CLOSE WINDOW

F160: 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

ལ་ཕབ་པ།། ། @། རྒྱ་གར་སྐད་དུ། ཨརྱ་པི་ཤྭེ་ཤ་ཙན་ཏི་པྲ་མྦ་པྲ་རི་ཕྲིན་ཙ་ན་ན་མ་མ་ཧཱ་ཡ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་ཚངས་པ ་ཁྱད་པར་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། །། བམ་པོ་དང་པོའོ།། །། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག ་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་དྷ་ཀ་གནས་པའི་འོ་མིན་འཚལ་ན། དགེ་སློང་སྟོང་ཕྲག་དྲུག་ཅུ་རྩ ་བཞི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་མངོན་པར་ཤེས ་པས་མངོན་པར་ཤེས་པ། གཟུངས་ཐོབ་པ། སྤོབས་པ་ཐོགས་པ་མེད་པ། ཏིང་འཛི་ཟབ་པ། ཟངན་པར་ཤེས་པས་རྣམ་པར་རམ་ཅིང་ཆུངས ་བ་མི་འཇིགས་པ་དང་ལྡན་པ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོན་པ་ལ་མཁས་པ། མི་སྐྱེ་བའི་ཆེས་ལ་བཟོད་པ་ཐོབ་རྣམས་འདི་ལྟ་སྟེ། གཞོནུར་གྱུར་པ་འཇམ་དཔལ་དང་། ་གཞོནུར་གྱུར་པ་ལག་ན་རིན་པོ་ཆེ་དང་། གཞོནུར་གྱུར་པ་ལག་ན་ཕྱག་རྒྱ་རིན་པོ་ཆེ་དང་། གཞོན་ནུར་གྱུར་པ་རིན་པ་ཆེ་དཔལ་དང་། གཞོ་ནུར་གྱུར་པ་ནམ་མཁའ་མཛོད་དང་། གཞོན ་ནུར་གྱུར་པ་སེམས་སྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གཞོནར་གྱུར་པའི་དྲ་བ་ཅན་གྱི་འོད་དང་། གཞོན་ནུར་གྱུར་པ་རྣམས་པར་བསྒྱིངས་པ་དང་། གཞོན་ནུར་གྱུར ་པ་དཔལ་གྱི་སྙིང་པོ་དང་། གཞོ་ནུར་གྱུར་པ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། གཞོན་ནུར་གྱུར་པ་པད་མ་བཀོད་པ་དང་། གཞོ་ནུར་གྱུར་པ་སེང་གེ་དང་། གཞོན ་ནུར་གྱུར་པ་ཐ་ལང་དང་། གཞོན་ནུར་གྱུར་པ་ཟླ་འོད་དང་། གཞོན་ནུར་གྱུར་པ་ཟླ་བའི་ཟེར་གྱི་འོད་དང་། གཞོན་ནུར་གྱུར་པ་བློ་གྲོས་མཆོག་དང་། གཞོན་ནུར་གྱུར་པ་རྒྱན་ཐམས་ཅད ་དགོད་པ་དང་། བཟ་སྐྱོང་ལ་སྩོགས་པ་སྐྱེས་བུ་དམ་པ་བཅུ་དྲུག་ལ་འདི་ལྟ་སྟེ། བཟང་སྐྱོང་དང་། དཀོན་མཆོག་འབྱུང་གནས་དང་། དེད་དཔོན་མཆོག་དང་། མིས་མིན་དང་། ་ཕུག་སྦས་དང་། ཆུས་བྱིན་དང་། དབང་པོས་བྱིན་དང་། བླ་མའི་བློ་གོས་དང་། ཁྱད་པར་བློ་གྲོས་དང་། བློ་གྲོས་འཕེལ་བ་དང་། མཐོང་བ་དོན་ཡོད་དང་།། ཤིན་ཏུ་ཡང ་དག་ཞུགས་དང་། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་དང་། བློ་གྲོས་མཐའ་ཡས་དང་། རྩོན་པ་མི་མཐོང་བ་དང་། ཉི་མའི་སྙིང་པོ་དང་། ས་འཛིན་དང་། དེ་ལྟ་བུ་ལ་སྩོགས་པ ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། རྒྱལ་པོ་ཆེན་པོ་བཞི་དང་། བརྒྱ་བྱིན་ལྷའི་དབང་པོ་ལྔ་ལ་སྩོགས་པ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། མཚེ་མ་དང་། དགལ ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་བྱེད་ཀྱི་ལྷ་རྣམས་དང་། ཚངས་པ་ལ་སྩོགས་པ་ཚངས་རིས་ཀྱི་ལྷ་བརྒྱ་སྟོང་དང་། དེ་མ་ཡིན་པ་གཞན་གཟི་བརྗིད་ཆེ་བ། གཟི ་བརྗིད་ཆེ་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་མ་ཡིན་པ་རྣམས་དང་ཡང་ཐབས ་གཅིག་སྟེ། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་བསྐོར་ཅིང་མདུན་དུ་བ་དར་ནས་ཆོས་སྟོན་ཏོ།། དེ་ནས་བྱང་ཆུབ་སེམས་དཔའོ་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འང ་བླ་གོས་ཕྲག་པ་པ་གཅིག་ཏུ་གཟར་སྟེ། དབུས་མོ་གཡས་པའི་ལྷ་ང་ས་ལ་གཅུགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོག་སུ་ཐལ་མོ་སྦར་བ་བཏུད་དེ། སྟོང་གསུམ་གྱི་སྟོང ་ཆེན་པོ་འཇིག་རྟེན་གྱི་ཁམས་རབ་ཏུ་མོས་བྱས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་གྱི་སེམས་ཅན་ཐམས་ཅད་ལ་བལྟས་ནས། བཅོམ་ལྡན་འདས་འདི ་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ་པ་སངས་རྒྱས་ལ་ཕྱོགས་འགའ་ཤིག་ཞུས།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས ་དཔའ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དྲ་བ་ཅན་གྱི་འོད་ཁྱོད་ཅི་དང་ཅི་འདོད་པ། དེ་བཞིན་གཤེགས་པ་ལ་དྲིས་ཤིག་དང་། དྲིས་པ་དེ་དང་དེ་ཉིད་དུ་ལུང་སྟན ་བས། ངས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འོད་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་ཀྱི་སྐུ་ནི་ལྟ་བས་ཆོག་མི་ཤེས་པ་ཁ་དོག་ཉི་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་པས་ལྷག་པ་རྣམས་ལགས་ཏེ། བཅོམ་ལྡན་འདས་བདག་ནི་གང་དེ་བཞིན་གཤེགས ་པའི་སྐུ་བལྟ་བ་འམ་བརྟག་པར་ནུས་པ་འདི་ནི་ངོ་མཚར་ཏོ་སྙམས་བགྱིད་དོ།། བཅོམ་ལྡན་འདས་ཡང་བདག་ནི་དེ་བཞིན་གཤེགས་པའི་སྐུ་ལྟ་བ་འམ། རྟོག་པ་དེ་དག་ཐམས ་ཅང་ནི་སངས་རྒྱས་ཀྱི་མཐུའོ་སྙམ་བགྱིད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲ་བ་ཅན་གྱི་འོད་ཇི་སྐད་ཟེར་བ་དེ་བཞིན་ཏེ། དེ་བཞིན་གཤེགས་པས་སྐབས ་མ་བྱེ་བར། དེ་བཞིན་གཤེགས་པའི་སྐུ་ལྟ་བ་དང་། རྟག་པར་མི་གནུས་སོ།། དེ་ཅིའི་ཕྱིར་ཞེ་ན། དྲ་བ་ཅན་གྱི་འོད་དེ་བཞིན་གཤེགས་པ་ལ་རབ་ཏུ་ཞི་བའི་རྣམ་པར་བཀོད་པ་ཞེས ་བྱ་བའི་འོད་ཟེར་ཡོད་དོ།། འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་སྐུ་ཡང་ལྟ་བཞིན་རྟོག་པ་དེ་དག་གི་མིག་གི་དབང་པོ་ཡང་ཉམས་པར་མི་འགྱུརརོ།། ་དྲནྡན་གྱི་འོད་དེ་བཞིན་གཤེགས་པ་ལ། མི་འཇིགས་པའི་སྤོང་བ་ཞེས་བྱ་བའི་ཚད་ཟེར་ཡོད་དེ། འོད་ཟེར་དེས་རིགས་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ཀུན་འདྲི་ཞིང་བྱིར ་འདྲི་བར་ཡང་བྱེད་དོ།། དྲ་བ་ཅན་གྱི་འོད་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་སྩགས་པ་ཞེས་བྱ་བའི་འོད་ཟེར་ཡོད་དེ། འོད་ཟེར་དེས་རེག་པའི་སེམས་ཅད་རྣམས་འཁོར་ལོས ་སྦྱར་བའི་རྒྱལ་པོའི་སྲིད་ཐོབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ལ་ཀུན་འདྲིའོ།། དེ་བཞིན་དུ་སྦྱར་ཏེ། འོད་ཟེར་དགེ་བའི་རྣམ་པར་བཀོད་པ་ཞེས་བྱ་བའི་འོད་ཟེར་དེས ་རིག་པའི་སེམས་ཅན་རྣམས་བརྒྱ་བྱིན་ཐོབ་པར་བྱའི་ཕྱིར།། དེ་བཞིན་གཤེགས་པ་ལ་ཀུན་འདྲིའོ།། འོད་ཟེར་བདག་པོ་ཐོབ་པ་ཞེས་བྱ་བའི་འོད་ཟེར་དེས་རེག་པའི་སེམས ་ཅན་རྣམས་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་བྱ་བར་ཕྱིར། དེ་བཞིན་གཤེགས་པ་ལ་ཀུན་འདྲིའོ།། འོད་ཟེར་ཉོན་མོངས་པ་མེད་པར་གྱུར་པ་ཞེས་བྱ་བའི་འོད་ཟེར་དེས་རེག་པ ་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ལ། ཉན་ཐོས་ཀྱི་ཐེག་པ་ཀུན་འདྲིའོ།། འོད་ཟེར་རྩེ་གཅིག་པ་དབེན་པ་དང་ལྡན་པ་ཞེས་བྱ་བ་འོད་ཟེར་དེས་རེག་པའི་སེམས་ཅན་རྣམས ་དེ་བཞིན་གཤེགས་པ་ལ་རང་སངས་རྒྱས་ཀྱི་ཐེག་པ་ཀུན་འདྲའོ།། འོད་གཟེར་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་དབང་སྐུར་པ་ཐོབ་པ་ཞེས་བྱ་བའི་འོད་ཟེར་དེས་རིགས ་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ལ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཐེག་པ་ཀུར་འདྲིའོ།། འོད་ཟེར་ཁྱད་པར་དུ་འགྲོ་ཞེས་བྱ་བའི་འོད་ཟེར་ངེས། དེ་བཞིན ་གཤེགས་པ་ལ་བྱོན་པ་འམ། བཞུད་པའི་ཞབས་ཀྱི་མཐིལ་གྱིས་སེམས་ཅན་གང་ལ་རེག་པ་དེ་དག་འཆི་ཐོས་མ་ཐག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག ་རྟེན་དུ་སྐྱེའོ།། རྒྱན་ཐམས་ཅད་བཀོད་པ་ཞེས་བྱ་བའི་འོད་ཟེར་དེ་བཞིན་གཤེགས་པ་གྲོང་དུ་གཤེགས་པ་ན་བྱིན་ཏེ། དེར་དེ་བཞིན་གཤེགས་པའི་འོད་དེས། སེམས་ཅན་སུ ་དག་ལ་རེག་པ་དེ་དག་ཐམས་ཅད་བདེ་བའི་མཆོག་དང་ལྡན་པར་འགྱུར་རོ།། རྒྱན་ཐམས་ཅད་བཀོད་པ་ཡང་གྲོང་ཁྱེར་དེར་འབྱུང་བར་འགྱུརརོ།། རྣམ་པར་འཐོར་བྱ་ཞེས ་བྱ་བའི་འོད་ཟེར་དེས་ནི། དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་མཐའ་མུ་མེད་པ་རབ་ཏུ་གཡོས་པར་བྱེད་དོ།། བདེ་བ་སྟོན་པ་ཞེས་བྱའི་འོད་ཟེར་དེས་ནི་སེམས ་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཀྱི་སེམས་ཅན་དམ་ལ་སྡུག་བསྔལ་མེད་པར་བྱེད་དོ།། འོད་ཟེར་བྱམས་པས་འཕགས་པ་ཞེས་བྱ་བའི་དེས་ནི་བྱོལ་སོད་ཀྱི་སྐྱེས ་གནས་སུ་སོང་བའི་སེམས་ཅན་རྣམས་གཅིག་ལ་གཅིག་ཟ་བ་མེད་པར་བྱེད་དོ།། འོད་ཟེར་རབ་ཏུ་སིམ་པར་བྱེད་པ་ཞེས་བྱ་བ་དེས་ནི་གཤིན་རྗེའི་འཇིག་རྟེན་པའི་སེམས ་ཅན་རྣམས་ཀྱི་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་མེད་པར་བྱེད་དེ།། དྲི་མ་མེད་པ་ཞེས་བྱའི་འོད་ཟེར་དེས་ནི་སེམས་ཅན་མ་དོངས་པ་རྣམས་མིག་ཐོབ་པར་འགྱུརརོ།། ་རྣ་བའི་རྗེས་སུ་མཐུན་པ་ཞེས་བྱ་བའི་འད་པེར་ངེས་ནི། སེམས་ཅན་འོན་པ་རྣམས་རྣ་བཐོབོ་བར་འགྱུརརོ།། རྣམ་པར་སྤོང་བ་ཞེས་བྱ་བའི་ཚོང་བར་དེས་ནི་མི་དགེ ་བ་བཅུའི་ལས་ཀྱི་ལམ་ལ་གནས་པ་རྣམས་དགེ་བའི་བཅུའི་ལམ་ཐོབ་པར་འགྱུརརོ།། ངོ་ཚ་ཤེས་པ་ཞེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅན་མོས་པ་རྣམས་དྲན་པ ་ཐོབ་པར་འགྱུརརོ།། མེད་པར་འགྱུར་བ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་ལོག་པར་ལྟ་བ་ཅན་རྣམས་ཡང་དག་པར་ལྟ་བ་ཐེབ་པར་འགྱུརརོ།། རབ་ཏུ་གཏོང་བ ་ཞེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅན་སེར་སྣ་ཅན་རྣམས་མཏོང་བ་ཐེབ་པར་འགྱུརརོ།། ཡོངསུ་གཏུང་བ་མེད་པ་ཞེས་བྱ་བའི་འོད་ཟེར་དེས་ན། སེམས་ཅན་ངན་པའི ་ངང་ཚུལ་ཅན་རྣམས་ཚུལ་ཁྲིམས་ཐོབ་པར་འགྱུར་རོ།། ཕན་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅན་གནོད་པར་སེམས་དཔའ་རྣམས་བཟོད་པ་དང ་དེས་ཐོབ་པར་འགྱུརརོ།། འབར་བ་ཅན་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་ལེ་ལོ་ཅན་རྣམས་བརྩོན་འགྲུས་ཐོབ་པར་འགྱུརརོ།། རྩེ་གཅིག་པ་ཞེས་བྱ་བའི་འོད་ཟེར ་དེས་ནི། སེམས་ཅན་རྣ་བ་ཉམས་པ་རྣམས་བསམ་གཏན་ཐོབ་པར་འགྱུརརོ།། ཡེ་ཤེས་ཤེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་འཆལ་བའི་ཤེས་རབ་ཅན་རྣམས་ཤེས ་རབ་ཐོབ་པར་འགྱུར་རོ།། རྙོག་པ་མེད་པ་ཞེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅན་མ་དང་པ་རྣམས་དད་པ་ཐོབ་པར་འགྱུར་རོ།། ཀུན་འཛིན་པ་ཞེས་བྱ་བའི་འོད་ཟེར་དེས་ནི ་སེམས་ཅན་ཐོས་པ་ཉང་བ་རྣམས་ཐོས་པ་ཐོབ་པར་འགྱུར་རོ།། སྤོད་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅན་ངོ་ཚ་བ་དང་མཛོམ་པ་མེད་པའི་རྣམས། ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཐོབ་པར་འགྱུརརོ།། སྐྱོ་བ་ཞེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅན་འདོད་ཆགས་སྤྱོད་པ་རྣམས་ཀྱི་འདོད་ཆགས ་འཛེམ་པར་འགྱུར།། དགའ་བ་ཞེས་བྱ་བའི་འོད་ཟེར་དེ་ནི། སེམས་ཅན་ཞེ་སྡང་སྤྱོད་པ་རྣམས་ཞེ་སྡང་འཇོམས་པར་འགྱུར་རོ།། སྣང་བ་ཅན་ཞེས་བྱ་བའི་འོད་ཟེར་དེས་ནི། ་སེམས་ཅན་གཏི་མུག་སྨོད་པ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ཁོང་དུ་ཆུད་པོར་འགྱུར་རོ།། ཀུན་ཏུ་འགྲོ་བ་ཞེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅན་ཆ་མཉམ་པར་སྤྱོད ་པ་རྣམས་ཆ་མཉམ་པ་སྦེད་པ་སྤོང་བར་འགྱུརརོ།། དྲ་བ་ཅན་གྱི་འོད་དེ་བཞིན་གཤེགས་པ་ལ། གཟུགས་ཐམས་ཅད་སྟོན་པ་ཞེས་བྱ་བའི་འོད་ཟེར་ཡོད་དེ། འོད་ཟེར་དེས ་རེག་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་སྐུ། ཁ་དོག་སྣ་ཚོགས་ཁ་དོག་དུ་མ་ཁ་དོག་བརྒྱ་སྟོང་དུ་མས་ལྷག་པར་མཐོང་བར་འགྱུརརོ།། དྲ་བ་ཅན་གྱི་འོད་ངས ་དེ་བཞིན་གཤེགས་པའི་འོད་ཟེར་ལ་བརྩམས་ཏེ། བསྐལ་བ་འམ། སྐལ་པ་ལས་ལྷག་པར་བཤད་ཀྱང་། དེ་བཞིན་གཤེགས་པའི་སྐུ་འོད་ཟེར་གྱི་རྣམ་པ་དང་ལྡན ་པའི་ཆོས་བསྟན་པ་ཡོངསུ་ཟད་པར་མི་འགྱུར་ཏེ།། དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། འོད་ཟེར་གྱི་ཡོན་ཏན་མཐའ ་ཡས་མུ་མེད་པ་དང་ལྡན་པ་ཡིན་ནོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས་གསོལ་པ་ད ་བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པའི་སྐུའི་བཀོད་པ་ཚད་མ་མཆིས་བསྟན་པ་འདི་དང་། ཐབས་མཁའ་བ་བསམ་གྱིས་མི་ཁྱབ་དང་ལྡན་པའི་ཆོས་བསྟན་པ་ངོ་མ ་ཏེ།། བཅོམ་ལྡན་འདས་འོད་ཟེར་འདི་དག་ནི་བདག་ཅག་གིས་སྔོན་མ་མཐོང་སྟེ། ཅི་ལྟར་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་བདག་འཚལ་བ་ལྟར་ན། བཅོམ་ལྡན་འདས་བྱང་ཆུབ ་སེམས་དཔའ་ལ་ལ་འོད་ཟེར་འདི་དག་གི་མིང་ཐོས་ནས་དད་པ་རྙེད་པར་གྱུར་པ་དེ་དག་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་ཟེར་འདི་ལྟ་བུའི་རབ་ཏུ་སྣང ་བར་བགྱིད་པར་འགྱུར་རོ།། ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་འོད་ཟེར་གང་གིས་སངས་རྒྱས་ཀྱི་ཞིང་གཞན་གྱི་བྱང་ཆུབ་སེམས་དཔའ་རྣམས་སྐུལ་མ་ཐག ་ཏུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་མཆིས་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་སུ་དག་པ་དྲི་དང་ལུང་སྟོན་པ་དང་། བཤད་པ་ལ་མཐར་ཕྱིན་པ་རྣམ ་མཆིས་ནས། དེ་བཞིན་གཤེགས་པ་ལ་ཀུན་ཞུ་ཞིང་བརྙེན་བཀུར་གྱིད་པ་དང་། སླར་ཞུ་བར་འགྱུར་བའི་འོད་ཟེར། བྱང་ཆུབ་སེམས་དཔའ་སྐུལ་བ་ཞེས་བགྱིབ་གཏང་དུ ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ།། འོད་གང་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྟོན་པར་འགྱུར་བའི་འོད་ཟེར་དེ་ལྟ་བུ་ས་ལས་ཕྱུང་སྟེ། བྱང ་ཆུབ་སེམས་དཔའ་རྣམས་འོད་དེས་བསྐལ་མ་ཐག་ཏུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་ཕྱིན་པར་འགྱུརརོ།། དེ་ནས་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས ་སུ་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་གང་གིའི་ཀླུང་བདུན་ཅུ་རྩ་གཉིས་ཀྱི་བྱེ་བ་སྙེད་འདས་པ་ན། ཡོངས་སུ་དག་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས། ་པད་དེ། དེ་ནས་ཟླ་བའི་འོད་ཅེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཙམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལྟར་བཞུགས་པ་འཚོ་ཞེས་བཞེས་ཏེ། བྱང་ཆུབ་སེམ ་དཔའ་འབའ་ཤིག་ལ་ཆོས་ཀྱང་འཆང་བའི་སངས་རྒྱས་ཀྱི་ཞིང་དེ་ནས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚངས་པ་ཁྱད་པར་སེམས་ཤེས་བྱ་བའི་དེ ་འོད་དེས་བསྐུལ་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་བའི་འོད་ག་ལ་དེར་སོང་སྟེ། ཕྱིན་པ་དང་། བཅོམ་ལྡན་འདས་དེའི་ཞབས་པ་མགོ་བོས་ཕྱག་འཚལ་ནས། ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇིག་རྟེན་དུ་སྣང་བ་ཆེན་པོ་འདི་བྱུང་བའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་དེས ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པའི་སངས་རྒྱས་ཀྱི་ཞིང་འདི་ནས། ནུབ་ཕྱོགས་ན་སེངས་ཀྱི་ཞིང་བརྒྱ་སྟོང་ཕྲག་གང་གིའི་ཀླུང་བདུན་བཅུ་རྩ་གཉིས་ཀྱི་བྱེ་མ་འདས ་པ་ན། མི་འཇེད་ཀྱི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ཤག་ཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི ་ད་ལྟར་ན་བཞུགས་ཏེ། འཚོ་ཞིང་བཞེས་ལ་ཆོས་ཀྱང་སྟོན་ཏོ།། དེ་བཞིན་གཤེགས་པ་དེས་འདི་ལྟ་སྟེ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་བསྡུས ་པའི་ཕྱིར། སྐུ་ལས་འོང་འདི་གཏ་ངོ་།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་པ་དེ་བདག ་གཟིགས་པར་བཞེད་ན། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེར། བཅོམ་ལྡན་འདས་ཤཀྱ་ཐུབ་པ་དེ་ལྟ་བ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བགྱི་བ་དང་། ཀུན་བ་ཞུ་བ ་དང་། སླར་ཞུ་བའི་སླད་དུ་བདག་མཆིའོ།། བཅོམ་ལྡན་འདས་དེས་བཀའ་སྩལ་པ། ཚངས་པ་ད་ལྟར་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེར། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་མང ་པོ་ཡང་ཕྱིན་ཀྱིས། དེའི་དུས་ལ་དབེབ་པར་ཤེས་ན་ཁྱོད་སོང་ཤིག། ཚངས་པ་སངས་རྒྱས་ཀྱི་ཞིང་དེར་ལྷགས་པའི་བསམ་བཅུ་རྣམས་ཀྱིས་གནས་པར་བྱའོ།། བཅུ་གང་ཞེ་ན། སྙན ་པར་སྨྲ་བ་དང་། ངན་དེ་སྨྲ་བ་རྣམས་ལ་ཁོང་ཁྲོ་བ་མེད་པའི་སེམས་དང་། སྙན་པ་ཐོས་པ་དང་། མི་སྙན་པ་ཐོས་པ་ལ་བྱམས་པའི་སེམས་དང་། དུས་ཐམས་ཅད་དུ་སེམས་ཅན་དུ ་སེམས་ཅན་རྣམས་ལ་སྙིང་རྗེ་བའི་སེམས་དང་། སེམས་ཅན་རབ་འབྲིང་ཐ་མ་རྣམས་ལ་ཡང་དག་པར་སྤོར་བ་དང་། རི་མོ་བྱེད་པ་དང་། བསྡུས་པ་བྱེད་པ་རྣམས་ལ་སེམས་མཉམ ་བ་དང་། གཞན་གྱི་ལྟུང་བའི་ཁྲུལ་པ་ཐམས་ཅད་ལ་ཉེས་པར་མི་ལྟ་བ་དང་། ཐེག་པ་སྣ་ཚོགས་ལ་རོ་གཅིག་དང་། ངན་སོང་གི་སྡུག་བསྔལ་ཐམས་ཅད་ཀྱི་སྒྲས་མི་སྐྲག་པ་དང་། བྱང ་ཆུབ་སེམས་དཔའ་ཐས་ཅད་ལ་སྟོན་པར་འདུ་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་ཅན་ན་དེ་བཞིན་གཤེགས་པ་མཐོང་བ་ལ། ངོ་མཚར་དུ་འདུ་ཤེས་པ་སྟེ། ཚངས་པ ་ལྷག་པའི་བསམ་པ་བཅུ་པོ་དེ་དག་གིས་སངས་རྒྱས་ཀྱི་ཤིང་དེར་གནས་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱང་བར་སེམས་ཀྱིས་འདི་སྐད་ཅེས་ནནས ་ཏོ།། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་སེང་གེའི་སྒྲ་མི་སྒྲོགས་ཏེ། འོན་ཀྱང་བདག་གི་སྤྱོད་པ་གང་ལགས་པའི་སྤྱོད་པ་འདི་ལ། བཅོམ་ལྡན་འདས་ཉིད་མངོན་སུམ་དུ ་གྱུར་པས། བཅོམ་ལྡན་འདས་བདག་གིས་ལྷག་པའི་བསམ་པ་དེ་དག་ཀྱང་རྣམ་པར་སྤང་ཞིང་མཉམ་པར་གཞག་པའི་བྲེ་བྲག་ཀྱིས་ཀྱང་སངས་རྒྱས་ཀྱི་ཞིང་དེར་གནས ་པར་བགྱིད་དོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པཟླ་འོད་ཀྱི་སངས་རྒྱས་ཀྱི་ཞིང་དེའི་བྱང་ཆུབ་སེམས་དཔའ་གཞན་དག་གིས་ཀྱང་། བཅོམ་ལྡན་འདས་ལ ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་ལྟར་སེམས་ཅན་མ་རུངས་པའི་རྣམས་ཚོགས་པའི་སངས་རྒྱས་ཀྱི་ཞིང་དེར་བདག་ཅག་མ་སྐྱེས་པ་ནི་སྙེད་པ་ལེགས་པར་རྙེད ་དོ། བཅོམ་ལྡན་འདས་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཁྱེད་རྣམས་དེ་སྐད་མ་མཛ་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་འདི་ནི ་གག་སྦས་པ་བརྒྱ་སྟོང་དུ་ཚངས་པར་སྤྱོད་པ་ལ་གནས་པ་བས། མི་བརྗེད་ཀྱི་འཇིག་རྟེན་གྱི་ཁམས་ན་གང་སྔ་གྲོས་དུས་གཅིག་སེམས་ཞེ་སྡང་མེད་པར་གནས་པ་དེ་བས་འདི ་ས་སུས་ན་ཙོ་ཀྱི་ཤེན། འདི་ཀྱི་ས་ཛེས་ས་དུ་ཀུ་ནས་ན་མངས་པ་ཕུར་བཅོཾ། སེཕེས་ཅན་དེ་དག་ཀྱང་དེབལ་དུ་རྒྱ་བམང་ཤིང་། ་ཉོན་མོངས་པ་མང་བ་ཡིན་ནོ།། དེ་ནས་སངས་རྒྱས་ཀྱི་ཞིང་དེ་ནས་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་གཉིས་ཚངས་པ་ཁྱད་པར་སེམས་དང་ལྷན་ཅིག་ཏུ་ཆིས་ཏེ། ཚངས ་པབདག་ཅག་ཀྱང་མི་འཇེད་ཀྱི་འཇིག་རྟེན་གྱི་ཁམས་དེར་མཆིའོ།། བསམ་པ་འདི་དག་ཀྱང་རྣམ་པར་སྤྱ་།། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ལ་ཡང་ལྟའོ།། ཕྱག་བགྱིའོ།། སྙེན ་བཀུར་བགྱིའོ།། མཉམ་པར་གཞག་པའི་བྱེ་བྲག་གིས་ཀྱང་། སངས་རྒྱས་ཀྱི་ཞིང་དེར་གནས་པར་བགྱིའོ།། དེ་ནས་ཚངས་པ་ཁྱད་པར་སེམས་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅཝ ་གཉིས་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་འོད་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། འདི་ལྟ་སྟེ། སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བཀུམ་པ་ལས་རྐྱང ་བའམ། རྐྱང་བ་ལས་བཀུམ་པའི་སྐད་ཅིག་ཡུད་ཙམ་ཐང་ཅིག་དེ་ཙམ་གྱིས་སངས་རྒྱས་ཀྱི་ཞིང་དེར་མི་སྣང་བར་གྱུར་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞིང་འདིར་བྱིན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ལ་བཀའ་སྩལ་པ། ་དྲ་བ་ཅན་གྱི་འོད་ཁྱོད་ཀྱིས་ཚངས་པ་ཁྱད་པར་སེམས་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲ་བ་ཅན་གྱི་འོང ་ཚངས་པ་ཁྱད་པར་སེམས་འདི་ནི། བྱང་ཆུབ་སེམས་དཔའ་ཚུལ་བཞིན་འདྲི་བ་ཀུན་འདྲི་བ་ལ་མཁས་པ་རྣམས་ཀྱི་ནང་ན་མཆོག་གོ། ཚིག་གཟུང་བ་རྣམས་ཀྱི་ནང་ན ་མཆོག་གོ།། ཚིག་བཙུན་པ་རྣམས་ཀྱི་ནང་ན་མཆོག། ཚིག་འཇམ་པོ་རྣམས་ཀྱི་ནང་ན་མཆོག་གོ།། གསོད་པར་སྨྲ་བ་རྣམ་ཀྱི་ནང་ན་མཆོག་གོ།། ཚིག ་མཆོད་པ་རྣམས་ཀྱི་ནང་ན་མཆོག་གོ།། ཚིག་ཐོགས་པ་རྣམས་ཀྱི་ནང་ན་མཆོག་གོ།། ལྡེམ་པོ་ངག་ཏུ་སྨྲ་བ་རྣམས་ཀྱི་ནང་ན་མཆོག་གོ།། སེམས་ཁོང་ཁྲོ་བ་མེད་པའི་ནང་ན་མཆོག ་གོ།། བྱམས་པ་ལ་གནས་པ་རྣམས་ཀྱི་ནང་ན་མཆོག་གོ། སྙིང་རྗེ་ལ་གནས་པ་རྣམས་ཀྱི་ནིང་མཆོག་གོ།། དགའ་བ་ལ་གནས་པ་རྣམས་ཀྱི་ནང་ན་མཆོག་གོ། བཏང་སྙོམས་ལ ་གནས་པ་རྣམས་ཀྱི་ནང་ན་མཆོག་གོ།། བྱང་ཆུབ་སེམས་དཔའ་ཐེ་ཙོམ་ཐམས་ཅད་གཅོད་པ་དང་། ཀུན་འདྲི་བ་ལ་མཁས་པ་རྣམས་ཀྱི་ནང་ན་མཆོག་གོ།། དེ་ནས་ཚངས་པ ་ཁྱད་པར་སེམས་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་གཉིས་པོ་དེ་དག་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བླ་དེར་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མདོ་ཝ ་བྱིན་འམ་ས་ས་སུམ་བསྐུར་བ་བྱས་ནས། བཅོམ་ལྡན་འདས་གལ་བ་དེ་སོགས་སུ་ཐས་མོ་སྦྱོར་བ་བཏུད་ནིས་བམམ་ལྡན་འདས་མ་ཚོ་སུ་བཅད་བ་དག་གི ་མྱེད་དོ། གས་ས་། ་མེ་ས་ཛིནས་མ་ས ་བའི་ཞིང་རྣམས་དེ་དག་རྣམ་སྤངས་ནས། ཁྱོད་ཀྱི་ཐུགས་རྗེས་ངན་པ་ཡོངས་སུ་གཟུང་།། འཇིག་རྟེན་མགོན་ཁྱོད་ཡེ་ཤེས་ངམ་མཆིས། ཁ་ལུས་བདེ་བར་གཤེགས་དང་ཁྱོད་དུ ་མཚུངས།། ཤིན་ཏུ་རྣམ་པར་བསམ་པ་སྔོན་མཛད་པ།། འདི་འདྲ་བའི་ཞིང་འདི་ཁྱེད་ཀྱིས་ཟུང་།། ཚུལ་ཁྲིམས་ཐམས་ཅད་རྣམ་པར་འདོད་སྤང་ནས།། གང ་ཞིང་བསྐལ་པར་གཞན་ན་སྤྱོད་པ་བས།། སུ་དག་བྱམས་པའི་སེམས་ཀྱིས་ཤིན་ཏུ་འདིར། སྐད་ཅིག་སྤྱད་པ་འདི་ནི་ཁྱད་པར་འཕགས། ལུས་དང་ངག་དང་འོན་ཏེ ་ཡིད་ཀྱིས་ཀྱི། གང་ལ་ཉེས་བགྱིས་རྣམ་པར་གསུམ་མཆིས་ཏེ།། ངན་སོང་གསུམ་དུ་མོང་བར་གོང་འགྱུར་བ།། དེ་ནི་ཚེ་འདི་ཉིད་ལ་འབྱང་བར་འགྱུར།། བྱང ་ཆུབ་སེམས་དཔའ་འདི་ན་གང་མཆིས་པ།། དེ་དག་རྟག་ཏུ་གདུང་བར་བགྱི་སྟེ།། དེ་ལས་གག་ལོག་ལྟུང་མཆིས་པ་འང་། དེ་དག་འདིར་ན་གླད་པ་ན་བས་འབྱུང་།། ་འདི་ན་བྱང་ཆུབ་སེམས་དཔའ་སྐྱོན་མེད་ག་ག། དམ་པའི་ཆོས་སྲུང་ཆོས་མཆོག་འཛིན་པ་རྣམས།། དེ་དག་འདི་ལས་ཕྱིན་ཅད་ནམ་དུ་ཡང་།། དྲན་པ་མི་འཁྲུག ་བློ་ཡང་ཉམས་མི་འགྱུར། གང་ཞིག་བདུད་ཀྱི་ཕྱོགས་པ་བཅད་དང་།། དེ་བཞིན་ཉོན་མོངས་ལས་བཅས་སྦྱོང་འཚལ་བ།། དེ་ནི་ཞིང་འདིར་དམ་པའི་ཆོས་ཉིད ་གྲུབ།། འདི་ལ་ཡེ་ཤེས་ལྡན་པའི་མཆོག་ཏུ་འགྱུར།། གང་ཞིང་བསྐལ་པ་བྱེ་བར་ཞིང་གཞན་དུ།། སེམས་ལྡན་དམ་ཆོས་འཛིན་པར་འགྱུར་པ་བས།། ་སྡུག ་སུ་དག་སྔ་དྲོ་གཅིག་ཙམ་མི་མཆེད་དུ།། འདི་ནི་དེ་བས་མཆོག་ཏུ་མཁས་པར་དགོངས།། བདག་གིས་མངོན་པར་དགའ་བའི་འཇིག་རྟེན་དང་།། དེ ་བཞིན་ཚེ་དཔག་མེད་ཀྱི་བདེ་ཅན་མཐོང་།། དེ་ནས་བསྡུག་བསྔལ་སྒྲ་མ་མཆིས།། དེར་ནི་ཡོན་ཏན་བགྱི་བ་རྨད་མི་ཆེ།། ཉོན་མོངས་འབྱུང་གནས་འཇིག་རྟེན་ཞེས་གང ་འདིར།། ཞེ་སྡང་ཅན་གྱིས་རབ་ཏུ་ཉེས་བཟོད་ལ།། ཆོས་འདི་ལ་ཡང་གཞན་དག་འཛུད་པ་ནི།། འདི་ནི་དེ་བཞིན་ཀ་བའི་མཆོག་ཏུ་འགྱུར།། སྙིང་རྗེས་བརླན་སེམས ་སྡུག་བསྔལ་མང་ལས་འགྲོལ།། བླ་མེད་བླ་མ་ཁྱོད་ལ་བདག་ཕྱག་འཚལ།། མ་ཏུམ་སེམས་ཅན་ལ་ཆོས་གག་འཆད་པ་ནི།། བདག་པོ་འཇིག་རྟེན་ན་ཡང་དེ་སྤྱད ་དཀའ།། ཤིན་ཏུ་རྒྱ་ཆེ་བའི་འཁོར་འདི་དང་།། ཕྱོགསུ་རྣམ་པར་གྲགས་པའི་སངས་རྒྱས་སྲས།། ཆོས་ཀྱི་མི་ངོམས་རྒྱ་མཚོ་འདྲ་བ་ཚོགས།། དེ་དག་ལ་ནི་རྒྱལ་བའི ་བྱང་ཆུབ་གསུངས།། ཚངས་པ་དབང་པོ་འཇིག་རྟེན་སྐྱོང་བ་དང་།། ལྷ་ཀླ་ལྷ་མིན་མི་འམ་ཅིར་བཅས་པ།། ཆོས་ཉིད་འཚལ་བ་མང་པོ་ཚོགས་པ་ལ།། ཅི་ལྟར ་མོས་པ་བཞིན་དུ་ཆོས་ཉིད་གསུངས།། དགེ་སྙེན་དགེ་བསྙེན་མ་དང་དགེ་སློང་དང་།། དགེ་སློང་མ་དང་འཁོར་བཞི་འདི་དག་ཚོགས།། ཇི་ལྟར་ཐོས་ནས་ནོར ་གྲུབ་རབ་འདོང་བར།། དེ་ལྟར་དེ་དག་ལ་ནི་ཆོས་སྟན་གསལ།། གང་རྣམས་སངས་རྒྱས་ཐེག་ལ་རྟག་མོས་དང་།། དེ་བཞིན་རང་རྒྱལ་ཐེག་དང་ཉན་ཐོས་ཐེག། ཐུབ་པ ་གང་གིས་སེམས་བསམ་གང་མཁྱེན་པ།། དེ་ལ་སྨན་པའི་སླད་དུ་དེ་གསུངས་ཤིག། སངས་རྒྱས་རིགས་ལ་གནས་ཕྱིར་གང་ཞུགས་པ།། དཀོན་མཆོག་གསུམ་པོ་གད ་ལས་བྱུང་བ་ཡི།། བྱང་ཆུབ་སེམས་དག་ལ་སྨན་སླད་དུ།། ཆོས་ཀྱི་རྒྱལ་པོ་ཁྱད་ལ་བདག་གསོལ།། ཁྱོད་ཀྱི་བསྔགས་པའི་འཕྲེང་བ་གྲངས་ཐོས་ནས།། ཤེས་རབ ་ཡངས་པ་འདི་རྣམས་བདེ་བར་ལྷགས།། སེམས་ཅན་གཙོ་བ་དེ་དག་མཁྱེན་པ་བཞིན།། དེ་དག་ནི་བླ་མེད་སྤྱོད་བཤེད།། འདི་ལྟར་བདེ་གཤེགས་མཁྱེན་པ་བསམ ་མི་ཁྱག། དགྲ་བཅོམ་བདག་ཉིད་ཆེན་པོས་འདི་མིན།། འདི་ནི་རང་རྒྱལ་གྱི་ཡང་ཡུལ་མ་ལགས།། བདག་ཀྱང་འདྲེན་པའི་རྗེ་སུ་འབྲང་།། བདག་གིས་གང་ཁྱོད ་དོན་ཆེན་འདི་བྲིས་པ།། འཇིག་རྟེན་རྣམས་འདྲེན་ཁྱོད་ལ་བདག་བཟོད་གསོལ།། གང་ཕྱིར་ཁྱེད་ཀྱི་ཐུགས་ནི་སྐྱོ་མི་མངའ།། དེ་ཕྱིར་བྱང་ཆུབ་ལམ་མཆོག་བསྟན ་དུ་གསོལདེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན། ཚངས་པ་ཁྱད་པར་སེམས་ཀྱིས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས། བཅོམ་ལྡན་འདས་ལ་འདི་སྐད ་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དག་ལྷག་པའི་བསམ་པ་བརྟན་ཞིང་། ཡིད་མི་སྐྱོ་བ་རྣམས་ལེགས།། བཅོམ་ལྡན ་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མགོ་གཅིག་ཏུ་སྨྲ་ཞིང་ཚིག་གདུང་བ་མ་མཆིས་པ་རྣམས་ལགས།། ཇི་ལྟར་ན་དགེ་བའི་རྩ་བ་རྣམས་མངོན ་བར་འཕགས་པ་རྣམས་ལགས།། ཇི་ལྟར་ན་སླད་མ་མཆིས་ཤིང་།། སྤྱོད་ལམ་ཡང་མི་འཁྲུགས་པ་ལགས།། ཇི་ལྟར་ན་ཆོས་ཀར ་པོ་རྣམས་རྣམ་པར་འཕེལ་བར་བགྱིད་པ་རྣམས་ལགས།། ཇི་ལྟར་ན་ས་ནས་སར་འབར་བར་བགྱིད་པ་ལགས།། ཇི་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ ་ལ་ཐབས་ལ་མཁས་པ་རྣམས་ལགས།། ཇི་ལྟར་སེམས་ཅན་རྣམས་ལ་ཉེ་བར་སྤྱོད་པ་ལ་མཁས་པ་རྣམས་ལགས།། ཇི་ལྟར་ན་བྱང་ཆུབ་ཀྱི་སེམས་སྲུང་བ་རྣམས ་ལགས།། ཇི་ལྟར་ན་སེམས་རྩེ་གཅིག་ཅིང་ཡིད་རྣམ་པར་མ་འདྲེས་པ་རྣམས་ལགས།། ཇི་ལྟར་ན་ཆོས་རྣམས་ཡོངས་སུ་ཚོལ་བ་ལ་མཁས་པ་རྣམས་ལགས།། ། ་ཇི་ལྟར་ལྟ་ལྟུང་བ་ལས་འབྱུང་བ་ལ་མཁས་པ་རྣམས་ལགས།། ཇི་ལྟར་ན་ཉོན་མོངས་པ་རྣམས་འདུལ་བ་ལ་མཁས་པ་ལགས།། ཇི་ལྟར་ན་འཁོར་གྱི་ནང ་དུ་མཆི་བེ་ལ་མཆིས་པ་རྣམས་ལགས།། ཇི་ལྟར་ན་ཆོས་རྣམས་པར་བྱེད་པ་ལ་མཁས་པ་རྣམས་ལགས།། ཇི་ལྟར་ན་རྒྱུའི་སྟོབས་དང་ལྡན་ཞིང་།། དགེ ་བའི་རྩ་བ་ཆབ་མི་འཚལ་བ་རྣམས་ལགས།། ཇི་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསྟན་པར་སྦྱིན་པ་དང་།། དེ་བཞིན་དུ་ཤེས་རབ་ཀྱི་བར་དུ་བསྟན ་བ་རྣམས་ལགས།། ཇི་ལྟར་ན་བསམ་གཏན་གྱི་བདེ་བ་ལས་ལྡོག་པ་ལ་མཁས་པ་རྣམས་ལགས།། ཇི་ལྟར་ན་སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི ་ལྡོག་པ་རྣམས་ལགས།། ཇི་ལྟར་ན་སངས་རྒྱས་ཀྱི་རིགས་མི་བཅོད་པ་རྣམས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད ་པར་སེམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་ལེག་སོ་ལེག་སོ།། ཡང་ཚངས་པ་ཁྱེད་དེ་བཞིན་གཤེགས་པ་ལ་དེ་ལྟ་བུའི་དྲི་བར་སེམས་པ་ལེག་སོ།། ཚངས་པ ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ།། བཅོམ་ལྡན་འདས་ལེགསོ་ཞེས་གསོལ་ནས།། ཚངས་པ་ཁྱད་པར་སེམས་བཅོམ་ལྡན་འདས་ཀྱི ་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལྷག་པའི ་བསམ་པ་བརྟན་ཞིང་ཡིད་མི་སྐྱོ་བ་རྣམས་ཡིན་ཏེ། བཞི་གང་ཞེ་ན། སེམས་ཅན་རྣམས་ལ་སྙིང་རྗེ་བ་དང་། མི་སྐྱེ་བའི་བརྩོན་འགྲུས་དང་། འཁོར་བ་ལ་རྨི་ལམ་ལྟ་བུར ་མོས་པ་དང་།། སངས་རྒྱས་ཀྱི་ཡེ་ཤེས་ལ་མི་མཉམ་པ་དང་མཉམ་པར་ཡོངས་སུ་འཇལ་བ་སྟེ། ཚངས་པ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་དག་ལྷག་པའི་བསམ་པ་བརྟན་ཅིང་ཡིད་མི་སྐྱོ་བ་རྣམས་ཡིན་ནོ།། ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མག ་ཅིག་ཏུ་སྨྲ་ཞིང་ཚིག་དུ་ང་བ་མེད་པ་རྣམས་ཡིན་ཏེ།། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་ལ་གང་ཟག་མེད་པར་མགོ་གཅིག་ཏུ་སྨྲའོ།། ་བྱང་ཆུབ་སེམས་དཔའ་རྣམས་སྐྱེ་གནས་ཐམས་ཅད་ལ་དགའ་བ་མེད་པར་མགོ་གཅིག་ཏུ་སྨྲའོ།། བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོའི ་བསྔགས་པའི་མགོ་གཅིག་ཏུ་སྨྲའོ།། བྱང་ཆུབ་སེམས་དཔའ་རྣམས་དགེ་བ་དང་མི་དགེ་བའི་ལས་རྣམས་ཆུད་མི་ཟ་བར་མགེ་གཅིག་ཏུ་སྨྲའོ།། ཚངས་པ་དེ་དག་ནི་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མགོ་གཅིག་པ་བཞི་པའོ།། ཚངས་པ་ཆོས་བཞི་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས ་ཀྱི་དགེ་བའི་རྩ་བ་མངོན་པར་འཕགས་པར་འགྱུར་བ་སྟེ།། བཞི་གང་ཞེ་ན། ཚུལ་ཁྲིམས་དང་། ཐོས་པ་དང་། གཏེང་བ་དང་། འབྱུང་བ་སྟེ། བཞི་པ་འདི་དག་གི། ་ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་མི་བསླབ་ཅིང་སྦེད་ལམ་རྣམ་པར་འཁྲུགས་པར་མི་འགྱུར་ཏེ། བཞི་གང་ཞེ་ན། བསྙེས་པ་མེད་པ་དང་།། ་སྣད་པ་མེད་པ་དང་། གྲགས་པ་མེད་པ་དང་། སྡུག་བསྔལ་བ་སྟེ། ཚངས་པ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མི་བསླས ་ཅང་སྤོད་ལམ།། རྣམ་པར་མི་འཁྲུགས་པར་འགྱུར་རོ།། ཚངས་པ་ཆོས་གཞི་དང་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དགེ་བའི་རྩ་བ་འཕེལ་བར ་བྱེད་དེ་གླང་ཤེ་ན། སེམས་ཅན་རྣམས་བྱང་ཆུབ་ལ་ཡང་དག་པ་འཇུད་པ་དང་། སྦྱིན་པ་བྱིན་ནས་རྣམ་པར་སྨིན་པ་ལ་མི་རེ་བ་དང་། དམ་པའི་ཆེས་ཡོངས་སུ ་འཛིན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་རབ་སྟོན་པ་སྟེ།། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེཾས་དཔ་སེཾས་དཔའ་ཆེན་པོ ་རྣམས་ས་ནས་སར་འཕར་ཏེ།། བཞི་གང་ཞེ་ན། དགེ་བའི་རྩ་བ་བརྩམ་པ་དང་། ཉེས་པ་ཐམས་ཅད་རྣམ་པར་སྤོང་བ་དང་། བསྔོ་བ་ལ་མཁས་པ་དང་། བརྩོན་འགྲུས ་ཤིན་ཏུ་འབར་བ་དང་། བཞི་པོ་འདི་དགེ། ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་སེན་པོ་རྣམས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ ་ཐབས་མཁས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། སེམས་ཅན་གྱི་རྗེས་སུ་འཇུག་པ་དང་། གཞན་གྱི་བསོད་ནམས་ལ་རྗེས་སུ་ཡིད་རང་བ་དང་། ཉེས་པ་འཆག ་པ་དང་། སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་པ་སྟེ། བཞི་པོ་འདི་དག་གོ། ཚངས་པ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས ་སེམས་ཅན་རྣམས་ལ་ཉེ་བར་སྤྱོད་པ་ལ་མཁས་པ་རྣམས་ཡིན་ཏོ།། བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་པའི་དངོས་པོ་དང་། བདག་བདེ་བ་ལ་ཆགས་པ་དང ་བཟོད་ཅིང་ངེས་པ་དང་། ང་རྒྱལ་བཅོམ་པ་སྟེ། བཞི་པོ་འདི་དག་གོ། ཚངས་པ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། བྱང་ཆུབ ་ཀྱི་སེམས་ཆུད་མི་གསོན་ཏེ། བཞི་གང་ཞེ་ན། སངས་རྒྱས་རྗེས་སུ་དྲན་པ་ཡིད་ལ། བྱེད་པ་དང་། དགེ་བའི་རྩ་བ་ཐམས་ལྔ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་དང་། དགེ ་@#།། བའི་བཤེས་གཉེན་ལ་བསྟེན་པ་དང་། ཐེག་པ་ཆེན་པོ་ཡང་དག་པར་བསྔགས་ཏེ།། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་རྣམས་སེམས་རྩེ་གཅིག་ཅིང་ཡིད་རྣམ་པར་མ་འདྲེས་པ་རྣམ་སུ་རིག་པར་བྱེ་སྟེ། བཞི་གང་ཞེ་ན། ཉན་ཐོས་ཀྱི་སེམས་རྣམ་པར་སྲེང་བ་དང་། རང ་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་གཏོང་བ་དང་། ཆོས་ཡོངས་སུ་ཚོལ་བས་མི་ངོམས་པ་དང་། ཇི་ལྟར་བྲེས་པ་བཞིན་དུ་ཆོས་བསྟོན་པ་སྟེ། བཞི་པོ་འདི་དག་གོ།། ཚངས ་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཡོངས་སུ་ཚེལ་ཏེ།། བཞི་གང་ཞེ་ན། རྙེད་དཀའ་བའི་ཕྱིར་རིན་པོ་ཆེར་འདུ་ཤེས་པ་དང་། ནད ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར། རྩིར་འདུ་ཤེས་པ་དང་། མྱ་ངན་ལས་འདས་པའི་ཕྱིར་སྡུག་བསྔལ་ཐམས་ཅད་ཞི་བར་འདུ་ཤེས་པ་སྟེ། བཞི་པོ་འདི་དགེ། ཚངས་པ ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལྟུང་བ་ལས་འབྱུང་བ་ལ་མཁས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ནང་ནས་མི་སྐྱེ་བའི་ཆོས ་ལ་བཟད་བ་དང་། མི་བ་ཟས་མི་འགག་པ་ལ་བཟོད་པ་དང་། རྒྱུ་ལམ་སེར་རྟོག་པས་ཉེས་ཅིང་འབྲེལ་བར་འབྱུང་བ་ལ་བཟོད་པ་དང་། གཅིག་ནས་གཅིག་ཏུ་སེམས། ་བར་ཚུན་གྱུར་པ་སྟེ། བཞི་པ་འདི་དག་ཚངས་པ་ཆེས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཉོན་མོངས་པ་རྣམ་པར་སྦྱང་སྟེ། གླང་ཞེན། ་ཚུལ་བཞིན་དུ་སོ་སོར་རྟོགས་པ་དང་། མ་འོངས་པ་ནི་སྡོམ་པ་དང་། དཀར་པོའི་ཆོས་ཀྱི་སྟོབས་སྐྱེད་པ་དང་། རབ་ཏུ་དབེན་པར་གནས་པ་སྟེ། བཞི་པོ་འདི་དགོ། ཚངས་པ ་ཆོས་བཞི་དང་ལྡན་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཁོར་གྱི་ནང་ན་འགྲོ་སྟེ། བཞི་གང་ཞེ་ན། ཆོས་འདོད་པའི་ཕྱིར་ཏེ། གླན་ཀ་ཚོལ ་བའི་བསམ་པས་མ་ཡིན་པ་དང་། རི་མོ་དང་བཅས་པའི་ཕྱིར་ཏེ། ང་རྒྱལ་དང་ཁེངས་པས་མ་ཡིན་པ་དང་། དགེ་བའི་གང་ཡིན་པ་ཚོལ་བའི་ཕྱིར་ཏེ། བདག་སྒོམ་པསཾ ་མ་ཡིན་པ་དང་། སེམས་ཅན་རྣམས་དགེ་བའི་རྩ་བ་ལ་བཟུད་པའི་ཕྱིར་ཏེ། རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པའི་ཕྱིར་མ་ཡིན་པ་སྟེ།། བཞི་པོ་འདི་དགེ། ་ཚངས་པ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཀྱི་སྦྱིན་པ་རྣམ་པར་འབྱེད།། བཞི་གང་ཞེ་ན། དམ་པའི་ཆོས་ཡོངས་སུ ་འཛིན་པ་དང་། བདག་ཉིད་ཀྱི་ཤེས་རབ་གསལ་བར་བྱེད་པ་དང་། སྐྱེས་བུ་དམ་པའི་ལས་བྱེད་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་སྟོན ་པ་སྟེ། བཞི་པོ་འདི་དག། ཚངས་པ་ཆོས་བཞི་དང་ལྡན་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྒྱུའི་སྟེབས་དང་ལྡན་ཞིང་། དགེ་བའི་རྩ ་བ་ཆུད་མི་ཟ་བ་ཡིན་ཏེ། བཞི་གང་ཞེ་ན། གཞན་གྱི་འཁྲུག་པ་ལ་ཉེས་པར་མི་ལྟ་བ་དང་། ཁྲོས་པ་རྣམས་ལ་བྱམས་པ་སྒོམ་པ་དང་། ཆོས་རྣམས་ཀྱི་རྒྱུ་སྟེན ་པ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ། བཞི་པོ་འདི་དག། ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་བསྟན་པར་ཤེས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། སྦྱིན་བདག་ལ་སྔོན་དུ་འགྲོ་བ་རྣམས་ཡིན་ཏེ། ལྟུང་བ་རྣམས་ཀྱི་ཕ ་རོལ་ལ་རྩོད་པར་མི་བྱེད། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དངོས་པོ་ལ་མཁས་པ་ཡིན། ཆེས་རྣམས་ལ་ཟབ་མོར་མོས་པ་རྣམས་ཡིན་ཏེ། བཞི་པོ་འདི ་དགོ། ཚངས་པ་ཆེས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམ་དཔའ་ཆེན་པོ་རྣམས་བསམ་གཏན་ལ་གནས་ནས། འདོད་པའི་ཁམ་སུ་སྐྱེའོ།། བཞི་གང་ཞེ་ན། སེཾས ་ལས་སུ་རུང་སྟེ། དགེ་བའི་རྣམས་ཡོངས་སུ་མི་གཏོང་བ་དང་། ཐབས་དང་ཤེས་རབ་སྒོམ་པ་སྟེ། བཞི་པོ་འདི་དག་སྟེ། ཚངས་པ་ཆོས་བཞི་དང་ལྡན་ན། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། བཞི་གང་ཞེ་ན། འཁོར་བ་དཔག་ཏུ་མེད་པ་ཡོངསུ་འཛིན་པ་དང་། སངས་རྒྱས ་དཔག་ཏུ་མེད་པ་ལ་མཆོད་ཅིང་རིམ་གྲོ་བྱེད་པ་དང་། བྱམས་པ་དཔག་ཏུ་མེད་པ་སྒོམ་པ་དང་། སྙིང་རྗེ་དཔག་ཏུ་མེད་པསྒོམ་པ་སྟེ། བཞི་པོ་འདི་དགོ། ཚངས་པ་ཆོས་བཞི་དང ་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་རིགས་མི་གཅོད་དེ། བཞི་གང་ཞེ་ན། སྔར་དམ་བཅས་པ་ལས་མ་འགྱུར་བ་དང་། ཇི་ལྟར ་སྨྲས་པ་དེ་བཞིན་བྱེད་པ་དང་། དགེ་བའི་རྩ་ན་རྣམས་པ་ཤིན་ཏུ་མོས་པ་དང་། བསམ་པའི་ནན་ཏན་ལ་གནས་པ་སྟེ། ཚངས་པ་ཆོས་བཞི་པོ་འདི་དག་དང་ལྡན་ན། བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་རིགས་མི་བཅོད་དོ།། བཅོམ་ལྡན་འདས་ཀྱིས་ཆོས་བཞི་མངོན་པར་སྒྲུབ་པ་འདི་བཤད་པ་དང་། ལྷ་དང་མིར ་བཅས་པའི་སྐེ་དགུ་རྣམས་ལས་སྲོག་ཆགས་སྟོང་ཕྲག་སུམ་ཅུ་རྩ་གཉིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས།། བྱང་ཆུབ་སེམས་དཔའ་ལྔ ་སྟོང་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ།། སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ལ་མཆོད་པ ་བྱ་བའི་ཕྱིར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྷའི་མེ་ཏོག་རྣམས་ཀྱིས་པུས་ནུབ་ཙམ་དུ་ཁེབས་པར་བྱས་སོ།། དེ་ནས་གཞོན་ནུར་གྱུར་པ ་དྲ་བ་ཅན་གྱི་འོད་ཀྱིས་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་སྨྲས་སོ།། ཚངས་པ་ཁྱོད་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དྲི་བ ་ལ་ཆོག་ཏུ་གསུངས་ན་དེ་ཇི་ལྟར་དྲིས་ནས། བྱང་ཆུབ་སེམས་དཔའ་ཚུལ་བཞིན་དྲི་བ་ཡིན། ཁྱད་པར་སེམས་ཀྱིས་སྨྲས་པ། རིགས་ཀྱི་བུ་བདག་ཏུ་སྒྲོ་འདོགས ་བས་དྲི་བ་ན་ཚུལ་བཞིན་མ་ཡིན་པར་འདྲིའོ།། གཞན་དུ་སྒྲ་འདོགས་པས་དྲིན་ཚུལ་བཞིན་མ་ཡིན་པར་འདྲའི།། ཆོས་སུ་སྒྲོ་འདོགས་པས་འདྲིན་ཚུལ་བཞིན ་མཁས་པ་རྣཾས་ཀྱི། ་མ་ཡིན་པར་འདྲིའོ།། དྲ་བ་ཅན་གྱི་འང་གང་ལ་བདག་ཏུ་སྒྲ་འདོགས་མེད་པ་དང་། གཞན་དུ་སྒྲ་འདོགས་པ་དང་། ཆོས་སུ་སྒྲོ་འདེགས་པ་མེད་པ་འདི་ན ་ཚུལ་བཞིན་འདྲིའོ།། གཞན་ཡ་དྲ་བ་ཅན་གྱི་འོད་བསྐྱེད་པའི་ཕྱིར་འདྲི་ན། ཚུལ་བཞིན་མ་ཡིན་པར་འདྲིའོ།། འགག་པའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། གནས་དང ་གནས་མ་ཡིན་པའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། དྲ་བ་ཅན་གྱི་འོད་གང་ལ་ཆོས་གང་ཡང་སྐྱེ་བའི་ཕྱིར་རམ། འགག་པའི་ཕྱིར་རམ།། གནས་དང་གནས་མ་ཡིན ་བའི་ཕྱིར་དྲི་བ་མེད་པ་དེ་ནི་ཚུལ་བཞིན་འདྲིའོ།། གཞན་ཡང་དྲ་བ་ཅན་གྱི་འོད་གྱ་འད་ཀུན་ནས་ཉོན་མོངས་པའི་ཕྱིར་འདྲི་ན། དེ་ནི་ཚུལ་བཞིན་མ་ཡིན་པའོ།། རྣམ་པར ་བྱང་བའི་ཕྱིར་འདྲི་ན། དེ་ནི་ཚུལ་བཞིན་མ་ཡིན་པའོ།། འཁོར་བའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། འཁོར་བ་ལས་ཤིན་ཏུ་བཟླ་བའི་ཕྱིར་འདྲི་ན་དེ་ནི་ཚུལ ་བཞིན་མ་ཡིན་པའོ།། ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་འདྲི་ན། དེ་ནི་ཚུལ་བཞིན་མ་ཡིན་པའོ།། དྲ་བ་ཅན་གྱི་འོད་གང་ལ་ཀུན་ནས་ཉོན་མོངས་པའི་ཕྱིར་མ་ཡིན། རྣམ ་བར་བྱང་བའི་ཕྱིར་མ་ཡིན། འཁོར་བའི་ཕྱིར་མ་ཡིན་འཁོར་བ་ལ་སེ་ཤིན་ཏུ་བཟླ་བའི་ཕྱིར་མ་ཡིན། ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་འདྲི་བ་མེད་པ་དེ་ནི་ཚུལ་བཞིན ་འདྲ་བའོ།། དེ་ཅིའི་ཕྱིར་ཞེ་ན། ཆེས་མི་འགྱུར་བ་ཉིད་ནི་ཀུན་ནས་ཉོན་མོངས་རྣམ་པར་མི་འགྱུར། མི་འཁོར་ཞིང་ཡོངས་སུ་མྱ་ངན་ལས་མི་འདའོ།། གཞན་ཡ ་དྲ་བ་ཅན་གྱི་འོད་འཐོབ་པའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། མངོན་ཏུ་བྱ་བའི་ཕྱིར་འདྲི་ན་དེ་ནི་ཚུལ་ཡིན་པའོ།། མངོན་པར་ཤེས་པའི་ཕྱིར་འདྲིན ་དེ་ནི་ཚུལ་བཞིན་མ་ཡིན་པའོ།། ཡོང་སུ་ཤེས་པ་དང་། སྒོམ་པའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། འབྲལ་བའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། དྲ ་བ་ཅན་གྱི་འོང་གང་ལ་ཐོབ་པ་མེད་པ་དང་། འཛིན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། ཀུན་ཏུ་རྟོག་པ་མེད་པ་དང་། མངོན་པར་ཤེས་པ་མེད་པ་དང་། གནས ་མེད་པ་དང་། བསྒོ་བ་མེད་པ་དང་། སྒོམ་པར་ལྟ་བ་མེད་པ་དེ་ནི་ཚུལ་བཞིན་དྲིའི།། གཞན་ཡང་དྲ་བ་ཅན་གྱི་འོད་འདི་ནི་དགེ་བའོ།། འདི་ནི་མི་དགེ་བའི། འདི་ནི་ཟག ་པ་མེད་པའོ།། འདི་ནི་ཁ་ན་མ་ཐོ་བ་དང་བཅས་པའོ།། འདི་ནི་འདུ་བྱས་སོ། འདི་ནི་འདུས་མ་བྱསོ།། འདི་ནི་འཇིག་རྟེན་པའོ།། འོད་ནི་འཇིག་རྟེན་ལས་འདས་པའོ།། ཞེས ་འདྲི་ན་དེ་ནི་ཆུ་ལ་བཞིན་མ་ཡིན་པ་སྟེ། དྲ་བ་ཅན་གྱི་འོད་ཇི་ཙམ་དུ་གཉིས་སུ་འཇུག་པས་འདྲི་བ་དེ་ཙམ་དུ་ཚུལ་བཞིན་མ་ཡིན་པའོ།། དྲནྡན་གྱི་འོད་གང་ལ་གཉིས་མེད ་བ་དང་། གཉིས་མ་ཡིན་པ་མེད་པ་དང་། འདུ་ཤེས་མེད་པ་དང་། མིང་མེད་པ་དང་། སྤྱི་མི་འཇུག་པ་དེ་ནི་ཚུལ་བཞིན་འདྲའོ།། གཞན་ཡང་དྲ་བ་ཅན་གྱི་འོད་སངས་རྒྱས ་ཐ་དད་དུ་བྱེད་པ་དང་། ཆོས་ཐ་དད་དུ་བྱེད་པ་དང་། དགེ་འདུན་ཐ་དང་དུ་བྱེད་པ་དང་། ཞིང་ཐ་དད་དུ་བྱེད་པ་དང་། སེམས་ཅན་ཐ་དད་དུ་བྱེད་པ་དང་། ཐེག་པ་ཐ་ད་དུ། ་བྱེད་པ་དེ་ནི་ཚུལ་བཞིན་མ་ཡིན་པའོ།། དྲ་བ་ཅན་གྱི་འོད་གང་ལ་ཆོས་གང་ཡང་ཐ་དད་པར་རམ། གཅིག་པར་མི་འདྲི་བ་དེ་ནི་ཚུལ་བཞིན ་། འདྲི་བའོ།། གཞན་ཡང་དྲ་བ་ཅན་གྱི་འོད་ཆོས་ཐམས་ཅད་ནི་ཚུལ་བཞིན།། ཆོས་ཐམས་ཅད་ནི་ཚུལ་བཞིན་མ་ཡིན་པའོ།། སྨྲས་པ། ཚངས་པ་ཇི་ལྟར་ན་ཆོས་ཐམས་ཅད ་ཚུལ་བཞིན་དུ། ཆོས་ཐམས་ཅད་ནི་ཚུལ་བཞིན་མ་ཡིན།། སྨྲས་པ། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཕྱིར། ཆོས་ཐམས་ཅད་ནི་ཚུལ་བཞིན་ནོ།། ཆེས་ཐམས ་ཅད་ནི་ཚུལ་བསམ་གྱིས་མི་ཁྱབ་པ་ལ་སེམས་པར་ཞུགས་པ་དེ་དག་གི་ཚུལ་བཞིན་མ་ཡིན་པའོ།། ཚེས་ཐམས་ཅད་ནི་དབེན་པའི་མཚན་ཉིད་དེ་ནི་ཚུལ་བཞིན་ནོ།། ་གང་དབེན་པ་ལ་མི་མོས་པ་དེ་དག་ནི་ལྷག་པར་བྱེད་པ་ལ་ཞུགས་པའོ།། གང་ལྷག་པར་བྱེད་པ་ལ་ཞུགས་པ་དེ་དག་ནི་ལྷག་པར་བྱེད་པ་ལ་བརྩོན་པའོ།། གང ་ལྷག་པར་བྱེད་པ་ལ་བརྩོན་པ་དེ་དག་ཇི་ཙམ་དུ་ལྷོག་པར་བྱེད་པ་དེ་ཙམ་དུ་ཚུལ་བཞིན་མ་ཡིན་པའོ།། སྨྲས་པ། ཚངས་པ་ཆོས་རྣམས་ཀྱི་ཚུལ་གང་ཡིན།། སྨྲས ་པ། རིགས་ཀྱི་བུ་རང་གི་ཡུལ་དབེན་པ་འདོད་ཆགས་དང་བྲལ་བའི་མཐར་ནི་ཆོས་རྣམས་ཀྱི་ཚུལོ།། སྨྲས་པ།། ཚངས་པ་གང་ཆོས་རྣམས་ཀྱི་ཚུལ་འདི་ཁོང་དུ ་ཆུད་པའི་སེམས་ཅད་དེ་དག་ནི་ཉུང་ཞིག་འབྱུང་བར་འགྱུར་རོ།། སྨྲས་པ། རིགས་ཀྱི་བུ་འདོད་ཆགས་དང་བྲལ་བའི་མཐའ་ནི་གཅིག་པ་འང་མ་ཡིན། མང ་བོ་ཡང་མ་ཡིན་ཏེ། དྲ་བ་ཅན་གྱི་འོད་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཆོས་རྣམས་ཀྱི་ཚུལ་བཞིན་འདི་དག་གི་རྗེ་སུ་སོང་བ་འམ། རྗེ་སུ་འགྲོ་བ་ལཾ། ་རྗེསུ་འགྲོ་བར་འགྱུར་བ་དེ་དག་གིས་ཆོས་གང་ཡང་མ་རྟོགས།། མི་རྟོགས་པར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཁོང་དུ་ཆུད་པ་མེད་པར་བཅོམ་ལྡན་འདས ་ཀྱིས་ཀུན་ཤེས་པ།། ལུང་བསྟན་པ་གསུངས་སོ།། གང་རྣམས་ཚུལ་བཞིན་དུ་ཆོས་སྟོན་པ་འདི་ཐོས་ནས་མེས་པར་བྱེད་པ་དེ་དག་ནི། ཇི་ལྟར་བསྟན་པ་དེ ་བཞིན་དུ་རབ་ཏུ་སྦྱོར་བ་ཡིན་ཏེ། དེ་དག་ན་ཆེས་གང་ལ་ཡང་སྤྲོས་པར་མི་བྱེད་པར་འགྱུར།། སུ་ཆོས་གང་ལ་ཡང་སྤྲོས་པར་བྱེད་པར་མི་འགྱུར་བ་དེ་ནི་ཆོས ་གང་ཡང་ཁོང་དུ་ཆུད་པར་མི་འགྱུར་རོ།། སུ་ཆོས་གང་ལ་ཡང་ཁོང་དུ་ཆུད་པར་མི་འགྱུར་བ་དེ་དྲག་ནི་འཁོར་བར་འགྲོ་བ་ཡང་མ་ཡིན། མྱ་ངན་ལས་འདས ་པའི་ཆོས་ཅན་ཡང་མ་ཡིན།། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་འཁོར་བ་ཡང་དུ་མིགས། ཡོངསུ་མྱ་ངན་ལས་འདའ་བ་འང་མི་དམིགས་པའི ་ཕྱིར།། སྨྲས་པ། བཅོམ་ལྡན་འདས་ཀྱིས་འཁོར་བ་ལས་བཟླ་བའི་ཕྱིར་ཆེས་མ་བཤད་དམ། སྨྲས་པ། བཅོམ་ལྡན་འདས་ཀྱིས་གང་འཁོར་བ་ལས་འདས ་བའི་ཆོས་གང་ཡང་བསྟན་ཏམ། སྨྲས་པ། དེ་ནི་མ་ཡིན་ནོ།། རིགས་ཀྱི་བུ་དེ་ལྟ་བས་ན། བཅོམ་ལྡན་འདས་ཀྱིས་འཁོར་བ་ཡང་མི་སེམ། མྱ་ངན་ལས ་འདས་པ་ཡང་ཐོབ་པར་མི་བྱེད་མོད་ཀྱི། འཁོར་བ་དང་མྱ་ངན་ལས་འདའ་བ་གཉི་སུ་འདུ་ཤེས་པ་ལས་འདའ་བར་སྟོན་ཏོ།། འདི་ལ་གང ་ཡང་འཁོར་བ་ལས་འདའ་བར་མི་བྱེད་ཡོངསུ་མྱ་ངན་ལས་འདས་པར་ཡང་ཐོབ་པར་མི་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། མཉམ་པ་ཉིད་ནི་མི་འཁོར་མྱ་ངན་མི་འདའ་ཀུན ་ནས་ཉོན་མོངས་པ་རྣམ་པ་ར་དག་པར་མི་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཚངས་ལེགསོ་ལེག་སོ།། ་ཚངས་པ་ཇི་ལྟར་བཤད་པར་བྱ་ན་དེ་སྐད་བཤད་པར་བྱའོ།། ཚུལ་བཞིན་དུ་ཆོས་བསྟན་པ་འདི་སྙན་པ་དང་། དགེ་སློང་ཉིས་སྟོང་རྣམས་ཟག་པ་ལས་ལེན་པ་མེད་པར ་སེམས་རྣམ་པར་གྲོལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལས། འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་ངས་འཁོར་བ་དང་མྱ་ངན ་ལས་འདས་པ་ལ་དམིག་སོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་འཁོར་བར་འདོགས་ཀྱང་འདི་ལ་གང་འཁོར་བ་མེད།། མྱ་ངན་ལས་འདས་པར་སྟོན་ཀྱང་། འདི ་ལ་གང་ཡང་ཡོངསུ་མྱ་ངན་ལས་མི་འདའོ།། ཚངས་པ་དང་རྣམས་ཚུལ་འདི་ལ་ཞུགས་པ་དེ་དག་ནི་འཁོར་བའི་ཆོས་ཅན་ཡང་མ་ཡིན། ཡོངས་སུ་མྱ་ངན་ལས་འདའ། ་བའི་ཆོས་ཅན་ཡང་མ་ཡིན་ནོ།། དེ་ནས་འཁོར་དེའི་ནང་ནས་དགེ་སློང་ལྔ་བརྒྱ་བསྟན་པ་འདི་ཐོས་པ་དང་། སྟན་ལས་ལངས་ཏེ་དོང་ངོ་།། ཚིག་འདི་སྐད་ཅེས ་ཀྱང་སྨྲས་ཏེ། གལ་ཏེ་འདི་གང་ཡང་མི་འཁོར། གལ་ཏེ་གང་ཡང་ཡོངསུ་མྱ་ངན་ལས་མི་འདའ་ན། བདག་ཅག་ཚངས་པར་སྤྱད་པ་ལ། གནས་པ་ཡང་དོན་མེད་དོ།། བདག ་ཅག་ལམ་སྡོམ་པ་དང་། བསམ་གཏན་དང་། ཏིངེ་འཛིན་དང་། སྙོམ་པར་འཇུག་པ་ཡང་ཅིང་གོས་ཞེས་ཟེར་རོ།། དེ་ནས་བཅོམ་ལྡན་འདས་ལ་གཞོནུར་གྱུར་པ་དྲ་བ་ཅན ་ཀྱི་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་དག་ཆེས་གང་ལ་སྐྱེ་བ་འམ། འགག་པར་འཚལ་བ་དེ་དག་ལ་སངས་རྒྱས་འབྱུང་བ་མ་མཆིས་སོ།། བཅོམ་ལྡན་འདས ་གང་དག་མྱ་ངན་ལས་འདས་པ་དངོས་པར་ཚོལ་བ་དེ་དག་ལ་ཡང་འཁོར་བ་ལས་འདའ་བ་མ་མཆིས།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཞེས ་བགྱི་བ་ནི། གང་མཚན་མ་ཐམས་ཅད་རབ་ཏུ་ཞི་བ་དང་། གཡོ་བ་ཐམས་ཅད་མ་མཆིས་པར་འགྱུར་བ་ལགས་ན། བཅོམ་ལྡན་འདས་སྐྱེས་བུ་བླུན་པོ་འདི་དག་ལེགས ་པར་བཤད་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་ནས། མུ་སྟེགས་ཅན་གྱི་ལྟ་བར་ལྟུང་སྟེ་མྱ་ངན་ལས་འདས་པ་དངོས་པོས་ཚེ་ལོ།། འདི་ལྟ་སྟེ། བཅོམ་ལྡན་འདས ་ཏིལ་ལས་ཏིལ་མར་དང་འོ་མ་མྱུར་བཞིན་དུ། ཆོས་ཐམས་ཅད་ཤིན་ཏུ་མྱ་ངན་ལས་འདས་པ་དངོས་མས་མྱ་ངན་ལས་འདས་པ་མངོས་པོར་ཚོལ་བ་དེ་དག་ནི་ཉན ་ཐོས་མུ་སྟེགས་ཅན་ང་རྒྱལ་ཅན་ཞེས་ངག་མཆིའོ།། བཅོས་ལྡན་འདས་རྣལ་འབྱོར་སྦེད་པ་ཡང་དག་པར་ཞུགས་པ་ནི་ཆོས་གང་ལ་ཡང་སྐྱེ་བ་འམ། འགག་པར ་@མི་མཐོང་། ཆེས་གང་ལའང་ཐོབ་པ་འམ། མངོན་པར་རྟོགས་པར་མི་ཛྲ་མོ།། དེ་ནས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འད་ཀྲིས། ཚངས་པ་བྱང ་སེམས་ལ་འདི་སྐད་ཅེས་སྨྲ་སོ།། ཚངས་པ་དགེ་སློང་ལྔ་བརྒྱ་འཁོར་འདི་ནས་སྟན་ལས་ལངས་ཏེ། དེང་འདི་དག་ཅེ་ནས་ཀྱང་ཆོས་འདུལ་བ་ལ་འཇུག་པ་དང་། མོས་པར་འགྱུར་བ་དང་། ་སྡིག་པའི་ལྟ་བར་གྱུར་པ་དེ་ལས་རྣམ་པར་གྲོལ་བར་སྟོན་ཅིག་སྨྲས་པ། རིགས་ཀྱི་བུ་དོང་ལ་རག་གོ།། དོར་ལ་རག་གོ།། གལ་ཏེ་སངས་རྒྱས་ཀྱི་ཞིང་གང་གའི་ཀླུང་གི་བྱེ་མ་སྙེད་དུ ་དོང་ཡང་སྙན་པ་འདི་ལས་མི་ཐར་ཏོ།། རིགས་ཀྱི་བུ་འདི་ལྟ་སྟེ།། སྐྱེས་བུ་བྱིས་པའི་རང་བཞིན་ཅན། ནམ་མཁས་འཇིག་ཤིང་སྐྲག་སྟེ་བྲོས་ཀྱང་དེ་ལ་ག་ལས་གར་སོང ་དེ་དང་དེ་དག་ཏུ་ནམ་མཁའ་མཐོང་།། དེ་བཞིན་དུ་དགེ་སློང་འདི་དག་ཀྱང་ཇི་སྲིད་རིང་དུ་སོང་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་མཚན ་ཉིད་ལས་མ་འདསོ།། འདི་ལྟ་སྟེ། དབྱེར་ན། སྐྱེས་བུ་གཞན་ཞིག་ནམ་མཁའ་རྙེད་པར་བྱའོ་ཞེས་ནམ་མཁའ་ཚོལ་ཏེ། ཕྱོགས་དང་ཕྱོག་འཚམས་སུ་རྒྱུག་ཅིང་། ཇི ་ཙམ་དུ་ནམ་མཁའ་མིང་ནས་བརྗོད་ཀྱང་ནམ་མཁའ་མི་རྙེད་དོ།། དེ་ནས་ནམ་མཁའ་དེ་ཉིད་ཀྱི་ནང་ནས་འགྲོ་ཡང་མི་མཐོང་།། དེ་ཅིའི་ཕྱིར་ཞེ་ན། གང་ནམ་མཁའ ་ཞེས་བྱ་བ་དེ་ནི་མིང་ཙ་མོ།། རིགས་ཀྱི་བུ་དེ་བཞིན་དུ་དགེ་སློང་འདི་དག་ཀྱང་མྱ་ངན་ལས་འདས་པ་དངོས་པར་ཚོལ་དེ། མྱ་ངན་ལས་འདས་པ་དེ་ཉིད་ལ་རྣམ་པར ་སྤྱད་ཀྱང་དེ་མི་མཐོང་།། ཁང་དུ་མི་ཆུདདོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་ནི་མིང་ཙ་མོ།། ཇི་ལྟར་ནས་ཀ་ཞེས་བརྗོད་ཀྱང་དེ་གཟུང ་དུ་མེད་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་ཞེས་བརྗོད་པ་འང་བཟུང་དུ་མེད་པའོ།། དེ་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་བཤད་པ་འདི་ཟོས་ནས། ཟག་པ་ལས་ལེན་མེད་པ ་སེམས་རྣམ་པར་གྲོལ་ཏེ། མངོན་པར་ཤེས་པ་ཐོབ་པ་དེ་དག་གིས་ཚིག་སྨྲ་བ། བཅོམ་ལྡན་འདས་གང་རྣམས་ཆོས་ཐམས་ཅད་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས ་པ་ལ་མྱ་ངན་ལས་འདས་པ་དངོས་པོར་ཚོལ་བ་དེ་དག་ཀྱང་སངས་རྒྱས་འབྱུང་བ་མ་མཆིས་སོ།། བདག་ཅག་ནི་སོ་སོའི་སྐྱེ་བོ་ཡང་མ་ལགས། སློབ་པ་ཡང་མ་ལགས།། ་དགྲ་བཅོམ་པ་ཡང་མ་ལགས། འཁོར་བའི་ཆོས་ཅན་མ་ལགས། མྱ་ངན་ལས་འདས་པའི་ཆོས་ཅན་ཡང་མ་ལགསོ།། ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས ་སངས་རྒྱས་འབྱུང་བ་ནི་བྱེད་པ་དང་། སེམས་དཔའ་དང་གཡོ་བ་དང་། སྤྲོས་པ་ཐམས་ཅད་མ་མཆིས་པའོ།། དེ་ནས་ཚེ་དང་ལྡན་པ་ཤ་རིའི་བུས། དགེ་སློང་དེ་དག་ལ་འདི་སྐད ་ཅེས་སྨྲ་སོ།། ཚེ་དང་ལྡན་པ་དག་གིས། དགེ་སློང་ཉིད་ཁོང་དུ་ཆུད་།། རང་གི་དོན་བྱས་སོ།། དེ་དག་གིས་སྨྲས་པ། བཙུན་པ་ཤ་རའི་བུ། བདག་གིས་ཀུན་ནས ་ཉོན་མོངས་པ་ཁོང་དུ་ཆུད།། མི་བྱ་བ་བྱས་སོ།། ཤ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་དག་ཅི་ལས་བསམ་ཏེ། དགེ་སྔང་ཉིད་ཁང་དུ་ཆུད་དེ།། ་དེ་སྐད་སྟོན། དེ་དག་གིས་སྨྲས་པ། བཙུན་པ་ཤ་རིའི་བུ་ཀུན་ནས་ཉོན་མོངས་པ་ཡོངས་སུ་ཤེས་པའི་ཕྱིར། དགེ་སྦྱོང་ཉིད།། བཙུན་པ་ཤ་རའི ་མི་བྱ་བ་ཉིད་ནི་མྱ་ངན་ལས་འདས་པའི་ཉིད་དེ། འདི་ལ་བསམས་ནས་བདག་ཅག་གིས་ཀུན་ནས་ཉོན་མོངས་པ་ཁོང་དུ་ཆུད་དོ།། མི་བྱ་བ་བྱས།། ཞེས་སྟོན་ཏོ།། ཤ་རིའི ་བུས་སྨྲས་པ། ཚེ་དང་ལྡན་པ་ལྡེག་སོ་ལིཧཱ་སོ།། ཚེ་དང་ལྡན་པ་རྣམས་ནི་སྦྱིན་གནས་ཀྱི་སར་གནས་པ་ཡིན།། དེ་དག་གིས་སྨྲས་པ། བཙུན་པ་ཤ་རའི་བུ་སྟོན་པ ་གང་ཡིན་པ་གང་ཡིན་པ་གང་ཉིད་ཀྱང་བྱིན་པ་མི་སྤྱོང་ན། བ་དག་ཀྐིས་ལྟོ་ཇི་ལྟར་སྣང་སྨྲས་པ་ཅིའི་ཕྱིར་སྨྲས།། བཙུན་པ་ཤ་རིའི་བུ་དེ་བཞིན་གཤེགས་པས་ཆེས་ཀྱི ་དབྱིངས་རུང་བཞིན་གྱིས་ཡོང་སུ་དག་པ་ཡོངས་སུ་མཁྱེན་པའི་ཕྱིརརོ།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏེ།། ་བཅོམ་ལྡན་འདས་འཇིག་རྟེན་ན་གང་དག་སྦྱིན་གནས་ལགས། བཅོམ་ལྡག་འདས་ཀྱིས་བཀའ་སྩལ་པ། ཚངས་པ་གང་དག་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི ་འཕྲོགས་པ་རྣམ་སོ།། གསོལ་པ། འཇིག་རྟེན་ན་སྦྱིན་པ་སྐྱེད་པ་གང་དག་ལགས། བཀའ་སྩལ་པ། གང་དག་ཆོས་གང་ཡང་ཡོངས་སུ་མ་འཛིན་པ ་རྣམས།། འཇིག་རྟེན་ན་བསོད་ནམས་ཀྱི་ཞིང་གོང་དག་ལགས། བཀའ་སྩལ་པ། གང་དག་བྱང་ཆུབ་ཀྱི་སེམས་ཆུད་མི་གསོན་པ་རྣམས་སོ། ་གསོལ་པ། དགེ་བའི་བཤེས་གཉེན་གང་དག་ལགས། བཀའ་སྩལ་པ། གང་གིས་སེམས་ཅན་ཐམས་ཅད་ལས་བྱམས་པ་ཡོངས་སུ་མ་གཏང་བ་རྣམ་སོ།། ་གསོལ་པ། དེ་བཞིན་གཤེགས་པ་ལ་བགྱིས་པ་བཟོད་པ་གང་དག་ལགས། བཀའ་སྩལ་པ། གང་དག་སངས་རྒྱས་ཀྱི་རིགས་མི་གཅོད་པ་རྣམས།། ་གསོལ་པ། དེ་བཞིན་གཤེགས་པ་ལ་མཆེད་པ་བགྱིད་པ་གང་དག་ལགས།། བཀའ་སྩལ་པ། གང་དག་མི་སྐྱེ་བའི་མཐའ་རྟོགས་པ་རྣམསོ།། གསོལ ་བདེ་བཞིན་གཤེགས་པ་དང་། ཉེ་བར་གནས་པ་གང་དག་ལགས།། བཀའ་སྩལ་པ། གང་དག་སྲོག་གི་ཕྱིར་ཡང་བསླབ་པ་མི་འདྲལ་བ་རྣམས་སོ།། ་གསོལ་བ། དེ་བཞིན་གཤེགས་པ་ལ་རིམི་དང་བཅས་པ་གང་དག་ལགས། བཀའ་སྩལ་པ། གང་དབང་པོ་རབ་ཏུ་བསྡམས་ཏེ་གནས་པ་རྣམས་སེ།། ་གསོལ་པ། འཇིག་རྟེན་ན་ནོར་ཆེ་བ་གང་དག་ལགས། བཀའ་སྩབ་པ། གང་དག་ནོར་བདུན་དང་ལྡན་པ་རྣམ་སོ།། གསོལ་པ། འཇིག་རྟེན་ན་ཆེག ་འཚལ་བ་གང་དག་ལས་བཀའ་སྩལ་པ། འཇིག་རྟེན་གང་དག་ལ་ཤེས་རབ་བླ་ན་མེད་པ་ཡེ་དེ་པ་རྣམས་སོ།། གསོལ་པ། རབ་ཏུ་དབེན་པ་གང་དག ་ལགས། བཀའ་སྩལ་པ། གང་དག་ཁམས་གསུམ་དུ་སྨོན་པ་མེད་པ་རྣམ་སོ།། གསོལ་པ། འཇིག་རྟེན་ན་ཤིན་ཏུ་བསྣམས་པ་གང་དག་ལགས།། ་བཀའ་སྩལ་པ། གང་ཀུན་ཏུ་སྦྱོར་བ། ཐམས་ཅད་ཤིན་ཏུ་བྱང་བ་རྣམ་སོ།། གསོལ་པ། འཇིག་རྟེན་ན་བདེ་བ་རྣམས་གང་དག་ལགས།། བཀའ ་སྦྱ་པ། རྣམ་པ་ལ་སངས་སུ་འཛན་པ་མྱེད་པ་ས།། གསལ་པ། མངས་སུམ་འཛིན་པ་གང་དགཔགས། བཀའ་རྒྱ། ་དག་གིས་བུང་བ་ཡང་སུ་ཤེས་པའོ།། གསམ་པ།། བ་རིལ་དུ་མཆིས་གང་དག་ལགས།། བཀའ་སྩལ་པ། གང་གིས་སྐྱེ་མཆེད་དྲུག་སྦྱངས་པ་རྣམས་མ།། ་གསཔ་པ། བཅོམ་ལྡན་འདས་འགྲམས་དུ་ཕྱིན་པ་རྣམས་གང་དག་ལགས།། བཀའ་སྩལ་པ། ཚངས་པ་གང་གིས་མཉམ་པ་ཉིད་ཐོབ་པ་རྣམས།། གས ་ག་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་རྒྱས་པ་ལགས།། བཀའ་སྩལ་པ། ནམ་སེམས་ཅན་ཐམས་ཅད་མཁྱེན་པའི་སེམ ་ལ་མོས་པར་མེད་པའོ།། གསམ་པ། ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་རྣམས་ལགས།། བཀའ་སྩལ་པ། ནམ་ཐམས་ཅད་མཁྱེན་པའི་སེམས་མའི་དོར ་ལོ། གསོལ་པ། ཇི་ལྟར་ན་བཟོད་པ་དང་ལྡན་པ་རྣམས་ལགས།། ནམ་ཐམས་ཅད་མཁྱེན་པའི་སེམས་མི་ཟད་པར་མཐོང་བ་རྣམས་སོ།། གསོལ་པ། ་ཇི་ལྟར་ན་བརྩོན་འགྲུས་དང་ལྡན་པ་རྣམས་ལགས།། བཀའ་སྩལ་པ། ནམ་ཐམས་ཅད་མཁྱེན་པའི་སེམས་ལ་བརྟན་ནས་མི་དམིག་སོ།། གསོལ་པ། ཇི་ལྟར ་ན་བསམ་གཏན་པ་རྣམས་ལགས།། བཀའ་སྩལ་པ། ནམ་ཐམས་ཅད་མཁྱེན་པའི་སེམས་རང་བཞིན་གྱིས་ཞི་བར་རབ་ཏུ་གཏོགས་པའོ།། གསལ་པ། ་ལྟར་ན་ཤེས་རབ་དང་ལྡན་པ་རྣམས་ལགས།། བཀའ་སྩལ་པ། ནས་ཆོས་ཐམས་ཅད་ལ་སྦས་པར་མ་བྱེད་པའོ།། གསོལ་པ། ཇི་ལྟར་ན་བྱམས་པ་ལ་གནས ་བ་རྣམས་ལགས།། བཀའ་སྩལ་པ། ནམ་སེམས་ཅན་དུ་འདུ་ཤེས་འཇུག་པར་མི་བྱེད་པའོ།། གསོལ་པ་ཇི་ལྟར་ན་སྙིང་རྗེ་ལ་གནས་པ་རྣམས་ལགས། ནམ་ཆོས ་ཐམས་ཅད་ལ་འདུ་ཤེས་འཇུག་པར་མི་བྱེད་པའོ།། གསོལ་པ། ཇི་ལྟར་ན་དགའ་བ་ལ་གནས་པ་རྣམས་ལགས།། བཀའ་སྩལ་པ། ནས་བདག་ཏུ་འདུ་ཤེས་འཇུག་པར ་མི་བྱེད་པའོ།། གསོལ་པ། ཇི་ལྟར་ན་བཏང་སྙོམས་ལ་གནས་པ་རྣམས་ལགས།། བཀའ་སྩལ་བ། ནམ་བདག་དང་གཞན་དུ་འདུ་ཤེས་འཇུག་པར་མི་བྱེད ་པའོ།། གསོལ་པ། ཇི་ལྟར་ན་དང་པ་ལ་གནས་པ་རྣམས་ལགས།། བཀའ་སྩལ་པ། ནམ་ཆོས་ཐམས་ཅད་བརྗོད་དུ་མེད་པར་མོས་པའོ།། གསོལ་པ། ཇི་ལྟར་ན ་ཐོས་པ་ལ་གནས་པ་རྣམས་ལགས། བཀའ་སྩལ་པ། ནམ་སྒྲ་ཐམས་ཅད་ལ་མངོན་པར་མི་ཆགས་པའོ།། གསོལ་པ། ཇི་ལྟར་ན་དེ་ཆ་འཚལ་པ་དང་ལྡན་པ ་རྣམས་ལགས།། བཀའ་སྩལ་བ། ནང་ཡོངས་སུ་ཤེས་པའོ།། གསོལ་པ། ཇི་ལྟར་ན་ཁྲེལ་མཆིས་པ་ཕུན་སུམ་ཚོགས་པ་རྣམས་ལགས། བཀའ་སྩལ ་པ། ཕྱི་རོལ་གྱི་སྐྱེ་མཆེད་འདོར་བས་སོ།། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས། ཇི་ལྟར་ན་ཡོན་ཏན་ཐམས་ཅད་ཚོགས་ཤིང་ཀུན ་ཏུ་འགྲོ་བ་རྣམས་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་དང་། ངག་དང་། ཡིད་ཀྱི་ལས་ཡོངསུ་དག་པསོ།། དེ་ནས་བཅོམ་ལྡན་འདས ་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངསོ།། ལུས་ནི་རྣམ་པར་དག་ཅིང་སྡིག་མེ་བྱེད་དེ། ངག་ཀྱང་རྣམ་པར་དག་པས་རྟག་ཏུ་བརྫུན་རྣམས་སྤངས ་ཡིད་ཀྱང་གཙང་བས་རྟག་ཏུ་བསམས་པ་དྲི་མ་མེད། དེ་ཕྱིར་དེ་ནི་རྒྱལ་བས་ཀུན་ཏུ་འགྲོ་བར་གསུངས། མི་སྡུག་སྐམ་ཞིང་འདོད་ཆག ་ཕྱིར་ཀྱིས་ཀྱང་ཆག་པ་མེད། བྱམས་ལ་གནས་ཤིང་ཞེ་སྡང་གིས་ནི་གཏུམ་པ་མེད། ཤེས་རབ་དག་ལ་གནས་ཤིང་གཏི་མུག་བླུན་མ་ཡིན། མཁས་པ་རྣམས ་ནི་དེ་ལ་ཀུན་ཏུ་འགྲོ་བར་གསུང་། དེ་ནི་གྲང་དུ་ཇི་བཞིན་དེ་བཞིན་དགོན་པར་ཡང་། དགོན་པ་དང་ནི་གླེང་དང་འཁོར་དུ་དེ་འདྲ་བར། དེ་ནི་སྤྱོད་ལམ་རྣམ ་པར་འགྱུར་བར་མི་བྱེད་དེ། དེ་ཕྱིར་རྒྱལ་བས་དེ་ལ་ཀུན་ཏུ་འགྲོ་བར་བརྗོད། རྒྱལ་བ་ཀུན་གྱི་ཆོས་ཉིད་ལ་ནི་དེ་མོས་ཏེ། མཁས་པས་ཆོས་ཉིད་ལ་འང་འདོད ་ཆགས་བྲལ་བ་དང་། དགེ་འདུན་ལ་ཡང་འདུས་མ་བྱས་པར་ཤིན་ཏུ་མོས།། དེ་ཕྱིར་དེ་ནི་རྒྱལ་བས་ཀུན་ཏུ་འགྲོ་བར་གསུངས།། འདོད་ཆགས་མོས་པ་དག ་གིས་སྦྱོད་པ་རབ་ཏུ་ཤེས།། ཞེ་སྡང་མོས་པ་རྣམས་དང་དེ་བཞིན་གཏི་མུག་དང་།། སྤྱོད་པ་རྣམ་པར་འགྱུར་བ་ལའང་དེ་མཁས་ཏེ། དེ་ཕྱིར་དེ་ནི་རྒྱལ་བས ་ཀུན་ཏུ་འགྲོ་བར་བསྟན།། འདོད་པའི་ཁམས་ལ་ཤིན་ཏུ་གནས་པར་མི་བྱེད་དེ།། གཟུགས་ཀྱི་ཁམས་ལ་ཡང་ནི་གནས་པར་མི་འགྱུར་རོ།། དེ་ནི་གཟུགས ་མེད་པའི་ཁམས་ལ་གནས་ཏེ། དེ་ཕྱིར་དེ་ནི་རྒྱལ་བས་ཀུན་ཏུ་འགྲོ་བར་བརྗེད།། རྟག་ཏུ་མཚན་མ་དང་ནི་སྨོན་པས་གསུག་གྱུར་པ།། དངོས་པོ་ཐམས ་ཅད་སྟོང་པ་ཉིད་དུ་དེམས་ཤིང་།། ཟག་པ་པ་རྣམས་ནི་རིབ་དུ་ཟང་བར་མི་བྱེད་དེ།། དེ་བྱོར་དེན་རྒྱལ་བ་ཀུན་ཏུ་འགྲོ་བར་སྟན། དེ་ན་རིང་རྒྱམ་ཐེག་པ ་ལ་ཡང་མཁས་པ་ཡིན།། སྒྲ་ཕྱིར་འབྲང་བ་ཉན་ཐོས་འགྱུར་བའང་དེའི་ཤེས།། རྫོགས་པའི་སངས་རྒྱས་ཐེག་པའི་ཕ་རོལ་སོང་བ་ཡིན།། དེ་ཕྱིར་བདེ་བར་གཤེགས ་པས་ཀུན་ཏུ་འགྲོ་བར་བརྗོད།། དེ་དག་རྟག་པར་ཀུན་ཏུ་བློ་གྲོས་དྲི་མ་མེད།། དེ་དག་ཚུལ་དང་ཚུལ་མ་ཡིན་ལ་མི་རྨོངས་ཏེ།། མཛ་བ་དང་ན་མི་མཛའ་ལ་ཡང་མཉམ ་པའི་ཡིད།། ཕྱིར་བྱང་ཆུབ་སེམས་དཔའ་ཀུན་ཏུ་འགྲོ་བ་ཡིན།། འདས་པ་དག་གི་ཆོས་ལའང་རྣམ་པར་མི་རྟོག་ཅིང་།། མེ་འདྲེས་པ་ནི་ད་ལྟར་ཀྱིའང་དེ་བཞིན་ཏེ།། ་ཅད་དུའང་དགའ་བོ་རྣམས་པར་མི་རྟོག་སྤོང་།། དེ་ཕྱིར་སེམས་ཅན་དག་ལ་ཀུན་ཏུ་འགྲོ་བའོ།། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ།། ་བམ་པོ་གཉིས་པའོ།། །། དེ་ནས་བཅོམ་ལྡན་ལྔ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ཆོས་རྣམས་ལས་ཤིན་ཏུ་འདའ།། འཇིག་རྟེན་གྱི་ཆོས་ནང་ནའང་འདའ་ལ། འཇིག་རྟེན་གྱི་ཆོས་རྣམས་ཀྱིས ་ཀྱང་མི་གོས།། འཇིག་རྟེན་གྱི་ཆོས་ཀྱི་འཇུག་པ་དང་རབ་ཏུ་འཚལ་ལ།། འཇིག་རྟེན་གྱི་ཆོས་ཀྱི་འཇུག་པའང་མི་མཆི། འཇིག་རྟེན་གྱི་ཆོས་ཀྱི་འཇུག་པ་ཀྱང་། སེམས ་ཅན་རྣམས་འཇིག་རྟེན་ཆོས་ལས་ཡོང་སུ་ཐར་པར་བགྱིད།། འཇིག་རྟེན་གྱིས་ཆོས་ཀྱི་མཉམ་པ་ཉིད་ཀྱང་ཐོབ་ལ།། འཇིག་རྟེན་ན་ཡང་རྣམ་པར་སྤྱོད་ཅིང་།། འཇིག་རྟེན་གྱི ་ཆོས་རྣམས་ཀྱང་རྣམ་པར་འཇིག་པར་མི་བགྱིད་པ་ལགས།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ་ཚིག་སུ་བཅད་པ་འདི་དག་གིས་སླར ་བཀའ་སྩལ་པ།། འཇིག་རྟེན་ཕུང་པོར་ངས་བཤད་དེ།། འཇིག་རྟེན་དག་ནི་འདི་ལ་གནས།། འཇིལ་གནས་པར་མ་བྱས་ན།། འཇིག་རྟེན་ཆེས་ལས་རྣམ་པར་གྲོལ། ་བྱང་ཆུབ་སེམས་དཔར་མཁས་པ་དེར།། འཇིག་རྟེན་རང་བཞིན་ཉིད་ཤེས་ན།། ཕུང་པོ་རྣམས་དང་རབ་ལྡན་ཡང་།། འཇིག་རྟེན་ཆོས་དང་ལྡན་མ་ཡིན།། རྙེད་པ་དང་ནི་མ་རྙེད་དང་།། ་དེ་བཞིན་གྲགས་དང་མ་གྲགས་དང་།། སྟེད་སྨད་བདེ་དང་སྡུག་བསྔལ་དང་།། དེ་དག་གིས་ནི་འཇིག་བསྐྱེད།། ཤེས་རབ་ཆེན་པོ་བརྟེན་དེ་རྣམས།། འཇིག་རྟེན་ཆོས་རྣམས་རབ་རྟག་ས ་འཇིག་རྟེན་འཇིག་པ་མཐོང་ནས་ནི།། འདི་དག་པ་ཡང་མོ་གཡེ་འགྱུར།། རྙེད་པས་མ་ཐོས་པར་མི་སེམས།། མ་རྙེད་པས་ཀྱང་དམས་པ་མེད།། རི་རབ་བཞིན་དུ་མཐུ་རྟེན་པ།། ་པ་ཀུན་ཏུ་གནོད་མི་འགྱུར།། དེ་བཞིན་གྲགས་དང་མ་གྲགས་དང་།། རྟག་ཏུ་ཚངས་པར་འགྱུར་བ་ཡིན།། བདེ་བ་སྡུག་བསྔལ་བསྟོད་སྨད་ལ། མཉམ་པ་ཉིད་དུ་གནས་པར ་འགྱུར།། འཇིག་རྟེན་འདི་ནི་གཉིས་ལས་བྱུང་།། ཕྱིན་ཅི་ལོག་ལས་ཀུན་ནས་ལངས།། དེ་ཕྱིར་འཇིག་རྟེན་འགྲོ་རྟགས་ནས།། ཁས་པ་རྣམས་ནི་འགྲོ་མི་གློ།། འཇིག་རྟེན་འདི་འགྲོ་གག་ཡིན་པ།། འགྲོ ་བ་དེ་ནི་དེ་དག་ཤེས།། དེ་ཕྱིར་འཇིག་རྟེན་འགྲོར་ཞུགས་ནས།། མི་བདེ་བ་ལས་སྐྱེ་བོ་འགྲོལ།། དཔའི་དེ་དག་འཇིག་རྟེན་སྐྱེད།། པད་མོ་བཞིན་དུ་ཆགས་པ་མེད། ཆེས་ཀྱི་དབྱིངས་ལ་རབ་གནས་ན། ་འཇིག་རྟེན་དག་ཀྱང་འཇིག་མི་བྱེད།། འཇིག་རྟེན་ཆོས་ཉིད་མི་ཤེས་པར། འཇིག་རྟེན་གང་ལ་སྦྱོར་པར་ཡང་། འཇིག་རྟེན་མཚན་ཉིད་ཤེས་ནས་ནི། མཁས་པ་དེ་དག་ཉིད ་ལ་སྤྱོད། འཇིག་རྟེན་ནམ་ཀའི་མཚན་ཉིད་དེ། ནམ་མཁའ་ལ་ཡང་མཚན་ཉིད་མེད། དེ་དག་དེའི་འགྲོ་རིག་ནས། འཇིག་རྟེན་ཆོས་ཀྱི་གློ་བ་མེད། ཇི་ལྟར་འཇིག་རྟེན་རབ་ཤེས ་པ། དེ་བཞིན་སྲག་ཆགས་རྣམས་ལ་སྒྲ། ཆོས་ཀྱི་རང་བཞིན་ཤེས་ནས་ནི། འཇིག་རྟེན་དག་ཀྱང་འཇིག་མི་བྱེད། ཕུང་པོ་རྣམས་ལ་རང་བཞིན་མེད། འདི་ནི་འཇིག་རྟེན་ཆོས་ཉིད།། གང ་རྣམས་དེ་ལྟར་མི་ཤེས་པ། དེ་དག་རྟག་ཏུ་འཇིག་རྟེན་འདས། མ་སྐྱེས་པ་དང་ས་བྱུང་བར། གང་གིས་ཕུང་པོ་ཤེས་པ། དེ་དག་འཇིག་རྟེན་སྤྱོད་འགྱུར་ཡང་། འཇིག་རྟེན་འདི ་ཡང་མི་གནས།། འཇིག་རྟེན་ཆོས་རྣམས་མི་ཤེས་ཤིང་། འདུ་ཤེས་གཉིས་པ་གང་གནས་པ། འདི་བདེན་འདི་ནི་རྫུན་ཞེས། མ་མཁས་དེ་དག་བརྩོད་པར་འགྱུར།། འདི་ལྟར ་འཇིག་རྟེན་ཆོས་རྣམས་ཀྱི།། ཡང་དག་ཆོས་ཉིད་ངས་ཤེས་པས། ང་ནི་འཇིག་རྟེན་རྣམས་དང་ཡང་། ནམ་ཀྱང་རྩོད་པ་མི་བྱེད།། རྩོད་པ་མེད་པའི་ཆེས་འདི་ནི། ས་ངྱས་སོ ་ཀུན་གྱིས་བཤད་པ་སྟེ། འཇིག་རྟེན་མཉམ་པ་ཉིད་ཤེས་ན། འདི་ལ་བདེན་པར་འམ་བརྫུན་པ་བྱེད། བརྫུན་པའམ་ཡང་ན་བདེན་པ་ཞིག། བསྟན་པ་ལ་ནི་རྙེད་གྱུར་ན། མཐར ་འཛིན་པ་ནི་ང་འགྱུར་ཏེ། མུ་སྟེགས་ཅན་དང་ཁྱད་པར་མེད། གང་ཕྱིར་ཆོས་རྣམས་ཡང་དག་མིན། བདེན་པ་དང་ནི་བརྫུན་པ་མེད། དེ་ཕྱིར་འཇིག་རྟེན་འདས་པའི ་ཆོས།། ངས་ནི་གཉི་སུ་མེད་པར་བཤད་ནོ།། འཇིག་རྟེན་ཆོས་ཉིད་ཇི་ལྟ་བར། མཁས་པ་དེ་དག་བདེན་པ་འམ། བརྫུན་པའི་ལྟ་བས་འང་མི་འཛིན་ཏོ།། ནམ་མཁའ་ལྟ་བུ་རྣ ་བར།། གང་གིས་འཇིག་རྟེན་རྣམ་དག་པ།། གྲགས་པ་ཆེན་པོ་འཇིག་རྟེན་གྱི། སྣང་བ་སྟེ་དུ་གྱུར་པའི་ང་ཉིད་ཀྱིས་ནི་མཐོང་བ་ལྟར། དེ་ལྟར་གང་གིས་འཇིག་རྟེན་མཐོང ་ཕྱོགས་མཚམས་གང་ཞུགས་པ། རྫོགས་པའི་སངས་རྒྱས་དེ་དག་གཟིགས།། ཆོས་རྣམས་ངོ་བ་ཉིད་མེད་པར། གང་རྣམས་བརྟེན་པ་ཤེས་པ་ནི། དེ་དག ་ཆོས་ཉིད་ཤེས་པ་ཡི། གང་རྣམས་ཆོས་ཉིད་རབ་ཤེས་པ། དེ་དག་སྟོང་པ་ཉིད་དེ་ཤེས། གང་རྣམས་སྟོང་པ་ཉིད་རབ་ཤེས་པ། དེ་ཡིས་འདྲེན་པ་དེ ་རྣམས་མཐོང་།། གང་རྣམས་འཇིག་རྟེན་པ་འདི། རྣ་ལམ་གྲག་པར་འགྱུར་བ་ནི། དེ་དག་འཇིག་རྟེན་སྦེད་མོད་ཀྱི། འཇིག་རྟེན་འདི་ལ་གནས་མ་ཡིན། བྷ་ལ་གནས་པ་གང་སུ ་དག་གཞན་གྱིས་ནི་འདི་མ་ཡིན། འཇིག་རྟེན་དུ་ནི་སྤྱོད་བྱེད་ཀྱང་། འཇིག་རྟེན་འདི་ལ་གནས་པ་མེད། སངྱས་མྱ་ངན་འདྲ་འི་ཀྱང་། གང་རྣམས་བཟོད་པ་འདིར་མོས་པ། དེ་བཞིན་གཤེགས ་པ་ཆོས་ཀྱི་སྐུ། རྫོགས་པའི་སངས་རྒྱས་དེ་ལ་བཞུགས། གང་གིས་ཚུལ་འདི་ཤེས་པ་ནི། དེས་ནི་ངའི་ཆོས་བཟུང་སྟེ། དེས་དེ་ལ་རྟག་ཏུ་མཆོད། དེ་དག་འཇིག་རྟེན་སྟེན་པའོ།། གང་ཞིག་འཇིག་རྟེན ་བསྟན་ལ་འདི། རྗེས་གྲག་པར་གྱུར་པ་ནི། སྡིག་ཅན་བདུད་རྩི་དེ་དག་ལ། གླགས་ཀྱང་རྙེད་པར་མི་འགྱུ་རོ།། གང་གིས་རྣམ་པ་འང་གས་པ།། དེ་དག་ཕྱུག་ཙང་ལོངས་སྤྱོད་ཆེ། དེ་དག་སྦྱིན་ལ་རྟན་པར་དགའ། དེ་དག་རྒྱལ་ཁྲིམས ་ཕུན་སུམ་ཚོགས། གང་གིས་འཇིག་རྟེན་འདི་ཤེས་པ། དེ་དག་བཟོད་པའི་སྟོབས་ལྡན་པ། དེ་དག་བརྩོན་འགྲུས་རྟོག་པར་རིག་། མཁས་པ་དེ་དག་བསམ་གཏན་དགའ། གང་གིས་རྣམ་པ་འདི་ཤེས་པ། དེ་དག་ཏིང་འཛིན་ཕུན་སུམ་ཚོགས།། ་དེ་དག་ཉེ་བར་ཞི་ལ་དགའ་བརྟན་པ་དེ་དག་ཤེས་རབ་འཕགས། གང་ལ་འདི་འདྲ་གྲག་པ་གེ། ཕྱོགས་དེ་སངས་རྒྱས་སྟོང་པ་ཡིན། སེམས་དཔའ་ཆེན་པོ་རིང་མི་ཐེགས།། བྱང་ཆུབ་སྙིང་པེར་འགྲོ་བར་འགྱུར། གང་རྣམས་འཇིག་རྟེན ་བསྟན་པ་འདི། རྣ་ལམ་གྲགས་པར་གྱུར་པ་དག། གཡོན་ཅན་བདུད་རྣམས་བཅོམ་ནས་ནི། བྱང་ཆུབ་མཆོག་ཏུ་རྫོགས་འཚང་རྒྱ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚད ་བད་བཞིན་གཤེགས་པ་འཇིག་རྟེན་གྱི་ཡུལ་ལས་འདས་པ། འཇིག་རྟེན་དང་འཇིག་རྟེན་ཀུན་ཏུ་འབྱུང་བ་དང་། འཇིག་རྟེན་འགོག་པ་དང། འཇིག་རྟེན་འགོག་པར་འགྲོ་བའི་ལམ་དུ་ཡང་འཛིན་མེད་། ཚངས་པ་དེ་ལ་འཇིག ་ཞེས་བྱ་བ་ཕུང་པོ་ལྔ་རྣམས།། གང་ལ་ཆགས་པ་དེ་ནི་འཇིག་ཉེད་ཀུན་ཏུ་འབྱུང་བ་མ། གང་ཕུང་པོ་རྣམས་ཀྱི་ཟད་པ་དང་། འགག་པ་དེ་ནི་འཇིག་རྟེན་འགག་པའོ།། གང་ཕུང་པོ་རྣམས་ཚོས་བ་དང་། ་མཚིལ་བ་གཉི་སུ་མེད་པ་དེ་ནི་ཕམ་མོ།། གཞན་ཡང་ཚངས་པ་ཕུང་པོ་རྣམས་ཕུང་པོ་རྣམས་ཤེས་ཐ་སྙད་དུ་འདོགས་པ་ལ་གང་སྨྲ་བ་དང་། སྨྲ་བར་ལྟ་བ་འདི་ནི་འཇིག་རྟེན་ནོ།། ་གང་ལྟ་བ་དེ་ནི་རྗེས་སུ་འབྲང་བ་འདི་ནི་འཇིག་རྟེན་དུ་འར་འབྱུང་བའོ།། གང་ལྟ་བ་དེ་ཇི་ལྟ་བ་བཞིན་དུ་མཚན་ཉིད་འགག་པ་དེ་ནི་འཇིག་རྟེན་འགག་པ་ཞེས་བྱའོ།། ལམ་གང་གིས ་ལྟ་བ་དེ་དག་མི་འཛིན་པ་དེ་ནི་འཇིག་རྟེན་འགག་པར་འགྲོ་བའི་ལམ་སྟེ། ཚངས་པ་ངས་འདི་ལ་བསམ་ན་ཀར་ནི་ལུས་མངོམ་གང་འདི་ལ། འཇིག་རྟེན་དཔ་འཇིག་རྟེན་ཀུན་དུབྱུང་བ་དང ་འཇིག་རྟེན་འགག་པ་དང་། འཇིག་རྟེན་འགོག་པར་འགྲོ་བའི་ལམ་དུ་འདོག་སོ་ཞེས་ཚིག་དེ་སྐད་བཤདདོ།། དེ་ནས་བཅོམ་ལྡན་འདས་ལ། ཚང་བ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏེ།། ་བཅོམ་ལྡན་འདས་དེ་བཞིན་གཤེགས། གང་འདི་འབགས་པའི་བདེན་བཞི་སྟན། བཅོམ་ལྡན་འདས་འཕགས་པ་རྣམས་ཀྱི་བདེར་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པར་དྲ། ་སྡུག་སྔལ་བའོ་ཞེས་བྱ་བ་དེ་ནི་འབན་པ་རྣམས་ཀྱི་བདེན་པ་མ་ཡིན།། ཚངས་པ་འདི་ནི་སྡུག་སྔལ་ཀུན་འབྱུང་བའོ།། འདི་ནི་སྡུག་སྔལ་འགོག་པའོ།། འདི་ནི་སྡུག་སྔལ་འགོག་པར་འགྲོ་བའི་ལ་མོ།། ་ཞེས་བྱ་བ་དེ་ནི་འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་འདི་ནི་སྡུག་བསྔལ་བའོ་ཞེས་བྱ་བ་དེ། ཇི་སྟེ་འཕགས་པ་རྣམས་ཀྱི་བདེན་པ་ཡིན་དུ ་ཟིན་ན།། དེ་ནི་བྱོལ་སོང་བ་ལང་དང་། བ་བུ་དང་། སེམས་དམལ་བ་པ་ཐམས་ཅད་ཀྱིའམ། འཕགས་བུདྲེན་པར་འགྱུར་རོ།། ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི། སྡུག་བསྔལ་བའི་ཚོར་བ་རྣམས་མྱོང་ངོ་།། ཚངས་པ་འདི་ནི་སྡུག་བསྔལ་ཀུན་འབྱུང་བ་ཇི་སྟེ། འཕགས་པ ་རྣམས་ཀྱི་བདེན་པ་ཡིན་དུ་ཟིན་ན། དེ་ནི་གང་འགྲོ་རྣམ་སུ་འབྱུང་བའི་འགྲོ་བ་ཐམས་ཅད་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཡང་འཕགས་པའི་བདེན་པར་འགྱུར་རོ།། ་འདི་ནི་འགོག་པའོ་ཞེས་བྱ་བ་དེ་ཇི་སྟེ། འཕགས་པའི་བདེན་པ་ཡིན་དུ་ཟིན་ན། དེ་ནི་གང་རྣམས་དངོས་པོ་བཤིག་པས་མྱ་ངན་ལས་འདས་པ་ཚོལ་བ་འགོག་པར་ལྟ་བར ་ལྟུང་བ་ཆད་པར་སྨྲ་བ་ཐམས་ཅད་ལ་ཡང་འཕགས་པའི་བདེན་པར་འགྱུར་རོ།། དེ་ནི་ལམ་མོ་ཞེས་བྱ་བ་དེ་ཇི་སྟེ། འཕགས་པ་རྣམས་ཀྱི་བདེན་པ་ཡིན་དུ་ཟིན་ན། དེ་ནི ་འདུས་བྱས་ཀྱིས་འདུས་བྱས་ལས་འབྱུང་བར་ཚོར་བ། འདུས་བྱས་ལམ་དུ་དམིགས་པ་ཐམས་ཅད་ལ་ཡང་འཕགས་པའི་བདེན་པར་འགྱུར་ཏེ། དེ་བས་ནི་ཚངས་པ་རྣམས ་གྲངས་འདིས་ཇི་ལྟར་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་རྣམས་འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན་པར་ཁྱོད་ཀྱིས་རིག་པར་བྱའོ།། དེ ་ལྟར་མོད་ཀྱི་ཚངས་པ་གང་སྡུག་བསྔལ་མི་སྐྱེ་བ་དེ་ནི་འཕགས་པ་རྣམས་ཀྱི་བདེན་པའོ།། གང་ཀུན་འབྱུང་བ་མི་འཇུག་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ།། ་གང་ཆོས་ཐམས་ཅད་ཤིན་ཏུ་འགགས་པ་ལ། མི་སྐྱེ་མི་འགོག་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ།། གང་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དང་། ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི། སྡུག་བསྔལ་བའི་ཚོར་བ་རྣམས་མྱོང་ངོ་།། ཚངས་པ་འདི་ནི་སྡུག་བསྔལ་ཀུན་འབྱུང་བ་ཇི་སྟེ། འཕགས་པ ་རྣམས་ཀྱི་བདེན་པ་ཡིན་དུ་ཟིན་ན། དེ་ནི་གང་འགྲོ་རྣམ་སུ་འབྱུང་བའི་འགྲོ་བ་ཐམས་ཅད་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཡང་འཕགས་པའི་བདེན་པར་འགྱུར་རོ།། ་འདི་ནི་འགོག་པའོ་ཞེས་བྱ་བ་དེ་ཇི་སྟེ། འཕགས་པའི་བདེན་པ་ཡིན་དུ་ཟིན་ན། དེ་ནི་གང་རྣམས་དངོས་པོ་བཤིག་པས་མྱ་ངན་ལས་འདས་པ་ཚོལ་བ་འགོག་པར་ལྟ་བར ་ལྟུང་བ་ཆད་པར་སྨྲ་བ་ཐམས་ཅད་ལ་ཡང་འཕགས་པའི་བདེན་པར་འགྱུར་རོ།། དེ་ནི་ལམ་མོ་ཞེས་བྱ་བ་དེ་ཇི་སྟེ། འཕགས་པ་རྣམས་ཀྱི་བདེན་པ་ཡིན་དུ་ཟིན་ན། དེ་ནི ་འདུས་བྱས་ཀྱིས་འདུས་བྱས་ལས་འབྱུང་བར་ཚོར་བ། འདུས་བྱས་ལམ་དུ་དམིགས་པ་ཐམས་ཅད་ལ་ཡང་འཕགས་པའི་བདེན་པར་འགྱུར་ཏེ། དེ་བས་ནི་ཚངས་པ་རྣམས ་གྲངས་འདིས་ཇི་ལྟར་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་རྣམས་འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན་པར་ཁྱོད་ཀྱིས་རིག་པར་བྱའོ།། དེ ་ལྟར་མོད་ཀྱི་ཚངས་པ་གང་སྡུག་བསྔལ་མི་སྐྱེ་བ་དེ་ནི་འཕགས་པ་རྣམས་ཀྱི་བདེན་པའོ།། གང་ཀུན་འབྱུང་བ་མི་འཇུག་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ།། ་གང་ཆོས་ཐམས་ཅད་ཤིན་ཏུ་འགགས་པ་ལ། མི་སྐྱེ་མི་འགོག་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ།། གང་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དང་། ་མཐའ་ལ་གནས་པ་དེ་ནི་ཡིད་མི་གནས་པའོ།། གང་ཡིད་མི་གནས་པ་དེ་ནི་བདེན་པར་སྨྲ་བ་ལ་མ་ཡིན། བརྫུན་དུ་སྨྲ་བ་ཡང་མ་ཡིན་ཏེ། དེའི་ཕྱིར་ཚངས ་པ་རྣམ་གྲངས་འདིས་གང་ལ་བདེན་པའང་མེད་བརྫུན་པ་ཡང་མེད་པ་དེ་ནི། འཕགས་པ་རྣམས་ཀྱི་བདེན་པ་ཡིན་པར་རིག་པར་བྱའོ།། ཚངས་པ་བདེན་པ་ཞེས་བྱ་བ་དེ་ནི ་ནམ་ཡང་མི་བདེན་པ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་སྐྱེས་ཀྱང་རུང་། མ་སྐྱེས་ཀྱང་རུང་། ཆོས་ཉིད་ཆོས་ཀྱི་དབྱིངས་འདི་ནི་གནས་པའོ།། དེ་བཞིན་དུ་འཁོར་བ་དང་། ་དེ་བཞིན་དུ་མྱ་ངན་ལས་འདས་པ་ཡང་རྟག་ཏུ་མི་ཆད་པར་འཕགས་པ་རྣམས་ཀྱི་བདེན་པའོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་འཁོར་བ་སྤངས་པའི་ཕྱིར། འཕགས་པ་རྣ ་ཀྱི་བདེན་པ་མ་ཡིན་མྱ་ངན་ལས་འདྲ་བ་ཐོབ་པར་བྱ་བའི་ཕྱིར་ཡང་དག་པར་འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན་ཏེ། ཚངས་པ་གང་དག་གིས་འཕགས་པའི ་བདེན་པ་བཞི་པོ་འདི་རྣམས། དེ་ལྟར་མངོན་པར་རྟོགས་པ་མངོན་ཏུ་བྱ་བ་དེ་དག་ནི་བདེན་པར་སྨྲ་བ་ཡིན་ནོ།། ཡང་ཚངས་པ་མ་འོངས་པའི་དུས་ན། དགེ་སློང་ལུས་མ ་བསྒོམས་པ། སེམས་མ་བསྒོམས་པ། ཚུལ་ཁྲིམས་མ་སྒོམས་པ། ཤེས་རབ་མ་བསྒོམས་པ་ཁ་ཅིག་འབྱུང་སྟེ། དེ་དག་ནི་སྡུག་བསྔལ་འཕགས་པའི་བདེན་པ ་ཞེས་སྨྲ་བར་འགྱུར་རོ།། ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་སྨྲས་པར་འགྱུར་རོ།། དངོས་པོ་འཇིག་པའི་ཕྱིར་འགོག་པ་འཕགས་པའི་བདེན་པ་ཞེས་སྔ ་བར་འགྱུར་རོ།། ལམ་གྱིས་འབྱུང་བའི་ཕྱིར་ལམ་འཕགས་པའི་བདེན་པ་གཉིས་སུ་སྨྲ་བར་འགྱུར་ཏེ། སྐྱེས་བུ་བླུན་པོ་དེ་དག་ནི་ཉན་ཐོས་མུ་སྟེགས་ཅན་ཞེས་ངས་བཤད་དོ།། གང ་རྣམས་དངོས་པོ་འཇིག་པས་འགོག་པ་འཕགས་པའི་བདེན་པའི་ཞེས་སྨྲ་བར་འགྱུར་བ་དེ་དག་ནི་ལམ་ལོག་པར་ཞུགས་པ་ཡིན་ཏེ། ང་ཡང་དེ་དག་གི་སྟོན་པར་མ་ཡིན་ནོ།། དེ ་དག་ཀྱང་ངའི་ཉན་ཐོས་མ་ཡིན་ནོ།། ཚངས་པ་ལྟོས་ཤིག་ང་བྱང་ཆུབ་ཀྱི་སྙིང་པོས་འདུས་ནས་བདེན་པ་འམ། འཛུན་པ་ཞེས་བྱ་བ་ཁོང་དུ་མ་ཆུད་དོ།། ཆོས་གང་ངས་ཁོང་དུ་ཆུད ་བའི་ཆོས་དེ་དེ་བཞིན་གཤེགས་པ་གཞན་ལ་སྟོན་པར་མཛད་དམ། འཆད་པར་མཛད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་མི་དམིགས་པ་སྟེ། མ་ཟིན་པ་སྲིད་པའི་འགྲོ་བ་ཐམས་ཅད་དང་བྲལ་བའོ།། དེ་ནས་བཅོམ་ལྡན་འདས་ལ། ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་སྟེ་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་ནས། ཆོས་གང་ཡང་མ་དམིགས ་ན་ཅི་མངོན་པར་རྟོགས་པར། དེ་བཞིན་གཤེགས་པ་བྱང་ཆུབ་བརྙེས་ཤིང་། ཡང་དག་པར་རྫོགས་པར་སངས་རྒྱས་ཤེས་བགྱི་བ། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། ཚངས་པ་འདི་ཇི་སྙམ་དུ་སེམས། གང་ངས་འདུས་མ་བྱས་སམ། འདུས་མ་བྱས་ཀྱི་ཆོས་བཤད་པ་འདི་དག་དེ་བཞིན་ནམ། དེ་ལྟ་མ་ཡིན། གསོལ་པ ་བཅོམ་ལྡན་འདས་མ་མཆིས་པ་ལག་སོ།། བདེ་བར་གཤེགས་པ་མ་མཆིས་པ་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ ་ཆོས་གང་རྣམས་མེད་པ་དེ་དག་ཡོད་པ་འམ། འོན་ཏེ་མེད་པ། གསོལ་པ། བཅོམ་ལྡན་འདས་གང་མ་མཆིས་པ་དེ་ནི་མཆིས་པ་འམ། མ་མཆིས་པ་ཞེས་མི་བགྱིའོ།། བཅོ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གང་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་དེ་ལ། མངོན་པར་རྫོགས་པར་བྱང་ཆུབ་པ་གང་ཡང་ཡོད་དམ། གསོལ་པ། ་བཅོམ་ལྡན་འདས་དེ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་གང་ཡང་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་དེ་ལྟར་དེ་བཞིན་གཤེགས་པ། ་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་ནས། མྱེད་པའི་ཕྱིན་ཅི་ལོག་ལས་བྱུང་བའི། ཀུན་ནས་ཉོན་མོངས་པ་ཤིན་ཏུ་རང་བཞིན་གྱིས་མི་སྐྱེ་བའི་ངོ་བོ་ཉིད་དུ་མཁྱེན་ཏེ། ཇི་ལྟར ་ཤིན་ཏུ་མི་མཁྱེན་པ་དང་། ཤིན་ཏུ་རྣམ་པར་མི་རིག་པ་དེ་ལྟར་མཁྱེན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་ངས་འདི་ལྟར་ཆོས་གང་མངོན་པར་སངས་རྒྱས་པ་དེ་དག་ནི་མ ་མཐོང་། མ་ཐོས་མི་དྲན་མ་རྟོགས། རྣམས་པར་མི་རིག་ཅིང་གཟུང་བ་ཡང་མེད། སྦྱར་བ་ཡང་མེད། བརྗོད་དུ་ཡང་མེད། རྗེས་སུ་སྦྱོར་བ་ཡང་མེད། རྗེསུ་སྦྱོང་བ ་ཡང་མེད། ཡུལ་ཐམས་ཅད་ལས་འདས་པ། སྨྲར་མེད་པ། སྤྱོད་པ་མེད་པ། རྟོགས་པར་མི་རུང་བ་ཡི་གེ་མེད་པ། ཚིག་གི་ལམ་མེད་པ། རྣམ་པར་རིག་པ་མེད ་པ་ཡིན་ཏེ། ཚངས་པ་དེ་ལྟར་ཆོས་གང་ན་མཁའ་དང་འདྲ་བའི་ཆོས་དེ་མངོན་པར་འདོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ལྟར་མ་ལག་སོ།། བཅོམ་ལྡན་འདས་སངས ་རྒྱས། བཅོམ་ལྡན་འདས་རྣམས་ཀྱི། ཐུགས་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཆོས་དང་ལྡན་ཏེ། དེ་ལྟར་རབ་ཏུ་ཞི་བའི་ཆོས་མངོན་པར་སངས་རྒྱས་ནས། ཡི་གེ་དང ་ངེས་པའི་ཚིག་གིས་གཞན་དག་ལ་གོ་བར་མཛད་པ་ངོ་མཚར་ཏོ།། བཅོམ་ལྡན་འདས་གང་དེ་བཞིན་གཤེགས་པས་བསྟན་པའི་ཆོས་ལ་མངོན་པར་དད་པའི་སེམས ་ཅན་དེ་དག་ནི། དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ལག་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའོ།། ་བཀའ་སྩལ་པ། ཚངས་པ་ཇི་ལྟར་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་ཡིན། གསོལ་པ། བཅོམ་ལྡན་འདས་འདི་ལྟར་འཇིག་རྟེན་ནི་བདེན་པ་ལ་མངོན ་པར་ཆགས་ན། ཆོས་འདི་ནི་བདེན་པ་ཡང་མ་ལགས། བརྫུན་པ་ཡང་མ་ལག་སོ།། འཇིག་རྟེན་ནི་ཆོས་ལ་མངོན་པར་ཆགས་ན་ཆོས་འདི་ནི་ཆོས་ཀྱང་མ་ལགས ་སོ།། ཆོས་མ་ལགས་པའང་མ་ལགསོ།། འཇིག་རྟེན་ནི་མྱ་ངན་ལས་འདས་པ་ལ་ཆགས་ན། ཆོས་འདི་ལ་ནི་འཁོར་བ་ཡང་མ་མཆིས། མྱ་ངན་ལས་འདས ་པ་མ་མཆིས་སོ།། འཇིག་རྟེན་ནི་དགེ་བ་ལ་མངོན་པར་ཆགས་ན། འདི་ལ་ནི་དགེ་བ་ཡང་མ་མཆིས། མི་དགེ་བ་ཡང་མ་མཆིས་སོ།། འཇིག་རྟེན་ནི་བདེ ་བ་ལ་མངོན་ཆགས་ན། འདི་ལ་ནི་བདེ་བ་ཡང་མ་མཆིས། སྡུག་བསྔལ་བ་ཡང་མ་མཆིས་སོ།། འཇིག་རྟེན་ནི་སངས་རྒྱས་འབྱུང་བ་ལ་མངོན་པར ་ཆགས་ན་འདི་ལ་སངས་རྒྱས་འབྱུང་བ་ཡང་མ་མཆིས། མྱ་ངན་ལས་འདས་པ་ཡང་མ་མཆིས་སོ།། ཆོས་བསྟན་ཀྱང་དེ་བརྗོད་དུ་མ ་མཆིས་པའོ།། དགེ་འདུན་བསྟན་ཀྱང་དེ་འདུས་མ་བགྱིས་པའོ།། དེའི་སླད་དུ་ཆོས་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་བུ་ཐུན་པ་ལགསོ།། བཅོམ་ལྡན་འདས ་འདི་ལྟ་སྟེ། དཔེར་ན་མེ་དང་ཆུའམ། ཆུ་དང་མེའི་གནས་འདི་ནི་མི་མཐུན་པའོ།། དེ་བཞིན་དུ་ཉོན་མོངས་པ་དང་། བྱང་ཆུབ་འམ། བྱང་ཆུབ་དང་། ཉོན་མོངས་པར ་མི་འཐུན་པའོ།། དེ་ཅིའི་སླད་དུ་ཞེ་ན། ཉོན་མོངས་པ་མ་མཆིས་པར་དེ་བཞིན་གཤེགས་པས་མངོན་པར་སངས་རྒྱས་སོ།། བཤད་ཀྱང་སྣང་བའི་གཟུགས་མ ་ལགས། ཀུན་མཁྱེན་ཀྱང་རྣམ་པར་མཁྱེན་པ་མ་མཆིས། བསྒོམས་ཀྱང་གཉིས་སུ་མ་བགྱིས། མངོན་དུ་བགྱིས་ཀྱང་ཐོབ་པ་མ་མཆིས། མྱ་ངན་ལས་བཟླས་ཀྱང ་ཞི་བ་ཡང་མ་མཆིས་སྟེ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་རྣམས་ཆོས་ཀྱི་ཚུལ་གྱི་རྣམ་པ་འདི་ལ་མོས་པ་དེ་དག་ནི། ལྟ་བར་གྱུར་པ་ཐོས ་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ།། དེ་བཞིན་གཤེགས་པ་ལ་སྙེན་བཀུར་བགྱིས་ཤིང་། སྔོན་གྱི་རྒྱལ་བ་ལ་ལྷག་པར་བགྱི་བ་བགྱིས་པ་ལགསོ།། དེ་དག་དགེ ་བའི་བཤེས་གཉེན་གྱིས་ཡོངསུ་གཟུང་བ་ལག་སོ།། དེ་དག་དགེ་བའི་རྩ་བ་འབར་བའི་སླད་དུ་རྒྱ་ཆེན་པོ་ལ་མོས་པར་འགྱུར་རོ།། དེ་དག་དེ་བཞིན་གཤེགས ་པའི་མཛོད་འཆང་བའི་སླད་དུ། གཏེར་རབ་ཏུ་རྙེད་པར་འགྱུར་རོ།། དེ་དག་ལེགས་པར་བགྱི་བའི་ལས་བགྱིས་པའི་སླད་དུ། ལས་ཀྱི་མཐའ་ཤིན་ཏུ་འཐུན ་པར་འགྱུར་རོ།། དེ་དག་སངས་རྒྱས་ཀྱི་རིགས་འཛིན་པའི་སླད་དུ། རིགས་བཙུན་པར་འགྱུར་རོ།། དེ་དག་ཉོན་མོངས་པ་ཐམས་ཅད་ཡོངསུ་བཏང་བའི་སླད་དུ ་གཏོང་བ་ཆེན་པོ་དང་ལྡན་པར་འགྱུར་རོ།། དེ་དག་ཚུལ་ཁྲིམས་ཀྱི་སྟོབས་དང་ལྡན་པར་འགྱུར་ཏེ། ཉོན་མོངས་པའི་སྟོབས་ཅན་མ་ལགས། ལུས་དང་སྲོབ་པར ་བའི་སླད་དུ་དེ་དག་བཟོད་པའི་སྟོབས་ཅན་དུ་འགྱུར་རོ།། དེ་དག་ཡིད་ཡོངས་སུ་སྐྱེ་བ་མ་མཆིས་པའི་སླད་དུ། བརྩོན་འགྲུས་ཀྱི་སྟོབས་ཅན་དུ་འགྱུར་རོ།། དེ ་དག་སྡིག་པའི་ལས་བསྲེགས་པའི་སླད་དུ། བསམ་གཏན་གྱི་སྟོབས་ཅན་དུ་འགྱུར་རོ།། དེ་དག་སྡིག་པར་ལྟ་བ་རྣམས་དང་བྲལ་བའི་སླད་དུ། ཤེས་རབ་ཀྱི་སྟོབས ་ཅན་དུ་འགྱུར་རོ།། དེ་དག་བདུད་རྣམས་ཀྱིས་རབ་ཏུ་ཐུབ་དགའ་བར་འགྱུར་རོ།། དེ་དག་ཕྱིར་རྒོལ་བ་རྣམས་ཀྱིས་མི་རྫི་བར་འགྱུར་རོ།། དེ་དག་དེ་བཞིན་གཤེགས ་པ་རྣམས་ལ་མི་སླུ་བར་འགྱུར་རོ།། དེ་དག་ཆོས་ཀྱི་རང་བཞིན་སྟོན་པ་ལ་མཁས་པའི་སླད་དུ་ཡང་དག་པར་སྨྲ་བར་འགྱུར་རོ།། དེ་དག་དོན་དམ་པའི་ཆོས་སྟོན ་པའི་སླད་དུ་བདེན་པ་སྨྲ་བར་འགྱུར་རོ།། དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངསུ་བཟུང་བར་འགྱུར་རོ།། དེ་དག་འགྲོགས་ན་བདེ་བའི་སླད་དུ་ངེས་པར ་འགྱུར་རོ།། དེ་དག་འཕགས་པའི་ནོར་རྣམས་ཀྱིས་ནོར་དང་ལྡན་པར་འགྱུར་རོ།། དེ་དག་འཕགས་པའི་རིགས་ཀྱིས་ཆོག་འཚལ་བར་འགྱུར ་རོ།། གསོ་སླ་ཞིང་དགང་སླ་བར་འགྱུར་རོ།། དེ་དག་ཕ་རོལ་ཏུ་མཆི་བའི་སླད་དུ་དབུགས་འབྱིན་པ་ཐོབ་པར་འགྱུར་རོ།། དེ་དག་མ་རྒལ་བ་རྣམས་གྲོལ་བར་འགྱུར ་རོ།། དེ་དག་མ་གྲོལ་བ་རྣམས་གྲོལ་བར་བགྱིད་པར་འགྱུར་རོ།། དེ་དག་དབུགས་འབྱིན་པ་མ་མཆིས་པ་རྣམས་ཀྱི་དབུགས་འབྱིན་པར་འགྱུར་རོ།། ཡོངསུ་མྱ་ངན ་ལས་འདས་པ་རྣམས་ཡོངསུ་མྱ་ངན་ལས་ཟློ་བར་འགྱུར་རོ།། དེ་དག་མྱ་ངན་ལས་འདས་པ་སྟོན་པར་འགྱུར་རོ།། དེ་དག་སྨན་ཐམས་ཅད་ཡེངསུ་འཚལ་བའི་སླད ་དུ། སྨན་པ་རྣམས་ཀྱི་རྒྱལ་པོར་འགྱུར་རོ།། དེ་དག་ནད་ཐམས་ཅད་རབ་ཏུ་ཞི་བར་མཛད་པའི་སླད་དུ་སྨན་ལྟ་བུར་འགྱུར་རོ།། དེ་དག་ཡེ་ཤེས་ཀྱི་སྟོབས་དང ་ལྡན་པར་འགྱུར་རོ།། དེ་དག་མཐུས་སྤྲོ་བ་དང་ལྡན་པར་འགྱུར་རོ།། དེ་དག་གཞན་གྱི་དྲིང་ལ་མི་འཇོག་པའི་སླད་དུ། རྩལ་དང་ལྡན་པར་འགྱུར་རོ།། དེ་དག ་འཇིགས་པས་སྤུ་ལྡང་བ་མ་མཆིས་པའི་སླད་དུ། སེང་གེ་ལྟ་བུར་འགྱུར་རོ།། དེ་དག་ཅང་ཤེས་པའི་སླད་དུ། བ་ལང་ལྟ་བུར་འགྱུར་རོ།། དེ་དག་སེམས་རབ ་ཏུ་དུལ་བའི་སླད་དུ། གྲངས་པོ་ཆེར་འགྱུར་རོ།། དེ་དག་འཁོར་མང་པོ་ཡོང་སུ་སྡུད་པའི་སླད་དུ། ཁྱུ་མཆོག་ཏུ་འགྱུར་རོ།། དེ་དག་བདུད་དང་ཕྱིར ་རྒོལ་བ་རྣམས་རབ་ཏུ་བཅོམ་པའི་སླད་དུ་དཔའ་བོར་འགྱུར་རོ།། དེ་དག་འཁོར་གྱིས་འཇིགས་པ་མ་མཆིས་པའི་སླད་དུ་བསྟན་པར་འགྱུར་རོ།། དེ་དག་མི་འཇིགས་པ་ཐོབ ་བའི་སླད་དུ། མི་ཐུབ་པར་འགྱུར་རོ།། དེ་དག་བདེན་པ་བསྟན་པ་རྣམས་འཇིགས་པ་མ་མཆིས་པར་འགྱུར་རོ།། དེ་དག་ཀར་པོའི་ཕྱོགས་ཡོངསུ་རྒྱས་པའི་སླད་དུ། ཟླ་བ ་དང་མཚུངས་པར་འགྱུར་རོ།། དེ་དག་ཤེས་རབ་ཀྱིས་སྣང་བ་བགྱིད་པས། ཉི་མ་ལྟ་བུར་འགྱུར་རོ།། དེ་དག་མུན་པ་ཆེན་པོ་དང་བྲལ་བའི་སླད་དུ། སྒྲོན་མ་ལྟ་བུར་འགྱུར།། ་དེ་དག་འཛའ་བ་དང་ཁོང་ཁྲོ་བ་མ་མཆིས་པའི་སླད་དུ། གཞི་རྟེན་ལྟ་བུར་འགྱུར་རོ།། དེ་དག་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་སླད་དུ། ས་དང་མཚུངས ་བར་འགྱུར་རོ།། དེ་དག་ཆོས་ཐམས་ཅད་ལ་མི་གནས་པའི་སླད་དུ། རླུང་དང་མཚུངས་པར་འགྱུར་རོ།། དེ་དག་ཉོན་མོངས་པའི་དྲི་མ་ཐམས་ཅད་འཁྲུ་བའི་སླད ་དུ། ཆུ་དང་མཚུངས་པར་འགྱུར་རོ།། དེ་དག་རློམ་སེམས་ཐམས་ཅད་ཡང་དག་པར་འཛེམ་པའི་སླད་དུ། མེ་དང་མཚུངས་པར་འགྱུར་རོ།། དེ་དག་སྐྱེད་མི་ནུས ་པའི་སླད་དུ། རི་རབ་དང་མཚུངས་པར་འགྱུར་རོ།། དེ་དག་ལྷག་པའི་བསམ་པ་བརྟན་ཞིང་མི་ཕྱེད་པའི་སླད་དུ། རྡོ་རྗེ་ལྟར་སྲ་བའི་འཁོར་ཡུག་གི་རི་ལྟ་བུར་འགྱུར་རོ།། ་དེ་དག་པས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་གདུལ་དགའ་བར་འགྱུར་རོ།། དེ་དག་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་གཏིང་དཀའ་བར་འགྱུར་རོ།། དེ་དག ་ཆོས་རིན་པོ་ཆེ་ཐམས་ཅད་འདུལ་བའི་སླད་དུ། རྒྱ་མཚོ་ལྟ་བུར་འགྱུར་རོ།། དེ་དག་ཉོན་མོངས་པ་ཐམས་ཅད་བས་པའི་སླད་དུ། གཏིང་དང ་འདྲ་བར་འགྱུར་རོ།། དེ་དག་ཆོས་ཡོང་སུ་ཚོལ་བས་ཚིག་མི་ཤེས་པར་འགྱུར་རོ།། དེ་དག་ཤེས་རབ་ཀྱིས་ངོམས་པར་འགྱུར་རོ།། དེ་དག་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར ་བས། རྒྱལ་པོ་དང་མཚུངས་པར་འགྱུར་རོ།། དེ་དག་གཟུགས་འཛིན་པའི་སླད་དུ། བརྒྱ་ལ་བྱིན་དང་མཚུངས་པར་འགྱུར་རོ།། དེ་དག་དབང་སྒྱུར་བའི་སླད་དུ། ཚངས ་བ་དང་མཚུངས་པར་འགྱུར་རོ།། དེ་དག་ཆོས་མངོན་པར་སྒྲེགས་པའི་སླད་དུ། སྤྲིན་དང་འདྲ་བར་འགྱུར་རོ།། དེ་དག་བདུད་རྩིའི་ཆར་རབ་ཏུ་འབེབས་པའི་སླད་དུ།། ཆར ་དང་འདྲ་བར་འགྱུར་རོ།། དེ་དག་དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་རྣམ་པར་འཕེལ་བར་བགྱིད་པར་འགྱུར་རོ།། དེ་དག་འཁོར་བའི་འདམ ་ལས་རྒལ་བར་འགྱུར་རོ།། དེ་དག་སངས་རྒྱས་ཀྱི་ཡེ་ཤེས་ལ་ཞུགས་པར་འགྱུར་རོ།། དེ་དག་སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་འགྱུར་རོ།། དེ་དག་སློས་མཉམ་པ ་མ་མཆིས་པར་འགྱུར་རོ།། དེ་དག་ཐོས་པས་མི་མཉམ་པ་དང་མཉམ་པར་འགྱུར་རོ།། དེ་དག་གཞལ་བ་ལས་འདས་པའི་སླད་དུ་མཚུངས་པ་མ་མཆིས་པར་འགྱུར་རོ།། ། ་དེ་དག་སླེབས་པས་ཐོགས་པ་མ་མཆིས་པར་རོ།། དེ་དག་བཟུངས་རབ་ཏུ་ཐེབ་པའི་སླད་དུ། དྲན་པ་དང་ལྡན་པར་འགྱུར་རོ།། དེ་དག་དོན་རྟོགས་པའི་སླད ་དུ་འབྲང་བས་རྟོགས་པ་དང་ལྡན་པར་འགྱུར་རོ།། དེ་དག་ཆོས་ལ་ཚུལ་བཞིན་དུ་སོ་སོར་རྟོགས་པའི་སླད་དུ། བློ་གྲོས་དང་ལྡན་པར་འགྱུར་རོ།། དེ་དག་སེམས་ཅན་གྱི་བསམ། ་པ་རྣམས་ལ་མཁས་པར་འགྱུར་རོ།། དེ་དག་འཇིག་རྟེན་ལ་ཕན་པར་བགྱི་བའི་སླད་དུ་བརྩོན་པར་འགྱུར་རོ།། དེ་དག་འཇིག་རྟེན་ལས་འཕགས་པར་འགྱུར་རོ།། དེ་དག་པད་མོ ་ལྟ་བུར་མི་ཆགས་པར་འགྱུར་རོ།། དེ་དག་ཇིག་རྟེན་གྱི་ཆོས་རྣམས་ཀྱིས་ཡོངསུ་མ་ཟིན་པར་འགྱུར་རོ།། དེ་དག་མཁས་པ་རྣམས་དགའ་བར་འགྱུར་རོ།། དེ་དག་མང་དུ་ཐོས་པ ་རྣམས་ཀྱིས་ཆེར་བཀུར་བར་འགྱུར་རོ།། དེ་རབ་རིག་པ་རྣམས་ཀྱིས་རི་མོར་བགྱིར་བར་འགྱུར་རོ།། དེ་དག་ལྷ་དང་མི་རྣམས་ཀྱིས་མཆོད་པར་འགྱུར་རོ།། དེ་དག་འཇིག་རྟེན་རྣམས ་ཀྱིས་ཕྱག་བགྱི་བར་འགྱུརརོ།། དེ་དག་འཕགས་པ་རྣམས་ཀྱིས་བཀུར་བསྟི་བགྱི་བར་འགྱུར་རོ།། དེ་དག་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་སྨིན་པར་བགྱི་བར་འགྱུར ་རོ།། དེ་དག་ཉི་ཚེར་སྤྱོད་པ་ལ་རེ་བ་མ་མཆིས་པར་འགྱུར་རོ།། དེ་དག་ཆགས་པ་མ་མཆིས་པའི་སླད་དུ། ཚུལ་མི་འཆོས་པར་འགྱུར་རོ།། དེ་དག་སྤྱོད་ལམ་མཛེས་པར་འགྱུར་རོ།། ་དེ་དག་གཟུགས་ལྟ་ན་སྡུག་པར་འགྱུར་རོ།། དེ་དག་གཟི་བརྗིད་ཀྱིས་ཡིད་ཆགས་པར་འགྱུར་རོ།། དེ་དག་མཚན་རྣམས་ཀྱིས་བརྒྱན་པར་འགྱུར་རོ།། དེ་དག་དཔེ་བྱད་བཟང ་པོ་རྣམས་ཀྱིས་རྣམ་པར་སྨྲས་པར་འགྱུར་རོ།། དེ་དག་སངས་རྒྱས་ཀྱི་རིགས་ཡང་དག་པར་འཛིན་པར་འགྱུར་རོ།། དེ་དག་ཆོས་ཀྱི་རིགས་ཡོངསུ་སྲུང་བར་འགྱུར་རོ།། དེ་དག ་དགེ་འདུར་གྱི་རིགས་ཀུན་ཏུ་སྲུང་བར་འགྱུར་རོ།། དེ་དག་ནི་སངས་རྒྱས་ཐམས་ཅད་ཀྱི་གཟིགས་སོ།། དེ་དག་གིས་ཆོས་སྤྱན་རབ་ཏུ་ཐོབ་བོ།། དེ་དག་སངས་རྒྱས་ཀྱི ་ཡེ་ཤེས་སུ་ལུང་བསྟན་པར་འགྱུར་རོ།། དེ་དག་གིས་བཟོད་པ་གསུམ་ཡོངསུ་རྫོགས་པར་བགྱིས་སོ།། དེ་དག་བྱང་ཆུབ་ཀྱི་སྙིང་པོ་ཡོངསུ་རྫོགས ་པ་ལ་གནས་སོ།། དེ་དག་གིས་བདུད་ཀྱི་སྡེ་རབ་ཏུ་བཙེམ་མོ།། དེ་དག་གིས་མཁྱེན་པ་ཉིད་ཐོབ་པོ།། དེ་དག་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བར་འགྱུར་རོ།། དེ་དག་བཅོམ་ལྡན ་འདས་སངས་རྒྱས་ཀྱི་མཛད་པ་བགྱིད་པར་འགྱུར་ཏེ། བཅོམ་ལྡན་འདས་གང་ཆོས་ཀྱི་ཚུལ་ཟབ་མོ་འདི་ཐོས་ནས། མི་སྐྲག་མི་དངང་ཤིན་ཏུ་དངང་བར་མི་འགྱུར་བ་དང་། གང ་དེ་བཞིན་གཤིགས་པ་རྣམས་ཀྱི་བྱང་ཆུབ་འདི་ལྟར་ཟབ་པ། འདི་ལྟར་ཤེས་དཀའ་བ། འདི་ལྟར་བལྟ་དཀའ་བ། འདི་ལྟར་ཁོང་དུ་ཆུད་པར་དཀའ་བ་འདི་ཐོས་ནས་མོས་པར ་འགྱུར་བ་དང་། འཛིན་པར་འགྱུར་བ་དང་། འཆང་བར་འགྱུར་བ་དང་། གཞན་ལ་ཡང་རྒྱས་པར་བགྱིད་པར་འགྱུར་བ་དང་། ཆོས་འདི་ལ་རབ་ཏུ་ཞུགས་ཤིང་། གཞན་ལ ་ཡང་ནན་ཏན་ལ་འགོད་པར་བགྱིད་པའི་སྐྱེས་བུ་དམ་པ་དེ་དག་གི་བསྔགས་པ་བསྐལ་པའམ། བསྐལ་པ་ལས་ལྷག་པར་བརྗོད་ཅིང་། ཡོན་ཏན་ཡོངསུ་བསྒྲགས་ཀྱང ་བཅོམ་ལྡན་འདས་བདག་གིས་སྐྱེས་བུ་དམ་པ་དེ་དག་གི་ཡོན་ཏན་མཐར་མི་ཕྱིན་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཁྱོད་ཀྱིས་སྐྱེས་བུ་དམ་པ། ་དེ་དག་གི་བསྔགས་པ་འམ། ཡོན་ཏན་ཇི་ཙམ་དུ་ཤེས། ཚངས་པས་གསོལ་པ། དེ་བཞིན་གཤེགས་པས་ཐོགས་པ་མ་མཆིས་པའི་སངས་རྒྱས་ཀྱི་ཡེ་ཤེས ་ཀྱིས་ཇི་སྙེད་མཁྱེན་པ་དང་། དེ་དག་གི་ཡོན་ཏན་དེ་དག་དང་། དེ་ལས་ལྷག་པར་ཡང་འཚལ་བར་བགྱི་སྟེ། གང་དེ་བཞིན་གཤེགས་པས་བཤད་པའི་དོན་དང་ཚིག་དང་། ཡི་གེ ་ཟབ་མོ་རྣམས་རྟོགས་པར་རིག་པ་དང་། ལྡེམ་པོ་ངག་འཚལ་བ་དང་། འཐུན་པར་བགྱིད་ཅིང་འགལ་བར་མི་བགྱིད་པ་དང་། ཡང་དག་པར་སྦྱོར་ཞིང་སུན་འབྱིན་པར་མི ་བགྱིད་པ་དང་། དོན་རྟོགས་པར་རིག་ཅིང་ཡི་གེའི་ཕྱིར་མི་རྙོགས་པ་དེ་དག་ནི་བརྗོད་པ་གང་གིས་དེ་བཞིན་གཤེགས་པ་རྣམས་ཆོས་གསུང་པ་དང་། ལྡེམ་པོ་ངག་གིས ་དེ་བཞིན་གཤེགས་པ་ཆོས་གསུང་དང་། ཐབས་གག་དང་། ཚུལ་གག་པ་དང་། སྙིང་རྗེ་ཆེན་པོ་གག་གིས་དེ་བཞིན་གཤེགས་པ་ཆོས་སྟོན་པའི་ངེས་པའི་ཚིག་བརྗེད ་པ་རབ་ཏུ་འཚལ་ལོ།། ཚངས་པ་བྱང་ཆུབ་སེམས་དཔའ་གང་ལ་ལ་དེ་བཞིན་གཤེགས་པའི་སྟོབས་ལྔའི་སྦྱོར་བ་འདི་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི།། སངས ་རྒྱས་ཀྱི་མཛད་པས་སེམས་ཅན་རྣམས་ལ་ཉེ་བར་གནས་པ་ཞེས་བྱའོ།། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་ལྔའི་སྦྱོར་བ་གང ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་སྨྲས་པ་དང་། ལྡེམ་པོ་ངག་ཏུ་སྨྲ་བ་སྟན་པ་དང་། ཐབས་ཀྱི་ཆོས་ལ་མོས་པར་བྱེད་པ་དང་། ཚུལ་ཉེ་བ ་བསྙེན་པ་དང་། སྙིང་རྗེ་ཆེན་པོའི་རྗེས་སུ་འཇུག་པ་སྟེ། ཚངས་པ་འདི་དག་ནི་གང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་པ་ཡིན། དེ་བཞིན་གཤེག ་པའི་སྟོབས་ལྔའི་སྦྱོར་བའོ།། གསོལ་པ། བཅོམ་ལྡན་འདས་གསུང་བ་གང་གིས་དེ་བཞིན་གཤེགས་པ་ཆོས་རྣམས་གསུང་། བཅོམ་ལྡན་འདས་ཀྱིས ་བྱ། བཀའ་སྩལ་པ། ཚངས་པ་འདས་པ་སྨྲ་བ་དང་། མ་འོངས་པ་སྨྲ་བ་དང་། ད་ལྟར་བྱུང་བ་སྨྲ་བ་དང་། ཀུན་ནས་ཉོན་མོངས་པ་སྨྲ་བ་དང་། རྣམ་པར་བྱང་བ་སྨྲ་བ་དང་། དགེ ་བ་དང་མི་དགེ་བ་སྨྲ་བ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་སྨྲ་བ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་སྨྲ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ་ཁ་ན་མ་ཐོ་བ་མེད་པ་སྨྲ་བ་དང་། འདུས་བྱས་དང་། འདུས་མ་བྱས་སྨྲ་བ་དང་། བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་སྐྱེས་བུ་དང་། གང་ཟག་སྨྲ་བ་དང་། ་ཐོབ་པ་མངོན་དུ་བྱེད་པ་སྨྲ་བ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་སྨྲ་བ་སྟེ། ཚངས་པ་སྨྲ་བ་དེ་དག་ཀྱང་ཡོངསུ་མ་གྲུབ་པའི་ཚུལ་གྱིས་སྨྲ་བ་སྒྱུ་མ་ལྟ་བུར་བལྟའོ།། མེད ་པ་མཐོང་བའི་ཚུལ་གྱིས་སྨྲ་བ་རྨི་ལམ་ལྟ་བུར་བལྟའོ།། ནས་ཀའི་སྒྲ་སྐད་ཀྱི་ཚུལ་གྱིས་སྨྲ་བ་བྲག་ཆ་ལྟ་བུར་བལྟའོ།། རྐྱེན་འདུས་པའི་ཚུལ་གྱིས་སྨྲ་བ་མིག་གཡོར་ལྟ ་བུར་བལྟའོ།། རྒྱུ་མི་འཕོ་བའི་ཚུལ་གྱིས་སྨྲ་བ་གཟུགས་རྙན་ལྟ་བུར་བལྟའོ།། ཕྱིན་ཅི་ལོག་ཏུ་མཐོང་བའི་ཚུལ་གྱིས་སྨྲ་བ་མི་རྒྱུ་ལྟ་བུར་ལྟའོ།། མི་འབྱུང་མི་འཇིག ་པའི་ཚུལ་གྱིས་སྨྲ་བ་ནམ་ཀ་ལྟ་བུར་ལྟའོ།། བརྗོད་དུ་མེད་པའི་ཚུལ་གྱིས་སྨྲ་བ་སྤར་མེད་པར་བལྟའོ།། ཚངས་པ་ང་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་འདི་ཤེས་ན། ་བྱང་ཆུབ་སེམས་དཔའ་དེ་དག་ནི་སྨྲ་བ་ཐམས་ཅད་སྨྲ་བ་ཡང་ཆོས་གང་ལ་ཡང་མངོན་པར་མི་ཆགས།། དེ་མངོན་པར་མ་ཚོགས་པས་ཡེ་ཤེས་ཐོགས་པ་མེད་པའི ་སྤོབས་པ་གང་གིས་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་དུ་ཆོས་བཤད་ཀྱང་། རྒྱུན་མི་འཆད་པ་དང་། སྨྲ་བ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་དང་ཐ་མི་དད་པར་སྨྲ་བ་དང་། ཆོས་རྣམ ་ཀྱི་ཐ་མི་དད་པ་ལ་ཡང་མངོན་པར་ཆགས་པར་མི་འགྱུར་བའི་ཡེ་ཤེས་ཐོགས་པ་མེད་པའི་སྤོབས་པ་ཐོབ་པ། ་ཚངས་པ་དེ་བཞིན་གཤེགས་པས་དེ་ལྟར་གསུང་བར་ཆོས་བརྗོད་དོ།། ཚངས་པ་དེ་ལ་ཇི་ལྟར་ན། བྱང་ཆུབ ་སེམས་དཔའི་དེ་བཞིན་གཤེགས་པའི་ལྡེམ་པོ་ངག་ལ་མཁས་པ་ཁོང་དུ་ཆུད་ཅེ་ན།། ཚངས་པ་འདི་དེ ་བཞིན་གཤེགས་པ་ཀུན་ནས་ཉོན་མོངས་པ་རྣམ་པར་བྱང་བར་སྟོན། རྣམ་པར་བྱང་བ་ཡང་ཀུན་ནས་ཉོན་མོངས་པར་སྟོན་ཏེ། ་དེ་ལ་བྱང་ཆུབ་སེམསདཔས་ལྡེམ་པོ་དག་ཏུ་ཤེས་པར་བྱའོ།། ཚངས་པ་དེ་བཞིན་གཤེགས་པས་ཀུན ་ནས་ཉོན་མོངས་པ་ལ་རྣམ་པར་བྱང་བར་ཇི་ལྟར་སྟོན་ཅེ་ན། ཀུན་ནས་ཉོན་མོངསཔའི་ངོ་བོ་ཉིད་རློམ་སེམས་མེད ་བའི་ཕྱིར།། ཀུན་ནས་ཉོན་མོངས་པ་རྣམ་པར་བྱང་བ་སྟོན་ཏོ།། ། རྣམ་པར་བྱང་བ་ཀུན་ནས་ཉོན་མོངས་པར་ཇི་ལྟར ་སྟོན་ཅེ་ན། རྣམ་པར་བྱང་བའི་ངོ་བོ་ཉིད་རློམ་སེམས་མེད་པའི་ཕྱིར་ཏེ། དེ་ལྟར་རྣམ་པར་བྱང་བ་ཀུན་ནས་ཉོན་མོངས་པར་སྟོན་ཏོ།། དེ་ནི་བྱིས ་པ་དག་ཚངས་པར་སྦྱིན་པས་མྱ་ངན་ལས་འདས་པར་སྟོན་ཏེ། དེ་ནི་བྱིས་པ་དག་གིས་མི་ཤེས་ཀྱི་དེ་ལ་བྱང་ཆུབ་སེམས་དཔའ་ལྡེམ་པོ་ངག་ལ་མཁས་པ་ནི། ་སྦྱིན་པ་ལ་ཡང་ཕྱི་མའི་ཚེ་སྐྱིད་པ་ཆེན་པོར་འགྱུར་ཡང་འདི་ལ་ཆོས་གང་ཡང་འཕོ་བ་མེད་དོ།། མི་འཕོ་བས་ན་མྱ་ངན་ལས་འདས་པའོ།། མངོན་པར ་འདུ་མི་བྱེད་པའི་ཚུལ་གྱིས། ཚུལ་ཁྲིམས་ཀྱིས་མྱ་ངན་ལས་འདས་པའོ།། སྐད་གཅིག་པའི་ཚུལ་གྱིས་བཟོད་པས་མྱ་ངན་ལས་འདས་པའོ།། ་བླང་བ་དང་དོར་བ་མེད་པའི་ཚུལ་གྱིས། བརྩོན་འགྲུས་ཀྱིས་མྱ་ངན་ལས་འདས་པའོ།། རྣམ་པར་མི་རྟོག་པའི་ཚུལ་གྱིས་བསམ་གཏན་གྱིས་མྱ ་ངན་ལས་འདས་པའོ།། ཐོབ་པ་མེད་པའི་མཚན་ཉིད་ཀྱིས་ཤེས་རབ་ཀྱིས་མྱ་ངན་ལས་འདས་པའོ།། ཆོས་ཀྱི་དབྱིངས་འདོད ་ཆགས་དང་བྲལ་བས་ན། འདོད་ཆགས་ནི་འདོད་ཆགས་དང་བྲལ་བའི་མཐའོ།། །། ཆོས་ཀྱི་དབྱིངས་ལ་གཏུམ་པ་མེད ་པས་ཞེ་སྡང་ནི་ཡང་དག་པའི་མཐའོ།། ། ཆོས་རྣམས་ལ་རྨོངས་པ་མེད་པའི་ཕྱིར། གཏི་མུག་ནི་གཏི་མུག་མེད་པའི་མཐའོ།། ་འཆི་འཕོ་མེད་པ་དང་། སྐྱེ་བ་མེད་པའི་ཚུལ་གྱིས་འཁོར་བ་ཡང་མྱ་ངན་ལས་འདས་པའོ།། མངོན་པར་ཆགས་པའི་ཚུལ་གྱིས་མྱ་ངན ་ལས་འདས་པ་འང་འཁོར་བའོ།། ཐ་སྙད་དུ་འདོགས་པའི་ལྟ་བས་བདེན་པ་ཡང་བརྫུན་པའོ།། མངོན་པའི་ང་རྒྱལ་ཅན་རྣམ ་ལ་ནི།། རྫུན་པ་ཡང་བདེན་པའོ་ཞེས་དེ་ལྟར་ཤེས་སོ།། གཞན་ཡང་ཚངས་པ་དེ་བཞིན་གཤེགས་པ་ནི་ལྡེམ་པོ་ངག་གང་གི ་རྣམ་གྲངས་གིས་བདག་ཉིད་རྟག་པར་སྨྲ་བར་ཞལ་གྱིས་བཞེས་སོ།། བདག་ཉིད་ཀུན་ཉོན་མོངས་པར་སྨྲ་བ་དང་། ་ཆད་པར་སྨྲ་བ་དང་། བྱ་བ་མེད་པར་སྨྲ་བ་དང་། ལོག་པར་ལྟ་བ་དང་། མ་དད་པ་དང་། བྱས་པ ་མི་བཟོ་བ་དང་། མཚམས་གཅོད་པ་དང་། སྡུག་བཟ་དང་། གོ་སྐབས་མི་བྱེད་པར་ཞལ་གྱིས་བཞེས་ཀྱང་དེ་བཞིན ་གཤེགས་པ་ནི་བཤད་པ་འདི་དག་ལ་མི་འབྱུང་མི་སྣང་ངོ་།། ལྡེམ་པོ་དག་གང་གིས་སེམས་ཅན་རྣམས་ལྷག་པའི་ང་རྒྱལ་འཛིན་པ་འདོན ་བར་འགྱུར་བའི་ལྡེམ་པོ་ངག་དེ་བཞིན་གཤེགས་པ་སྟེན་ཏེ། འདི་ནི་དེ་བཞིན་གཤེགས་པའི་ལྡེམ་པོ་དག་གོ།། ཚངས་པ་དེ་ལྟར་ན་དེ ་བཞིན་གཤེགས་པ་ལྡེམ་པོ་ངག་ཏུ་ཆོས་སྟནཿ། དེ་ལ་བྱང་ཆུབ་སེམས་དཔས་སྤྱོད་པ་མཁས་པ ་བློ་སྤྱད་པར་བྱའོ།། དེ་དེ་ལྟར་མཐར་ཕྱིན་པས་སྙན་པ་ཐམས་ཅད་ལ་མཁས་པར་འགྱུར་རོ།། དེ་སེམས་ཅན་རྣམས་ལ་གཟུགས་ཀྱིས་སྐུ་སྟོན་པས ་སངས་རྒྱས་འབྱུང་ངོ་སྙམ་དུ་མོས་པར་འགྱུར་རོ།། ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི་ཕྱིར་དེ་བཞིན་གཤེགས་པ་མ་བྱུང་བའོ་ཞེས་མོས་པར་འགྱུར་རོ།། ་ཡི་གེ་རྣམ་པར་རིག་པ་ལྷུར་བྱེད་པའི་སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པས་ཆོས་སྟོན་ཏོ།། ཞེས་མོས་པར་འགྱུར་རོ།། ཆོས ་ཉིད་བརྗེད་དུ་མེད་པར་ངེས་པར་བྱས་ནས། ཆོས་སྟོན་པ་མེད་དོ་ཞེས་མོས་པར་འགྱུར་རོ།། ཕྱིན་ཅི་ལོག་ལས་བྱུང་བའི་ཉོན་མོངས་པ ་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར། ཡོངས་སུ་མྱ་ངན་ལས་འདས་པ་ཡོད་དོ་ཞེས་མོས་པར་འགྱུར་རོ།། མ་སྐྱེས་པའི་ཆོས་རྣམས་ཀྱི ་འཇིག་པའི་ཕྱིར་མྱ་ངན་ལས་འདས་པ་མྱེད་དོ་ཞེས་མོས་པར་འགྱུར་རོ།། ཀུན་རྫོབ་ལ་འཇུག་པས་སེམས་ཅན་ཡོད་དོ་ཞེས་མོས་པར་འགྱུར ་རོ།། དོན་དམ་པ་སྟན་པས་སེམས་ཅན་མེད་དོ་ཞེས་མོས་པར་འགྱུར་ཏེ། ཚངས་པ་དེ་ལྟར་དེ་བཞིན་གཤེས་པ་ལྡེམ་པོ་ངག་བསྟན་པས ་ཆོས་སྟོན་ཏོ།། དེ་ལ་བྱང་ཆུབ་སེམས་དཔའ་བསྟན་པ་ཐམས་ཅད་ལ་མི་སྐྲག་པར་བྱའོ།། དེ་ལ་ཚངས་པ་དེ་བཞིན་གཤེགས་པ་ཐབས་གང་གིས་སེམས ་ཅན་རྣམས་ལ་ཆོས་སྟོན་ཅེ་ན། སྦྱིན་པས་ལོངས་སྤྱོད་ཐོབ་པ་དང་། ཚུལ་ཁྲིམས་ཀྱིས་མཐོ་རིས་སུ་སྐྱེ་བ་དང་། བཟོད་པས་གཟུགས་བཟང་པོ་ཐོབ་པ་དང ་བརྩོན་འགྲུས་ཀྱིས་ཡེ་ཤེས་ཐོབ་པ་དང་། བསམ་གཏན་གྱིས་རབ་ཏུ་དབེན་པ་འཐོབ་པ་དང་། ཤེས་རབ་ཀྱིས་ཉོན་མོངས་པ་འདོར་བ་དང་། ཐོས་པར་ཤེས ་རབ་འཐོབ་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་གྱིས། མི་དང་ལྷའི་ཕུན་སུམ་ཚོགས་པ་རྣམས་ཐོབ་པ་དང་། བྱམས་པ་དང་སྙིང་རྗེ་དང་། དགའ་བ ་དང་། བཏང་སྙོམས་ཀྱིས་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ཐོབ་པ་དང་། ཞི་གནས་ཀྱིས་ལྷག་མཐོང་ཐོབ་པ་དང་། སློབ་པའི་སས་མི་སློབ་པའི ་ས་ཐོབ་པ་དང་། རང་སངས་རྒྱས་ཀྱི་སས་སྦྱིན་པ་ཡོངསུ་སྐྱོང་བ་སངས་རྒྱས་ཀྱི་སས་ཚད་མེད་པའི་ཡེ་ཤེས་མཐོང་བ་དང་། མྱ་ངན་ལས ་འདས་པས་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་འཐོབ་པར་འགྱུར་རོ།། ཞེས་ཚངས་པ་ང་ནི་ཐབས་ཀྱིས་སེམས་ཅན་རྣམས་ཆོས་འདི་ལ་མོས ་པར་བྱེད་དེ། དེ་བཞིན་གཤེགས་པ་ནི་བདག་གམ། སེམས་ཅན་ནམ། སྲོག་གམ་གང་ཟག་མི་དམིག་སོ།། དེ་བཞིན་གཤེགས་པ་ནི་སྦྱིན ་བའང་མི་དམིགས་སྦྱིན་པའི་འབྲས་བུ་འང་མི་དམིགས། སེར་སྣའང་མི་དམིགས། སེར་སྣའི་འབྲས་བུ་ཡང་མི་དམིག། ཚུལ་ཁྲིན་ཀྱང་མི་ངོམིག ་།། ཚུལ་ཁྲིམས་ཀྱི་འབྲས་བུ་ཡང་མི་དམིག། ང་ཚུལ་ངན་པ་ཡང་མི་དམིགས། ང་ཚུལ་ངན་པའི་འབྲས་བུ་ཡང་མི་དམིག། བཟོད་པ་ཡང་མི་དམིགས། བཟོད་པའི་འབྲས་བུ་ཡང་མི་དམིག། ་གནོད་སེས་ཀྱང་མི་དམིགས། གནོད་སེམ་ཀྱི་འབྲས་བུ་ཡང་མི་དམིགས། བརྩོན་འགྲུས་ཀྱང་མི་དམིག། བརྩོན་འགྲུས་ཀྱི་འབྲས་བུ་ཡང་མི་དམིགས། ལེ་ལོ་ཡང་མི་དམིག། ལེ་ལོའི་འབྲས་བུ་ཡང ་མི་དམིག། བསམ་གཏན་ཡང་མི་དམིག། བསམ་གཏན་གྱི་འབྲས་བུ་ཡང་མི་དམིགས། གཡེང་བ་ཡང་མི་དམིགས། གཡེང་བའི་འབྲས་བུ་ཡང་མི་ད་མི་གྲ། ཤེས་རབ་ཡང་མི་དམིགས། ཤེས ་རབ་ཀྱི་འབྲས་བུ་ཡང་མི་དམིགས། འཆལ་བའི་ཤེས་རབ་ཡང་མི་དམིགས། འཆལ་བའི་ཤེས་རབ་ཀྱི་འབྲས་བུ་ཡང་མི་དམིགས། བདེ་བ་ལ་ཡང་མི་མིག། སྡུག་བསྔལ་བ་ཡང་མི་དམིགས ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་མི་དམིགས་པ་ནས། བྱང་ཆུབ་ཀྱི་བར་དུ་ཡང་མི་དམིག། ཡོངས་སུ་མྱ་ངན་ལས་འདས་པ་ཡང་མི་དམིགས་སྟེ། ཚངས་པ་སེམས་ཅན་དག་དེ་ལྟར་བསྟན ་བས་སྦྱོར་ཞིང་སྩལ་ཏེ། འབད་ཀྱང་གང་གིས་སྦྱོར་བ་ཡང་། རྩོལ་བ་དང་། འབད་པའི་ཆོས་དེ་དག་ཁོང་དུ་མི་ཆུད་ཅིང་། མི་ཐོབ་སྟེ། གང་འདི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ནས། དགྲ་བཅོམ ་པ་ཉིད་ཀྱི་བར་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནས། མྱ་ངན་ལས་འདས་པའི་བར་དུ་ཁོང་དུ་མ་ཆུད་མི་ཐོབ་པོ།། ཚངས་པ་འདི་ནི་དེ་བཞིན ་གཤེགས་པའི་ཐབས་ཀྱིས་ཆོས་སྙན་པ་ཡིན་ཏེ། སེམས་ཅན་རྣམས་དམ་པའི་ཆོས་ཡོང་སུ་འཛིན་དུ་འཇུག་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཐབ་མཁས་པ་ལ་སྦྱོར་བར་བྱའོ།། ་ཚངས་པ་དེ་ལ་རེ་བཞི་གཤེག་པའི་ཚུལ་བསྟན་པ་གང་ཞེན། མིག་ནི་བར་བའི་ཚུལ་ལོ་ང་བཞིན་དུ་རྗེ་བ་དང་། ལྷ་དང་། ལུས་དང་། ཡིད་རྣམས་ནི་ཐར་པའི་ཆུའོ།། དེ་ཙའི་ཕྱིར་ནན། ་མིག་ནི་བདག་དང་བདག་གིས་སྟོང་སྟེ། དེའི་རང་བཞིན་འདི་ཡིན་ནོ།། དེ་བཞིན་དུ་ཡིད་ཀྱི་བར་དུ་ཡང་བདག་དང་བདག་གིས་སྟོང་སྟེ། དེའི་རང་བཞིན་འདི་ཡིན་ནོ།། ཚངས་པ ་མི་སླུ་བའི་ཕྱིར་སྐྱེ་མཆེད་ཐམས་ཅད་ནི། སེམས་ཅན་ཐས་ཅད་ཀྱི་ཐར་པའི་ཚུལ་དུ་རིག་པར་བྱའོ།། འདི་ནི་སེམས་ཅན་རྣམས་ཀྱི་ཐར་པ་ལ་བརྩོན་པ་མི་སླུ་བ་སྟེ། ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་རྣམ་ཀྱང་དེ་བཞིན་ནོ།། ཆོས་ཐམས་ཅད་ཀྱི་ཐར་པའི་ཚུལ་དུ་རིག་པར་ཚུལ་འདི་ཡིན་ཏེ། གང་འདི་སྟོང་པ་ཉིད ་ཀྱི་ཚུལ་དང་། མཚན་མ་མེད་པའི་ཚུལ་དང་། སྨོན་པ་མེད་པའི་ཚུལ་དང་། མངོན་པར་འདུ་མི་བྱེད་པའི་ཚུལ་དང་། མི་སྐྱེ་བའི་ཚུལ་དང་། མི་འགག་པའི་ཚུལ་དང་། འགྲོ་བ་མེད ་ཅིང་འོང་ལ་མེད་པའི་ཚུལ་དང་། ཤི་འཕོ་མེད་ཅིང་སྐྱེ་བ་མེད་པའི་ཚུལ་དང་། རང་བཞིན་གྱིས་འོད་གསལ་བའི་ཚུལ་དང་། དབེན་པའི་ཚུལོ།། རང་བཞིན་གྱིས་བེམས་པོ ་ཡིན་པའི་ཕྱིར། ཕན་ཚུན་མི་སྲིད་པས་ན། དེ་བཞིན་གཤེགས་པས་ཡི་གེ་ཐམས་ཅད་ལས་ཐར་པའི་སྒོའི་ཚུལ་སྨོས་སོ།། ཚངས་པའི་ཡི་གེ་ཐམས་ཅད་ལ་བདེན ་པའི་གཏམ་དུ་ལྟ་སྟེ། གཏམ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཐར་པའི་ཚུལ་སྙན་པ་བསྟན་ཏོ།། དེ་བཞིན་གཤེགས་པའི་ཆོས་བསྟན་པ་གང་ཀུན་ནས་ཉོན་མོངས ་པར་འགྱུར་བ་དེ་གང་ཡང་མེད་དོ།། ཆོས་སྟོན་ཏོ་ཆོག་ཏུ་ཐར་འདྲེན་ཅིང་མྱ་ངན་ལས་འདས་པར་སྟོན་ཏོ།། ཚངས་པ་འདི་ནི་དེ་བཞིན་གཤེགས་པའི་ཚུལ་བསྟན་པ་ཡིན་ཏེ།། དེ་ལ ་བྱུང་ཆུབ་སྐྱེམས་པཔས་བསྐུ་རྒྱུ།། དྲངས་པ་དེ་ས་བཞིན་གཤེགས་པ་། རྗེ་སྟེ་དུས་སེམས་མ་རྣམས་པ་ཆ་བྱས་ཤེས། སེམསས་རྣམས་ལ་དེ་བཞིན་གཤེགས་པན་ལྟང ་ན་ཟུག ་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་སེམས་ཅན་མེད་པ་ཡིན་ན། སེམས་ཅན་རྣམས་ནི་སེམས ་ཅན་དུ་སྨྲ་སྟེ། དེའི་ཕྱིར་སེམས་ཅན་རྣམ་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེད་པའོ།། ཆོས་ཐམས་ཅད་ནི་སྲོག་མེད་པ་ཡིན་ན། སེམས་ཅན་རྣམས་སྲོག་ཏུ་སྨྲའོ་ཞེས། དེའི ་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་གང་ཟག་མེད་པ་ཡིན་ན། སེམས་ཅན་རྣམས་ནི་གང་ཟག་ལ་གནས་ཏེ། དེའི་ཕྱིར ་སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་ངོ་བོ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་ངོ་བོར་ལྟ་སྟེ། དེའི་ཕྱིར་སེམས་ཅན་རྣམས ་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་གནས་མེད་པ་ཡིན་ན། སེམས་ཅན་རྣམས་ནི་གནས་ལ་གཏན་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ། དེ་བཞིན ་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་ཀུན་གཞི་མེད་པ་ཡིན་ན། སེམས་ཅན་རྣམས་ནི་ཀུན་གཞི་ལ་མངོན་པར་དགའ་སྟེ། དེའི་ཕྱིར་སེམས་ཅན་རྣམས་ལ། ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་ང་ཡིར་བྱ་བ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་ང་རའི་འཛིན་པ་ལ་གནས་སྟེ། དེའི་ཕྱིར་སེམས་ཅན་རྣམ། ་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་བདག་པོ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་ཡོངསུ་འཛིན་པ་ལ་བརྩོན་ཏེ། དེའི་ཕྱིར་སེམས ་ཅན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་དངོས་པོ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་དངོས་པོ་ལ་རྟེན་ཏེ། དེའི་ཕྱིར་སེམས་ཅན ་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་མ་སྐྱེས་པ་ཡིན་ན། སེམས་ཅན་རྣམས་ནི་སྐྱེ་བ་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས ་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་མ་འཕོས་མ་བྱུང་བ་ཡིན་ན། དེ་སེམས་ཅན་རྣམས་ནི་འཆི་འཕོ་བ་དང་སྐྱེ་བ་ལ་གནས་ཏེ། དེའི་ཕྱིར ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པར་གྱུར་པ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་ཀུན་ནས་ཉོན ་མོངས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་འདོད་ཆགས་དང་བྲལ་བ་ཡིན་ན། སེམས་ཅན་རྣ ་ནི་འདོད་ཆགས་པར་བྱེད་དེ། དེའི་ཕྱིར་སེམས་ཅད་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་ཞེ་སྡང་དང་བྲལ་བ་ཡིན་ན། སེམ ་ཅན་རྣམས་ནི་ཞེ་སྡང་བར་བྱེད་དེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་གཏི་མུག་དང་བྲལ་བ་ཡིན་ན། སེམས ་ཅན་རྣམས་ནི་གཏི་མུག་པར་གྱུར་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་འོང་བ་ཡང་མེད་པ ་ཡིན་ན། སེམས་ཅན་རྣམས་ནི་འོང་བ་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་འགྲོ ་བ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་སྐྱེ་བ་ལ། གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་མངོན་པར། ་འདུ་མི་བྱེད་པ་ཡིན་ན། སེམས་ཅན་རྣམས་ནི་མངོན་པར་འདུ་བྱེད་པས་སྤྱོད་དེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས ་ཅད་ནི་སྤྲོས་པ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་སྤྲོས་པ་ལ་དགའ་སྟེ། དེའི་ཕྱིར་སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས ་ཅད་ནི་སྟོང་པ་ཡིན་ན། སེམས་ཅད་རྣམས་ནི་ལྟ་བར་ཞུགས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི ་མཚན་མ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་མཚན་མ་ལ་སྤྱོད་ཡུལ་བར་གྱུར་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ ་སྐྱེའོ།། ཆོས་ཐམས་ཅད་ནི་སྨོན་པ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་སྨོན་པ་ལ་སྤྱོད་དེ། དེའི་ཕྱིར་སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་རྗེ ་ཆེན་པོ་སྐྱེའོ།། ཀྱེ་མ་འཇིག་རྟེན་གནས་པ་འདི་ནི། ཕན་ཚུན་རྩོད་པས་ཡོངསུ་ཟིན་ཅིང་གནོད་སེམས་ཀྱི་ཐ་བའི་སྐྱོན་ལ་ཞུགས་པར་གཟིགས་ནས། དེ་དག་ལ ་གནོད་སེམས་ཀྱི་ཟ་བའི་སྐྱོན་སྤང་བའི་ཕྱིར་ཆོས་བསྟན་ཏོ་ཞེས། སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་འཇིག་རྟེན་གནས་པ་འདི་ནི། ཕྱིན་ཅི ་ལོག་དང་ལྡན་ཞིང་། ལམ་ཉམ་ང་བར་ཞུགས་པ་ལ་མ་གོལ་ལ་གནས་པ་ཡིན་ཏེ། དེ་དག་ཡང་དག་པའི་ལམ་དུ་གཟུད་པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས ་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་འཇིག་རྟེན་གནས་པ་འདི་ནི། རྐམ་ཞིང་ཆགས་པའི་ཟིལ་གྱིས་ནོན་པ། ཆོ་ག་མི་ཤེས་ཏེ་གཞན་གྱི་ནོར་འཕྲོག་པ་ཡིན་ཏེ། དེ་དག་འཕགས་པ ་ནོར་དད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པའི་ནོར་ལ་དགོད་དོ་ཞེས་སེམས་ཅན་རྣམས་ལ། དེ་བཞིན ་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་སེམས་ཅན་འདི་དག་ནོར་དང་འབྲུ་དང་། ཁྱིམ་དང་བུ་དང་། ཆུང་མ་ལ་སྲེད་པས་འཁོལ་ཅིང་སྙིང་པོ་མེད་པ་ལ། སྙིང་པོར་འཛིན་ཏེ། ་དེ་དག་ལ་ཤིན་ཏུ་མི་རྟག་པ་ཉིད་བསྟན་ཏོ་ཞེས། སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་སེམས་ཅན་འདི་དག་མི་རིགས་པས་འཚོལ་ཞིང་། ་གཅིག་ལ་གཅིག་འདྲིད་པ་ལ་གནས་ཏེ། དེ་དག་འཚོ་བ་ཡོངསུ་དག་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ།། ཞེས་སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ ་སྐྱེའོ།། ཀྱེ་མ་སེམས་ཅན་འདི་དག་མི་འཛའ་བ་ཡིན་ན། ཁྱེ་དང་བཀུར་སྟིས་རྒྱགས་ནས། བདག་ཅག་བདེའོ་སྙམ་དུ་སེམས་ཏེ། དེ་དག་གི་གང་འདི་སྡུག་བསྔལ་རྣམ་པ ་བཞིའི་བདེ་བ་མྱ་ངན་འདས་པ་ཤིན་ཏུ་ཡང་དག་པའི་དགེ་བའི་བཤེས་གཉེན་བྱའོ་ཞེས། སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ ་སྐྱེའོ།། ཀྱེ་མ་སེམས་ཅན་འདི་དག་ནི་ཤིན་ཏུ་ཉོན་མོངས་པར་གྱུར་ཅིང་སྡུག་བསྔལ་གྱི་ཆོས་མང་བའི་ཁྱིམ་གྱི་གནས་ལ་མངོན་པར་དགའ་བ་དེ་དག་ཁམསེ་གསུམ་ལས་བཟླ་བའི་ཕྱིར ་འབྱུང་བའི་ཆོས་བསྟན་ཏོ་ཞེས། སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་རྒྱུས་ཉེ་བར་འགྲོ་བ་རྣམ་པར་བསྒྲུབས་པས་ཉེ་བར ་གནས་པའི་མཚན་ཉིད་དེ། འཕགས་པའི་རྣམ་པར་གྲོལ་བ་དེ་ལ་ལེ་ལོ་བྱེད་དེ་ཞེས། སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། སེམས་ཅན་རྣམས ་ནི་ཆགས་པ་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་མཆོག་ཁྱེད་པར་དུ་འཕགས་པའི་ཡོངསུ་མྱ་ངན་ལས་འདས་པའི་འདི་བཏང་ཞིང་གང་ཐེག་པ་དམན་པ་ཉན་ཐོས་དང་། རང ་སངས་རྒྱས་ཀྱི་ཐེག་པ་ཚོལ་ཏེ། དེ་དག་གང་འདི་སངས་རྒྱས་ཀྱི་ཡེ་ཤེས་ལ་དམིགས་པར་བྱ་བའི་ཕྱིར་རྒྱ་ཆེན་པོ་ལ་སེམས་མོས་པར་བྱའོ་ཞེས། སེམས་ཅན་ལ། དེ ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཚངས་པ་སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་རྗེ་རྣམ་པ་སུམ་ཅུ་རྩ་གཉིས་པོ་དེ་དག་དང་ལྡན་པར་སྐྱེ ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ལ་གནས་ཞེས་བྱའོ།། ཚངས་པ་བྱང་ཆུབ་སེམས་དཔའ་གང་ལ་སྙིང་རྗེ་ཆེན་པོ་རྣམ་པ་སུམ་ཅུ་རྩ་གཉིས་པད ་ངག་དང་ལྡན་པར་སེམས་ཅན་རྣམས་ལ་འཇུག་ན། ཚངས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིནི་བསོད་ནམས་ཀྱི་ཞིང་གཟི་བརྗིད་ཆེན་པོ་ཡོངསུ་རྒྱས་པའི་ཕྱིར། ་མི་ལྡོག་པ་སེམས་ཅན་གྱི་དོན་ལ་བརྩོན་པར་ཤེས་པར་བྱའོ།། ཡང་སྙིང་རྗེ་ཆེན་པོའི་ཆོས་ཀྱི་སྒོའི་ལེའུ་བཤད་པ་ན། སྲོག་ཆགས་སྟོང་ཕྲག་སུམ་ཅུ་རྩ་གཉིས་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས།། སྲོག་ཆགས་བརྒྱ་སྟོང་གིས་ནི་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ།། ལྷའི་བུ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི། ཆོས་རྣམ ་ལ་རྡུལ་མེད་ཅིང་དྲི་མ་དང་བྲལ་བའི་ཆོས་ཀྱི་མིག་རྣམ་པར་དག་གོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་ཚངས་པ་ཁྱད་པར་སེམས་འདི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཆོས་སྙན་པ་འདི་ཐོས་ན་དགའ་བར་མི་བགྱིད་རངས་པར ་མི་འགྱུར་རོ།། ཁྱད་པར་སེམས་ཀྱིས་སྨྲས་པ། རིག་ཀྱི་བུ་གང་གི་རྣམ་པར་ཤེས་པ་གཉིས་དང་ལྡན་པ་དེ་དག་ལ་ནི་དགའ་བ་འམ་རངས་པར་ཡང་འགྱུར་གྱི་གཉིས་སུ་མེད་པ། ་ཡང་དག་པའི་མཐའ་ལ་གནས་པ་ལ་ནི་དགའ་བར་ཡང་མེད་དོ།། རངས་པ་ཡང་མེད་དོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྒྱུ་མས་སྤྲུལ་པའི་སྐྱེས་བུ་ནི། སྒྱུ་མ་གར་བྱེད ་ཞུགས་པ་ལ། དགའ་བ་ཡང་མེད། རངས་པ་ཡང་མེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་ཆོས་ཐམས་ཅད་སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དང་ལྡན་པའི་ཕྱིར། དེ་བཞིན ་གཤེགས་པའི་ཆོ་འཕྲུལ་ལ་དགའ་བ་ཡང་མི་སྐྱེ། རངས་པར་ཡང་མི་འགྱུར་རོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པས། དེ་བཞིན ་གཤེགས་པའི་སྤོབས་པ་ཐོབ་ན་དགའ་བར་མི་བྱེད། རངས་པར་མི་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་དུ་ཆོས་རྣམས་སྤྲུལ་པའི་རང་བཞིན་དུ་ཤེས་ནས་དེ་བཞིན་གཤེགས་པ་ལ ་ལྷག་པར་དགའ་བར་ཡང་མི་སྐྱེའོ།། སེམས་ཅན་གཞན་དག་ལ་ཡང་དམན་པར་མི་འཛིན་ཏོ།། དྲ་བ་ཅན་གྱི་འོད་ཀྱིས་སྨྲས་པ། ཚངས་པ་ཁྱོད་ཀྱི་ཆོས་ཐམས་ཅད་སྒྱུ་མས་སྤྲུལ་པའི ་རང་བཞིན་དུ་ཤེས་སམ། སྨྲས་པ། རིགས་ཀྱི་བུ་གང་རྣམས་གཉི་སུ་རྣམ་པར་གཞག་པ་སྤྱོད་པ་དེ་དག་ལ་དྲིས་ཤིག། སྨྲས་པ། ཚངས་པ་ཁྱོད་གང་ལ་སྤྱོད། སྨྲས་པ་གང་ལ་བྱིས ་པ་སོ་སོའི་སྐྱེ་བོ་ཐམས་ཅད་སྤྱོད་པ་དེ་ང་ཡང་སྤྱོད་དོ།། སྨྲས་པ། ཚངས་པ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་རྣམས་ལ་སྤྱོད་དོ།། འཇིག ་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་ཐེ་ཙོམ་དང་ངར་འཛིན་པ་དང་། འདོད་པ་དང་། འདོད་ཆེན་དང་། ལོག་པར་སྦྱོར་བ་རྣམས་ལ། ་སྤྱོད་ན་ཅི་ཁྱོད་ཀྱང་དེ་དག་ལ་སྤྱོད་དམ། སྨྲས་པ། རིགས་ཀྱི་བུ་ཁྱོད་སོ་སོའི་སྐྱེ་བོ་རྣམས་ཀྱི་སོ་སོའི་སྐྱེ་བོ་ཆེས་ཡོངསུ་གྲུབ་པར་འདོད་དམ། སྨྲས་པ་སོ་སོའི་སྐྱེ་བོ་ཉིད་ཀྱང ་ང་མི་འདོད་ན། དེ་དག་གི་ཆོས་ཡོངསུ་གྲུབ་པར་གལ་འདོད། སྨྲས་པ་རིགས་ཀྱི་བུ་གང་འདི་ཆོས་ཡོངསུ་མ་གྲུབ་པའི་ཆོས་དེ་ལ་ཆགས་པའམ། ཞེ་སྡང་བ་འམ། ་ངག་དང་ལྡན་པར་སེམས་ཅན་རྣམས་ལ་འཇུག་ན། ཚངས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བསོད་ནམས་ཀྱི་ཞིང་གཟི་བརྗིད་ཆེན་པོ་ལོངས་རྒྱས་པའི་ཕྱིར། ་མི་ལྡོག་པ་སེམས་ཅན་གྱི་དོན་ལ་བརྩོན་པར་ཤེས་པར་བྱའོ།། ཡང་སྙིང་རྗེ་ཆེན་པོའི་ཆོས་ཀྱི་སྒོའི་ལེའུ་བཤད་པ་ན། སྲོག་ཆགས་སྟོང་ཕྲག་སུམ་ཅུ་རྩ་གཉིས་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས།། སྲོག་ཆགས་བརྒྱ་སྟོང་གིས་ནི་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ།། ལྷའི་བུ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི། ཆོས་རྣམ ་ལ་རྡུལ་མེད་ཅིང་དྲི་མ་དང་བྲལ་བའི་ཆོས་ཀྱི་མིག་རྣམ་པར་དག་གོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་ཚངས་པ་ཁྱད་པར་སེམས་འདི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཆོས་སྙན་པ་འདི་ཐོས་ན་དགའ་བར་མི་བགྱིད་རངས་པར ་མི་འགྱུར་རོ།། ཁྱད་པར་སེམས་ཀྱིས་སྨྲས་པ། རིག་ཀྱི་བུ་གང་གི་རྣམ་པར་ཤེས་པ་གཉིས་དང་ལྡན་པ་དེ་དག་ལ་ནི་དགའ་བ་འམ་རངས་པར་ཡང་འགྱུར་གྱི་གཉིས་སུ་མེད་པ། ་ཡང་དག་པའི་མཐའ་ལ་གནས་པ་ལ་ནི་དགའ་བར་ཡང་མེད་དོ།། རངས་པ་ཡང་མེད་དོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྒྱུ་མས་སྤྲུལ་པའི་སྐྱེས་བུ་ནི། སྒྱུ་མ་གར་བྱེད ་ཞུགས་པ་ལ། དགའ་བ་ཡང་མེད། རངས་པ་ཡང་མེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་ཆོས་ཐམས་ཅད་སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དང་ལྡན་པའི་ཕྱིར། དེ་བཞིན ་གཤེགས་པའི་ཆོ་འཕྲུལ་ལ་དགའ་བ་ཡང་མི་སྐྱེ། རངས་པར་ཡང་མི་འགྱུར་རོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པས། དེ་བཞིན ་གཤེགས་པའི་སྤོབས་པ་ཐོབ་ན་དགའ་བར་མི་བྱེད། རངས་པར་མི་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་དུ་ཆོས་རྣམས་སྤྲུལ་པའི་རང་བཞིན་དུ་ཤེས་ནས་དེ་བཞིན་གཤེགས་པ་ལ ་ལྷག་པར་དགའ་བར་ཡང་མི་སྐྱེའོ།། སེམས་ཅན་གཞན་དག་ལ་ཡང་དམན་པར་མི་འཛིན་ཏོ།། དྲ་བ་ཅན་གྱི་འོད་ཀྱིས་སྨྲས་པ། ཚངས་པ་ཁྱོད་ཀྱི་ཆོས་ཐམས་ཅད་སྒྱུ་མས་སྤྲུལ་པའི ་རང་བཞིན་དུ་ཤེས་སམ། སྨྲས་པ། རིགས་ཀྱི་བུ་གང་རྣམས་གཉིསུ་རྣམ་པར་གཞག་པ་སྤྱོད་པ་དེ་དག་ལ་དྲིས་ཤིག། སྨྲས་པ། ཚངས་པ་ཁྱོད་གང་ལ་སྤྱོད། སྨྲས་པ་གང་ལ་བྱིས ་པ་སོ་སོའི་སྐྱེ་བོ་ཐམས་ཅད་སྤྱོད་པ་དེ་ང་ཡང་སྤྱོད་དོ།། སྨྲས་པ། ཚངས་པ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་རྣམས་ལ་སྤྱོད་དོ།། འཇིག ་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་ཐེ་ཙོམ་དང་ངར་འཛིན་པ་དང་། འདོད་པ་དང་། འདོད་ཆེན་དང་། ལོག་པར་སྦྱོར་བ་རྣམས་ལ། ་སྤྱོད་ན་ཅི་ཁྱོད་ཀྱང་དེ་དག་ལ་སྤྱོད་དམ། སྨྲས་པ། རིགས་ཀྱི་བུ་ཁྱོད་སོ་སོའི་སྐྱེ་བོ་རྣམས་ཀྱི་སོ་སོའི་སྐྱེ་བོ་ཆོས་ཡོངསུ་གྲུབ་པར་འདོད་དམ། སྨྲས་པ་སོ་སོའི་སྐྱེ་བོ་ཉིད་ཀྱང ་ང་མི་འདོད་ན། དེ་དག་གི་ཆོས་ཡོངསུ་གྲུབ་པར་ག་ལ་འདོད། སྨྲས་པ་རིགས་ཀྱི་བུ་གང་འདི་ཆོས་ཡོངསུ་མ་གྲུབ་པའི་ཆོས་དེ་ལ་ཆགས་པའམ། ཞེ་སྡང་བ་འམ། ་གཏི་མུག་པར་བྱ་བ་ཁྱོད་འདོད་དམ། སྨྲས་པ་དེ་མ་ཡིན་ནོ།། སྨྲས་པ་རིགས་ཀྱི་བུ་ཆོས་ཐམས་ཅད་འདོད་ཆགས་དང་བྲལ། ཞེ་སྡང་དང་བྲལ། གཏི་མུག་དང་བྲལ་བའི་སྤྱོད་པ་ཡང་དེའི ་མཚན་ཉིད་དོ།། རིགས་ཀྱི་བུ་དེ་ལྟར་སྤྱད་པ་གཉིས་སུ་མེད་པའི་ཕྱིར། སོ་སོའི་སྐྱེ་བ་སྤྱོད་པ་གང་ཡིན་པ་དེ་ཉིད། འཕགས་པ་རྣམས་ཀྱི་སྤྱོད་པའི།། རིགས་ཀྱི་བུ་ཡང ་སྤྱོད་པ་ཐམས་ཅད་ནི་སྤྱོད་པ་མ་ཡིན་ནོ།། འདོགས་པ་ཐམས་ཅད་ནི་འདོབས་པ་མ་ཡིན། འགྲོ་བ་ཐམས་ཅད་ནི་འགྲོ་བ་མ་ཡིན་ནོ།། སྨྲས་པ་ཚངས་པ་དེ་ཇི་ལྟར་ན། ་སྤྱོད་པ་ཐམས་ཅད་སྤྱོད་པ་མ་ཡིན། སྨྲས་པ། བསྐལ་པ་བྱེ་བ་ཁྲིག་ཁྲིག་བརྒྱ་སྟོང་དུ་སྤྱོད་ཀྱང་ཆོས་ཀྱི་དབྱིངས་འབྲི་བ་འམ། གང་བར་མི་དམིགས་ཏེ། གང་བར་མི་དམིག ་ཏེ། དེའི་ཕྱིར་སྤྱོད་པ་ཐམས་ཅད་སྤྱོད་པ་མ་ཡིན་ནོ།། སྨྲས་པ་ཚངས་པ་དེ་ཇི་ལྟར་ན་འདོགས་པ་ཐམས་ཅད་འདོགས་པ་མ་ཡིན་ཞེས་ན། སྨྲས་པ་རིགས་ཀྱི་བུ་ཆོས་ཐམས ་ཅད་འདོགས་པ་མ་ཡིན་བཏགས་པ་སྟེ། དེའི་ཕྱིར་ཆོས་ཐམས་ཅད་དུ་འདོགས་པ་ནི་མ་ཡིན་པའོ།། སྨྲས་པ་ཚངས་པ་དེ་ཇི་ལྟར་ན་འགྲོ་བ་ཐམས་ཅད་འགྲོ་བ་མ་ཡིན་ཞེ་ན། ་སྨྲས་པ་གར་ཡང་མི་འགྲོ་བའི་ཕྱིར། འགྲོ་བ་ཐམས་ཅད་འགྲོ་བ་མ་ཡིན་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ། ཚངས་པ་ལེགས་སོ་ལེག ་སོ་འགལ་ཏེ་བཤད་པར་བྱ་ན། དེ་ལྟར་བཤད་པར་བྱའོ་ཞེས་ལེག་སོ་ཞེས་བྱ་བ་བྱིན་ནོ།། དེ་ནས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས། ཚངས་པ་ཁྱད་པར ་སེམས་ལ་འདི་སྐད་ཅེས་སྨྲས་སོ།། ཚངས་པ་ཁྱོད་གང་འདི་སྐད་དུ། གང་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད། སྤྱོད་པ་དེ་ཉིད་ལ་བདག་སྤྱོད་དོ་ཞེས་ཟེར་ནས ་སྤྱོད་པ་དེ་ཁྱོད་ཀྱིས་ཐོབ་པར་ཡིན་ནོ།། སྨྲས་པ། རིགས་ཀྱི་བུ་གལ་ཏེ་བདག་ལ་སྐྱེ་བའི་རྒྱུ་བ་ཡོད་ན་ནི། བདག་གིས་སྨོད་པ་ཡང་ཐོབ་པར་འགྱུར་རོ།། སྨྲས་པ་ཚངས་པ་གལ་ཏེ ་མི་སྐྱེ་ན། ཇི་ལྟར་སེམས་ཅན་རྣམས་ཡོངསསུ་སྨིན་པར་བྱེད། སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེས་པས་སྤྲུལ་པའི་སྐྱེ་བ་ཇི་ལྟ་བ་བདག་གི་སྐྱེ་བ་དེ་ཡང་དེ་དང་འདྲའོ།། སྨྲས ་པ་དེ་ནི་དེ་བཞིན་གཤེགས་པས་སྤྲུལ་པ་ལ་སྐྱེ་བ་གང་ཡང་མེད་དོ།། སྨྲས་པ་ཅི་དེ་བཞིན་གཤེགས་པས་སྤྲུལ་པས་སྣང་ངམ། སྨྲས་པ་སངས་རྒྱས་ཁྱུ་མཆོག་ལྟ་བུར་གྱུར་པི ་ཕྱིར་སྣང་ངོ་།། སྨྲས་པ་རིགས་ཀྱི་བུ་ལས་ཁྱུ་མཆོག་ལྟ་བུར་གྱུར་པའི་ཕྱིར། བདག་གི་སྐྱེ་བ་ཡང་དེ་བཞིན་དུ་བལྟའོ།། སྨྲས་པ་ཚངས་པ་ཅི་ལས་མངོན་པར་འདུ་བྱེད་པ་ལ ་སྤྱོད་དམ། སྨྲས་པ་རིགས་ཀྱི་བུ་བདག་ནི་ལས་མངོན་པར་འདུ་བྱེད་པ་ལ་མི་སྤྱོད་དོ།། སྨྲས་པ་ལས་མེད་པ་ལ་ཇི་ལྟར་ལས་ཁྱུ་མཆོག་ལྟ་བུར་འགྱུར། སྨྲས་པ་ལས་ཇི་ལྟ་བ ་བཞིན་དུ་དེའི། ཁྱུ་མཆོག་ཀྱང་དེ་བཞིན་ལས་མི་འདའོ།། དེ་ནས་བཅོམ་ལྡན་འདས་ལ་གནས་རྟེན་ཤ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གླང་པོ་ཆེ་འདི ་ངག་གི་ལྡེམ་པོ་དག་ལ་གང་འཇུག་པར་འགྱུར་བ་དེ་དག་ནི། བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་སྐྱེས་བུ་དམ་པ་དེ་དག་གི ་མིང་ཙམ་ཐོས་པ་ཡང་ལེགས་པར་ཐོས་པ་ལགས་ན་ཆོས་བསྟན་པ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ཤིང་ལྗོན་པ་ས་ཆེན་པོ་ལ་མ་རྟེན་པར་རྩ ་བ་དང་སྡོང་པོ་དང་ཡལ་ཀ་དང་ལོ་མ་དང་། མེ་ཏོག་དང་འབྲས་བུ་སྟན་པ་ལྟར། བཅོམ་ལྡན་འདས་སྐྱེས་བུ་དམ་པ་འདི་དག་གི་སྤྱོད་པའི་མཚན་ཉིད་ཀྱང་དེ་བཞིན་དུ་ལྟའོ།། ། ་འདི་ལྟར་ཆོས་ཐམས་ཅད་ལ་མི་གནས་ཤིང་སྤོང་པ་དང་། སྐྱེ་བ་དང་འབྱུང་བ་དང་། འཕོ་བ་དང་། འཆི་བ་ཡང་སྟོན་ལ་སངས་རྒྱས་ཀྱི་ཞིང་དག་ན་ཡང་གདའ་བ་དེ་དག ་ལ་ལྷག་པར་ཤེས་རབ་ཀྱི་སྤོབས་པས་རྣམ་པར་འབྲུལ་པ་འདི་ལྟ་བུ་མཐོང་ན། རིགས་ཀྱི་བུ་མོ་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེད། ་འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ།། བམ་པོ་གསུམ་པའོ།། །། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་མེ་ཏོག་ཅེས་བྱ་ག་འཁོར ་དེར་འདུས་ཤིང་འདུག་པར་གྱུར་ཏེ། དེས་གནས་བརྟན་ཤ་རིའི་བུ་ལཾ་འདི་སྐད་ཅེས་སྨྲས་སོ།། གནས་བརྟན་ནི་དེ་བཞིན་གཤེགས་པས། ཤེས་རབ་ཀྱི་མཆོག་ཏུ་གསུངས་ན། ་འདི་ལྟར་ཤེས་རབ་ཀྱི་སྤོབས་པས་རྣམ་པར་འཕྲུལ་པ་འདི་ལྟ་བུས་རྣམ་པར་འཕྲུལ་མི་ནུས་པ། ཅི་གནས་བརྟན་གྱིས་ཆོས་ཀྱི་དབྱིངས་ཁོང་དུ་མ་ཆུད་དམ། གནས ་བརྟན་གྱིས་སྨྲས་པ། ཀུན་ཏུ་མེ་ཏོག་བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ནི་ཡུལ་ཇི་ལྟ་བ་བཞིད་དུ་སྟོན་ཏེ། སྨྲས་པ་བཙུན་པ་ཤ་རིའི་བུ་ཅི་ཆོས་ཀྱི་དབྱིངས ་@སུལ་དུ་འབྲང་དག། སྦས་པ་དེ་ནི་མ་ཡིན་ནོ།། སྨྲས་པའོ།། ན་ཇི་ལྟར་གནས་བརྟན་ཤ་རིའི་བུ་ཡུལ་ཇི་ལྟ་བ་བཞིན་དུ་སྙན། སྤྲས་པ་ཉན་ཐོས་ཀྱི་ཁང་དུན ་བ་ཇི་ཙམ་པར་སྙན་པ་ཡང་དེ་ཙམ་མོ།། སྨྲས་པ་ཅི་གནས་བརྟན་གིས། ཆོས་ཀྱི་དབྱིངས་ཀྱི་ཡུལ་རྣམས་ཚད་མེད་པ་ཁོང་དུ་ཆུད་དམ། སྨྲས་པ་རིགས་ཀྱི་བུ་དེ་དེ་བཞིན ་ནོ།། སྨྲས་པ་ཆོས་ཀྱི་དབྱིངས་ལ་ཚད་ཡོད་པ་ལ་ཡིན་པས་ན་ཆོས་ཀྱི་དབྱིངས་ནི་ཚད་མེད་པ་ཡིན་ཏེ། བཙུན་པ་ཤ་རིའི་བུ་ཇི་ལྟར་ཚད་མེད་པར་ཁོང་དུ་ཆུད་པ་དེ་བཞིན་དུ ་ཚད་མེད་པར་བསྟན་པ་ཡིན་ན། དེ་ལྟར་གང་གི་ཁོང་དུ་ཆུད་པ་ཅི་འདྲ་བ་དེའི་སྙན་པ་ཡང་དེ་འདྲ་བར་འགྱུར། སྨྲས་པ་ཀུན་ཏུ་མེ་ཏོག་ཆོས་ཀྱི་དབྱིངས་ནི་ཁོང་དུ་ཆུད་པའི ་མཚན་ཉིད་མ་ཡིན་ནོ།། སྨྲས་པ་བཙུན་པ་ཤ་རིའི་བུ་དེའི་ཕྱིར་ཁོང་དུ་ཆུད་པ་ཇི་ལྟ་བ་བཞིན་དུ། ཆོས་ཀྱི་དབྱིངས་ཀྱང་དེ་བཞིན་ནོ།། སྨྲས་པ་ཀུན་ཏུ་མེ་ཏོག། བདག ་ནི་སྟོན་པ་འདོད་པ་མ་ཡིན་གྱི། བདག་ནི་ཉན་དུ་འདོད་པའོ།། སྨྲས་པ་བཙུན་པ་ཤ་རིའི་བུ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་མི་འགྱུར་བར་ངེས་པ་ལ་ཅི་བཤད ་པར་བྱ་བ་འམ། ཉན་པར་བྱ་བ་འམ། སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་འོ་ན་ཅིའི་ཕྱིར་ཁྱོད་བདག་ནི་ཉན་པར་འདོད་པ་མ་ཡིན་གྱི། སྟོན་འདོད་པ་མ ་ཡིན་སྙམ་དུ་སེམས། སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཀྱང་། གང་གུས་པར་ཆོས་སྟོན་པ་དང་། གང་གུས་པར་ཆོས་ཉན་པའི་གང ་གང་ཟག་གཉིས་ནི་བསོད་ནམས་མང་དུ་སྐྱེད་དོ་ཞེས་གསུངས་ཀྱིས་དེའི་ཕྱིར་ཁྱོད་ཀྱིས་ཤོད་ཅིག། བདག་གིས་མཉན་ཏོ།། སྨྲས་པ། གནས་གཏན་ཤ་རིའི་བུ་འདུ་ཤེས་དང་། ་ཚེར་བ་ཐམས་ཅད་ལ་འགོག་པ་སྙོམས་པར་ཞུགས་ལ་ཆོས་ཉན་དུ་ནུས་སམ། སྨྲས་པ་རིགས་ཀྱི་བུ་གང་གིས་མཉན་པར་བྱ་བའི་གཉིས་ལ་འཇུག་པ་འགོག་པ ་ལ་མྱེད་དོ།། སྨྲས་པ་གནས་གརྟན་ཤ་རིའི་བུ་ཆོས་ཐམས་ཅད་རང་བཞིན་གྱིས་འགག་པར་འདོད་དམ། སྨྲས་པ་རིགས་ཀྱི་བུ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་ཤིན ་ཏུ་འགགས་པའོ།། སྨྲས་པ་དེའི་ཕྱིར་གནས་བརྟན་ཤ་རིའི་བུ་རྟག་ཏུ་མི་ཆད་པར་ཆོས་མཉན་པའི་སྐལ་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རང་གྱིས་འགགས ་པའི་ཕྱིར་རོ།། སྨྲས་པ་རིགས་ཀྱི་བུ་ཁྱོད་ཏིང་ངེ་འཛིན་ལས་མ་ལངས་པར་བསྟོན་ནུས་སམ། སྨྲས་པ་གནས་བརྟན་ཤ་རིའི་བུ་གང་རྟག་ཏུ་མཉམ་པར་མ་བཞག་པའི ་ཆོས་གང་ཡང་དམིགས་སམ། སྨྲས་པ་དེ་མ་ཡིན་ནོ།། སྨྲས་པ་འོ་ན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་མཉམ་པར་བཞག་པར་འགྱུར་རོ།། སྨྲས་པ། རིགས་ཀྱི ་བུ་ཏིང་ངེ་འཛིན་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་པ་རྣམས་མཉམ་པར་གཞག་པ་ཡིན། སྨྲས་པ། ཆོས་ཀྱི་དབྱིངས་མི་འཁྲུགས་པའི་ཏིང་ངེ་འཛིན་ལའོ།། སྨྲས་པ ་ཀུན་ཏུ་མེ་ཏོག་དེ་ལྟར་ཡིན་དུ་ཟིན་ན། སོ་སོའི་སྐྱེ་བོ་རྣམས་དང་། འཕགས་པ་རྣམས་སུ་བྱེ་བྲག་མེད་པར་འགྱུར་རོ།། སྨྲས་པ། བཙུན་པ་ཤ་རིའི་བུ་དེ་དེ་བཞིན་ཏེ། ་ང་ནི་འཕགས་པ་དང་། སོ་སོའི་སྐྱེ་བོ་རྣམས་ཐ་དད་དུ་དབྱེ་བར་མི་འདོད་དོ།། དེ་ཅིའི་ཕྱིར་ཞེ་ན། འཕགས་པ་རྣམས་ཀྱིས་ཀྱང་ཆོས་གང་ཡང་མ་འགགས། ་བྱིས་པ་སོ་སོའི་སྐྱེ་བ་རྣམས་ཀྱིས་ཀྱང་། ཆོས་གང་ཡང་མ་སྐྱེད་དེ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་དེ་གང་ཡིན་པ་དེ་ཉིད་ལས་ཀྱང་མི་འདའོ།། སྨྲས་པ་རིགས་ཀྱི་བུ་ཆོས་རྣམས ་ཀྱི་མཉམ་པ་ཉིད་གང་ཡིན། སྨྲས་པ། གང་གནས་བརྟན་གྱིས་ཡོངསུ་ཤེས་པ་དེ་ཡིན་ཏེ། གནས་བརྟན་གྱིས་ཀྱང་འཕགས་པའི་ཆོས་རྣམས་སྐྱེད་དམ། སྨྲས་པ་དེ་ནི་མ ་ཡིན་ནོ།། སྨྲས་པ། ཅི་ཁྱོད་སོ་སོའི་སྐྱེ་བོ་རྣམས་འགག་པར་བྱས་སམ། སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་འོ་ན་ཅི་ཁྱོད་ཀྱིས་འཕགས་པའི་ཆོས་རྣམས་ཐོབ་པ་མ་སྨྲས་པ ་དེ་ནི་མ་ཡིན་ནོ།། སྨྲས་པ། འོ་ན་ཅི་ཁྱོད་ཀྱིས་སོ་སོའི་སྐྱེ་བོ་ཆོས་རྣམས་ཡོངས་སུ་ཤེས་སམ། སྨྲས་པ། དེ་ནི་མ་ཡིན་ནོ།། སྨྲས་པ་འོ་ན་གནས་བརྟན་གྱིས་ཡོང་སུ་ཤེས་པས། ་ཅི་མངོན་པར་རྟོགས། སྨྲས་པ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་རྣམས་པར་གྲོལ་མ་ཐག་པའི་དེ་བཞིན་ཉིད་ཀྱང་དེ་ཡིན། ཡོངས་སུ ་མྱ་ངན་ལས་འདས་པའི་དེ་བཞིན་ཉིད་ཀྱང་དེ་ཡིན་ནོ།། སྨྲས་པ་བཙུན་པ་ཤ་རིའི་བུ། དེ་བཞིན་ཉིད་དེ་ནི་མ་ལོག་པ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། མི ་འགྱུར་བ་དེ་བཞིན་ཉིད་དང་། མི་འཇུགས་པ་དེ་བཞིན་མེད་དེ། བཙུན་པ་ཤ་རིའི་བུ་དེ་བཞིན་ཉིད་འདིས། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ་རིག་པར་བྱའོ།། ་དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན། མེའི་ཕུང་པོ་རབ་ཏུ་འབར་བའི་མེ་ལྕེ་ཐམས་ཅད་ནི། ་སྲེག་པར་ཉེ་བར་གནས་པ་ལག་སོ།། བཅོམ་ལྡན་འདས་དེ་བཞིན་དུ་རིགས་ཀྱི་བུ་འདི་དག་གིས་བསྟན་པ་ཐམས་ཅད་ཆོས་ཀྱི་དབྱིངས་བསྟན་པ་སྟེ། ཆོས་བསྟན་པ་ཐམས་ཅད་ཀྱང ་ཉོན་མོངས་པ་ཐམས་ཅད་སྲེག་པར་ཉེ་བར་གནས་པ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་རིའི་བུ་དེ་དེ་བཞིན་ནོ།། དེ་ཇི་སྐད་སྟོན་པ་དེ་བཞིན་ཏེ། རིགས་ཀྱི ་བུ་འདི་དག་གིས་བསྟན་པ་ཐམས་ཅད་ཆོས་ཀྱི་དབྱིངས་བསྟན་པ་སྟེ། ཆོས་བསྟན་པ་ཐམས་ཅད་ཀྱང་ཉོན་མོངས་པ་ཐམས་ཅད་སྲེག་པར་ཉེ་བར་གནས་པ་ཡིན་ནོ།། དེ་ནས ་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས། གནས་རྟེན་ཤ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། གནས་རྟན་ཤ་རིའི་བུ་བཅོམ་ལྡན་འདས་ཀྱིས་ཤེས་རབ་དང་ལྡན་པ་རྣམས ་ཀྱི་ནང་ན་མཆོག་ཏུ་གསུངས་ན། གནས་བརྟན་ཤ་རིའི་བུ་ཤེས་རབ་གང་གིས། ཤེས་རབ་དང་ལྡན་པའི་མཆོག་ཏུ་གསུངས་པའི་ཤེས་རབ་དེ་གང་ཡིན་སྨྲས་པ། དྲ་བ ་ཅན་གྱི་འོད་གང་ཉན་ཐོས་སྒྲའི་རྗེས་སུ་འབྲང་བ་རང་གི་རྒྱུད་སྣང་བའི་མཚན་ཉིད། ཞི་ཚེ་བའི་ཡེ་ཤེས་ཀྱིས་རྣམ་པར་གྲོལ་བ་རྣམས་ཀྱི་ཤེས་རབ་སྟེ། ཤེས་རབ་དེས ་བདག་ཤེས་རབ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་གསུངས་ཀྱི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱིས་ནི་མ་ཡིན་ནོ།། སྨྲས་པ་ཅི་ཤེས་རབ་སྤྲོས་པའི་མཚན་ཉིད་དང། སྨྲས ་པ། དེས་ཡིན་ནོ།། སྨྲས་པབེན་ཤེས་རབ་མཉམ་པ་ཉིད་ཀྱི་རྗེས་སུ་སྤྱད་པའང། སྨྲས་པ་རིགས་ཀྱི་བུ་དེ་དེ་བཞིན་ནོ།། སྨྲས་པ་གནས་ཏ་ཤ་རིའི་ཞུམ ་ཉིད་རྗེསུ་སྤྱོད་པའི་ཤེས་རབ་ཀྱིས། ཇི་ལྟར་ཤེས་རབ་ཆད་ཅན་དུ་བཤད། སྨྲས་པ་རིགས་ཀྱི་བུ་ཆོས་ཀྱི་དབྱིངས་ཀྱི་རྒྱུས་ནི་ཤེས་རབ་ཚད་མེད་དོ།། ཡུལ་ཇི་ལྟ་བ་བཞིན་དུ་ཡེ ་ཤེས་འཇུག་པས་ནི་ཚད་ཟིན་པའོ།། སྨྲས་པ་བཙུན་པ་ཤ་རིའི་བུ་ཡེ་ཤེས་ཚད་མེད་པ་འམ་འོན་ཏེ་ཚད་ཡོད་པ་ཡིན། སྨྲས་པ་རིགས་ཀྱི་བུ་ཡེ་ཤེས་ཚད་མེད་པའོ།། སྨྲས ་པ་འོ་ན་ཚད་མེད་པ་ཇི་ལྟར་ཚད་ཟིན་པར་སྟོན། དེ་ནས་གནས་བརྟན་ཤ་རིའི་བུ་ཅང་མི་ཟེར་བར་འགྱུར་རོ།། དེ་ནས་སངས་རྒྱས་ཀྱི་མཐུས། བཅོམ་ལྡན་འདས་ལ་ཚེ་དང་ལྡན ་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད། ཅིའི་སླད་དུ་དྲ་བ་ཅན་གྱི་འོད་ཅེས་བགྱི། དེ་ནས་བཅོམ་ལྡན་འདས ་ཀྱིས། དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་གང་གིས་ལྷ་དང་བཅས་པའི་འཇིག་རྟེན་འདི་དགའ་བར་གྱུར་ནས། དགེ་བའི་རྩ་བ་ཡོངས་སུ ་སྨིན་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བའི་འོད། རང་གི་དགེ་བའི་རྩ་བས་ཡོངས་སྦྱངས་པ་ཁྱོད་ཀྱིས་སྟོན་ཅིག། དེ ་ནས་གནོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས། བཅོམ་ལྡན་འདས་ལ་ལོགས་ཞེས་གསོལ་ཏོ།། མཉན་ནས་བླ་གོས་འཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས ་བའི་ལྷ་ངས་ལ་བཅུགས་ནས། བཅོམ་ལྡན་འདས་གལ་བ་དེར་ལོག་སུ་ཐལ་མོ་སྦྱར་ནས། ལག་པ་གཡས་པ་དྲ་བ་ཅན་སེན་མོ་བངས་ལྟ་བུ་ལས་འོད་ཟེར་ཕྱུང་ནས། འོད་ཟེར ་དེས་ཚད་མེད་སུ་མེད་པའི་འཇིག་རྟེན་གྱི་ཁམས་ཐལ་ནས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཆད་མེད་པ་རྣམས་འོད་ཀྱིས་ཁྱབ་པར་བྱས་ཏེ། འོང་དེས་ཕྱོགས་བཅུའི་འཇིག ་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་ནི། སེམས་ཅན་དམྱལ་བ་པའི་སེམས་ཅན་ནམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་པ་འམ། གཤིན་རྗེའི་འཇིག་རྟེན་པ་འམ། ལོང ་བ་འམ། འོན་པ་འམ། ཐེང་པོ་འམ། ལག་ཞ་འམ། ནད་བུ་ཅན་ནམ། ཆགས་པ་འམ། གཏུམ་པ་འམ། རྨོངས་པ། གཅེར་བུ་འམ། ལྟོགས་པ་འམ། སྐམ་པ་འམ། ་བཅིངས་པའམ། གཟུང་བ་འམ། དབུལ་པོ་འམ། རིད་པ་འམ། རྒས་པ་འམ། འཆི་བའི་ཆོས་ཅན་ནམ། སེར་སྣ་ཅན་ནམ། གནོད་པར་སེམས་པའམ། ངང་ཚུལ་ངན་པ ་ཅན་ནམ། འཇུངས་པ་འམ། དྲན་པ་ཉམས་པ་འམ། འཆལ་བའི་ཤེས་རབ་ཅན་ནམ། མ་དད་པའམ། ཐོས་པ་ཉུང་བའམ། བསོད་ནམས་ཆུང་བ་འམ། ངོ་ཚ་མི ་ཤེས་པ་འམ། ཁྲེལ་མེད་པ་འམ། ལྟ་བའི་ཐིབས་པོར་གྱུར་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་འོད་དེས་རེག་མ་ཐག་ཏུ་བདེ་བ་ཐམས་ཅད་དང་ལྡན་པར་གྱུར ་ཏོ།། སེམས་ཅན་གང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། འཆབ་པ་དང་། འཕྲག་དོག་དང་། ཁྲོ་བའི་ཡོང་སུ་གདུངས་པས ་ཉམ་ང་བར་འགྱུར་བ་མེད་དོ།། སེམས་ཅན་ཐམས་ཅད་ཀྱང་དགའ་བ་དང་བདེ་བ་དང་། ལྡན་པར་འགྱུར་ཏེ། གང་སངས་རྒྱས་ཀྱི་སྤྱ་ན་བྱང་ཆུབ་སེམས་དཔའ ་འཁོར་རམ། ཉན་ཐོས་ཀྱི་འཁོར་ཏམ། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི ་མ་ཡིན་པ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་དེ་དག་ཐམས་ཅད་འདི་ལྟ་སྟེ། ཁ་དོག་གཅིག་ཏུ་གསེར་གི་ཁ་དོག་ལྟ་བུར་སྣང ་ངོངོ། ཐམས་ཅད་ཁ་དོག་གཅིག་ཏུ་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཁ་དོག་དང་། མཚན་མ་དང་། གཟུགས་འཆང་བར་སྣང་ངོ་།། ཐམས་ཅད་ཀྱང་སྤྱི་གཙུག་ལྟར་མི་སྣང ་ཞིང་ལུས་མཆོག་གི་གཟུགསུ་སྣང་ངོ་།། ཐམས་ཅད་ཀྱང་པད་མོའི་སྟན་ལ་འཁོད་ཅིང་། རིན་པོ་ཆེའི་དྲ་བས་ཁྱབ་པར་སྣང་ངོ་།། དེ་དག་ཐམས་ཅད་འདི་ལྟ་སྟེ། སངས ་རྒྱས་མཐོང་བའི་རང་བཞིན་གཅིག་ཏུ་སྣང་ངོ་།། དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ་དཔེར་ན། དགའ་བའི་རྣམ་པར་བཀོད་པའི་ཏིང་ངེ་འཛིན་ཐོབ་པའི་བྱང་ཆུབ་སེམས ་དཔའ་བཞིན་དུ་འདི་ལྟ་བུ་བདེ་བ་སྐྱེས་པར་གྱུར་ཏོ།། དེ་ནས་འཁོར་དེ་དག་ཐམས་ཅད་ངོ་མཚར་དུ་གྱུར་ཅིང་། ཕན་ཚུན་དབྱེར་མེད་དེ། སྟོན་པ་ཡང་ལྷག་པར་མི་སེམས། ་བདག་ཉིད་ཀྱང་དམན་པར་མི་སེམསོ།། འོད་དེ་དག་གཏང་མ་ཐག་ཏུ་འོག་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བཞི་འབྱུང་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོན་ལམ་ཡང་དག་པར་འཕགས་ཤེས་བྱ་བ་དང་། ཁྱེད་པར་བཟང་ཞེས་བྱ་བ་དང་། ཡེ་ཤེས་ཟླ་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་གཞན་གྱིས་མི་ཐུབ་རྒྱལ་མཚན་ཞེས་བྱ་བ་སྟེ། དེ་དག་ཐལ་མོ་སྦྱར་ནས། གང་ལ་ཕྱག་བྱ་བའི་དེ་བཞིན་གཤེགས་པ་ཡང་དག་པ་འདི་ནི་ནང་ན་གང ་ཡིན་སྙམ་སྟེ། ཕྱག་འཚལ་ཞིང་འཁོད་པ་དང་། དེ་དག་གིས་བར་སྣང་ལས་འདི་ལྟར་འཁོར་འདི་ཐམས་ཅད་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཁ་དོག་གཅིག་ཏུ་སྣང་བ་ནི། ་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱི་བྱེ་བྲག་གོ་ཞེས་སྨྲས་ཐོས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་བཞིན་འདི་སྐད་ཅེས་འཛེར་ཏེ། བདེན་པ་དང་བདེན་པའི་ཚིག་གང་གིས ་ཇི་ལྟར་འཁོར་འདིར་ཁ་དོག་དང་གཟུགས་གཅིག་སྟེ། བྱེ་བྲག་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་དང་བྱེ་བྲག་མེད་ཅེ་ན། བདེན་པ་དང་བདེན་པའི་ཚིག་དེས། བཅོམ་ལྡན་འདས ་ཤཱཀྱ་ཐུབ་པ་ལ་ཐ་དད་དུ་དབྱེ་བ་ལྷག་པ་གང་མཐོང་བས། དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པར་འགྱུར་བ་འགའ་ཞིག་མཐོང་བར་ཤོག་ཤིག་ཅེས་བྱས་པ་དང་། དེ་ནས ་དེའི་མོད་ལ་བཅོམ་ལྡན་འདས་སེང་གེའི་ཁྲི་པདྨོ་ཅན་དང་བཅས་ཏེ། ཏ་ལ་གང་ཙམ་དུ་མངོན་པར་འཕགས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ ་བཞི་པོ་འདི་དག་གིས་མགོ་བོས་ཕྱག་འཚལ་ནས་ཚིག་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཡེ་ཤེས་ནི ་བསམ་གྱིས་མི་ཁྱབ་བོ།། འདི་ལྟར་སེམས་ཅན་རྣམས་ལ་བདེ་བར་བསྟན་པས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱི་བསོད་ནམས་དང་། སྨོན་ལམ་འདིའང ་བསམ་གྱིས་མི་ཁྱབ་བོ།། དེ་ནས་བཅོམ་ལྡན་འདས་ཀྱི་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཁྱོད་ཀྱིས་སངས་རྒྱས་ཀྱི་བྱ་བ་བྱས་ཏེ། སེམས ་ཅན་ཚད་མེད་པ་རྣམས་ཁྱོད་ཀྱིས་བྱང་ཆུབ་ལ་བཀོད་ཀྱིས། རྫུ་འཕྲུལ་འདི་ཕྱིར་རྟུལ་ཅིང་། དེ་ནས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས་འོད་དེ་དག་ཕྱིར་རྟུལ་ཏོ།། འོད་ཕྱིར་བརྟུལ ་མ་ཐག་ཏུ་ཁོར་དེ་ཐམས་ཅད་སྤྱོད་ལམ་སྔ་མ་བཞིན་སྣང་ངོ་།། བཅོམ་ལྡན་འདས་ཀྱང་སྔ་མ་བཞིན་དུ་སེང་གེའི་ཁྲི་པདྨོ་ཅན་ལ་བཞུགས་པར་སྣང་ངོ་།། དེ་ནས་བཅོམ་ལྡན་འདས་ལ། ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་བཞི་གང་ནས་མཆིས། བྱང་ཆུབ་སེམས་དཔའ་དེ་བཞིས་སྨྲས་པ། ཁོ་བོ ་ཅག་འོག་གི་འཇིག་རྟེན་གྱི་ཁམས་ནས་འོངས་སོ།། སྨྲས་པ་འཇིག་རྟེན་གྱི་ཁམས་དེ་ཅིའི་མིང་། སྨྲས་པ་འཇིག་རྟེན་གྱི་ཁམས་དེ་ནི་རིན་པོ་ཆེ་ཐམས་ཅད་སྟོན་པ་ཞེས་བྱའོ།། སྨྲས ་བ་དེ་ན་དེ་བཞིན་གཤེགས་པ་མཚན་ཅི་ཞེས་བྱ་བ་ཞིག་ཆོས་འཆང་། སྨྲས་པ། དེ་བཞིན་གཤེགས་པ་དེའི་མཚན་ནི། རིན་པོ་ཆེ་གདུགས་གཅིག་པ་ཞེས་བྱའོ།། སྨྲས་པ། འཇིག་རྟེན ་གྱི་ཁམས་དེ་འདི་ནས་ཇི་སྲིད་ཅིག་ཡོད། སྨྲས་པ་བཅོམ་ལྡན་འདས་མཁྱེན་པས་མཁྱེན་ཏོ།། སྨྲས་པ། ཁྱེད་རྣམས་འདིར་ཅི་ལ་འོངས། སྨྲས་པ། བྱང་ཆུབ་སེམས ་དཔའ་དྲ་བ་ཅན་གྱི་འོད་བཏང་ནས། འོད་དེས་ཁོ་བོ་ཅག་ལ་རེག་སྟེ། རེག་མ་ཐག་ཏུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚོན་དང་། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱི་མིང་ཐོས ་ནས། བཅོམ་ལྡན་འདས་དང་། སྐྱེས་བུ་དམ་པ་འདི་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་བདག་ཅག་འདིར་འོངས་སོ།། དེ་ནས་བཅོམ་ལྡན་འདས་ལ ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་སྟོན་པ་ཞེས་བགྱི་བ་བཅོམ་ལྡན་འདས་རིན ་པོ་ཆེའི་གདུགས་གཅིག་པ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་དེ་ཇི་སྲིད་ཅིག་ན་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་གྱི་ཁམས་འདི ་ནས་འོག་ཏུ། སངས་རྒྱས་ཀྱི་ཞིང་གང་གའི་ཀླུང་བདུན་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན། བྱང་ཆུབ་སེམས་དཔའ་འདི་བཞི་གང་ནས་འདིར་འོངས་པའི་འཇིག་རྟེན ་གྱི་ཁམས་རིན་པོ་ཆེ་ཐམས་ཅད་སྟོན་པ། བཅོམ་ལྡན་འདས་རིན་པོ་ཆེ་འདུགས་གཅིག་པ། དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་ཡོད་དོ།། གསོལ་པ། དེ་དག ་དེ་ནས་ཇི་སྲིད་ཀྱིས་འདིར་མཆིས། བཀའ་སྩལ་པ། སེམས་ཀྱིས་སྐད་ཅིག་པ་གཅིག་གིས་དེས་མི་སྣང་བར་གྱུར་ཏེ་འདིར་ཕྱིན་ཏོ།། གསོལ་པ། བཅོམ་ལྡན ་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་གཟེར་དེ་སྲིད་དུ་མཆིས་པ་དང་། རིགས་ཀྱི་བུ་འདི་དག་དེ་ལྟར་མྱུར་ཏུ་ཕྱིན་ཏེ། བྱང་ཆུབ་སེམས ་དཔའ་རྣམས་ཀྱི་འོད་གཟེར་གཏོང་བ་དང་། རྫུ་འཕྲུལ་གྱི་སྟོབས་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་དེ་བཞིན་ཏེ། ཇི ་། སྐད་ཟེར་བ་དེ་བཞིན་ནོ།། གང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མ་ཡིན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་བསམ་གྱིས་མི་ཁྱབ་བོ།། དེ་ནས ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་ཀྱི་འོད་ཀྱིས་འཁོར་འདི་དག་རེག་ནས་ཁ་དོག་གཅིག་ཏུ ་འདི་ལྟ་སྟེ། གསེར་གྱི་ཁ་དོག་ཏུ་གྱུར་ན། འདི་གང་གིས་མཐུ་སྨྲས་པ། བཅོམ་ལྡན་འདས་ཉིད་ལ་འོད་སྲུང་ཆེན་པོ་ཁྱོད་ཀྱིས་གསོལ་ཅིག་དང་། དེ་ཉིད་ཁྱོད་ལ་སྟོན་ཏོ།། ་དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྟས་སྔར་བྱུང་བ་འདི་སུའི་ལགས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། འོད་སྲུངས་དྲ་བ་ཅན་གྱི་འོད་བྱང་ཆུབ་ཐོབ་པའི་འཁོར་ཁ་དོག་གཅིག་ཏུ་འདི་ལྟ་སྟེ། གསེར་གྱི་ཁ་དོག་ཏུ་འགྱུར་རོ།། འཁོར་རྣམས་གཅིག་ལ་མོས ་པ་འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི་སེམས་ལ་མོས་པར་འགྱུར་རོ།། དེ་ན་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་མིང་ཡང་མེད་པར་འགྱུར་རོ།། བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་གི་དགེ་འདུན་དུ་འགྱུར་རོ།། འོད་སྲུངས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས ་དཔའ་གང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བུ་བ། དེ་ནི་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཇི་སྐད་ཟེར་བ་ཇི ་བཞིན་ཏེ། དེ་ནི་དེ་བཞིན་དུ་རིག་པར་བྱའོ།། དེ་ན་འཁོར་དེའི་ནང་ནས། སྲོག་ཆགས་སྟོང་ཕྲག་བཞི་བཅུ་རྩ་བཞི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་སེམས་བསྐྱེད་ནས། སངས་རྒྱས་ཀྱི་ཞིང་དེར་སྨོན་ལམ་འདེབས་ཤིང་འདི་སྐད་དུ། བཅོམ་ལྡན་འདས་ནམ་བྱང་ཆུབ་སེམས་དཔའ་ཐོབ་པར་འགྱུར ་པ་དེའི་ཚེ། བདག་ཅག་འདི་རྣམས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་ཤོག་ཤིག་ཅེས་སྨྲས་སོ།། དེ་ནས་བཅོམ་ལྡན་འདས་ལ་གནས་རྟེན་འོད་སྲུང་ཆེན་པོས ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཡུན་ཇི་སྲིད་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཁྱོད་ཀྱིས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དྲ ་བ་ཅན་གྱི་འོད་ལ། རིགས་ཀྱི་བུ་ཁྱོད་ཡུན་ཇི་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར ་ཞེས་དྲིས་ཤིག། དེ་ནས་གནས་བརྟན་འོད་སྲུང་ཆེན་པོས།། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ ་ཁྱོད་ཡུན་ཇི་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། དྲ་བ་ཅན་གྱི་འོད་ཀྱིས་སྨྲས་པ། ་བཙུན་པ་འོད་སྲུང་ཆེན་པོ་ལ་ལ་ཞིག་གིས། སྒྱུ་མས་སྤྲུལ་པའི་སྐྱེས་བུ་ལ། རིགས་ཀྱི་བུ་ཁྱོད་ཡུན་ཇི་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན ་བར་འཚང་རྒྱ་བར་འགྱུར་ཞེས་དྲིས་ན། དེ་ཇི་སྐད་ལུང་སྟེ་ན་སྨྲས་པ། རིགས་ཀྱི་བུ་སྒྱུ་མས་སྤྲུལ་པ་ལ་ཡང་དག་པར་ཡོངསུ་གྲུབ་པ་མེད་ན། དེ་ཅི་ཞིག་ལུང་སྟོན་པར་འགྱུར ་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་དེ་དེ་བཞིན་ཏེ། སྒྱུ་མས་སྤྲུལ་པ་བཞིན་དུ་ཆོས་ཐམས་ཅད་ཡོངས་སུ་མ་གྲུབ་པ་ཡིན་ན། སུ་ལ་ཁྱོད་ཡུན་ཇི་ཙམ་གྱིས་བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་འདྲི།། སྨྲས་པ། རིགས་ཀྱི་བུ་ཇི་ལྟར་སྒྱུ་མས་སྤྲུལ་པ་དབེན་ཞིང་འགྱུར་བ ་མེད་པ། ཡོངས་སུ་རྟོག་པ་མེད་པ། བྱེད་པ་མེད་པ། དེ་བཞིན་དུ་ཁྱོད་ཀྱང་གལ་ཏེ། དེ་འདྲིན་ཁྱོད་ཚད་མེད་པའི་སེམས་ཅན་རྣམས་ཀྱི་དོན་ཅི་ལྟར་བྱེད། སྨྲས ་པ། བཙུན་པ་འོད་སྲུང་ཆེན་པོ་སྒྱུ་མའི་ར་བཞིན་གང་ཡིན་པ་དེ་བྱང་ཆུབ་ཀྱང་དེའི་རང་བཞིན་ནོ།། བྱང་ཆུབ་ཀྱི་རང་བཞིན་གང་ཡིན་པ་དེ། སེམས་ཅན་རྣམས་ཀྱང་དེའི ་རང་བཞིན་ནོ།། སྒྱུ་མ་དང་བྱང་ཆུབ་དང་། སེམས་ཅན་གྱི་རང་བཞིན་གང་ཡིན་པ་དེ། ཆོས་ཐམས་ཅད་ཀྱང་དེའི་རང་བཞིན་ཏེ། བཙུན་པ་འོད་སྲུང་ཆེན་པོ་ཁོ་བོས་ནི ་ལ་ང། ཀྱི་མཔ་མ་ལུ ་པ་རྣམས་ཀྱི་བྱང་ཆུབ་འཇུག་པའི་མཚན་ཉིད་དམ། སྨྲས་པ་དེ་བས་ན་ཁོ་བས་སངས་རྒྱས་སུ་འགྱུར་བ་དང་། ཉན་ཐོས་སུ་འགྱུར་བ་དང་། རང་སངས་རྒྱས་སུ་འགྱུར་བའི་ཕྱིར་མ་ཞུགས་སོ།། ་སྨྲས་པ། རིགས་ཀྱི་བུ་ཁྱོད་ཅི་ལ་ཞུགས་སྨྲས་པ་དེ་བཞིན་ཉིད་གང་ལ་ཞུགས་པ་དེ་ལ་བདག་ཞུག་སོ།། སྨྲས་པ་རིགས་ཀྱི་བུ་དེ་བཞིན་ཉིད་ནི་ཞུགས་པའང་མེད། ལྡོག་པའང་མེད་དོ།། སྨྲས ་པ། བཙུན་པ་འོད་སྲུང་ཆེན་པོ་ཇི་ལྟར་དེ་བཞིན་ཉིད་མ་ཞུགས་ཤིང་མི་ལྡོག་པ་དེ་བཞིན་དུ། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་འཇུག་པར་ཞུགས་པ་ལ་མི་འཇུག་མི་ལྡོག་གོ།། སྨྲས་པ་དྲ ་བ་ཅན་གྱི་འོད་གལ་ཏེ་ཁྱོད་མི་འཇུག་མི་ལྡོག་ན། སེམས་ཅན་རྣམས་ཇི་ལྟར་ཡོངས་སུ་སྨིན་པར་བྱེད། སྨྲས་པ་འོད་སྲུང་ཆེན་པོ་གང་སྨོན་ལམ་འདེབས་པ་དེ་དག་ནི། སེམས་ཅན་རྣམ ་ཇི་ལྟར་ཡོངས་སུ་སྨིན་པར་བྱེད། སྨྲས་པ་བཙུན་པ་འོད་སྲུངས་ཆེན་པོ་གང་སྨོན་ལམ་འདེབས་པ་དེ་དག་ནི། སེམས་ཅན་ཡོངསུ་སྨིན་པར་བྱེད་པ་ལ་བརྩོན་པ་མ་ཡིན་ནོ།། གང ་ཆོས་གང་ལས་ཀྱང་མྱི་ལྡོག་པ་དེ་དག་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་བརྩོན་པ་མ་ཡིན་ནོ།། སྨྲས་པ་རིགས་ཀྱི་བུ་ཁྱོད་སེམས་ཅན་རྣམས་འཁོར་བ་ལས་མི་ཟློག་གམ། ་སྨྲས་པ། བདག་ཅག་འཁོར་བ་ཉིད་མི་དམིགས་ན། ཇི་ལྟར་སེམས་ཅན་རྣམས་འཁོར་བ་ལས་བཟློག་པར་བྱ། སྨྲས་པ། རིགས་ཀྱི་བུ་ཁྱོད་སེམས་ཅན་རྣམས་མྱ་ངན་ལས ་འདས་པ་ལ་མི་འཇུང་དག། སྨྲས་པསྩ་ངན་ལས་འདས་པ་ཉིད་བདག་གིས་མ་མཐོང་ན། སེམས་ཅན་རྣམས་ཀྱི་ལྟར་དེ་ལྟར་དེ་ལ་གཟུང་བར་བྱ། སྨྲས་པ། ར ་ཀྱི་བུ་ངེས་ཏེ། འདི་ལ་འཁོར་བ་ཡང་མེད་མྱ་ངན་ལས་འདས་པ་ཡང་མེད་ན། འོན་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སུ་ངན་ལས་ཟླ་བའི་ཕྱིར་བྱང་ཆུབ་ཏུ་བྱེད། སྨྲས་པ། ་བཙུན་པ། འོད་སྲུང་ཆེན་པོ་གང་འཁོར་བར་དམིགས་པ་དང་། མྱ་ངན་འདས་པར་རྟོག་པ་དང་། སེམས་ཅན་འདུ་ཤེས་པ་ལ་གནས་པས་བྱང་ཆུབ་ཏུ་སྦྱང་ན། དེ་དག་བྱང་ཆུབ་སེམས་དཔའ ་ཞེས་མི་བྱའོ།། སྨྲས་པ་རིགས་ཀྱི་བུ་ཁྱོད་ཅི་སྤྱོད། སྨྲས་པ། བཙུན་པ་འོད་བསྲུངས་ཆེན་པོ་ཁ་བ་ནི། འཁོར་བ་དང་མྱ་ངན་ལས་འདས་པ་དང་། སེམས་ཅན་དུ་འདུ་ཤེས་པ་ལ་མི་སྤྱོད ་མོད་ཀྱི། བཙུན་པ་འོད་བསྲུངས་ཆེན་པོ་ཁྱོད་ཅི་ལ་སྤྱད་ཅེས་དེ་སྐད་འདྲིན། བཙུན་པ་འོད་བསྲུང་ཆེན་པོ་ཁ་ཟ་ན། དེ་བཞིན་གཤེགས་པས་སྤྲུལ་པ་གང་ལ་སྤྱད་པ་དེ་ཉིད་ལ་སྤྱད ་པོ། སྦས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཅི་ལ་ཡང་མི་སྤྱོད་དོ།། སྨྲས་པ། བཙུན་པ་འོད་བསྲུང་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་མཚན་ཉིད་ཀྱང་དེ ་ལྟ་བུར་བལྟའོ།། སྨྲས་པ། རིགས་ཀྱི་བུ་དེ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྤྱད་པའི་མཚན་ཉིད་དེ་ལྟ་བུའི་ལན་དུ་ཟིན་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཆགས་པར་མི ་འགྱུར། ཞེ་སྡང་པར་མི་འགྱུར། རྨོངས་པར་མི་འགྱུར། ཅིའི་ཕྱིར་སེམས་ཅན་རྣམས་ལ་འདོ་ཆགས་དང་། ཞེ་སྡང་དང་། གཏི་མུག་འབྱུང་། སྦས་པ། དེ་བསན ་ཅན་དས་འངས་ཀྱ་བྱམས་པའི་སྐ་པ་བན་འདི་ལུ་ང་མདས་ཀུན་འང་གྲུ་ཡིན་པ་ག་སས་ང་གས་དང། ། ་མེད་དག་སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ། འང་ཁྱོད་འད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཟུང་དམ་མེད་པར་གྱུར་ཏམ། སྤྲོས་པ་དེ་ནི་མ་ཡིན་ནོ།། སྨྲས་པ ་གལ་ཏེ་གནས་བརྟན་འདོད་ཆགས་དང་། ཞེ་སྡང་གཏི་མུག་ཀྱང་མེད་ལ། ཟད་པ་འམ་མེད་པར་གྱུར་པ་ཡང་མ་ཡིན་ན། ཅི་ཁྱོད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི ་ཆུབ་རྣམས་འདུགགས་སྨྲས་པ་རིགས་ཀྱི་བབྱིས་བམཔ་གྱུབ་བྱིན་ཅི་ག་དང་ལྡན་རྣམས་ཀྱིནག་པ་དང་། རྣམ་པར་རྟག་པ་དང་། ས་སུ་རྟོག་པ་མས ་ཆགས་དང་། ག~ཾ་སྡང་དང་། གཉི་སུས་རྣམས་འབྱུང་གི་འཕགས་པ་ཆོས་འདུལ་བ་ལན་བྱིན་ཅིལ་གཁོང་དུ་ཆུད་པས་རྟོག་པ་དང་། རྣམ་པར་རྟག་པ་དང་། ས་སུ་རྟག་པ ་འབྱུང་སྟེ། དེ་ལ་འདོད་ཆགས་ཀྱང་མེད། ཞེ་སྡང་ཡང་མེད། གཏི་མུག་ཀྱང་མེད་དོ།། སྨྲས་པ། བཙུན་པ་འོད་བསྲུངས་ཆེན་པོ་འདི་ཇི་སྙམ་དུ་སེམས། གང་ཕྱིན་ཅི་ལོག ་ལས་བྱུང་བའི་ཉོན་མོངས་པ་དེ་ཡང་དག་པ་ཡིན་ནམ། སྨྲས་པ་དེ་མ་ཡིན་ནོ།། དེ་ནི་ཡང་དག་པ་མ་ཡིན་ནོ།། སྨྲས་པ། བཙུན་པ་འོད་བསྲུང་ཆེན་པོ་འདི་ཇི་སྙམ་དུ ་སེམས། གང་ཡང་དག་པ་མ་ཡིན་པ་དེ་ཡང་དག་པར་འགྱུར་རམ། སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་གནས་བརྟན་ཡང་དག་པ་མ་ཡིན་པ། གང་ཡིན་པ་དེ་ལས། ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེ་བར་འདོད་དང། སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་བཙུན་པ་འོད་བསྲུངས་ཆེན་པོ་དེ་ལྟ་ཡིན་དུ་ཟིན་ན་གང་དག་གིས། ་སེམས་ཅན་རྣམས། ཀུན་ནས་ཉོན་མོངས་པར་འགྱུར་བའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གང་ཡིན། སྨྲས་པ། རིགས་ཀྱི་བུ་དེ་ལྟར་ན་ཆོས་ཐམས་ཅད་རང་བཞིན་གྱིས། ་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བའོ།། སྨྲས་པ། བཙུན་པ་འོད་བསྲུང་ཆེན་པོ་འདི་ལ་བསམས་ཏེ། འདི་སྐད་དུ་ཆོས་ཐམས་ཅད་ནི་སྒྱུ་མ ་སྤྲུལ་པའི་རང་བཞིན་ནོ།། ཞེས་སྨྲའོ།། གང་བསྟན་པ་འདི་བཤད་ན། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཞི་བཅུ་རྩ་བཞི། རྗེསུ་འཐུན་པའི་བཟོད་པ་སྐྱེས་སོ།། དེ་ནས ་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གི་མིག་གིས། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་མཐོང་བར ་གྱུར་པའི་སེམས་ཅན་དེ་དག་ལ་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་འཇིགས་པར་འཚལ་བར་མི་འགྱིའོ།། སུ་དག་འདིའི་ཆོས་བསྟན་པ་ཐོས་པར་འགྱུར་བའི་སེམས ་ཅན་དེ་དག་ལ་ཡང་བདུད་ཀྱི་ལས་པར་གཅོད་པར་འཚལ་བར་མི་བགྱིའོ།། འདིས་སུ་དག་བྱང་ཆུབ་ལ་ཡོང་སུ་སྨིན་པར་བགྱིས་པའི་སེམས་ཅན་དེ་དག་ཀྱང་ཉན་ཐོས་དང ་རང་སངས་རྒྱས་ཀྱི་སར་འཚལ་བར་མི་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བཤད་དུ ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད། སངས་རྒྱས་ཀྱི་ཞིང་གང་དང་གང་ན་གནས་པ་དེ་དང་དེར། སེམས་ཅན་ཆད་མེད་པ ་རྣམས་ཀྱི་དོན་བྱེད་དོ།། འོད་སྲུང་རིགས་ཀྱི་བུ་འདིས་འོད་ཕྱུང་བ། ཁྱོད་ཀྱིས་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་བདག་གིས་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། འོད་སྲུང་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཡུངས་ཀར་གྱིས་གང་བ་ནི་བགྲང་བའི་ཚུལ་གྱིས་མཐར་ཕྱིན་པར་ནུས་ཀྱི། འོད་སྲུང་བྱང་ཆུབ་སེམས ་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འོད་སྟོན་པས་སུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་པའི་སེམས་ཅན་དེ་དག་གི་མཐར་ཕྱིན་པར་མི་ནུསོ།། འོད ་སྲུང་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་བསྟན་པས་ཀྱང་། སེམས་ཅན་རྣམས་ཀྱི་དོན་བྱེད་ན། ཆོས་སྟོན་པ་ལྟ་ཅི་སྨོས། འོད་སྲུང་ཀྱི་བུ་འདིའི་སངས་རྒྱས་ཀྱི་ཞིང་གི ་ཡོན་ཏན་བཀོད་པའི་བྱེ་བྲག་གི་ཕྱོགས་ཙམ་ཞིག་བརྗོད་ཀྱིས་ཉོན་ཅིག། འོད་སྲུང་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད། བསྐལ་པ་གྲངས་མེད་པ་བརྒྱ་སྟོང་ཕྲག ་བདུན་ཅུ་རྩ་དྲུག་ན། འཇིག་རྟེན་གྱི་ཁམས་ཁྱད་པར་གྱི་ཡོན་ཏན་བསྡུས་པ་ཞེས་བྱ་བར་ཀུན་ཏུ་འོད་རྣམ་པར་འཕྲུལ་པའི་འོད་གཟེར་གྱི་རྒྱལ་ཞེས་བྱ་བ། དེ་བཞིན ་གཞགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་སྟེ། དེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཉེ་བར་སོང་བ་དང་། འཇིག་རྟེན་གྱི ་ཁམས་དེའི་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་ཇི་སྙེད་ཡོད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུརརོ།། སྨིན་པ་དང་གཏོང ་པ་རྒྱ་ཆེར་འགྱུར་རོ།། འོད་སྲུང་འཇིག་རྟེན་གྱི་ཁམས་དེ་ལག་མཐིལ་ལྟར་མཉམ་པར་གྱུར་ཏོ།། གོས་ཀ་ཙ་ལི་འདི་ལྟར་འཇམ་ཞིང་རེག་ན་བདེ་བ་ལ་རིན་པོ་ཆེ་ཐམས་ཅད་ཀྱིས ་སྨྲས་པར་འགྱུར་རོ།། འཇིག་རྟེན་གྱི་ཁམས་དེ་ན་ངན་སོང་མེད། མི་ཁོམ་པ་མེད། སྡོང་དུམ་དང་། ཚེར་མ་ཡང་མེད་པར་འགྱུར་རོ།། འཇིག་རྟེན་གྱི་ཁམས་དེར་པད་མ་བཀོད ་པ་དག་འབྱུང་བར་འགྱུར་རོ།། རིན་པོ་ཆེའི་པད་མ་ཆེན་པོ་དྲི་དང་ལྡན་པ་དག་འབྱུང་བར་འགྱུར་རོ།། འཇིག་རྟེན་གྱི་ཁམས་དེ་དྲི་མ་མེད་ཅིང་རྒྱ་ཆེ་བར་འགྱུར་རོ།། ཡང་འོད ་སྲུང་འཇིག་རྟེན་གྱི་ཁམས་ཁྱད་པར་ཡོན་ཏན་བསྡུས་པ་དེ་ན། བཅོམ་ལྡན་འདས་ཀུན་ཏུ་འང་རྣམ་པར་འཕྲུལ་པ། འོད་ཟེར་གྱི་རྒྱལ་པོ་དེ་བཞིན་གཤེགས་པ་དེའི་ཁྱམ ་ནུབ་སེམས་དཔའ་དགེ་འདུན་མཐའ་ཡས་པར་སྒྲུབ་པའི་ཆོས་འགྲོ་བ་ལ་མཁས་པ། རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པ་འོད་ཀྱིས་ཀུན་ཏུ་བརྒྱན་པ། གཟུགས་ཀྱི ་གཏེར་ཐོབ་པ། ཏིང་ངེ་ཛིན་ཟབ་པ་ཐགས་པ་མེད་པའི་སྐབས་པ་དང་ལེ་ཤེས་ཀྱིས་བསྟན་པ་ལམ་འསག་མངོན་པར་ཤེས་པ་དང་། རེག་པ་དང་། མི་འཇིགས ་ང། རས་ཀྱི་ནས་མསས་ལ་གཏན་པ་དང་། ཐམས་དང་། ཆགས་པ་དང་། ཅགས་པ་དང་། རྣམ་མ་པ་དང་། ས ་པའི་ཡེ་ཤེས་ཡོངསུ་བསྒོམས་པ་དཔག་ཏུ་མེད་པར་འགྱུར་རོ།། ཡང་འོད་སྲུང་སངས་རྒྱས་ཀྱི་ཞིང་དེ་ན། བུད་མེད་སྐྱེ་བར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་དག ་ཐམས་ཅད་པད་མ་ལ་དཀྱིལ་མོ་ཀྲུང་བཅས་ཤིང་འདུག་པར་རྫུས་ཏེ་སྐྱེ་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་དེ་དག་དགའ་བའི་ཟས་དང་ལྡན་པར་འགྱུར་རོ།། བསམས ་བ་ཙམ་གྱིས་བཟའ་བ་དང་བཏུང་བ་དང་། གཞོན་པ་དང་གོས་དང་། འཆགས་དང་། སྐྱེད་མོས་ཚལ་དང་། ཁང་པ་བརྩེགས་པ་དང་། འབབ་ནུ་དང་། ཆུ་མིག་དང་། ་མཚོ་དང་། རྫིང་དང་། ལྟེང་ཀའི་ཡོངསུ་ལོངས་སྤྱོད་པ་ཐམས་ཅད་འབྱུང་བར་འགྱུར་རོ།། འོད་སྲུང་ཀུན་ཏུ་འོད་རྣམ་པར་འཕྲུལ་པ། འོད་ཟེར་གྱི་རྒྱལ་པོ་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ། ཡི་གེ་དང་ངེས་པའི་ཚིག་གིས་ཆོས་མི་སྟོན་ཏེ། གཞན་དུ་ན་བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན ་གཤེགས་པའི་འོད་དེས་རེག་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་སོ་སོར་ཐོབ་པར་འགྱུརརོ།། འོད་དེས་སངས་རྒྱས་ཀྱི་ཞིང་གཞན་དུ་འགྲོ་བ་ལ་ཐོགས་པ་མེད་པར ་འགྱུར་རོ།། འོད་དེ་སེམས་ཅན་གྱི་ཉོན་པ་བསྔལ་པ་ལ། ཉོན་མོངས་པ་དང་། བྲལ་བར་འགྱུར་རོ།། ཡང་འོད་སྲུང་དེ་བཞིན་གཤེགས་པ་དེའི་འོད་ལས་ཆོས་ཀྱི་ཚུལ ་རབ་ཏུ་དབྱེ་བའི་སྒྲསུམ་ཅུ་རྩ་གཉིས་འབྱུང་བར་འགྱུར་ཏེ། སུམ་བཅུམ་གཉིས་གང་ཞེན་ལྟ་བར་གྱུར་པ་ཡང་སུ་དག་པས་ཆོས་ཐམས་ཅད་སྟོང་པའོ།། རྟག་པ་དང། ་རྣམ་པར་རྟོག་པ་དང་བྲལ་བས། ཆོས་ཐམས་ཅད་མཚན་མ་མེད་པའོ།། ཁམས་གསུམ་ལས་ཡང་དག་པར་འདས་པས། ཆོས་ཐམས་ཅད་སྨོན་པ་མེད་པའོ།། རང ་བཞིན་གྱིས་ཉེ་བར་ཞི་བས་ཆོས་ཐམས་ཅད་འདོད་ཆགས་དང་བྲལ་བའོ།། སྨོན་པ་མེད་པའི་མཚན་ཉིད་ཀྱིས་བྲལ་བའོ།། མུན་པ་མུན་ནག་དང་བྲལ་བས་ཆོས་ཐམས་ཅད་གཏི་མུག་དང་བྲལ ་བའོ།། ཐོག་མ་ནས་མ་སྐྱེས་པས། ཆོས་ཐམས་ཅད་འོང་བ་མེད་པའོ།། འཕོ་བ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་འགྲོ་བ་མེད་པའོ།། རབ་ཏུ་མི་བརྟེན་པའི་ཕྱིར་ཆོས་ཐམས ་ཅད་མི་གནས་པའོ།། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་བྲལ་བའི་ཕྱིར། ཆོས་ཐམས་ཅད་དུས་གསུམ་ལས་འདས་པའོ།། རང་བཞིན་གཅིག་པའི་ཕྱིར། ཆོས་ཐོས ་ཅད་བྱེ་བྲག་མེད་པའོ།། ལས་ཀྱི་རྣམས་པར་སྨིན་པ་དང་བྲལ་བའི་ཕྱིར། ཆོས་ཐམས་ཅད་མ་སྐྱེས་པའོ།། བྱེད་པ་པོ་མི་དམིགས་པའི་ཕྱིར། ཆོས་ཐམས་ཅད་ལས་ཀྱང་རྣམ་པ ་སྨིན་པ་མེད་པའོ།། མངོན་པར་འདུ་མི་བྱེད་པའི་ཚུལ་གྱིས། ཆོས་ཐམས་ཅད་མ་བྱས་པའོ།། མངོན་པར་འདུས་མ་བྱས་པས་རབ་ཏུ་བྱེ་བའི་ཕྱིར། ཆོས་ཐམས་ཅད་མངོན་པར ་འདུས་མ་བྱས་པའོ།། སྐྱེ་བ་དང་འཇིག་པ་དང་བྲལ་བའི་ཕྱིར། ཆོས་ཐམས་ཅད་འདུས་མ་བྱས་པའོ།། ཡང་དག་པར་མ་བྱུང་བའི་ཕྱིར། ཆོས་ཐམས་ཅད་ཡང་དག་པ་མ ་ཡིན་པའོ།། ཅིག་ཅར་མངན་པར་རྟོགས་པའི་ཚུལ་གྱིས། ཆས་ཐམས་ཅད་དབེན་པའོ།། སེམས་ཅན་མི་དམིགས་པའི་ཕྱིར། ཆོས་ཐམས་ཅད་བདག་མེད་པའོ།། དོན ་དམ་པའི་ཕྱིར་ཆོས་ཐམས་ཅད་གང་ཟག་མེད་པའོ།། ཤེས་པར་མི་བྱེད་པའི་ཕྱིར་ཆོས་ཐམས་ཅད་བེམས་པོའོ།། མཛའ་བ་དང་ཁོང་ཁྲོ་བ་མེད་པའི་ཕྱིར། ཆོས་ཐམས་ཅད་བཏང ་སྙོམས་པའོ།། ཡོངསུ་གཟུང་བ་མེད་པའི་ཕྱིར། ཆོས་ཐམས་ཅད་ཅི་ཡང་མེད་པའོ།། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པའི་ཕྱིར། ཆོས་ཐམས་ཅད་ཉེ་བའི་ཉོན་མོངས ་བ་མེད་པའོ།། དབེན་པའི་མཐའ་ཡིན་པའི་ཕྱིར། ཆོས་ཐམས་ཅད་ཚུལ་གཅིག་པའོ།། དབེན་པ་ཕུན་སུམ་ཚོགས་པས། ཆོས་ཐམས་ཅད་དབེན་པའོ།། མི་འཁྲུགས ་པའི་ཕྱིར། ཆོས་ཐམས་ཅད་ཡང་དག་པའི་མཐའ་ལ་གནས་པའོ།། ཤིན་ཏུ་ཐ་མི་དད་པའི་ཕྱིར། ཆོས་ཐས་ཅད་དེ་བཞིན་ཉིད་ལ་གནས་པའོ།། ཐམས་ཅད་རྗེསུ་སོང་བའི ་ཕྱིར། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའོ།། ཕན་ཚུན་མི་འདུལ་བའི་ཕྱིར། ཆོས་ཐམས་ཅད་རྐྱེན་མེད་པའོ།། མཉམ་པ་ཉིད་ཀྱིས་ཡོངསུ་རྒྱས ་པའི་ཕྱིར། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའོ།། ཇི་ལྟ་བ་བཞིན་དུ་མཐོང་བས་བྱེ་བའི་ཕྱིར། ཆོས་ཐམས་ཅད་བྱང་ཆུབ་བོ།། ཡོངས་སུ་མ་གྲུབ་པའི་གྱིས། ཆོས ་ཐམས་ཅད་མྱ་ངན་ལས་འདས་པའོ་ཞེས་འོད་སྲུང་དེ་ལྟར། བཅོམ་ལྡན་འདས་ཀུན་ཏུ་འོད་རྣམ་པར་འཕྲུལ་པ་འོད་ཟེར་གྱི་རྒྱལ་པོ་དེ་བཞིན་གཤེགས་པའི་འོད་དེ་ལས། ་འདི་ལྟ་བུའི་ཆོས་ཀྱི་ཚུལ་ཏུ་དབྱེ་བའི་སྒྲ་སུམ་ཅུ་རྩ་གཉིས་འབྱུང་བར་འགྱུར་རོ།། གནས་ཅན་འོད་སྲུང་ཆེན་པོས་གསོལ་པ། བཅོམ་ལྡན་འདས་འོད་ཟེར་དེ་སངས ་རྒྱས་ཀྱི་མཛད་པ་བགྱིད་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་བཞིན་གཤེགས་པ་དེ་ཆེ་དཔག་ཏུ་མེད་པར་འགྱུར་རོ།། སངས ་ཀྱིས་རྒྱས་ཀྱི་ཞིང་དེ་ནི་བདུད་ཀྱི་ལས་ཀྱིས་བར་དུ་གཅོད་པ་མེད་པར་འགྱུར་རོ།། འོད་སྲུང་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་གཟུང་བར་འཚལ་བས ་རིགས་ཀྱི་བུ་འདིའི་རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་ཅི་འདྲ་བ་དེ་ལྟ་བུར་ཡོངསུ་དག་པའི་སངས་རྒྱས་ཀྱི་ཞིང་ཡོངསུ་གཟུང་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། འོད་སྲུང་འདི་ལྟར་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ། སྨོན་ལམ་ཡོངསུ་སྦྱངས་ཏེ་དེའི་ཕྱིར་འདིས་སངས ་རྒྱས་ཀྱི་ཞིང་དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡོངསུ་བཟུང་ངོ་།། འོད་སྲུང་དེ་བས་ན་སངས་རྒྱས་ཀྱི་ཞིང་དེ་ལྟ་བུ་ཡོངསུ་གཟུང་བར་འདོད་པའི་རིགས་ཀྱི་བུ་འམ། རིགས་ཀྱི ་བུ་མོས་ཀྱང་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱི་རྗེསུ་སླབ་པར་བྱའོ།། དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས ་སྨྲས་སོ།། རིགས་ཀྱི་བུ་ཁྱེད་དེ་བཞིན་གཤེགས་པས་ལུང་བསྟོན་ཏོ།། སྨྲས་པ་ཚངས་པ་དེ་བཞིན་གཤེགས་པས། སེམས་ཅན་ཐམས་ཅད་ཀྱང་ལུང་སྟོན་ཏོ།། སྨྲས་པ་ཅིར ་ལུང་བརྒྱས་སྨྲས་པ། ལས་ཀྱི་རྣས་པར་སྨིན་པ་ས་པ་བཞིན་དུ་བསྟན་ཏེ། སྨྲས་པ། རིགས་ཀྱི་བ་ཁྱོད་ཀྱིས་ལ་ས་ས་བུ་བྱ་ན། ཁྱོད་འདི་ལྟ་ལུང་བན། ་བླས་གཅངས་པལས་གང་ལུས་དང་ག་དང་། ཡིད་ཀྱིས་མ་བྱས་པ་དེ་ལས་དོན་འདི་བགས་བསྟན་དུ་རུང་དག། སྐམ་པཅིའི་ཀྱི་། སྒྲས་ག། ཅི་བྱང་ཆུབ་མངོན་པ ་བྱེད་པའི་མཚན་ཉིད་དམ། སྨྲས་པ་དེ་མ་ཡིན་ནོ།། སྨྲས་པ་བྱང་ཆུབ་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་དེ། བྱང་ཆུབ་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་མ་ཡིན་ནོ།། ་སྨྲས་པ། མངོན་པར་འདུ་བྱེད་པས་བྱང་ཆུབ་འདུས་མ་བྱས་པ་ཐོབ་པར་ནུས་སམ། སྨྲས་པ་དེ་མ་ཡིན་ནོ།། སྨྲས་ག། ཚངས་པ་དེ་ལྟ་བས་ན། འདི་ལ་རྣམ་གྲངས་འདིས ་གང་ལ་ལས་ཀྱང་མེད། ལས་ཀྱི་འབྲས་བུ་ཡང་མེད། མངོན་པར་འདུ་བྱེད་པའི་འཇུག་པའང་མེད་པ་དེ་ནི་བྱང་ཆུབ་བོ།། བྱང་ཆུབ་ཇི་ལྟར་འཐོབ་པའང་དེ་བཞིན་ལུང ་སྙན་པའང་དེ་བཞིན་ཏེ། མངོན་པར་འདུ་བྱེད་པས་ལུང་སྙན་པར་མི་འགྱུར་བར་རིག་པར་བྱའོ།། སྨྲས་པ། རིགས་ཀྱི་བུ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱད་ནས། ཕྱིས་ལུང ་བསྟན་པར་འགྱུར་རག་སྨྲས་པ་ཚངས་པ་དེ་བཞིན་ཏེ། ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱད་ནས། ཕྱིས་ལུང་བསྟན་པར་འགྱུར་ཏེ། ཚངས་པ་གང་ཉོན་མོངས་པ་ཐམས ་ཡང་ས་སུ་བཏང་བ་འཛིད་རྒྱུ་།། གང་མན་པར་འདུས་བྱེད་པ་འཛིན་དུ་ལ་ཁྲིམས།། གང་མའིའང་པ་འཛིན་པཟང་བར།། རང་བདུན་པ་ན་ལྡན ་།། ནང་ས་ཏུ་མ་གདས་པ་རྣཐམས་གཏད་ན།། གང་རྣས་པ་མེད་པ་ནི་ནི་གས་རབ་སྟེ། ངམ་པ་བྱང་ཆུབ་སེམས་དཔའ་གང་པ་རོལ་དུ་ཕྱིན་པ་དྲུག ་སྤྱོད་པ་དེ་དག་ཅི་ལ་སྤྱོད། སྨྲས་པ། ཅི་ལ་ཡང་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། སྤྱོད་པ་ཇི་ཙམ་པ་དེ་ཙམ་དུ་སྤྱད་པ་མ་ཡིན་ནོ།། གང་སྤྱོད་པ་དེ་མི་སྤྱོད ་པའོ།། གང་མི་སྤྱོད་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྤྱོད་པ་སྟེ། ཚངས་པ་རྣམ་གྲངས་འདིས་ཇི་ལྟར་སྤྱོད་པ་མ་ཡིན་པ་ནི། བྱང་ཆུབ་ཀྱི་སྤྱོད་པ ་ཡིན་པར་རིག་པར་བྱའོ།། ཚངས་པ་བྱང་ཆུབ་ཏུ་ལུང་སྟན་ཏོ་ཞེས་དེ་སྐད་ཟེར་བ་ནི། དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་ཇི་ལྟ་བུར་ལུང་བསྟན་ཏོ།། སྨྲས་པ། རིགས་ཀྱི་བུ ་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ནི་ལུང་མི་སྙན་ཏོ།། སྨྲས་པ་འོ་ན་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་ལུང་བསྟན་པ་དེའི་མཚན་ཉིད་ཀྱང་དེ་བཞིན་ནོ།། ་དེ་ནས་བཅོམ་ལྡན་འདས་ལ། ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་སྤྱད་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས ་པ་རྣམས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ནས་བྱང་ཆུབ་སེམས། ་དཔའ་སྐྱེ་བ་ལ་ཡང་མི་སྤྱོད། འགག་པ་ལ་ཡང་མི་སྤྱོད། དགེ་བ་ལ་ཡང་མི་སྐྱེད། མི་དགེ་བ་ལ་ཡང་མི་སྤྱོད། འཇིག་རྟེན་པ་ལ་ཡང་མི་སྤྱོད། འཇིག་རྟེན་ལས་འདས ་པ་ལ་ཡང་མི་སྤྱོད་དེ། ཟག་པ་དང་བཅས་པ་ལ་ཡང་མི་སྤྱོད། ཟག་པ་མེད་པ་ལ་ཡང་མི་སྤྱོད། ཁ་ན་མ་ཐོ་བ་དང་བཅས་པ་ལ་ཡང་མི་སྤྱོད། ཁ་ན་མ་ཐོ་བ་མེ ་པ་ལ་ཡང་མི་སྤྱོད། འདུས་བྱས་ལ་ཡང་མི་སྤྱོད། འདུས་མ་བྱས་པ་ལ་ཡང་མི་སྤྱོད། རྣལ་འབྱོར་པ་ལ་ཡང་མི་སྤྱོད། རྣལ་འབྱོར་པ་མ་ཡིན་པ་ལ་ཡང་མི་སྤྱོད། སྤོང་བ་ལ་ཡང ་མི་སྤྱོད། སྤོང་བ་མ་ཡིན་པ་ལ་ཡང་མི་སྤྱོད། འཁོར་བ་ལ་ཡང་མི་སྤྱོད། མྱ་ངན་ལས་འདས་པ་ལ་ཡང་མི་སྤྱོད། མཐོང་བ་ལ་ཡང་མི་སྤྱོད། ཟོས་པ་ལ་ཡང་མི་སྤྱོད། དྲན ་པ་ལ་ཡང་མི་སྤྱོད། རྣམ་པར་ཤེས་པ་ལ་མི་སྤྱོད། སྦྱིན་པ་ལ་ཡང་མི་སྤྱོད། གཏིང་བ་ལ་ཡང་མི་སྤྱོད། ཚུལ་ཁྲིམས་ལ་ཡང་མི་སྤྱོད། སྡོམ་པ་ལ་ཡང་མི་སྤྱོད། བཟོད་པ ་ལ་ཡང་མི་སྤྱོད། མི་འགྱུར་བ་ལ་ཡང་མི་སྤྱོད། བརྩོན་འགྲུས་རྩོམ་པ་ལ་ཡང་མི་སྤྱོད། བསམ་གཏན་ལ་ཡང་མི་སྤྱོད། ཏིང་ངེ་འཛིན་རྣམས་ལ་ཡང་མི་སྤྱོད། ཤེས་རབ་ལ ་ཡང་མི་སྤྱོད་ནན་ཏན་དག་ལ་ཡང་མི་སྤྱོད། ཡེ་ཤེས་ལ་ཡང་མི་སྤྱོད། ཁོང་དུ་ཆུད་པ་ལ་ཡང་མི་སྤྱོད་དེ། བྱང་ཆུབ་སེམས་དཔའ་དེ་ལྟར་སྤྱོད་ན། དེ་བཞིན་གཤེགས་པ་རྣམས ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་སྤྱོད་པ་ཇི་ཙམ་པ་དེ་ཙམ་དུ་ལྷག་པར་བྱེད་པ་སྟེ། བྱང་ཆུབ་ནི་ལྷག ་པར་བྱེད་པ་མ་ཡིན་ནོ།། སྤྱོད་པ་ཇི་ཙམ་པ་དེ་ཙམ་དུ་ཡོངསུ་རྟོག་པ་སྟེ། བྱང་ཆུབ་ནི་ཡོངསུ་རྟོག་པ་མེད་པའོ།། སྤྱོད་པ་ཇི་ཙམ་དུ་མངོན་པར་འདུ་བྱེད་པ་སྟེ། བྱང་ཆུབ་ནི ་མངོན་པར་འདུ་བྱེད་པ་མེད་པའོ།། སྤྱོད་པ་ཇི་ཙམ་པ་དེ་ཙམ་དུ་སྤྲོས་པ་སྟེ། བྱང་ཆུབ་ནི་སྤྲོས་པ་མེད་པའོ།། ཚངས་པ་དེ་བས་ན་རྣམ་གྲངས་འདིས་ཅི་ནས་སྤྱོད་པ། ་ཐམས་ཅད་ལས་ཡང་དག་པར་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ལུང་བསྟན་པར་འགྱུར་བ་དེ་ལྟར་རིག་པར་བྱའོ།། དེ་ནས་བཅོམ་ལྡན་འདས ་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལུང་བསྟན་པ་ཞེས་བགྱི་བ། ལུང་བསྟན་པ་དེ་གང་གི་ཚིག་བླ་དགས་ལགས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ལ་གཉིས་དང་བྲལ་བ་སྟེ། དེའི་ཕྱིར་ལུང་སྟོན་པ་ཞེས་བྱའོ།། སྐྱེ་བ་དང་འཇིག་པར་སྒྲོ་མི་འདོགས་སྟེ། དེའི་ཕྱིར ་ལུང་བསྟན་པ་ཞེས་བྱའོ།། ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ཀྱིས་དབེན་པ་སྟེ། དེའི་ཕྱིར་ལུང་བསྟན་པ་ཞེས་བྱའོ།། ཚངས་པ་ངས་མངོན་པར་ཤེས་པ་འདས ་པའི་དུས་ན། བསྐལ་པ་མཛེས་པར་སྣང་བ་ཞེས་བྱ་བ་བྱུང་སྟེ། དེ་ལ་དེ་བཞིན་གཤེགས་པ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་བྱུང་ངོ་།། དེ་བཞིན་གཤེགས་པ་དེ་དག ་ཐམས་ཅད་ལ། ངས་ཀུར་སྟི་བྱས། བཙུན་པར་བྱས། རི་མོར་བྱས། མཆོད་པར་བྱས་ཀྱང་དེ་བཞིན་གཤེགས་པ་དེ་དག་གིས་ང་ལུང་མ་སྟོན་ཏོ།། དེའི་ཕ་རོལ་ཏུ་བསྐལ ་པ་ཤིན་ཏུ་སྤྲུལ་པ་ཞེས་བྱ་བ་བྱུང་སྟེ། དེ་ལ་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ལ་ངས་ཀུར་སྟི་བྱས། བཙུན་པར་བྱས། རིམ་འགྲོ་བྱས། མཆོད་པ་བྱས ་ཀྱང་། དེ་བཞིན་གཤེགས་པ་དེ་དག་གིས་ང་ལུང་མ་བསྟན་ཏོ།། ཚངས་པ་དེའི་ཡང་ཕ་རོལ་ན་ཚངས་པས་བསྟོད་པ་ཞེས་བྱ་བའི་སྐལ་བ་བྱུང་སྟེ། དེ་ལ་དེ ་བཞིན་གཤེགས་པ་སྟོང་ཕྲག་བཅོ་བརྒྱད་ལ་ངས་བཀུར་སྟི་བྱས། བཙུན་པར་བྱས། རིམ་འགྲོར་བྱས། མཆོད་པར་བྱས་ཀྱང་དེ་བཞིན་གཤེགས་པ་དེ་དག་གིས་ང་ལུང་མ་བསྟན་ཏོ།། ་ཚངས་པ་དེའི་ཡང་ཕ་རོལ་ན། བསྐལ་པ་ལེགས་པར་གྲངས་པ་ཞེས་བྱ་བ་བྱུང་སྟེ། དེ་ལ་དེ་བཞིན་གཤེགས་པ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ལ། བཀུར་སྟི་བྱས། བཙུན་པ ་བྱས། རི་མོར་བྱས། མཆོད་པར་བྱས་ཀྱང་། དེ་བཞིན་གཤེགས་པ་དེ་དག་གིས་ང་ལུང་མ་བསྟན་ཏོ།། དེའི་ཡང་ཕ་རོལ་ན། ཚངས་པ་བསྐལ་པ་བཀོད་པ་ཞེས་བྱ་བ ་བྱུང་སྟེ། དེ་ལ་དེ་བཞིན་གཤེགས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་ངས་བཀུར་སྟི་བྱས། བཙུན་པར་བྱས། མཆོད་པར་བྱས་ཀྱང་། དེ་བཞིན་གཤེགས་པ་དེ་དག་གིས་ང ་ལུང་མ་སྟོན་ཏོ།། ཚངས་པ་ངས་གང་རྣམས་ལ་རི་མོར་བྱས་པ་དང་། བཙུན་པར་བྱས་པ་དང་། གང་ལས་ངས་ཚངས་པར་སྤྱོད་པ་སྤྲད་པ་དང་། ངས་བདོག་པ་ཐམས ་ཅད་ཡོངསུ་བཏང་བ་བྱས་པ་དང་། ཚུལ་ཁྲིམས་དང་སྦྱངས་པའི་ཡོན་ཏན་ཡང་དག་པར་གཟུང་བ་ངས་བླངས་པ་དང་། ང་ཁྲོ་བའི་ཐ་བ་དང་། ཕྲ་དོག་དང་། ང ་རྒྱལ་དང་། འཆབ་པ་མེད་པར་བྱས་ནས། ངས་བཟོད་པ་དང་བྱམས་པ་དང་། བསྒོམས་པ་དང་། བསམ་གཏན་དང་། རབ་ཏུ་དབེན་པར་སྤྱོད་པ་དང་། དབེན་པར ་གནས་མལ་འཆ་བ་དང་། ཟས་དང་སྒྲའི་རྗེསུ་འགྲོ་བའི་དྲི་བོ་ཡོངས་སུ་དྲི་བ་དང་། དེ་བྱེད་པའི་བརྩོན་འགྲུས་ཀྱིས། ཐོས་པ་ཐམས་ཅད་ཁོང་དུ་ཆུད་པར་བྱས། ་པའི་དེ་བཞིན་གཤེགས་པ་དེ་དག་གི་མིང་ཡང་སྐལ་པ་འམ། བསྐལ་པ་ལས་ལྷག་པར་བརྗོད་དུ་ཡོད་ཀྱང་། དེ་བཞིན་གཤེགས་པ་དེ་དག་གིས་ང་བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་འདི་ལྟར་སྤོང་པ་ལ་གནས་པར་འགྱུར་ཏེ། དེ་བས་ན་ཚངས་པ་རྣམ་གྲངས་འདིས་ཀྱང་ཇི ་ནས་བྱང་ཆུབ་སེམས་དཔའ་སྤྱོད་པ་ཐམས་ཅད་ལས་འདས་པ་རྣམས་ལ། ལུང་བསྟན་པ་ཡིན་པར་རིག་པར་བྱའོ།། ཚངས་པ་གང་གི་ཚེ་ངས་དེ་བཞིན་གཤེགས་པ་མར་མེ་མཛད ་མཐོང་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ། དེ་ནས་གདོད་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་ལ་ཁྱོད་མ་འོངས་པའི་དུས་ན། བསྐལ་པ་གྲངས་མེད་པ་ན།། ་ཤཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་སྟན་ཏོ།། དེ་ན་ང་སྤྱོད་པ་ཐམས་ཅད་ལས་འདས ་སོ།། དེ་ན་ངའི་ཕ་རོལ་ཏུ་ཕྱིན་པ་དྲག་ཡོངསསུ་རྫོག་སོ།། དེ་ཅིའི་ཕྱིར་ཞེ་ན། གང་མཚན་མ་ཐམས་ཅད་ཡོངསུ་གཏོང་བ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། གང་དམིགས ་པ་ཐམས་ཅད་རབ་ཏུ་ཞི་བ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་ཡུལ་རྣམས་ལ་སྨྲས་པར་མི་འགྱུར་བ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། གང ་ཆོས་ཐམས་ཅད་དབེན་པ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའོ།། གང་ཡིན་ལ་བྱེད་པ་ཐམས་ཅད་ལ་མི་འཇུག་པ་དེ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། ་གང་རང་བཞིན་གྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚངས་པ་དེ་ལྟར་དེ་བཞིན་གཤེགས་པ་མར་མེ་མཛད་ལས་ཕ་རོལ་ཏུ་ཕྱིན་པ་རྣམས ་ཡོངསུ་རྫོགས་པར་བྱས་སོ།། ཚངས་པ་གང་སེམས་དང་པོ་སྐྱེད་པ་ཚུན་ཆད་ཀྱི་སྦྱིན་པ་ཡོངསུ་གཏོང་བ་དེ་ནི་ཕྱིས་མི་དམིགས་པས། སྦྱིན་པ་ཡོངས་སུ་གཏོང་བ་དེ་ལ། བརྒྱའི་ཆར ་ཡང་ཉེ་བར་མི་འགྲོ་བ་ནས། དཔེའི་བར་དུ་ཡང་ཉེ་བར་མི་འགྲོའོ།། གང་དང་པོའི་ཚུལ་ཁྲིམས་བསླབ་པ་དང་། སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པའི་ཚུལ་ཁྲིམས ་དེ་ནི། ཤིན་ཏུ་སྦྱངས་པའི་ཚུལ་ཁྲིམས་དེ་ལ་དཔེའི་བར་དུ་ཡང་ཉེ་བར་མི་འགྲོའོ།། གང་སེམས་དང་པོ་བསྐྱེད་པ་ཚུན་ཆད་ཀྱི། བཟོད་པ་དང་། ངེས་པ་དེ་ནི་ཤིན་ཏུ་བཟོད་པའི ་ཆོས་ཉིད་དེ་ལ་རྒྱུར་ཡང་ཉེ་བར་མི་འགྲོའོ།། གང་སེམས་དང་པོ་བསྐྱེད་པ་ཚུན་ཆད་ནས་གཟུང་སྟེ། བརྩོན་འགྲུས་བརྩམས་པ་དེ་ནི་བླང་བ་མེད་པ་དང་དོར་བ་མེད་པའི ་བརྩོན་འགྲུས་དེ་ལ་དཔེའི་བར་དུ་ཡང་ཉེ་བར་མི་འགྲོའོ།། གང་སེམས་དང་པོ་བསྐྱེད་པ་ཚུན་ཆད་ཀྱི། བསམ་གཏན་རབ་ཏུ་དབེན་པར་གནས་པ་དེ་ནི་རབ་ཏུ་ཞི་བ་མཚན ་མ་མེད་པ་དེ་ལ་དཔེའི་བར་བུ་ཡང་ཉེ་བར་མི་འགྲོའོ།། ཚངས་པ་གང་སེམས་དང་པོ་བསྐྱེད་པ་ཚུན་ཆད་ཀྱི་ཤེས་རབ་ཀྱིས་སོ་སོར། རྟོག་པ་དེ་ནི། སྤྲོས་པ་མེད ་པའི་ཤེས་རབ་དེ་ལ། དབོའི་བར་དུ་ཡང་ཉེ་བར་མི་འགྲོ་སྟེ། དེ་བས་ན་ཚངས་པ་རྣམ་གྲངས་འདིས། འདི་ལྟར་ངས་དེའི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོང་སུ་རྫོགས ་པར་བྱས་སོ་ཞེས་དེ་ལྟར་རིག་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངསུ་རྫོགས་པ་ལགས། བཀའ ་སྩལ་པ། གང་གཏོང་བ་ལ་རློམ་སེམས་མེད་པ་དང་། ཚུལ་ཁྲིམས་ལ་མི་གནས་པ་དང་། བཟོད་པ་ལ་རྣམ་པར་མི་རྟོག་པ་དང་། བརྩོན་འགྲུས་ལ་བླང་བ་མེད་པ ་དང་། བསམ་གཏན་ལ་མི་གནས་པ་དང་། ཤེས་རབ་ལ་གཉི་སུ་མེད་པ་འདི་ནི་ཚངས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངསསུ་རྫོགས་པ་ཡིན་ནོ།། གསོལ་པ། བཅོམ ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངསུ་རྫོགས་པར་བགྱིད། བཀའ་སྩལ་པ། ཚངས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངསུ་རྫོགས་ནས་ཐམས་ཅད་མཁྱེན་པ་ཉིད ་ཡོངསུ་རྫོགས་པར་བྱེད་དོ།། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ནས་ཐམས་ཅད་མཁྱེན་པ་ཉིད་ཡོངསུ་རྫོགས་པར ་བགྱིད། བཀའ་སྩལ་པ། ཚངས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དེ་ནི། ཐམས་ཅད་མཁྱེན་པ་ཉིད་མཉམ་པ་ཉིད་དོ།། ཚུལ་ཁྲིམ ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཉམ ་པ་ཉིད་གང་ཡིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ ་དེ་ནི། ཐམས་ཅད་མཁྱེན་པ་ཉིད་ཀྱི་མཉམ་པ་ཉིད་དོ།། དེ་བས་ན་མཉམ་པ་ཉིད་འདིས་ཆོས་ཐམས་ཅད་མཉམ་པ་ཉིད་དེ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ་ནི་ཐམས ་ཅད་མཁྱེན་པའི་མཉམ་པ་ཉིད་དོ།། གཞན་ཡང་ཚངས་པ་སྦྱིན་པའི་འདུ་ཤེས་ཡོངསུ་རྫོགས་པ་དང་། ཚུལ་ཁྲིམས་ཀྱི་འདུ་ཤེས་དང་། བཟོད་པ་དང་། བརྩོན་འགྲུས ་དང་། བསམ་གཏན་དང་། ཤེས་རབ་ཀྱི་འདུ་ཤེས་ཡོངས་སུ་རྫོགས་ནས། ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ།། ཐམས་ཅད་མཁྱེན་པ་ཉིད་ནི ་འདུ་ཤེས་ཐམས་ཅད་དང་བྲལ་བ་སྟེ། དེ་ལྟར་ན་ཚངས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས། ཐམས་ཅད་མཁྱེན་པ་ཉིད་ཡོངསུ་རྫོགས་པར་བྱེད་དོ།། གསོལ ་པ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་ཡོངསུ་རྫོགས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་མིག་མི་ལེན་གཟུགས་མི་ལེན ་པ་ནས་ཡིད་དང་ཆོས་ཀྱི་བར་དུ་མི་ལེན་ཏེ། ཚངས་པ་གང་ཕྱི་དང་ནང་གྱི་སྐྱེ་མཆེད་དྲུག་པོ་འདི་རྣམས་མི་ལེན་པ་འདི་ནི་ཐམས་ཅད་མཁྱེན་པ་ཉིད་ཡོངསུ་རྫོགས ་པའོ།། ཚངས་པ་དེ་ལྟར་མཁྱེན་པ་ཉིད་ཡོངསུ་རྫོགས་པར་བྱས་ན། མིག་ལ་མི་ཆགས། རྣ་བ་ལ་མི་ཆགས། སྣ་ལ་མི་ཆགས། ལྕེ་ལ་མི་ཆགས། ལུས་ལ་མི་ཆགས། ཡིད ་ལ་མི་ཆགས་ཏེ། དེ་བས་ན་དེ་བཞིན་གཤེགས་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆགས་པ་མེད་ཅིང་སྒྲིབ་པ་མེད་པ་ཡིན་ནོ།། ཚངས་པ་ཐམས་ཅད་མཁྱེན་པ་ཉིད ་ནི་ཆོས་གང་ལ་ཡང་མི་ལེན་ཏོ།། ཚངས་པ་འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྣོད་དུ་མ་གྱུར་པ་ཡིན་ཏེ། ཚངས་པ་སྣོད་མ་ཡིན་པ་ཞེས ་བྱ་བ་ནི་དངོས་པོ་མེད་པའི་ཚིག་བླ་དགས་སོ།། དངོས་པོ་མེད་པ་ཞེས་བྱ་བ་ནི་བླ་གབ་མེད་པའི་ཚིག་བླ་དགས་སོ།། ཐམས་ཅད་མཁྱེན་པ་ཉིད་ནི་བླ་གབ་མེད་པ་དང་མཚུངས་ཏེ། དེ་བ ་ནི་ཆོས་གང་ཡང་མི་ལེན་ཏོ།། ཚངས་པ་འདི་ལྟ་སྟེ་དཔེར་ན། ནམ་ཀ་ལ་གནས་ཏེ། བྱ་བ་ཐམས་ཅད་བྱེད་ཀྱང་། ནམ་ཀ་དེ་ནི་མི་གནས་པའོ།། དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད ་ལ་ཡེ་ཤེས་ཐམས་ཅད་རྣམ་པར་གཞག་ཀྱང་། ཐམས་ཅད་མཁྱེན་པ་ཉིད་ནི་མི་གནས་པའོ།། གསོལ་པ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་ཐམས་ཅད་མཁྱེན་པ ་ཉིད་ཅེས་བགྱི་བ། བཅོམ་ལྡན་འདས་ཅིའི་སླད་དུ། ཐམས་ཅད་མཁྱེན་པ་ཉིད་ཅེས་བགྱི། བཀའ་སྩལ་པ། ཚངས་པ་ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་ཀྱི ་སྤྱོད་པ་ཐམས་ཅད་དེས་ཤེས་ཏེ། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། དེ་དག་གི་བསམ་པ་ཐམས་ཅད་ཀུན་ཤེས་པ་དང་། སྤོད་པ་ཀུན་ཤེས་པ་དང་། སྦྱོར་བ ་ཀུན་ཤེས་པ་དང་སྙིང་རྗེ་ཀུན་ཤེས་པ་དང་། བསླབ་པ་ཀུན་ཤེས་པ་དང་། དག་པར་འཛིན་པ་ཀུན་ཤེས་པས། དེའི་ཕྱིར་ཐམས་ཅད་མཁྱེན་པོ་ཉིད་ཅེས་བྱའོ།། རྒྱུ་བ་ཐམས་ཅད ་རྣམ་པར་སྤངས་པ་དང་། རློམ་སེམས་ཅན་བཅོམ་པ་དེ་ནི། ཐམས་ཅད་མཁྱེན་པ་ཉིད་དོ།། འཐོབ་པ་མེད་ཅིང་རྣམ་པར་རིག་པ་མེད་ལ། སེམས་ཅན་ཐམས་ཅད་ཀྱི ་སེམས་ཀྱི་སྤྱོད་པ་དེ་ལས་ཤེས་པར་འགྱུར་བས་ན། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། ཡེ་ཤེས་ཐམས་ཅད་མངོན་པར་རྟོགས་པ་དང་། སློབ་པའི་ཡེ་ཤེས་དང་། ་མི་སློབ་པའི་ཡེ་ཤེས་དང་། རང་སངས་རྒྱས་ཀྱི་ཡེ་ཤེས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་། འདི་ལྟར་རྣམ་པར་གཞག་པས་ན། ཐམས་ཅད་མཁྱེན་པ་ཉིད་ཅེས ་བྱའོ།། ཡང་དག་པར་སྦྱོར་བས་འདི་ལས་ཡེ་ཤེས་འཇུག་པས་ན། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། སྨན་ཐམས་ཅད་ཡོངས་སུ་ཤེས་པས། དེའི་ཕྱིར་ཐམས ་ཅད་མཁྱེན་པ་ཉིད་ཅེས་བྱའོ།། ནད་ཐམས་ཅད་རབ་ཏུ་ཞི་བར་བྱས་པས། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། བཅིངས་པ་ཐམས་ཅད་བཅོམ་པས། དེའི ་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་བཅོམ་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། རྟག་ཏུ་མཉམ་པ ་བཞག་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། འཇིག་རྟེན་པ་དང་། ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམས་དང་། ཐམས་ཅད་མཁྱེན་པ་ཉིད་ལས་རྣམ་པར་གཞག་པས་ན། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། ཚངས ་པ་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མཁས་པའི་ཚིག་བླ་དགས་སོ།། དེ་ནས་བཅོམ་ལྡན་འདས་ལ་ཚངས ་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པས། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི ་སྤྱོད་པ་ཐམས་ཅད་ཀྱང་མཁྱེན་ལ། སེམས་ཀྱི་དམིགས་པ་ལ་ཡང་འཇུག་པ་མི་མངའ་བ་ནི། སངས་རྒྱས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་སྟེ། ངོ་མཚར་ཏོ།། བཅོམ་ལྡན ་འདས་དེ་ལ་ཡོན་ཏན་གྱི་བྱེ་བྲག་ཚད་མ་མཆིས་པ་འདི་ལྟ་བུ། འདི་དག་གདའ་ན། རིགས་ཀྱི་བུ་པོའམ། རིགས་ཀྱི་བུ་མོ་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ ་སེམས་མི་སྐྱེད། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས། གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ ་སུ་དག་ཡོན་ཏན་རེ་བའི་སླད་དུ་བྱང་ཆུབ་ལ་འཇུག་ན། དེ་དག་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་ལགས་པར་རིག་པར་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། ་བཅོམ་ལྡན་འདས་རེ་བར་བགྱི་བ་མ་མཆིས་པའི་སླད་དུ། ཆོས་ཐམས་ཅད་ནི་ཡོན་ཏན་དང་བྲལ་ཞིང་། ཡོན་ཏན་མ་མཆིས་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ ་རྣམས་ཀྱི་ཡོན་ཏན་གྱི་སླད་དུའམ། ལེགས་པའི་སླད་དུ་བྱང་ཆུབ་ལ་འཇུག་པར་མི་བགྱིའོ།། གཞན་དུ་ན་སྙིང་རྗེ་ཆེན་པོའི་རྒྱུས་བདག་གི་སྡུག་བསྔལ་བས ་ཡོངསུ་མི་སྐྲག་པའི་སླད་དུ། དགེ་བའི་ཆོས་བསྐྱེད་པར་བགྱི་བའི་སླད་དུ། ལྟ་བ་ལས་རྣམ་པར་ཐར་བར་བགྱི་བའི་སླད་དུ། ནད་ཐམས་ཅད་བསྩལ་བའི། ་སླད་དུ། ཡོངས་སུ་འཛིན་པ་གཏོང་བའི་སླད་དུ། འཛའ་བ་དང་མི་འཛའ་བ་ལ་མི་ལྟ་བའི་སླད་དུ། འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་གོས་པའི་སླད་དུ། འདུས་བྱས་ལས་སྐྱོ་བའི་སླད ་དུ། མྱ་ངན་ལས་འདས་པ་ལ་བདེ་བར་དགོད་པའི་སླད་དུ། དམ་པའི་ཆོས་ཡོངསུ་བཟུང་བའི་སླད་དུ། སེམས་ཅན་ཡོངསུ་སྨིན་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་བྱང་ཆུབ ་སེམས་དཔའ་རེ་བ་མ་མཆིས་པར་བགྱིས་ཏེ། ཕ་རོལ་ཏུ་ཕྱིན་པ་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བགྱིས་པ་དང་། མ་བགྱིས་པ་ལ་འགྱོད་པ་མ་མཆིས་པར་བགྱིའོ།། ། ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་བདེ་བ་དང་སྡུག་བསྔལ་གྱིས་གནོན་པར་མི་འགྱུར་རོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངསུ་དག ་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲིད་ནི། དགེ་བའི་རྩ་བ་ཡོངསུ་དག་པར་མི་སྨྲའོ།། བརྒྱ་བྱིན་དུ་འགྱུར་བ ་ཡང་མ་ཡིན། ཚངས་པར་འགྱུར་བའང་མ་ཡིན་ཏེ། གང་ལ་སྐྱེ་བ་དང་། སྐྱེ་གནས་མེད་པ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་དག་པའོ།། ནམ་བདག ་ཀྱང་དགེ་བའི་རྩ་བ་ཡོངསུ་མི་བྲི་ལ། ཆུང་ངུ་བྱོལ་སོང་གི་སྐྱེ་གནས་སུ་སོང་བ་ཡན་ཆད་སེམས་ཅན་གཞན་གྱི་དགེ་བའི་རྩ་བ་རྣམས་བསྐྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་རྣམ ་ཀྱི་དགེ་བའི་རྩ་བ་ཡོང་སུ་དག་པའོ།། དངོས་པོ་ཐམས་ཅད་ལ་མི་ལྟ་བའི་ཕྱིར་གཏོང་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ཡོངསུ་གདུང་བ་མེད་པའི ་ཕྱིར་ཚུལ་ཁྲིམས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། གནོད་སེམས་མེད་པའི་ཕྱིར་བཟོད་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ ་བའི་རྩ་བའོ།། ལེ་ལོ་མེད་པའི་ཕྱིར་བརྩོན་འགྲུས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ་རྩེ་གཅིག་པའི་ཕྱིར་བསམ་གཏན་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི ་རྩ་བའོ།། ལྟ་བ་དང་། བྲལ་བའི་ཕྱིར་ཤེས་རབ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། སེམས་སྙོམས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ། ་ལྷག་པའི་བསམ་པ་ཡོངསུ་དག་པའི་ཕྱིར་སྙིང་རྗེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ཆོས་ལ་མོས་པ་བསྐྱེད་པའི་ཕྱིར་དགའ་བ་ནི། བྱང་ཆུབ་སེམས་དཔའ ་རྣམས་ཀྱི་དགེ་བའི་རྩ་བའོ།། མཛའ་བ་དང་སྡང་བ་མེད་པའི་ཕྱིར་བཏང་སྙོམས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས ་མི་འདོད་པའི་ཕྱིར། བྱང་ཆུབ་ཀྱི་སེམས་མི་གཏོང་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ། བམ་པོ ་བཞི་པའོ།། །། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ། འཁོར་དེར་འདུས་ཏེ་ཅང་མི་ཟེར་བར་འདུག་གོ།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས ་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པ་འདིར་མཆིས་སྟེ། འདི་ལྟར་ཡང་དག་པར་བརྗོད་པའི་གཏམ་ཅུང་ཟད་ཀྱང་མི ་སྟོན་ཏོ།། དེའི་ཚེ་བཚམ་ལྡན་འདས་ཀྱིས་འཇམ་དཔལ་གནོན་ནུར་གྱུར་པ་ལ་འདིགད་ཅེས་བཀའ་སྩལ་ཏོ།། ཡངམ་དཔལ་ཆོས་བསྟན་པ་འད་ལ་རྩོད་གཏམ་ཅི་རླུང་འནའ་ན ་སྐབས་པར་གྱིས་ཤིག། འཇམ་དཔལ་གྱིས་གསོལ་པ། ཆོས་གང་བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་ལ་གདགས་བཀང་སངམ་མཆིས་པ ་བཀའ་སྩལ་བ། འཇམ་དཔལ་ཆོས་དེ་ལ་གདགས་པ་གང་ཡང་མེད་དོ།། གསོལ་པ། བཅོམ་ལྡན་འདས་ཆོས་དེ་བརྗོད་པར་བགྱི་བ་ལགས་ས། སྨྲ་བར་བགྱི་བ་ལགས་པས། ་བསྟན་པར་བགྱི་བ་ལགས་སམ། བཀའ་སྩལ་པ། འཇམ་དཔལ་ཆོས་དེ་བརྗོད་པར་བྱ་བ་མ་ཡིན། སྨྲ་བར་བྱ་བ་མ་ཡིན། བསྟན་པར་བྱ་བ་མ་ཡིན་ནོ།། གསོལ་པ། བཅོམ་ལྡན ་འདས་ཆོས་གང་ཡང་མ་བརྗོད་མ་སྨྲས་མ་བསྟན་པ་དེ་བཤད་པར་ནུས་སམ། ཁྱད་པར་སེམས་ཀྱིས་སྨྲས་པ། འཇམ་དཔལ་ཁྱོད་སེམས་ཅན་གཞན་དང་། གང་ཟག་གཞན་དག ་ལ་ཆོས་མི་སྟོན་ཏམ། སྨྲས་པ་ཚངས་པ་ཅི་ཆོས་ཀྱི་དབྱིངས་གཉིས་སུ་རབ་ཏུ་ཕྱེ་བ་ཡིན་ནོ། སྨྲས་པ་དེ་མ་ཡིན་ནོ།། སྨྲས་པ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ངེས་པ་མ ་ཡིན་ནམ། སྨྲས་པ་ངེས་པ་མ་ཡིན་ནོ།། སྨྲས་པ་ཚངས་པ་གལ་ཏེ་ཆོས་ཀྱི་དབྱིངས་ཀྱང་གཉི་སུ་མེད་པ་ཡིན་ལ། ཆོས་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་སུ་ངེས་ན། སེམས ་ཅན་གཞན་དང་། གང་ཟག་གཞན་དག་ལ། ཇི་ལྟར་ཆོས་བསྟན་པར་བྱ། སྨྲས་པ། འཇམ་དཔལ་གཉིས་ཀྱང་མ་ཡིན་ལ། ཆོས་བསྟན་པ་ཡོད་དོ།། སྨྲས་པ། གལ ་ཏེ་སྟོན་པ་འམ། ཉན་པ་འགའ་ཞིག་རྙེད་ན་ཡོད་དོ།། སྨྲས་པ་འཇམ་དཔལ་དེ་བཞིན་གཤེགས་པས། ཆོས་མ་བསྟན་ཏམ། སྨྲས་པ། ཚངས་པ་བསྟན་མད ་ཀྱི། གཉི་སུ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་གཉི་སུ་མེད་པར་ཆོས་སྟོན་ཏེ། གཉི་སུ་མི་མཛད་དོ།། སྨྲས་པ། འཇམ་དཔལ་གལ་ཏེ། ཆོས་ཐམས་ཅད ་གཉི་སུ་མེད་པ་ཡིན་ན། དེ་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས། གཉི་སུ་མེད་པ་གཉི་སུ་བྱེད་སྨྲས་པ། བདག་གི་རྒྱུད་ལ་བདག་ཏུ་འཛིན་པས། བྱིས་པ་སོ་སོའི་སྐྱེ་བོ་རྣམས ་སུ་མེད་དེ། གཉི་སུ་མེད་པ་ནི་ནམ་ཡང་གཉིསུ་མི་འགྱུར་རོ།། ཇི་ཙམ་དུ་མང་དུ་གཉིས་བྱས་ཀྱང་གཉི་སུ་མེད་པའི་མཐའ་ལ་ཉི་སུ་མེད་དོ།། སྨྲས་པ་འཇམ་དཔལ་གཉི་སུ་མེད ་པ་ཅི་རྣམ་པར་རིག་པར་བྱེད། སྨྲས་པ་གལ་ཏེ། རྣམ་པར་རིག་པར་བྱེད་ན། གཉི་སུ་མེད་པ་ལ་ཡིན་པར་འགྱུར་ཏེ། གཉི་སུ་མེད་པ་ནི་རྣམ་པར་རིག་པར་མེད་པའོ།། ཚངས ་བ་གཉིས་ཤེས་བྱ་བ་ནི་རྣམ་པར་རིག་པའོ།། དེ་བཞིན་གཤེགས་པས་ནི་རྣམ་པར་རིག་པར་བྱེད་པར་ཆོས་བསྟན་ཏེ། ཆོས་དེ་ཡང་ཇི་ལྟར་བསྟན་པ་དེ་བཞིན་དུ་མ་ཡིན་ནོ།། ་དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་ཡི་གེ་མེད་པའི་ཕྱིར་རོ།། སྨྲས་པ་འཇམ་དཔལ་དེ་བཞིན་གཤེགས་པས་ཆོས་བསྟན་པ་ནི་འགྲོ་བ་མེད་པར་འགྲོའོ།། སྨྲས་པ། འཇམ་དཔལ་དེ ་བཞིན་གཤེགས་པས། མྱ་ངན་ལས་འདས་པ་འགྲོ་བའི་ཆོས་མ་བསྟན་ཏམ། སྨྲས་པ་ཅི་མྱ་ངན་ལས་འདས་པ་ལ་འགྲོ་བ་འམ། འོང་བར་དམིགས་སམ། སྨྲས་པ། མྱ་ངན ་ལས་འདས་པ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དོ།། སྨྲས་པ། ཚངས་པ་དེ་ལྟར་བས་ན་དེ་བཞིན་གཤེགས་པས་འགྲོ་བ་མེད་པར་འགྲོ་བའི་ཆོས་བསྟན་ཏོ།། སྨྲས་པ། ་ཇི་ལྟར་ཐོས། སྨྲས་པ་ཇི་ལྟར་བརྗོད་པ་བཞིན་དུའོ།། སྨྲས་པ་ཇི་ལྟ་བུར་བརྗོད། སྨྲས་པ། ཇི་ལྟར་རྣམ་པར་རིག་པ་མེད་པ་དང་། ཐོས་པ་མེད་པ་བཞིན་ནོ།། སྨྲས་པ། དེ ་བཞིན་གཤེགས་པའི་ཆོས་ཉན་པ་གང་ཡིན། སྨྲས་པ་གང་ཡུལ་ལ་ཟག་པ་མེད་པ་རྣམས་སོ།། སྨྲས་པ། ཆོས་འདི་སུས་ཤེས་པར་འགྱུར། སྨྲས་པ་གང་བཅོད་པར་མི ་འགྱུར་བ་དང་། ཤེས་པར་མི་འགྱུར་བ་དང་། རྗེསུ་མི་འགྱུར་བ་རྣམ་སོ།། སྨྲས་པ། འཇམ་དཔལ་ཇི་ལྟར་ན་དགེ་སློང་བརྩོད་པ་མང་བ་ཡིན། སྨྲས་པ་འདི་ནི་རིགས་སོ་ཞེས ་བྱ་བ་འདི་ནི་བརྩོད་པའོ།། དེ་བཞིན་དུ་བསྡུས་ཏེ་འདི་ནི་འབྲེལ་པའོ།། འདི་ནི་མ་འབྲེལ་པའོ།། ཞེས་བྱ་དང་། འདི་ནི་ཉོན་མོངས་པའོ།། འདི་ནི་རྣམ་པར་བྱའོ་ཞེས ་བྱ་བ་དང་། འདི་ནི་དགེ་བའོ།། འདི་ནི་མི་དགེ་བའོ་ཞེས་བྱ་བ་དང་། འདི་ནི་ཁ་ན་མ་ཐོ་བ་དང་བཅས་པའོ།། འདི་ནི་ཁ་ན་མ་ཐོ་བ་མེད་པའོ།། འདི་ནི་ཟག་པ་དང་བཅས ་པའོ།། འདི་ནི་ཟག་པ་མེད་པའོ།། ཞེས་བྱ་བ་དང་། འདི་ནི་འཇིག་རྟེན་པའོ།། འདི་ནི་འཇིག་རྟེན་ལས་འདས་པའོ་ཞེས་བྱ་བ་དང་། འདི་ནི་འདུས་བྱས་སོ།། འདི་ནི་འདུས ་མ་བྱས་སོ་ཞེས་བྱ་བ་དང་། འདི་ནི་ཚུལ་ཁྲིམས་སོ།། འདི་ནི་ངང་ཚུལ་ངན་པ་ཞེས་བྱ་བ་དང་། འདི་ནི་བྱའོ།། འདི་ནི་བྱ་བ་མ་ཡིན་པའོ་ཞེས་བྱ་བ་དང་། འདིས་ནི་འཐོབ ་བར་འགྱུར་རོ།། འདིས་ནི་འཐོབ་པ་མ་ཡིན་པར་འགྱུར་རོ།། ཞེས་བྱ་བ་འདི་ནི་བརྩོད་པའོ།། ཚངས་པ་ཇི་ཙམ་དུ་ཁེངས་པ་དང་། འདུད་པ་དང་ལེན་པ་དང་། ་དོར་བ་དེ་ཙམ་དུ་རྩོད་པ་སྟེ། དེ་བཞིན་གཤེགས་པས་ནི། རྩོད་པ་མེད་པར་ཆོས་བསྟན་ཏོ།། སྤྲོས་པ་ལ་དགའ་བ་ལ་ནི། མི་རྩོད་པ་མེད་དོ།། རྩོད་པ་མང་བ་ལ་ནི་དགེ་སྦྱོང་དུ ་འགྱུར་བ་མེད་དོ།། དགེ་སློང་འདོད་པ་ལ་ནི་འཐབ་པ་མེད་དེ།། སྨྲས་པ་འཇམ་དཔལ་ཇི་ལྟར་དགེ་སློང་དེ་བཞིན་གཤེགས་པའི་སྟོན་པ་བྱེད་པ་དང་། བཀའ་བཞིན་བྱེད་པར ་འགྱུར། སྨྲས་པ། ཚངས་པ་ནས་དགེ་སློང་བསྟོད་པ་དང་སྨད་པ་བྱས་ཀྱང་གནོད་པ་མེད་པ། དེ་ལྟར་ན་བསྟན་པ་བཞིན་དུ་བྱེད་པ་ཡིན་ནོ།། གང་ཡི་གེའི་རྗེས་སུ་མི་སྙེགས་ན། ་དེ་ལྟར་བཀའ་བཞིན་དུ་བྱེད་པ་ཡིན་ནོ།། གང་མཚན་མ་ཐམས་ཅད་ལས་ཞི་བར་གྱུར་ན། དེ་ལྟར་ན་བསྟན་པ་བཞིན་བྱེད་པ་ཡིན་ནོ།། གང་དོན་དང་འགལ་བར་མི་བྱེད་ན། གང ་དེ་ལྟར་བཀའ་བཞིན་བྱེད་པ་ཡིན་ནོ།། གང་ཆོས་ཡོངསུ་སྲུང་ན་དེ་ལྟར་བསྟན་པ་བཞིན་བྱེད་པ་ཡིན་ནོ།། གང་ཚིག་རྣམས་དང་འཐུན་པར་མི་བྱེད་ན། དེ་ལྟར་ན་བཀའ་བཞིན་དུ ་བྱེད་པ་ཡིན་ནོ།། སྨྲས་པ། འཇམ་དཔལ་ཇི་ལྟར་ན། དགེ་སློང་དམ་པའི་ཆོས་ཡོངསུ་སྲུང་བ་ཡིན། སྨྲས་པ། གང་མཉམ་པ་ཉིད་ལས་འགལ་བར་མི་བྱེད་ཅིང་། ཆོས་ཀྱི ་དབྱིངས་རྣམ་པར་འཁྲུགས་པར་མི་བྱེད་ན། དེ་ལྟར་ན་དམ་པའི་ཆོས་ཡོངསུ་བསྲུང་བ་ཡིན་ནོ།། སྨྲས་པ། འཇམ་དཔལ་ཇི་ལྟར་ན་དགེ་སློང་དེ་བཞིན་གཤེགས་པ ་ལ་ཉེ་བར་གནས་པ་ཡིན། སྨྲས་པ། ཚངས་པ་གང་ཆོས་གང་ལ་ཡང་ཉེ་བ་འམ། རིང་བ་མེད་པར་མཐོང་བའི་དགེ་སློང་དེ་ནི་དེ་བཞིན་གཤེགས་པ་ལ་ཉེ་བར་གནས་པ་ཡིན་ནོ།། སྨྲས ་པ། ཇི་ལྟར་ན། འཇམ་དཔལ་དགེ་སློང་དེ་བཞིན་གཤེགས་པ་ལ་རིམ་གྲོ་དང་། བསྙེན་བཀུར་བྱེད་པ་ཡིན། སྨྲས་པ། ཚངས་པ་དགེ་སློང་གང་ལུས་དང་ངག་དང་ཡིད་ཀྱིས་བརྟུལ ་བར་བྱེད་པའི་དགེ་སློང་དེ་ནི། དེ་བཞིན་གཤེགས་པ་ལ་རིམ་གྲོ་དང་བསྙེན་བཀུར་བྱེད་པའོ།། སྨྲས་པ། འཇམ་དཔལ་སུས་དེ་བཞིན་གཤེགས་པ་མཆོད་པར་འགྱུར། ་སྨྲས་པ། ཚངས་པ་གང་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་ཐམས་ཅད་མངོན་པར་འད་མི་བྱེད་པའོ།། སྨྲས་པ། ་འཇམ་དཔལ་སུས་དེ་བཞིན་གཤེགས་པ་མཐོང་། སྨྲས་པ་གང་ཤི་སྤྱན་དང་ལྷའི་སྨན་དང་། ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྨན་ལ་འང་མངོན་པར་མ་ཆགས་པ ་དེས། དེ་བཞིན་གཤེགས་པ་མཐོང་ངོ་།། སྨྲས་པ། འཇམ་དཔལ་སུས་ཆོས་མཐོང་། སྨྲས་པ། གང་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་ཞིང་འགལ་བར་མི་བྱེད ་པ་རྣམས་སོ།། སྨྲས་པ། སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་། སྨྲས་པ། གང་མཉམ་པ་ཉིད་མི་སྐྱེད་ཅིང་། འགལ་བར་མི་བྱེད་པས་སོ།། སྨྲས་པ ་འཇམ་དཔལ་སུས་དག་མངོན་པར་ཤེས་པ་ཐོབ། སྤྲས་པ། གང་ཟག་པ་མི་སྐྱེད་ཅིང་མི་འགོག་པ་རྣམ་སོ།། སྨྲས་པ། འཇམ་དཔལ་སུ་དེ་བཞིན་གཤེག ་པའི་སླབ་པ་ལ་སློབ། སྨྲས་པ། གང་མངོན་པར་འདུ་མི་བྱེད་པ་དང་། མོང་བར་མི་བྱེད་པ་དང་། མི་སྐྱེད་པ་དང་། སོ་སོར་མི་སྦྱོང་བ་རྣམས་སོ།། སྨྲས ་འཇམ་དཔལ་སུ་དག་ཞུགས། སྨྲས་པ། གང་ཁམས་གསུམ་པ་ལ་མ་ཞུགས་པའོ།། སྨྲས་པ། འཇམ་དཔལ་གང་ཤིན་ཏུ་དུལ་བ་ཡིན། སྨྲས་པ། གང་སྲིད་པ་མི་ལེན ་བའོ།། སྨྲས་པ། འཇམ་དཔལ་གང་བདེ་བར་གྱུར་པ་ཡིན། སྨྲས་པ་གང་ང་ཡིར་བྱ་བ་མེད་པ་རྣམསོ།། སྨྲས་པ། འཇམ་དཔལ་སུ་དག་འགྲོ་བ་ཡིན། སྨྲས་པ། ་གང་དམིགས་པ་འཁྲུགས་པར་མི་བྱེད་པ་རྣམས་སོ།། སྨྲས་པ། འཇམ་དཔལ་སུ་དག་རྒོལ་བ་ཡིན། སྨྲས་པ། གང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས ་བ་རྣམས་སོ།། སྨྲས་པ། འཇམ་དཔལ་ཟག་པ་ཟད་པའི་དགེ་སློང་ཅི་ཟད། སྨྲས་པ། གང་འཁོར་ལ་ཚངས་པ་གལ་ཏེ་ཟད་པར་གྱུར་ན་ནི། ཟག་པ་ཟད་པར་མི ་འགྱུར་ཏེ། ཟག་པ་དེ་དག་ནི་སྐད་ཅིག་པ་ཡིན་པས་དེས་དེ་དག་དེ་བ་བཞིན་གཤེགས་པས་ནི། དེའི་ཕྱིར་ཟག་པ་ཟད་པ་ཞེས་བྱའོ།། སྨྲས་པ། འཇམ་དཔའ་སུ ་དག་བདེན་པར་སྨྲ་བ་ཡིན། སྨྲས་པ། གང་བརྩོད་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་རྣམསོ།། སྨྲས་པ། འཇམ་དཔལ་སུ་ལམ་དུ་ཞུགས་པ་ཡིན། སྨྲས་པ། ་ཚངས་པ་བྱིས་པ་སོ་སོའི་སྐྱེ་བ་རྣམས་ལམ་དུ་ཞུགས་པའོ།། སྨྲས་པ་འཇམ་དཔལ་སུ་ལས་ངན་པར་ཞུགས་པ་ཡིན། སྨྲས་པ་གང་གིས་ཆོས་ཐམས ་ཅང་གང་ནས་ཀྱང་མ་འོངས་པ་དང་། གང་དུ་ཡང་མི་འགྲོ་བར་ཤེས་པའི་འཕགས་པ་རྣམསོ།། སྨྲས་པ་འཇམ་དཔལ་བདེན་པ་མཐོང་བ་གང་ཡིན་སྨྲས་པ། ཆོས་དང་། ་ཡང་མི་མཐོང་བའོ།། དེ་ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་མཐོང་བ་དེ་ཙམ་དུ་བརྫུན་ཏེ། མཐོང་བ་མེད་པ་ནི་བདེན་པའི་མཐོང་བའོ།། སྨྲས་པ་གང་མཐོང་བདེན་པས་མཐོང་། སྨྲས ་པ། ལྟ་བར་གྱུར་པ་ཐམས་ཅད་མ་མཐོང་བས་བདེན་པ་མཐོང་བའོ།། སྨྲས་པ་དེ་གང་དུ་བཙལ་བར་བྱ། སྨྲས་པ། ཕྱིན་ཅི་ལོག་བཞི་དག་ལས་བདེན་པ་བཙལ་བར་བྱའོ།། ་སྨྲས་པ། འཇམ་དཔལ་ཅི་ལ་བསམས་ཏེ་སྐད་སྟོན། སྨྲས་པ། ཕྱིན་ཅི་ལོག་བཞི་ཚོལ་བ་གང་ཡིན་པ་དེ་ལ་རྟག་པར་ཡང་མེད་བདེ་བ་ཡང་མེད། བདག་ཀྱང་མེད་གཙང་བ ་ཡང་མེད་དེ། གང་ལ་རྟག་པ་མེད་པ་དེ་ནི་མི་རྟག་པའོ།། གང་ལ་བདེ་བ་མེད་པ་དེ་ནི་སྡུག་བསྔལ་བའོ།། གང་ལ་བདག་མེད་པ་དེ་ནི་བདག་མེད་པའོ།། གང་ལ་གཙང་བ་མེད ་པ་དེ་ནི་མི་གཙང་བའོ།། ཚངས་པ་ཆོས་ཐམས་ཅད་ལ་བདག་མེད་པ་དེ་ནི་འཕགས་པའི་བདེན་པ་ཚོལ་བ་སྟེ། གང་བདེན་པ་ཚོལ་བ་དེ་ནི་སྡུག་བསྔལ་ཡོངསུ་མི་ཤེས་པ ་ནས། ལམ་གྱི་བར་དུ་མི་སྒོམ་པའོ།། སྨྲས་པ། འཇམ་དཔལ་ཇི་ལྟར་ན་ལམ་ལ་བསྒོམ་པ་ཡིན། སྨྲས་པ། བསྒོམ་པ་ནི་ཇི་ལྟར་དངོས་པོར་ཡང་མི་ལྟུང་དངོས་པོ་མེད ་བར་ཡང་མི་ལྟུང་ཞིང་། ཆོས་གང་ཡང་དངོས་པོར་མི་བྱེད། དངོས་པོ་མེད་པར་ཡང་མི་བྱེད། ཚངས་པ་གཉིས་དང་བྲལ་བ་ནི་ལམ་མོ།། ལམ་གང་གིས་བཙལ་བ། ་ཆོས་ཐམས་ཅད་མི་དམིགས་པ་འདི་ནི་ལམ་མོ།། ལམ་གང་དུ་ཡང་ཕྲད་པར་ཡང་མི་བྱེད། འདོར་བར་ཡང་མི་བྱེད་ཅིང་། འཁོར་བ་ཡང་མེད་མྱ་ངན་ལས་འདས ་པ་ཡང་མེད་པའོ།། དེ་ཅིའི་ཕྱིར་ཞེ་ན། ཕྲད་པར་བྱེད་པ་ཡང་མེད། འདོར་བ་ཡང་མེད་པ་ནི། འཕགས་པ་རྣམས་ཀྱི་ལམ་མོ།། དེ་ནས་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུའི་བུ་མཉམ ་པར་གནས་པ་ཞེས་བྱ་བས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་ཇི་ལྟར་ན་དགེ་སྙེན་སངས་རྒྱས་ལ་སྐྱབསུ་སོང་བ་ཡིན། ཇི་ལྟར་ན་ཆོས ་ལ་སྐྱབསུ་སོང་བ་ཡིན། སྨྲས་པ། རིགས་ཀྱི་བུ་ནམ་དགེ་བསྙེན་ལྟ་བ་གཉིས་ཉེ་བར་མི་ལེན་ཏོ།། གཉིས་གང་ཞེ་ན། བདག་ཏུ་ལྟ་བ་མི་ལེན། ཕ་རོལ་ཏུ་ལྟ་བར་མི་ལེན། བདག ་ཏུ་བལྟ་བ་མི་ལེན། སངས་རྒྱས་སུ་ལྟ་བ་མི་ལེན། བདག་ཏུ་ལྟ་བ་མི་ལེན། ཆོས་སུ་ལྟ་བ་མི་ལེན། བདག་ཏུ་ལྟ་བ་མི་ལེན། དགེ་འདུན་དུ་ལྟ་བ་མི་ལེན། པ། དེ་ཙམ་གྱིས་དགེ ་བསྙེན་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབསུ་སོང་བ་ཡིན་ནོ།། གཞན་ཡང་རིགས་ཀྱི་བུ་ནམ་དགེ་སྙེན་དེ་བཞིན་གཤེགས་པ་གཟུགས་སུ་ཁས་མི་ལེན། ཚོར་བར ་མ་ཡིན་འདུ་ཤེསུ་མ་ཡིན། འདུ་བྱེད་དུ་མ་ཡིན། དེ་བཞིན་གཤེགས་པ་རྣམས་པར་ཤེས་པར་ཁས་མི་ལེན་ན། དེ་ལྟར་ན། སངས་རྒྱས་ལ་སྐྱབསུ་སོང་བ་ཡིན་ནོ།། ནམ ་ཆོས་གང་ལ་ཡང་རྣམས་པར་མི་རྟོག་ཅིང་། སྒྲོ་མི་འདོགས་ན། དེ་ལྟར་ན་ཆོས་ལ་སྐྱབས་སུ་སོང་བ་ཡིན་ནོ།། ནམ་དགེ་འདུན་འདུས་མ་བྱས་སུ་འང་མོས་ལ། འདུས ་བྱས་ལས་གུད་ན་འདུས་མ་བྱས་སུ་མོས་པར་ཡང་མི་བྱེད་ན། དེ་ལྟར་ན་དགེ་འདུན་ལ་སྐྱབསུ་སོང་བ་ཡིན་ནོ།། གཞན་ཡང་རིགས་ཀྱི་བུ་ནམ་དགེ་སྙེན་སངས་རྒྱས་སུ་ཡང་མི་དམིགས། ་ཆོ་སུ་འང་མི་དམིགས། དགེ་འདུན་དུའང་མི་དམིགས་ན། དེ་ལྟར་ན་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབ་སུ་སོང་བ་ཡིན་ནོ།། མཉམ་པར་གནས་པས་སྨྲས་པ། འཇམ ་དཔལ་བྱང་ཆུབ་སེམས་དཔའ་གང་འདི་དག། བྱང་ཆུབ་ཏུ་རབ་ཏུ་ཞུགས་པ་དེ་དག་གང་དུ་རབ་ཏུ་ཞུགས་པ་ཡིན། སྨྲས་པ། བླ་གབ་མེད་པ་ལ་རབ་ཏུ་ཞུགསོ།། དེ་ཅིའི་ཕྱིར ་ན། བྱང་ཆུབ་ནི་བླ་གབ་མེད་པ་དང་མཚུངས་སོ།། སྨྲས་པ། འཇམ་དཔལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་རབ་ཏུ་ཞུགས་པ་ཞེས་བརྗོད་པར་བྱ། སྨྲས་པ། ་རིགས་ཀྱི་བུ་ནམ་བྱང་ཆུབ་སེམས་དཔའ་རབ་ཏུ་འཇུག་པ་མ་ཡིན་པར་རབ་ཏུ་ཤེས་པ་དང་། ཆོས་ཐམས་ཅད་ཆོས་མ་ཡིན་པར་རབ་ཏུ་ཤེས་པ་དང་། སེམས་ཅན་ཐོས ་ཅད་སེམས་ཅན་མ་ཡིན་པར་རབ་ཏུ་ཤེས་པ་སྟེ། དེ་ལྟར་ན་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་རབ་ཏུ་ཞུགས་པ་ཞེས་བརྗོད་པར་བྱའོ།། དེ་ནས་བཅོམ ་ལྡན་འདས་ལ། བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱང ་ཆུབ་སེམས་དཔའ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རིགས་ཀྱི་བུ་ནམ་བྱང་ཆུབ་སེམས་དཔའ་ལོག་པར་ངེས་པའི་སེམས་ཅན་རྣམས་ལ ་སྙིང་རྗེ་བསྐྱེད་ཅིང་ཡང་དག་པར་ངེས་པའི་སེམས་ཅན་རྣམས་ལ་ལྷག་པར་གུས་པ་མི་སྐྱེད་པའི་ཚིག་བླ་དགས་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་ཅིའི ་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི། ངེས་པ་དང་། མ་ངེས་པའི་སེམས་ཅན་རྣམས་ཀྱི་ཕྱིར་བྱང་ཆུབ་ཏུ་སྨོན་ལམ་མི་འདེབས་ཀྱི་གཞན་དུ་ན་ལོག་པར་ངེས་པའི་སེམས ་ཅན་རྣམས་ཀྱི་ཕྱིར་བྱང་ཆུབ་ཏུ་སྨོན་ལམ་འདེབས་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་བས་ན་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ལོག་པར་ངེས་པའི་སེམས་ཅན ་རྣམས་སྙིང་རྗེ་བར་བྱས་ནས། བྱང་ཆུབ་ཏུ་སྨོན་ལམ་འདེབས་ཏེ། དེ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་བྱང ་ཆུབ་ཅེས་བྱ་བས་འདི་སྐད་གསོལ་ཏོ།། བཅོམ་ལྡན་འདས་གང་གི་སླད་དུ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་བདག་ཀྱང་སྤོབས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། བྱང་ཆུབ་ཁྱོད་སྤོབས་པར་གྱིས་ཤིག། བྱང་ཆུབ་ཀྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། སྐྱེས་པ་འམ། བུད་མེད་ཇི་ལྟ་བུར་བསྟན་པའི་ཡན་ལག་བརྒྱད་དང་། ་ལྡན་པའི་གསོ་སྦྱིན་ལ་མ་རལ་མ་ཞིག་པར་ཉེ་བར་གནས་ན། དེ་ཡན་ལག་བརྒྱད་ཀྱི་གསོ་སྦྱིན་ཡང་དག་པར་བླངས་པ་ཞེས་བགྱི་བའི་གྲངས་སུ་མཆིའོ།། བཅོམ་ལྡན་འདས ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་གཟུང་སྟེ། བྱང་ཆུབ་ཀྱི་སྟོང་པོའི་བར་དུ་བྱང་ཆུབ་ཀྱི་སེམས་ལས་མ་གཡོས་པ་ལགས་ཏེ། དེ་ནི་དེའི་སླད་དུ ་བྱང་ཆུབ་སེམས་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལྷག་པར་བསམ་པ་བརྟན་པས་སེམས་ཅན་ལ་མི ་དམིགས་པའི་བྱམས་པ་དང་ལྡན་པ་ལགས་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་སེམས་ཅན་སྒྲོལ་གྱིས་གསོལ་པ། བཅོམ་ལྡན་འདས་འདི ་ལྟ་སྟེ་དཔེར་ན། གྲུ་འམ་ཟམ་པ་ནི་སེམས་ཅན་རྒལ་བ་ལ་སྐྱེ་བ་མ་མཆིས་ཤིང་། རྣམ་པར་མི་རྟོག་པ་དེ་བཞིན་དུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལ། སེམས་ཅན ་ཐམས་ཅད་བསྒྲལ་བའི་སླད་དུ་དེ་ལྟ་བུའི་སེམས་མཆིས་པའི་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་ངན་སོང་སེལ་གྱིས་གསོལ་པ། བཅོམ ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ཀྱི་ཞིང་གང་སུ་སུག་པ་བཞག་མ་ཐག་ཏུ་ངན་སོང་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་མཐོང་བ་ཙམ་གྱིས་སེམས་ཅན་བྱང་ཆུབ ་དུ་ངེས་པར་འགྱུར་བ་དང་། མིང་ཐོས་པས་འཇིག་པ་ཐམས་ཅད་ལས་ཐར་པར་འགྱུར་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས ་དཔའ་མཐུ་ཆེན་ཐོབ་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གོམ་པ་འདོར་ཞིང་མཆི་མ་བ་ན། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན ་གྱི་ཁམས་ཀྱི། བདུད་ཀྱི་ཁམས་ཐམས་ཅད་རབ་ཏུ་གཡོ་བར་འགྱུར་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་མི ་ར། སྐྱོབས་གསལ་པ། བཅོམ་ལྡན་འདས་གལ་ཏེ་བསལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་ཉིན་ཞགཅིག་ཏུ་གྱུར་ལ།། དེ་ཉིད་དགག་དུ་བགྲང་བ་དེ་ལྟ་བུའི་ཚུལ་གྱིས་འགའཅཝ་ལྔ་ལ་ཟླབ ་བྱེད་ལ་ཞག་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལོ་གཅིག་པའི་ལོ་བྱེ་བ་བརྒྱད་སྟོང་ལ་སངས་རྒྱས་གཅིག་བྱུང་ནས་མཉེས་པར་བྱེད་དེ། རྣམ་གྲངས་འདི་ལྟ་བུས ་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ན་ཚངས་པར་སྤྱོད་པ་སྤྱད་ནས་ཕྱིས་ལུས་བསྟན་ཀྱང་ཡོངསུ་མི་སྐྱེ་བ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས ་བགྱིའོ།། བྱང་ཆུབ་སེམས་དཔའ་དེད་དཔོན་བཟང་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལམ་ངན་ཞུགས་པའི་སེམས་ཅན་ལམ་ངན་པར ་ཞུགས་པ་རྣམས་ལ་ལམ་བཟང་པོ་ལ་དགོད་པའི་སླད་དུ། སྙིང་རྗེ་ཆེན་པོ་ལ་བསྐྱེད་ཅིང་དེ་ལན་རེ་བ་མ་མཆིས་པ་དེ་ལ། དེའི་སླད་དུ་བྱང་ཆུབ་སེམས་དཔའ་རི་རབ་ཆེན་པོས ་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་རི་རབ་དང་མཚུངས་ཤིང་། རྣམ་པར་མི་རྟོག་པར་རབ་ཏུ་འཚལ་བ་དེ་ནི། དེའི་སླད་དུ་བྱུང ་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་མཐུ་བོ་ཆེས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཉོན་མོངས་པ་ཐམས་ཅད་ཀྱིས ་མི་ཆོམས་པ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སེམ ་ཀྱིས་ཆོས་ཐམས་ཅད་ལ་སེམས་ཀྱང་དེ་ལ་མ་སྨས་ཤིང་མ་ཉམས་པ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་སེང་གེའི་འགྲོས་སུ ་འགྲོ་བས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་། ཆོས་ཟབ་མོ་ལ་བཟོད་ཅིང་མི་སྐྲག་སྟེ། ཕ་རོལ་ཀྱི་མུ་སྟེགས་ཅན་ཐམས་ཅད་སྐྲག་པར་བགྱིད ་པ་དེ་ནི་དེའི་སླད་དུ། བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པས་གསོལ་པ། བཅོམ་ལྡན་འདས་གང་སེམས་ལུས ་བསམ་གྱིས་མི་ཁྱབ་འཇུག་ཅིང་མི་སེམས། རྣམ་པར་མི་སོས་པ་དེ་ནི་དེའི་སླད་དུ། བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། ལྷའི་བུ་མཚམ་བཟད་ཀྱིས་གསོལ་པ། ་གང་ལྷའི་གནས་ཐམས་ཅད་དུའང་སྐྱེ་ལ། ཅི་ལ་ཡང་ཆགས་པར་མི་བགྱིད། འདོད་ཆགས་དང་བྲལ་བའི་ཆོས་ཉིད་ཀྱང་ཁོང་དུ་ཆུད་པར་མི་བགྱིད་པ་དེ་ནི། དེའི ་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་བདེ་བར་སྨྲ་བས། གསོལ་པ། བཅོམ་ལྡན་འདས་ཆུབ་སེམས་དཔའ་གང་གི་ངག་བདེན་པའི ་རྗེས་སུ་འདུག་ཅིང་། རྨི་ལམ་ན་ཡང་རྫུན་གྱི་ཚིག་མི་སྨྲ་བ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་མཐོང་ན་དགས། ་གསོལ་པ། གང་གཟུགས་ཐམས་ཅད་སངས་རྒྱས་ཀྱི་གཟུགས་སུ་མཐོང་བ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས ་དཔའ་རྟག་ཏུ་སྙིང་རྩེ་བས། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་འཁོར་བར་ཞུགས་པའི་སེམས་ཅན་སྡུག་བསྔལ་བ་རྣམས་མཐོང་ནས། ཆོས་ལ ་དགའ་བ་མ་གཏོགས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་མ་གཏོགས་པར། དགའ་བ་ཐམས་ཅད་ལས་དགའ་བར་མི་བགྱིད་པ་དེ་ནི། དེའི་སླད་དུ་བྱང་ཆུབ ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་ཐོགས་པ་མེད་ཀྱིས། གསོལ་པ། བྱང་ཆུབ་སེམས་དཔའ་གང་ཉོན་མོངས་པ་ཐམས་ཅད་དང་། བདུད་ཐམས་ཅད་ལ ་ཡང་ཐོགས་པ་མ་མཆིས་པར་འགྱུར་པ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་རྟག་ཏུ་དགའ་དགོད་དབང་པོས་གསོལ་པ། བཅོམ ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་རྟག་ཏུ་དགོད་པ་དང་། རབ་ཏུ་དགའ་བའི་དབང་པོ་དག་གིས་བདག་གི་བསམ་པ་ཡོངསུ་རྫོགས་ཤིང་བགྱི་བ་བགྱིས་པ། བགྱིད ་པ་བགྱིས་པ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། སྲིང་མོས་ཡིད་གཉིས་རྣམ་པར་འཇོམ་པས། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ ་གང་ཆོས་ཐམས་ཅད་ལ་ཡིད་གཉིས་མ་མཆིས་ཤིང་ཐེ་ཙོམ་མ་མཆིས་པ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། གཞོན་ནུ་སེང་གེས། གསོལ་པ། ་བཅོམ་ལྡན་འདས་གང་ལ་བུད་མེད་ཀྱི་ཆོས་ཀྱང་མ་མཆིས་ཏེ། སྐྱེས་པའི་ཆོས་ཀྱང་མ་མཆིས་ལ། སེམས་ཅན་ཡོངསུ་སྨིན་པར་བགྱི་བའི་སླད་དུ། གཟུགས་སྣ་ཚོགས་ཀྱང་སྟོན་པ་དེ ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བུ་མོ་རིན་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་དང་། ཆོས་དང་དགེ་འདུན ་རིན་པོ་ཆེ་མ་གཏོགས་པའི་རིན་པོ་ཆེ་གཞན་ལ་དགའ་བ་མི་བསྐྱེད་པ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། དགེ་བསྙེན་མ་ས་གས་བྱིན་གྱིས་གསོལ་པ། ་བཅོམ་ལྡན་འདས་དམིགས་པ་ཅན་ལ་ནི་བྱང་ཆུབ་མ་མཆིས་ཏེ། གང་ཆོས་ཐམས་ཅད་མི་དམིགས་པ་དང་། མི་སྐྱེ་མི་འགོག་པ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ ་ཞེས་བགྱིའོ།། ཁྱིམ་བདག་བཟང་སྐྱོང་གིས། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གི་མིང་ཙམ་གཟུང་བས། སེམས་ཅན་བྱང་ཆུབ་དུ་ངེས་པར་འགྱུར ་བ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། གཞོན་ནུར་གྱུར་པ་རིན་ཆེན་ཟླ་བས། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་རྟག་ཏུ་རྒྱུན་མི ་འཆད་པར། གཞོན་ནུའི་ཚངས་པའི་སྤྱོད་པ་དང་ལྡན་ཞིང་འདོད་པ་ལ་རྟོགས་པས་ཀྱང་ཡོངསུ་མི་སྤྱོད་ན། གཉིས་ཀྱི་དབང་པོ་གཉིས་འཇལ་བ་ལྟ་ཅི་སྨོས་ཏེ། དེ་ནི་དེའི་སླད ་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། ལྷའི་བུ་མན་འདའ་རའི་དྲིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཚུལ་ཁྲིམས་ཀྱི་དྲིས་ཡོངསུ་བསྒོས་པས ་གང་ཚུལ་ཁྲིམས་ཀྱི་ལས་དྲི་གཞན་གྱི་ངད་མི་ལྡང་བ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་དགའ་བྱེད་ཀྱིས་གསོལ་པ། ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ལ་སྙེན་བཀུར་བགྱིའོ།། དམ་པའི་ཆོས་ཡོངསུ་གཟུང་བ་དང་། སེམས་ཅན་ཡོངསུ་སྨིན་པར་བགྱི་བ་དང་། ཆོས་གསུམ་གྱིས ་དགའ་བར་བགྱིད་པ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། ཚངས་པ་ཁྱད་པར་སེམས་ཀྱིས། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང ་སངས་རྒྱས་ཀྱི་ཆོས་མ་ལགས་པའི་ཆོས་གང་ཡང་མ་མཆིས་སོ།། ཞེས་སྡང་བར་འགྱུར་བ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ ་བྱམས་པས། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་མཐོང་མ་ཐག་ཏུ་སེམས་ཅན་དག་བྱམས་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བ་དེ་ནི། དེའི་སླད་དུ ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། འཇམ་དཔལ་གཞོན་ནུར་གྱུར་པས། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་། ཆོས་བསྟན་པ་ཐམས་ཅད་ཀྱང་སྟོན་ལ། ཚེསུ ་འདུ་ཤེས་པ་ཡང་མ་མཆིས། ཆོས་མ་ལགས་པར་འདུ་ཤེས་པའང་མ་མཆིས། བདག་ཏུ་འདུ་ཤེས་པ་ཡང་མ་མཆིས་ཕྱི་རོལ་ཏུ་འདུ་ཤེས་པར་མི་བགྱིད་དེ། དེ་ནི་དེའི་སླད་དུ ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གའི་འོད་ཀྱིས། སེམས ་ཅན་རྣམས་ཀྱི་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་མེ་ཏོག་གིས་གསོལ་པ། ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཕྱོགས་བཅུའི་འཇིག་རྟེན་ན། སངས་རྒྱས་ཀྱི་ཞིང་ཐམས་ཅད་དེ་བཞིན་གཤེགས་པ་རྣམས་ཀྱིས་མེ་ཏོག་རྒྱས་པ་ལྟ་བུར ་མཐོང་བ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་གིས་རང་རང་གི་སྤོབས་པ་རྣམས་བཤད་དོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་བྲམ་ཟེའི་ཤིང་ས་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པ་ལ་བཀའ་སྩལ་བ། བྱང་ཆུབ་སེམས་དཔའ་གང་སྡུག་བསྔལ་བའི་སེམས་ཅན་ཐམས་ཅད་ཐར ་པར་བྱ་བ་སྤྲོ་ཞིང་དགེ་བའི་རྩ་བ་ཐམས་ཅད་ཀྱང་། སེམས་ཅན་ཐམས་ཅད་ལ་གཏོང་བ་དེ་ནི། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་ནས་ཚངས་པ་ཁྱད་པར་སེམས ་ཀྱིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་གནས་པ་ཇི་ལྟ་བུས་གནས་པར་བྱེད། སྨྲས་པ། གནས་པ་གང་གནས་པ་གང་གིས་འདུས ་བྱས་ཐམས་ཅད་ལ་ཞུགས་པའི་སེམས་ཅན་ཐམས་ཅད་ལ་གནས་པའོ།། སྨྲས་པ། གནས་པ་ནི་འདུས་བྱས་ཐམས་ཅད་ལ་ཞུགས་པའི་སེམས་ཅན་ཐམས་ཅད་གནས་པ་གང་གིས ་གནས། སྨྲས་པ་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་གནས་པ་གང་གིས་གནས་པའོ།། སྨྲས་པ་དེ་བཞིན་གཤེགས་པ་ཐམས་ཅད་ལ་གནས་པ་གང་གིས་གནས་པར་མཛད།། ་སྨྲས་པ་དོན་དམ་པའི་སྟོང་པ་ཉིད་ལ་གནས་པས་སོ།། སྨྲས་པ་གང་གལ་ཏེ་རིགས་ཀྱི་བུ་གནས་པ་གང་གིས་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་གནས་པ་དེ། དེ ་བཞིན་གཤེགས་པ་ཐམས་ཅད་གནས་པ་མཛད་ན། དེ་བཞིན་གཤེགས་པ་ཐམས་ཅད་གནས་པ་མཛད་ན། དེ་བཞིན་གཤེགས་པ་རྣམས་ལ་ཁྱད་པར་དུ་འཕགས་པ་ཅི་ཞིག་ཡོད་སྨྲས ་པ། ཚངས་པ་དེ་སྟོང་པ་ཉིད་ལ་ཁྱད་པར་ཡོད་པར་འདོད་དམ། སྨྲས་པ། འཇམ་དཔལ་དེ་མ་ཡིན། འཇམ་དཔལ་གྱིས་སྨྲས་པ། ཅི་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཞེས ་བཤད་དམ། སྨྲས་པ་དེ་བཞིན་ནོ།། སྨྲས་པ་ཚངས་པ་དེའི་ཕྱིར་ཆོས་ཐམས་ཅད་བྱེ་བྲག་མེད་དེ། དེ་དག་གི་གནས་པ་ཡང་དེའི་མཚན་ཉིད་དོ།། ཚངས་པ་དེ་བཞིན་གཤེགས་པ་ནི་ཆོས་ཐ ་དངད་དུ་མི་འདོགས་སོ།། སྨྲས་པ། འཇམ་དཔལ་གནས་པ་ཞེས་པ་ཞེས་བྱ་བའི་གནས་པ་དེ་གང་ཡིན། སྨྲས་པ་དེ་བཞིན་ནོ།། ཚངས་པའི་གནས་བཞི་ཡོད་པ་དེ་ནི་གནས་ཤེས་བྱ་སྟེ། གང་ཚད ་པའི་གནས་བཞི་དང་བྲལ་བ་དེ་ནི་གནས་པ་མ་ཡིན་ནོ།། གནས་གང་ལ་གནས་པས་ཚངས་པའི་གནས་བཞི་རྫོགས་པར་བྱས་ཏེ། གནས་པ་དེ་དག་ནི་གནས་ལ་གནས་སོ།། ཚངས་པ་དགོན ་པ་འམི། བླ་གབ་མེད་པ་ནི་གནས་ཀྱང་ཚངས་པའི་གནས་བཞི་དང་བྲལ་ན། དེ་ནས་ལ་གནས་པ་ཡིན་ནོ།། གནས་པ་ལ་མཁས་པ་ཡིན་ནོ།། སྨྲས་པ། དེ་སྟེ་ཡང་ཐོག་དང་ཁང་པརྩེགས ་པར་གསེར་གི་ཁྲི་ལ་གདིང་བ་དང་། དགབ་པ་བཤམས་པའི་གནས་ན་གནས་ཀྱང་། ཚངས་པའི་གནས་བཞི་དང་ལྡན་པ་ན། དེ་དག་གནས་ལ་གནས་ཤིང་། གནས་ལ་མཁས་པ་ཡིན་ནོ།། ་སྨྲས་པ། གནས་གང་གིས་གནས་ན་ཡེ་ཤེས་མཐོང་བར་འགྱུར། སྨྲས་པ། གནས་པ་གང་གིས་གནས་ན། བདག་མཐོང་བ་རྣམ་པར་དག་པར་འགྱུར་བའོ།། སྨྲས་པ་འཇམ་དཔལ་གང་བདག ་མཐོང་བའི་ཡེ་ཤེས་མཐོང་ངམ། སྨྲས་པ། ཚངས་པ་དེ་དེ་བཞིན་ཏེ། གང་བདག་མཐོང་བ་དེ་ཡེ་ཤེས་མཐོང་བའོ།། ཚངས་པ་འདི་ལྟ་སྟེ། དཔེར་ན། སྐྱེས་བུ་གསེར་ལ་མཁས་པ་ནི་ངན་པ ་ལྟ་ཤེས་པའང་ངེས་པར་འབྱུང་ངོ་།། དེ་བཞིན་དུ་བདག་མཐོང་བས་རྣམ་པར་དག་པར་འགྱུར་རོ།། སྨྲས་པ་འཇམ་དཔལ་བདག་མཐོང་བ་གང་ཡིན། སྨྲས་པ་གང་བདག་མེད་པའི་ཆོས་ཉིད་དེ། ་ཚངས་པ་བདག་ནི་ཤིན་ཏུ་དངོས་པོ་མེད་པ། མ་གྲུབ་པ་གང་དེ་ལྟར་མགོ་གཅིག་ཏུ་གྱུར་པ་དེ་ནི་བདག་མཐོང་བ་ཞེས་བྱའོ།། སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་ཇི་ལྟར་བཤད་པའི་དོན་ངས ་ཤེས་ཏེ། བདག་མཐོང་བས་སངས་རྒྱས་མཐོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། བདག་གི་ངོ་བོ་ཉིད་ཀྱིས་སངས་རྒྱས་ཀྱི་ངོ་བོ་ཉིད་དོ།། སྨྲས་པ། ཚངས་པ་དེ་དེ་བཞིན་ནོ།། སྨྲས་པ་འཇམ་དཔལ ་གང་གིས་དེ་བཞིན་གཤེགས་པ་མཐོང་། སྨྲས་པ་གང་བདག་ཏུ་ལྟ་བ་འཁྲུགས་པ་མི་བྱེད་པས་སོ།། དེ་ཅིའི་ཕྱིར་ཞེ་ན། བདག་ཏུ་ལྟ་བ་ནི་ཆོས་སུ་ལྟ་བ་སྟེ། ཆོས་མཐོང་བས་སངས་རྒྱས ་མཐོང་ངོ་།། སྨྲས་པ། འཇམ་དཔལ་རྣམ་གྲངས་གང་གིས་གང་མ་ཞུགས་པ་དེ་དག་ཡང་དག་པར་ཞུགས་པར་འགྱུར་བ་ཡོད་དམ། སྨྲས་པ། ཚངས་པ་གང་འདུས་བྱས་ཀྱི་དངོས་པོ་ཐམས ་ཅད་ལ་མ་ཞུགས་པ་དེ་ཡང་དག་པར་ཞུགས་པ་ཡིན་ནོ།། སྨྲས་པ། ཇི་ལྟ་བུ་ལ་ཞུགས་ན་ཡང་དག་པར་ཞུགས་པ་ཞེས་བྱ། སྨྲས་པ། གང་སྤོང་བའི་ཕྱིར་ཡང་དག་པ་མ་ཡིན། མངོན ་དུ་བྱ་བའི་ཕྱིར་ཡང་དག་པར་མ་ཡིན་པ་ལ་འཇུག་པ་དེ་ནི་ཡང་དག་པར་ཞུགས་པ་ཞེས་བྱའོ།། སྨྲས་པ། འཇམ་དཔལ་གང་དག་གིས་དེ་བཞིན་གཤེགས་པ་མ་མཐོང་ལ། འཕགས ་བ་ཤེས་རབ་ཀྱི་མིག་རྣམས་སྦྱངས་པར་འགྱུར་བའི་རྣམ་གྲངས་ཡོད་དམ། སྨྲས་པ་ཚངས་པ་གང་དེ་བཞིན་གཤེགས་པ་ལ་གཉིས་སུ་མི་ལྟ་བ་དེ་དག་གི་འཕགས་པ་ཤེས་རབ་ཀྱི་མིག་རྣམ་པར ་དག་པར་འགྱུར་རོ།། སྨྲས་པ། འཇམ་དཔལ་ཤེས་རབ་ཀྱི་མིག་གིས་ཅི་མཐོང་། སྨྲས་པ་ཚངས་པ་གལ་ཏེ་ཆོས་གང་ཡང་མཐོང་བར་གྱུར་ན། ཤེས་རབ་ཀྱི་མིག་མ་ཡིན་པར་འགྱུར་རོ།། ཚངས ་པ་ཤེས་རབ་ཀྱི་མིག་ནི་འདུས་བྱས་ཀྱང་མི་མཐོང་། འདུས་མ་བྱས་ཀྱང་མི་མཐོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ནི་རྣམ་པར་མི་རྟོག་པ་སྟེ། དེ་ནི་འདུས་བྱས་མཐོང་བར་རུང་བ་མ་ཡིན་ནོ།། ། ་འདུས་མ་བྱས་ཀྱང་མིག་གི་ལམ་ལས་འདས་པས་དེ་ཡང་མི་མཐོང་ངོ་།། སྨྲས་པ་འཇམ་དཔལ་ཡང་དག་པར་ཞུགས་པའི་དགེ་སློང་འབྲས་བུ་འཐོབ་པར་མི་འགྱུར་བའི་རྣམ་གྲངས་ཡོད་དམ། སྨྲས ་པ། ཚངས་པ་ཡང་དག་པར་སྦྱོར་བ་ལ་འབྲས་བུ་ཐོབ་པ་མེད་པ་ཡང་ཡོད་དོ།། ཡང་དག་པའི་སྦྱོར་བ་གང་ལ་ཡང་མི་སྦྱོར་བའོ།། དེ་ལ་འབྲས་བུ་འཐོབ་པར་རྣམ་པར་རྟོག་པ་ཡང་མེད་པ་ལས ་འཐོབ་པར་བལྟའོ།། གང་འཐོབ་པ་དེ་ནི་མཐོང་བའི་ང་རྒྱལ་དང་བཅས་པའོ།། ཡང་དག་པའི་སྦྱོར་བ་ལ་ནི་མངོན་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་མེད་པ་ཡང་མེད། ཐོབ་པ་ཡང་མེད ་མངོན་པར་རྟོགས་པ་ཡང་མེད་དོ།། སྨྲས་པ། འཇམ་དཔལ་ཆོས་གང་དག་མངོན་ཏུ་རྟོགས་པར་བྱ་བའི་ཕྱིར། ཁོང་དུ་ཆུད་པར་ཞེས་བསྟན། སྨྲས་པ། ཚངས་པ་ཆོས་གང་མ་སྐྱེས་མ་སྐྱེད། ་སྐྱེད་པར་མི་འགྱུར་བའི་དེ་དག་མངོན་པར་རྟོགས་པའི་ཕྱིར། ཁོང་དུ་ཆུད་པའོ་ཞེས་བསྟན་ཏོ།། སྨྲས་པ། འཇམ་དཔལ་མ་སྐྱེས་པའི་ཆོས་ལ་མངོན་པར་རྟོགས་པ་གང་ཡིན། སྨྲས་པ། གང་མི་སྐྱེ། ་བ་དེ་ཉིད་མངོན་པར་རྟོགས་པ་ཡིན་ཏེ། དེའི་ཕྱིར་འདུས་བྱས་ལ་ཐམས་ཅད་མ་སྐྱེས་པར་མཐོང་ཞིང་ཡང་དག་པ་ཉིད་དུ་ངེས་པར་འཇུག་པ་ཞེས་བྱའོ།། སྨྲས་པ། འཇམ་དཔལ་ཡང་དག་པ་ཉིད ་དུ་ངེས་པའི་ཞེས་བྱ་བ་དེ་གང་ལ་བྱ། སྨྲས་པ། བདག་ཀྱང་མྱ་ངན་ལས་འདས་པ་མཚུངས་ཏེ། འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། དེ་བས་ན་ཡང་དག་པ་ཉིད་དུ་ངེས་པར ་འཇུག་པ་ཞེས་བྱའོ།། ཡང་དག་པ་ཉིད་དུ་ཞུགས་པས་ན། དེའི་ཕྱིར་ཡང་དག་པ་ངེས་པ་ཞེས་བྱའོ།། མཉམ་པ་ཉིད་ཀྱིས་མཉམ་པ་ཉིད་ལ་ངེས་པར་འབྱུང་བས་ན། དེའི་ཕྱིར་ཡང་དག་པ ་ངེས་པ་ཞེས་བྱའོ།། ངེས་པའི་དོན་ལ་དོན་འདྲེན་པས་ན། དེའི་ཕྱིར་ཡང་དག་པར་ངེས་པ་ཞེས་བྱའོ།། ཏིང་ངེས་འཛིན་ཐམས་ཅད་ལ་སྒྲོ་བཏགས་པ་མེད་པའི་ཕྱིར་དེ་ནི་ཡང་དག་པར་ངེས་པ ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་བྱ་བ་བྱིན་ཏེ། འཇམ་དཔལ་ཁྱོད་ཀྱིས་ཚིག་འདི་ལེགས་པར་སྨྲས་ཏེ། ཇི་ལྟར་བསྟོན་པ་དེ་དེ་བཞིན ་ནོ།། ཁྱོད་ཀྱིས་བསྟན་པ་འདི་བཤད་པ་ན་དགེ་སློང་བདུན་སྟོང་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ། ལྷའི་བུ་སྟོང་ཕྲག་སུམ་བཅུ་རྩ་གཉིས་ཆོས་རྣམས་ལ་རྡུལ ་མེད་ཅིང་རྡུལ་དང་བྲལ་བའི་ཆོས་ཀྱི་མིག་སྐྱེས་སོ།། སྲོག་ཆགས་སྟོང་ཕྲག་བཅུ་འདོད་ཆགས་དང་བྲལ་བ་ཐོབ་པོ་སྲོག་ཆགས་ཉིས་བརྒྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་སེམས་སྐྱེས་སོ།། བྱང་ཆུབ་སེམས་དཔའ་ལྔ་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པས་སངས་རྒྱས་ཀྱིས་བགྱི་བ་བགྱིས་སོ།། འཇམ་དཔལ་གྱིས་སྨྲས་པ་ཚངས་པ་སངས་རྒྱས་འབྱུང་བ་གང ་ལ་ཕན་པའམ། གནོད་པར་ཉེ་བར་མི་གནས་སོ།། སྨྲས་པ། འཇམ་དཔལ་བཅོམ་ལྡན་འདས་ཀྱིས་ཚད་མེད་པའི་སེམས་ཅན་ཡོངས་སུ་མྱ་ངན་ལས་བཟླས་ཏེ། ཁྱོད་ཀྱང་ཚད་མེད ་པའི་སེམས་ཅན་ཡོངསུ་མྱ་ངན་ལས་འདའ་བར་བྱེད་པ་མ་ཡིན་ནམ། སྨྲས་པ་ཚངས་པ་སེམས་ཅན་མེད་པ་ལ་སེམས་ཅན་དུ་རབ་ཏུ་འབྱེད་པར་འདོད་དམ། སྨྲས་པ་དེ་མ་ཡིན་ནོ།། ་སྨྲས་པ་ཚངས་པ་སེམས་ཅན་མེད་པ་ལ་སེམས་ཅན་དུ་བསྟན་པ་འམ། སེམས་ཅན་མེད་པ་ལ་སེམས་ཅན་ཡོངསུ་གྲུབ་པར་འདོད་དམ། སྨྲས་པ་དེ་མ་ཡིན་ནོ།། ཚངས་པ་དེ་བཞིན ་གཤེགས་པ་འབྱུང་བ་འམ། འགག་པར་འདོད་དམ། སྨྲས་པ་མ་ཡིན་ནོ།། སྨྲས་པ་དེ་བཞིན་གཤེགས་པས་ཡོངསུ་མྱ་ངན་ལས་བཟླས་པའི་སེམས་ཅན་དེ་དག་གང་ཡིན། སྨྲས ་པ་འཇམ་དཔལ་གཞོན་ནུར་གྱུར་པའི་ཆོས་ཀྱི་ཚུལ་གྱི་རྣམ་པ་གང་གིས་སྟོན་པ་ལྟར་ན་འདི་ལ་འཁོར་བ་ཡང་མེད། མྱ་ངན་ལས་འདས་པ་ཡང་མེད་དོ།། སྨྲས་པ། ཚངས་པ་དེ་དེ ་བཞིན་ཏེ། དེ་བཞིན་གཤེགས་པས་འཁོར་བ་ཡང་མ་དམིགས་ཡོངས་སུ་མྱ་ངན་ལས་འདས་པ་ཡང་མི་དམིགས་སོ།། ཚངས་པ་བཅོམ་ལྡན་འདས་ཀྱིས་གང་ཉན་ཐོས་བརྟུལ ་བ་དེ་དག་གིས་ཀྱང་འཁོར་བར་ཡང་མ་དམིགས་མྱ་ངན་ལས་འདས་པར་ཡང་མ་དམིག་སོ།། ཚངས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ནི་བཏགས་པའི་ཚིག་ཐ་སྙད ་ཙམ་སྟེ། འདི་ལ་གང་ཡང་འཁོར་བ་ཡང་མེད། ཡོངསུ་མྱ་ངན་ལས་འདའ་བ་ཡང་མེད་དོ།། སྨྲས་པ་འཇམ་དཔལ་འདི་ལ་སུ་དག་དད་པར་འགྱུར། སྨྲས་པ། གང་ཆོས་གང་ལ ་ཡང་མངོན་པར་ཆགས་པར་མི་འགྱུར་བ་རྣམས་སོ།། སྨྲས་པ་འཇམ་དཔལ་མངོན་པར་ཆགས་པ་ཞེས་བྱ་བ་དེ་ཅི་ལ་མངོན་པར་ཆགས། སྨྲས་པ་ཚངས་པ་མངོན་པར་ཆགས་པ ་ཞེས་བྱ་བ་ནི། མེད་པ་ལ་མངོན་པར་ཆགས་སོ།། གལ་ཏེ་ཚངས་པ་ཡོད་པ་ལ་མངོན་པར་ཆགས་པར་གྱུར་ན། འདི་ལྟར་ཤིན་ཏུ་མངོན་པའི་ང་རྒྱལ་དང་བྲལ་བར་གྱུར་པ་མ་ཡིན་ནོ།། འདི་ལྟར ་མེད་པ་ལ་མངོན་པར་ཆགས་པ་སྟེ། དེ་བས་ན་མེད་པའོ་ཞེས་བྱ་བ་ནི་མངོན་པར་ཆགས་པར་མི་བྱེད་དེ། གང་མངོན་པར་ཆགས་པར་མི་བྱེད་པ་དེ་མི་འཁོར་རོ།། གང་མི་འཁོར་བ་དེ་ནི་རྣམ་པར ་མི་འགྲོའོ།། གང་རྣམ་པར་མི་འགྲོ་བ་དེ་མྱ་ངན་ལས་འདས་པ་ཞེས་བྱའོ།། སྨྲས་པ་འཇམ་དཔལ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ཅིའི་གཉེན་པོ་ཡིན་པའི་ཕྱིར། མྱ་ངན་ལས ་འདས་པ་ཞེས་བྱ། སྨྲས་པ་ཚངས་པ་ཡོངསུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི། ཕན་ཚུན་རྐྱེན་ལ་སྒྲ་མི་འདོགས་པའི་ཕྱིར། མ་རིག་པ་མངོན་པར་འདུ་མི་བྱེད་པ་དང་། འདུ་བྱེད་མི ་བྱེད་པས་ཀྱང་ཉེ་བར་མི་སྦྱོར་ཏེ། གང་ཉེ་བར་མི་སྦྱོར་བ་དེ་ནི་ཀུན་ནས་མི་སྤོང་ངོ་།། གང་ཀུན་ནས་མི་སློང་བ་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ།། ཀུན་ནས་མི་སློང་བར ་སྤྱོད་པ་དེ་ནི་ཤིན་ཏུ་འགག་པའོ།། དེའི་ལམ་མངོན་པར་རྟོགས་པ་ནི་ཤིན་ཏུ་མི་སྐྱེ་བ་ཡིན་ཏེ། འདི་ནི་འཕགས་པའི་བདེན་པ་བཞི་ཞེས་བྱའོ།། དེ་ནས་བྲམ་ཟེ་ཤིནས ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་ཁྱོད་ཀྱིས་བསྟན་པ་ཐམས་ཅད་ནི་ཡང་དག་པར་བསྟན་པའོ།། ་སྨྲས་པ་རིགས་ཀྱི་བུ་ཚིག་ཐམས་ཅད་ནི་ཡང་དག་པའོ།། སྨྲས་པ་འཇམ་དཔལ་གང་བརྫུན་གྱི་ཚིག་ཡོད་པ་མ་ཡིན་པ། ཡང་དག་པ་མ་ཡིན་པ། གང་ཡིན་པ་དེ་ཡང་ཡང་དག་པ་འམ། སྨྲས ་པ་རིགས་ཀྱི་བུ་དེ་ཡང་ཡང་དག་པའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ངག་ཐམས་ཅད་ནི་དབང་དུ་གྱུར་པ་སྟེ། ཡུལ་ལ་གནས་པ་ཡང་མ་ཡིན། ཕྱོགས་ལ་གནས་པ་ཡང་མ་ཡིན་ནོ།། གང་དབང ་དུ་གྱུར་ཅིང་ཡུལ་ལའང་མི་གནས། ཕྱོགས་ལའང་མི་གནས་པ་དེ་ནི། མེད་པའི་ཕྱིར་ཡང་དག་པ་སྟེ། དེའི་ཕྱིར་ཚིག་ཐམས་ཅད་ཡང་དག་པ་ཞེས་བྱའོ།། གང་ཡང་ལྷས་བྱིན་གྱིས ་ཚིག་སྨྲས་པ་དང་། གང་དེ་བཞིན་གཤེགས་པས་ཚིག་སྨྲས་པའི་ཚིག་དེ་གཉིས་ཐ་དད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཚིག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཚིག་སྟེ། ཚིག ་ཐམས་ཅད་ནི་དེ་བཞིན་ཉིད་ལས་མི་འདའོ།། གང་ཚིག་གིས་རྣམ་པར་རིག་པར་བྱས་པར་མེད་པས། རྣམ་པར་རིག་པར་བྱས་པ་སྟེ། དེ་བས་ན་ཚིག་ཐམས་ཅད་ཡི་གེ་མཉམ་པའི་ཕྱིར་ཡི ་གེ་མཚུངས་པའི་ཕྱིར། ཡི་གེ་སྟོང་པའི་ཕྱིར་ཚིག་ཐམས་ཅད་ནི་མཚུངས་པའོ།། མཉམ་པར་གནས་པས་སྨྲས་པ་འཇམ་དཔལ་དེ་བཞིན་གཤེགས་པས་འཕགས་པའི་ཐ་སྙད་པ་མ ་ཡིན་ནོ།། དེ་ཅིའི་ཕྱིར་མ་ཡིན་པའི་ཐ་སྙད་དུ་འདོགས་པ་ཞེས་མ་གསུངས་སམ། སྨྲས་པ་རིགས་ཀྱི་བུ་ཡི་གེ་གང་དག་གིས་འཕགས་པ་རྣམས་ཐ་སྙད་དུ་འདོགས་པའི་ཡི་གེ་དེ་དག་ཉིད་ཀྱིས ་འཕགས་པ་མ་ཡིན་པ་རྣམས་ཀྱང་ཐ་སྙད་དུ་འདོགས་སོ།། སྨྲས་པའི་འཇམ་དཔལ་དེ་དེ་བཞིན་ནོ།། ཅི་ཡི་གེ་དེ་དག་ཐམས་ཅད་འཕགས་པའམ། འཕགས་པ་མ་ཡིན་པ་ཞེས་རྟོགས་གམ། ་སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་ཇི་ལྟར་ཡི་གེ་དེ་དག་མི་རྟོག་རྣམ་པར་མི་རྟོག་པ་དེ་བཞིན་དུ་འཕགས་པ་རྣམས་ནི་རྟོགས་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ།། དེ་དག་ལ་ཐ ་སྙད་མེད་དེ། འཕགས་པ་རྣམས་ནི་ཡི་གེར་འདུ་ཤེས་ས་ཐ་སྙད་དུ་མི་འདོགས་སོ།། ཆོས་སུ་འདུ་ཤེས་པས་མ་ཡིན་ནོ།། ཆོས་མ་ཡིན་པར་འདུ་ཤེས་པས་མ་ཡིན། བདག་ཏུ་འདུ་ཤེས་པས ་མ་ཡིན། ཕ་རོལ་ཏུ་འདུ་ཤེས་པས་མ་ཡིན་ནོ།། འདི་ལྟ་སྟེ་དཔེར་ན། སིལ་སྙན་དང་། རྔ་བོ་ཆེ་དང་། རྫ་རྔ་དང་། དུང་དག་ནི་རྐྱེན་གྱིས་སྒྲ་འབྱུང་ཡང་། དེ་དག་རྣམ་པར་མི་རྟོགས་པ་དེ་བཞིན་དུ།། ་འཕགས་པ་རྣམས་རྐྱེན་ཀུན་འབྱུང་བ་མཐོང་བའི་ཕྱིར། ཐ་སྙད་འདོགས་པ་ཆགས་པར་མི་བྱེད། མངོན་པར་ཆགས་པར་མི་བྱེད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་མཉམ་པར ་གནས་ཀྱིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་བཅོམ་ལྡན་འདས་ཀྱིས་འདི་ལྟར་དགེ་སློང་དག་འདུས་ཏེ་འཁོད་པས་བྱ་བ་གཉིས་ཡོད་དེ་ཆོས ་ཀྱི་གཏམ་བྱ་བ་དང་། འཕགས་པ་མི་སྨྲ་བར་གྱུར་པས་གནས་བརྟན་པར་བྱའོ།། ཞེས་གསུངས་ནས་དེ་ལ་འཇམ་དཔལ་ཆོས་ཀྱི་གཏམ་ནི་གང་། འཕགས་པ་མི་སྨྲ་བ་ནི་གང་། སྨྲས་པ ་གཏམ་གང་གིས་སངས་རྒྱས་འཁྲུག་པར་མི་བྱེད། ཆོས་འཁྲུག་པར་མི་བྱེད། དགེ་འདུན་འཁྲུག་པར་མི་བྱེད་པ། འདི་ནི་ཆོས་ཀྱང་ཀྱི་གཏམ་མོ།། སངས་རྒྱས ་ཆོས་ཉིད་དུ་མོས་པ་དང་། ཆོས་ལ་འདོད་ཆགས་དང་བྲལ་བར་འདོད་ཆགས་དང་བྲལ་བར་མོས་པ་དང་། དགེ་འདུན་ལ་འདུས་མ་བྱས་སུ་མོས་པ་འདི་ནི། འཕགས་པ་མི་སྨྲ་བར ་གྱུར་པའོ།། གཞན་ཡང་རིགས་ཀྱི་བུ་དྲན་པ་ཉེ་བར་གཞག་པ་བཞི་ལ་བརྩམས་ཏེ། གཏམ་བརྗོད་པ་འདི་ནི་ཆོས་ཀྱི་གཏམ་མོ།། ཡང་ཆོས་རྣམས་ཅད་ལ་མི་དྲན་ཞིང་ཡིད་ལ་མི་བྱེད ་བ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ།། གང་ཡང་དག་པར་སྤོང་བ་བཞི་ལ་བརྩམས་ཏེ། གཏམ་བརྗོད་པ་ནི་ཆོས་ཀྱི་གཏམ་མོ།། གང་ལུས་དང་ངག་དང་ཡིད་ཀྱིས ་བརྩོན་པར་མི་བྱེད་པ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ།། ཡང་དབང་པོ་ལྔ་དང་སྟོབས་ལྔ་ལ་བརྩེགས་སྟེ། གཏམ་བརྗོད་པ་འདི་ནི་ཆོས་ཀྱི་གཏམ་མོ།། གང་སུ་ཡང ་དད་པས་གང་ཡང་དད་པར་མི་བྱེད་ཅིང་། ཆོས་ཐམས་ཅད་ལའང་བླ་ན་མེད་པ་དང་དོར་བ་མེད་པར་རབ་ཏུ་རྣམ་པར་འབྱེད་པ་འདི་ནི།། འཕགས་པ་མི་སྨྲ་བར་གྱུར་པའོ།། དྲན ་བ་དང་རྩེ་གཅིག་པ་དང་རློམ་སེམས་མེད་པ་ལ་གནས་ཤིང་། ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པར་བཞག་པར་མོས་པ་དང་སྤྲོས་པའི་གནས་ཐམས་ཅད་ལ་མི་རྟེན་པའི ་རྟེན་དུ་གྱུར་པ་འདི་ནི། འཕགས་པ་མི་སྨྲ་བར་གྱུར་པའོ།། གང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་བརྩམས་ཏེ་གཏམ་བརྗོད་པ་འདི་ནི་ཆོས་ཀྱི་གཏམ་མོ།། གང་བཏང་སྙོམས་པས ་སྒྲོ་གཏགས་པ་མེད་པ་འཐོབ་ཅིང་བསྩགས་པ་ཡང་མེད། གཞག་པ་ཡང་མེད་པར་གནས་པ་འདི་ནི། འཕགས་པ་མི་སྨྲ་བར་གྱུར་པའོ།། གང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ ་བརྩམས་ཏེ། གཏམ་བརྗོད་པར་བྱེད་པ་འདི་ནི་ཆོས་ཀྱི་གཏམ་མོ།། གང་གཏང་སྙོམས་པས་སྒྲ་གཏགས་པ་མེད་པ་འཐོབ་ཅིང་སྩལ་བ་ཡང་མེད། གཞག་པ་ཡང་མེད་པར་གནས་པ ་འདི་ནི།། འཕགས་པ་མི་སྨྲས་པར་གྱུར་པའོ།། གང་འཕགས་པའི་བྱང་ཆུབ་ཕྱོགས་སུ་བཅུ་རྩ་བདུན་གྱི་ཆོས་འདི་དག་སྨྲ་བ་དང་འཆད་པ་དང་། སྟོན་པ་དང་། འདོད་པ་དང་། ་འཇུག་པར་བྱེད་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་ཅིང་ཡང་དག་པར་ཇི་ལྟ་བར་སྟོན་པ་གང་ཡིན་པ་འདི་ནི་ཆོས་ཀྱི་གཏམ་མོ།། གང་འདི་ལྟར ་ཆོས་ཀྱིས་མངོན་སུམ་དུ་གྱུར་ལ། ལུས་ལས་ལོགས་ཤིག་ན་ཡང་ཆོས་མི་མཐོང་། ཆོས་ལས་ལོག་ཤིག་ན་ཡང་ལུས་མི་མཐོང་ངོ་།། ཇི་ནས་གཉིསུ་ཡང་མི་མཐོང་།། ་གཉིས་སུ་མེད་པར་ཡང་མི་མཐོང་བ་དེ་ལྟར་མཐོང་སྟེ། དེ་ལྟར་མཐོང་ན་མངོན་སུམ་དུ་ཡེ་ཤེས་མཐོང་བ་སྟེ། གང་མི་མཐོང་བ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ།། ་གཞན་ཡང་རིགས་ཀྱི་བུ་གང་བདག་ཏུ་སྒྲོ་འདོགས་པ་གང་། ཕ་རོལ་ཏུ་ཕྱིན་པ་དང་། ཆོསུ་སྒྲ་འདོགས་པ་དང་། ཆོས་མ་ཡིན་པར་སྤྲོ་འདོགས་པས། གཏམ ་མི་བརྗོད་པ་འདི་ནི་ཆོས་ཀྱི་གཏམ་མོ།། གང་བརྗོད་དུ་མེད་པའི་ཆོས་ཉིད་ཐོབ་པས་ཡི་གེ་དང་སྐད་དང་སྒྲ་དང་དབྱངས་ཐམས་ཅད་དང་། མི་གཡོ་བ་ཐོབ་པ་དེ་ནི ་རང་བཞིན་གྱི་སེམས་ཀྱིས་ཉེ་བར་བསྒྲུབ་པ་ལ་གནས་པ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ།། རིགས་ཀྱི་བུ་གང་སུ་དག་སེམས་ཅན་ཐམས་ཅད་ཀྱི་དབང ་པོ་མཆོག་དང་། མཆོག་མ་ཡིན་པ་ཤེས་པས་གཏམ་བརྗོད་པ་དེ་དག་ནི་ཆོས་ཀྱི་གཏམ་བརྗོད་པའོ།། གང་ལ་ལ་མཉམ་པར་བཞག་པ་མ་ཡེངས་པ་དེ་དག ་ནི་འཕགས་པ་མི་སྨྲ་བར་གྱུར་པ་ལ་གནས་པའོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བྲམ་ཟེའི་ཤིང་ས་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་ཀྱིས་འདི་སྐད་ཅེས ་སྨྲས་སོ།། ཇི་ལྟར་འཇམ་དཔལ་ཁྱོད་ཀྱིས་བཤད་པའི་དོན་ཁོ་བོས་ཤེས་པ་ལྟར་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཆོས་ཀྱི་གཏམ་དང་འཕགས་པ་མི་སྨྲ་བར ་འགྱུར་བ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་དབང་པོ་མཆོག་དང་མཆོག་མ་ཡིན་པར་ཤེས་པ་ལ་མཁས་པ་ཡང་མེད་རྟག་ཏུ་མཉམ་པར་བཞག་པ་ཡང་མེད་དོ།། འཇམ ་དཔལ་སུ་དག་ཆོས་སྨྲ་བ་ཡིན་སུ་དག་འཕགས་པ་མི་སྨྲ་བར་གྱུར་པ་ཐ་དད་པ་ལ་གནས་པ་ཡིན་ཞེས་གང་ཡང་དག་པར་སྨྲ་བས་སྨྲ་ན། འཇམ་དཔལ་དེ་བཞིན་གཤེགས ་པའོ་ཞེས་ཡང་དག་པར་སྨྲ་བས་སྨྲ་ནའོ།། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ནི། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ལ་མཁས་ཤིང་རྟག་ཏུ་མཉམ་པར ་བཞག་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་རིགས་ཀྱི་བུ་མཉམ་པར་གནས་པས་ཇི་ལྟར་བཤད ་པ་དེ་དེ་བཞིན་ནོ།། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགོངས་སོ།། དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་རབ་འབྱོར་ཀྱིས་འདི་སྐད་ཅེས་གསོལ ་ཏོ།། བཅོམ་ལྡན་འདས་ལས་བདག་གིས་མངོན་སུམ་དུ་ཐོས་ཤིང་མངོན་སུམ་དུ་བཟུང་སྟེ། དགེ་སློང་འདུས་ཏེ། འཁོད་པ་རྣམས་ཀྱིས་བྱ་བ་གཉིས་ཡོད་དོ།། ཆོས་ཀྱི་གཏམ་བརྗོད་པར་བྱ། ་འཕགས་པ་མི་སླ་བར་གྱུར་པ་ལ་གནས་པར་བྱའོ་ཞེས་གསུངས་ན། བཅོམ་ལྡན་འདས་གལ་ཏེ་གནས་འདི་ལ་ཉན་ཐོས་རྣམས་མི་ནུས་ན། དེ་ཇི་ལྟར་དེ་བཞིན་གཤེགས་པས་ཉན ་ཐོས་རྣམས་ལ་ཆོས་ཀྱི་གཏམ་བརྗོད་ཅིང་ཡང་ན་འཕགས་པ་མི་སྨྲ་བར་གྱུར་པས་གནས་པར་བྱོས་ཤིག་ཅེས་དོན་ཉེ་བར་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར ་དེ་ཇི་སྙམ་དུ་སེམས། ཉན་ཐོས་རྣམས་མ་ཐོབ་པར་ཆོས་ཀྱི་གཏམ་བརྗོད་དམ། འཕགས་པ་མི་སྨྲ་བར་གྱུར་པ་རྩེ་གཅིག་པར་གནས་སམ། སྨྲས་པ་དེ་མ་ལགས་སོ།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་འདིས་འདི་ལྟར་ཉན་ཐོས་དང་། རང་སངས་རྒྱས་རྣམས་ལ་ཆོས་ཀྱི་གཏམ་ཡང་མེད་འཕགས་པ་མི་སྨྲ་བར་འང་མེད ་པར་རིག་པར་བྱའོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ།། རབ་འབྱོར་སེམས་ཅན་རྣམས་ཀྱི་སྤྱོད་པ་བརྒྱད ་ཁྲི་བཞི་སྟོང་གང་དེ་བཞིན་གཤེགས་པས་མཁྱེན་པ་དེ་དག་གནས་གརྟན་གྱིས་ཤེས་སམ། གང་དག་ལ་དེ་ལྟ་བུའི་གཏམ་བརྗོད་པར་བྱ་བ་དེ་དག་ལ་རྗེསུ་མཐུན་པའི་གཏམ ་བསྟན་པར་བྱའོ།། དེ་དག་ལ་གནས་གརྟན་གྱི་ཡེ་ཤེས་འཇུག་གམ། སྨྲས་པ་འཇམ་དཔལ་དེ་མ་ཡིན་ནོ།། འཇམ་དུ་པལ་གྱིས་སྨྲས་པ། གནས་གཏན་རབ་འབྱོར་ཏིང་ངེ ་འཛིན་གང་ལ་གནས་ནས། སེམས་ཅན་ཐམས་ཅད་ཀྱི་སེམས་ཅན་གྱི་སྤྱོད་པ་ལ་ལྟ་ཞིང་། བདག་གི་སེམས་དང་ཕ་རོལ་གྱི་སེམས་སུ་སྒྲུབ་པར་མི་འགྱུར་བ། ་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ལྟ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ། སྨྲས་པ་འཇམ་དཔལ་དེ་མ་ཡིན་ནོ།། འཇམ་དཔལ་གྱིས་སྨྲས་པ་བཙུན་པ་རབ་འབྱོར་དེ ་བཞིན་གཤེགས་པ་སེམས་ཅན་གྱི་སྤྱོད་པ་བརྒྱ་ཁྲི་བཞི་སྟོང་སོ་སོ་ཅི་རིགས་སུ་སྨན་སྟོན་པས། ཆོས་ཀྱི་གཏམ་བརྗོད་དོ།། ཏིང་ངེ་འཛིན་མཉམ་པ་ཉིད་ལས་ཀྱང་མི་གཡོ་ལ། སེམས་ཅན ་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཡང་རབ་ཏུ་མཁྱེན་ཏེ་བཙུན་པ་རབ་འབྱོར་རྣམ་གྲངས་འདིས་ཀྱང་འདི་ལྟར་འདི་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་པར་རིག་པར་བྱའོ། ་བཙུན་པ་རབ་འབྱོར་སེམས་ཅན་འདོད་ཆགས་སྤྱོད་པ་གང་དག་སྡུག་པའི་རྣམ་པར་འགྲོལ་ཞིང་མི་སྡུག་པའི་རྣམ་པས། རྣམ་པར་གྲོལ་བའང་ཡོད་དེ། དེ་དག་ཀྱང་དེ་བཞིན ་གཤེགས་པས་རབ་ཏུ་མཁྱེན་ཏེ། སེམས་ཅན་ཞེ་སྡང་ལ་སྤྱོད་པ་དེ་དག་སྔོན་མཐོང་བར་རྣམ་པར་གྲོལ་བར་འགྱུར་ལ། བྱམས་པས་རྣམ་པར་གྲོལ་བར་མི་འགྱུར་བ་ཡོད་དེ།། དེ ་ངག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ།། སེམས་ཅན་གཏི་མུག་སྤྱོད་པ་གང་དག་སྨད་པས་རྣམ་པར་གྲོལ་བར་འགྱུར་ལ་ཆོས་བསྟན་པས་རྣམ་པར་གྲོལ་བར་མི ་འགྱུར་ཡོད་དོ།། དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ།། སེམས་ཅན་ཆ་མཉམ་པར་སྤྱོད་པ་སྡུག་པའི་རྣམ་པས་ཀྱང་མ་གྲོལ། བྱམས་པས་ཀྱང་མི ་འགྲོལ་སྐྱོན་ཀྱིས་ཀྱང་མི་འགྲོལ་ཆོས་བསྟན་པས་ཀྱང་མི་འགྲོལ། སྨད་པས་རྣམ་པར་གྲོལ་བར་མི་འགྱུར་བ་ཡོད་དེ། དེ་དག་ལ་དེ་བཞིན་གཤེགས་པ་ཅི་ནས་ཀྱང་མཉམ་པ་ཉིད་ཀྱིས་དབང ་པོའི་ཁམས་ལས་རྣམ་པར་གྲོལ་བ་དེ་ལྟ་དེ་ལྟ་བུར་ཆོས་སྟོན་ཏེ། དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ།། རབ་འབྱོར་རྣམ་གྲངས་འདིས་འདི་ལྟར་དེ་བཞིན་གཤེགས་པ ་ནི་ཆོས་སྨྲ་བའི་མཆོག་ཡིན་པ་དང་། བསམ་གཏན་པའི་མཆོག་ཡིན་པ་དང་མི་སྨྲ་བར་གྱུར་པ་ལ་དགའ་བའི་མཆོག་ཡིན་པ་དེ་ལྟར་རིག་པར་བྱའོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར ་ཀྱིས། འཇམ་དཔལ་གཞོན་ནུར་བ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་གལ་ཏེ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཆོས་བརྗོད་པར་མི་ནུས། འཕགས་པ་མི་སྨྲ་བར་གྱུར་པ་ལ ་མི་གནས་པར་མི་ནུས་ན། བྱང་ཆུབ་སེམས་དཔའ་གང་ལ་ཡོན་ཏན་འདི་ལྟ་བུ་དང་ལྡན་པ་གང་ཇི་ལྟར་ཆོས་ཀྱི་གཏམ་ཆོས་ཀྱི་གཏམ་བརྗོད་པར་བྱེད་ཅིང་། འཕགས་པ་མི་སྨྲ ་བར་གྱུར་པ་ལ་གནས་པ་ཡོད་དམ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པ་འདི་མངོན་དུ་བཞུགས་ནས། མཁྱེན་ན་དེ་བཞིན་གཤེགས ་པས་མཁྱེན་གྱིས་འདི་ལ་ཞུགས་ཤིག། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རབ་འབྱོར་སངས་རྒྱས་ཐམས་ཅད་ཀྱི ་ཆོས་ཀྱི་རྗེས་སུ་འཇུག་པ། གཡེང་བ་མེད་པའི་སེམས་ཤེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། བྱང་ཆུབ་སེམས་དཔའ་གང་དག་གིས་ཏིང་ངེ་འཛིན་དེ་ཐོབ་པ། དེ་དག་ཐམས། ་ཅད་ཡོན་ཏན་འདི་དག་དང་ལྡན་པར་འགྱུར་རོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ། བྱང་ཆུབ་སེམས་དཔའ་མཉམ་པར་གནས་ལ་འདི་སྐད་ཅེས ་སྨྲས་སོ།། རིགས་ཀྱི་བུ་གང་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་འདི་ནི་ཆོས་ཀྱི་གཏམ་ཞེས་བྱའོ།། གང་འདུ་ཤེས་དང་ཚོར་བ ་ཐམས་ཅད་འགོག་པའི་སྙོམས་པར་འཇུག་པ་འདི་ནི། འཕགས་པ་མི་སྨྲ་བར་གྱུར་པའོ།། རིགས་ཀྱི་བུ་ངས་བསྐལ་པ་འམ། སྐལ་པ་ལས་ལྷག་པར་ཡང་ཆོས་ཀྱི ་གཏམ་དང་། འཕགས་པ་མི་སྨྲ་བར་གྱུར་པ་ལ་བརྩམས་ཏེ། ལུང་བསྟན་པ་ངའི་སྤོབས་པ་ཟད་པར་མི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཤིང་ས་ལ ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་ལ་བཀའ་སྩལ་པ། རིགས་ཀྱི་བུ་སྔོན་འདས་པའི་དུས་ན་བྱུང་བ་སྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ་རྒྱ་ཆེ་བ་ཚད ་མེད་པ་ན། བསྐལ་པ་མཉམ་པ་རྣམ་པར་གྲགས་པ་ཞེས་བྱ་བ་བྱུང་སྟེ། དེའི་ཚེ་དེའི་དུས་ན་མཐོང་ན་དགའ་བའི་འཇིག་རྟེན་གྱི་ཁམས་སུ་ཀུན་ནས་ཏུ་འོད་ཟེར་ཞེས་བྱ་བ་དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ་སྐྱེས་བུ་འདུལ ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་།། བཅོམ་ལྡན་འདས་ཀུན་ཏུ་འོད་ཟེར་དེ་བཞིན ་གཤེགས་པའི་འཇིག་རྟེན་གྱི་ཁམས་མཐོང་ན་དགའ་བ་རིན་པོ་ཆེ་ཐམས་ཅད་རབ་ཏུ་བཀྲམ་པ་འབྱོར་པ་རྒྱས་པ་བདེ་བར་ཤིན་ཏུ་ལོ་ལེགས་པ། ཉམས་དགའ་བ་དང་ལྡན་པ་ལྷ ་དང་མི་ཀུན་ཏུ་གང་བར་གྱུར་ཏོ།། འཇིག་རྟེན་གྱི་ཁམས་དེ་སྤོས་ཐམས་ཅད་ཀྱིས་ཡོངསུ་བསྐོར་བ། རེག་ན་ཤིང་བལ་ལྟར་འཇམ་པ། གོས་ཀ་རྩ་ལ་ནི་ད་ལྟར་རེག་ན་བདེ་བ་རིན་པོ། ་ཆེ་སྣ་བདུན་གྱིས་མཉམ་པར་བརྒྱན་པར་གྱུར་ཏོ།། མཐོང་ན་དགའ་བའི་འཇིག་རྟེན་གྱི་ཁམས་དེ་ནི། གླིང་བཞི་པ་བྱེ་བ་ཁྲག་བཞི་ཡོད་དེ། རེ་རེ་ལ་ཡང་གླིང་ཆེན་པོ་དཔག་ཚད ་བརྒྱད་ཁྲི་བཞི་སྟོང་ཡོད་དོ།། གྲོང་ཁྱེར་ཆེན་པོ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ། དཔག་ཚད་ཀྱི་ཚད་དུས་བྱས་པ་ཡིན་ཏེ་གྲོང་ཁྱེར་ཆེན་པོ་རེ་རེ་ལ ་ཡང་གྲོང་དང་རི་ཁྲོད་པ་དང་། ཡུལ་འཁོར་དང་། གྲོང་རྡལ་ལྔ་བརྒྱས་བསྐོར་བར་གྱུར་ཏོ།། གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། གཞོངས་ཐམས་ཅད་ན་ཡང་སྲེག་ཆགས ་མང་པོ་བརྒྱད་སྟོང་གནས་ཏེ་མི་དེ་དག་གི་མིག་སྔར་ཅི་སྣང་བ་དེ་ཐམས་ཅད་ཀྱང་སྡུག་ཅིང་ཡིད་དུ་འོང་བ་སྟེ། ཡིད་དུ་མི་འོང་བ་མི་སྣང་ངོ་།། མི་དེ་དག་ཀྱང་སངས་རྒྱས་རྗེསུ ་དྲན་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་ཏེ། དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་མཐོང་ན་དགའ་བ་ཞེས་བྱའོ།། སངས་རྒྱས་ཀྱི་ཞིང་གཞན་ནས། བྱང་ཆུབ་སེམས་དཔའ་འཇིག ་རྟེན་གྱི་ཁམས་དེར་འོངས་པ་དེ་ཐམས་ཅད་ཀྱང་། འཇིག་རྟེན་གྱི་ཁམས་མཐོང་ན་དགའ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་གཞན་དེ་ཙམ་དུ་དགའ་བར་མི་འཛིན་ཏོ།། ཡང་དེ ་བཞིན་གཤེགས་པ་ཀུན་ཏུ་འོད་ཟེར་འདི་དེ་ཐེག་པ་གསུམ་ལ་བསླབས་ཏེ། སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། ཕལ་ཆེར་ནི་རིགས་ཀྱི་བུ་ཁྱེད་འདི་ལྟར་གནས་པ་གཉིས ་ཀྱིས་གནས་པར་བྱོས་ཤིག། ཆོས་ཀྱིས་གཏམ་བརྗོད་ཅིག། ཡང་འཕགས་པ་མི་སྨྲ་བར་གྱུར་པ་ཉེ་བར་ཞི་བ་ལ་གནས་པར་གྱིས་ཤིག་ཅེས་རྒྱས་པར་ཡང་དག་པར་རབ་ཏུ་བསྟོན་ཏོ།། ་འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ།། ། བམ་པོ་ལྔ་པའོ།། ། རིགས་ཀྱི་བུ་ཡང་དེའི་ཚེ་སྟེང་གི་ཕྱོགས་ནས་དེ་བཞིན་གཤེགས་པ་སྨན་པའི་རྒྱལ ་པོ་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་བཟད་པ་དང་། ཁྱར་བར་བློ་གྲོས་གཉིས་འོངས་ནས། དེ་གཉིས་བཅོམ་ལྡན་འདས་ཀུན་ཏུ་འོད་ཟེར་དེ་བཞིན་གཤེགས ་བ་ག་ལ་བ་དེར་ཕྱིན་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གཅིག་བསྐོར་ཏེ། ཕྱོགས་གཅིག་ཏུ་འདུག་གོ། དེ་གཉིས་ལ་དེ་བཞིན་གཤེགས་པ་དེས། ་སྣང་བ་ཡོངསུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ།། ཅིའི་ཕྱིར་སྣང་བ་ཡོངས་སུ་དག་པ་ཞེས་བྱ་ཞེ་ན། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན ་དེ་ཐོབ་པ་དེ་མཚན་མ་དང་། ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་ཞིང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྣང་བ་ཐོབ་པར་འགྱུར་ཏེ།། དེའི་ཕྱིར་སྣང་བ་ཡོངསུ་དག ་པ་ཞེས་བྱའོ།། ཆོས་ཐམས་ཅད་སྔོན་གྱི་མཐའ་དང་ཡོང་སུ་དག་པའོ།། ཆོས་ཐམས་ཅད་ཕྱི་མའི་མཐའ་ནས་ཡོངསུ་དག་པའོ།། ཆོས་ཐམས་ཅད་ད་ལྟར་བྱུང་བའི་མཐའ ་ནས་ཡོངས་སུ་དག་པའོ།། འདི་ནི་དུས་གསུམ་ཡོངས་སུ་དག་པ་ཞེས་བྱའོ།། གང་དུས་སུམ་ཡོང་སུ་དག་པ་དེ་ནི་ནམ་དུ་ཡང་ཡོངསུ་དག་པར་མི་འགྱུར་ཏེ། ཡོངསུ་དག་པ་གང་གིས་རང་བཞིན ་གྱིས་ཡོངསུ་དག་པ་དེ་ནི། ཤིན་ཏུ་ཡོང་སུ་དག་པ་སྟེ། དེའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ།། ཆོས་རྣམས་ཀྱི་རང་བཞིན་དེ་གང་ཞེ་ན། ཆོས་ཐམས་ཅད ་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཏེ། དམིགས་པ་དང་བྲལ་བའོ།། ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རང་བཞིན་ཅན་ཏེ། རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བའོ།། ཆོས་ཐམས ་ཅད་ནི་སྨོན་པ་མེད་པའི་རང་བཞིན་ཅན་ཏེ། བླང་བ་མེད་པ་དོར་བ་མེད་པ། བསམ་དུ་མེད་པའི་ནུས་པ་མེད་པ། ཤིན་ཏུ་ངོ་བོ་ཉིད་དང་བྲལ་བ་ཡིན་ཏེ། དེ་ནི་རང་བཞིན་གྱིས་འོད ་གསལ་བའོ།། འཁོར་བའི་རང་བཞིན་གང་ཡིན་པ་དེ་མྱ་ངན་ལས་འདས་པའི་རང་བཞིན་ནོ།། མྱ་ངན་ལས་འདས་པའི་རང་བཞིན་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན ་ཡིན་ཏེ། དེའི་ཕྱིར་སེམས་རང་བཞིན་འོད་གསལ་བ་ཞེས་བྱའོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་བླ་གབ་མེད་པ་ཀུན་ནས་ཉོན་མོངས་པར་འགྱུར་བ་ནི་གནས་མ་ཡིན་ཞིང ་སྐབས་མེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་སེམས་ཀྱི་རང་བཞིན་ཡང་ཀུན་ནས་ཉོན་མོངས་པར་རུང་བ་ནི་གནས་མ་ཡིན་ཞིང་སྐབས་མེད་དོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར ་ན། ན་མཁའ་ལ་སྤྲིན་གྱི་ཕུང་པོའམ་དུ་བའམ་རྡལ་དག་སྣང་སྟེ། དེས་ན་མཁའ་མི་མཛེས་ཤིང་ལྷམ་མེ་ལྷང་ངེར་མི་འགྱུར་མོད་ཀྱི། དེ་དག་གིས་ན་མཁའི་རང་བཞིན་ཀུན ་ནས་ཉོན་མོངས་པར་མི་འགྱུར་རོ།། གལ་ཏེ་ན་མཁའ་ཀུན་ནས་ཉོན་མོངས་སུ་ཟིན་ན། ཤིན་ཏུ་རྣམ་པར་དག་པར་མི་འགྱུར་ཏེ། འདི་ལྟར་ཀུན་ནས་ཉོན་མོངས་པར་མི ་འགྱུར་བས་ན། དེའི་ཕྱིར་ན་མཁའ་ཞེས་རབ་ཏུ་དབྱེའོ།། རིགས་ཀྱི་བུ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོའོ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པ་རྣམས་ཀྱི་ཉོན་མོངས་པ་སྐྱེ་མོད ་ཀྱི། དེ་དག་གིས་སེམས་ཀྱི་རང་བཞིན་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ།། གལ་ཏེ་ཀུན་ནས་ཉོན་མོངས་པར་འགྱུར་ན་ནི། ཤིན་ཏུ་རྣམ་པར་དག་པར་མི་འགྱུར་ཏེ། འདི་ལྟར་ཀུན ་ནས་ཉོན་མོངས་པར་མི་འགྱུར་བ་ན། དེའི་ཕྱིར་རང་བཞིན་གྱིས་རྣམ་པར་གྲོལ་བར་རྣམ་པར་གྲོལ་ལོ།། རིགས་ཀྱི་བུ་འདི་ནི་སྣང་བ་ཡོངསུ་དག་པའི་ཏིང་ངེ་འཛིན་ལ་འཇུག་པའོ།། ། ་ཞེས་དེ་ལྟར་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས་ཏིང་ངེ་འཛིན་འདི་ཐོས་ནས། བསམ་གྱིས་མི་ཁྱབ་པའི་ཆོས་ལ་ཆོས་ཀྱི་སྣང་བ་ཐོབ་པོ།། དེ་ནས ་བཅོམ་ལྡན་འདས་ཀུན་ཏུ་འོད་ཟེར་དེ་བཞིན་གཤེགས་པ་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་མི་བཟད་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གི་ཏིང ་ངེ་འཛིན་འདི་ལ་འཇུག་པ་ནི་ཐོས་ན། བཅོམ་ལྡན་འདས་བདག་ཅག་གནས་པ་གང་གིས་གནས་པར་བགྱི། སྐད་གསོལ་པ་དང་། བཅོམ་ལྡན་འདས་དེས་རིགས་ཀྱི་བུ་དེ་གཉིས ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་འདི་ལ་ཁྱེད་ཆོས་ཀྱི་གཏམ་ཡང་དག་པར་སྟོན་ཅིག། བཅོམ་ལྡན་འདས་མི་སྨྲ་བར་གྱུར་པ་ལ་གནས་པར་གྱིས་ཤིག། དེ་ནས ་བཅོམ་ལྡན་འདས་ལས་བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས་ལེགས་སོ་ཞེས་བྱ་བ་ཐོབ་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ལན་གསུམ་སྐོར་བ་བྱས་ཏེ། བཅོམ་ལྡན་འདས ་ཀྱི་དྲང་ནས། སྐྱེད་མོས་ཚལ་ཞིག་གང་ན་ཡོད་པ་དེར་སོང་སྟེ། དེར་ཕྱིན་ནས་རང་གི་སྤྲུལ་པའི་ཁང་བུ་རྩེགས་པའི་ནང་དེ་འདུག་གོ། དེ་གཉིས་དེ་ན་འདུག་པ་དེར་ཚངས་པ་ཆེན་པོ་འོད་ཟེར ་བཟང་པོ་ཞེས་བྱ་བ། ཚངས་པ་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། བྱང་ཆུབ་སེམས་དཔའ་དེ་གཉིས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱི་རྐང་པ་ལ། ་མགོ་བོས་ཕྱག་འཚལ་ནས། ལན་གསུམ་བསྐོར་བ་བྱས་ཏེ། བྱང་ཆུབ་སེམས་དཔའ་དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་བཅོམ་ལྡན་འདས་ཀུན་ཏུ་འོད་ཟེར་དེ་བཞིན་གཤེགས ་པ་དེས་འདི་སྐད་ཅེས་འདུག་ཤིང་འཁོད་པ་རྣམས་ཀྱིས་བྱ་བ་གཉིས་ཡོད་དོ་ཆོས་ཀྱི་གཏམ་བསྟན་པར་བྱའོ།། ཡང་ན་འཕགས་པ་མི་སྨྲ་བར་གྱུར་པས་གནས་པར་བྱའོ།། ཞེས་གསུངས ་ན་དེ་ལ་ཆོས་ཀྱི་གཏམ་ནི་གང་ཡིན། འཕགས་པ་མི་སྨྲ་བར་གྱུར་པས་གནས་པར་བྱའོ་ཞེས་གསུངས་ན། དེ་ལ་ཆོས་ཀྱི་གཏམ་ནི་གང་ཡིན། འཕགས་པ་མི་སྨྲ་བར་གྱུར་པ་ནི་གང ་ཡིན་པ་དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས་ཚངས་པ་འོད་ཟེར་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ།། ཚངས་པ་དེའི་ཕྱིར་དྲིས་པ་ལུང་བསྟན་པ་འདི ་ལས་བསྟན་པ་ཅུང་ཟད་ཅིག་བཤད་གིས་ཉོན་ཅིག་དང་འདི་ལ་དེ་བཞིན་གཤེགས་པ་ནི་མངོན་སུམ་སྟེ། ཕ་རོལ་གྱི་མཆོག་རྙེས་པའོ།། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ ་དེས་གཉིས་འཁོར་དེའི་ནང་ནས་འདི་ལྟ་སྟེ། ཆོས་ཀྱི་གཏམ་དང་། འཕགས་པ་མི་སྨྲ་བར་གྱུར་པ་ལ་བརྩེགས་ན། དོན་གྱི་ཚིག་འདི་གཉིས་རྒྱས་པར་བསྟན་ཏེ། ་དེའི་ཚེ་ཚངས་པ་བརྒྱ་སྟོང་ཕྲག་བདུན་བཅུ་རྩ་གཉིས་པོ་དེ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ།། ཚངས་པ་འོད་ཟེར་བཟང་པོས་ཀྱང་ཏིང་ངེ་འཛིན་ཀུན་ཏུ་སྣང་བར་མངོན་དུ ་གྱུར་ཏེ་རབ་ཏུ་ཐོབ་པོ་རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སྤོབས་པ་རྒྱུན་མི་འཆད་པ་དེ་གཉིས་དྲིས་པ་འདི་ལྟ་སྟེ། ཆོས་ཀྱི་གཏམ་དང་། འཕགས་པ་མི་སྨྲས་པར ་གྱུར་པ་ཡང་དག་སྟོན་ཅིང་འདུག་སྟེ། དེ་གཉིས་ལོ་བདུན་བཅུ་རྩ་གཉིས་ཀྱི་བར་དུ་དོན་གྱི་ཚིག་འདི་གཉིས་གཏན་ལ་འབེབས་ཤིང་། ལན་ལྗོན་པར་འགྱུར་ཏེ། གཅིག་གི་ཡང ་མཐར་མ་བྱིན་ཏོ།། དེ་ནས་དེ་བཞིན་གཤེགས་པ་དེ་སྟེང་གི་ནམ་ཀ་ལ་བཞུགས་ན། དེ་གཉིས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཆོག་གོ། སྨྲ་བས་བརྩོད་པ ་མ་བྱེད་ཅིག། སྨྲ་བས་རྩོད་པ་མ་སྐྱེད་ཅིག། སྨྲ་བ་ཐམས་ཅད་ནི་བྲག་ཆ་དང་མཚུངས་ཏེ། སྒྲ་ཅི་འདྲ་བ་བཞིན་དུ་སྒྲ་རྙན་ཡང་དེ་བཞིན་ནོ།། ཁྱེད་ཀྱིས་སྤོབས་པ་སོ་སོར ་ཡང་དག་པར་རིག་པ་མི་ཟད་པ་མངོན་པར་སྒྲུབ་པ་ཁོང་དུ་ཆུད་དོ།། ཁྱོད་འདོད་ན་དྲིས་པ་འདིའི་དོན་བསྐལ་བ་འམ། བསྐལ་པ་ལས་ལྷག་པར་ཡང་ལན་ལྡན་ཁྱོད་ཀྱི ་སྤོབས་པའི་མཐར་ཕྱིན་པར་ཡང་མི་འགྱུར་མོད་ཀྱི། སངས་རྒྱས་ཀྱི་ཚིག་ནི་ཉེ་བར་ཞི་བ་ཡིན་ཏེ། ཞི་བ་རབ་ཏུ་ཞི་བ་ཉེ་བར་ཞི་བ་ཡི་གེ་མེད་པའི་དོན་ཏོ།། དོན་ནི ་བརྗོད་དུ་མེད་པ་སྟེ། ཇི་སྙམ་དུ་བརྗོད་པ་དེ་ཙམ་དུ་དོན་མེད་དོ།། དོན་ལ་སྟོན་ན་ཡི་གེ་ལ་མ་རྟོན་ཅིག་ཅེས་དེ་གཉིས་དེ་བཞིན་གཤེགས་པ་དེས་བསྐུལ་བར་རིག་ནས་ཅང་མི་སྨྲ་བར ་གྱུར་ཏོ།། རིགས་ཀྱི་བུ་རྣམ་གྲངས་འདིས་ཀྱང་འདི་ལྟར་འདོད་ན། བྱང་ཆུབ་སེམས་དཔའ་བསྐལ་པ་བརྒྱ་སྟོང་ངམ། དེ་བས་ལྷག་པར་ཡང་སྤོབས་པས་བསྟན་པ་སྟོན་པར ་རིག་པར་བྱའོ།། རིགས་ཀྱི་བུ་དེའི་དུས་དེའི་ཚེ་ན་བྱང་ཆུབ་སེམས་དཔའ་གཉིས་འབྱུང་བ་གཞན་ཡིན་པར་འཛིན་ན། ཁྱོད་ཀྱིས་དེ་ལྟར་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། ་འཇམ་དཔལ་གཞོན་ནུར་གྱུར་པ་འདི་དེའི་ཚེ། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ཞེས་བྱ་བར་གྱུར་ཏོ།། མཉམ་པར་གནས་པ་ཁྱོད་ཀྱང་དེའི་ཚེ་དེའི་དུས་ན། བྱང་ཆུབ ་སེམས་དཔའ་ཁྱད་པར་བློ་གྲོས་ཤེས་བྱ་བར་གྱུར་ཏོ།། དེའི་ཚེ་དེའི་དུས་ན་ཚངས་པ་ཚངས་པ་ཆེན་པོ་ཁྱད་པར་སེམས་འདི་ནི་ཚངས་པ་འོད་ཟེར་བཟང་པོ་ཞེས་བྱ་བར་གྱུར ་ཏོ།། དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་མཉམ་པར་གནས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་འདི་མངོན་པར་བརྩོན་པ་དེ་བགྱིད ་པའི་བརྩོན་འགྲུས་བརྩམས་པ་རྣམས་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་དོན་ཆེན་པོ་འཐོབ་པར་འགྱུར་ཏེ་མངོན་པར་མི་བརྩོན་པ་རྣམས་ལ་ནི། སངས་རྒྱས ་བཅོམ་ལྡན་འདས་བརྒྱད་སྟོང་གིས་ཀྱང་ཅི་ཞིག་བགྱི། བཅོམ་ལྡན་འདས་མངོན་པར་བརྩོན་པ་ནི་བྱང་ཆུབ་ལག་སོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། བྲབ ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པ་ལ་འདི་སྐད་ཅེས་སྨྲས་སོ།། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མངོན་པར་རྟོགས་པར་འཐོབ་པར་འགྱུར། སྨྲས ་པ་གང་ཆོས་གང་ལ་ཡང་རྣམ་པར་མི་རྟོགས་ན། དེ་ལྟར་བརྩོན་པས་མངོན་པར་རྟོགས་པ་ཐོབ་པར་འགྱུར་རོ།། སྨྲས་པ་ཇི་ལྟར་ན་མངོན་པར་རྟོགས་པ། མངོན་པར་རྟོགས་པ་ཡིན།། ་སྨྲས་པ་མཉམ་པ་ཉིད་གང་གིས་ཆོས་ཐམས་ཅད་མཉམ་པར་མཐོང་བ་ནི་དེ་ལྟར་ན་མངོན་པར་རྟོགས་པ། མངོན་པར་རྟོགས་པ་ཡིན་ནོ།། སྨྲས་པ། རིགས་ཀྱི་བུ་མཉམ་པ་ཉིད ་མཐོང་བར་རུང་ངམ། སྨྲས་པ་མི་རུང་ངོ་།། སྨྲས་པ་གལ་ཏེ་མི་རུང་ན་མི་མཉམ་པར་འགྱུར་ཏེ། མཉམ་པར་མི་རུང་ངོ་།། ཁྱེད་པར་སེམས་ཀྱིས་སྨྲས་པ། འཇམ་དཔལ་གང ་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མི་མཐོང་བ་འདི་ནི་མངོན་པར་རྟོགས་པ་ཞེས་བྱའོ།། འཇམ་དཔལ་གྱིས་སྨྲས་པ། ཚངས་པ་ཅིའི་ཕྱིར་མི་མཐོང་། སྨྲས་པ་གཉིས་དང་བྲལ ་བའི་ཕྱིར་མི་མཐོང་ངོ་།། འཇམ་དཔལ་མི་མཐོང་བ་ནི། ཡང་དག་པར་འཐོང་བ་ཡིན་ནོ།། སྨྲས་པ་ཚངས་པ་སུས་འཇིག་རྟེན་གྱི་མཉམ་པ་ཉིད་མཐོང་། སྨྲས་པ་དེ་བཞིན་གཤེགས ་པས་སོ།། སྨྲས་པ་ཇི་ལྟར་གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་ཉིད་དུ་མ་མཛད་པ་དང་། ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་དེ་བཞིན་ཉིད ་ལས་གཞན་དུ་མ་མཛད་དེ། འཇམ་དཔལ་ཕུང་པོ་ལྔའི་དེ་བཞིང་ཉིད་དུ་གཟིགས་པ་འདི་ནི་འཇིག་རྟེན་ལ་ཡང་དག་པར་གཟིགས་པའི། སྨྲས་པ་ཚངས་པ ་འཇིག་རྟེན་གང་གིས་རབ་ཏུ་ཕྱེ། སྨྲས་པ་འང་པའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེའོ།། སྨྲས་པ་གལ་ཏེ་འཇིག་རྟེན་ཟད་པའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་ན། ཚངས་པ་འཇིག ་རྟེན་གྱི་མཚན་ཉིད་ང་ཟད་པར་འགྱུར་རམ། སྨྲས་པ། འཇམ་དཔལ་འཇིག་རྟེན་གྱི་མཚན་ཉིད་ཟད་པར་འགྱུར་རོ།། སྨྲས་པ། འཇམ་དཔལ་འཇིག་རྟེན་གྱི་མཚན་ཉིད་ཟད་པར་མི ་འགྱུར་རོ།། སྨྲས་པ་འོ་ན་ད་ཅི་ལྟར་འཇིག་རྟེན་ཟད་པའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན། སྨྲས་པ་འཇམ་དཔལ་གང་ཤིན་ཏུ་ཟད་པ་དེ་ནི། ཟད་པར་འགྱུར་རོ།། དེ་ཅིའི ་ཕྱིར་ཞེ་ན། གང་དེ་ལ་ཟད་པར་མི་འགྱུར་བའི་ཕྱིར་རོ།། སྨྲས་པ་ཚངས་པ་དེ་བཞིན་གཤེགས་པས་འདུས་བྱས་ཟད་པའི་ཆོས་ཅན་དུ་མ་གསུངས་སམ། སྨྲས་པ། འཇམ ་དཔལ་ཟད་པའི་ཆོས་ཉིད་ཀྱིས་འདུས་བྱས་སོ།། ཞེས་བྱ་བའི་གྲངས་སུ་འགྲོའོ།། ཚངས་པ་གང་གིས་འདུས་བྱས་དང་འདུས་མ་བྱས་ཀྱི་གྲངས་སུ་འགྲོ། སྨྲས་པ། འཇམ ་དཔལ་ཟད་པའི་ཆོས་ཉིད་ཀྱིས་འདུས་བྱས་སོ་ཞེས་བྱ་བའི་གྲངས་སུ་འགྲོའོ།། སྨྲས་པ། ཚངས་པ་འདུས་བྱས་ཅི་ལ་གནས། སྨྲས་པ་འདུས་མ་བྱས་ཀྱི་རང་བཞིན་ལ ་གནས་སོ།། སྨྲས་པ་ཚངས་པ་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ལ་ཐ་དད་དུ་བྱ་བ་ཅི་ཡོད། སྨྲས་པ་འཇམ་དཔལ་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས ་རྣམས་ལ་ཐ་དད་དུ་བྱ་བ་ནི་ཐ་སྙད་དོ།། དེ་ཅིའི་ཕྱིར་ཞེ་ན། ཐ་སྙད་ཀྱིས་འདུས་བྱས་སོ།། འདི་ནི་འདུས་མ་བྱས་སོ་ཞེས་བསྟན་ཏོ།། ཡང་འདུས་བྱས་ཀྱི་ཆོས་ཉིད་གང ་ཡིན་པ་དེ་ནི་འདུས་མ་བྱས་ཀྱི་ཆོས་ཉིད་ཀྱང་དེ་ཡིན་ཏེ། ཆོས་ཉིད་ལ་ཐ་དད་པ་མེད་དོ།། སྨྲས་པ་ཚངས་པ་ཆོས་ཉིད་ཅེས་བྱ་བ་འདི་གང་གི་ཚིག་བླ་དགས་ཡིན། སྨྲས ་པ་ཅི་འཇམ་དཔལ་ཆོས་ཉིད་ཅེས་བྱ་བ་ནི་འདུས་མ་བྱས་དང་བྱེ་བྲག་མེད་པར་གྱུར་པའི་ཆོས་རྣམས་ཀྱི་ཚིག་བླ་དགས་སོ།། སྨྲས་པ་ཚིག་བླ་དགས་ཤེས་བྱ་བའི་དོན་ཅི། སྨྲས་པ ་ཕ་རོལ་རྣམས་པར་རིག་པར་བྱ་བའི་ཆེད་དུ་བསྟན་པས་ན། འདི་ནི་དེའི་ཕྱིར་ཚིག་བླ་དགས་ཤེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཚིག་བླ་དགས་ཐམས་ཅད་ནི་ལྷག་པར་བྱེད་པས་སྒྲ ་འདོགས་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་སྒོ་མི་འདོགས་ཤིང་ལྷག་པར་ཡང་མི་འཛིན་ལ་སྟོན་པས་དེ་ནི་ལྷག་པའི་ཚིག་ཅེས་བྱའོ།། ཡང་འཇམ་དཔལ ་ཚིག་ཐམས་ཅད་ནི་ཚིག་ཐམས་ཅད་མ་ཡིན་པ་ན། དེའི་སངས་རྒྱས་ཀྱི་ཚིག་ནི་བརྗོད་དུ་མེད་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ནི ་བརྗོད་པས་རབ་ཏུ་ཕྱེ་བ་མ་ཡིན་ནོ།། སྨྲས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་ལྟར་རབ་ཏུ་དབྱེ་བ། སྨྲས་པ་གཟུགས་སུ་ཡང་མ་ཡིན་མཚན་དུ་ཡང་མ་ཡིན་ཆོས ་ཉིང་དུ་ཡང་རབ་ཏུ་མི་དབྱེའོ།། སྨྲས་པ་ཅི་གཟུགས་ཀྱི་མཚན་ཉིད་ཀྱིས་ཆོས་ཀྱིས་ཐ་དད་དུ་དབྱེའམ། སྨྲས་པ་དེ་མ་ཡིན་ནོ།། སྨྲས་པ་གཟུགས་ཀྱི་མཚན་ཉིད་ཀྱི་ཆོས་ཀྱི ་དེ་བཞིན་ཞིང་གང་ཡིན་པ་དེ་ནི་དེ་ལས་ཀྱང་མ་ཡིན་གཞན་ལས་ཀྱང་མ་ཡིན་ཏེ། དེ་ལྟར་དེ་བཞིན་གཤེགས་པ་རྣམས་རབ་ཏུ་དབྱེའོ།། འདི་ལྟར་དེ་བཞིན་ཉིད་ཀྱིས་རབ་ཏུ ་བསྟན་ཅིང་ཆུད་ཟ་བར་ཡང་མི་འགྱུར་བ་དེ་ལྟར་རབ་ཏུ་དབྱེའོ།། སྨྲས་པ་དེ་ལྟར་ན་དེ་བཞིན་གཤེགས་པས་ཅི་ཞིག་མངོན་པར་རྫོགས་པར་སངས་རྒྱས། སྨྲས་པ་དེ་ལྟར་ན་དེ་བཞིན་གཤེགས ་བས་ཆོས་ཐམས་ཅད་ཀྱི་རང་བཞིན་དངོ་བོ་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ཤིང་། མངོན་པར་རྟོགས་སྟེ། དེའི་ཕྱིར་ཡང་དག་པར་རྫོགས་པའི ་སངས་རྒྱས་ཤེས་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་མཉམ་པར་གནས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང ་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ཡང་དག་པར་ཞུགས་པ་ཞེས་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས། དེའི་ཚེ་ཚིག་སུ་བཅད་པ་འདི་དག་གསུངས་སོ།། མཁས་པ་དེ་དག ་གཟུགས་གཞིག་ཕྱིར།། བྱང་ཆུབ་ཏུ་ནི་མ་ཞུགས་ཏེ། གཟུགས་བཞིན་བྱང་ཆུབ་དེ་བཞིན་ཞེས། མཁས་པ་དག་ནི་དེ་ལྟར་འཇུག། དེ་བཞིན་ཉིད་ཀྱིས་ཕྱེ་བས་ན། གཟུགས་ལྟར་བྱང ་ནུབ་དེ་བཞིན་ཏེ། མཁས་མཆོག་དེ་དག་བྱང་ཆུབ་ལ།། ཡོངསུ་དཔེ་བར་མི་འཇུག་གོ། བྱང་ཆུབ་དོན་ནི་དཔེར་མེད་དེ།། དོན་ལ་བྱང་ཆུབ་མི་དམིགས་སོ།། དོན་དམ་འདི་ལ་གང ་བརྩོན་པ།། དེ་དག་བྱང་ཆུབ་ཉིད་ལ་ཞུགས།། ཕུང་པོ་དང་ནི་མཁས་རྣམས་དང་།། སྐྱེ་མཆེད་དག་ལ་བྱང་ཆུབ་ཚོལ།། བྱང་ཆུབ་དེའི་རང་བཞིན་ཏེ།། དེ་ལས་གུད་ན་བྱང་ཆུབ ་མེད།། ཆོས་རྣམས་རབ་དང་ཐ་མ་དང་།། བར་མའང་ནམ་ཞིག་མི་འཛིན་ཅིང་།། གང་ཡང་འདོར་བར་མི་བྱེད་པ།། དེ་ཚེ་བྱང་ཆུབ་ཡང་དག་ཞུགས། ནམ་ཞིག་ཆོས ་དང་ཆོས་མ་ཡིན།། གཉིས་སུ་དེ་དག་ཁས་མི་ལེན།། གཉིས་སུ་གྱུར་པ་ཡང་མ་ཡིན་པ།། དེ་དག་བྱང་ཆུབ་རབ་ཏུ་ཞུགས།། འདུས་མ་བྱས་ནི་གཉིས་སུ ་མེད།། འདུས་བྱེས་དག་ནི་གཉིས་ཡོད་ན།། འདི་གཉིས་མཐའ་སྟེ་རྣམ་པར་སྤང་།། བྱང་ཆུབ་སྤྱད་པ་དེ་དག་སྤྱོད།། སོ་སོའི་སྐྱེ་ལས་རབ་འདས་ལ།། མི་འགྱུར་བ་ལ་འང་མི ་གནས་ཤིང་།། འབྲས་བུའང་མ་ཐོས་འཕགས་པ་རྣམས།། དེ་དག་འཇིག་རྟེན་སྦྱིན་འོས་ཡིན།། འཇིག་རྟེན་ཆོས་རྣམས་ཀུན་ལྟ་ཞིང་།། འཇིག་རྟེན་ན་ཡང་པད་མ་བཞིན།། ་སྤྱོད་པ་མཆོག་ལ་སྤྱོད་པ་ནི།། དེ་དག་བྱང་ཆུབ་ཞུགས་པ་ཡིན།། གང་ལ་འཇིག་རྟེན་སྤྱོད་པ་དེར།། དེ་དག་སྤྱོད་པར་བྱེད་མོས་ཀྱི།། གང་ལ་འཇིག་རྟེན་རྨོངས་གྱུར་པ།། དེ ་ལ་མཁས་པ་དེ་དག་གྲོལ།། དེ་དག་འཁོར་བར་ཉོན་མི་མོངས།། བྱང་ཆུབ་སེཾས་དཔའ་འཇིགས་མེད་པ།། ཞན་པ་མེད་ཅིང་ཞུམ་མེད་པ།། དེ་དག་བྱང་ཆུབ་སྦྱད་པ་སྤྱོད། ཇི ་བཞིན་མཁས་ཤིང་རྟག་པར་ནི།། ཆོས་ཀྱི་དབྱིངས་ཀྱི་ཚུལ་ཡང་རྟོགས།། དེ་དག་ཆོས་དང་ཆོས་མིན་དུ།། འདི་ལ་མཁས་པ་མི་རྟོག་གོ། བྱང་ཆུབ་སྤྱོད་པ་རབ་སྤྱོད་ཅིང་། དེ ་ངག་ཆོས་རྣམས་འཇིག་མི་བྱེད།། གང་ཡང་སྐྱེ་བར་མི་བྱེད་དེ།། འདི་ནི་བྱང་ཆུབ་མཚན་ཉིད་དོ།། ཆོས་རྣམས་ཐམས་ཅད་མཚན་ཉིད་མེད།། ན་མཁའ་མཚུངས་ཤིང་མཉམ ་པ་སྟེ།། མཁས་པ་དེ་དག་ནམ་དུ་ཡང་།། མཚན་བཞི་མཚན་པཞི་མེད་མི་སྙེམས།། སྤྱོད་ལ་མཁས་པར་གྱུར་པ་ཡིན།། ཐབས་ཀྱི་ཕ་རོལ་རབ་སོང་ཞིང་། སེམས་ཅན་རྣམ ་ཀྱི་བསམ་པ་ཡང་།། མཁས་པ་དག་ནི་རྫོགས་པར་བྱེད།། རྟག་ཏུ་དམ་པའི་ཆོས་འཛིན་ཅིང་།། མངོན་པ་ཉིད་ལ་རབ་ཏུ་གནས།། ཆོས་ལ་རློམ་སེམས་མི་བྱེད་པ།། འདི་ནི་ངའི་ཆོས་ཡིན ་ཏེ། སངས་རྒྱས་དང་ནི་སྐྱེས་ཀྱང་རུང་།། འོན་ཏེ་འདྲེན་པ་མ་སྐྱེས་ཀྱང་།། ཆོས་རྣམས་ཐམས་ཅད་སྟོང་པ་སྟེ།། དེ་དག་ཆོས་ཉིད་དེ་མི་འདོར།། ཆོས་རྣམས་ཀུན་ལ་མངོན་སུམ་སྟེ། ་ཆོས་ཀྱི་ཆོས་ཉིད་གང་ཡིན་པ།། དེ་བཞིན་ཉིད་ལ་རབ་གནས་ཤིང་།། དེ་དག་བརྟན་པ་ཤིན་ཏུ་སྟོན།། བདུད་ཀྱིས་ཟབ་མོའི་སྤྱོད་པའི།། གཏིང་ཡང་རྟག་ཏུ་རིག་མི་འགྱུར།། ་འདི་ལྟར་དེ་དག་ཆོས་རྣམས་ལ།། མ་ལུས་པར་ནི་མི་འཛིན་ཏོ།། སངས་རྒྱས་ཡེ་ཤེས་རབ་ཚོལ་བ།། ཡང་དག་ཞུགས་པའི་སྤྱོད་ཡུལ་མིན།། ཡེ་ཤེས་དེ་ཡང་ཡུལ་གནས ་དང་།། ཕྱོགས་ལ་གནས་པ་མི་འཐོབ་པོ།། སངས་རྒྱས་ཡེ་ཤེས་ཆགས་མེད་དེ།། ཆོས་དང་ཆོས་ལ་ཆགས་མི་བྱེད།། བྱང་ཆུབ་དུ་ནི་གང་གཞོལ་བ། དེ་བཞིན་དེ་དག་ཆགས ་མི་བྱེད།། སྦྱིན་པས་མངོན་པར་རྟག་ཏུ་འཕགས།། སེམས་ཅན་དུལ་དུལ་བ་རབ་ཏུ་དགའ།། དེ་དག་མ་ལུས་གཏོང་བ་ན།། ཞན་པའི་སེམས་ནི་ཡོད་མེད་ན།། ཆོས་ནི་གཏང ་བར་མི་ནུས་ཏེ།། གཟུང་བར་ཡང་ནི་མི་ནུས་སོ།། དེ་ལྟར་ཆོས་རྣམས་ཐམས་ཅད་ལ།། བདག་གི་དངོས་པོ་ཡོད་མ་ཡིན།། ཆོས་རྣམས་ཐམས་ཅད་མ་མཆིས་ཤིང་།། གྲོལ་བ ་མེད་པ་གང་གིས་ཤེས།། གང་ལ་ལྟ་བ་མེད་པ་སྟེ།། དེ་ནི་སྦྱིན་བདག་ཆེན་པོ་ཡིན།། ང་དང་ང་ཡིར་ལྟ་བ་གང་དེ་ལ་དེ་དག་ཡོང་མེད་དེ།། དེ་ཕྱིར་དེ་དག་གཏོང་བ་ནི།། ་དངོས་པོ་ཅིའང་རྟེན་མི་འགྱུར།། སྦྱིན་པ་གཏོང་བ་ཐམས་ཅད་ཀྱང་།། བྱང་ཆུབ་ལ་ནི་སྔོ་བར་བྱེད།། བྱང་ཆུབ་ལ་ནི་སྦྱིན་པ་ཡིས།། གཉིས་སུ་མི་ཤེས་མི་སྐྱེད་དོ།། ། ་འདུ་བྱེད་མེད་པའི་ཚུལ་ཁྲིམས་ལ།། རྟག་པར་ཤིན་ཏུ་གནས་པར་འགྱུར།། ཚུལ་ཁྲིམས་ལ་ཡང་བདག་གནས་ཤེས།། དེ་དག་ལ་ནི་རློམ་སེམས་མེད།། ཚུལ་ཁྲིམས་དག་ནི་མ་བྱས ་ཤིང་།། མ་སྐྱེས་པར་ཡང་མཁས་པས་ཤེས།། དེ་ཕྱིར་དེའི་ཚུལ་ཁྲིམས་ནི།། རབ་དག་དྲི་མེད་ནམ་ཀ་བཞིན།། ལུས་ནི་གཟུགས་བསྟན་ཉིད་དང་འདྲ།། ངག་ནི་བྲག་ཆ་ཇི་བཞིན་ཏེ། ་སེམས་ཀྱང་སྒྱུ་མ་འདྲ་རིག་ནས།། དེ་དག་ཚུལ་ཁྲིམས་མི་སྙེམས་སོ།། དེ་དག་ཞི་ཞིང་རབ་ཏུ་ཞི།། ཉེ་བར་ཞི་ཞིང་མཉམ་པར་གཞག། སྡིག་པ་ཐམས་ཅད་ཞི་བྱེད་ཅིང་།། རབ ་ཏུ་ཞི་བ་ཕ་རོལ་སོང་།། ངང་ཚུལ་ངན་དང་ཚུལ་ཁྲིམས་ནི། གཉིས་སུ་བྱ་བ་དེ་ལ་མེད། ཆོས་ཀྱི་དབྱིངས་ནི་ཡོངས་ཤེས་ནས། དེའི་ཚུལ་ཁྲིམས་ཟག་པ་མེད། བཟོད་པའི ་ཕ་རོལ་རབ་ཕྱིན་ཅིང་། ཉེས་བྱས་ཐམས་ཅད་བཟོད་པ་བྱེད། དེ་ལྟར་སེམས་ཅན་ཐམས་ཅད་ལ། དེའི་འདུ་ཤེས་མཉམ་པར་འཇུག། ཆོས་རྣམས་ཐམས་ཅད་མི་གནས ་ཏེ། སྐད་ཅིག་འཇོམ་པས་འཇིགས་པར་འགྱུར།། འདི་ལ་གང་ཡང་གཤེ་བ་མེད།། འདི་ལ་གང་ཡང་ཕྱག་འཚལ་མེད།། ལུས་རྣམས་གཤེགས་ཤིང་བཤད་ན་ཡང་།། དེའི ་སེམས་ལ་འཁྲུག་མི་འགྱུར།། ལུས་ཀྱི་ནང་ངན་ཕྱི་རོལ་ན།། སེམས་ནི་ཤིན་ཏུ་མི་གནས་སོ།། ཁམས་བཞི་ལས་ནི་བྱུང་བ་ཡི།། ལུས་འདི་ཉིད་དགྲ་དང་མཚུངས།། ཡང་། ་དག་ཡོངས་སུ་རྟོག་པ་ཡི།། མཁས་པ་དེ་དག་བདག་མི་སྙེམས། དེ་ལྟར་མངོན་སུམ་གྱུར་པས་ནི།། དེ་དག་བཟོད་པར་སྨྲ་བ་ཡིན།། དེའི་སེམས་ནི་སུན་བྱུང་བར།། མ་ལུས་སྐྱེ་བོས་མི་ནུས ་སོ།། དེ་དག་བརྩོན་འགྲུས་ཆེ་རྩོམ་སྟེ།། མཐུ་བརྟན་འཇིགས་པ་མེད་པ་དག། ལུས་དང་སེམས་རྣམས་རིག་ནས་ནི།། དེ་དག་ལ་ནི་གནས་མི་འགྱུར།། འཁོར་བའི་ནི་ཐོག་མའི།། མཐའ ་ནས་གཟུང་སྟེ་མ་སྐྱེས་སོ།། སེམས་ཅན་གཅིག་གི་དོན་ཕྱིར་ཡང་སྟོབས་པོ་ཆེ་དག་གོ་ཆ་གྱོན།། ཆོས་ནི་གང་ཡང་མི་སྐྱེ་སྟེ། འབྱུང་བར་འགྱུར་བའང་མེད་མོད་ཀྱི། བྱིས་པ་ཕྱིན་ཅི ་ལོག་པའི་ཕྱིར། སྔོན་གི་མཐའ་ནི་མི་རྟོགས་སོ།། དབྱིངས་འདི་རྟག་ཏུ་གནས་པ་སྟེ། ཆོས་ཀྱི་དབྱིངས་ནི་བསམ་མི་ཁྱབ།། དེ་ལྟར་ཡང་དག་རབ་ཤེས་ན། འདི་ལ་སྐྱེད་མེད་འཇིག་པ ་འང་མེད།། ཆོས་ཀྱི་ཆོས་ཉིད་འདི་རྣམས་ནི།། སེམས་ཅན་འདི་དག་མི་ཤེས་ཏེ། དེ་ཕྱིར་དེའི་ཕྱིན་ཅི་ལོག། སྤང་བའི་ཕྱིར་ནི་དེ་དག་བརྩོན།། སེམས་ཅན་རྫོགས་པའི་སངས་རྒྱས་ཀྱིས།། ་ཇི་ལྟར་བར་ཡང་ཡོང་མ་བརྙེས།། གོ་ཆ་དག་དང་མི་འདོར་སྟེ།། བརྩོན་འགྲུས་དག་གི་ཁྱད་པར་རྟོགས།། ཇི་ལྟར་སྒྱུ་མ་སྨིག་རྒྱུ་ལྟར།། ཆོས་རྣམས་ལ་ནི་རབ་ཏུ་འབྱེད།། འདི་ལ་སྙིང ་པོ་མི་རྙེད་དེ།། ནམ་མཁའ་ལ་ནི་ལྟ་བ་བཞིན།། མེད་པའི་ཡོང་སུ་རྟོག་པ་ཡིས། སྐྱེ་བོ་མི་མཁས་ཉོན་མོངས་འགྱུར།། གང་གིས་མྱ་ངན་འདའ་བའི།། རིགས་པ་དག་ནི་དེ་ལ་བཤད། ་དེའི་བརྩོན་འགྲུས་དེ་ཕྱིར་ཏེ།། དངོས་པོ་བཞིག་ཕྱིར་མ་ཡིན་ནོ།། དངོས་དང་དངོས་མེད་མི་རྟག་ཕྱིར།། དེ་དག་གི་ནི་བརྩོན་འགྲུས་སྐྱེད།། བདེན་པ་དག་ཏུ་རྟག་གནས་ཤིང་། ཉོན ་མོངས་མེད་པར་རྟོགས་པར་རིག། འཁོར་བ་ལ་ནི་སྐྲག་པའི་ཡིད།། འདྲིས་པ་མེད་ཅིང་ཡིད་མི་རྟེན།། དགོན་པར་སྤྱོད་པ་བརྟན་པ་དག། མཁས་པ་རྟག་ཏུ ་བསེ་རུ་བཞིན།། ཤེས་པར་རྩེན་པ་རིག་པ་དག། དེ་དག་མངོན་ཤེས་རྟོགས་པར་རིག་དགོན་པ་བཞིན་དུ་གྲོང་དེ་བཞིན།། མཉམ་པ་ཉིན་ལ་རབ་གནས་པས།། སྤྱོད་དང་སྤྱོད་ལམ་མི ་རྟོགས་སྟེ།། དེ་དག་རྟག་ཏུ་མཉམ་པར་གཞག། ནམ་ཞིག་མཉམ་པར་བཞག་པའི་ཆོས།། ཉེ་བར་ཞི་བ་ཟག་མེད་ལ།། མོས་ཤིང་རྣམ་པར་གྲོལ་བ་ན།། དེའི་ཕྱིར་མཉམ་པར ་བཞག་ཅེས་གསུངས།། མཉམ་པར་བྱེད་ཅིང་མཉམ་པར་འགྲོ་མཉམ་པ་ཉིད་ལ་རབ་གནས་ནས།། མཉམ་པ་ཉིད་དང་འགལ་མི་བྱེད།། དེ་ཕྱིར་མཉམ་པར་གཞག་ཅེས་གསུངས ་བྱང་ཆུབ་སེམས་ལས་རྣམ་པ་ཀུན།། སེམས་ལས་དེ་དག་རྨོངས་མི་འགྱུར།། སེམས་ཅན་དག་ཀྱང་ཡོངས་སྨིན་བྱེད།། དེ་ཕྱིར་མཉམ་པར་གཞག་ཅེས་གསུངས།། རྫོགས་པའི ་སངས་རྒྱས་ཆོས་ཀྱི་སྐུ།། དེ་བཞིན་གཤེགས་པ་རྟན་དུ་དྲན།། གཟུགས་ལ་འདོད་ཆགས་བྲལ་བ་ཐོབ།། དེ་ཕྱིར་མཉམ་པར་གཞག་ཅེས་གསུངས།། ཆོས་ཀྱི་ཆོས་ཉིད་ཇི་ལྟ་བར།། ་དེ་དག་ཆོས་རྣམས་སྐེམ་མོད་ཀྱི།། དྲན་པས་ཡིད་ལ་བྱེད་པས་མིན།། དེ་ཕྱིར་མཉམ་པར་གཞག་ཅེས་གསུངས། དགེ་འདུན་དྲན་པ་སྒོམ་བྱེད་དེ།། དགེ་འདུན་ཉིད་ཀྱང་འདུས ་མ་བྱས། མཚན་དང་བྲལ་བ་ཞི་པའི།། མཁས་པ་དག་ནི་བསམ་གཏན་སྒོམ།། ལུས་ཅན་དག་གིས་ཕྱོགས་བཅུ་ན།། ཞིང་དང་སངས་རྒྱས་རྣམས་མཐོང་སྟེ།། དེ་དག་མིག ་དང་གཟུགས་ལ་ཡང་། གཉིསུ་འདུ་ཤེས་མི་འཇུག་གོ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ།། ཇི་སྙེད་ཡོད་པ་ཉན་མེད་ཀྱི།། དེ་དག་སྒྲ་དང་རྣ་བ་ལ།། གཉིས་སུ་འདུ་ཤེས་མི་འཇུག ་གོ། དེ་དག་སེམས་ཅན་ཀུན་གྱི་སེམས།། སེམས་གཅིག་གིས་ནི་རབ་ཤེས་ཀྱང་།། དེ་དག་སེམས་སམ།། སེམས་ཅན་ལ།། རྣམ་པར་རྟོག་པར་མི་འགྱུར་རོ།། བསྐལ་པ་གང་གའི་བྱེ་མ ་སྙེད།། བྱེ་བ་ལྟ་བུ་དྲན་གྱུར་ཀྱང་།། དེ་དག་སྔོན་ནམ་ཕྱི་མ་ཞེས།། སྤྲོས་པ་འདི་ཡང་མི་འབྱུང་ངོ་།། ཞིང་རྣམས་བྱེ་བ་ཕྲག་སྟོང་དང་།། བསམ་མི་ཁྱབ་པར་འཕྲུལ་གྱིས་འགྲོ།། ་ལུས་ལའང་མེད་ཅིང་སེམས་ལའང་མེད།། དེ་ལས་གུད་ན་ཡོད་མ་ཡིན།། ཆོས་རྣམས་རབ་ཏུ་དབྱེ་བ་ཤེས།། སྤོབས་པ་དག་ལ་རྟོགས་པར་རིག། ཆོས་ཀྱི་དབྱིངས་རྣམས་སྟན ་པ་དག། སྐལ་པ་བྱེ་བར་སྨྲ་བར་བྱེད།། ཤེས་རབ་ཀྱི་ཡང་ཕ་རོལ་ཕྱིན།། ཕུང་པོ་དག་ལ་མཁས་པར་བསླབས།། བླ་མེད་སྤྲོས་པ་མེད་པའི།། ཆོས་མཆོག་དག་ནི་བརྗོད ་པར་བྱེད།། དེ་དག་རྐྱེན་ལ་མཁས་པ་སྟེ།། མཐའ་གཉིས་ངག་ནི་སྤངས་པ་ཡིན། དེ་དག་ཉོན་མོངས་རྒྱུ་རྣམས་ཀྱང་།། སྡིག་པ་མེད་པ་དག་པར་ཤེས།། རྐྱེན་ལ་ལྷག་པར ་མོས་པ་ལ།། ལྟ་བ་དག་ནི་ཡོད་མ་ཡིན།། འདི་ལྟར་ཆོས་རྣམས་ཐམས་ཅད་ནི།། རྐྱེན་ལ་རག་ལས་དངོས་པོ་མེད།། བདག་ཏུ་ལྟ་བ་དང་། སངས་རྒྱས་ལྟ་བ་དང་། ་སྟོང་པར་ལྟ་བ་གང་ཡིན་དང་།། མྱ་ངན་འདས་དང་འཁོར་བར་ལྟ།། ཐམས་ཅད་དེ་ལ་ཡོང་མེད་དོ།། ཤེས་རབ་རང་བཞིན་ཤེས་ནས་ནི།། སྣང་བར་གྱུར་མ་ཐག་ཏུ ་ཡང་།། དེ་དག་མུན་བྲལ་ཆགས་མེད་ཅིང་།། བྱང་ཆུབ་སྤྱོད་ལ་སྤྱོད་པར་འགྱུར།། ཐེག་པ་ཆེན་པོའི་ཐེག་པ་ཉིད།། སངས་རྒྱས་ཐེག་པ་བསམ་མི་ཁྱབ།། སེམ ་ཅན་ཀུན་གྱི་གོ་སྐབས་འབྱེད།། ཐེག་པ་ཆེན་པོ་བླ་ན་མེད།། ཐེག་པ་ཇི་སྙེད་ཅི་ཡོད་པ།། འདི་ནི་དེའི་མཆོག་ཏུ་དགོངས།། དེ་ཕྱིར་ཐེག་པ་ཆེན་པོ་ལས།། ཐེག་པ་ཆེན་པོ་རྟག་ཏུ ་དབྱེ།། ཐེག་