CLOSE WINDOW

F166: 'phags pa rdo 'phangs pa'i mdo
Wyliee-texts produced with BDRC’s OCR application

བསྟོད་དོ།། འཕགས་པ་དཔལ་སྦས་ཞེས་བྱའི་མདོ་རྫོགས་སྷོ།། རྒྱ་གར་སྐད་དུ། ཨཱརྱ་ཤི་ལ་ནི་ཀྲ་པ་སཱུ་ཏྲམ? ་བོད་སྐད་དུ། འཕགས་པ་རྡོ་འཕངས་པའི་མདོ། བམ་པོ་དང་པོ།། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། འདི་སྐད་ཅེ་བདག་གིས་ཐོས་པ ་དུས་ཅིག་ན། བཅོམ་ལྡན་འདས་ཀྱང་རྣམས་ཀྱི་ལྗོངས་སུ་རྒྱུ་བ་ན་སྤྱད་ནས། སྡིག་པར་གཤེགས་ཏེ། སྡིག་པ་ན་སྲིན་བུ་པད་མའི་ནགས་ཁྲོད་དུ་བཞུགས་སོ།། དེ་ནས་བཙོ ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཀུ་ཤའི་གྲོང་ཁྱེར་ག་ལ་བར་ཚུར་ཤེག། བཙུན་པ་དེ་བཞིན་ནོ་ཞེས་གསོལ་ནས། ཚེ་དང་ལྡན་པ ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་ལྟར་ཉན་ཏོ།། ཡང་དེའི་ཚི་ཀུ་ཤའི་གྲོང་ཁྱེར་གྱི་གྱང་རྣམས་ནི་གྱང་ལྔ་བརྒྱ་ཙམ་སྟེ། དེ་ལ་གྱང་རེ་རེ་ཡང་གྱད་ཀྱི་འཁོར་བརྒྱ་བརྒྱ ་དང་ལྡན་ནོ།། འདུན་ས་ཅིག་ཤོས་སུ་འདུས་ཏེ་འཁོད་པ་དེ་དག་པར་གྱི་གཏམ་ཡང་དག་པར་བརྗོད་པ་འདི་ལྟ་བུ་བྱུང་སྟེ། ཤེས་ལྡན་དག་བཅོམ་ལྡན་འདས་ཀྱང་རྣམས་ཀྱི་ལྗོངས་སུ ་རྒྱ་བ་སྤྱད་ནས་སྡིག་པར་གཤེགས་ཏེ། སྡིག་པར་སྲིན་བུ་པཱདྨའི་ནགས་ཁྲོད་ན་བཞུགས་སོ།། དེ་ལ་སྡིག་པར་སྐྱེས་པའི་གྱང་རྣམས་ཀྱིས་རི་མོར་བྱ་བ་མཆོག་གིས་རི་མོར་བྱས། མཆོད ་པར་བྱས་པ་མཆོག་གིས་མཆོད། བླ་མ་ལ་ནི་གུས་པར་མཆོག་གིས་ཀྱང་།། བསྙེན་བཀུར་བྱས་སོ།། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ལ་ཆོས་ཀྱི་སྦྱིན་པ་དམ་པ་གྱ་ནོམ་པ་བླ་ན་མེད ་པས། ཕན་བདགས་པ་མཛད་དོ།། དེ་ལ་བཅོམ་ལྡན་འདས་གནས་པ་ཇི་ལྟ་བུས་གནས་པ།། རིང་པོར་མི་ཐོགས་པར་དགེ་སློང་ཚོགས་ཀྱིས་ཡོངསུ་བསྐོར་ཅིང་དགེ་སློང་གི་དགེ ་འདུན་གྱི་མདུན་དུ་བངར་ཏེ། བདག་ཅག་གི་གྲོང་གི་ཞིང་དུ་ཀུ་ཤའི་གྲོང་ཁྱེར་དུ་གཤེགས་སོ།། སྙམ་མོ།། གླང་འོན་བདག་ཅག་གིས་ཀྱང་བཅོམ་ལྡན་འདས་དེ་ལ་རི་མོར་བྱ་བ་དང་། ་མཆོད་པར་བྱ་བས་བདག་ལ་ཕན་པར་བྱ་བའི་ཕྱིར། ཀུ་ཤིའི་གྲོང་ཁྱེར་ཀུན་ཆོ་ག་བཞིན་དུ་ཕྱག་དང་བྱ། ཆག་ཆག་ལེགས་པར་བཏབ་པ་དང་། བྱི་དོར་ལེགས་པར་བྱ་བ་དག ་བྱས་ནས། རྒྱན་དང་ལྷ་ལྟབ་ཐམས་ཅད་དང་། བདུག་པ་དང་། འཕྲེང་བ་དང་། མེ་ཏོག་དང་། སྤོས་དང་། རོལ་མོའི་སྒྲ་གྱ་ནོམ་པ་དག་གིས་བརྒྱན་པར་བྱ། གདུགས་དང་། རྒྱལ ་མཚན་དང་། བ་དན་དག་གཟུགས་པར་བྱ། དུས་སྟོན་དག་ཏུ་གནས་པར་བྱ། བཅོམ་ལྡན་འདས་ལམ་གང་ནས་གཤེགས་པར་བརྩོན་པའི་གཤེགས ་ཤུལ་དེ་ཡང་ཆོ་ག་བཞིན་དུ་ཕྱག་དར་བྱའོ།། དེ་ཕྱིན་ཆད་ནི་བདག་ཅག་ཐམས་ཅད་ཀྱིས་གསུབ་བྱས་ས་ཤིག་ན་ལེགས་སོ།། སྙམ་ནས། དེ་ནས་དེ་དག་ཐམས་ཅད་ཚོགས་ཤིང ་ཡང་དག་པར་དགའ་སྟེ། བརྩོད་པ་མེད་ཅིང་རྩེ་གཅིག་ལ་བློ་གཅིག་པ་དག་ཏུ་བྱས་ནས། ཀུ་ཤའི་གྲོང་ཁྱེར་ཐམས་ཅད་ཆོ་ག་བཞིན་དུ་ཕྱག་དར་བྱེད་དོ།། ཆག་ཆག་ལེགས་པར ་བཏབ་པ་དང་། བྱི་དོར་ལེག་པར་བྱ་བ་དག་བྱས་ནས། རྒྱན་དང་ལྷབ་ལྷུབ་ཐམས་ཅད་དང་། བདུག་པ་དང་། འཕྲེང་བ་དང་། མེ་ཏོག་དང་། སྤོས་དང་། རོལ་མོའི་སྒྲ་གྱ་ནོམ ་པ་དག་གིས་བརྒྱན་པར་བྱེད། གདུགས་དང་། རྒྱལ་མཚན་དང་། བ་དན་དག་འཛུགས་པར་བྱེད། དུས་སྟོན་ཡང་རབ་ཏུ་གནས་པར་བྱེད་དེ། གཤེགས་ཤུལ་གང་ནས་བཅོམ་ལྡན ་འདས་གཤེགས་པའི་གཤེགས་ལམ་དེ་ཡང་ཆོ་ག་བཞིན་དུ་ཕྱག་དར་བྱེད་དོ།། ཡང་དེའི་ཚེ་ཀུ་ཤའི་གྲོང་ཁྱེར་དང་། ཆུ་ཀླུང་དམིག་ལྡན་གཉིས་ཀྱི་བར་ན། རྡོ་ཆེན་པོ་ཡངས་པ ་ཞིག་གནས་མ་ཡིན་པ་ན་འདུག་སྟེ། ལམ་ཆེན་པོ་གནས་པ་ན་འདི་ལྟ་སྟེ། གྱེར་དུ་ནི་འདོམ་བཅཝོ་ལྔ་སྲིད་མངོན་དུ་འཕགས་སོ།། རྒྱར་ནི་འོདོམ་ཕྱེད་དང་། བརྒྱད་དོ།། དེ་ནས་དེ་དག ་འདི་སྙམ་དུ་སེམས་ཏེ། གང་འོག་བདག་ཅག་གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་བཏེག་སྟེ། ཕྱོགས་གཅིག་ཏུ་བཞག་པར་བྱའོ།། དེའི་ཕྱིར་བདག་ཅག་གིས་ལམ་ཡང ་ཤིན་ཏུ་ཕྱག་དར་བྱས་པར་འགྱུར་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མཆོད་པར་འགྱུར་ཞིང་། ཕྱོགས་དང་ཕྱོགས་མཚམས ་དག་ཏུ་ཡང་བདག་ཅག་གི་དགེ་བ་རྒྱ་ཆེན་པོ་གྲགས་པ་དང་། སྒྲ་དང་ཚིགས་སུ་བཅད་པས། མངོན་པར་འཕགས་པར་འགྱུར་ཏེ། གང་དག་སི་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས ་འདི་ནས་བཏེ་ག་ནས། ཕྱོགས་གང་ཡང་རུང་བ་ཞིག་ཏུ་བཞག་པས་ཀྱེ་མ་ཀུ་ཤའི་གྲོང་ཁྱེར་གྱི་གྱང་དག་ནི་དཔའ་བོ་དག་བྱུང་ངོ་།། ཀྱེ་མ་ཀུ་ཤའི་གྲོང་ཁྱེར་གྱི་གྱད་དག་ནི་རྟུལ ་བོད་པ་ཡན་ལག་མཆོག་གིས་གཟུགས་དང་། ལྡན་པ་ཆོས་སྟོབས་དང་ལྡན་པར་དག་བྱུང་བར་གྱུར་ཏོ།། ཞེས་ཟེར་རོ།། སྙམ་ནས། དེ་ལྟར་རྗེས་སུ་རྣམ་པར་བསམས་ཏེ། དམ ་བཅའ་བ་དག་བྱས་སོ།། ཤེས་ལྡན་དག་ཀུན་ཤའི་གྲོང་ཁྱེར་གྱིས་གྱད་དག་གམ། གྱད་ཀྱི་བུ་གཞོན་ནུ་དག་ཉོན་ཅིག། བདག་གི་འདི་བརྩལ་བར་བརྩོན་ནོ།། རྡོ་ཆེན་པོ་ཡངས ་པའི་གནས་མ་ཡིན་པ་ན་འདུག་སྟེ། རྒྱལ་པོའི་ལམ་ན་གནས་པས། གང་འོ་ན་བདག་གི་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་གཏེག་ནས་ཕྱོགས་གཅིག་ཤོས་སུ་བཞག ་པར་བྱའོ།། དེའི་ཕྱིར་བདག་ཅག་གིས་ལམ་ཤིན་ཏུ་སྦྱངས་པར་འགྱུར་ཞིང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མཆོད་པར་འགྱུར ་ལ། ཕྱོགས་དང་ཕྱོགས་མཚམས་སུ་ཡང་བདག་ཅག་གི་དགེ་བ་རྒྱ་ཆེན་པོ་གྲགས་པ་དང་། སྒྲ་དང་ཚིགས་སུ་བཅད་པས་མངོན་པར་འཕགས་པར་འགྱུར་ཏེ། གང ་དག་གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས། ཕྱོགས་ཅིག་ཤོས་སུ་བཏེགས་པས་ཀྱེ་མ་ཀུ་ཤའི་གྲོང་ཁྱེར་གྱི་གྱང་དག་ནི་དགའ་བ་དག་བྱུང་ངོ་།། ཀྱེ་མ ་ཀུ་ཤའི་གྲོང་ཁྱེར་གྱི་གྱད་དག་ནི་རྟུལ་ཕོད་པ་ཡང་ལག་ཕྱོགས་གཟུགས་དང་ལྡན་པ། ཆེས་སྟོབས་དང་ལྡན་པ་དག་བྱུང་ངོ་། ཞེས་ཟེར་གྱིས། དེའི་ཕྱིར་ཤེས་ལྡན་དག་རྡོ་ཆེན་པོ་འདི་དག་ལ ་ངར་ཀུན་ཀྱང་དེང་ཤིག། དེ་བཞིན་ནོ་ཞེས་སྨྲས་ནས། ཀུ་ཤའི་གྲོང་ཁྱེར་གྱི་གྱང་དག་ཕན་ཚུན་གྱི་ལྟར་ཉན་ཏོ།། དེ་དག་སོ་སོ་ནས་གཞོན་ནུ་པ་བཟང་པོ་འདི་དག་ལ་བར་ཀུན ་ཞོན་ནས། བདག་གིས་སྟེང་འདི་ན་ཆོས་སྟོབས་དང་ལྡན་པའོ།། སྙམ་དུ་རློམས་སེམས་བྱེད་ཅིང་། འོས་པ་དང་། རིགས་པ་དང་། སྟོབས་དང་། ལུས་བྱས་དང་། ་དབང་ཕྱུག་གི་རྒྱགས་པས་དྲེགས་ཏེ། སྒྲ་ཆེན་པོས་གཞ་བྱེད་ཅིང་ཅ་ཅོ་བྱེད་ལ། དགའ་མགུ་རངས་ཤིང་དགའ་བ་དང་། བདེ་བ་དང་། ཡིད་བདེ་བ་སྐྱེས་སྟེ། འབྱོར་པ་ཆེན་པོ ་མཆོག་གིས་ཀུ་ཤའི་གྲོང་ཁྱེར་ནས་བྱུང་ནས། རྟ་དང་རྔ་མོངས་དང་། བ་ལང་སྔོན་པོའི་གཙོ་བོ་ལ། ཁྱུ་མཆོག་དང་། གླང་པོ་ཆེ་དང་། སྤོས་ཀྱི་གླང་པོ་ཆེ་བརྒྱ་ཕྲག་དུ་མ་ཁྲིད ་ནས་རྡོ་ཆེན་པོ་ཡངས་པ་དེ་ག་ལ་བ་དེར་སོང་སྟེ། ཕྱིན་ནས། རྡོ་ཆེན་པོ་ཡངས་པ་དེ།། རྩིད་པའི་ཟག་པ་སྲབས་ལན་མང་དུ་དཀྲིས་ནས། ཁ་ཅིག་གིས་ནི་སྐབས་བནས ་ཏེ་རྠ་མུན་ཛ་དང་། བལ་པ་ཛའི་ཐེག་པ་དང་། རྟས་འདྲེན་པའི་ཕག་པ་དག་གིས་ཚུར་འདྲེར་བར་བྱེད། བར་འདྲེར་བར་བྱེད་དོ།། ཁ་ཅིག་ནི་ཐོང་ལྤགས་བརྒྱས་གཞི ་ནས་འབྱིན་པར་ད་།། ཁ་ཅིག་ནང་བ་དྷ་དག་གིས་གཅོད་པར་འདདང་།། ཁ་ཅིག་ན་རྡོ་རྗེས་གདཔཔ་དག་གིས་བྱེ་མར་བྱ་བར་འད་།། ཁ་ཅིག་ནི་ལུས་ཀྱི་སྟོབས་ཀྱིས་མརུང ་དག་བསྡམས་ཏེ་ཡོངས་སུ་སྐྱོད་པར་འདོད་དོ།། ཁ་ཅིག་ནི་ཁྱུ་མཆོག་དག་དང་། བ་ལང་གི་གཙོ་བོ་དག་གིས་བསྒྱེལ་བར་འདོད་དོ།། ཁ་ཅིག་ནི་བ་ལངས་ཁྱུའི་སྟོབས་ཀྱིས་རབ་ཏུ་གནོམ ་བར་འདོད་དོ།། ཁ་ཅིག་ནི་སྨན་གྱི་མཐུས་གཞིག་པར་འདོད་དོ།། ཁ་ཅིག་ནི་སྔགས་ཀྱི་མཐུས་མི་སྣང་བར་བྱ་བར་འདོད་དོ།། དེའི་ཕྱིར་བརྩོན་པ་དང་། དྲང་བ་དང་། འབད་པ་དེ་ལྟ ་བུས་དེ་དགིས་ཅི་ཕྱོགས་འདི་ནས་བཏེག་སྟེ། ཕྱོགས་ཅིག་ཏུ་བནག་གོ་སྙམ་པ་དང་། དེ་དག་ལུས་ངལ་ཞིང་ལུས་དུབ་ལ། ལུས་དགུ་པས་རབ་ཏུ་འབད་པ་སྤྱི་ལུག་སྟེ། རྡོ་ཆེན་པོ ་ཡངས་པ་དེ་བསྐུལ་བར་ཡངས་མ་ནུས་ན་བསྒྲེ་བ་འམ། འཕངས་པར་ལྟ་ག་ལ་ནུས། དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། དགེ་སློང ་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ། གང་ན་རྡོ་ཆེན་པོ་ཡངས་པ་དེར་གནས་པའི་ཕྱོགས་དེར་གཤེགས་སོ།། ཀུ་ཤའི་གྲོང་ཁྱེར་དུ་སྐྱེས་པའི་གྱད་རྣམས་ཀྱིས་བཅོམ་ལྡན་འདས ་རྒྱང་རིང་པོ་ནི་ནས་ཚུར་གཤེགས་པ་མཐོང་སྟེ། མཐོང་ནས་ཀྱང་དགའ་མགུ་ཞིང་རངས་ཏེ་དགའ་བ་དང་བདེ་བ་དང་། ཡིད་བདེ་བ་སྐྱེས་ཤིང་། བླ་མ་ལ་གུས་པ་ཆེན་པོ་སྐྱེས་ནས། ་ཐམས་ཅད་ཀྱིས་ཀྱང་བཅོམ་ལྡན་འདས་ལ་བསུ་བར་བྱེད་དོ།། བཅོམ་བླངས་ཀྱིས་ཞབས་གཉིས་ལ་མག་པས་ཕྱག་འཚལ་བར་བྱེད་དོ།། བཅོམ་ལྡན་འདས་ལ་ལན ་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱིལ་ལན་གསུམ་བསྐོར་བ་བྱས་ནས་ཅང་མི་སྨྲ་བར་ཕྱོགས་གཅིག་ཏུ་འཁོད་དོ།། བཅོམ་ལྡན་འདས་ཀྱིས་ཀུ ་ཤའི་གྲོང་ཁྱེར་གྱི་གྱང་ཕྱོགས་གཅིག་ཏུ་འཁོད་པ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གཞོན་ནུ་དག་ཅི་འདི་དལ་བ་ཆེན་པོ་མཆོག་གིས་ཀྱང་བརྩམས་སམ། ངལ་བར་བྱེད་དམ། ་དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལཱ་ཤའི་གྲོང་ཁྱེར་གྱི་གྱད་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འདི་ཀུ་ཤའི་གྲོང་ཁྱེར་གྱི་གྱང་བདག་ཅག་གིས ་ནི། བཅོམ་ལྡན་འདས་གྱད་རྣམས་ཀྱི་ལྗོངས་རྒྱུ་བ་སྤྱད་ནས།། སྡིག་པར་གཤེགས་ཏེ། སྡིག་པའི་སྲིན་བུ་ཕད་མའི་ནགས་ཁྲོད་ན་བཞུགས་སོ།། དེ་ལ་སྡིག་པར་སྐྱེས ་པའི་གྱད་རྣམས་ཀྱི་རི་མོར་བགྱི་བ། མཆོག་གི་རི་མོར་བགྱིས། མཆོད་པའི་མཆོག་གི་མཆོད། བླ་མ་ལ་གུས་པའི་མཆོག་གིས་ཀྱང་རིམ་འགྲོར་བགྱིས་སོ།། བཅོམ་ལྡན་འདས ་ཀྱིས་ཀྱང་དེ་ལ་ཆོས་ཀྱི་སྦྱིན་པ་དམ་པ་གྱ་ནོམ་པ། བླ་ན་མེད་པས་ཕན་བདགས་པར་མཛད་དོ།། དེ་ལ་བཅོམ་ལྡན་འདས་དགེ་སློང་གི་ཚེགས་ཀྱིས་ཡོངས་སུ་བསྐོར་ཞིང་། དགེ ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ། བདག་གི་གྲོང་གི་ཞིང་དུ་ཀུ་ཤའི་གྲོང་དུ་གཤེས་སོ།། ཞེས་ཐོས་ལགས་སོ།། དེ་སྐད་ཐོས་ནས་ཀྱང་བདག་ཅག་འདི་སྙམ་དུ་སེམས ་ལགས་སོ།། བདག་ཅག་གིས་ཀྱང་བཅོམ་ལྡན་འདས་དེ་རི་མོར་བགྱི་བ་དང་། མཆོད་པར་བགྱི་བས་བདག་ལ་ཕན་པར་བགྱི་བའི་སླད་དུ། ཀུ་ཤའི་གྲོང་ཁྱེར་ཐམས་ཅད་ཆོ་ག་བཞི ་དུ་ཕྱག་དར་དག་བགྱི། ཆག་ཆག་ལེགས་པར་བཏབ་པ་དང་། བྱི་དོར་ལེགས་པར་བགྱི་བ་དག་བགྱི་བ་དག་བགྱིས་ནས། བརྒྱན་དང་ལྷབ་ལྷུབ་ཐམས་ཅད་ཀྱིས་བརྒྱན་པར་བགྱི། དེ ་ནས་དྲི་དང་ཕྲེང་བ་དང་། མེ་ཏོག་དང་། བདུག་པ་དང་། རོར་མོའི་སྒྲ་གྱ་ནོམ་པ་དག་གིས་བརྒྱན་པར་བགྱི། གདུགས་དང་། རྒྱལ་མཚན་དང་། བ་དན་དག་ཀྱང་གཟུགས་པར ་བགྱི། དུས་སྟོན་ཡང་རབ་ཏུ་བཞག་པར་བགྱི། ཤུལ་གང་ནས་བཅོམ་ལྡན་འདས་གཤེགས་པར་མཛད་པའི་གཤེགས་ཤུ་དེ་ཡང་ཆོ་ག་བཞིན་དུ་ཕྱེ་དར་བགྱི། དེ་སླན་ཆང ་བདག་ཅག་ཐམས་ཅད་ཀྱིས་བསུ་བར་བགྱིས་པ་ཤིག་ན་ལེགས་སོ།། སྙམ་ནས། དེ་ནས་བདག་ཅག་ཐམས་ཅད་ཚོགས་ཤིང་ཡང་དག་པར་དགའ་བར་བགྱིད་ལ། བརྩོད་པ་མ ་མཆིས་ཤིང་རྩེ་གཅིག་ཏེ། བློ་གཅིག་པར་གྱུར་ནས། ཀུ་ཤའི་གྲོང་ཁྱེར་ཐམས་ཅད་ནི་ཆོ་ག་བཞིན་དུ་ཕྱ་དར་བགྱིད། ཆག་ཆག་ལེགས་པར་བཏབ་པ་དང་། བྱི་དོར་ལེགས་པ ་བགྱི་བ་ནས། རྒྱན་དང་ལྷང་ལྷུབ་ཐམས་ཅད་དང་། གདུགས་དང་། འཕྲེང་བ་དང་། མེ་ཏོག་དང་། སྤོས་དང་། རོལ་མོའི་སྒྲ་གྱ་ནོམ་པ་དག་གིས་བརྒྱན་པར་བགྱིད། གདུས ་དང་། རྒྱལ་མཚན་དང་། བ་དེན་དག་ཀྱང་འཛུགས་པར་བགྱིད། དུས་སྟོན་ཡང་རབ་ཏུ་འཇོགས་པར་འགྱིད་། བཅོམ་ལྡན་འདས་ཤུལ་གང་ནས་གཤེགས་པའི་ཤུལ་དེ་ཡང ་ཚིག་བཞིན་དུ་ཕྱོག་དང་དག་བགྱིང་པས། གོང་མི་ཆེན་པ་ཡངས་པ་དེ་གནས་མ་ལགས་པ་ན་མཆིས་ཤིང་། ཤུལ་གྱི་ཆེན་གནས་པ་མཐང་ལགས་སོ།། དེ་ནས་པག ་ཅག་འདི་སྙམ་དུ་སེམས་སོ།། གང་འོ་ན་བདག་ཅག་གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་བཏེག་སྟེ། ཕྱོགས་གང་ཡངས་རུང་བར ་བཞག་གོ།། དེའི་ཕྱིར་བདག་ཅག་གིས་ལམ་ཤིན་ཏུ་ཕྱ་དར་བགྱིས་པར་གྱུར་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མཆོད་པར ་འགྱུར་ཞིང་། ཕྱོགས་དང་ཕྱོགས་མཚམས་དག་ཏུ་ཡང་། བདག་ཅག་གི་དགེ་བ་རྒྱ་ཆེན་པོ་གྲགས་པ་དང་། སྒྲ་དང་ཚིགསུ་བཅད་པ་མངོན་དུ་འཕགས་པར་འགྱུར་ཏེ། གང ་དག་གིས་རྡོ་ཆེན་པོ་ཡངས་པ་དེ་ཕྱོགས་འདི་ན་ནས་བཏེག་སྟེ། ཕྱོགས་ཅིག་ཤོས་སུ་འཕངས་པས། ཀྱེ་མ་ཀུ་ཤེའི་གྲོང་ཁྱེར་གྱི་གྱད་པའོ།། དག་བྱུང་ངོ་།། ཀྱེ་མ་ཀུ་ཤའི་གྲོང ་ཁྱེར་གྱི་རྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ།། ཆེས་སྟོབས་དང་ལྡན་པ་དག་བྱུང་བར་འགྱུར་རོ།། ཞེས་ཟེར་རོ་སྙམ་ནས། དེ་ལྟར་རྗེས་སུ་རྣམ་པར་བསན ་ཏེ། དམ་བཅའ་བ་ཁས་བླངས་པ་དག་ནི་ཤེས་ལྡན་དག་ཀུ་ཤའི་གྲོང་ཁྱེར་གྱི་གྱད་དག་དང་། གྱད་ཀྱི་བུ་གཞོན་ནུ་དག་ཉོན་ཅིག། བདག་ཅག་གིས་ལམ་དེར་ཕྱག་དར་བྱ་བར ་བརྩོན་ནོ།། རྡོ་ཆེན་པོ་ཡངས་པ་འདི་ནི་གནས་མ་ཡིན་པ་ན་འདུག་ཅིང་། རྒྱལ་པོའི་ལམ་ན་གནས་ཏེ། གང་འོ་ན་བདག་ནག་གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས ་བཏེག་སྟེ། ཕྱོགས་གཅིག་ཤོས་སུ་བཞག་པར་བྱའོ།། དེའི་ཕྱིར་བདག་ཅག་གིས་ལམ་ཡང་ཤིན་ཏུ་ཕྱག་དར་བྱས་པར་འགྱུར་ལ།། དེ་བཞིན་གཤེགས་པ་དགྲ་བཅོམ ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མཆོད་པར་འགྱུར་ཏེ། ཕྱོགས་དང་ཕྱོགས་མཚམས་དག་ཏུ་ཡང་། བདག་ཅག་གིས་དགེ་བ་རྒྱ་ཆེན་པོ་གྲགས་པ་དང་། སྒྲ་དང ་ཚིགས་སུ་བཅད་པས་མངོན་འཕགས་པར་འགྱུར་བ་ནི་གང་དག་གིས། རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་བཏེག་སྟེ། ཕྱོགས་ཅིག་ཤོས་སུ་འཕགས་པས། ཀྱེ་མ་ཀུ་ཤའི་གྲོང ་ཁྱེར་ཀྱང་དཔའོ་དག་ཅིག་བྱུང་ངོ་།། ཀྱེ་མ་ཀུ་ཤའི་གྲོང་ཁྱེར་གྱི་གྱད་རྟལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཆེས་སྟོབས་དང་ལྡན་པ་དག་ཅིག་བྱུང་ངོ་།། ་ཞེས་ཟེར་གྱིས། ཤེས་ལྡན་དག་དེའི་ཕྱིར་རྡོ་ཆེན་པོ་ཡངས་པ་དེ་ག་ལཾ་བར་ཀུན་ཀྱང་ཕྱིར་བྱུང་སྟེ།། དེང་ཤིག་དེ་བཞིན་ནོ་ཞེས་སྨྲས་ནས། དེ་དང་དེ་དག་གཅིག་ལ་གཅིག་གི་ལྟར ་ཉན་ཏེ། སོ་སོ་བཞེན་པ་བཟང་པོ་དག་ལ་ཞོན་ཏེ། བདག་ཅག་ནི་སེ་སྟེང་འདི་ན་ཆེས་སྟོབས་དང་ལྡན་པ་འོ་སྙམ་དུ་རློམ་སེམས་བྱེད་ཅིང་འོས་པ་དང་། རིགས་དང་། སྟོབས ་དང་། ལུས་བྱད་དང་། དབང་ཕྱུག་གི་རྒྱགས་པས་དྲེགས་ཏེ། སྐད་མཐོན་པོ་དང་། སྐད་ཆེན་པོས་ག་ན་དག་བྱེད་ཅིང་ཅ་ཅོ་བྱེད་ལ། དགའ་མགུ་རངས་ཤིང་དགའ་བ་དང་། ་བདེ་བ་དང་། ཡིད་བདེ་བ་སྐྱེས་ཏེ། འབྱོར་པ་ཆེན་པོ་མཆོག་གིས། ཀུ་ཤའི་གྲོང་ཁྱེར་ནས་ཕྱིར་བྱུང་སྟེ། རྟ་དང་། རྔ་མོངས་དང་། བ་ལང་སྔོན་པོ་མཆོག་ཏུ་ཕྱིན་པ་དང་། ་རྒྱ་ཆོག་དང་། གླང་པོ་ཆེ་དང་། སྤོས་ཀྱི་གླང་པོ་ཆེ་རྒྱ་ཕྲག་དུ་མ་དེང་ནས། རྡོ་ཆེན་པོ་ཡངས་པདེ་གལ་བ་དེར་དང་སྟེ་བྱིན་ནས། རྡོ་ཆེད་པོ་ཡངས་པ་དེ་རྩིད་པའི་བག ་བ་སྲ་བས་རྣམ་པ་ཐམས་ཅད་དུ་བཀྲིས་ནས། དེ་དག་དང་དེ་ཉིད་ཁ་ཅིག་གིས་ནི་སྐད་བཙུགས་ཏེ། རྩ་མུན་ཛ་དང་། བལ་པ་ཛའི་ཟག་པ་དང་། རྟས་འདྲེན ་པའི་ཐག་པ་དག་གིས་ཚུར་འདྲེན་པར་བྱ། ཕར་དྲང་བར་བྱེད། ཁ་ཅིག་ནི་རྨོ་ལྕགས་བརྒྱས་རྩ་ནས་འབྱིན་པར་འདོད། ཁ་ཅིག་ནི་དགྲ་སྟག་དག་གིས་བཅད་པར་འདོད་དོ།། ཁ་ཅིག་ནི་རྡོ ་རྗེ་གདབ་པ་དག་གིས་ནི་ཕྱེ་མར་བྱ་བར་འདོད།། ཁ་ཅིག་ནི་ལུས་ཀྱི་སྟོབས་ཀྱིས་མནུ་དག་བསྡམས་ཏེ། ཡོངས་སུ་བསྐལ་པར་འདོད་།། ཁ་ཅིག་ནི་ཁྱུ་མཆོག་དང་། བ་ལང་མཆོག ་ཏུ་ཕྱིན་པ་དག་གིས་བསྒྱེལ་བར་འདོད། ཁ་ཅིག་ནི་གླང་པོ་ཆེའི་ཚོགས་ཀྱིས་སྟོབས་ཀྱིས་རབ་ཏུ་འཇོམས་པར་འདོང་།། ཁ་ཅིག་ནི་སྨན་གྱི་སྟོབས་ཀྱིས་གཞིག་པར་འདོད་།། ཁ་ཅིག ་ནི་གང་སྔགས་ཀྱི་སྟོབས་ཀྱིས་མི་སྣང་བར་བྱེད་པར་འདོད་པར་བྱའོ།། དེའི་ཕྱིར་བདག་གིས་བརྩོན་པ་དང་། དྲང་བ་དང་། འབད་པ་དེ་ལྟ་བུ་དག་གིས་ཅི་ཕྱོགས་འདི་ནས་བཏེག་སྟེ། ་ཕྱོགས་གཅིག་ཤོས་སུ་གཞག་གོ།། སྙམ་པ་དང་། དེ་དག་དང་དེ་ཉིད་ལུས་ངལ་ཞིང་ལུས་དུབ་ལ། ལུས་སྐྱིབས་དག་པས་ཡིད་ཀྱི་སྒྱིད་ལུག་སྟེ། གང་འདི་ཞག་ཉི་ཤུ་རྩ ་དགུ་རྩོམ་པ་བྱས་པ་དེས་ཀྱང་རྡོ་ཆེན་པོ་ཡངས་པ་དེ་ཕྱོགས་དེ་ནས་ཡོངས་སུ་བསྒྲལ་བར་ཡངས་མ་ནུས་ན། བསྒྲེ་བ་འམ། འཕང་བ་ལྷ་ག་ལ་ཞིག་ནུས་གླ་སོལ་བས་གཞོན ་ནུ་དག་གང་དེ་བཞིན་གཤེགས་པས་རྡོ་ཆེན་པོ་ཡངས་པ་དེ་ཕྱོགས་དེ་ནས་གཏོགས་ནས། ཕྱོགས་གཅིག་ཤོས་སུ་འཕངས་པར་བྱེད་དྲོད་དམ། བཙུན་པ་བཅོམ་ལྡན་འདས ་མཆོག་ཏུ་འཚལ་ལགས་སོ།། དེ་ནས་བཅོམ་ལྡན་འདས་བདེ་བར་གཤེགས་པ་མཆོག་ཏུ་འཚལ་ལགས་སོ།། དེ་ནས་བཅོམ་ལྡན་འདས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། ་རྡོ་ཆེན་པོ་ཡངས་པ་དེ་ག་ལ་བ་དེར་གཤེགས་ཏེ་ཕྱིན་ནས། རྡོ་ཆེན་པོ་ཡངས་པ་དེ་ཞབས་ཀྱི་ཐེ་བོ་གཡས་པས་ཡང་དག་པར་རབ་ཏུ་བསྐུལ་ཏེ། ཡང་དག་པར་རབ་ཏུ་བསྐུལ་ནས ་ཀྱང་གཞི་གནས་མ་ལུས་པར་ཕྱུང་སྟེ། ཕྱག་གཡོན་པས་བླང་ནས་ཕྱག་གཡས་ཀྱི་འཐིལ་དུ་བཞག་སྟེ། ཡུད་ཙམ་ཞིག་དགོངས་ནས་གྱེན་དུ་ཚངས་པའི་འཇིག་རྟེན་གྱི་བ ་འཕངས་ཏེ། མི་ལམ་དུ་མི་སྣང་བར་གནས་པར་གྱུར་པ་དང་། དེའི་སྒྲས་ཀྱང་དག་བསྔངས་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གནས་འཇོགས་གི ་རྒྱུད་དག་མ་འཇིགས་ཤིག། གྱེན་དུ་འཕངས་པ་ཙམ་གྱིས་ཀྱང་། འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ།། ཆོས་ཐམས་ཅད་ནི་བདག་མེད་པའོ།། མྱ་ངན་ལས་འདས་པ ་པ་ནི་ཞི་བའོ་ཞེས་སྒྲ་དེ་ལྟ་བུ་མཛད་དོ།། སླར་འཁོར་ནས་ཀྱང་དེ་བཞིན་གཤེགས་པའི་ཕྱག་འཐིལ་དེ་ཉིད་དུ་གནས་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དེ་ཞལ ་གྱི་ཐུགས་ཀྱི་རྡུལ་ཕྲ་རབ་ཙམ་དུ་མཛད་དོ།། ཕྱེ་མར་མཛད་ཀྱང་། ཕྱོགས་དང་ཕྱོགས་མཚམས་དག་ཏུ་རྡུལ་ཕྲ་རབ་ཕྱེ་མའི་ཆར་མངོན་པར་རབ་ཏུ་འབབ་པར་བརྩོན་པ ་མཛད་དོ།། དེ་ནས་གྱད་ཀྱི་ཚོགས་དེ་ནི་རྡོ་ཆེན་པོ་ཡངས་པ་དེ་མེད་པར་གྱུར་པས། མཆོག་ཏུ་ཡིད་བདེ་བར་གྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་ཀྱང ་རྡོ་@ཀྱི་ཚོགས་དེའི་སེམས་ཀུན་ཁྱེན་ཏེ། རྡོ་ཆེན་པོ་ཡངས་པ་མེད་པས་མཆོག་ཏུ་ཡིད་མི་བདེ་ཐུགས་སུ་ཆུད་ནས། ཕྱི་ནས་ཀྱང་རྡོ་བྱེ་མརྫུ་ཕྲ་རབ་ཙམ ་དེ་མ་ཚང་བ་མེད་ཅིང་ཚང་པར་ཅིག་ཏུ་བསྡོམས་ངས།། རྡོ་ཆེན་པོ་ཡངས་པ་དེ་འདྲ་བ་ཁོ་ན་མཛད་དེ། རྣམ་པར་དབེན་པར་ཕྱོགས་གཅིག་ཤོས་སུ་གནས་པར་མཛད་དོ།། དེ་ནས ་ཀྱང་ལྔ་བརྒྱ་ཙམ་པོ་དེ་དག་བཅོམ་ལྡན་འདས་དེས་ངོ་མཚར་རྨད་དུ་འབྱུང་བའི་ཆོས་ཆེན་པོས་འདུན་པར་མཛད་དེ། དགའ་མགུ་རངས་ཤིང་དགའ་བ་དང་ཡིད་བདེ་བ་སྐྱེས ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ཅི་ལགས། དེ་བཞིན་གཤེགས་པའི་ཡབ་ཡུམ་ལས་བྱུང་བའི་སྟོབས་ལགས་སམ། འོ ་དེ་རྫུ་འཕྲུལ་གྱི་སྟོབས་ལགས་སམ། འོན་ཏེ་བསྒོམ་པའི་སྟོབས་ལགས། གནས་མཆོག་གི་རྒྱུད་དག་གང་། དེ་བཞིན་གཤེགས་པས་རྡོ་ཆེན་པོ་ཡངས་པ་ཞབས་ཀྱི ་འཐེ་བོ་གཡས་པས་ཡང་དག་པར་རབ་ཏུ་སྐལ་ཏེ།། གཞི་ནས་མ་ལུས་པར་ཕྱུང་ནས་ཕྱག་གཡོན་པས་བཟུང་སྟེ། ཕྱག་འཐིལ་གཡས་པར་བཞག་ནས། ཡུད་ཙམ ་དགོངས་ཏེ། གྱེན་དུ་ཚངས་པའི་འཇིག་རྟེན་གྱི་བེར་དུ་འཕངས་པ་འདི་ནི་དེ་བཞིན་གཤེགས་པའི་ཡབ་ཡུམ་ལས་བྱང་བའི་སྟོབས་སོ།། གནས་འཇོག་གི་རྒྱུང་དག་གང ་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ།། ཆོས་ཐམས་ཅད་ནི་དག་མེད་པའོ།། མྱ་ངན་ལས་འདས་པ་ནི་ཞི་བའོ།། ཞེས་རྡོ་ཆེན་པོ་ཡངས་པའི་སྒྲ་མཛད་པ། འདི་ནི་དེ་བཞིན ་གཤེགས་པའི་རྫུ་འཕྲུལ་གྱི་སྟོབས་སོ།། གནས་འཇོགས་གི་རྒྱུད་དག་གང་དེ་བཞིན་གཤེགས་པས་རྡོ་ཆེན་པོ་ཡངས་པ་དེ་ཞལ་གྱི་དབུགས་ཀྱིས་ཕྱེ་མར་མཛད་ནས། ་ཕྱེ་རྡུལ་ཕྲ་རབ་ཙམ་དེ་གོད་པ་མེད་ཅིང་མ་ཚང་བ་མེད་པར་གཅིག་ཏུ་བསྡུས་ཏེ། བསྡོམས་ནས་རྡོ་ཆེན་པོ་ཡངས་པ་དེ་འདྲ་བ་ཁོ་ནར་མཛད་དེ། དབྱེན་པར་ཕྱོགས་གཅིག་ཏུ་གནས་པར ་མཛད་པ་ནི་འདི་ནི་དེ་བཞིན་གཤེགས་པའི་སྒོམ་པའི་སྟོབས་སོ།། བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡབ་ཡུམ་ལས་བྱུང་བའི ་སྟོབས་ཇི་ལྟ་བུ་དང་ལྡན་པ་ལགས། གནས་འཇོགས་གི་རྒྱུད་དག་ཁྱེད་དེ་བཞིན་གཤེགས་པས་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་དག་པར་རྫོགས་པའི་སངས ་རྒྱས་རྣམས་ཀྱི་ཡབ་ཡུམ་ལས་བྱང་བའི་སྟོབས་ཉན་པར་འདོད་དམ་བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ་ལགས་སོ།། བདེ་བར་གཤེགས་པ་མཆོག་ཏུ་འཚལ་ལགས་སོ།། ་གནས་མཆོག་གི་རྒྱུད་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ།། གནས་འཇོག་གི་རྒྱད་དག་མི་བཅུའི་སྟོབས་གང་ཡིན་པ་དེ་བ་ལང་ཕལ་གཅིག ་གི་སྟོབས་སོ།། བ་ལང་ཕལ་བཅུའི་སྟོབས་གང་ཡིན་པ་དེ། བ་ལང་སྔོན་པོ་གཅིག་གི་སྟོབས་སོ།། བ་ལང་སྔོན་པོ་བཅུའི་སྟོབས་གང་ཡིན་པ་དེ། ཁྱུ་མཆོག་གཅིག་གི་སྟོབས ་སོ།། ཁྱུ་མཆོག་བཅུའི་སྟོབས་གང་ཡིན་པ་དེ། གཡག་ཅིག་གི་སྟོབས་སྷོ།། གཡག་བཅུའི་སྟབས་གང་ཡིན་པ་ངཾ། བསེ་ཅིག་གི་སྟོབས་སོ།། བསེ་བཅུའི་སྟོབས ་གང་ཡིན་པ་དེ། གླང་པོ་ཆེ་ཕལ་པ་གཅིག་གི་སྟོབས་སོ།། གླང་པོ་ཆེ་ཕལ་པོ་བཅུའི་སྟོབས་གང་ཡིན་པ་དེ། སྒྲ་གསལ་བར་མི་བྱེད་པའི་གླང་པོ་ཆེ་གཅིག་གི་སྟོབས་སོ།། ་སྒྲ་གསལ་བར་མི་བྱེད་པའི་གླང་པོ་ཆེ་ག་བཅུའི་སྟོབས་གང་ཡིན་པ་དེ། སྒྲ་ཆེན་པོར་བྱེད་པའི་གླང་པོ་ཆེ་གཅིག་གི་སྟོབས་སོ།། སྒྲ་ཆེར ་པོར་བྱེད་པའི་གླང་པོ་ཆེ་བཅུའི་སྟབས་གང་ཡིན་པ་དེ། མཆེ་བ་གཅིག་པའི་གླང་པོ་ཆེ་གཅིག་གི་སྟོབས་སོ།། མཆེ་བའི་གཅིག་པའི་གླང་པོ་བཅུའི་སྟོབས་གང་ཡིན་པ་དེ། ་རི་སྔོན་པོའི་གླང་པོ་ཆེ་གཅིག་གི་སྟོབས་སོ།། རི་སེར་པོ་དང་། རི་དབར་པོ་དང་། རི་དཀར་པོ་དང་། དྲི་མཆོག་དང་ལྡན་པ་དང་། དྲི་དང་འཇམ་པ་དང་ལྡན་པ་དང་། དྲི་ཨུད ་པ་ལེ་དང་ལྡན་པ་དང་། དྲི་ཀུ་མུ་ཏ་དང་ལྡན་པའི་སྟོབས་ཀྱང་དེ་བཞིན་ནོ།། ཀུ་མུ་ཏའི་གླང་པོ་ཆེ་སྟོབས་གང་ཡིན་པ་དེ། པདྨའི་གླང་པོ་ཆེ་གཅིག་གི་སྟོབས་སོ།། པདྨའི་གླང ་པོ་ཆེ་གཅིག་གི་སྟོབས་གང་ཡིན་པ་དེ། པདྨ་ཆེན་པོ་གླང་པོ་ཆེ་གཅིག་གི་སྟོབས་སོ།། པད་མ་ཆེན་པོའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ། གངས་ཁྲོད་དུ་སྐྱེས ་བའི་གླང་པོ་ཆེ་གཅིག་གི་སྟོབས་སོ།། གངས་ཁྲོད་དུ་སྐྱེས་པའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ། ཆེན་པོ་ཆེ་དང་ལྡན་པ་བལ་གླང་སྤོས་ཀྱི་གླང་པོ་ཆེ་གཅིག་གི་སྟམས ་སྟོབས་གང་ཡིན་པ་དེ། ཚན་པོ་ཆེ་དང་ལྡན་པ་ཕྱེད་གཅིག་གི་སྟོབས་སོ།། ཆེན་པོ་ཆེ་དང་ལྡན་ཕྱེད་པོ་གཉིས་ཀྱི་སྟོབས་གང་ཡིན་པ་དེ། ཚན་པོ་ཆེ་དང་ལྡན་པ ་གཅིག་གི་སྟོབས་སོ།། ཚན་པོ་ཆེ་དང་ལྡན་པའི་སྟོབས་གང་ཡིན་པ་དེ། རབ་གནོན་བྱེད་པོ་གཅིག་གི་སྟོབས་སོ།། རབ་གནོན་ཕྱེད་པོ་གཉིས་ཀྱི་སྟོབས་གང་ཡིན ་ན་པོ་མ་པ་པ ་བ་དེ། རབ་གནོན་གཅིག་གི་སྟོབས་སོ།། རབ་གནོན་གཅུའི་སྟོབས་གང་ཡིན་པ་དེ། སྟོབས་མཆོག་གི་སྟོབས་གཅིག་གོ།། སྟོབས་མཆོག་གི་སྟོབས་བཅུ་གང་ཡིན་པ་དེ། ་ཡན་ལག་མཆོག་གི་སྟོབས་གཅིག་གོ།། ཡན་ལག་མཆོག་གི་སྟོབས་བཅུ་གང་ཡིན་པ་དེ། སྲེད་མེད་ཀྱི་བུ་ཕྱེད་ཀྱི་སྟོབས་གཅིག་གོ། སྲེད་མེད་ཀྱི་བུ་ཕྱེད་པོ་གཉིས་ཀྱི ་སྟོབས་གང་ཡིན་པ་དེ། སྲེད་མེད་ཀྱི་བུའི་སྟོབས་སུམ་བརྒྱ་ཉི་ཤུ་གང་ཡིན་པ་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག ་གི་ཡབ་ཡུམ་ལས་བྱུང་བའི་སྟོབས་སོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སྐུའི་གནས་རེ ་རེ་ལ་ཡང་། སྲེང་མེད་ཀྱི་བུའི་སྟོབས་འཚང་བར་འཛད་པའི་ཕྱིར་རོ།། གང་དག་འདས་པ་དང་།། གང་དག་མ་བྱོན་པ་དང་། གང་ཡང་ངད་ལྟར་བྱུང་བའི་དུས་ན། ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པའི་སངས་རྒྱས་པ་ཐམས་ཅད་མཉམ་པ་དང་མཉམ་སྟེ། མཚམ་མཉམ་པ་ཡོན་ཏན་མཚུངས ་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག་ཡིན་གྱི། རྒྱུ་གསུམས་པོ་རིགས་དང་། སྐུ་ཚེ་དང་སྐུ་ལུས་ཀྱིས་མཉམ་པ་དག་ནི་མ་ཡིན། ་།། གགནས་འཇིགས་ཀྱི་རྒྱུད་དག་ད་བཞིན་གཤེགས་པ་དགྲ་རྣམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་ཡབ་ཡུམ་ལས་བྱུང་བའི་སྟབས་དེ་ལྟ་བུ་དང ་རྡོ་འཕངས་@#ལྡན་པ་དག་ཡིན་ཞིང་། གང་དག་འདས་པ་དང་གང་དག་མ་བྱོན་པ་དག་དང་། གང་ཡང་ད་ལྟར་བྱུང་བའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་དང་། མཉམ་སྟེ་མཚན་མཉམ་ཡོན་ཏན་མཚུངས་པ་མཉམ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག་ཡིན ་གྱི།། རྒྱུ་གསུམ་པོ་རིགས་དང་། སྐུ་ཚེ་དང་། སྐུ་ལུས་ཀྱིས་མཉམ་པ་དག་ནི་མ་ཡིན་ནོ།། བཙུན་པ་བཅོམ་ལྡན་འདས་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པོ་ཡང་དག་པར ་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡབ་ཡུམ་ལས་བྱུང་བའི་སྟོབས་ནི་བདག་ཅག་གིས་ཐོས་ལགས་ན། བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་དག་བསོད་ནམས་ཀྱི་སྟོབས་ཇི་ལྟ་བུ་དང་ལྡན་པ་དག་ལགས། གནས་འཇོག་གི་རྒྱུ་དག་ཁྱེད་དེ་བཞིན་གཤེགས་པ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བསོད་ནམས་ཀྱིས་སྟོབས་ཉན་པར་འདོད་དམ། བཙུན་པ་བཅོམ་ལྡན་འདས་མཆོག་དུ་འཚལ་ལོགས་སོ།། བདེ་བར་གཤེགས ་པ་མཆོག་ཏུ་འཚལ་ལགས་སོ།། གནས་འཇོགས་རྒྱུད་དག་དེའི་ཕྱིར་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་བཟུང་ཤིག་དང་ངས་བཤད་དོ།། གནས་འཇོག་གི་རྒྱུད་དག་འཇམ ་བུ་གླིང་བའི་སེམས་ཅན་རྣམས་ཀྱི་བསོད་ནམས་གང་ཡིན་པ་དེ། གླིང་གཅིག་གི་བདག་པོ་འཁོར་ལོས་རྒྱུར་བའི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཚར། ་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་བགྲང་བ་དང་དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། གནས་འཇོག་གི་རྒྱུད་དག་གླིང་གཉིས་ཀྱི ་སེམས་ཅན་རྣམས་ཀྱིས་བསོད་ནམས་གང་ཡིན་པ་དེ། གླིང་གཉིས་ཀྱི་བདག་པོ་འཁོར་ལོས་སྒྱུར་བའི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང ་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲང་བ་དང་། ཆ་དང་། བགྲང་བ་དང་། དཔེ་དང་། སྦྱར་ཡང་ཉེ་བར་མི་འགྲོའོ།། གནས་འཇོག་གི་རྒྱུད་དག། གླིང ་གསུམ་གྱི་སེམས་ཅན་རྣམས་ཀྱི་བསོད་ནམས་གང་ཡི་པ་དེ། གླིང་གསུམ་གྱི་བདག་པོ་འཁོར་ལོས་བསྒྱུར་བའི། བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི། ་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། གནས་འཇོག་གི་རྒྱུད་དག་གླིང ་བཞིའི་སེམས་ཅན་རྣམས་ཀྱི་བསོད་ནམས་གང་ཡིན་པ་དེ། གླིང་བཞི་བདག་པོ་འཁོར་ལོས་སྒྱུར་བའི་རྒྱ་སོད་ནམས་དག་ཏུ་ངེས་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི ་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། གནས་འཇོག་གི་རྒྱུད་དག་ཡང་འཁོར ་ལོས་སྒྱུར་བ་བཞི་བྱུང་སྟེ། གླིང་གཅིག་པ་དང་། གླིང་གཉིས་པ་དང་། གླིང་གསུམ་པ་དང་། གླིང་བཞི་པ་དང་འཁོར་ལོས་བསྒྱུར་བའོ།། དེ་ལ་གླང་གཅིག་པའི་འཁོར ་དོ་འབངསལོས་སྒྱུར་བའི་འཁོར་ལོ་ནི། ལྕགས་ལས་བྱས་པའི་འཁོར་ཡུག་ཏུ་རྒྱང་གྲགས་གཅིག་ཡོད་པ་བྱུང་ངོ་།། གླིང་གཉིས་པའི་འཁོར་ལོས་སྒྱུར་བ ་འཁོར་ལོ་ན། ཟངས་ལས་བྱས་པའི་འཁོར་ཡུག་ཏུ་རྒྱང་གྲངས་གཉིས་ཡོད་པ་བྱུང་ངོ་།། གླིང་གསུམ་པའི་འཁོར་ལོས་སྒྱུར་བའི་འཁོར་ལོ་ནི། དངུལ་ལས་བྱས་པའི་ཁོར ་ཡུག་ཏུ་གྲགས་གསུམ་ཡོད་པ་འབྱུང་ངོ་།། གླིང་བཞི་པའི་འཁོར་ལོས་བསྒྱུར་བའི་འཁོར་ལོ་ནི། གསེར་གྱི་ལས་བྱས་པ། རྩིབས་སྟོང་པ་ལྟེ་བ་དང་བཅས་པ། མུ་ཁྱུད་དང ་བཅས་པ་ཐམས་ཅད་གསེར་ལས་བྱས་པ། ལྷ་རྫས་འོད་འཕྲོ་བ། འོད་རབ་ཏུ་གསེལ་བ་འཁོར་ཡུག་ཏུ་རྒྱང་གྲགས་བཞི་ཡོད་པ་འབྱུང་ངོ་།། གནས་འཇོག་གི་རྒྱད་དག་གླིང ་བཞི་པའི་འཁོར་ལོས་སྒྱུར་བ། བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ། རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་ཀྱི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས ་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲངས་པ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། རྒྱལ ་པོ་ཆེན་པོ་བཞིའི་རིགས་ཀྱི་ལྷ་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ་སུམ་བཅུ་རྩ་གསུམ་པའི་ལྷ་ནམས་ཀྱི་གསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་།། ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། སུམ་བཅུ ་རྩ་གསུམ་པའི་ལྷ་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ། ལྷའི་དབང་པོ་བརྒྱ་བྱིན་གྱི་བསོད་ནམས་ངག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཉེ་བར་མི་འགྲོའོ།། ་སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། ལྷའི་དབང་པོ་བརྒྱ་བྱིན་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང ་ཡིན་པ་དེ། འཐབ་བྲལ་གྱི་ལྷ་རྣམས་ཀྱི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས ་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། འཐབ་བྲལ་གྱི་ལྷ་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ། ལྷའི་བུ་རབ་ཟབ་བྲལ་གྱི་བསོད ་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་བགྲང་བ་དང་། དཔེ་དང་རྒྱུར་ཡང ་ཉེ་བར་མི་འགྲོའོ།། ལྷའི་བུ་རབ་འཐབ་བྲལ་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ། དགའ་ལྡན་གྱི་ལྷ་རྣམས་ཀྱི་བསོད་ནས་དག་ཏུ་ངེས་པར་བྱས་ཀྱང་། བརྒྱ ་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། དགའ་ལྡན་གྱི་ལྷ་དག་བྱེད ་ཕྲག་འབུམ་གྱི་བསོད་ནས་གང་ཡིན་པ་དེ། ལྷའི་བུ་དགར་ལྡན་གཅིག་གི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི ་རྡོ་ཕངསཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་བགྲང་བ་དང་། བདེ་བ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། ལྷའི་བུ་ཡོངས་སུ་དགའ ་ལྡན་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ། འཕྲུལ་དགདྡྷི་རྣམས་ཀྱིས་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། ་སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། འཕྲུལ་དགའི་ལྷ་དག་བྱེ་བ་ཕྲག་འབུམ ་གྱི་བསོད་ནམས་གང་ཡིན་པ་དེ། ལྷའི་བུ་རབ་འཕྲུལ་དགའ་ཅིག་གི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང ་གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། ལྷའི་བུ་རབ་འཕྲུལ་དགའ་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ། གཞན ་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་བསོད་ནམས་ངག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ ་དང་། གྲངས་དང་། ཆ་དང་བགྲང་བ་དང་། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ།། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན ་བདེ། ལྷའི་བུ་དབང་སྒྱུར་གྱི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། ་གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། སྒྱུར་ཡང་ཉེ་བར་མི་འགྲོའོ།། ལྷའི་བུ་དབང་བྱེད་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ། ཚངས་རིགས ་ཀྱི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། ་དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། ཚངས་རིགས་ཀྱི་ལྷའི་བུ་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ། འཁོར་གྱི་བདག་པོ་ཚངས་པའི་བསོད་ནམས ་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆ་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། ་རྒྱུར་ཡང་ཉེ་བར་མི་འགྲོའོ།། ཚངས་རིགས་ཀྱི་ངག་ཇི་ལྟ་བར་ཚངས་པའི་མདུན་ན་འོ་ན་དག་དང་། ཚངས་པ་ཆེན་པོ་དག་དང་། འོད་ཆུང་དག་དང་། ཚད་མེད་འོད་དག་དང་། ་འོད་གསལ་དག་དང་། དེག་ཆུང་དག་དང་། ཚད་མེད་དགེ་དག་དང་། དགེ་རྒྱས་དག་དང་། སྤྲིན་མེད་དག་དང་། བསོད་ནམས་སྐྱེས་དག་དང་། འབྲས་བུ་ཆེ་དག་དང་། མི་མེ ་བ་དག་དང་།། མི་གདུང་བ་དག་དང་། གྱ་ནོམ་སྣང་བ་དག་དང་། ཤིན་ཏུ་མཐོང་བ་དག་དང་། འོག་མིན་གྱི་དག་ཀྱང་དེ་བཞིན་ནོ།། འོག་མིན་གྱི་ལྷ་དག་བྱེ་བ་ཕྲག་འདུམ ་གྱི་བསོད་ནམས་གང་ཡིན་པ་དེ། རང་སངས་རྒྱས་བསེ་རུ་ལྟ་བུ་གཅིག་གི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི ་དེའཕག@#ཆ་དང་། བརྒྱ་སྟོང་གི་ཆ་དང་། བརྒྱ་སྟོང་གྲངས་དང་། ཆ་དང་བགྲང་བ་དང་དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ།། རང་སངས་རྒྱས་བསེ་རུ་ལྟ་བུ་དག་བྱེ་བ་ཕྲག ་འབུམ་གྱི་བསོད་ནམས་གང་ཡིན་པ་དེ། བྱང་ཆུབ་སེམས་དཔའ་བྱམས་པ་གཅིག་གི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི ་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། བྱང་ཆུབ་སེམས་དཔའ་བྱམས་པ་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས ་གང་ཡིན་པ་དེ། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་གཅིག་གི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། གྲངས ་བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་དག་གང་གིའི་ཀླུང་གི་བྱེ་མ་དང་མཉམ ་པ་སྙེད་ཀྱི་བསོད་ནམས་གང་ཡིན་པ་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་གི་བསོད་ནམས་ངག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། གནས་འཇོག་གི ་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སང་སྨ་དག་ནི། བསོད་ནམས་ཀྱི་སྟོབས་ཀྱི་སྟོབས་དེ་ལ་བུ་དང་ལྡན་པ་དག་ཡིན་ཅིང་། གང་དག་འདས་པ་དང་། ་གང་དག་མ་བྱོན་པ་དང་། གང་ཡང་ང་ད་ལྟར་བྱུང་བའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་མཉམ་སྟེ། ་མཚན་མཉམ་པ། ཡོན་ཏན་མཚུངས་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། སྐྲ་དང་སྐྲ་ལུས་ཀྱིས་མཉམ ་པ་དག་ནི་མ་ཡིན་ནོ།། བཙུན་པ་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཡབ་ཡུམ་ལས་བྱུང་བའི་སྟོབས་ཀྱང་ཐོས ་ལགས། བསོད་ནམས་ཀྱི་སྟོབས་ཀྱང་ཐོས་ལགས་ན། བཙུན་པ་དེ་བཞིན་གཤེགས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ཤེས་རབ་ཀྱི་སྟོབས་ཇི་ལྟ་བུ་དང ་ལྡན་པ་ལགས། གནས་འཇོག་གི་རྒྱུད་དག་ཁྱེད་དེ་བཞིན་གཤེགས་པ་ལས། དེ་བཞིན་གཤེགས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཤེས་རབ་ཀྱི ་སྟོབས་ཉན་པར་འདོད་དམ། བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ་ལགས་སོ།། བདེ་བར་གཤེགས་པ་མཆོག་དུ་འཚལ་ལགས་སོ།། གནས་འཇོག་གི་རྒྱུད་དག་དེའི་ཕྱིར ་ཁྱེད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ།། གནས་འཇོག་གི་རྒྱུད་དག་རྒྱ་མཚོ་ཆེན་པོ་ནི། ཟབས་སུ་དཔག་ཚད་བརྒྱ་ཁྲི་ཡོད་ལ། རྒྱར་དཔག་ཏུ ་མེད་པ་དེ། སྣ་ཚའི་སྙིང་ཀུས་ཡོངས་སུ་གང་བར་གྱུར་ཅིང་། རིའི་རྒྱལ་པོ་རི་རབ་དཔག་ཚད་རྒྱད་ཁྲི་ཆུའི་ས་མངོན་དུ་འཕགས་ཏེ། རིན་པོ་ཆེ་སྣ་བཞི་ལས་བྱས་ཤིང་། ངོས ་དག་ང་ག་ས་པ ་ལས་བྱས་པ་སྟེ། དེ་ལ་གསེལ་གྱི་ངོས་སུ་ནི། བྱང་གི་སྒྲ་མི་སྙན་གྱི་གླིང་སྣང་ངོ་།། དངལ་ལས་བྱས་པའི་ངོས་སུ་ནི་ཤར་གྱི་ལུས་འཕག་ཀྱི་གླིང་སྣང་ངོ་།། བཻ་རུ་ལས་བྱས་པའི ་ངོས་སུ་ནི། འཛམ་བུའི་གླིང་སྣང་ངོ་།། ཤེལ་ལས་བྱས་པའི་ངོས་སུ་ནི། བ་ལང་སྤྱོད་ཀྱི་གླིང་སྣང་ངོ་།། རིའི་རྒྱལ་པོ་རི་རབ་དཔག་ཚད་བརྒྱད་ཁྲི་འོག་ཏུ་ཆུའི་ནང་དུ་ནུབ་སྟེ། ་གསེར་ལས་བྱས་པའི་ས་སྟེང་གི་བར་ན་གནས་པ་དེ། གྲོ་གའི་ཤོག་ཤོག་ཙམ་དུ་གྱུར་ལ། གླིང་བཞིན་སེམས་ཅན་གྱི་ཁམས་གང་སུ་དག་ཡོད་པ། ཡི་གེ་པ་རྣམས་ནི ་དེ་ཙམ་དུ་གྱུར་ཏེ། ས་ཆེན་པོའི་སྟེང་ན་རྩ་དང་ཤིང་དང་། ཤིང་གི་ཡལ་ག་དང་། ཤིང་གི་དུམ་བུ་གང་ཅི་ཡང་རུང་། སྨྱུ་གུ་དག་ནི་དེ་ཙམ་དུ་གྱུར་ནས། གནས་འཇོག་གི་རྒྱུད ་དག། སྣག་ཙའི་སྙིང་ཁྲུ་རྒྱ་མཚོ་ཆེན་པོ་ཙམ་དང་། གྲོ་གའི་ཤོག་ཤོག་རི་རབ་ཙམ་དང་། ཡི་གེ་པ་དག་གླིང་བཞི་པའི་སེམས་ཅན་གྱི་ཁམས་ཙམ་དང་། སྨྱུ་གུ་དག་ས་ཆེན། ་པོ་སྟེང་ན། རྩ་དང་ཤིང་དང་། ཡལ་ག་དང་། ཤིང་གི་དུང་ཐ་ཙམ་ནི་ཅེས་མྱུར་དུ་ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་འ་འགྱུར་གྱི། དན་སྣང་ཤ་རལ་དུ ་ཤེས་རབ་ཟང་བར་འགྱུར་བར་མི་སྦའོ།། གནས་འཇོག་གི་རྒྱུད་དག། དགེ་སློང་ཤིར་བུ་ནོ། ཤེས་རབ་ཀྱི་སྟོབས་དེ་ལྟ་བུ་དང་ལྡན་ནོ།། གནས་འཇོག་གི་རྒྱུད་དག་གི ་ཞྭ་སྟེ། རྣམ་པར་སྣང་བྱེད་ཀྱི་ཉི་མ་དག་ནི། ཀུན་ཏུ་འགྲོ་བ་དག་དང་། ཕྱོགས་སྣང་བར་བྱེད་དོ།། དེ་སྲིད་དུ་སྟོང་གི་འཇིག་རྟེན་ན། ཟླ་བསྟོང་དང་། ཉི་མ་སྟོང་དང་། ངའི་རྒྱལ ་པོ་རི་རབ་སྟོང་དང་། ཤར་གྱི་ལུས་འཕགས་སྟེང་དང་། བ་ལང་སྤྱོད་སྟོང་དང་། བྱང་གི་སྒྲ་མྦི་སྟོང་དང་། འཛམ་བུ་གླིང་སྟོང་དང་། རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་དང་། ་སུམ་བཅུ་རྩ་གསུམ་པ་དག་དང་། འཐབ་བྲལ་དག་དང་། དགའ་ལྡན་དག་དང་། འཕྲུལ་དག་དང་། གཞན་འཕྲུལ་དབང་བྱེད་ཀྱི་སྟོང་དང་། ཚངས་པའི་འཇིག་རྟེན་སྟོང ་འདི་ནི། སྟོང་བྱི་ཕུང་གྱི་འཇིག་རྟེན་གྱི་ཁམས་ཤེས་བྱའོ།། སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་སྟོང་གི་སྟོང་གང་ཡིན་པ་འདི་ནི། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམ ་ཤེས་བྱའོ།། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཕྲག་སྟོང་གང་ཡིན་པ་འདི་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཤེས་བྱའོ།། གནས་འཇོག ་གི་རྒྱུད་དག་སྟོང་སུམ་གྱི་སྟོང་ཆེན་ཆེན་པོའི་འཇིག་གྱི་ཁམས་དེ་ཡང་། ཤེས་རབ་ཅན་དགེ་སློང་ཤ་རིའི་བུ་དང་འདྲར་བ་དག་གིས་གང་བར་འགྱུར་ལ། དེ་བཞིན་གཤེགས ་བའི་ཤེས་རབ་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོ།། སྟེང་གིན་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཙ་དང་། བཟུང་བ་དང་། དབ ་རྒྱུར་ཡང་ཉེ་བར་མི་འགྲོའོ།། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་ཤེས་རབ་ཀྱི་སྟོབས་དེ་ལྟ་བུ་དང་། ་རྡོ་ལའངསལྡན་པ་དག་ཡིན་ཞིང་། གང་དག་འདས་པ་དག་དང་། གང་དག་མ་བྱོན་པ་དག་དང་། གང་ཡང་ད་ལྟར་བྱུང་བའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་། མཉམ་པ་སྟེ། མཚན་མཉམ་པ། ཡོན་ཏན་མཚུངས་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ ་མཉམ་པ་དག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། སྐྲ་ཚེ་དང་། ཀུ་ལུས་ཀྱིས་མཉམ་པ་དག་ནི་མ་ཡིན་ནོ།། བཙུན་པ་བདག་གིས་དེ་བཞིན་གཤེགས་པ་ལ། དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡབ་ཡུམ་ལས་བྱུང་བའི་སྟོབས་ཀྱང་ཐོས་ལགས། བསོད་ནམས་ཀྱི་སྟོབས་ཀྱང་ཐོས་ལགས། ཤེས་རབ་ཀྱི་སྟོབས ་ཀྱང་ཐོས་ལགས་ན། བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་རྫུ་འཕྲུལ་གྱི་སྟོབས་ཇི་ལྟ་བུ་དང་ལྡན་པ་ལགས། གནས་འཇོག་གི། ་རྒྱད་དག་ཁྱེད་དེ་བཞིན་གཤེགས་པ་ལས། ག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྫ་འཕྲལ་གྱི་སྟོབས་ཉན་པར་འདོད་དམ། བཙུན་པ་བཅོམ ་ལྡན་འདས་མཆོག་ཏུ་འཚལ་ལགས་སོ།། བདེ་བར་གཤེགས་པ་མཆོག་ཏུ་འཚལ་ལོགས་སོ།། གནས་མཇོག་གི་རྒྱུད་དག་དེའི་ཕྱིར་ཁྱེད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང ་དང་ངས་བཤད་དོ།། གནས་འཇོག་གི་རྒྱུད་དག་དུས་འདི་ནི་དུས་གཅིག་ན། རྩ་བི་ར་ན་དང་ལྡན་པར་གནོད་སྦྱིན་འདམ་བུ་དང་འདྲ་བར་རྩུབ་པ་དང་ཀའི་ཤིང་དྲུང་ན་བཞུགས་སོ།། ཡང ་དེའི་ཚེ་རྩ་བི་རན་དང་ལྡན་པ་ན། དཀའ་བ་འབྲོག་དགོན་པ་སློང་མོ་པས། བསོད་སྙོམས་རྙེད་པ་དགའ་བའི་མུ་གེ་བྱུང་སྟེ། དགེ་སློང་དག་ཀྱང་ཟས་ངན་པས་ཡོངས་སུ་དུབ་པ་ཡིན་ནོ།། ་དེ་ནས་དགེ་སློང་མེའུ་འགལ་གྱི་བུ་ང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ང་ལ་འདི་སྐད་ཅེས་གསོལ་ཏོ།། བརྩ་བ་དེ་ལྟ་ན། རྩ་བི་ར་ན་དང་ལྡན་པར་དཀའ་བ་འབྲོག་དགོན་པ་སློང་མོ་པས ་བསོད་ནམས་རྙེད་པར་དཀའ་བའི་མུ་གེ་བྱུང་ལགས་ཏེ།། དགེ་སློང་དག་ཀྱང་། གཡར་ཟས་ངན་པས་ཡོངས་སུ་དུབ་པ་ལགས་སོ།། བཙུན་པ་བཅོམ་ལྡན་ལས་བདག་གིས་མངོན ་དུ་ཐོས་ཤིང་མངོན་དུ་བཟུང་ལགས་ཏེ། དོག་ས་ཆེན་པོ་འདི་ལ་དོག་ས་ལས་བྱུང་བའི་རོའི་ཁམས་གྱ་ནོམ་པ་གང་ལགས་པ་དེ་ནི། འོག་ན་གནས་ལགས་ཤིང་། བདག་ཀྱང་བདག ་ཉིད་ཀྱི་ཡང་དག་པར་ཤེས་པ་མཐོང་བ་འཇུག་ལགས་སོ།། དོགས་ཆེན་པོ་འདི་ལ་དོག་ལས་བྱུང་བའི་རོའི་ཁམས་གྱ་ནོམ་པ་གང་ལགས་དེ་ནི་འོག་ན་གནས་པ་ལགས་ཏེ། བཙུན ་བ་དེའི་སླད་དོག་ས་ཆེན་པོ་བསྒྱུར་བར་བདག་འཚལ་ལོགས་སོ།། དོགས་ཆེན་པོ་འདི་ནི་འོག་ན་རོའི་ཁམས་གྱ་ནོམ་པ་གང་ལགས་པ་དེ། སྟེང་ན་མཆིས་པར་བགྱི་ལགས་སོ།། ་སྟེང་ན་མཆིས་པ་གང་ལགས་པ་དེ།། འོག་ན་མཆིས་པར་བགྱི་ལགས་སོ།། དེ་ལ་འདི་སྐད་ཅེས་ཀྱང་ངས་བཀའ་སྩལ་ཏོ།། མེའུ་འགལ་གྱི་བུ་ས་ཆེན་པོ་བསྒྱུར་བར་འདོད་དམ། ་དེས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་ངོགས་ཆེན་པོ་བསྒྱུར་བར་འཚལ་ལགས་སོ།། དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གནས་འདི་ནས་ཏེ་ས་ཆེན་པོ་བསྒྱུར་བར ་རྡོའབས@#། འདོད་དམ། དེས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འཁོར་ཡུག་དང་འཁོར་ཡུག་ཆེན་པོ་དག་གིས་གནས་སུ་གནས་ཏེ། དོགས་ཆེན་པོ་བསྐུར ་བར་འཚལ་ལགས་སོ།། དེ་ལ་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། མེའུ་འགལ་གྱི་བུ་ས་ཆེན་པོ་བསྒྱུར་བར་འདོད་ན། གང་དག་ས་ལ་རྟེན་པའི་སེམས་ཅན་དང་། སྲོག་ཆགས ་དེ་དག་ཇི་ལྟར་བྱེད། དེས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་དོག་ས་ཆེན་པོ་བསྒྱུར་བར་འཚལ་ལེགས་ཏེ། གང་དག་དོགས་ལ་བརྟེན་པའི་སེམས་ཅན་དང་། སྲོག་ཆག ་དེ་དག་ལག་པ་གཡོན་པས་བླངས་ཏེ། བཟུང་བར་བགྱི་ལགས་སོ།། ལག་པ་གཡས་པ་ནི་ས་ཆེན་པོ་བསྒྱུར་བར་བགྱི་ལགས་སོ།། དེ་ལ་ཡང་འདི་ཅེས་བཀའ ་སྩལ་ཏོ།། མེའུ་འགལ་གྱི་བུ་ཆེན་པོ་ཆེན་པོ་བསྒྱུར་བར་བྱེད་པ་ན། ཇི་ལྟ་བུའི་འདུ་ཤེས་དང་ལྡན་པར་བྱེད། དེས་འདི་སྐད་ཅེས་གསོལ་ཏེ།། བཙུན་པ་ས་ཆེན་པོ་བསྒྱུར་བར ་བགྱིད་པ་ན། འདུ་ཤེས་མཆོག་ཏུ་ཡང་བ་དང་། ལྡན་པར་བགྱིད་ལགས་ཏེ། འདི་ལྟ་སྟེ་སྐྱེས་སྟོབས་དང་ལྡན་པ་ཞིག། ནུ་ཤིང་འདབ་མ་སྦྱར་བར་བགྱིད་པ་དེ་ཁོ་འདུ ་ཤེས་མཆོག་ཏུ་ཡང་བ་དང་། ལྡན་པར་བགྱིད་ལགས་སོ།། བཙུན་པ་དེ་བཞིན་དུ་བདག་ས་ཆེན་པོ་བརྒྱུར་བགྱིད་པ་ན། འདུ་ཤེས་མཆོག་ཏུ་ཡང་བ་དང་ལྡན་པར་བགྱིད ་ལགས་སོ།། དེ་ལ་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། མེའུ་འགལ་གྱི་བུ་ལེགས་སོ།། ལགས་སོ།། མེའུ་འགལ་གྱི་བུ་ཁྱོད་ཀྱིས་རྫུ་འཕྲུལ་དེ་དང་ཐབས་དེ།། ་ས་ཆེན་པོ་ནི་བསྒྱུར་བར་ནི་ནུས་པར་འགྱུར་ན། ས་ཆེན་པོ་བསྒྱུར་བར་ནི་དེ་བཞིན་གཤེགས་པ་ཁྱོད་ལ་གནང་བར་མཛད་དོ།། མེའུ་འགལ་གྱི་བུ་དེ་ཅིའི་ཕྱིར་ཞེ་ན། ་སེམས་ཅན་གང་ཕལ་ཆེར་ཁ་ཟས་ཀྱི་རོ་ལ་ཆགས་ཤིང་། ཁ་ཟས་ཀྱི་རོ་ལ་རྨོངས་ཏེ། ཀུན་ཏུ་གཏི་མུག་པར་འགྱུར་རོ།། མེའུ་འགལ་གྱི་དེ་ཅིའི་ཕྱིར་ཞེ་ན། ་ས་ཆེན་པོའི་སྟེང་ན་ས་ལས་བྱུང་བའི་རོའི་ཁམས་གྱ་ནོམ་པ་དེ་ཡང་ཡུན་རིང་དུ་མི་གནས་རིང་པོ་མི་ཐོགས་པར། ད་ས་ཆེན་པོའི་སྟེང་ནས་ཐམས་ཅད་དུ་ནུབ་པར ་འགྱུར་རོ།། དེའི་ཕྱིར་སེམས་ཅན་དང་། འབྱུང་པོ་དང་། སྲོག་ཆགས་དེ་དག་ཀྱང་ཁ་ཟས་ཀྱི་རོ་ལ་ཆགས་ཤིང་། ཁ་ཟས་ཀྱི་རོ་ལ་རྨོངས་སྟེ། མཆོག ་ཏུ་མོས་པར་འགྱུར་བ་འམ། སྲོག་ཆད་ནས་ཤེས་པའི་དུས་བྱེད་པར་འགྱུར་ཏེ།། མེའུ་འགལ་གྱི་བུ་དེའི་ཕྱིར་ས་ཆེན་པོ་བསྒྱུར་བར་དེ་བཞིན་གཤེགས ་པ་ཁྱོད་ལ་སྣང་བར་མི་མཛད་དོ།། གནས་འཇོག་གི་རྒྱུད་དག། དགེ་སློང་མེགུ་འགལ་གྱི་བུ་ནི་རྫུ་འཕྲུལ་གྱི་སྟོབས་དེ་ལྟ་བུ་དང་ལྡན་ནོ།། གནས་འཇོག་གི ་རྒྱུད་དག་འདི་ལྟ་སྟེ། རྣམ་པར་སྨིན་བྱེད་ཀྱི་ཉི་མ་དག་ནི། ཀུན་ཏུ་འགྲོ་བ་ན་ཕྱོགས་སྣང་བར་བྱེད་དོ།། དེ་སྲིད་དུ་སྟོང་གི་འཇིག་རྟེན་ན་ཟླ་བ་སྟོང་དང་། ་ཉིས་སྟོང་དང་། རི་རྒྱལ་པོ་རི་རབ་སྟོང་དང་། ཤར་གྱི་ལུས་འཕགས་སྟོང་དང་། བ་ལང་སྤྱོད་སྟོང་དང་། བྱང་གི་སྒྲ་མི་སྙན་སྟོང་དང་།། འཛམ་བུ ་རྡོ་འཕངས་@#གླིང་སྟོང་དང་། རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་སྟོང་དང་། སུམ་བཅུ་རྩ་གསུམ་པ་དག་དང་། འཐབ་བྲལ་གྱི་ལྷ་དག་དང་། དག་ལྡན་དག་དང་། འཕྲུལ ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་སྟོང་དང་། ཚངས་པའི་འཇིག་རྟེན་གྱི་ཁམས་སྟོང་པོ་འདི་ནི། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཤེས་བྱའོ།། སྟོང་སྤྱི་ཕུད་ཀྱི་འཇིག ་རྟེན་གྱི་ཁམས་སྟོང་པོ་འདི་ནི། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སྟོང་གང་ཡིན་པ། དེ་ནི། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཤེས་བྱའོ།། སྟོང་གཉིས་པ་བར་མའི ་འཇིག་རྟེན་གྱི་ཁམས་ཕྲག་སྟོང་གང་ཡིན་པ་དེ་ནི། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཤེས་བྱའོ།། འཕགས་པ་རྡོ་འཕངས་པའི་མདོ།། ། ་བམ་པོ་གཉིས་པ་སྟེ། ཐ་མའོ།། །། གནས་འཇོག་གི་རྒྱུད་དག། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཡང་། རྫུ་འཕྲུལ་དང་ལྡན་པ ་དགེ་སློང་མེའུ་འགལ་གྱི་བུ་དང་འདྲ་བར་བདག་གིས་གང་བར་འགྱུར་ལ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལ་ངེས་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི ་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་རྣམས ་ཀྱི་རྫུ་འཕྲུལ་ནི། ལུས་ཀྱིས་འགྲོ་བ་ཡིན་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་ནི། ཡིད་ལྟར་འགྱོགས་པ་ཡིན ་བའི་ཕྱིར་ཏེ། གནས་འཇོག་གི་རྒྱུད་དག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་རྫུ་འཕྲུལ་གྱི་སྟོབས་དེ་ལྟ་བུ་དང་ལྡན་པ་དག་ཡིན ་ཞིང་། གང་དག་འདས་པ་དང་། གང་དག་མ་བྱོན་པ་དང་། གང་ཡང་ང་ད་ལྟར་བྱུང་བའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་ཐམས་ཅད་མཉམ་པ་དང་མཉམ་པ་སྟེ། མཚན་མཉམ་པ། ཡོན་ཏན་མཚུངས་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག་ཡིན་གྱི། རྒྱ་གསུཾ ་པོའི་རིགས་དང་། སྐྲ་ཚེ་དང་། སྐྲ་ལུས་ཀྱི་མཉམ་པ་དག་ནི་མ་ཡིན་ནོ།། བཙུན་པ་བདག་ཅག་གིས་དེ་བཞིན་གཤེགས་པ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡབ་ཡུམ་ལས་བྱུང་བའི་སྟོབས་ཀྱང་ཐོས་ལགས། བསོད་ནམས་ཀྱི་སྟོབས་ཀྱང་ཐོས་ལགས། ཤེས་རབ་ཀྱི་སྟོབས་ཀྱང་ཐོས ་ལགས། རྫུ་འཕྲུལ་གྱི་སྟོབས་ཀྱང་ཐོས་ལགས་ན། བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྒོམ་པའི་སྟོབས་ཇི ་ལྟ་བུ་དང་ལྡན་པ་དག་ལགས། གནས་འཇོག་གི་རྒྱུད་དག་ཁྱེད་དེ་བཞིན་གཤེགས་པ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་རྣམས་ཀྱི་སྒོམ་པའི་སྟོབས་ཉན་པར་འདོད་དམ། བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ་ལགས་སོ།། བདེ་བར་གཤེགས་པ་མཆོག་ཏུ་འཚལ ་རྡོལའངས་@ལགས་སོ།། གནས་འཇོག་གི་རྒྱུད་དག། དེའི་ཕྱིར་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་བཤད་དོ།། གནས་འཇོག་གི་རྒྱུད ་དག། འཛམ་བུ་གླིང་གི་ནུ་དང་། རྒྱར་ནི་དཔག་ཚད་བདུན་སྟོང་ཡོད་དེ། བྱང་ཕྱོགས་སུ་ནི་ཡངས་ལ། ལྷོ་ཕྱོགས་སུ་ཤིང་རྟའི་དབྱིབས་སོ།། གནས་འཇོག་གི་རྒྱུད་དག། ་ཤར་གྱི་ལུས་འཕགས་གླིང་ནི་ཆུར་དཔག་ཚད་བརྒྱ་སྟོང་ཡོད་དེ། ཟླ་གམ་དུ་གནས་སོ།། གནས་འཇོག་གི་རྒྱུད་དག། བ་ལང་སྤྱོད་ཀྱི་གླིང་ནི། ཆུར་དཔག་ཚད་དགུ་སྟོང་ཡོད ་ལ། ཀུན་ཏུ་ཟླུམ་པོའོ།། གནས་འཇོག་གི་རྒྱུད་དག། བྱང་གི་སྒྲ་མི་སྙན་གྱི་གླིང་ནི། ནུར་དཔག་ཚད་ཁྲི་ཡོད་དེ། ཀུན་ནས་གྲུ་བཞིའོ།། གནས་འཇོག་གི་རྒྱུད་དོག་གང་གླིང ་བཞིར་དུས་མེད་པའི་སྤྲིན་ཆེན་པོ་ཡང་དག་པར་འོང་བའི་དུས་དེ་ཡོད་དེ། དེའི་ཚེ་གླིང་ཆེན་པོ་བཞི་པ་ནས་ཆུ་ཆེན་པོའི་རྒྱུན་དང་། ཆུ་ཆེན་པོའི་ཕུང་པོ་རྒྱ་ཚོ་ཆེན་པོར་འབབ་སྟེ། ་དེ་བཞིན་གཤེགས་པ་ཆུའི་ཐིགས་པ་རེ་རེ་ལ། ཆུའི་ཐིག་པ་འདི་ནི། འཛམ་བུ་གླིང་ནས་ཆར་འབབ་པའོ།། གྲོང་ཆེ་གེ་མོ་དང་། གྲོང་རྡལ་ཆེ་གེ་མོ་དང་། ལྗོངས་ཆེ་མོ་མ་དང་། ་ལྗོངས་ཀྱི་ཕྱོགས་གེ་མོ་དང་། ཤིང་ལྗོན་པ་ཆེ་གེ་མོ་དང་། སྡོང་པོ་ཆེ་གེ་མོ་དང་། ཡལ་ག་དང་། འདམ་མ་དང་། མེ་ཏོག་དང་། འབྲས་བུ་དང་། རྩ་དང་ཤིང་དང་། ཡལ་ག ་དང་། ཤིང་གི་དུམ་བུ་ཆེ་གེ་མོ་ལས་ཆར་འབབ་པའོ།། འདི་ནི་བ་འང་སྤྱོད་པ་དང་། ཤར་གྱི་ལུས་འཕགས་དང་། བྱང་གི་སྒྲ་མི་སྙན་གྱི་གླིང་ནས། མང་བར་པའོ།། གྲོང ་ཆེ་གེ་མོ་དང་། གྲོང་རྡལ་ཆེ་གེ་མོ་དང་། ལྗོངས་ཆེ་གེ་མོ་དང་། ལྗོངས་ཀྱི་ཕྱོགས་ཆེ་གེ་མོ་དང་། ཤིང་ལྗོན་པ་ཆེ་གེ་མོ་དང་། རྗོང་པོ་ཆེ་གེ་མོ་དང་། ཡལ་ག་དང་། འདབ་མ ་དང་། མེ་ཏོག་དང་། འབྲས་བུ་དང་། རྩ་དང་ཤིང་དང་། ཡལ་ག་དང་། ཤིང་གི་དུམ་བུ་ཆེ་གེ་མོ་ལས་ཆར་འབབ་པའོ།། ཞེས་ཡོངས་སུ་གཅོད་པར་མཛད་དོ།། ཆུའི་ཐིག ་པ་དེ་ཡང་། རྡུལ་ཕྲ་རབ་ཙམ་དུ་ཡོངས་སུ་གཅོད་པར་མཛད་དོ།། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག ་ནི་སྒོམ་པའི་སྟོབས་དེ་ལྟ་བུ་དང་ལྡན་པ་དག་ཡིན་ཞིང་། གང་དག་འདས་པ་དག་དང་། གང་དག་མ་བྱོན་པ་དག་དང་། གང་དག་ང་ད་ལྟར་བྱུང་བའི་དུས་ན། དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་། མཉམ་པ་སྟེ། མཚན་ཉམ་པ། ཡོན་ཏན་མཚུངས་པ་མཉམ་པ། བསོད ་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་དག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། སྐྲ་ཚེ་དང་། སྐྲ་ལུས་ཀྱི་མཉམ་པ་དག་ནི་མ་ཡིན་ནོ།། གནས་འཇོག་གི་རྒྱུད་དག་དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི། སྟོབས་བཅུ་དག་དག་དང་། ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ ་ཆེ་ཞལ་གྱིས་ཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་། འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་ཅིང་། གང་དག་འདས་པ་དག་དང ་གང་དག་མ་བྱོན་པ་དག་དང་། གང་ཡང་ངད་ལྟར་བྱུང་བའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐཾད ་མཉམ་པ་དང་མཉམ་སྟེ། མཚན་མཉམ་པ། ཡོན་ཏན་མཚུངས་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་ངག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། ་སྐུ་ཚེ་དང་། སྐྲ་ལུས་ཀྱིས་མཉམ་པ་དག་ནི་མ་ཡིན་ནོ།། གནས་འཇོག་གི་རྒྱུད་དག་སྟོབས་བཅུ་གང་དག་དང་ལྡན་ཞེ་ན། འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་རྣམས་ནི་གནས་ལ་ཡང་གནས་དང་། གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡང་རབ་ཏུ་མཁྱེན་ཏེ། གནས ་འཇོག་གི་རྒྱུད་དག། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། གནས་ལ་ཡང་གནས་དང་། གནས་མ་ཡིན་པ་ལ་གནས ་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། གནས་འཇོག་གི་རྒྱུད་དག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་སྟོབས ་དང་པོ་དེ་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་བརླབས་པོ་ཆེ་ཞལ་གྱི་ས་ཆེ་སྟེ། ཚངས་པའི་འཁོར་ལ་རབ་ཏུ་བསྐོར་ཞིང་འཁོར་ལོའི་ནང་དུ་ཡང་དག་པར་སེར ་གེའི་སྒྲ་སྒྲོགས་པར་མཛད་དོ།། གནས་འཇོག་གི་རྒྱུད་དག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། འདས་པ་དང་། ་མ་བྱོན་པ་དང་། ད་ལྟར་བྱུང་བའི་ལས་དང་། ཆོས་ཡང་དག་པར་ལེན་པ་དག་གནས་དང་། རྒྱུ་དང་དངོས་པོ་དང་། རྣམ་པར་སྨིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ ་ཇི་ལྟ་བ་བཞིན་དུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། འདས་པ་དང་། ་མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་དང་། ཆོས་ཡང་དག་པར་ལེན་པ་དག་དང་། གནས་དང་རྒྱུ་དང་། དངོས་པོ་དང་། རྣམ་པར་སྨིན་པར་ཡང་དག་པར་ཇི་ལྟ་བ་བཞིན ་དུ་རབ་ཏུ་མཁྱེན་ཏོ། གནས་འཇོག་གི་རྒྱུད་དག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི། སྟོབས་གཉིས་དེ་དང་ལྡན་པ་ཡིན ་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་། འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ།། ་གནས་འཇོག་གི་རྒྱུད་དག། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། བསམ་གཏན་དང་། རྣམ་པར་ཐར་པ་དང་། ་ཏིང་ངེ་འཛིན་དང་། སྙོམ་པར་འཇུག་པ་དག་གིས་ཀུན་ནས། ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྣམ་པར་གནས་པ་དང་། རྣམ་པར་དག་པ་ཡང་ཇི་ལྟ་བ་བཞིན་དུ ་རབ་ཏུ་མཁྱེན་ནོ།། གནས་འཇོག་གི་རྒྱུད་དག། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣ་བ་ནི། སྟོབས་གསུམ་པ ་དེ་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་། འཁོར་གྱི་ནང་དུ་ཡང་དག་པར ་སེང་གེའི་སྒྲ་སྒྲོགས་པར་མཛད་དོ།། གནས་འཇོག་གི་རྒྱུད་དག། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སེམས་ཅན ་གཞན་དག་དང་། གང་ཟག་གཞན་དག་གི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཉིད། ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད ་དག། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དགྲ་པར་རྫོགས་པའི་སངས་རྒྱས་རྣམས་ནི། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག ་གི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ།། གནས་འཇོག་གི་རྒྱུད་དག། དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི། སྟོབས་བཞི་པ་དེ་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ་མངས་པའི་འཁོར་ལོ་རབ་ཏུ་བསྐུར་ཞིང་།། འཁོད་ཀྱི་ནང་ན་སེང་གེའི་རྨུགས་པར་མཛད་དོ།། གནས་མཇུག་གི་རྒྱད་དག། གཞན་ཡང་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་མོས་པ་སྣ་ཚོགས་ཉིད་ཡང ་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། གནས་འཇོག་གི་རྒྱུད་དག། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་ནི། སེམས་ཅན་གཞན་དག་དང་། གང་ཟག ་གཞན་དག་གི་མོས་པ་སྣ་ཚོགས་ཉིད་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན།། གནས་འཇོག་གི་རྒྱུད་དག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི། སྟོབས ་ལྔ་པ་དེ་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེན་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་། འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ།། ་གནས་འཇོག་གི་རྒྱུད་དག། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། ཁཾསཾ་སྣ་ཚོགས་པ་ཁམས་དུ་མ་དང་ལྡན་པའི་འཇིག་རྟེན་ཡང་དག་པ་ཇི ་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། ཁམས་སྣ་ཚོགས ་པ་ཁམས་དུ་མ་དང་ལྡན་པའི་འཇིག་རྟེན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། གནས་འཇོག་རྒྱུད་དག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་དག་ནི། སྟོབས་དྲུག་པ་དེ་དག་དང་ལྡན་པ་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པར་འཁོར་ལོ་རབ་ཏུ་བསྐོར་ཞིང་། འཁོར ་གྱི་ནང་དུ་ཡང་དག་པར་སེ་གེའི་སྒྲ་སྒྲོགས་པར་མཛད་དོ།། གནས་འཇོག་གི་རྒྱུད་དག། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅིཔ་ལྔ་དག་པ་རྗོ་བའི་སངས་རྒྱས་རྣམས་ནི ་ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག། འཇོག་གི་རྒྱུད་དག། འདི་ལྟར ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། གནས ་འཇོག་གི་རྒྱུད་དག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི། སྟོབས་བདུན་པ་དེ་དང་ལྡན་པ་ཡིན་ཞིང་། ཁྱུ་མཆོག་གི་གནས ་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་། འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ།། གན་སཱག་གི་རྒྱུད་དག། ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེ་སུ་དྲན་པར་མཛད་དེ། ་འདི་ལྟ་སྟེ། ཚེ་རབས་གཅིག་དང་། གཉིས་པ་དང་། གསུམ་དང་། བཞི་དང་། ལྔ་དང་། དྲག་དང་། བདུན་དང་། བརྒྱད་དང་། དགུ་དང་། བཅུ་དང་། ཉི་ཤུ་དང་། ་སུམ་བཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། ཚེ་རབ་ས་བརྒྱད་དང་། ཚེ་རབས་སྟོད་དང་། ཚེ་རབས་བརྒྱ་སྟོང་དང་། ཚེ་རབས་བརྒྱ་སྟོང་ཕྲག་ད་མ་དང་། ཚེ་རབས ་སྟོང་ཕྲག་དུ་མ་དང་། ཚེ་རབས་བརྒྱ་སྟོང་ཕྲག་དུ་ས་དང་། འཇིགས་པའི་བསྐལ་པ་དང་། འཇིག་པ་དང་ཆགས་པའི་སྐལ་པ་དང་། འཇིག་པའི་བསྐལ་པ་དུ་མ་དང་། ་ཆགས་པའི་བསྐལ་པ་དུ་མ་དང་། འཇིགས་པ་དང་ཆགས་པའི་བསྐལ་པ་དུ་མ་ཡང་དག་པར་རྗེས་སུ་དྲན་པར་མཛད་ཅིང་། སེམས་འབྱུང་བ་དེ་དང་ནི། མིང་ནི་འདི་དག་ཅེས ་བར་གྱུར་ཏོ།། དེ་དག་དང་བདག་ཅག་མིང་འདི་དག་ཅེས་བྱས་པར་གྱུར་ཏོ།། རིགས་འདི་ནི་འདི་དག་ཅེས་བྱ། རུས་དག་ནི་འདི་དག་ཅེས་བྱ། ཟས་དག་ནི་འདི ་ལྟ་བུ་དག་ཅིག་ཟ་ཟ། བདེ་བ་དང་སྡུག་བསྔལ་བ་ནི། འདི་ནི་ལྟ་བུ་དག་ཅིག་མྱོངས། ཚེ་ནི་འདི་ཙམ་ཞིག་ཏུ་རིང་བར་གྱུར། ཡུན་ནི་འདི་སྲིད་དག་ཅིག་ཏུ་གནས་གནས། ་ཚེ་དག་ནི་འདི་ཙམ་དག་ཅིག་ཐུབ་དེ་དག་དང་བདག་ཅག་གནས་དེ་ནས་ཤི་འཕོས་ཏེ། ཆེ་གེ་མོ་ཞིག་ཏུ་སྐྱེས་པ་དག་ཏུ་གྱུར། དེ་ནས་ཀྱང་ཤི་འཕོས་ནས་ཆེ་གེ་མོ ་ཞིག་ཏུ་སྐྱེས་པ་དག་ཏུ་གྱུར། དེ་ནས་ཤི་འཕོས་ནས་ཡང་འདིར་སྐྱེས་པ་དག་ཏུ་གྱུར་ཏོ།། ཞེས་རྣམ་པ་དང་བུས་ཤིང་། ཡུལ་ཕྱོགས་དང་བཅས་ལ། གཞི་ཅི་ལས ་གྱུར་པ་དང་། བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེས་སུ་དྲན་པར་མཛད་ལ། གནས་འཇོག་གི་རྒྱུད་དག། འདི་ལྟར་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེ་སུ་དྲན་པར་མཛད་དེ་འདི་ལྟ་སྟེ། ཚེ་རབས་གཅིག་དང་། ་གཉིས་དང་། གསུམ་དང་། བཞིན་དང་། ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུ་དང་། བཅུ་དང་། ཉི་ཤུ་དང་། སུམ་བཅུ་དང་། བཞི་བཅུ་དང་། ་@། ལྔ་བཅུ་དང་། ཚེ་རབས་བརྒྱ་དང་། ཚེ་རབས་བརྒྱ་སྟོང་དང་། ཚེ་རབས་བརྒྱ་སྟོང་དང་། ཚེ་རབས་བརྒྱ་ཕྲག་དུ་མ་དང་། ཚེ་རབས་སྟོང་ཕྲག ་དུ་མ་དང་། ཚེ་རབས་བརྒྱ་སྟོང་ཕྲག་དུ་མ་དང་། འཇིགས་པའི་སྐལ་པ་དང་། ཆགས་པའི་བསྐལ་པ་དང་། འཇིགས་པ་དང་། བཆགས་པའི་བསྐལ་པ་དུ་མ་དང་། ་འཇིགས་པའི་བསྐལ་པ་དུ་མ་དང་། ཆགས་པའི་བསྐལ་པ་དུ་མ་དང་། འཇིགས་པ་དང་། འཆགས་པའི་བསྐལ་པ་དུ་མ་དང་། དག་པར་རྗེས་སུ་དྲན་པར་མཛད་ཅིང་། ་སེམས་ཅན་འབྱུང་བ་དེ་དག་ནི། མིང་འདི་དག་ཅེས་བྱ་བར་གྱུར་ཏོ།། དེ་དག་ཏུ་བདག་ཅག་མིང་ང་འདི་ཅེས་བྱ་བར་གྱུར་ཏོ།། རིགས་དག་ནི་འདི་དག་ཅེས་བྱ་བ། རུས་དག ་ནི་འདི་དག་ཅེས་བྱ། ཟས་ངག་དག་ནི། འདི་ལྟ་བུ་བདག་ཅིག་ཟ་ཟ། བདེ་བ་དང་། སྡུག་བསྔལ་བ་ནི་འདི་ལྟ་བུ་དག་ཅིག་མྱོང་། ཚེ་ནི་འདི་ཙམ་ཅིག་ཏུ་རིང་བར་གྱུར། ཡུན ་ནི་འདི་སྲིད་དག་ཅིག་གནས་གནས། ཚེ་དག་དང་བདག་ཅག་གནས་དེ་ནས་ཤི་འཕྲོ་ནས་ཆོ་གོ་མོ་ཞིག་ཏུ་སྐྱེས་པ་དག་ཏུ་སྐྱེས་པ་དག་ཏུ་གྱུར། དེ་ནས་ཀྱང་ཤིས་འཕོས ་ནས། ཆེ་གེ་མོ་ཞིག་ཏུ་སྐྱེས་བ་དག་ཏུ་གྱུར། དེ་ནས་ཀྱང་ཤི་འཕོས་ནས་ཡང་འདིར་སྐྱེས་པ་དག་ཏུ་གྱུར་ཏོ།། ཞེས་རྣམ་པ་དང་བཅས་ཤིང་། ཡུལ་ཕྱོགས་དང ་བཅས་ལ། གཞི་ཙཾ་ལས་གྱུར་པ་དང་། བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེས་སུ་དྲན་པར་མཛད་དོ།། གནས་འཇོག་གི་རྒྱུད་དག། དེ་བཞིན ་གཤེགས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི། སྟོབས་བརྒྱད་པོ་དེ་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་བརླབས་པོ་ཆེ་ཞལ ་ནི་འདི་ཙམ་དག་ཅིག་ཟུག་འདི་དག ་གྱིས་འཆི་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་། འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ།། གནས་འཇོག་གི་རྒྱུད་དག། ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་སྤ་ལྷའི་སྤྱན་རྣམ་པར་དག་པ་མི་ལས་འདས་པས། སེམས་ཅན་ཤི་ཕོ་བ་དག ་ངག་དང་། སྐྱེས་པ་དག་དང་། མདོག་བཟང་པོ་དག་དག་དང་། མདོག་ངན་པ་དག་དང་། དམན་པ་དག་དང་། གྱ་ནོམ་པ་དག་དང་། བདེ་འགྲོ་དག་དང་། ་འགྲོར་འགྲོ་བ་དག་ལ་གཟིགས་པ་མཛད་ཅིང་། སེམས་ཅན་ལས་ཇི་ལྟ་བ་བཞིན་དུ་ཉེ་བར་དོང་བ་དག་ལ། སེམས་ཅན་འབྱུང་བ་དག་ནི། ལུས་ཀྱིས་ཉེས་པར ་སྤྲོད་པ་དང་། ལྡན་པ་དག་དང་། ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ་དག་དང་། འཕགས་པ་རྣམས་ལ་སྐུར་པ་འདེབས་པ་དག་དང་། ལོག་པར ་ལྟོ་བ་དག་ཡིན་ཏེ།། ལོག་པར་ལྟ་བལླི་དང་། ཆོས་ཡང་དག་པར་ལྟེ་བའི་རྒྱུས། དེའི་རྒྱུ་དང་། དེའི་རྐྱེན་གྱིས་ལུས་ཞིག་ནས་ཤི་ཕན་ཆད་ངན་སོང་ངན ་འགྲོ་ལོག་པར་ལྟུང་བའི་སེམས་ཅན་དམྱལ་བ་རྣམས་སུ་བསྐྱེ་བར་འགྱུར་རོ།། ཡང་ན་སེམས་ཅན་འབྱུང་བ་དག་ནི། དེའི་ལུས་ཀྱི་ལེགས་པར་སྤོད་པ་དང་ལྡན་པ ་ངག་དང་། ངག་དང་ཡིད་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ་དག་དང་། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ་དང་། ཡང་དག་པར་ལྟ་བ་དག་ཡིན་ཏེ། ་ཡང་དག་པར་ལྟ་བའི་ལས་དང་། ཆོས་ཡང་དག་པར་ལེན་པའི་རྒྱུས། དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག ་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། ལྷའི་སྤྱན་རྣམས་པར་དག་པ་མི་ལས་འདས་པས། སེམས་ཅན་འཆི་འཕོ་བ་དག་དང་། སྐྱེ་བ་དག་དང་མདོག་བཟང ་པོ་དག་དང་། མདོག་ངན་པ་དག་དང་། དམན་པཱ་དང་། གྱ་ནོམ་པ་དག་དང་། བདེ་འགྲོ་དག་དང་། ངན་འགྲོར་འགྲོ་བ་དག་ལ་གཟིགས་པར་མཛད་ཅིང་། སེམས་ཅན་ལས ་ཇི་ལྟར་བཞིན་དུ་ཉེ་བར་དོང་བ་དག་ལ། སེམས་ཅན་འབྱུང་བ་དེ་དག་ནི། ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་དག་དང་། ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ ་དང་ལྡན་པ་དག་དང་། འཕགས་པ་རྣམས་ལ་སྐུར་པ་འདེབས་པ་དག་དང་། ལོག་པར་ལྟ་བའི་ལས་དང་། ཆོས་ཡང་དག་པར་ལེན་པའི་རྒྱུས། དེའི་རྒྱུ་དང་། དེའི་རྐྱེན་གྱིས ་ལུས་ཞིག་ནས་ཤི་ཕན་ཆད་ངན་སོང་ངན་འགྲོ་ལྟེང་བའི་སེམས་ཅན་དམྱལ་བ་དག་ཏུ་ལྟུང་བར་འགྱུར་རོ།། ཡང་ན་སེམས་ཅན་འབྱུང་བ་དེ་དག་ནི་ལུས་ཀྱི་ལེགས་པར་སྤྱོད་པ ་དང་ལྡན་པ་དག་དང་། ངག་དང་ཡིད་ཀྱིས་ལེགས་པར་སྤྱོད་པ་དང་། ལྡན་པ་དང་། འཕགས་པ་རྣམས་ལ་བསྐུར་པ་མི་འདེབས་པ་དག་དང་། ཡང་དག་པར་ལྟ་བ ་དག་ཡིན་ཏེ། ཡང་དག་པར་ལྟ་བའི་ལས་དང་། ཆོས་ཡང་དག་པར་ལེན་པའི་རྒྱུས། དེའི་རྐྱེན་གྱིས་ལུས་ཞིག་ནས། བདེ་འགྲོ།། མཐོ་རྨིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི ་ནང་དུ་སྐྱེ་བར་འགྱུར་རོ།། ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། གནས་འཇོག་གི་རྒྱུད་དག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་དག་ནི། སྟོབས་དགུ་པ་དེ་དང་། ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གིས་གནས་བརླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོལ་ལོ་རབ་ཏུ་བསྐོར་ཞིང་། ་འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ།། གནས་འཇོག་གི་རྒྱུད་དག། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྣམས་ནི། ཟག་པ་ཟད་ནས། ཟག་པ་མེད་པའི་སེམས་ཅན་རྣམ་པར་གྲོལ་བ། ཤེས་རབ་རྣམ་པར་གྲོལ་བ། མཐོང་བའི་ཆོས་ཉིད་བདག་ཉིད་ཀྱི་མངོན་པར་མཁྱེན་པས།། ་མངོན་དུ་མཛད་དོ།། རྫོགས་པར་མཛད་ནས་རབ་ཏུ་མཁྱེན་ཅིང་། དེད་ཅག་གི་སྐྱེ་བ་འདི་ནི་ཟད་དོ།། ཚངས་པར་སྤྱོད་པ་ནི་སྙན་ཏོ།། མཛད་པ་མཛད་དོ།། འདི་ལས་སྲིད ་པ་གཞན་རབ་ཏུ་མི་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཟག་པ ་ཟད་ནས། ཟག་པ་མེད་པའི་སེམས་རྣམ་པར་གྲོལ་བ། ཤེས་རབ་རྣམ་པར་གྲོལ་བ། མཐོང་བའི་ཆོས་ཉིད་ལ་བདག་ཉིད་ཀྱིས་མངོན་པར་མཁྱེན་ནས། མངོན་དུ་མཛད། ་རྫོགས་པར་མཛད་ནས། རབ་ཏུ་མཁྱེན་ཅིང་། ངེད་ཀྱི་སྐྱེ་བ་ནི་ཟད་དོ།། ཚངས་པར་སྤྱོད་པ་ནི་བསྟན་ཏོ།། མཛད་པ་མཛད་དོ།། ལ་དེས་ལས ་སྲིད་པ་གཞན་རབ་ཏུ་མཁྱེན་ཏོ།། གནས་འཇོག་གི་རྒྱུད་དག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི། སྟོབས་བཅུ་པ་དེ་དང ་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་བརླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་། འཁོར་གྱི་ནང་ནུ་ཡང་དག་པར་སེང་གེའི་སྒྲ ་སྒྲོགས་པར་མཛད་དོ།། གང་དག་འདས་པ་དང་། གང་དག་མ་བྱོན་པ་དང་། གང་ཡང་དད་ལྟར་བྱུང་བའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་དེ་ཡང་དག ་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཉམ་པ་མཉམ་སྟེ། མཚན་མཉམ་པ། ཡོན་ཏན་མཚུངས་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ། ་བདག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། སྐུ་ཚེ་དང་། ཀུ་ལུས་ཀྱི་མཉམ་པ་དག་ནི་མ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ལ་ཀུ་ཤའི་གྲོང་ཁྱེར་ནས་སྐྱེས་པ་ཀྱང ་རྣམས་ཀྱི་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འོ་ན་ཅི་གང་སྟོབས་དེ་དག་ལས་ཆེས་སྟོབས་དང་ལྡན་ཞིང་། གང་སྟོབས་དེ་དག་ཟིལ་གྱིས་གནོན་པར་བགྱིད་པའི ་སྟོབས་གཞན་མ་མཆིས་ལགས་སམ། གནས་འཇོག་གི་རྒྱུད་དག། གང་སྟོབས་དེ་དག་ལས་ཆེས་སྟོབས་དང་ལྡན་ཞིང་། གང་སྟོབས་དེ་དག་ཟིལ་གྱིས་གནོད་དུ། ་བགྱིད་པའི་སྟོབས་གཞན་ཡོད་དེ། འདི་ལྟ་སྟེ་གང་དེ་ཉིད་ཀྱི་མཚན་མོ་གུང་རྫུན་ལ། མཚན་གྱིས་རྣམ་པར་བརྒྱན་པ། དཔེ་བུད་བཟང་པོས་རྣམ་པར་མཛེས་པར་བྱ ་པའི་སྐུ་འདི་དང་སྟོབས་དེ་དག་གི་སྣོད་དུ་གྱུར་པའི་སྐུ་སྲོག་འདི་རབ་ཏུ་འཇོམ་པར་འགྱུར་བའི་མི་རྟག་པ་ཉིད་ཀྱི་སྟོབས་ཤེས་བྱའོ།། གནས་འཇོག་གི་རྒྱུད་དག། འདི ་ནི་གང་སྟོབས་དང་ལྡན་ཞིང་། གང་ངོ་སྟོ་བུས་དེ་དག་ཟིལ་ཀྱིས་གནོན་པར་བྱེད་པའི་སྟོབས་གཞན་དེ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ ་བཅད་པ་དག་བཀའ་སྐད་ཅེསྩལ་པ། ལུས་ལས་བྱུང་བའི་སྟོབས་ཀྱི་སྟོབས་དང་། བསོད་ནམས་སྟོབས།། ཡེ་ཤེས་སྟོབས་དང་རྫུ་འཕྲུལ་སྟོབས་པས་ཀྱང་། ་ངའི་བཟི་བརྗིད་འཇོམས་མི་རྟག་ཉིད། མཆོག་དུ་སྟོབས་དང་ལྡན་པར་བཞེད་པ་ཡིན།། གང་དུ་དེ་དང་འདྲ་བའི་སྐུ་ས་ནི། གསེར་གྱི་རིའི་དབང་པོའི་རྩེ་མེ་འདྲ། ་མི་རྟག་ཉིད་ཀྱི་གཟིགས་བརྗིད་ཀྱིས་བཅོམ་པ།། ངའི་འཇིག་པར་འོང་བར་འགྱུར་བ་ཡིན། མི་རྟག་ཉིད་ཀྱི་སྟོབས་ནི་སྟོབས་མཆོག་པར།། མཁས་པའི་ས ་རྣམས་རྣམ་པར་ཤེས་བྱ་སྟེ། གང་དུ་མི་རྟག་ཉིད་ནི་མི་འོང་བའི། མི་འཆི་བའི་གནས་དེ་ཐོབ་པར་བྱའོ།། བཅོམ་ལྡན་འདས་པས། ཀུ་ཤའི་གྲོང ་ཁྱེར་ནས་སྐྱེས་པའི་གྱང་རྣམས་ཀྱིས་འདི་སྐད་ཅེས་ཐོས་ནས། ཕོངས་པར་འགྱུར་བ་ཏེ། ཇི་ལྟར་ཡང་འདུ་ཤེས་ཐོབ་པ་དག་ཏུ་གྱུར་ནས། ས་ལ་འདྲེ་ལྡོ། ་@། འདི་ལྟ་སྟེ་ཤིང་གི་སྡོང་བུ་བཞིན་ནོ།། ཁ་ཅིག་ནི་དཔུང་པ་དག་བསྣོལ་ཏེ། རབ་ཏུ་ངུ་བར་བྱེད་དོ།། ཁ་ཅིག་ནི་སེམས་ཀྱི་སྡུག་བསྔལ་དང་ཀུན ་ཏུ་ལྡན་ཞིང་འཁོད་དོ།། ཁ་ཅིག་ནི་ཆོས་ཉིད་ཁོ་ན་ལ་སྟོན་པར་བྱེད་དེ། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་དང་པོ་ཉིད་དུ་འདོད་པ་དང་། སྡུག་པ་དང་དགའ་བ་དང་། ཡིད ་དུ་འོང་བ་ཐམས་ཅད་ལས་དངོས་པོ་ཐ་དད་པ་དང་། མེད་པར་འབྱུང་བ་དང་། འབྲེལ་བ་དང་། མི་ལྡན་པ་འབྱུང་བར་འགྱུར་རོ།། ཞེས་གསུངས་སོ་སྙམ་མོ།། དེ་ནས་ཀུ ་ཤའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་ས། ཐི་བའི་སྐད་ལྟར་སྙན་ཅིང་འཇེབས་པ་རིང་ཞིང་འཇམ་པའི་དབུགས་ཕྱུང་ནས། མཆི་མ་དག་རླུང་སྟེ། བཅོམ་ལྡན་འདས་ཀྱིས ་ཞབས་གཉིས་ལ་མགོ་བོ་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་རྡོ་ཆེན་པོ་ཡངས་པ་དེའི་ཕྱོག ་གཅིག་ཏུ་བཞུགས་སོ།། ཀུ་ཤའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ཀྱང་། རྡོ་ཆེན་པོ་ཡངས་པ་དེ་ཉིད་ཀྱི་ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་བཅོམ་ལྡན་འདས་ཀུ་ཤའི ་གྲོང་ཁྱེར་ནས་སྐྱེས་པའི་གྱང་རྣམས་ལ་བཤང་གྱིས་སྦྱོང་བ་ལྟར་མཛད་ཅིང་། ཀུ་ཤའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏེ།། གནས ་འཇོག་གི་རྒྱུད་དག། རྡོ་ཆེན་པོ་ཡངས་པ་འདི་ནི་སྐལ་པ་དང་པོ་པའི་མི་རྣམས་རྩོལ་བའི་མི་རྣམས་རྡོར་གྱུར་ཏེ། འདི་ལྟར་དེང་སང་ཡང་དེ་ལ་སོར་མོའི་རྗེས་དག་སྣང ་བའི་ཕྱིར་རོ།། གནས་འཇིག་ག་རྒྱུད་དང། དེ་ལར་འདུ་བྱེད་ཐམས་ཅད་ནམ་རྟག་པ། མ་བཛིན་པ་ཡོད་བརྟེན་དུས་རུང་བ། རྣམ་པར་འགྱུར་བཆོས་ཅན་ད་ན ་འདུ་བྱེད་ཐམས་ཅད་ཀྱི་བར་གྱིས་མཆོག་པ་ཉིད་ངོ་།། སྐྱོ་བར་བྱ་བའི་རིགས་སོ།། འདོད་ཆགས་དང་བྲལ་བའི་བྱ་བའི་རིགས་སོ།། རྣམ་པར་གྲོལ་བར་བྱང་བའི་རིགས་སོ།། ་གནས་འཇོག་གི་རྒྱུད་དག། རྒྱ་མཚོ་ཆེན་པོ་ནི་བཞིས་སྐམ་པར་མི་ནུས་སོ།། བཞི་གང་དག་ཞེས་ན་ཞེ་ན། འོག་ཏུ་ནི་གསེར་གྱི་འཁོར་ལོས་ཀུན་ཏུ་བཟུང་བ་དང་། ངོས ་སུ་འཁོར་ཡུག་གིས་ཡོངས་སུ་བཟུང་བ་དང་། སྟེང་ནས་ནི་ཀླུ་ཆེན་པོ་དག་གིས། ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆུའི་རྒྱུན་གྱིས་ཆར་འབེབས་བྱེད་པ་དང་། ཆུ་བོ་ཆེན་པོ ་ཐམས་ཅད་ཆུ་ཀླུང་སྟོང་ཕྲག་དུ་མའི་འཁོར་དང་ལྡན་པ་རྒྱ་མཚོ་ཆེན་པོར་འབབ་པར་བྱེད་པའོ།། དེ་ལྟར་སངས་རྒྱས་ཀྱི་བརྟན་པ་རྒྱ་མཚོ་འདི་ཡང་། རྒྱུ་བཞིས་ནུབ་པར་མི ་འགྱུར་རོ།། བཞི་གང་དག་གིས་ཞེ་ན། འོག་ཏུ་འདུལ་བའི་གསེར་གྱི་འཁོར་ལོས་ཀུན་དུ་བཟུང་བ་དང་། ངོས་སུ་ནི་མདོ་སྡེའི་འཁོར་ཡུག་གི་ཡོངསུ་བཟུང་བ་དང་། ཆོས ་མངོན་པའི་གླུ་ཆེན་པོའི་ཆར་གྱིས་ཀུན་ཏུ་ཡོངསུ་གང་བར་བྱས་པ་དང་། བསྒོམ་པ་ལས་བྱུང་བའི་དགེ་བའི་རྩ་བའི་ཆུ་ཀླུང་དག་གིས་རྒྱས་པར་བྱས་པའོ།། གནས ་འཇོག་གི་རྒྱུད་དག། འོན་ཀྱང་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས ་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ།། ཆོས་ལ་དགེ་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། འཁོར་བར་ཟད་པར ་མི་འགྱུར། ཡོངས་སུ་གཏགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ།། གནས་འཇོག་གི་རྒྱུད་དག། འཛམ་བུ་གླིང་འདི་ནི་ཆུ ་དང་ཞེང་དུ་དཔག་ཚད་བདུན་སྟོང་ཡོད་ཅིང་། བྱང་ཕྱོགས་སུ་ཡང་ས་ལ། ལྷོ་ཕྱོགས་སུ་ནི་ཤིང་རྟའི་དབྱིབས་ཡིན་ནོ།། དེ་ནི་སྒོམ་པ་འདི་སྙེད་ཅིག་ཡོད་དོ།། ཞེས་འམ ་གོམ་པ་བརྒྱ་འམ། གོམ་པ་བརྒྱ་སྟོང་ཞིག་ཡོད་ཞེས་བགྲང་བ་དང་། ཚད་བཟུང་བར་ནུས་ཀྱི། གནས་འཇོག་གི་རྒྱུད་དག། སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། བགྲང་བ ་དང་། ཚད་བཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ།། ཆོས་ལ་དགེ ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། བགྲང་བ་དང་། ཚད་བཟུང་བར་མི་ནུས་སོ།། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏགས་པ ་མི་འགྱུར་ཞིང་། མྱངན་ལས་འདས་པ་མི་འད་བ་ཡང་ཐོབ་པར་བྱེད་དོ།། གནས་འཇོག་གི་རྒྱུད་དག། འཛམ་བུ་གླིང་ལྟ་ཤོག། གརས་འཇོག་གི་རྒྱུད་དག། ཤར་གྱི་ལུས ་འཕགས་གླིང་ཞེས་བྱ་བ།། ཆུ་དང་རྒྱར་དཔག་ཚད་བརྒྱད་སྟོང་ཅིང་། བླ་གམ་དུ་གནས་པ་ཡིད་དེ། དེ་ལ་ཡང་གིས་པ་འདི་སྙེད་ཅིག་ཡོད་དོ།། ནི་འམགོས་བརྒྱ་འམ། ་གོམ་པ་སྟོང་ངམ། གོམ་པ་བརྒྱ་སྟོང་ཞིག་ཡོད་དོ།། ཞེས་བགྲང་བ་དང་། ཚང་བཟུང་བར་ནུས་གྱི། གནས་འཇོག་གི་རྒྱུད་དག། སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི།། བགྲང ་དང་། ཚད་བཟུང་བར་མི་ནུས་ཏེ།། འཁོར་བ་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་འདས་པར་མི་ཟད་པ་ཡང་ཐོབ་པར་བྱེད་དོ།། ཆོས་ལ་དགེ་བའི ་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། བགྲང་བ་དང་། ཚད་བཟུང་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར་ཞིང་། ཡོངས་སུ་གཏུགས་པར་མི ་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ།། གནས་འཇོག་གི་རྒྱུད་དག། བ་ལང་སྤྱོད་ཀྱི་གླིང་ཞེས་བྱ་བ། ཆུ་དང་རྒྱར་དཔག་ཚད་དགུ་སྟོང་ཡོད་ཅིང་།། ་ཀུན་ཏུ་ཟླུམ་པོ་ཡོད་པ། དེ་ལ་ཡང་གོམ་པ་འདི་སྙེད་ཡོད་དོ། ཞེ་འམ། གོམ་པ་བརྒྱ་འམ། གོམ་པ་སྟོང་ངམ། གོམ་པ་བརྒྱ་སྟེང་ཞིག་ཡོད་དོ་ཞེས་བགྲང་བ་དང་། ཚད ་བཟུང་བར་ནས་ཀྱི། གནས་འཇོག་གི་རྒྱུད་དག། སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། བགྲང་བ་དང་། ཚད་བཟུང་བར་མི་ནུས་སོ།། འཁོར་བར་ཟད་པར་མི་འགྱུར། ་ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ།། ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ ་བསྐྱེད་པ་ནི། བགྲང་བ་དང་། ཚད་བཟུང་བར་མི་ནུས་ཏེ།། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི ་འཕགས་གླིང་ཡང་ཞོག། གནས་འཇོག་གི་རྒྱུད་དག། བྱང་གི་སྒྲ་མི་སྙན་གྱི་གླིང་ཞེས་བྱ་རྒུ་དང་རྒྱར་དཔག་ཚད་ཁྲི་ཡོད་པ། ཀུན་དུ་གྲུ་བཞི་པ་ཡོད་དེ། དེ་ལ་ཡང་གོམ་པ་འདི་སྙེད ་ཅིག་ཡོད་དོ།། ཞེས་འམ། གོམ་པ་བརྒྱ་འམ། གོམ་པ་སྟོང་ངམ། གོམ་པ་བརྒྱ་སྟོང་ཞིག་ཡོད་དོ།། ཞེས་གྲང་བ་དང་། ཚད་བཟུང་བར་མི་ནུས་ཀྱི། གནས་འཇོག་གི་རྒྱུད་དག ་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི།། བགྲང་བ་དང་། ཚད་བཟུང་བར་མི་ནུས་སོ།། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན ་ལས་འདས་པ་མི་ཟད་པ། ཡང་ཐེབ་པར་བྱེད་དོ།། ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི།། བགྲང་བ་དང་། ཚད་བཟུང་བར་མི་ནུས་ཏེ། ་འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་ཟད་པར་མི་འགྱུར་ཞིང་། མྱ་ངན་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ།། གནས་འཇོག་གི་རྒྱུད་དག། གླིང་བཞི་པའི་འཇིག་རྟེན་གྱི ་ཁམས་ལྟ་ཞོག་གི། གནས་འཇོག་གི་རྒྱུད་དག། རིའི་རྒྱལ་པོ་འཁོར་ཡུག་དང་འཁོར་ཡུག་ཆེན་པོ་དག་ཡོད་དེ། དེ་གཉིས་ལ་ཡང་སྲང་འདི་སྙེད་ཅིག་ཡོད་དོ་ཞེ་འམ། སྲང ་བརྒྱ་འམ། སྲང་སྟོང་ངས། སྲང་བརྒྱ་སྟེང་ཞིག་ཡོད་དོ།། ཞེས་བགྲང་བ་དང་། ཆད་བཟུང་བར་མི་ནུས་ཀྱི། གནས་འཇོག་གི་རྒྱུད་དག། སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད ་བགྲང་བ་དང་། ཚད་བཟུང་བར་མི་ནུས་ཏེ།། འཁོར་བཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ ་པར་བྱེད་དོ།། ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། བགྲང་བ་དང་ཚད་བཟུང་བཔར་མི་ནུས་ཏེ། འཁོར་བར་ཟད་པར་མི ་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ།། གནས ་འཇོག་གི་རྒྱུད་དག། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱང་ཞོག། རིའི་རྒྱལ་པོ་འཁོར་ཡུག་ཆེན་པོ་དག་ཀྱང་ཞོག་གི།། གནས་འཇོག་གི་རྒྱུད་དག། རྒྱ་མཚོ ་ཆེན་པོ་ནི་ཟབས་སུ་དཔག་ཚད་བརྒྱ་ཁྲིད་ཡོད་ཅིང་། རྒྱར་ནི་དཔག་མེད་པའོ།། དེ་ལ་ཡང་བུམ་པ་འདི་སྙེད་ཅིག་ཡོད་དོ་ཞེ་འམ། བུམ་པ་བ་རྒྱ་འམ། བུམ་པ ་སྟོང་ངམ། བུམ་པ་བརྒྱ་སྟོང་ཞིག་ཡོད་དོ།། བགྲང་བ་དང་། ཚད་བཟུང་བར་མི་ནུས་ཀྱི། གནས་འཇོག་གི་རྒྱུད་དག། སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ།། ་བགྲང་བ་དང་། ཚད་བཟུང་བར་མི་ནུས་ཏེ། འཁོར་བ་ཟད་པར་ཡང་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ ་མི་ཟད་པ་ཡང་ཐོབ་པར་བྱེད་དོ། ཆོས་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། བགྲང་བ་དང་། ཚང་བཟུང་བར་མི་ནུས་ཏེ། ་འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ།། གནས་འཇོག་གི ་རྒྱུད་དང་། གླིང་བཞི་པའི་འཇིག་གྱི་ཁམས་ཀྱང་ཞོག། རིའི་རྒྱལ་པོ་འཁོར་ཡུག་དང་འཁོར་ཡུག་ཆེན་པོ་དག་ནོག། རྒྱ་མཚོ་ཆེན་པོ་ཡང་ཞོག་གི། གནས་འཇོག་གི་རྒྱུད་དག། ་རིའི་རྒྱལ་པོ་རི་བ་ནི། དཔག་ཚད་བརྒྱ་ཁྲི་ཆུའི་ནང་དུ་ཆུབ་ཅིང་། དཔག་ཚད་བརྒྱད་ཁྲི་ཆུ་ལས་གྱེན་དུ་མངོན་དུ་འཕགས་སོ།། དེ་ལ་ཡང་སྲང་འདི་སྙེད་ཅིག་ཡོད་དོ་ཞེ་འམ། ་སྲད་བརྒྱ་འམ། སྲང་སྟོང་ངམ། སྲང་བརྒྱ་སྟོང་ཞིག་ཡོད་དོ་ཞེས། བགྲང་བ་དང་། ཚད་བཟུང་བར་མི་ནུས་ཏེ། གནས་འཇོག་གི་རྒྱུད་དག། སངས་རྒྱས་ལ་དགེ་བའི་རྩ་བ ་བསྐྱེད་པ་ནི། བགྲང་བ་དང་། ཚད་བཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ ་ཡང་ཐོབ་པར་བྱེད་དོ།། ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། བགྲང་བ་དང་། ཚད་བཟུང་བར་མི་འགྱུར། ཡོངས་སུ་གཏུག ་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོད་པར་བྱེད་དོ།། གནས་འཇོག་གི་རྒྱུད་དག། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི།། སྦྱིན་པས་དཔག་ཏུ་མེད་པ་དག་གིས་ཕྱིར་རོ། ཚུལ་ཁྲིམས་ཀྱིས་དཔག་ཏུ་མེད་པ་དག་དང་། བསྟོབས ་དཔག་ཏུ་མེད་པ་དག་དང་། བརྩོན་འགྲུས་དཔག་ཏུ་མེད་པ་དག་དང་། བསམ་གཏན་གྱིས་དཔག་ཏུ་མེད་པ་དག་དང་། ཤེས་རབ་ཀྱིས་དཔག་ཏུ་མེད་པ་དག་དང་། རྫུ་འཕྲུལ་གྱིས་དཔག ་ཏུ་མེད་པ་དག་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་དཔག་ཏུ་མེད་པ་དག་དང་། ཀུན་བརྗོད་པས་དཔག་ཏུ་མེད་པ་དག་དང་། ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་དཔག་ཏུ་མེད་པ་དག ་དང་། རྗེས་སུ་བསྟན་པས་དཔག་ཏུ་མེད་པ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་དཔག་ཏུ་མེད་པ་དག་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན ་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་དཔག་ཏུ་མེད་པ་དགེ་ཕྱིར་ཏེ། གནས་འཇོག་གི་རྒྱུད་དག། དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་རྣམས་ནི། ཡོན་ཏན་དཔག་ཏུ་མེད་པ་དག་དང་། ལྡན་པ་དག་གི་ཕྱིར་རོ།། སེང་གེའི་སྒྲ་ཆེན་པོ་དང་ལྡནའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། སྟོང་གསུམ ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལན་གསུམ་དུ་མགུལ། ཀུན་ཏུ་རབ་ཏུ་འགུལ། གཡོས་ཀུན་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། ལྡེག་ཀུན་ཏུ་ལྡེག། འཁྲུག་ཀུན་ཏུ ་འཁྲུག། ཀུན་ཏུ་རབ་ཏུ་འཁྲུག་པར་འགྱུར་རོ།། དེ་ནས་འཁོར་གྱི་བདག་པོ་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་རང་གི་རིས་ནག་ནས་གཉིས་འདི་སྙམ་དུ་སེམས ་། སངས་རྒྱས་བཅོམ་ལྡན་འདས་འཛིན། གུ་ཤའི་གྲོང་ཁྱེར་དང་ཉེ་བན་འཞུགས་ཏེ། ཀུཤ་འིགྲོང་ཁྱེར་ནས་སྐྱེས་པའི་ཀྱང་རྣམས། རྫུ་འཕྲུལ་ཆེན་ངོས ་གྱི་ཆོ་འཕྲུལ་ཆེན་པོས་འདུན་པར་མཛད་ནས། རིང་པོ་མི་ཐོག་པར་དཔུང་པོའི་ལྷག་པ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན ་ལས་འདའ་བར་འགྱུར་གྱིས། གང་འོ་ན་བདག་ཅག་དོན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། ཐ་མ ་ལྟ་བའི་ཕྱིར་འདོང་ངོ་།། སྙམ་མོ་དེ་ནས་འཁོར་གྱི་བདག་པོ་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་རང་གི་རིས་ནས་མི་སྣང་བར་གྱུར་ཏེ། འདོད་པ་ན་སྤྱོད་པ་དང་། ་གཟུགས་ན་སྤྱོད་པའི་ལྷ་རྣམས་དང་། ལྷན་ཅིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ།། འཁོར་གྱི་བདག་པོ་ཚངས་པ་ཕྱོགས་གཅིག་ཏུ་འདུག་པས། དེའི་ཚེ ་ཚིགས་སུ་བཅད་པ་དག་གསོལ་པ། རྫོགས་པའི་སངས་རྒྱས་གྲགས་ལྡན་པ། དེ་དག་མཐོང་བ་རྙེད་པར་དཀའ།། ཨུ་དུམ་འབར་རའི་མེ་ཏོག་བཞིན།། བསྐལ་པ་བྱེ ་བར་རྙེད་པར་དཀའ།། ཤཱག་ཀྱ་སེང་གེའི་མིའི་མཆོག། སྟོན་པ་ཁྱོད་དེ་བཞིན་རྙེད་པར་དཀའ།། གཟུགས་ན་སྤྱོད་པའི་ལྷར་བཅས་ཏེ།། ཐལ་མོ་རབ་སྦྱར་ཁྱོད་ལ་འདུད། ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཕྱོགས་ཅིག་ཏུ་འདུག་པས།། དེའི་ཚེ་ཚིགས་སུ་བཅད་པ་དག་གསོལ་པ།། བདག་གི་ཆོས་མིག་རྣམ་པར་དག། སྙིང་ལ་ཆོས་ཀྱི་སྒྲོན་མ ་འབར།། ངན་སོང་སྒོ་རྣམས་བཅད་ལགས་ཏེ།། བདག་ལ་ངན་འགྲོའི་འཇིགས་མ་མཆིས།། ཨེ་མའོ་སྟོན་པ་ཐུགས་རྗེས་ཅན།། ཕན་པར་བཞེད་པར་ཐུགས་བརྩེ་བ། ་འདོད་པར་སྤྱོད་པའི་ལྷར་བཅས་ཏེ། ཐལ་མོ་རབ་སྦྱར་ཁྱོད་ལ་འདུད། མི་ཐོགས་ཡོངས་སུ་མྱ་ངན་འདའ། ཁྱོད་ལ་ཐ་མར་ལྟ་བ་ལགས། འཁོར་གྱི་བདག་པོ་ཚངས་པ་དང་། ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར ་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཐད་ནས་ཞལ་དུ་ཕྱོགས་ཤིང་བལྟ་བས་དོང་སྟེ། མགོ་བོས་ཕྱག་འཚལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས ་ཀྱིས་འཁོར་ཇི་ལྟར་ལྷགས་པ་བཞིན་དུ་ཐུགས་སུ་ཆུད་ནས་བསམ་པ་དང་། ཕྲག་རྒྱས་དང་། ཁམས་དང་། རང་བཞིན་རྣམ་པར་མཁྱེན་ཏེ། འཕགས་པའི་བདེན་པ་བཞི། ་ཡང་དག་པར་རབ་ཏུ་རྟོགས་པར་བྱེད་པའི་ཆོས་བསྟན་པ་དེ་ལྟ་བུ་མཛད་པར་གྱུར་ཏེ། དེ་ཐོས་པ་ཁོ་ན་ལས་ཀཱ་ཤའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ཀྱང་ཁ་ཅིག་གིས་ནི། ་དྲོ་བར་གྱུར་པའི་དགེ་བའི་རྩ་བ་དག་བསྐྱེད་དོ།། ཁ་ཅིག་གིས་ནི་རྩེ་མོ་དག་བསྐྱེད་དོ།། ཁ་ཅིག་གིས་ནི་བཟོད་པ་ཆུ་ངུ་དང་། འབྲིང་དག་བསྐྱེད་དོ།། ཁ་ཅིག་གིས་ནི ་བདེན་པ་དང་། རྗེས་སུ་མཐུན་པའི་ཆོས་ཀྱི་མཆོག་རྣམས་བསྐྱེད་དོ།། ཁ་ཅིག་གིས་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ།། ཁ་ཅིག་གིས་ལན་ཅིག་ཕྱིར ་འོང་བའི་འབྲས་བུ་མངོན་དུ་བྱས་སོ།། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱས་སོ།། ཁ་ཅིག་གིས་ནི་རབ་ཏུ་ཆུད་ནས། ཉོན་མོངས་པ་ཐམས ་རྡོའཕངས། ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ།། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ཏུ་གྱུར་ཏོ།། ཁ་ཅིག་གིས་ནི ་9། རང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ཏུ་གྱུར་ཏོ།། ཁ་ཅིག་གིས་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུདུ་སེམས་བསྐྱེད་པ་དག་ཏུ་གྱུར་ཏོ།། སངས་རྒྱས་བཅོམ་ལྡན་འདས་རྣས ་ནི་འབྲས་བུ་ཡོད་པའི་ཆོས་ཀྱི་འབྲས་བུ་སྟོན་པ་དག་ཡིན་ཏེ། འཁོར་དེ་ལས་གང་ཕལ་ཆེར་ནི། སངས་རྒྱས་ལ་བཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་དགའ་བར ་གནས་སོ།། འདི་ནི་བཅོམ་ལྡན་འདས་ཀྱིས་འདུལ་བ་རྣམས་འདུས་པ་ཆེན་པོ་ཐ་མར་བྱུང་བ་ཡིན་ནོ།། དེ་ནས་ཀུ་ཤའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ཡིད་བྱུང་བ་ཆོག་གིས ་ཡིད་བྱུང་བར་གྱུར་ཅིང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས ་ཀྱི་ཐད་ནས་དོང་བར་གྱུར་ཏོ།། འཕགས་པ་རྡོ་འཕངས་པའི་མདོ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ་ཞེས་པའི་མན་པའི་གཟུང་དུ་འཇིག་རསོ།། སྤང་ན་བྱུང ་ཆོག་ཚངས་པར་གནོས་པའོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མི་ལ་ལ་ཞིག་གིས་དེ་ལྟ་བུའི་མཐོང་བ་མ་བཏང་བ་དེའི་མིང ་མུར་འདུག་ཅེས་བྱའོ།། ཤ་རིའི་བུངས་འཇིག་རྟེན་གྱིས་ཕམལ་པའི་རྒྱུ་རྐྱེན་སྤྱད་དེར་ཡོད་པ་བཤད་དོ་ཞེས་ཟེར་ན། མི་དེས་སྒྲུབ ་མེད་པ་དང་། འགོག་པ་མེད་པ་དང་། མཚན་མེད་པའི་ཆོས་ཁོང་དུ་ཆུད་ནུས་ཏེ། ངས་བཤད་དོ་མཆོག ་དང་འགལ་ན་ངའི་སློབ་མ་ཡིན་ནོ།། ། ཤ་རིའི་བུ་ངས་ལ་ཞིག་ན་རེ་ཡང་དག་པར་གཤེགས་པས་ཅིའི་འཇིག་རྟེན་གྱི་རྒྱུ་རྐྱེན་བཞིན་དུ ་ང་མེད་པའི་ཆོས་ལ་ཟག་པ་ཡོད་པ་བཤད།། ཡང་དག་པར་གཤེགས་པས་ན་འཇིག་རྟེག་གྱི་ཕྱིར་མི་བདེན་པའི་ཚིག་བཤད་པའི ་མི་རིགས་ཀྱི། སྟེང་དུ་ཆོས་ཀྱི་ཡི་གེ་གཞནནང་ན་འད་གང་ཟག་ཡོད་འ་བཤད་པ་མངཿ། སས ་ཀྱིས་བཤད་པ་ནི་བརྫུན་པའི་མི་རིགས་སོ།། ཞེས་ཟེར་བཅིག་ཡོད་ན། ཤཱ་རིའི་བུ་དེ་ལ་ལོན་དྲན་པའི་སངས་རྒྱས་བཤད ་ལ་ཆོས་སོ་ཆོག་སྟོང་པ་སྟེ། བདག་པོ་ཡང་མེད། རང་བཞིན་ཡང་མེད་དོ།། ཐམས་པ་ནི་སྒྱུ་མ་མི་འདེན་པ་སྟེ། ་མཆོག་གིས་གཞུང་མ་ཡིན་ནོ།། ཡང་དག་པར་གཤེགས་པས། མཆོག་གི་གཞུང་བཤད་དེ་བདག་ཏུ་ལྟ་བ་དང་། གང་ཟག་ཡོད ་པར་མ་བཤད་དོ།། འཕྲུལ་གྱི་མིས་བཤད་པ་འདོད་ཅིང་ཆགས་པ་མེད་དོ།། ཤེས་རབ་མེད་པའི་སངས་རྒྱས་དང་མཚུངས་པ་མེད་དེ། ་འདས་པ་ཡང་མེད་དོ།། ་