང་། དེ་བཞིན་གཤེགས་པས་ཙོ་ནས་ཀྱང་། དེ་དག་ཐམས་ཅད་ཆོས་ཀྱི་མིག་རྣམ་པར་དག་པར་བཤད་དེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་མའ ་པའི་ཡིན་གྱི། ལས་ཀྱི་སྒྲིབ་པ་ནི་མ་ཡིན་པར་ཤེས་པར་བྱའོ།། ཅིའི་ཕྱིར་ན། བུ་མོ་ཅན་ཙས་ཤིང་གི་གཞོང་པ་ལྟོ་བ་ལ་བཅིངས་ནས། དེ་བཞིན་གཤེགས་པ་ལ་ལས་ཀྱི་སྒྲིབ་པའི ་ཉེས་པ་གང་ཡང་མེད་དེ། དེ་བཞིན་གཤེགས་པས་བུ་མོ་ཅན་པས་འཇིག་རྟེན་གྱི་ཁམས་ག་གའི་ཀླུང་གི་བྱེ་མ་སྙེད་དུ་འཕངས་ཀྱང་ནུས་མོད་ཀྱི། དེ་བཞིན་གཤེགས་པ་བངས ་མཁས་པས་ལས་ཀྱི་བྱེད་པ་སྟོན་ནོ།། བསྟན་པ་འདི་ལ་རབ་ཏུ་བྱུང་བ་བསྐུར་བ་བཏབ་པ་དག་འབྱུང་སྟེ། དེ་དག་མི་བདེན་པར་སྐུར་བར་འགྱུར་རོ།། དེ་དག་འགྱོད་པ ་དུ་འགྱུར་ཏེ། སྐུར་པ་བཏབ་པ་དང་། དེ་བཞིན་གཤེགས་པ་ཆོས་དཀར་པོ་ཐམས་ཅད་དང་ལྡན་པ་དེ་ལ་ཡང་མངོན་སུམ་དུ་སྐུར་པ་འབྱུང་བ་ན། བདག་ཅག་ལྟ་ལ་ཅིའི་ཕྱིར་མི ་འབྱུང་། ཞེས་སྤྲས་ཤིང་དེ་དག་དེའི་ཚེ་སྐུར་པ་ཟིལ་གྱིས་མནན་ནས་ཡོངས་སུ་དག་པ་ཡོངས་སུ་དཀར་བའི་ཚངས་པར་སྤྱོད་པ་སྤྱད་པར་འགྱུར་གྱི། འབྲི་བར་ནི་མི་འགྱུར་རོ།། བུ ་མོ་ཙ་ནི་སྡིག་པའི་ལས་ཀྱིས་ཡོག་ན། རྨི་ལམ་ན་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་སྟེ། ཤི་འཕོས་མ་ཐག་ཏུ་ཡང་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ།། དེ་ལྟར ་དེ་བཞིན་གཤེགས་པས་དེ་སྲུང་ནུས་པར་མཁྱེན་ན་ནི་དེ་བསྲུངས་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེས་ན། དེ་བཞིན་གཤེགས་པས་ནི་སེམས་ཅན་གང་ཡང་ཡོངས་སུ་བཏང་བ་མེད་པའི ་ཕྱིར་རོ།། ཅིའི་ཕྱིར་ཞེ་ན། མཛེས་མ་ཀུན་ཏུ་རྒྱུ་བ་སྲོག་དང་ཕྲལ་ནས་མཛེ་ཏེའི་ཚལ་དུ་སྦས་ལ། དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པས་ཀྱང་གཡེལ་བར་བོར་ཞེ་ན། དེ་བཞིན ་གཤེགས་པ་ནི་ཐོགས་པ་མེད་པ་འདི་ཡེ་ཤེས་དང་ལྡན་པས། དེ་འདྲ་བར་འགྱུར་བའི་ཡང་མཁྱེན་ལ། དེ་བཞིན་གཤེགས་པས་ཅི་ནས་ཀྱང་མཛེས་མ་ཀུན་ཏུ་རྒྱུ་བ་མཚོན་གྱིས་མི་ཟུང་བ་དང་། ་གཞན་དུ་འབང་བར་བྱ་བ་དེ་ལྟ་བུའི་རྫུ་འཕྲུལ་བྱིན་གྱིས་བརླབས་ཀྱང་ནུས་མོད་ཀྱི། དེ་བཞིན་གཤེགས་པས་མཛེས་མ་ཀུན་ཏུ་རྒྱུར་ཚེ་ཟད་པས་དེ་ངེས་པར་འཆི་དགོས་ལ། རྣམ་གྲངས ་@#དེས་ཀྱང་མུ་རྟོགས་ཅན་གཞན་གང་རང་གི་ཉེས་པས་ཤིན་ཏུ་ཚར་གཅོད་པར་འགྱུར་བ་མཁྱེན་ཏེ། ཆོས་དཀར་པོ་རྣམས་འཕེལ་བར་བྱ་བའི་ཕྱིར། གང ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་དེ་ནི་སངས་རྒྱས་ཀྱི་ཡེ་ཤེས་སོ།། དེ་བས་ན་དེ་བཞིན་གཤེགས་པ་ཞག་བདུན་དུ་གྲོང་དུ་མ་གཤེགས་ཏེ། ལྷ་བྱེ་བ་དྲུག་བཅུའང་བ ་ལོ།། ཞག་བདུན་པོ་དེ་འདས་ནས་འཁོར་བཞི་བཅོམ་ལྡན་འདས་ཀྱི་དྲུང་དུ་ལྷགས་ནས། དེ་བཞིན་གཤེགས་པས་ཅི་ནས་ཀྱང་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་གི་ཡེ་ཤེས་རྟོག ་པར་འགྱུར་བ་དེ་ལྟ་དེ་ལྟར་དེ་དག་ལ་ཆོས་བཤད་དོ།། ཅིའི་ཕྱིར་ན། དེ་བཞིན་གཤེགས་པས་ཟླ་བ་གསུམ་རྟའི་ཆས་ཀྱི་ནས་གསོལ་ཞེ་ན། དེ་བཞིན་གཤེགས་ས་བྲམ་ཟེ་དང་། ཁྱིམ ་བདག་འདི་དོག་ང་སྤྱན་དྲངས་ནས་མི་སེམས་པར་འགྱུར་རོ་སྙམ་དུའང་མཁྱེན་མོད་ཀྱི། དེ་བཞིན་གཤེགས་པས་མཁྱེན་བཞིན་བཞིན་དུ་ཚུལ་དུ་ཞུགས་སོ།། ཅིའི་ཕྱིར་ཞེ་ན། གང་ལྔ་བརྒྱ ་པོ་དེ་དག་གི་ཆས་ལ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པས་ཟླ་བ་གསུམ་དུ་གསོལ་ཏེ། རྟ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པ་སྔོན་གྱི ་རྒྱལ་བ་ལ་བརྙན་བཀུར་བྱས་པ་ཡིན་ན། དེ་དག་སྡིག་པའི་གྲོགས་པོའི་དབང་དུ་སོང་བས་སྡིག་པའི་ལས་བྱས་ཏེ། དེའི་ཕྱིར་བྱོལ་སོང་གི་སྐྱེས་གནས་སུ་སྐྱེས་སོ།། རྟ་ལྔ་བརྒྱ ་པོ་དེ་དག་གི་ནང་ས། ས་ཅང་ཞེས་དེ་ནི་བྱང་ཆུབ་སེམས་དཔའ་ཉམ་ཛ་མང་བ་ཞེས་བྱ་བ་ཡིན་ཏེ། སྔོན་ལས་གྱི་དབང་གས་ཆེད་དུ་དེར་སྐྱེས་ནས། བྱང་ཆུབ་སེམས་དཔའ་ཀྱིམམ ་སྙིང་པོ་ངས་རྟ་ལྔ་བརྒྱ་པོ་དེ་དག་བྱང་ཆུབ་ལ་བཀོད་དོ།། དེ་དག་ཡོངས་སུ་ཐར་བར་བྱ་བའི་ཕྱིར་དེར་སྐྱེས་སོ།། ཧ་ཅང་ཤེས་དེའི་མཐུས་རྟ་ལྔ་བརྒྱ་པ་དེ་དག་ཐམས་ཅད་ལྡན ་ཀྱི་ཚེ་རབས་དྲན་ཏེ། དེའི་ཕྱིར་དེ་དག་བྱང་ཆུབ་སེམས་མངོན་པར་གྱུར་ཏོ།། རིགས་ཀྱི་བུ་དེ་བས་ན་རྟ་ལྔ་བརྒྱ་པོ་དེ་དག་ལ་ཐུགས་བརྩེ་བའི་ཕྱིར་དེ་བཞིན་གཤེགས་པ་ཚུལ་དུ ་ཞུགས་ཏེ། དེ་ལ་རྟ་ཅང་ཤིས་ཀྱི་ཆས་དེ་ལས་བྱེད་ནི་དེ་བཞིན་གཤེགས་པ་ལ་དབུལ་ལོ།། གང་རྟ་ལྔ་བརྒྱ་པོའི་ཆས་དེ་ལས་ཕྱེད་ནི་དགེ་སློང་ལྔ་བརྒྱ་པོ་ལ་དབུལ་ཏེ། རྟ་ཙ ་ཤེས་དེ་ཡང་རྟ་ལྔ་བརྒྱ་པོ་དེ་དག་ལ་རྟའི་སྐད་ཀྱིས་ཉེས་པ་འཆགས་སུ་འཇུག་ཅིང་། སངས་རྒྱས་ལས་སྩོགས་པའི་དགེ་འདུན་ལ་ཕྱགས་འཚལ་དུ་འཇུག་སྟེ། དེ་ལྟར་ཟླ་བ ་གསུམ་འདས་ནས་རྟ་ལྔ་བརྒྱ་པོ་དེ་དག་འཆི་བའི་དུས་བྱས་ཤིང་ཤི་འཕོས་པར་གྱུར་མ་ཐག་ཏུ། དགའ་ལྡན་གྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེས་སོ།། ཡང་དེ་དག ་ལྷར་གྱུར་པས་དེ་བཞིན་གཤེགས་པ་ལ་མཆོད་ནས་དེ་བཞིན་གཤེགས་པས་ཅི་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གདོན་མི་ཟ་བར་འགྱུར་བ་དེ་ལྟར་ཆོས ་བཤད་དོ།། གང་རྟ་ལྔ་བརྒྱ་པ་དེ་དག་འདུལ་ཞིང་འཚེ་བར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་སེམས་ཤིན་ཏུ་དུལ་བ་ཞེས་བྱ་བའི་རང་སངས་རྒྱས་སུ་ལུང་སྟོན་ཏོ།། ཡང ་གས་ཀྱི་སུ་ད་པཞིན་གཤེགས་པའི་ན་མལས་ནི་བཆོག་ཏུས་འགྱུར་བ་ཆུང་བད་ཀྱང་མ་དང་། རིགས་ཀྱི་ཐུགས་ཉི་ཅིང་བྱ་དང་། གསེན་ས་དང་། རྩོ་མ་གསས་ཀྱང་ཕུང་གསུམ ་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་དེ་འདྲ་བའི་རོ་བྲོ་བ་མེད་དེ། གང་བོང་བ་དང་། གསེག་མ་དང་། གྱོ་མོ་ལས་གྱུར་པ་དེ་འདྲ་བར་རོའི་མཆོག་ཏུ་གྱུར་པ་འང ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེས་ནི་རོའི་རོ་མཆོག་ཅེས་བྱ་བའི་སྐྱེས་བུ་ཆེན་པོའི་མཚན་ཐོབ་པའི་ཕྱིར་རོ།། རིགས་ཀྱི་བུ་རྣམ་གྲངས་དེས་ཀྱང་དེ་བཞིན་གཤེགས་པ་པའི་ཞལ ་ཟས་ཐམས་ཅད་ཆོག་ཡིན་པར་ཤེས་པར་བྱའོ།། རིགས་ཀྱི་བུ་གནས་བརྟན་དགའ་བོས་དེ་བཞིན་གཤེགས་པ་ནི་འཁོར་ལོས་སྒྱུར་བའི་མིང་བོར་ཏེ། ནས་གསོལ་བར་གྱུར་ཏོ།། ་ཞེས་སྙིང་རྗེ་བར་གྱུར་དང་། དེ་བཞིན་གཤེགས་པས་དེའི་སེམས་ལ་བརྟགས་ནས་ནས་འབྲུམ་བུ་ཅིག་བྱིན་ཏེ། དགའ་བོ་འདི་ཅིའི་རོ་ཤེས་སམ་ཞེས་བྱས་པ་དང་། དེས་ཟོས་ན་ངོ ་མཚར་ཐོབ་པར་གྱུར་ཏེ། ང་ལ་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་བདག་ནི་རྒྱལ་པོའི་ཕོ་བྲང་དུ་སྐྱེས་ཏེ། རྒྱལ་པོའི་ཕོ་བྲང་དུ་སྐྱེ་ན།། འདི་ལྟ་བུའི་རོ་མཆོག་སྔོན་འཚལ ་ལ་མྱོང་ངོ་ཞེས། ཚེ་དང་ལྡན་པ་དགའ་བོ་དེའི་མཐུས་དགའ་ཞིང་བདེ་སྟེ། ཟས་མེད་པར་ཉི་མ་བདུན་འདས་སོ།། རིགས་ཀྱི་བུ་ཁྱོད་ཀྱིས་རྣམ་གྲངས་དེ་ཀྱང་དེ་བཞིན་གཤེགས་པ་ལ་ནི ་གང་ན་ཡང་ལས་ཀྱི་སྒྲིབ་པ་མེད་པར་ཤེས་པར་བྱ་སྟེ། ཡང་སེམས་ཅན་གང་ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་དག་འགྲོན་དུ་གཉིས་ནས། སྦྱིན་པར་མི་བྱེད་པའི་སེམས་ཅན ་དག་ཇི་ལྟར་སྨྲས་པ་དེ་བཞིན་དུ་བྱེད་པར་བརྟེན་པའི་ཕྱིར་ལས་བརྟན་པའི་ཕྱིར་ལས་ཀྱི་རྒྱུད་འདི་དག་བསྟན་ཏོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་ཁྱད་པར་ལ་བལྟོས། གང ་གིས་དེ་བཞིན་གཤེགས་པ་སྤྱན་དྲངས་ཏེ། མ་ཕུལ་བ་དེ་ཡང་ལྟུང་བའི་ཆོས་མེད་པར་ལུང་བསྟན་ཏོ།། རིགས་ཀྱི་བུ་ཡང་དེ་བཞིན་གཤེགས་པ་དང་ལྷན་ཅིག་ཏུ་ཚུལ་ཏུ ་ཞུགས་པའི་དགེ་སློང་ལྔ་བརྒྱ་པོ་དེ་དག་ལས་དགེ་སློང་བཞི་བཅུ་འདོད་ཆགས་སྤྱོད་ཅིང་དུ་གུའི་མཚན་མ་ལ་སྤྱོད་པར་འགྱུར་ཏེ། གལ་དེ་དེ་དག་ཟས་ཀྱི་མཆོག་ཟོས་པར་གྱུར་ན། ་དེ་དག་ཤིན་ཏུ་འདོད་ཆགས་དང་ལྡན་པའི་རྟོག་པའི་སྐྱེ་བར་འགྱུར་བ་ལས། དེ་དག་ཟས་ངན་པའི་ཕྱིར་རྟོག་པ་དེ་སྲབ་མེར་གྱུར་ཏེ། དེ་དག་གིས་ཞགས་བདུན་གྱིས་དགྲ་བཅོམ་པར ་ཐོབ་པར་གྱུར་ཏོ།། ཅིའི་ཕྱིར་ན། དེ་བཞིན་གཤེགས་པ་ང་བརྒྱབ་ན་ནས། འོད་སྲུང་བྱང་ཆུབ་ཀྱིས་ཡན་ལག་ཤོང་ཅིག་ཅེས་གསུང་ཞེ་ན། རིགས་ཀྱི་བུ་དེ་ལྟར། ལྷའི་བུ་ཉན ་ཐོས་ཀྱི་ཐེག་པ་ལ་གནས་པ་བརྒྱ་སྟོང་ལྷགས་པར་གྱུར་ལ། དེ་དག་ཀྱང་སྔོན་འོད་སྲུང་གིས་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། བག་བྱེད་ལ་བཀོད་པར་གྱུར་ཅིང་། ལྷའི ་ལྷའི་བུ་དེ་དག་གིས་བྱང་ཆུབ་ཀྱི་ཡན་ལག་གི་གཏམ་ཕྱི་ཕྱིར་ཞིང་ཐོས་པས། གལ་ཏེ་འོད་སྲུང་མ་གཏོགས་པར་ལྷའི་བུ་དེ་དག་ལས་སངས་རྒྱས་སྟོང་གི་ཆོས་བཤད་ཀྱང་། ཤེས་པར ་འགྱུར་བ་འམ། ཤེས་པ་འཛིན་པ་མེད་ནས། འོད་བསྲུང་གི་བྱང་ཆུབ་ཀྱི་ཡན་ལག་རབ་ཏུ་དབྱེ་བ་རྒྱས་པར་བཤད་པ་དང་། ལྷའི་བུ་བརྒྱད་སྟོང་པོ་དེ་དག་གིས་ཀྱང་ཡེ་ཤེས་རྟོགས ་པར་གྱུར། སེམས་ཅན་གང་ན་སྟེ་ཆོས་མི་ཉེན་པར་མི་འགྲོ་བའི་སེམས་དེ་དག་ཀྱང་དེ་བཞིན་གཤེགས་པ་ཆོས་ཀྱི་རྗེ་ཡང་བྱང་ཆུབ་ཀྱི་ལན་ལག་བརྗོད་པ་གནས་ནས། ནད་ལས་ཡོངས ་སུ་ཐར་ན་བདག་ཅག་གིས་ལྟ་ཅིའི་ཕྱིར་ཆོས་མཉན་པར་མི་བྱ་སྙམ་དུ་སེམས་པར་འགྱུར་ཏེ། རིགས་ཀྱི་བུ་འདི་ལྟ་བས་ན་ལྷའི་བུ་དེ་དག་གདུལ་བའི་དོན་དུ་བྱ་བ་དང་། སེམས་ཅན་ནད་པ ་@དག་ཆོས་ཉིད་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ང་རྒྱབ་ན་ནས་འོད་སྲུང་བྱང་ཆུབ་ཀྱི་ཡན་ལག་ཤོད་ཅིག་ཅིག་ཅེས་དེ་སྐད་ཀྱི་ཚིག་སྟེ། དེ་ཡང་བཞིན ་གཤེགས་པའི་ཐབས་ཁས་པ་ཡིན་གྱི་ལས་ཀྱི་སྒྲིབ་པ་ནི་མ་ཡིན་ནོ། ཅིའི་ཕྱིར་ན་ཤཱཀྱ་རྣམས་བཏབ་པ་དེ་བཞིན་གཤེགས་པ་ང་ཀླད་པ་ན་སྟེ་མི་བཟོད་དོ།། གསུང་ཞེ་ན། རིགས་ཀྱི་བྱེ་འདི ་སེམས་ཅན་ཁ་ཅིག་དེ་བཞིན་གཤེགས་པ་ནི་གཉེན་རྣམས་ཀྱི་དོན་མི་བཞེད། ཕན་པར་མི་བཞེད། བདེ་བར་མི་བཞེད། ལྡན་པ་དང་བདེ་བར་མི་བཞེད་པས། དེའི་ཕྱིར་རྒྱལ་པོའི ་རིགས་ཐམས་ཅད་ཁ་དོག་གོ་སྙམ་དུ་སེམས་ཀྱི། དེ་བཞིན་གཤེགས་པ་གཉེན་རྣམས་ཀྱི་ཐོག་མ་མེད་པའི་སྡུག་བསྔལ་གྱི་ཕུང་པོ་མཐར་ཕྱུག་པར་ནི་མི་ཤེས་པའི་སེམས་ཅན་དེ་དག་གི ་སེམས་བསྲུང་བའི་ཕྱིར་གནས་བསྟན་དགའ་བོ་ཀླད་པ་ན་སྟེ། མི་ཤེས་དེ་སྐད་ཀྱི་ཚིག་གསུང་སྟེ། རིགས་ཀྱི་བུ་གང་གི་ཚེ་ན། དེ་བཞིན་གཤེགས་པས་གནས་བརྟན་དགའ་བོ་ང་ནི ་ཀླད་པ་ན་སྟེ་མི་བཟོད་དོ་ཞེས་དེ་སྐད་ཀྱི་ཚིག་གསུངས་པ་དེའི་ཚེ། ལྷའི་བུ་ཆད་པར་སྨྲ་བ་གསུམ་སྟོང་དང་། སེམས་ཅན་སྲོག་གཅོད་པར་བྱེད་པ་མང་པོ་ལྷགས་ནས། ལྷའི་བུ་དེ་དག་རབ ་ལུས་ཀྱི་བྱ་བ་ལ་བཞགས་པའི་དེ་བཞིན་གཤེགས་པས་སྲོག་གཅོད་པའི་ལྷག་མ་ལུས་པས་དེ་བཞིན་གཤེགས་པའི་དབུ་བསྙུང་བར་གྱུར་ཏོ།། ཞེས་ལས་ཀྱི་རྒྱུད་དོ་བསྟན་ཏེ། དེ ་བསྟན་པའི་ཚེ་དེ་བཞིན་གཤེགས་པས། ལྷ་དང་མིའི་སྐྱེ་དགུ་སྟོང་ཕྲག་བཅུ་བཏུལ་ཏེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་མཁས་པ་ཡིན་གྱི་ལས་ཀྱི་སྒྲིབ་པ་ནི་མ་ཡིན་ནོ།། ་ཅིའི་ཕྱིར་བྲམ་ཟེ་བ་ར་དྷ་ཛས་མཾ་སྙན་པར་དེ་བཞིན་གཤེགས་པ་ལ་མི་སྙན་པ་ལྔ་བརྒྱད་སྦས་པ། དེ་བཞིན་གཤེགས་པ་ཡང་བཟོད་པར་མཛད་ཅེ་ན། དེ་བཞིན་གཤེགས་པ ་ནི་བྲམ་ཟེ་བར་མི་སྙན་པར་སྨྲ་བ་ཕྱོགས་གཞན་དུ་འཕང་བ་འམ། ངག་གི་ལས་གཅིག་མི་འབྱུང་བར་ཡང་ནུས་མོད་ཀྱི། འཁོར་དེའི་ནང་ན་ལྷ་དང་མི་མང་པོ་ཚོགས་པར་གྱུར ་བས། དེ་དག་གིས་དེ་བཞིན་གཤེགས་པ་མ་ཁེངས་མ་བདུད་ཅིང་སེམས་མཉམ་པ་བདེ་བའི་དངོས་དང་ལྡན་པ་སེམས་བསྟེན་པ། སེམས་མཉོན་པ་ངེས་པར་མཐོང་ནས། སྲོག ་ཆགས་བཞི་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་པར་གྱུར་ཏེ། དོན་གཟིགས་ནས་དེ་བཞིན་གཤེགས་པས་བྲམ་ཟེ་བ་ར་དྷྭ་ཛས་མི་སྙན་པར་སྨྲ ་བ་གཏང་སྙོམས་སུ་གཞག་གི། དེ་བཞིན་གཤེགས་པ་ལ་ག་ན་ཡང་ལས་ཀྱི་སྒྲིབ་པ་མེད་དེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་མཁས་པ་ཡིན་གྱི། ལས་ཀྱི་སྒྲིབ་པ་མ་ཡིན ་ནོ།། གང་ཡང་ལྷས་སྦྱིན་ཚེ་རབས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་འབྲང་བར་འགྱུར་བ་དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པ་ཡིན་ནོ།། ་དེ་ཅིའི་ཕྱིར་ཞེ་ན། ངས་ནི་ལྔས་སྦྱིན་ལ་གནས་ཏེ། ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་གྱུར་ཅིང་། སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་སོ།། ནམ་གྲངས་གང་གིས་ཞེ ་ན། རིགས་ཀྱི་བུ་འདི་ལ་གང་གི་ཚེ། སེམས་ཅན་དག་བདེ་བ་དང་ལྡན་པར་བྱས་པ་དེའི་ཚེ་སྦྱིན་པར་ཡང་མི་ཤེས། ལེན་པར་ཡང་མི་ཤེས་ནས་ལྷས་སྦྱིན་བྱང་ཆུབ་སེམས་དཔའ ་@#གན་ཏུ་འོངས་ཏེ། བུ་སྲོང་། བུ་མོ་སྲོང་། རྒྱལ་སྲིད་སློང་། ལག་པ་དང་། རྐང་པ་དང་། མིག་དང་མགོ་དང་། དེ་ལ་སྩོགས་པ་གཞན་དག་ཀྱང་། གང་དགའ་བར་སྤྱོད། ་བསམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་བསྐྱེད་པར་བྱེད་པ་དགེ་སློང་ནས། བྱང་ཆུབ་སེམས་དཔའ་མ་ཞུམ་པར་གྱུར་ཅིང་། སྦྲན་པར་བྱེད་དེ། དེ་མཐོང་། ནས་ཀྱང་སེམས་ཅན་དཔག་ཏུ་མེད་ཤེས ་བའི་རྩལ་བསྐྱེད་པར་བྱེད་པ་དག་སློང་ནས། བྱང་ཆུབ་སེམ་དཔའ་མ་ཞུམ་པར་གྱུར་ཅིང་། སྦྱིན་པར་བྱེད་དེ། དེ་མཐོང་། ནས་ཀྱང་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་སོ།། ང་དགའ་ནི ་སྦྱིན་པ་ལ་མམ་པར་གྱུར་ཏེ། བདག་ཅག་ཀྱང་འདི་འ་བར་གྱུར་ཅིག་པམ་བྱེ་བ་ཏུ་ལྡན་ལལ་འཚུས་ཡིང་ཚུལ་ཁྲིམས་འཛིན་པར་བྱེད་དེ། གང་ཆུལ་རྣམཔ་འདྲེས་པར་འདིང་བདས་ཀྱང་ན་བྱས ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་པ་འདྲས་བས་དེ་མཛང་ནས་ཀྱང་སེམས་ཅན་དདག་ཏུ་མེད་པ་དག་ཚུལ་ཁྲིམས་ལེན་པར་བྱེད་དེ། གང་རྡུལ་རྣམས། བཅུད་དམ། གཏགས་སས ་སྤྱོད་ཀྱང་མི་ཁྲོ་ཞིང་དེ་དག་བཟོད་པ་རྫོགས་པར་འགྱུར་བས། རྣམ་གྲངས་དེའི་ཕྱིར་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་སོ།། གང་ཡང་ལྷས་སྦྱིན་གྱི་དེ་བཞིན་གཤེགས་པ་བསད་པར་བཤམ ་དང་། ལ་ན་ངས་བ་དང། འཟློན་པར་ཛུག་པ་བེན་པཤེས་པའི་མ་ལའོ།། ས་། ་མཔ་འདས་ན་མམསས་ཅན་པག་ཏུ་མེད་པའི་དོན་བྱས་སོ།། རིགས་ཀྱི་ཐ་མདོ་ན་རྒྱས་སྦྱིན་མས་པར་འདོད་པར་ནི་ཛིརྒན་པཡིནན།། སབ་ཅུ་བམ ་དེ་བཞིན་གཤེགས་པའི་ཐབས་མཁས་པར་ཤེས་པར་བྱ་སྟེ། ལས་ཀྱི་བྱ་བ་ཤིན་ཏུ་སྟོན་པའི་སེམས་ན་ལས་ཀྱི་རྣམ་པར་སྨིན་པ་ལ་མི་འཇུག་པའི་སེམས་ཅན་རྣམས་ལ་ཆེ་གེ་ཞིག་གི་ལས་ཀྱི་རྣམ་པར ་སྨན་པ་ནི་འདིའོ།། ཞེས་དེ་བཞིན་གབྱེ་བ་ཐབས་མཁས་པས་ལས་རྒྱུད་བསྟན་ཏེ། དེ་ཐོས་ནས་ཕན་པར་བྱེད་པར་འགྱུར་རོ།། དེ་ལྟ་བས་ན་རིགས་ཀྱི་བུ་ཐབས་ཐབས་མཁས་པ་བསྟན་པ་འདི་གསད་པར་གྱིས་ཤིག། སེམས ་ཅན་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་རྣམས་ཀྱི་མདུན་དུ་མ་འཆད་ཅིག། དེ་ཅིའི་ཕྱིར་ཞེ་ན། བསྟེན་པ་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ཡང་མ་ཡིན་ན། སེམས་ཅན་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ ་རྣམས་ཀྱི་སྨོས། དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་བསླབས་པ་མ་ཡིན་པས། འདི་ནི་དེ་དག་ལ་མི་དགོངས་སོ།། བྱང་ཆུབ་སེམས་དཔའ་གང་དག་བསྟན་པ་འདི་ལ་སློབ་པར་འགྱུར་བ་མ་གཏོགས་པར ་གཞན་ཐབས་མཁས་པ་འདིའི་གནོདང་དུ་འགྱུར་བ་གང་ཡང་མེད་དོ། འདི་ལྟ་སྟེ། རིགས་ཀྱི་བུ་མཚན་མོས་སྲོས་པའི་མུན་པར་མར་མེ་བུས་ན། ཁྱིམ་ན་སྨོད་ཐམས་ཅད་པར་འགྱུར་བ་དེ་བཞིན་དུ། བྱང་ཆུབ ་སེམས་དཔའ་ཡང་ཐབས་ཁས་པ་བསྟན་པ་འདི་ཐོས་ཏེ། མོས་པར་གྱུར་ནས། སངས་རྒྱས་ཀྱི་སྤྱོད་པ་ཐམས་ཅད་མཐོང་བར་འགྱུར་ཞིང་། སེམས་ཅན་དག་ལ་ཡང་སློབ་པར་འགྱུརརོ།། རིགས་ཀྱི ་ཁྱོད་ལ་བསྒྲེའོ།། ཁོངས་སུ་ཆུད་པར་བྱའོ།། བྱང་ཆུབ་འདོད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ།། ཐབས་ཁས་པ་འདི་གང་ན་རྣར་གྲངས་པར་འགྱུར་ན། དཔག་ཚད་འདུམ་དུ་ཡང་འགྲོ་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་བསྙེན ་འདི་ཐོབ་པ་འགྱུར། སངས་རྒྱས་ཀྱི་ཚེ་ཐམས་ཅད་ལ་འགྱོད་པ་མེད་པ་འགྱུར། ཐེ་ཙོམ་དང་བྲལ་བར་འགྱུརརོ།། རྗེས་ལྷ་དང་འཇིག་རྟེན་དུ་བཅས་པའི་འཁོར་བཞི་ལས། སེམས་ཅན་གང་དག་སྣོད་དུ་གྱུར་པ། དེ་དག་གི་ནི་ཆོས་ཀྱི་རྣམ་གྲངས ་ས་གསུཔ་@འདི་ཐོས་སོ།། བང་སྣོད་དུ་མ་གྱུར་པ་དེ་དག་གིས་ནི་རྣལམ་དུ་ཡང་མི་གྲག་གོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ། སྲོགས་ཆགས ་བདུན་ཁྲི་ཉིས་སྤོང་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་བཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི ་ཐབས་མཁས། ཕ་རོལ་ཏུ་ཕྱིན་པ་བསྟན་པར་ཟུང་ཤིག། སངས་རྒྱས་ཐམས་ཅད་ཀྱི་ཐབས་མཁས་པའི་གསང་བའི་ལེའུར་ཟུང་ཤིག། བཅོམ་ལྡན་འདས ་དགེས་ཤིང་། དེ་སྐད་ཅེས་བཀའ་སྩལ་པ་དང་། དགའ་བོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་དང་། ལྷ་དང་། མི་དང་། ལྷམ ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་རྣམས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ། མངོན་པར་དགའ་འོ།། །། ཐབས་མཁས་པ་ཞེས་བྱ་བ། ་ཐེག་པ་ཆེན་པོའི་མདོ།། རྫོགས་སོ།། རྒྱ་གར་སྐད་དུ། ཏྲི་དྷརྨྨ་ཀ་ནཱ་མ་སུ་ཏྲ། བོད་སྐད་དུ། ཆོས་གསུམ་པ་ཞེས ་