CLOSE WINDOW

F169: gser mdog gi sngon gyi sbyor ba zhes bya ba
Wyliee-texts produced with BDRC’s OCR application

བདག་དཔལ་སྦས་ཀྱིས་རང་གི་ཞོ་ཤས་འཚེ་བ་རྣམས་བསྡོགས་ནས། རྒྱལ་པོའི་ཁབ་ནས་བྱུང་སྟེ། བྱ་རྒོད་ཀྱི་ཕུང་པོའི་རིགས་ལ་བ་དང་། བཅོམ ་ལྡན་འདས་ག་ལ་བདེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་མངོན་སུམ་དུ་དགའ་བར་བྱ་བ་དང་། མགུ་བར་བྱ་བའི་གཏམ་རྣམ་པ་མང་པོ་བྱས་ཏེ་ཕྱོགས་གཅིག་ཏུ ་འདུག་གོ།། ཁྱིམ་ཁག་དཔལ་སྦས་ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱི་གཏམ་ཡང་དག་པར་བསྟན་ཡང་དག་པར་འཛིན་ཏུ་བཅུག། ཡང་དག་པར་རབ་ཏུ་དགའ་བར ་མཛད་དེ། དེ་ནས་ཁྱིམ་བདག་དཔལ་སྦས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་འཛིན་ཏུ་བཅུག། ཡང་དག་པར་གཟེང་སྟོང་། ཡང་དག་པར ་རབ་ཏུ་དགའ་བར་མཛད་ནས། སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་གོའུ་ཏ་མ་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་གཅིག་ཏུ་སང་གདུགས ་ཚོང་སྦྱོར་ན། གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཁྱིམ་བདག་དཔལ་སྦས་འདི་ནི་མི་དགེ་བའི་བཾཤེས་གཉེན་དང་བསྙེན་པའི་དབང་གིས ་ངལ་རྣམ་པ་ཇི་ལྟ་བུ་བྱང་བར་འདོད་ལ། དེ་རིང་པོར་མི་ཐོགས་པར་ཕྱིས་ཆོས་འདུལ་བ་འདི་ལ། རྣམ་པར་དག་པའི་ཆོས་ཅན་དུ་འགྱུར་རོ་སྙམ་སྟེ། དེ་ལྟར་མཁྱེན་ནས་བཅོམ་ལྡན ་འདས་ཀྱིས་ཁྱིམ་བདག་དཔལ་སྦས་ལ་ཅང་མི་གསུང་བར་གནང་ངོ་།། དེ་ནས་ཁྱིམ་བདག་དཔལ་སྦས་ཀྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བར་གནང་བར་རིགནས། 2 ་པ་བསྒྱུར་ཏེ། འཛུམ་མོ་བསྒྲེད་ནས། འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་གི་སེམས་ཀྱང་སེམས་ཀྱིས་མི་ཤེས་ན། ཐམས་ཅད་ཤེས་པ་ལྟ་སྤོས་ཀྱང་ཅི་དགོས་ཏེ། དགེ་སྦྱོང ་གོའུ་ཏ་མས་ཐམས་ཅད་མཁྱེན་པའི་ང་རྒྱལ་གྱིས་འཇིག་རྟེན་འདི་དག་ཐམས་ཅད་བསླུས་སོ་སྙམ་ནས།། དེ་ནས་ཁྱིམ་དག་དཔལ་སྦས་ཀྱིས་བཅོམ་ལྡན་འདས་ལ་ལན་གསུམ། ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་གན་ནས་སོང་ནས། རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ཕྱི་སྒོའི་སྒོ་གང་དུ་དོང་ཆེན་པོ་བསྐོར་བཅུག་སྟེ་བསྐོས་ནས། མེམ ་འབར་ཞིང་དུ་བ་མི་འཕྲུལ་བས་བཀང་སྟེ། སྟེང་དུ་ཕྱག་དར་སྲབ་མོས་གཡོགས་སོ།། ཁྱིམ་གྱི་ནང་དུ་ཡང་ཟས་དུག་ཅན་སྦྱོར་ཏུ་བཅུག་གོ།། དེའི་ཚེ་ཁྱིམ་དག་དཔལ་སྦས ་ཀྱིས། ཁྱིམ་དག་མགོན་མེད་ཟས་སྤྲིན་གྱི་མོ་ཆུང་མར་བླངས་པར་གྱུར་ཏེ། ཁྱིམ་བདག་དཔལ་སྦས་ཀྱིས་ཆུང་བས། ཁྱིམ་བདག་དཔལ་སྦས་རྣམ་ལ་འདི་ལྟ་བུ་བྱེད་པར་མཐོང་ངོ་།། ་མཐོང་ནས་ཀྱང་ཁྱིམ་བདག་དཔལ་སྦས་ལ་འདི་སྐད་ཅེས་སྨྲས་སོ།། ཇོ་བོ་ལ་དགྲ་སུ་ཞིག་མཆིས་ན། དེ་དགུམ་པའི་སླད་དུ་དེ་ལྟར་བརྩོན་པར་མཛད་དེས་སྨྲས་པ། དྲ་མའི་བུ་མོ ་ཤེས་པར་གྱིས་ཤིག། དགེ་སྦྱོང་གོའུ་ཏ་མན་ཚེད་ཀྱིས་གནོན་པ། གསར་དུ་རབ་བྱུང་བ་དེ་ཐམས་ཅད་མཁྱེན་པའི་ང་རྒྱལ་ཅན་ཏེ། ཐམས་ཅད་མཁྱེན་པའི་ང་རྒྱལ་དེས། འཇིག ་རྟེན་འདི་ཐམས་ཅད་བསླུས་ཀྱིས་དེ་བསད་པའི་ཕྱིར་འདི་ལྟར་བརྩོན་པར་བྱེད་དོ།། དེས་སྨྲས་པ།། ཇོ་བོ་བཅོམ་ལྡན་འདས་དེ་བཀྲོངས་པར་ཁྱེད་ཀྱིས་མི་སྤྱོད་ཀྱིས་སྐྱེ་བར ་འཕགས་པ་རྒྱལ་བའི་བློ་གྲོས་ནི་བྱ་བ་ཐེག་པ་ཆེན་པོའི་མདོ། རྫོགས་སྷོ།། @#།། རྒྱ་གར་སྐད་དུ། ་ན་ཀར་པཱུར་བ་ཡོ་ག་ནཱ་མ། བོད་སྐད་དུ། གསེར་མདོག་གི་སྔོན་གྱི་སྦྱོར་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད ་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང ་གི་དགེ་འདུན་ཅན་པོ་དང་བབས་གཅིག་ཏུ་བཞུགས་སོ།། བཅོམ་ལྡན་འདས་ལ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསློར་དང་། དགེ་བསྙེང་མ་དང་། གླེན་པ་ཆེན་པོ་དང་། ་རྒྱལ་པོ་དང་། མུ་སྟེགས་ཅན་སྣ་ཚོགས་དང་། དགེ་སློང་དང་བྲམ་ཟེ་དང་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་བ་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན ་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས། བསྐུར་སྟིར་བྱས། བླ་མར་བྱས། རི་མོར་བྱས་ཤིང་མཆོད་དོ།། བཅོམ་ལྡན་འདས་ཀྱིས་ཆོས ་གོས་དང་། ཞལ་ཟས་དང་། གཟིམས་ཆ་དང་། སྟན་གྱི་གསོས་སྨན་དང་། ལྷ་དང་མི་རྣམས་ཀྱི་ཡོད་བྱེད་དམ་པ། རབ་ཏུ་མང་པོ་ཡང་བསྙེད་སྟེ། དེ་དག་ལ་བཅོམ ་ལྡན་འདས་རྗེས་སུ་ཆགས་པ་ཡང་མི་མངའ་སྟེ། བདྨ་ལ་ཆུ་མི་ཆགས་པ་བཞིན་ནོ།། བཅོམ་ལྡན་འདས་ཀྱིས་རང་བཞིན་ནི་འདི་ལྟ་སྟེ། རྒྱ་ཆེ་ཞིང་དགེ་ལ་གྲགས ་པ་དང་། སྒྲ་དང་ཚིགས་སུ་བཅད་པས་འཕགས་པ་སྟེ། འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་རིགས་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས ་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཏེ། ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པ་དང་། ་ལྷ་དང་མིར་བཅས་པ་འདི་རྣམས། རང་གི་མངོན་པར་མཁྱེན་པས། མངོན་སུམ་དུ་མཁྱེན་པར་མཛད་ནས། དམ་པའི་ཆོས་སྟོན་ཏེ། ཐོག་མར་དགེ་བ་བར་དུ་དགེ་བ། དོན་བཟང་པོ།། ་ཚིགས་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། རྣམ་པར་བྱང་བ། ཚངས་པར་སྤོད་པ། ཡང་དག་པར་རབ་ཏུ་སྟོན་ནོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཇི་ལྟར་ངས་སྦྱིན་པའི་འབྲས་བུ་དང་། སྦྱིན་པ་ལ་འགོད་པའི་རྣམ་པར་སྨིན་པ་ཤེས་པ་ལྟར། སེམས་ཅན་རྣམས་ཀྱིས ་ཀྱང་སྦྱིན་པའི་འབྲས་བུ་དང་། སྦྱིན་པ་ལ་འགོད་པའི་རྣམ་པར་སྨིན་པ་ཤེས་པར་གྱིས་ཤིག། གང་འདི་ཁམས་ཕྱི་མའི་ཁམ་ཕྱི་མ་གཅིག་པོ་དེ་ཡང་གཞན་དག་དག་ལ། མ་བྱིན ་མ་དགོས་པར་བདག་གིས་མི་བཟའ་བར་གྱིས་ཤིག། སེར་སྣའི་སེམས་ཀྱི་དྲི་མ་སྐྱེས་པས་ཀུན་ནས་དཀྲིས་ཏེ་མ་འདུག་ཅིག། དགེ་སློང་དག་གང་གི་ཕྱིར། ཇི་ལྟར་ངས་སྦྱིན ་བའི་འབྲས་བུ་དང་། སྦྱིན་པ་ལ་འགོད་པའི་རྣམ་པར་སྨིན་པ་ཤེས་བལྟར། སེམས་ཅན་རྣམས་ནི་སྦྱིན་པའི་འབྲས་བུ་དང་། སྦྱིན་པ་ལ་འགོད་པའི་རྣམ་པར་སྨིན་པར་མ ་ཤེས་ཏེ། དེ་ལྟ་བས་ན་སེམས་ཅན་རྣམས་གང་འདི་ཁམ་ཕྱི་མའི་ཁམ་ཕྱི་མ་གཅིག་པོ་དེ། ཡང་གཞན་དག་ལ་མ་བྱིན་མི་བགོས་པར། བདག་ཉིད་ཟ་བར་བྱེད།། ་སེར་སྣའི་སེམས་ཀྱི་དྲི་མ་སྐྱེས་པས། ཀུན་ནས་དཀྲིས་ཏེ་འདུག་གོ།། ཀུན་ནས་དཀྲིས་དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། རྒྱལ་པོ་གསེར་མདོག་ཅེས ་བྱ་བ་གཟུགས་བཟང་བ། མཛེས་པ་ལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་བྱུང་ངོ་།། རྒྱལ་པོ་གསེར་མདོག་དེ་ཕྱུག་ཏེ་ནོར་མང་བ། ལོངས་སྤྱོད ་ཆེ་ཞིང་། བདག་དབང་བ་མང་བ་དང་། དབྱིག་དང་ཡེ་བྱད་མང་བ་དང་། ནོར་དང་འབྲུ་དང་། ནོར་བུ་དང་། མུ་ཏིག་དང་མེན་ཤེལ་དང་། བྱི་རུ་མང་བ་དང་། གསེར་དང་དངུལ ་དང་། གླང་པོ་ཆེ་དང་། རྟ་དང་བ་ལང་དང་། རྟ་རྒོད་མང་བ་དང་། མཛོད་དང་བང་བས་ཡོངསུ་གང་བ་རྒྱལ་པོ་གསེར་མདོག་གི་ཕོ་བྲང་། གྲོང་ཁྱེར་གསེར་ཅན་ཞེས་བྱ་བར ་བཏགས་ཏེ། ཆུར་ནི་དཔག་ཚད་ཤར་ནས་ནུབ་ཏུ་དཔག་ཚད་བཅུ་གཉིས་ཡོད་དོ།། ཞེང་ནི་ལྷོ་ནས་བྱང་དུ་དཔག་ཚད་བདུན་ཡོད་དོ།། འབྱོར་པ་དང་། རྒྱས་པ་དང་། བདེ ་བ་དང་། ལོ་ལེགས་པ་དང་ཉམས་དགའ་ཞིང་སྐྱེ་བོ་དང་མི་མང་པོ་རྣམས་ཀྱིས་གང་ངོ་།། རྒྱལ་པོ་གསེར་མདོག་ལ་གྲོང་ཁྱེར་བརྒྱད་ཁྲི་ཡོད་དེ་འབྱོར་པ་དང་། ་རྒྱས་པ་དང་འདེ་བ་དང་ལོ་ལེགས་པ་དང་། ཉམ་དགའ་ཞིང་སྐྱེ་བོ་དང་མི་མང་པོ་རྣམས་ཀྱིས་གང་ངོ་།། གྲོང་ས་ཡ་ཕྲག་ལྔ་བདུན་འདུན་ཡོད་དེ།། འབྱོར་པ་དང ་རྒྱས་པ་དང་། བདེ་བ་དང་ལོ་ལེགས་པ་དང་། ཉམས་དགའ་ཞིང་སྐྱེ་བོ་དང་། མི་མང་པོ་རྣམས་ཀྱིས་གང་ངོ་།། རི་ཡོད་པ་དྲུག་ཁྲི་ཡོད་དོ།། འབྱོར་པ་དང་བརྒྱས་པ ་སོར་མངོན་@དང་། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་བཞིང་སྐྱེ་བོ་དང་མི་མང་པོ་རྣམས་ཀྱི་གང་ངོ་།། རྒྱལ་པོ་གསེར་མདོག་གི་བློན་པོ ་ཁྲི་བརྒྱ་སྟོང་ཡོད་དེ། བུད་མེད་སླས་ཉིས་ཁྲི་ཡོད་པར་གྱུར་ཏེ། དེ་ནས་རྒྱལ་པོ་གསེར་མདོག་ཆོས་དང་ལྡན་པའི་ཆོས་ཀྱིས་རྒྱལ་སྲིད་བྱེད་པར་གྱུར་ཏོ།། རྒྱལ་པོ་གསེར་མདོག ་ཐམས་ཅད་སྦྱིན་པར་བྱེད་དེ། དེས་ཐ་ན་རང་གི་ལུས་ཀྱི་ཤ་མན་ཆད་ཡོངས་སུ་མི་གཏོང་བ་ཅི་ཡང་མེད་དོ།། དེའི་དུས་ན་མི་རྣམས་ཀྱི་ཚེའི་ཚད་ལོ་བརྒྱ་ཁྲིད་བཞི་སྟོང་ཐུབ་པར ་གྱུར་ཏོ།། དེའི་ཚེ་དུས་གཞན་ཞིག་ན་རྒྱལ་པོ་གསེར་དྲོལ་གཅིག་པུ་དབེན་པར་ཡང་དག་པ་འཇོག་ལ་ཞུགས་ནས། སེམས་ཀྱི་སེམས་ཡོངས་སུ་རྟོག་པ་འདི་སྙམ ་དུ་བསྐྱེད་དེ། གང་དག་གིས་ངེས་པར་ཚོང་བ་ཐམས་ཅད་ལ་ནི་ལག་ཅན་དང་ཤོག་གམ་རྣམས་མི་དབབ་པར་བྱའོ།། འཛམ་བུ་གླིང་གི་མི་ཐམས་ཅད་ནི་དཔྱ་དང་། ་སྒྱུ་རྣམས་མཾ་དབབ་པར་བྱའོ།། སྙམ་མོ་དེ་ནས་རྒྱལ་པོ་གསེར་མདོག་གིས་རྩིས་པ་དང་།། སྣ་ཆེན་པོ་ལ་གཏོགས་པ་དང་བློན་པོ་དང་སྒོ་བ་དང་། འཁོར་རྣམས ་ས་ཏེ། འདི་སྐད་ཅེས་སྨྲས་སོ།། དེང་བྱིན་ཆང་གྲོང་མེ་དང་། ཚོང་པ་ཐམས་ཅད་ལ་ལ་གཅན་དང་ཤོགམ་རྣམས་མི་དབབ་པར་བྱའོ།། འཛམ་བུ་གླིང་གི ་མི་ཐམས་ཅད་ལ་དཔྱ་དང་། རྒྱུ་རྣམས་མི་དབབ་པར་བྱའོ་ཞེས་བྱའོ།། དེའི་ཐབས་འདིས་ལོ་མང་པོ་གཅིག་ཏུ་རྒྱལ་སྲིད་བྱེད་པཱ་ན། དུས་གཞན་ཞིག་གིས་ཚེ། ་ལོ་བཅུ་གཉིས་ཀྱི་བར་དུ་ཆར་མི་འབབ་པའི་རྒྱུ་སྐར་མངན་པ་ཅིག་བྱུང་བར་གྱུར་ཏོ།། དེའི་ཚེ་བྲམ་ཟེ་ཚོན་ཉིད་འདོན་པ་དང་། བལྟས་ངན་པ་དང་། བོས་པ་རྣམས་དང་། ་བར་སྣང་གི་རྒྱུ་སྐར་དང་བཟའ་དང་། བ་སངས་རྒྱུ་བདག་དེ་ཐམས་ཅད་ཀྱི་མཉཚན་ཉིད་ཤེས་པར་བྱས་ནས། རྒྱལ་པོ་གསེར་མདོག་ག་ལ་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ ་གསེར་མདོག་ལ་འདི་སྐད་ཅེས་སྨྲས་སོ།། ལྷ་མཁྱེན་པར་མཛོད་ཅིག། དགུང་ལོ་བཅུ་གཉིས་ཀྱི་བར་དུ་ཆར་མི་དབབ་པའི་རྒྱུ་སྐར་ངན་པ་དེ་བྱུང་བར་གྱུར་ཏོ།། དེ་ནས ་རྒྱལ་པོ་གསེར་མདོག་གིས་དངོས་པོ་བསྒྲགས་པ་དེ་ཐོས་ནས།། རབ་ཏུ་ངུས་ཏེ་མཆི་མ་བྱུང་ནས།། ཨེ་མའོ།། ངའི་འཛམ་བུའི་གླིང་གི་མི་རྣམས། ཨེ་མའོ་ཨེ་མའོ།། ་ངའི་འཛམ་བུ་གླིང་འབྱོར་པ། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་ཞིང་སྐྱེ་བོ་དང་མི་མང་པོས་གང་བ་རྣམས། རིང་པོ་མི་ཐོགས་པ་ཉིད་དུ་སྟོངས ་ཤིང་མི་དང་འབྲལ་བར་འགྱུར་རོ།། དེ་ནས་རྒྱལ་པོ་གསེར་མདོག་ཡུད་ཙམ་ཞིག་མྱ་ངན་དང་། སྨྲེ་སྔགས་འདོན་པ་སངས་ནས། འདི་སྙམ་དུ་གྱུར་ཏེ། གང་འདི་ཕྱུག་ཅིང ་ནོར་མང་བ་ལ་ལོངས་སྤྱོད་ཆེ་བ་འདི་དག་ནི་འཚོ་བར་ནུས་ཀྱི། གང་འདི་དབུལ་ཞིང་ནོར་ཉུང་ལ་བཟའ་བཏུང་དང་ལོངས་སྤྱོད་ཆུང་བ་དེ་དག་ནི། ཇི་ལྟར་བྱེད་ཅིང་དེ་འདི ་སྙམ་དུ་གྱུར་ཏེ། བདག་གིས་ངེས་པར་འཛམ་བུའི་གླིང་གིས་པས་ལ། སོགས་པ་ཐམས་ཅད་བསྡུས་ཏེ། གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང་། རྒྱལ་པོའི་ཕོ ་བྲང་འཁོར་ཐམས་ཅད་དུ་བང་བ་གཅིག་བརྩིག་པར་བྱའོ།། བང་བ་གཅིག་བརྩིགས་ཏེ། འཛམ་བུ་གླིང་གི་མི་ཐམས་ཅད་བཟའ་བ་མཉམ་པར་བགོ་བར ་བྱའོ།། སྐམ་མོ།། དེ་ནས་རྒྱལ་པོ་གསེར་མདོག་གིས་རྩིས་པ་དང་། སྣ་ཆེན་པོ་ལ་གཏོགས་པ་དང་། བློན་པོ་དང་སྒོ་བ་དང་། འཁོར་རྣམས་བོས་ཏེ། འདི་སྐད་ཅེས་སྨྲས་སོ།། ་གྲོང་གི་གཙོ་བོ་དག་ཁྱེ་རྣམས་དེང་ལ་འཛམ་བུ་གླིང་གི་ཟས་ལ་སོགས་པ་ཐམས་ཅད་བསྡུས་ཤིག། ཟས་ལ་སོགས་པ་བསྡུས་ནས་གཙོལ་ལ་གྲོངས་ཤིག། གཙལ་ཏེ་གྲང ་ནས་ཀྱང་། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་རྒྱལ་པོའི་ཕོ་བྲང་དང་འཁོར་ཐམས་ཅད་དུ་བང་བ་བཟང་པོ་གཅིག་གརྩིགས་ཤིག་ཅེས་བསྒོའོ།། དེ་ནས་རྩིས་པ་དང་སྣ་ཆེན ་པོ་ལ་གཏོགས་པ་དང་། བློན་པོ་དང་སྒོ་བ་དང་། འཁོར་རྣམས་ཀྱིས་རྒྱལ་པོ་གསེར་མདོག་གི་ལྟར་མཉན་ནས། འཛམ་བུ་གླིང་གི་ཟས་ལ་སོགས་པ་ཐམས་ཅད་བསྡུས་སོ།། ་ཟས་ལ་སོགས་པ་བསྡུས་ནས། གྲངས་ཏེ་གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་བང་བ་ཅིག་བྱས་ནས་བླུགས་སོ།། བང་བ་གཅིག ་བྱས་ནས་བླུགས་ཏེ་རྒྱལ་པོ་གསེར་མདག་ག་ལང་དེར་སྣང་སྟེ་བྱིན་ནས། རྒྱལ་པོ་གསེར་མདོག་ལ་འདི་སྐད་ཅེས་སྨྲས་སོ།། བླ་མཁྱེན་པར་མཛོད་ཅིག། གྲོང་དང ་གྲོང་དང་ཁྱེར་དང་གྲོང་བརྡལ་དང་། རྒྱལ་པོའི་ཕོ་དྲང་འཁོར་ཐམས་ཅད་ཀྱི་ཟས་ལ་སོགས་པ་བསྡུས་སོ།། བསྡུས་ནས་ཀྱང་གཅལ་ཞིང་བགྲང་བ་ལགས་སོ།། ་གཅལ་ཞིང་བགྲངས་ནས། གྲོང་དང་གྲོང་ཁྱེར་དེས་དང་གྲོང་བརྡལ་དང་རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་དུ་བང་བགྱིས་ནས། གཅལེ་ལགས་ཀྱིས། ཁྱོད་གང་གི་དུས ་ཉིད་དུ་དགོངས་སམ། དེ་ནས་ཀུ་རྒྱལ་པོ་གསེར་མདོག་གིས་གྲངས་པ་དང་རྩིས་པ་དང་ཡི་གེའི་མི་རྣམས་བོས་ནས། འདི་སྐད་ཅེས་སྨྲས་སོ།། གྲོང་གི་གཙོ་ཟ ་རྣམས་ཁྱེད་རྣམས་དེང་ལ། འཛམ་བུ་གླིང་གི་མི་ཐམས་ཅད་བགྲོངས་ཤིག། ད་མན་ཆད་ལེགས་པར་གྲོངས་ཤིག། འཛམ་བུ་གླིང་གི་མི་ཐམས་ཅད་ཀྱི་བཟའ ་བ་ལེགས་པར་མཉམ་པོར་བགོ་བར་གྱིས་ཤིག། གྲངས་པ་དང་རྩིས་པ་དང་། ཡི་གེ་པའི་རྣམས་ཀྱིས། རྒྱལ་པོ་གསེར་མདོག་གི་ལྟར་མཉན་ནས། འཛམ་བུ་གླིང ་གི་མི་ཐམས་ཅད་ལེགས་པར་བགྲངས་སོ།། རྒྱལ་པོ་གསེར་མདོག་མན་ཆད་ལེགས་པར་བགྲངས་ནས། འཛམ་བུ་གླིང་གི་མི་ཐམས་ཅད་བཟླ་བ་མཉམ་པོར ་འགྱེད་དོ།། ལོ་བཅུ་གཅིག་གི་བར་དུ་ནི་ཤི་བ་མེད་དོ། ལོ་བཅུ་ཉིས་པ་བྱུང་བའི་ཚེ་ཟླ་བ་གཅིག་ལ།། དེར་མང་དུ་སྐྱེས་པ་དང་བུད་མེད་དང་ཁྱེའུ་དང་བུ་མོ་རྣམས ་གྱུར་ཏོ།། དེའི་ཚེ་ན་འཛམ་བུ་གླིང་གི་ཟས་ལ་སོགས་པ་ཐམས་ཅད་ཡོངས་སུ་ཟད་དོ་།། གཞན་དུ་གསེར་མངག་ལ་བ་ཀྱི་ལྷ་མ་བྲེའུ་རླུང་གང་ཞིག་ཡོད་དོ།། ་དེའི་ཚེ་དུས་གཞན་ཞིག་ན། བསྐལ་པ་བཞི་བཅུར་སྤྱད་པའི་བྱང་ཆུབ་སེམས་དཔའ་ཞིག་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་ཕྱིན་པར་གྱུར་ཏེ། བྱང་ཆུབ ་#། སེམས་དཔའ་དེ་གཞན་ཞིག་ཏུ་ནགས་ཁྲོད་དཅིགན། བུ་དང་མ་གཉིས་ཉལ་བཞིག་མཐོང་ངོ་།། མཐོང་ནས་ཀྱང་འདི་སྙམ་དུ་གྱུར་ཏོ།། ཨེ་མཐོན ་མོངས་སོ།། སེམས་ཅན་འདི་དག་ནི་ཉོན་མོངས་སོ།། གང་གི་ཚེ་ཟླ་བ་དགུ་རུམ་དེ་ཉིད་དུ་གནས་ལ། དེ་ཉིད་ཀྱི་ནུ་མ་ལ་འཐུངས་ནས། འདི་དྲ་བ་སེམས་ཅན་ཆོས་མ་ཡིན་པའི ་འདོད་ཆགས་ཀྱིས་ཞེན་པ་ལོག་པར་ལྟ་བར་འདོད་ཆགས་ཀྱིས་ཞེན་པ་ལོག་པར་ལྟ་བར་འདོད་པ་མི་ཟད་པ་ཟིལ་གྱིས་ནོན་པ། བར་མི་འཛིན་པ། མར་མི་འཛིན་པ། དགེ་སྦྱོང ་དུ་མ་འཛིན་པ། བྲམ་ཟེར་མི་འཛིན་པ། རིགས་ཀྱི་རྒན་རབ་ལ་བཀུར་བསྟིར་མི་བྱེད་པ་རྣམས་ཀྱིས་བདག་ཆོ་ག་སྟེ། འདི་འདྲ་བའི་སེམས་ཅན་རྣམས་ཀྱི་དོན་བྱང་ཆུབ་ཀྱི་སྤྱོད ་བཻ་སྤྱད་པར་སུ་ཞིག་སྤྲོ།། བདག་ནི་ངེས་པར་བདག་ཅིག་པུའི་དོན་བསྒྲུབ་པོ་སྙམ་མོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་བཞིན་དུ་ཤིང་ལྗོན་པའི་དྲང་དུག་ལ་བ་དེ་སོང་སྟེ། ་བྱིན་ནས། ཤིང་ལྗོན་པའི་དྲང་དེར་དཀྱིལ་མོ་དཀྲུང་བཅས་ནས་ལུས་བསྲངས་ཏེ། དགའ་བདེ་བ་དང་དྲན་པ་མངོན་དུ་གཞག་ནས་འདུག་གོ།། དེ་ནས་བྱང་ཆུབ་སེམས་དཔའ ་དེ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་སྐྱེ་བ་དང་འཇིག་པ་རྗེས་སུ་ལྟ་ཞིང་གནས་ཏེ། འདི་ནི་གཟུགས་ཏེ་གཟུགས་འདི་ནི་སྐྱེ་བའོ།། གཟུགས་འདི་ནི་འཇིག་པའོ།། འདི ་ནི་ཚོར་བའོ།། འདི་ནི་འདུ་ཤེས། འདི་དག་ནི་རྣམ་པར་ཤེས་པ་སྟེ།། རྣམ་པར་ཤེས་པ་འདི་ནི་སྐྱེ་བའོ།། རྣམ་པར་ཤེས་པ་འདི་འཇིག་པའོ།། ཞེས་དེ་ཉེ་བར་ལེན ་པའི་ཕུང་པོ་ལྔ་པོ་འདི་རྣམས་པ་སྐྱེ་བ་དང་། འཇིག་པ་རྗེས་སུ་ལྟ་ཞིང་གནས་སོ།། གང་བ་ཅུང་ཟད་སྐྱེ་བའི་ཆོས་ཐམས་ཅད་ནི།། ཡུན་མི་རིང་བ་ཉིད་དུ་འགག་པའི་ཆོས་ཡིན ་པར་རིགས་ནས། དེ་ཉིད་དུ་རང་བྱང་ཆུབ་རྗེས་སུ་ཐོབ་བོ།། དེ་ནས་བཅོམ་ལྡན་འདས་རང་སང་སངས་རྒྱས་དེའི་རྐྱེན་ཇི་ལྟར་བ་བཞིན་གྱིས་ཆོས་ཐོབ་པ་མཐོང་ནས། དེའི ་ཚེ་ཚིགས་སུ་བཅད་པ་དེ་དག་སྨྲས་སོ།། ཡང་དག་བསྙེན་གནས་ཆགས་གྱུར་ལ།། ཆགས་ལས་བསྡུག་བསྔལ་འདི་བྱུང་སྟེ། ཆགས་ལས་སྡུག་བསྔལ་འདི་འཇུག ་པས།། དེ་ཕྱིར་མཁས་ཆ་གསུན་དབྱུང་། བསེ་ལྟ་བུ་གཅིག་པུ་སྤད་། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་གྱུར་ཏེ། བདག་གི་སེམས་རྣམས་ཀྱི་ཕྱིར། དཀའ་བ་མི ་སྤྱད་པས་ནི་སུ་ལ་ཡང་ཕན་པ་བྱས་པ་མ་ཡིན་ཏེ། བདག་གིས་དེང་སུ་ཞིག་ལ་སྙིང་རྩེ་བར་བྱ་ཞིང་། བདག་གིས་དེང་སུ་ཞིག་བསོད་སྙོམས་བླངས་ཏེ། ཡོངས ་སུཾ་བཟའ་བར་བྱ་སྙམ་མོ།། དེ་ནས་བཅོམ་ལྡན་འདས་རང་སངས་རྒྱས་དེ་མི་ལས་ཤིན་དུ་འདས་ལྷའི་སྤྱན་གྱིས་འཛམ་བུ་གླིང་འདི་ཀུན་ཏུ་བྱས་པ་དང་། བཅོམ་ལྡན ་འདས་རང་སངས་རྒྱས་དེས། འཛམ་བུ་གླིང་གི་ཟས་ལ་སོགས་པ་ཡོངསུ་ཟད་པར་མཐོང་སྟེ། གཞན་དུ་རྒྱལ་པོ་གསེར་མདོག་ལ་ཟས་ཀྱི་ལྷག་མ་བྲེའུ་ཆུང་གང་ཞིག་ཡོད། ་དེ་འདི་སྙམ་དུ་གྱུར་ཏེ། བདག་གིས་ངེས་པར་རྒྱལ་པོ་གསེར་མདོག་ལ་སྙིང་བརྩེ་བར་བྱ་ཞིང་། བདག་གིས་ངེས་པར་རྒྱལ་པོ་གསེར་མདོག་ལ་ཟས་ཀྱི་ལྷ་མ་བྲེའུ ་། ཆུང་གང་ཞིག་ཡོད་པ་ལས་བསླངས་ཏེ། ཡོངས་སུ་བཟའ་བར་བྱའོ།། སྙམ་མོ་དེ་ནས་བཅོམ་ལྡན་འདས་རང་སངས་རྒྱས་དེ། དེའི་རྫུ ་འཕྲུལ་འདི་ལྟ་བུས་ན་མཁའ་ལ་མངོན་དུ་སོང་སྟེ། ལུས་སྣང་བར་བྱ་ཞིན་དུ་རྫུ་འཕྲུལ་གྱིས། རྒྱལ་པོའི་ཕོ་བྲང་གསེར་ཅན་གང་ན་བ་དེར་སོང་སྟེ།། དེའི་ཚེ་རྒྱལ་པོ་གསེར་མདོག་གི ་བློན་པོ་ལྔ་སྟོང་ཙམ་དང་། ཁང་བཟང་གི་སྟེང་ན་འཁོད་པར་གྱུར་ཏོ།། བཅོམ་ལྡན་འདས་རང་སངས་རྒྱས་དེ་རྒྱང་རིང་པོ་ནས་འདིར་འོངས་པ་ན། སྣ་ཆེན་པོ་ལ་གཏོགས་པ་གཅིག་གིས ་མཐོང་ངོ་།། མཐོང་ནས་སྣ་ཆེན་པོ་ལ་གཏོགས་པ་དག་བོས་ནས། གྲོང་གྲིར་གཙོ་བོ་དག་ལྟོས་ཤིག་འདི་ལྟར་རྒྱང་རིང་པོ་ནས་བྱ་དམར་པོ་འཕུར་བ་ཞིག་འོང་ངོ་།། སྣ་ཆེན་པོ་ལ ་གཏོགས་པ་གཉིས་པས་སྨྲས་པ། གྲོང་གྲི་གཙོ་བོ་དག་འདི་ནི་བྱ་དམར་པོ་འཕུར་བ་མ་ཡིན་གྱིས། འདི་ནི་སྲིན་མོ་མདངས་འཕྲོག་པ་ཞིག་འོངས་ཏེ། འདིས་ནི་དེང་བདག་ཅག ་ཟོས་པར་འགྱུར་རོ།། དེ་ནས་རྒྱལ་པོ་གསེར་མདོག་ལག་པ་གཉིས་ཀ་ས་བཞིན་ལེགས་པར་ཕྱིས་ཏེ། སྣ་ཆེན་པོ་རྣམས་ལ་སྨྲས་པ། གྲོང་གི་གཙོ་བོ་དག་འདི་ནི་བྱ་མར་འཕུར ་མ་ཡིན་ལ། སྲིན་མོ་མ་དང་འཕྲོག་པ་ཡང་མ་ཡིན་ནོ།། འདི་ནི་དྲང་སྲོང་སྟེ། བདག་ཅག་ལ་སྙིང་བརྩེ་བའི་ཕྱིར་འོང་ངོ་།། དེ་ནས་བཅོམ་ལྡན་འདས་རང་སངས་རྒྱས་དེ་རྒྱལ ་པོ་གསེར་མདོག་གི་ཁང་བཟངས་ཀྱི་སྟེང་དུ་བབས་སོ།། དེ་ནས་རྒྱལ་པོ་གསེར་མདོག་ལངས་ནས་བཅོམ་ལྡན་འདས་རང་སངས་རྒྱས་དེ་བསུས་ནས། བཅོམ་ལྡན་འདས་རང ་སངས་རྒྱས་དེའི་ཞབས་ལ་མགོ་བོས་ཕྱག་ལ་ཚལ་ཏེ། སྟན་བཤམས་པ་ལ་བཞུགས་པར་གསོལ་ཏོ།། དེ་ནས་རྒྱལ་པོ་གསེར་མདོག་གིས། བཅོམ་ལྡན་འདས་རང་སངས་རྒྱས ་ལ་འདི་སྐད་ཅེས་སྨྲས་སོ།། དྲང་སྲོང་ཅིའི་ཕྱིར་འདིར་བྱོན། དྲང་སྲོང་གིས་སྨྲས་པ། རྒྱལ་པོའི་ཟས་ཀྱི་ཕྱིར་རོ།། དེ་ནས་རྒྱལ་པོ་གསེར་མདོག་རབ་ཏུ་ངུས་ཏེ། མཆི་མ་ཕྱུང་ནས་ཨེ་མཚོ ་བདག་དབུལ་ཏེ་འདི་ལྟར་འཛམ་བུ་གླིང་གི་དབང་ཕྱུག་དམ་པ་བྱས་ཀྱིས་དང་། དྲང་སྲོང་གཅིག་ལ་བསོད་སྙོམས་དབུལ་བར་མ་ནུས་སོ།། དེ་ནས་རྒྱལ་པོའི་ཕོ་བྲང་གསེར་ཅན་གནས་པའི ་ལྷ་དེས་རྒྱལ་པོ་གསེར་མདོག་ལ་ཚིགས་སུ་བཅད་དེ་སྨྲས་པ། ཅི་ཞིག་སྡུག་བསྔལ་ཡིན་ཞེ་ན་ནི་དབུལ་བའོ།། ཤིན་ཏུ་སྡུག་བསྔལ་སེམས་ཅན་དངུལ་བ་དེ་ཉིད་དེ།། དབུལ་བ་བདག ་གི་ནང་ན་ཤི་དང་མཚུངས་པར་གྱུར་པ་སྟེ། བདག་ནི་ཤེ་དང་འདྲའི་དབུལ་བ་མི་འདོད་དོ།། དེ་ནས་རྒྱལ་པོ་གསེར་མདོག་གིས་མཛོད་པ་བོས་ནས། འདི་སྐད་ཅེས་སྨྲས་སོ།། གྲོང་གི ་གཙོ་བོ་ཁྱིམ་ན་བཟའ་བ་ཅུང་ཟད་ཡོད་ན། དྲང་སྲོང་འདི་ལ་དབུལ་བར་བྱའོ།། དེས་སྨྲས་པ། གང་ལྷ་མཁྱེན་པ་ལགས་ཏེ། འཛམ་བུ་གླིང་གི་ཟས་ལ་སོགས་པ་ཐམས་ཅད་ཡོངས ་སུ་བས་སོ།། གཞན་དུ་ན་ལྷ་ཉགཅིག་ཤོས་ཀྱི་ལྷམ་བྲེའུ་རླུང་གང་ཞིག་མཆིས་སོ།། དེ་ནས་རྒྱལ་པོ་གསེར་མདོག་འདི་སྙམ་དུ་གྱུར་ཏེ།། གལ་ཏེ་ཟོས་ན་ནི་འཚོ། ཅི་སྟེ་མ་ཛེས ་ན་ནི་འཆིའོ་སྙམ་མོ།། དེ་ཡང་འདི་སྙམ་དུ་གྱུར་ཏེ། གལ་ཏེ་ཟོས་ཀྱང་བདག་ངེས་པར་འཆི་བར་གྱུར་ཏེ། འཚོ་བས་ཆོག་གིས་ཇི་ལྟར་ན་འདི་འདྲའ་བའི་དྲང་སྲོང་ཚུལ་ཁྲིམས་དང ་ལྡན་པ་དགེ་བའི་ཆོས་ཅན་ཏོ།། དེ་ནས་རྒྱལ་པོ་གསེར་མདོག་གིས་རྩིས་པ་དང་། སྣ་ཆེན་པོ་ལ་གཏོགས་པ་དང་། སྒོ་བ་དང་འཁོར་རྣམས་བསྡུས་ནས། འདི་སྐད་ཅེས་སྨྲས ་གྲོང་གི་གཅ་བོ་ཁྱེད་དག་ཀྱི་ཧུད་འདི་ནི་གསེར་མདོག་གི་སྦྱིན་པ་གཏོང་མཐའ་མ་ཡིན་ཏེ། རྗེསུ་ཡི་རང་བར་གྱིས་ཤིག། དགེ་བའི་རྩ་བ་འདིས། ་འཛམ་བུ་གླིང་གི་མི་ཐམས་ཅད་ཀྱི་དབུལ་བ་ཡང་དག་པར་གཅོད་པར་གྱུར་ཅིག། དེ་ནས་རྒྱལ་པོ་གསེར་མདོག་གི་ཟས་བྲེའུ་རླུང་གང་ཡོད་པ་དེ། བཅོམ་ལྡན་འདས་རང ་སངས་རྒྱས་དེའི་ལྷུང་བཟེད་བླུགས་ནས། བཅོམ་ལྡན་འདས་རང་སངས་རྒྱས་དེའི་ལག་པར་ལྷུང་བཟེད་བྱིན་ནོ། གང་སྤངས་རྒྱས་ཀྱི་ལུས་ཀྱིས་ཆོས་སྟོན་པ་ནི་ཆོས ་ཉིད་དེ། ཚིག་གིས་ནི་མ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་རང་སངས་རྒྱས་དེས་རྒྱལ་པོ་གསེར་མདོག་གི་བསོད་སྙོམས་བླངས་ནས། འདི་ལྟར་རྫ་འཕྲུལ་གྱིས་ནམ ་མཁའ་ལ་སོང་ངོ་།། དེ་ནས་རྒྱལ་པོ་གསེར་མདོག་དེ་ཐལ་མོ་སྦྱར་ནས་མིག་རྒྱང་གིས་སོང་དག་གི་བར་བུ་མིག་མི་འཛུམ་པར་བལྟས་སོ།། དེ་ནས་རྒྱལ་པོ་གསེར་མདོག ་གིས་རྩིས་པ་དང་སྣ་ཆེན་པོ་ལ་གཏོགས་པ་དང་བློན་པོ་དང་སྒོ་བ་དང་འཁོར་རྣམས་བོས་ནས་འདི་སྐད་ཅེས་སྨྲས་སོ།། གྲོང་གི་གཙོ་བོ་དག་རང་རང་གི་ཇི་ལྟ་བ་བཞིན ་དེངས་ཤིག་ཁངས་བཟང་འདིར་དཀྲེས་པ་དང་སྐོམ་པས་འཆི་བའི་དུས་མ་བྱེད་ཅིག། དེ་དག་གིས་སྨྲས་པ། གང་གི་ཚེ་ལྷའི་དཔལ་དང་སྐུའི་དཔལ་དང་ལྡན་པར་གྱུར་པ ་དེའི་ཚེ། བདག་ཅག་ལྷའི་ཞས་རིང་ན་རྩེ་ཞིང་དགའ་ལ་སྤྱོད་ལགས་ནི། འདི་ལྟ་སྟེ་བདག་ཅག་ལྷའི་དུས་ཕྱི་མ་དང་། དུས་ཚེད་ཕྱི་མ་ཡོངས་སུ་གཏོང་བ་ག་ལ་ཞིག ་བཟོད། དེ་ནས་རྒྱལ་པོ་གསེར་མདོག་གི་རབ་ཏུ་ངུས་ཏེ་མཆི་མ་ཕྱུང་ངོ་།། མཆི་མ་ལེགས་པར་ཕྱིས་ནས། རྩིས་པ་དང་སྣ་ཆེན་པོ་ལ་གཏོགས་པ་དང་བློན་པོ་དང་སྒོ་བ ་དང་འཁོར་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། གྲོང་གི་གཙོ་བོ་དག་རང་རང་གི་གནས་ཇི་ལྟ་བ་བཞིན་དེངས་ཤིག། ཐམས་ཅད་ཁངས་ཟངས་འདིར་དཀྲིས་པ་དང་། སྐོམ ་པ་དག་གིས་འཆི་བའི་དུས་མ་བྱེད་ཅིག། དེ་ནས་རྩིས་པ་དང་། སྣ་ཆེན་པོ་ལ་གཏོགས་པ་དང་། བློན་པོ་དང་། སྒོ་བ་དང་། འཁོར་རྣམས་རབ་ཏུ་དུས་ཏེ་མཆི་མ་བྱུང་ངོ་།། ་མཆི་མ་ལེགས་པར་ཕྱིས་ནས། རྒྱལ་པོ་གསེར་མདོག་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་གསེན་མདོག་གི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས ་རྒྱལ་པོ་གསེར་མདོག་ལ་འདི་སྐད་ཅེས་སྨྲས་སོ།། བདག་ཅག་གིས་ལྷའི་ཞལ་ལྟ་བའི་ཕྱིར་མ་དེང་ལེགས་ཏེ། བདག་ཅག་གིས་གང་ཅུད་ཟད་ལྷའི་བཀའ་དེང་འགལ ་བཅང་བགྱིས་པ་བཟོད་པར་གསོལ།། འདི་ལྟར་སྟེ། བཅོམ་ལྡན་འདས་རང་སངས་རྒྱས་དེས་བསོད་སྙོམས་དེ་ཡོངས་སུ་ཟོས་སོ།། དེ་ནས་སྐད་ཅིག་དེ་ཉིད་ལ་ཕྱོག ་བཞི་ཀུན་ནས་སྤྲིན་སྟུག་པོ་བཞི་ལངས་སོ།། རླུང་གྲང་བ་ཡངས་ལངས་ཏེ། དེའི་ཚེ་འཛམ་བུའི་གླིང་ཕྱགས་སོ།། དེ་ནས་དེའི་དུས་ཀྱི་བྱེ་བྲག་ལ། བཅའ་བར་བྱ་བ་དང་། ་བཟའ་བར་བྱ་བ་རྣམ་པ་སྣ་ཚོགས་ཀྱི་ཆར་རབ་སྟེ། བཟའ་བར་བྱ་བའི་དངོས་པོ་འདི་ལྟ་བུ་འབྲས་ཆེན་དང་། བྱེ་དང་ཟན་དྲོན་དང་། ཤ་དང་ཉ་ཤ་དང་བཅའ་བར ་བགང་པར་བྱ་འཇས་། ་བྱ་བའི་དངོས་པོ་འདི་ལྟ་བུ་བཅའ་བར་བྱ་བ་ལ་ཕུག་དང་། བཟའ་བར་བྱ་བའི་མེ་ཏོག་དང་། བཟའ་བར་བྱ་བཏིལ་དང་། བཟའ་བར་བྱ་བ་ཏིལ་མར་དང་། ་བཟའ་བར་བྱ་བ་བུ་རམ་དང་། བཟའ་བར་བྱ་བ་ཀར་དང་། གཞན་ཡང་བཟའ་བར་བྱ་བ་དང་། བཅའ་བར་བྱ་བ་དང་། མྱ་ངན་བར་བྱ་བ་རྣམ་པ་མང་པོའི་བཟའ་བ་དག་གི་ཆར་བ ་པོ།། དེ་ནས་རྒྱལ་པོ་གསེར་མདོག་མགུ་ལ་དགའ་ཞིང་ཡིད་རང་སྟེ། རབ་ཏུ་དགའ་ནས། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། རྩིས་པ་དང་སྣ་ཆེན་པོ་ལ་གཏོགས་པ་དང་། ་བློན་པོ་དང་སྒོ་བ་དང་། འཁོར་རྣམས་བོས་ནས། འདི་སྐད་ཅེས་སྨྲས་སོ།། གྲོང་གི་གཙོ་བོ་དག་ལྟོས་ཤིག། ཀྱེ་མ་དེང་བསོད་སྙོམས་གཅིག་ཕུལ་བའི་མྱུ་གུ་བྱུང་བར་གྱུར་ཏེ། འབྲས ་བུ་དང་ལོ་མ་དང་། མེ་ཏོག་ནི་ཕྱིས་འབྱུང་བར་འགྱུར་རོ།། དེ་ནས་ཉི་མ་གཉིས་པ་ལ་ཉིན་བདུན་ནོར་དང་འབྲུའི་ཆར་རབ་ཏུ་ཕབ་བོ།། འདི་ལྟ་སྟེ། ཏིལ་དང་འབྲས་ཐུག་པོ ་ཆེ་དང་། མོན་སྲན་གྲེའུ་དང་། མོན་སྲན་དང་ཀ་རུ་དང་། ནས་དང་གྲོ་དང་། སྲན་ཆུང་དང་། འབྲས་སཱ་ལུ་དང་། འབྲིའི་རིགས་ཐམས་ཅད་དང་། ཞག་བདུན་དུ་མར་གསར ་གྱི་ཆར་བབ་བོ།། ཞག་བདུན་དུ་ཏིལ་མར་གྱི་ཆར་བབ་བོ།། ཞག་བདུན་དུ་བྱི་རུ་རྔས་ཀྱི་ཆར་བབ་པོ།། ཞག་བདུན་དུ་རྫས་རྣམ་པ་སྣ་ཚོགས་ཀྱི་ཆར་བབ་བོ།། ཞག་བདུན ་དུ་རིན་ཛ་པོ་ཆེ་སྣ་བདུན་ལ་གསེར་དང་དངུལ་དང་། བཻ་ཌཱུརྱ་དང་། མུ་ཏིག་དམར་པོ་དང་རྡོའི་སྙིང་པོ་དང་། སྨྲིག་རྣམས་དང་། རིན་པོ་ཆེ་སྣ་བདུན་པོ་འདི་དག་གི་ཆར ་བབ་བོ།། རྒྱལ་པོ་གསེར་མདོག་གི་མཐུས། འཛམ་བུ་གླིང་གི་མི་ཐམས་ཅད་ཀྱི་དབུལ་བ་ཡང་དག་པར་བཅད་པར་གྱུར་ཏོ།། དགེ་སློང་དག་དེའི་ཚེ་དེའི་དུས་ན། རྒྱལ་པོར་གྱུར ་པ་དེ་གཞན་ཡིན་སྙམ་དུ་ཁྱོད་ཐེ་ཙོམ་འམ་ཡིད་གཉིས་སུ་མི་བྱའོ།། དགེ་སློང་དག་དེའི་ཚེ་དེའི་དུས་ན། 6། རྒྱལ་པོ་གསེར་མདོག་ཅེས་བྱ་བ་ང་ཉིད་ཡིན་པར་ལྟ་བར་བྱའོ།། དགེ ་སློང་དག་རྣམ་གྲངས་དེས་ཀྱང་འདི་ལྟར་རིག་པར་བྱའོ།། ཇི་ལྟར་སངས་སྨིན་པའི་འབྲས་བུ་དང་། སྦྱིན་པའི་འགོད་པའི་རྣམ་པར་སྨིན་པ་ཤེས་པ་ལྟར་ཐེག་པ་ཆེན་པོའི་མཛེ ་འཕགས་པ་ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། ཆོས་བཞི་བསྟན་པ་ཞེས་བྱ་བའི་མདོ།། འཕགས་པ་ཆོས་བཞི་པ་ཞེས་བྱ ་བའི་མདོ།། ཆོས་ཀྱི་ཕུང་པོ་ཞེས་བྱ་བའི་མདོ།། སེམས་ཅན་རྣམས་ཀྱིས་ཀྱང་སྦྱིན་པའི་འབྲས་བུ་དང་སྦྱིན་པ་ལ་འགོད་པའི་རྣམ་པར་སྨིན་པ་ལ་ཤེས་པར་གྱིས་ཤིག། གང་ཁམ ་ཕྱི་མའི་ཁམ་ཕྱི་མ་གཅིག་པུ་དེ་ཡང་། གཞན་དག་ལམ་མྱུ་གོས་པར་བདག་གི་བར་མི་བྱའོ།། སེར་སྣའི་སེམས་ཀྱི་དྲི་མ་སྐྱེས་པས་ཀུན་ནས་དཀྲིས་ཏེ། འདུག་པར་མི་བྱའོ།། ་ཇི་ལྟར་ངས་ཤེས་པ་དེ་བཞིན་དུ། འདི་ལྟར་སེམས་ཅན་དག་གིས་སྦྱིན་པ་འགོད་པའི་རྣམ་པར་སྨིན་པ་མི་ཤེས་ཏེ། དེ་ལྟ་བས་ན་སེམས་ཅན་དག་གང་ཁམ་ཕྱི་མིའི་ཁམ་ཕྱི ་མ་གཅིག་པོ་དེ་ཡང་། གཞན་དག་ལ་མ་བྱིན་མགོས་པར་བདག་ཉིད་ཀྱིས་བཟའ་བར་མི་བྱའོ།། སེར་སྣའི་སེམས་ཀྱི་དྲི་མ་སྐྱེས་པས་ཀུན་ནས་བཀྲེས་ཏེ་འདུག་པར ་མ་བྱའོ།། སྔོན་གྱི་དགེ་བའི་རྩ་བ་མི་དགས་བྱས་པ་ཆུད་མི་པ་མཁས་པ་དག་ལ་བརྟེན་པ་ཆུང་མི་ཟབ་སྟེ། འཕགས་པའི་སྐྱེངོས་ལེགས་པར་སྤྱད་པ་ཆུད་མིརྦ། ་བྱས་པ་བཟོད་ལ་བྱས་པ་རྣམས་ཀྱང་ཆུད་མི་ཟ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམསེམ་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ལྷ་དེང་མི་དང ་ལྷ་མ་ཡིན་དང་དྲི་ཟར་བས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་སྟོད་དོ།། གསེར་མདོག་གི་སྦྱོར་བ་ཞེས་བྱ་བ་རྫོགས་སྷོ།། ། ་