CLOSE WINDOW

F16: 'phags pa shes rab kyi pha rol tu phyin pa lnga brgya pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨརྱ་བཉྩ་ཏི་ཀ་པྲ་ཛྙཱ་བར་མི་ཏ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལྔ་བརྒྱ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོ ་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་གཟུགས་ནི་དངོས་པོ་མེད་པ། དངོས་པོ་ངན་པ། དངོས་པོ་ཡོད་པའོ།། རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་ནི་དངོས་པོ་མེད་པ། དངོས་པོ་ངན་པ། དངོས་པོ་ཡོད་པའོ།། རབ་འབྱོར་མིག་དང་། གཟུགས་རྣམས་དང་། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྒྲ ་རྣམས་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་། དྲི་རྣམས་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེ་དང་། རོ་རྣམས་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་། རེག་བྱ་རྣམས་དང་། ་ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་དང་། ཆོས་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ནི་དངོས་པོ་མེད་པ། དངོས་པོ་ངན་པ། དངོས་པོ་ཡོད་པའོ།། དེ་ལྟར་གཟུགས་དེ་ལེའུ་གསུམ ་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པས་ཇི་ལྟ་བ་བཞིན་དུ་མི་ཤེས་པས། གཟུགས་དེ་ལ་མངོན་པར་ཞེན་ཏོ།། མངོན་པར་བསྒྲུབ་པོ།། སྒྲིབ་པར་བྱེད་དོ།། དེ་དག་གཟུགས ་དེམངོན་པར་ཞེན་ཅིང་མངོན་པར་བསྒྲུབས་ཏེ་སྒྲིབ་པར་བྱེད་པས་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པས་ངེས་པར་འབྱུང་བར་མི་འགྱུར་ན། ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་ཅི་དགོས། ་དེ་ལྟར་མངོན་པར་ཞེན་ཅིང་མངོན་པར་བསྒྲུབ་ཏེ་བསྒྲིབ་པར་བྱེད་པས་འདི་ལྟ་སྟེ། སེམས་ཅན་དམྱལ་བ་རྣམས་དང་། དད་འགྲོ་དང་། ཡི་དགས་རྣམས་དང་། ལྷ་རྣམས་དང་། ་མི་རྣམས་ཀྱི་ནང་ན་ཡུན་རིང་པོར་ན་ཤི་མྱོང་ངོ་།། རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དངོས་པོ་མེད་པ། དངོས་པོ་ངན་པ ་དང་། དངོས་པོ་ཡོད་པ་དང་། རབ་འབྱོར་མིག་དང་། གཟུགས་རྣམས་དང་། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྒྲ་རྣམས་དང་། རྣ་བའི་རྣམ་པར་ཤེས་པ་དང་། ་སྣ་དང་། དྲི་རྣམ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེ་དང་། རོ་རྣམས་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་། རེག་བྱ་རྣམས་དང་། ལུས་ཀྱི་རྣམས ་པར་ཤེས་པ་དང་། ཡིད་དང་། ཆོས་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དངོས་པོ་མེད་པ་དང་། དངོས་པོ་ངན་པ་དང་། དངོས་པོ་ཡོད་པར་དེ་ལྟར་ཡིད་ཀྱི། ་རྣམ་པར་ཤེས་པ་དེ་ལེའུ་གསུམ་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པས།། རྣམ་པར ་ཤེས་པ་དེ་ལ་མངོན་པར་ཞེན་ཏོ།། མངོན་པར་བསྒྲུབ་པོ།། སྒྲིབ་པར་བྱེད་དོ།། དེ་དག་རྣམ་པར་ཤེས་པ་དེ་ལ་མངོན་པར་ཞེན་ཅིང་མངོན་པར་བསྒྲུབ་སྟེ། སྒྲིབ་པར་བྱེད་པས ་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ན། ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་མངོན་པར་ཞེན་ཅིང་མངོན ་པར་བསྒྲུབས་ཏེ། བསྒྲིབ་པར་བྱེད་པས་འདི་ལྟ་སྟེ། སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་དང་། ཡི་དགས་རྣམས་དང་། ལྷ་རྣམས་དང་། མི་རྣམས་ཀྱི་ནང་དུ་ཡུན ་རིང་དུ་ན་ཤོ་མྱོང་ངོ་།། མཁས་པ་རྣམས་ཀྱིས་ནི་གཟུགས་དེ་ལྟར་ལེའུ་གསུམ་དེ་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས། མངོན་པར་ཞེན་པར་མི་བྱེད་ཅིང་།། མངོན་པར ་བསྒྲུབ་པར་མི་བྱེད་ཀྱི། གསལ་བྱེད་དོ།། མངོན་པར་ཞེན་པར་མི་བྱེད་ཅིང་། མངོན་པར་བསྒྲུབ་པར་མི་བྱེད་ཀྱི། གསལ་བྱར་བྱེད་པས། ཐེག་པ་ཆེན་པོས་ཀྱང་ངེས་པར ་འབྱུང་བར་འགྱུར་ན། ཉེན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱིས་ཐེག་པས་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་མངོན་པར་ཞེན་པར་མི་བྱེད་ཅིང་། མངོན་པར་བསྒྲུབ་པར ་མི་བྱེད་ཀྱི། གསལ་བར་བྱེད་པས་འདི་ལྟ་སྟེ། སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་དང་། ཡི་དགས་དང་། ལྷ་དང་། མི་རྣམས་ཀྱི་ནང་དུ་རྒ་ཤི་མྱོང་བ་མ་ཡིན་ནོ།། ་རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། མིག་དང་། གཟུགས་རྣམས་དང་མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། ་སྒྲ་རྣམས་དང་། རྣ་བའི་རྣམས་པར་ཤེས་པ་དང་། སྣ་དང་། དྲི་རྣམས་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེ་དང་། རོ་རྣམས་དང་། ལྷོ་རྣམ་པར་ཤེས་པ་དང་། ལུས་དང་རེག ་བྱ་རྣམས་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་དང་། ཆོས་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལེའུ་གསུམ་དུ་མཁས་པ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ ་བཞིན་དུ་རབ་ཏུ་ཤེས་པས། མངོན་པར་མི་བྱེད་ཅིང་། མངོན་པར་བསྒྲུབ་པར་བྱེད་ཀྱི་གསལ་བར་བྱེད་དོ།། མངོན་པར་ཞེན་པར་མི་བྱེད་ཅིང་གསལ་བར་བྱེད་དོ།། ་མངོན་པར་བསྒྲུབ་པར་མི་བྱེད་ཀྱི། གསལ་བར་བྱེད་པས། ཐེག་པ་ཆེན་པོས་ཀྱང་ངེས་པར་འབྱུང་བར་འགྱུར་ན། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས ་ཀྱི་ཐེག་པ་ལྟ་སྨོས་ཀྱང་ཅི་དགོས།། དེ་ལྟར་མངོན་པར་ཞེན་པར་མི་བྱེད་ཅིང་། མངོན་པར་བསྒྲུབ་པར་མི་བྱེད་པས་འདི་ལྟ་སྟེ།། སེམས་ཅན་དམྱལ་བ་རྣམས་དང་། ་དུད་འགྲོ་དང་། ཡི་དགས་རྣམས་དང་། ལྷ་དང་། མི་རྣམས་ཀྱི་ནང་དུ་རྒ་ཤི་མྱོང་བ་མ་ཡིན་ནོ།། རབ་འབྱོར་གཟུག ་ནི་སྐྱེ་བའོ།། འཇིག་པའོ།། གཟུགས་སྐྱེ་བ་གང་ཡིན་པ་དེ་ནི་གཟུགས་ཀྱི་སྐྱེ་བ་མེད་པའོ།། གཟུགས་ཀྱི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི། གཟུགས་ཀྱི་སྐྱེ་བ་མེད་པའི་རང་བཞིན་ཏེ། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ཀྱི་སྐྱེ་བ་མེད་པའི་རང་བཞིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས། གཟུགས་ཀྱི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་ཡང་དག ་པར་བསྐལ་བའོ།། རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྐྱེ་བའོ།། འཆི་བའོ།། རྣམ་པར་ཤེས་པའི་སྐྱེ་བ་མེད་པ་གང་ཡིན་པ་དེ ་རྣམ་པར་ཤེས་པའི་སྐྱེ་བ་མེད་པའོ།། རྣམ་པར་ཤེས་པའི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་སྐྱེ་བ་མེད་པའི་རང་བཞིན་ཏེ། བྱང་ཆུབ་སེམ་དཔའ་རྣམ་པར་ཤེས་པའི་སྐྱེ་བ་མེད་པའི་རང ་བཞིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་རྣམ་པར་ཤེས་པའི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་ཡང་དག་པར་བསྒྲུབ་པའོ།། རབ་འབྱོར་གང་ལ་ལ་ཞིག་གཟུག་ནི་བདག་གམྦ་གྲོའི་ཞེས་དེ། ་སྐད་སྨྲ་ན། དེ་ནི་ཕྱི་རོལ་གྱི་བྱས་སོ་སོ་སྐྱེ་བོ་རྣམས་ལ་གནས་ཏེ་ལོག་པར་བལྟའོ་ཞེས་ང་སྨྲའོ།། རབ་འབྱོར་གང་ལ་ལ་ཞིག་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི ་སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཞེ་འམ། དབང་ཕྱུག་གི་སྤྲུལ་པའོ་ཞེ་འམ། རྒྱུ་མེད་རྐྱེན་མེད་པའོ་ཞེས་དེ་སྐད་སྤུ་ན། དེ་ནི་ཕྱི་རོལ་གྱི་བྱིས་པ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་ཏེ། ལོག་པར། ་བལྟའོ།། ཞེས་ང་སྨྲའོ།། རབ་འབྱོར་གང་ཡང་གཟུགས་སུ་ཡོད་པའི་མཚན་ཉིད་དོ།། ཚོར་བ་ནི་མྱོང་བའི་མཚན་ཉིད་དོ། འདུ་ཤེས་ནི་ཀུན་ཏུ་ཤེས་པའི་མཚན་ཉིད་དོ།། འདུ་བྱེད་རྣམས་ནི་མངོན ་བར་འདུ་བྱེད་པའི་མཚན་ཉིད་དོ།། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་མཚན་ཉིད་དོ།། ཞེས་དེ་སྐད་སྨྲ་ན། དེ་ནི་ཕྱི་རོལ་པས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་སྟེ། ལོག ་པར་བལྟ་བའོ་ཞེས་ང་སྨྲའོ།། རབ་འབྱོར་དེ་གང་ཡང་གཟུགས་ནི་སྡུག་བསྔལ་བ་སྟེ་རབ་ཏུ་མ་ཞི་བའོ།། གཟུགས་འགོག་པ་ནི་བདེ་བ་དང་། ཞི་བའོ་ཞེས་དེ་སྐད་སྨྲས་ན། དེ་ནི་ཕྱི་རོལ་པས ་ཀྱང་ཕྱི་རོལ་ཞེས་བྱ་བ་ནས་ལོག་པར་ལྟ་བའི་བར་དུའོ་ཞེས་ང་སྨྲའོ།། རབ་འབྱོར་དེ་གང་ཡང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྡུག་བསྔལ ་སྟ་རབ་ཏུ་མ་ཞི་བའོ།། རྣམ་པར་ཤེས་པ་འགོག་པ་ནི་བདེ་བ་དང་ཞི་བའོ།། ཞེས་དེ་སྨྲ་ན། དེ་ནི་ཕྱི་རོལ་པས་ཀྱང་ཕྱི་རོལ་ཞེས་བྱ་བ་ནས། ལོག་པར་བལྟ་བའི་བར་དུའོ་ཞེས་ང་སྨྲེའོ།། ་རབ་འབྱོར་གང་ཡང་གཟུགས་ནི་མེད་པ་ཉིད་དོ།། ཞེས་དེ་སྐད་སྔ་ན། དེ་ནི་ཕྱི་རོལ་པས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་བལྟ་བའོ་ཞེས་ང་སྨྲ་བའོ།། རབ་འབྱོར ་གང་ཡང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མེད་པ་ཉིད་དེ་ཞེས་དེ་སྐད་སྨྲ་ན། དེ་ནི་ཕྱི་རོལ ་བས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པ་བལྟ་བའོ་ཞེས་ང་སྨྲའོ།། རབ་འབྱོར་གང་ཡང་བཅོམ་ལྡན་འདས་ཀྱི་གཟུགས་རང་བཞིན་མེད་པ་དང་། སྐྱེ་བ་མེད་པ། ་དང་འགག་པ་མེད་པ་དང་། གདོད་པ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངསུ་མྱ་ངན་ལས་འདའ་བར་བསྟན་པ་གང་ཡིན་པའི་བསྟན་པ་དེ་ཛཀྴ་ནི་ལྡེམ་པོར་དགོངས་པ་མ་ཡིན་པ་སྟེ། སྒྲ ་ཇི་བཞིན་པ་ཉིད་དུ་ཤེས་པ་བྱའོ་ཞེས་དེ་སྐད་སྨྲ་ན། དེ་ནི་ཕྱི་རོལ་པས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟའོ་ཞེས་ང་སྨྲའོ།། རབ་འབྱོར་བཅོམ་ལྡན་འདས ་ཀྱིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རང་བཞིན་མེད་པ་དང་། འགོག་པ་མེད་པ་དང་། གདོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན ་ལས་འདའ་བར་བསྟན་པའི་དེ་ཐམས་ཅན་ལྡེམ་པོར་དགོངས་པ་མ་ཡིན། དགོངས་པ་མ་ཡིན་ཏེ། སྒྲ་ཇི་བཞིན་པ་ཉིད་དུ་ཤེས་པར་བྱའོ།། ཞེས་དེ་སྐད་སྨྲ་ན། དེ་ནི་ཕྱི་རོལ ་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་བལྟའོ།། ཞེས་ང་སྨྲའོ།། རབ་འབྱོར་གཟུགས་ནི་ཡོད་དེ། གང་གཟུགས་ལ་མངོན་པར་ཞེན་པ་དང་། ་ཐ་མེད་པ་དང ་སྐྱེ་བ་དང་། བསྟེན་པར་འགྱུར་བའོ།། གཟུགས་ནི་ཡོད་དེ། གང་གཟུགས་ལ་ཀུན་ནས་ཉོན་མོངས་པ་དང་། གནས་པ་དང་། འཇུག་པར་འགྱུར་བའོ།། གཟུགས་ནི་ཡོད་དེ་གང་གཟུགས་ལ་རྣམ ་པར་བྱང་བ་དང་། འབྱོར་པ་དང་། དབང་དུ་གྱུར་པའོ།། རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཡོད་དེ། གང་རྣམ་པར་ཤེས་པ་ལ་མངོན ་པར་ཞེན་པ་དང་། སྐྱེ་བ་དང་། བསྟན་པར་འགྱུར་བའོ།། རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི། ཡོད་དེ། རྣམ་པ་ཤེས་པ་ལ་ཀུན ་ནས་ཉོན་མོངས་པ་དང་། གནས་པ་དང་། འཇུག་པར་འགྱུར་བའོ།། ཚོར་བ་དང་། འདུ་ཤེས་དང་། འོང་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཡོད་དེ། གང་ཡང་རྣམ་པར ་ཤེས་པ་ལ་རྣམ་པར་བྱང་བ་དང་། འབྱོར་པ་དང་། དབང་དུ་འགྱུར་བའོ།། རབ་འབྱོར་གཟུགས་ནི་ཡོད་དེ། གང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤངས་ཤིང་ཡོངས་སུ ་ཤེས་པ་སྟེ། ཡང་དག་པར་བསྟེན་ན་དབང་དུ་འགྱུར་བའོ།། རབ་འབྱོར་གཟུགས་ནི་ཡོད་དེ། གང་སྤངས་ཤིང་ཡོངས་སུ་ཤེས་ན་ཆོས་དཀར་པོ་དང་ལྡན་པ་དང་། ཆོས་ཐམས་ཅད་ལ ་དབང་བསྒྱུར་བ་དང་། བདེ་བ་ཆེན་པོ་ལ་གནས་པར་འགྱུར་བའོ།། རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཡོད་དེ། གང་བྱང་ཆུབ ་@། སེམས་དཔའ་རྣམས་ཀྱིས་སྤངས་ཤིང་ཡོངས་སུ་ཤེས་ཏེ་བསྟན་དབང་དུ་འབྱུར་བའོ།། རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཡོད་དེ། གང་སྤངས་ཤིང་ཡོངས་སུ་ཤེས་ཏེ་ཡང་དག་པ་བསྟན་ན། དབང་དུ་འགྱུར་བའོ།། རབ་འབྱོར་ཚོར་བ་དང་། འདུ་ཤེས ་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཡོད་དེ་གང་སྤངས་ཤིང་ཡོངས་སུ་ཤེས་ན་ཆོས་དཀར་པོ་དང་ལྡན་པ་དང་། ཆོས་ཐམས་ཅད་དང་དབང་བསྒྱུར་བ་དང་། བདེ་བ་ཆེན ་པོ་ལ་གནས་པར་འགྱུར་རོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གཟུགས་ལ་གཟུགས་ཙམ་དང་། སྡུག་བསྔལ་ཙམ་དུ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་གཟུགས ་ལ་བདག་ཏུ་མི་དམིགས་སོ།། གང་གཟུགས་ལ་བདག་མི་དམིགས་པ་དེ་གཟུགས་ལ་བདག་ཏུ་བལྟ་བར་དམིགས་སོ།། གང་གཟུགས་ལ་བདག་ཏུ་བལྟ་བར་དམིགས་པ་དེ། ་གཟུགས་ལ་ཐམས་ཅད་དམིགས་སོ།། གང་གཟུགས་ལ་ཐམས་ཅད་དམིགས་པ་ཏེ། གཟུགས་ལ་ཐམས་ཅད་དམིགས་སོ།། གཟུགས་ལ་ཐམས་ཅད་དམིགས ་བ་ན། ཐམས་ཅད་མི་དམིགས་པ་དེའི་དམིགས་པ་དེ་ཡོངས་སུ་གྲུབ་པ་ཡིན་ནོ།། དེ་དམིགས་བདེ་ལ་གནས་ན། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག ་པས་ངེས་པར་འབྱུང་བར་མི་འགྱུར་ན། ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་ཅི་དགོས། རབ་འབྱོར་གང་ལ་ལ་ཞིག་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར ་ཤེས་པ་ལ་རྣམ་པར་ཤེས་པ་ཙམ་དང་། སྡུག་བསྔལ་ཙམ་དུ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ། རྣམ་པར་ཤེས་པ་ལ་བདག་ཏུ་དམིགས་པ་དང་། རྣམ་པར་ཤེས་པ་ལ་བདག་ཏུ ་བལྟ་བར་དམིགས་སོ།། གང་རྣམ་པར་ཤེས་པ་ལ་བདག་ཏུ་བལྟ་བ་དམིགས་པ་དེ། རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་སོ།། གང་རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས ་བ་དེ། རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་ན། ཐམས་ཅད་མི་དམིགས་པ་དེའི་དམིགས་པ་དེ་ཡོངས་སུ་གྲུབ་པ་ཡིན་ནོ།། དེ་དམིགས་པ་དེ་ལ་གནས་ན། ཉན་ཐོས་ཀྱི་ཐེག་པ ་པ་དང་། རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ན། ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་ཅི་དགོས། རབ་འབྱོར་གང་ཡང་གང་ལ་གཟུགས་ཙམ་དང་། སྡུག་བསྔལ ་ཙམ་དུ་ཡང་དག་པར་རྗེས་སུ་མཐོང་བ་དེ་གཟུགས་ལ་བདག་ཏུ་དམིགས་སོ།། གང་གཟུགས་བདག་ཏུ་མི་དམིགས་པ་དེ་གཟུགས་ལ་བདག་ཏུ་བལྟ་བར་མི་དམིགས་སོ།། གང་ལ་གཟུགས ་ལ་བདག་ཏུ་ལྟ་བར་མི་དམིགས་པ་དེ་གཟུགས་ལ་ཐམས་ཅད་མི་དམིགས་སོ།། གང་གཟུགས་ལ་ཐམས་ཅད་མི་དམིགས་པ་དེ་གཟུགས་ལ་ཐམས་ཅད་མི་དམིགས་སོ།། གང་གཟུགས ་@ལ་ཐམས་ཅད་མི་དམིགས་པ་ན། ཐམས་ཅད་མི་དམིགས་པ་དེ་ཡོངས་སུ་གྲུབ་པ་ཡིན་ནོ།། དེ་དམིགས་པ་དེ་ལ་གནས་ན་ཉན་ཐོས་དང་། ་རང་སངས་རྒྱས་ཀྱི་ཐེག་པས་ངེས་པར་འབྱུང་བར་འགྱུར་གྱི། ཐེག་པ་ཆེན་པོས་ནི་མ་ཡིན་ནོ།། རབ་འབྱོར་གང་ཡང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ ་རྣམ་པར་ཤེས་པ་ཙམ་དང་། སྡུག་བསྔལ་ཙམ་དུ་ཡང་དག་པར་མཐོང་བ་དེ་རྣམ་པར་ཤེས་པ་ལ་བདག་ཏུ་མི་དམིགས་སོ།། གང་རྣམ་པར་ཤེས་པ་ལ་དམིགས་པ་དེ། རྣམ་པར་ཤེས་པ་ལ ་བདག་ཏུ་བལྟ་བར་མི་དམིགས་སོ།། གང་རྣམ་པར་ཤེས་པ་ལ་བདག་ཏུ་ལྟ་བར་དམིགས་པ་དེ། རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་སོ།། གང་རྣམ་པར་ཤེས་པ་ལ་ཐམས་ཅད་མི ་དམིགས་པ་དེ། རྣམ་པར་ཤེས་པ་ཐམས་ཅད་མི་དམིགས་སོ།། གང་རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་པ་ནི།། ཐམས་ཅད་དམིགས་པ་དེ་ཡོངས་སུ་གྲུབ་པ་ཡིན་ནོ།། དེ་མི་དམིགས ་བ་དེ་ལ་གནས་ན་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པས་ངེས་པར་འབྱུང་བར་འགྱུར་གྱི། ཐེབ་པ་ཆེན་པོས་ནི་མ་ཡིན་ནོ།། རབ་འབྱོར་གང་ལ་ལ་ཞིག་གཟུགས་ལ་ཡང་དག་པ་མ ་ཡིན་པ། ཀུན་བཏགས་པ་ཙམ་དང་། འཁྲུལ་པ་ཙམ་ཏུ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ། གཟུགས་ལ་གཟུགས་སུ་མི་དམིགས་སོ།། གང་གཟུགས་ལ་གཟུགས་དམིགས་པ་དེ།། ་གཟུགས་ལ་གཟུགས་སུ་བལྟ་བར་དམིགས་སོ།། གང་གཟུགས་ལ་གཟུགས་སུ་ལྟ་བར་དམིགས་པ་དེ། གཟུགས་ལ་ཐམས་ཅད་དམིགས་སོ།། གང་གཟུགས་ལ་ཐམས་ཅད་དམིགས། ་པ་དེ། གཟུགས་ལ་ཐམས་ཅད་དམིགས་སོ།། གཟུགས་ལ་ཐམས་ཅད་དམིགས་ན། ཐམས་ཅད་དམིགས་པ་དེའི་དམིགས་པ་ཡོངས་སུ་གྲུབ་པ་ཡིན་ནོ།། དེ་དམིགས་པ་དེ་ལ་གནས་ན ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ན། ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་ཅི་གྲོས། རབ་འབྱོར་གང་ཡང་ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་དག་དག་པར་མ་ཡིན་པ། ཀུན་བརྟགས་པ་ཙམ་དང་། འཁྲུལ་པ་ཙམ་དུ་ཡང་དག་པར་རྗེས་སུ་མི་མཐོང ་བ་དེ། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་སོ།། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་བལྟ་བར་དམིགས་པ་དེ། རྣམ་པར་ཤེག་པ་ལ་ཐམ་ཅད ་དམིགས་སོ།། གང་རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་པ་དེ། རྣམ་པར་ཤེས་པ་ཐམས་ཅད་དམིགས་སོ།། གང་རྣམ་པར་ཤེས་པ་ཐམས་ཅད་དམིགས་པ་ན། ཐམས་མི་དམིགས ་པ་དེའི་དམིགས་པ་དེའི་ཡོངས་སུ་གྲུབ་པ་ཡིན་ནོ།། དེའི་དམིགས་པ་དེ་ལ་གནས་ན་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འབྱུང་བར་མ་འགྱུར་ན།། ་ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་ཅི་དགོས། རབ་འབྱོར་གང་གཟུགས་ལ་ཡང་དག་པ་མ་ཡིན་པ་ཀུན་བརྟག་པ་ཙམ་དང་། འཁྲུལ་པ་ཙམ ་དུ་ཡང་དག་པར་རྗེས་སུ་མཐོང་བ་དེ། གཟུགས་ལ་གཟུགས་སུ་མི་དམིགས་སོ།། གང་ལ་གཟུགས་སུ་མི་དམིགས་པ་དེ། གཟུགས་ལ་གཟུགས་སུ་བལྟ་བར་མི་དམིགས་སོ།། ་གཟུགས་ལ་གཟུགས་སུ་བལྟ་བར་མི་དམིགས་པ་དེ། གཟུགས་ལ་ཐམས་ཅད་མི་དམིག་སོ།། གང་གཟུགས་ལ་ཐམས་ཅད་མི་དམིགས་པ་དེ། གཟུགས་ལ་ཐམས་ཅད་དམིག་སོ།། ་གང་གཟུག་ལ་ཐམས་ཅད་མི་དམིགས་པ་ན། ཐམས་ཅད་དམིགས་པ་དེའི་དམིགས་པ་ཡོངས་སུ་གྲུབ་པ་ཡིན་ནོ།། དེ་མི་དམིགས་པ་དེ་ལ་གནས་ན་ཐེག་པ་ཆེན་པོས་ཀྱང་ངེས་པར་འབྱུང་བར ་འགྱུར་ན། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པས་ལྟ་སྨོས་ཀྱང་ཅི་དགོས། རབ་འབྱོར་གང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ ་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་ཙམ་དང་། འཁྲུལ་པ་ཙམ་དུ་ཡང་དག་པར་རྗེས་སུ་མཐོང་བ་དེ། རྣམ་པར་ཤེས་པ་དེ་རྣམ་པར་མི་དམིགས་སོ།། གང་རྣམ་པར་ཤེས་པ་ལ ་རྣམ་པར་ཤེས་པར་མི་དམིགས་པ་དེ། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་ལྟ་བར་མི་དམིགས་སོ།། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་ལྟ་བར་མི་དམིགས་པ་དེ། ་རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་སོ།། གང་རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་པ་དེ། རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་སོ།། གང་རྣམ་པར་ཤེས ་ཤེས་པ་ཤེས་པ་ལ་ཐམས་ཅད་མི་དམིགས་པ་ཡིན། ཐམས་ཅད་དམིགས་པ་དེའི་མི་དམིགས་པ་དེ་ཡོངསུ་གྲུབ་པ་ཡིན་ནོ།། དེ་མི་དམིགས་པ་དེ་ལ་གནས་ན། ཐེག་པ་ཆེན་པོས ་ཡོངས་སུ་གྲུབ་པ་ཡིན་ནོ།། མི་དམིགས་པ་དེ་ལ་གནས་ན། ཐེག་པ་ཆེན་པོས་ཀྱང་ངེས་པར་འབྱུང་བར་འགྱུར་ན། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་ལྟ་སྨོས ་ཀྱང་ཅི་དགོས། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་སུ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ཏེ། ཐ་སྙད་ཀུན་དུ་སྐྲོད་ན། འཇིག་ཚོགས་ལ་ལྟ་བར་ཀུན་དུ་སྤྱོད་པ་ཡིན། ཡང་། ་འབྱུང་བར་སྲིད་པ་ལ་ཀུན་དུ་སྤྱོད་པ་ཡིན། འཇིག་པ་ཡོངས་སུ་ཚོལ་བར་ཀུན་དུ་སྤོང་བ་ཡིན་ཏེ་གཟུགས་ཡོངས་སུ་མི་ཤེས་པའི་བརྟགས་ཡིན་ནོ།། དེ་བཞིན་དུ་བྱང་ཆུབ་སེམས ་དཔེའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ཏེ། ཐ་སྙེད་དུ་ཀུན་དུ་ཡོང་སྤྱོད་ན། ་འཇིག་ཚོགས་ལ་ལྟ་བར་ཀུན་དུ་སྤྱོད་པ་ཡིན། ཡང་འབྱུང་བའི་སྲིད་པ་ལ་ཀུན་དུ་སྐྱེ་བ་ལེན། འཇིག་ཚོགས་སུ་ཚོར་བར་ཀུན་དུ་སྤྱོད་པ་ཡིན་ཏོ། རྣམ་པོར་ཤེས་པ་། ་མི་ཤེས་པའི་བརྟགས་ཡིན་ནོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ཏེ། ཐ་སྙེད་ཀུན་དུ་མི་སྤོང་ན ་འཇིག་ཆགས་ལ་ལྟ་བར་ཀུན་དུ་སྤྱོད་པ་མ་ཡིན་པར་འབྱུང་བའི་སྲེད་པ་ལ་ཀན་ད་སྦྲིད་པ་མ་ཡིན། འཇིག་པ་ཡོངས་སུ་ཚོལ་བ་ལ་ཀུན་དུ་སྤྱོད་པ་མ་ཡིན་ཏེ། གཟུགས་ཡོངས་སུ ་ཤེས་པའི་བརྟགས་ཡིན་ནོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ཏེ། ཐ ་སྐད་དུ་ཀུན་དེ་སྤྱོད་པ་མ་ཡིན། འཇིག་ཚོགས་ལ་ལྟ་བར་ཀུན་སྤྱོད་པ་མ་ཡིན། ཡང་འབྱུང་བའི་སྲིད་པ་ལ་ཀུན་དུ་སྤྱོད་པ་མ་ཡིན། འཇིག་པ་ཡོངས་སུ་ཚོལ་བར་ཀུན་དུ་སྤྱོད་པ་མ། ་ཡིན་ཏེ། རྣམ་པར་ཤེས་པ་ཡོངས་སུ་ཤེས་པའི་རྟགས་ཡིན་ནོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་རྐྱེན་གང་དག་ཡོངས་སུ་བཟུང་ན། རྣམ་པར་བྱང་བར་གྱུར་པའི ་སེམས་ཀྱི་ས་བོན་ནི་གསུམ་པོ་འདི་དག་སྟེ། མོས་པ་སེམས་ཀྱི་ས་བོན་དང་། ཡིད་འབྱུང་བ་སེམས་ཀྱི་ས་བོན་དང་། ཆུད་མི་གསོན་པ་སེམས་ཀྱི་ས་བོན་ནོ།། རབ་འབྱོར་བྱང་ཆུབ་སེམས ་དཔའ་གཟུག་ལ་མངོན་པར་ཞེན་པ་མེན་པའི་སེམས་དང་འབྲལ་བའི་སེམས་དང་།། སེམས་བསུམ་པོ་འདི་དག་ནི་བསྐྱེད་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ ་ཡོངསུ་སྦྱོར་བའི་སེམས་དང་། ་སེམས་སྐྱེ་བ་དང་། མི་སྐྱེ་བ་དང་། ཆེར་སྐྱེ་བ་དང་། མཉམ་དུ་སྐྱེ་བ་དེ་ཡང་དག་པར་རྗེས་སུ་མཐོང་སྟེ། དེ་ལྟར་ཡང་དག་པར་རྗེས་སུ་མཐོང་སྟེ། དེ་ལྟར་ཡང་དག་པར་རྗེས་སུ་མཐོང་ན། ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་ལ་རྐྱེན་གང་ཡོངས་སུ་བཟུང་ན། རྣམ་པར་བྱང་བར་འགྱུར་བའི་སེམས་ཀྱི་ས་བོན་གསུམ་པ་འདི་དག་སྟེ། མོས་པ་སེམས་ཀྱི་ས་བོན་དང་། ཡིད་འབྱུང་བ་སེམས་ཀྱི ་ས་བོན་དང་། ཆུད་མི་གསོན་པ་སེམས་ཀྱི་ས་བོན་ཏོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མངོན་པར་ཞེན་པ་མེད ་པའི་སེམས་དང་། འབྲལ་བ་མེད་པའི་སེམས་དང་། ཡོངས་སུ་སྤོར་བའི་སེམས་དང་། སེམས་གསུམ་པོ་འདི་དག་བསྐྱེད་པར་བྱའོ།། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་ཚོར། ་བ་དང་། འདུ་ཤེས་དང་། ད་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སེམས་སྐྱེ་བ་དང་། མི་སྐྱེ་བ་དང་། ཆེར་སྐྱེ་བ་དང་། མཉམ་དུ་སྐྱེ་བ་དང་། དེ་ཡང་དག་པར་རྗེས་སུ་མཐོང་སྟེ། དེ་དེ ་ལྟར་ཡང་དག་པར་རྗེས་སུ་མཐོང་ན། མར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་གཟུགས་ལ ་ཡོད་པ་ཉིད་དང་། དེ་བཞིན་དུ་ཡོད་པ་ཉིད་དང་། མེད་པ་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ན། དེ་ཁོ་ན་མི་ཤེས་པའི་བྱང་ཆུབ་སེམས་དཔང ་རིག་པར་བྱའོ།། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡོད་པ་ཉིད་དང་། དེ་བཞིན་དུ་ཡོད་པ་ཉིད་དང་། མེད་པ་ཉིད་དུ ་ཡང་དག་པར་རྗེས་སུ་མཐོང་ན། དེ་ཁོ་ན་མི་ཤེས་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་ཡོད་པ་མ་ཡིན་པ་དང་། དེ་བཞིན་དུ་ཡོད་པ་མ་ཡིན ་པ་དང་། ཡོད་པ་ཡང་མ་ཡིན་མེད་པར་ཡང་མ་ཡིན་པར་ཡང་དག་པར་རྗེས་སུ་མཐོང་ན། དེ་ཁོ་ན་ཤེས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམ་དང་། རྣམ་པར་ཤེས་པ་ལ་ཡོད་པ་དང་། དེ་བཞིན་དུ་ཡོད་པ་མ་ཡིན་པ་དང་། ཡོད་པ་ཡང་མ་ཡིན་མེད་པ་ཡང་དག་པར་རྗེ་སུ་མཐོང་ན། དེ་ཁོ་ན་ཤེས་པའི ་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་སེམས་མཉམ་པར་གཞག་པར་འདོད་ཅིང་། གཟུགས་ལ་མོས་ལ་སེམས་དེ་བསྐྱོད། ཀུན་དུ་བསྐྱོད་ན། ་རྣམ་པར་བསྐྱོད་ན། མོས་པ་ངན་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སེམས ་མཉམ་པར་གཞག་པར་འདོད་ཅིང་། རྣམ་པར་ཤེས་པ་ལ་མོས་ན། རྣམ་པར་ཤེས་པ་ལ་སེམས་དེ་བསྐྱོད། ཀུན་དུ་སྤྱོད། རྣམ་པར་བསྐྱོད་ན། མོས་པ་ངན་པའི་བྱང་ཆུབ་སེམས་དཔར་རིག་པར ་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་སེམས་མཉམ་པར་གཞག་པར་འདོད་ཅིང་། སེམས་དེ་གཟུགས་དེ་ལ་མོས་ན། གཟུགས་ལ་སེམས་དེ་མི་འདོགས། ཀུན་དུ་མི ་འདོགས། རྣམ་པར་མི་འདོགས་ན། མོས་པ་བཟང་པོའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་ལ་སེམས་མཉམ་པར་གཞག་པར་འདོད་ཅིང་། སེམས་དེ་རྣམ་པར་ཤེས་པ་ལ་མོས་པ་ནོ། རྣམ་པར་ཤེས་པ་ལ་སེམས་མི་འདོགས། ཀུན་དུ་མི་འདོགས། རྣམ་པར་མི ་འདོགས་ན། མོས་པ་བཟང་པོའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་མཚན་ཉིད་མེད་པའི་ཆོས་རྣམས་ཡོངས་སུ་ཞི་བར་བྱ་བ་དང་། ་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་དང་། མྱ་ངན་ལས་འདས་པ་ལ་གཅིག་ཏུ་ངེས་པར་བྱ་བའི་ཕྱིར་ཞུགས་ན། ཡང་དག་པར་ཞུགས་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་དེ་ལྟར། ་ཡང་དག་པར་ཞུགས་པ་ཡིན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དཔ ་@འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མཚན་ཉིད་མེད་པར་ཆོས་ཡོངས་སུ་ཤེས་པར་བྱ་བ་དང་། སྡུག་བསྔལ་རབ་ཏུ་ནི་བར་བྱ ་བྱ་དང་། མྱ་ངན་ལས་འདས་པ་ལ་གཅིག་ཏུ་ངེས་པར་བྱ་བའི་ཕྱིར་ཞུགས་ན། ཡང་དག་པར་ཞུགས་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་དེ་ལྟར་ཡང་དག་པར་ཞུགས་པ་ནི། ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ།། མཚན་ཉིད་མེད་པར་ཤེས་པར་བྱ་བ་དང་། སྡུག་བསྔལ་ཞི་བར་བྱ་དང་། ཞི་བ་གཅིག ་ཏུངེས་པར་བྱ་བ་བྱང་ཆུབ་སེམས་དཔའ་བསྒྲུབ་པར་བྱེད། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་སྣང་བ་མེད་པོ་དང་། ཀུན་དུ་སྣང་བ་དང་། དེ་ལ་གནས་པ་དང་། དེ་ལ ་འཇུག་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། རབ་འབྱོར་བྱང་ཆུབ ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྣང་བ་མེད་པ་དང་། ཀུན་དུ་སྣང་བ་དང་། དེ་ལ་གནས་པ་དང་། དེ་ལ་འདུག་པོའི་ཆོས་ཇི་ལྟ ་བབཞིན་དུ་རབ་ཏུ་ཤེས་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། ཆོས་གང་ཡང་སྣང་བར་བྱེད་པ་དང་། ཀུན་དུ་སྣང་བར་བྱེད་པ ་ཉིད་དང་ནི། དེ་ལ་གནས་དང་རབ་ཏུ་འཇུག་དེ་ཤེས་ནས་ནི་བྱང་ཆུབ་མཐོབ། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་སུ་ཚོལ་བ་ན་དེ་མི་དམིགས་ཏེ། གཟུགས་མི་སྣང་བར་བྱས ་ཤིང་། གཟུགས་ཀྱི་ཆོས་ཀྱང་རབ་ཏུ་རྟོགས་པར་བྱས་ནས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། རབ་འབྱོར་བྱང་ཆུབ ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཡོངས་སུ་ཚོལ་དེ་མི་དམིགས་ཏེ། རྣམ་པར་ཤེས་པ་མི་སྣང་བར་བྱས ་ཤིང་། རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་རབ་ཏུ་རྟོགས་པར་བྱས་ནས་མྱར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་རྒྱའོ།། རབ་ཏུ་བཙལ་ན་མི ་དམིགས་ཆོས། སེམས་ལ་དངོས་པོ་མི་སྣང་བ། ཆོས་ཉིད་ལེགས་པར་ཤེས་པ་ནི། བློ་ལྡན་བྱང་ཆུབ་ཐོབ་པར་འགྱུར། རབ་འབྱོར་བྱང་ཆུབ་དཔའ་གཟུགས་ལ་དངོས་པོ།། ་མེད་པར་མཁས་པ་ནི་གཟུགས་འཇིག་པ་དང་ལྡན་ཞིང་། གཟུགས་ཀྱི་དབྱིངས་ལས་མི་གཡོ་བར། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པ་བྱང་ཆུབ་མངོན་པར་རྫོགས་པར ་འཚང་རྒྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དངོས་པོ་མེད་པར་མཁས་པ་ནི་རྣམ་པར་ཤེས་དང་ལྡན་ཞིང་། ་རྣམ་པར་ཤེས་པའི་ཆོས་ཀྱི་དབྱིངས་ལས་མི་གཡོ་བར་མྱུར་དུ་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པ ་འཚང་རྒྱའོ།། བློ་ལྡན་དངོས་པོ་མེད་མཁས་པ། རྣམ་པར་འཇིག་དང་ལྡན་འགྱུར་ཅིང་། ཆོས་ཀྱི་དབྱིངས་ལས་མི་གཡོ་བར། ཐམས་ཅད་མཁྱེན་ཉིད་ཐོབ་པར་འགྱུར། རབ་འབྱོར་བྱང་ཆུབ ་སེམས་དཔའ་གཟུགས་ལ་དོན་དང་བྲལ་བ་དང་། དོན་མེད་པ་དང་། དོན་ཆེན་པོ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས ་བར་འཚང་རྒྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དོན་དང་བྲལ་བ་དང་། དོན་མེད་པ་དང་། ་དོན་ཆེན་པོ་ཡང་དག་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་མངོན་པ་རྫོགས་པར་འཚང་རྒྱའོ།། དོན་བྲལ་བ་དང་། དོན་མེད་པ་དང་། དོན་ཆེ་བའི་དོན་དུ་ནི་ཤེས་ནས། ་བྱང་ཆུབ་དཔའ་རྣམས་བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། གཟུགས་ལ་རྣམ་པར་རྟོགས་པའི་འདོད་ཆགས་དང་། རབ་ཏུ་རྟོག་པའི ་འདོད་ཆགས་དང་། རྣམ་པར་རྟོག་པའི་འདོད་ཆགས་དང་། འདོད་ཆགས་དང་། འདོད་ཆགས་ཡོངས་སུ་སྤང་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚོར ་འདོད་ཆགས་ཆེན ་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྣམ་པར་རྟོག་པའི་འདོད་ཆགས་དང་། རབ་ཏུ་རྟོགས་པའི་འདོད་ཆགས་དང་། འདོད་ཆགས་ཆེན་པོ་དང་། འདོད ་ཆགས་ལྔ་པོ་ཡོངས་སུ་ཤེས་པོར་བྱ་སྟེ། ཡོངས་སུ་སྤངས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་འདོད་ཆགས་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས། ་གཟུགས་ཀྱི་རང་བཞིན་མི་དམིགས་སོ།། གཟུགས་ཀྱི་རང་བཞིན་མི་དམིགས་པས། གཟུགས་ལ་གཟུགས་སུ་མི་དམིགས་སོ།། གཟུགས་ལ་གཟུགས་མི་དམིགས་པས། གཟུགས་ལ ་གཟུགས་མི་དམིགས་ཏེ། གང་གཟུགས་ལ་གཟུགས་མི་དམིགས་པ་དེའི་གཟུགས་ལ་གཟུགས་མི་དམིགས་པའོ།། དེ་གཟུགས་དམིགས་པ་མི་དམིགས་པ་དེས། རྣམ་པ་ཐས་ཅད་དུ ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད ་རྣམས་དང་། རྣམ་པར་ཤེས་པ་ལ་འདོད་ཆགས་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས། རྣམ་པར་ཤེས་པའི་རང་བཞིན་མི་དམིགས་སོ།། རྣམ་ཤེས་པའི་རང་བཞིན་མི་དམིགས་པས། ་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་སོ།། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་པས། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་སྟེ། རྣམ ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་པ་ཉིད། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་སོ།། རྣམ་པར་ཤེས་པ་མི་དམིགས ་པ་དེས། རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུག ་ལ་རྣམ་པར་རྟོག་ཅིང་རྣམ་པར་སྲོད་པའི་ཞེ་སྡང་དང་། རབ་ཏུ་རྟོག་པ་དང་། རྣམ་པར་སྤྱོད་པའི་ཞེ་སྡང་དང་། རྣམ་པར་རྟོག་པ་དང་། རྣམ་པར་སྤྱོད་པའི་ཞེ་སྡང་དང་། ཞེ་སྡང་དང་། ཞེ་སྡང་ཆེན་པོ ་དང་། ཞེ་སྡང་སྔ་ལྔ་པོ་ཡོངས་སུ་ཤེས་པར་བྱ་སྟེ། ཡོངས་སུ་སྤང་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དབས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར ་ཤེས་པ་ལ་རྣམ་པར་རྟོག་གེ་དང་། རྣམ་པར་སྤྱོད་པའི་ཞེ་སྡང་དང་། རབ་ཏུ་རྟོག་པ་དང་། རྣམ་པར་སྤྱོད་པའི་ཞེ་སྡང་དང་། ཞེ་སྡང་དང་། ཞེ་སྡང་ཆེན་པོ་དང་། ཞེ་སྡང་ལྔ་ཡོངས་སུ ་ཤེས་པར་བྱ་སྟེ་ཡོངས་སུ་སྤང་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་ཞེ་སྡང་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས། གཟུགས་ཀྱི་རང་བཞིན་མི་དམིགས་སོ།། ་གཟུགས་ཀྱི་རང་བཞིན་མི་དམིགས་པས། གཟུགས་ལ་གཟུགས་སུ་མི་དམིགས་སོ།། གཟུགས་ལ་གཟུགས་མི་དམིགས་པས། གཟུགས་ལ་གཟུགས་མི་དམིགས། ་ཏེ། གཟུགས་ལ་གཟུགས་དམིགས་པ་དེ་ཉིད། གཟུགས་ལ་གཟུགས་མི་དམིགས་པའོ།། དེ་གཟུགས་དམིགས་པ་དམིགས་པ་དེས། གཟུགས་རྣམ་པར་ཐམས་ཅད་དུ་ཟིལ་གྱིས ་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ ་པར་ཤེས་པ་ལ་ཞེ་སྡང་ལྔ་པོ་འདི་དག་སྤངས་ནས། རྣམ་པར་ཤེས་པའི་རང་བཞིན་མི་དམིགས་སོ།། རྣམ་པར་ཤེས་པའི་རང་བཞིན་མི་དམིགས་པས། རྣམ་པར་ཤེས་པ་ལ་རྣམ་པར ་ཤེས་པ་མི་དམིགས་སོ།། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པས། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དེ ་ཉིད། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་སོ།། རྣམ་པར་ཤེས་པ་དམིགས་པ་མི་དམིགས་པ་དང་། རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས ་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་འཁྲུལ་པའི་གཏི་མུག་དང་། འཁྲུལ ་བའི་རྒྱུ་གཏི་མུག་དང་། མི་འཁྲུལ་བའི་རྒྱུའི་གཏི་མུག་དང་། གཏི་མུག་དང་། གཏི་མུག་ཆེན་པོ་དང་། གཏི་མུག་ལྔ་པོ་ཡོངས་སུ་ཤེས་པར་བྱ་སྟེ། ཡོངས་སུ་སྤང་བར ་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས ་བ་ལ་འཁྲུལ་པའི་གཏི་མུག་དང་། འཁྲུལ་པའི་གཏི་མུག་དང་། མི་ཁྲུལ་པའི་རྒྱུའི་གཏི་མུག་དང་། གཏི་མུག་དང་། གཏི་མུག་ལྔ་པོ་ཡོངས་སུ་ཤེས་པར་བྱ་སྟེ། ཡོངས ་སུ་སྤང་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ལས་གཟུགས་ལ་གཏི་མུག་ལྔ་པོ་འདི་དག་ཡོངས་སུ་སྤངས་པས། གཟུགས་ཀྱི་རང་བཞིན་མི་དམིགས་སོ།། གཟུགས་ཀྱི ་རང་བཞིན་མི་དམིགས་པས། གཟུགས་ལ་གཟུགས་སུ་མི་དམིགས་སོ།། གཟུགས་ལ་གཟུགས་སུ་མི་དམིགས་པས། གཟུགས་ལ་གཟུགས་མི་དམིགས་ཏེ། གཟུགས་ལ ་གཟུགས་དམིགས་པ་དེ་ཉིད་གཟུགས་ལ་གཟུགས་སུ་དམིགས་པའོ།། དེ་གཟུགས་དམིགས་པ་མི་དམིགས་པ་དེས། གཟུགས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི ་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས ་པ་ལ་གཏི་མུག་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས། རྣམ་པར་ཤེས་པོའི་རང་བཞིན་མི་དམིགས་སོ།། རྣམ་པར་ཤེས་པའི་རང་བཞིན་མི་དམིགས་པས། རྣམ་པར་ཤེས་པ་ལ ་རྣམ་པར་ཤེས་སོ།། རྣམ་པར་ཤེས་པ་མི་དམིགས་པས། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་པ་དེ་ཉིད། ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པའོ།། རྣམ་པར་ཤེས་པ་མི་དམིགས་པ་དེས།། རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་མད་དུ་ཐོས་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ང་རྒྱལ་དང་། ་ང་རྒྱལ་ཆེན་པོ་དང་། ང་རྒྱལ་ལྔ་ཡོངས་སུ་ཤེས་པར་བྱ་སྟེ། ཡོངས་སུ་སྤང་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས ་དང་། རྣམ་པར་ཤེས་པ་ལ་མང་དུ་ཐོས་པའི་ང་རྒྱལ་དང་། མངོན་པར་མཐོ་བའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ང་རྒྱལ་དང་། ང་རྒྱལ་ཆེན་པོ་དང་། ང་རྒྱལ་ལྔ ་ཡོངས་སུ་ཤེས་པར་བྱ་སྟེ། ཡོངས་སུ་སྤང་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་ང་རྒྱལ་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས། གཟུགས་ཀྱི་རང ་བཞིན་མི་དམིགས་པས་སོ།། གཟུགས་ལ་གཟུགས་ཀྱི་རང་བཞིན་མི་དམིགས་པས། གཟུགས་ལ་གཟུགས་སུ་མི་དམིགས་སོ།། གཟུགས་ལ་གཟུགས་མི་དམིགས་པ། ་གཟུགས་ལ་གཟུགས་མི་དམིགས་ཏེ། གཟུགས་ལ་གཟུགས་དམིགས་པ་དེ་ཉིད། གཟུགས་ལ་གཟུགས་དམིགས་པའོ།། ་དེ་གཟུགས་དམིགས་པ་མི་དམིགས་དེས། གཟུགས་རྣམ་པ་ཐམས་ཅད་ཟིལ་མནན་ནས། འདི་ལྟ་སྟེ། བླ་ན་མེད་ཡང་དག་པར་རྫོགས་པའི་བྱང་ཆུབ་སུ་ངེས་པར་འབྱུང་ངོ་།། རབ་འབྱོར ་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ང་རྒྱལ་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས། རྣམ་པར་ཤེས་པའི་རང་བཞིན་མི་དམིག ་སོ།། རྣམ་པར་ཤེས་པའི་རང་བཞིན་མི་དམིགས་པས། རྣམ་པོར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་སོ།། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པས། རྣམ་པར་ཤེས་པ ་ལ་རྣམ་པར་ཤེས་པ་དམིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་དམིགས་པ་དེ་ཉིད། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པའོ།། རྣམ་པར་ཤེས་པ་ལ་མི་དམིགས་པ་ངེས། ་རྣམ་པར་ཤེས་པ་རྣམ་པ་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔས ་གཟུགས་ལ་རང་བཞིན་ཕྱིན་ཅི་ལོག་གི་བལྟ་བ་དང་། ཡོད་དོ་སྙམ་པའི་ལྟ་བ་དང་། བཀུར་བ་འདེབས་པའི་ལྟ་བ་དང་། ལྟ་བ་དང་། ལྟོ་བ་ཆེན་པོ་དང་། ལྟ་བ་ལྔ་ཡོངས་སུ་ཤེས་པར ་བྱ་སྟེ། ཡོངས་སུ་སྤབ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རང་བཞིན་ཕྱིན་ཅི་ལོག་པའི་ལྟ་བ་དང་། ཡོད ་དོ་སྙམ་པའི་ལྟ་བ་དང་། ལྟ་བ་དང་། ལྟ་བ་ཆེན་པོ་དང་། ལྟ་བ་ལྔ་ཡོངས་སུ་ཤེས་པར་བ་སྟེ། ཡོངས་སུ་སྤང་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་ལྟ་བ་ལྔ་པོ་འདི་དག ་ཡོངསུ་སྤངས་ནས། གཟུགས་ཀྱི་རང་བཞིན་མི་དམིགས་པས། གཟུགས་ལ་གཟུགས་སུ་མི་དམིགས་སོ།། གཟུགས་ལ་གཟུགས་མི་དམིགས་པས། གཟུགས་ལ་གཟུགས་མི་དམིག ་ཏེ། གཟུགས་ལ་གཟུགས་དམིགས་པ་དེ་ཉིད་གཟུགས་ལ་གཟུགས་མི་དམིགས་པའོ།། དེ་གཟུགས་དམིགས་པ་དེས། གཟུགས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས། འདི་ལྟ་སྟེ། ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམ་དང་། རྣམ་པར་ཤེས་པ་ལ་ལྟ་བ་ལྔ་པོ ་འདི་དག་ཡོངས་སུ་སྤངས་ནས། རྣམ་པོར་ཤེས་པའི་རང་བཞིན་མི་དམིགས་སོ།། རྣམ་པར་ཤེས་པའི་རང་བཞིན་མི་དམིགས་པས། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིག་སོ།། ་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པས། རྣམ་པར་ཤེས་པ་རྣམ་པར་ཤེས་པ་མི་དམིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་པ་དེ་ཉིད། ་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་པའོ།། རྣམ་པར་ཤེས་པ་དམིགས་པ་མི་དམིགས་པ་མི་དམིགས་པས། རྣམ་པར། ་ཤེས་པ་ལ་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས། འདི་ལྟ་སྟེ། བླ་ན་མེད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་ཆོས ་ལ་ཡིད་ཉིས་ཟ་བ་དང་། གྲོལ་བ་དང་། སྡུག་བསྔལ་ལ་ཡིད་གཉིས་ཟ་བ་དང་། མྱ་ངན་ལས་འདས་པ་དང་། སངས་རྒྱས་དཔེ། བྱང་ཆུབ་སེམས་དཔའ་ལ་ཡིད་གཉིས་ཟ་བ་དང་། ཡིད ་གཉིས་ཟ་བ་དང་། ཡིད་གཉིས་ཟ་བ་ཆེན་པོ་དང་། ཡིད་གཉིས་ཟ་བ་ལྔ་པོ་ཡོངས་སུ་ཤེས་པར་བྱ་སྟེ། ཡོངས་སུ་སྤང་བར་བྱའོ།། རབ་འབྱོར་འབྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས ་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཆོས་ལ་ཡིད་གཉིས་ཟ་བ་དང་། འགྲོ་བ་དང་། སྡུག་བསྔལ་ལ་ཡིད་གཉིས་ཟ་བ་དང་། མ་ངན་ལས་འདས་པ་དང་། སངས་རྒྱས་དང་། ་བྱང་ཆུབ་སེམས་དཔའ་ལ་ཡིད་གཉིས་ཟ་བ་དང་། ཡིད་གཉིས་ཟ་བ་དང་། ཡིད་གཉིས་ཟ་བ་ཆེན་པོ་དང་། ཡིད་གཉིས་ཟབ་ལྔ་པོ་ཡོངས་སུ་ཤེས་པར་བྱ་སྟེ། ཡོངསུ་སྤང་བར་བྱའོ།། རབ ་འབྱེར་བྱང་ཆུབ་སེམས་དཔས་གཟུགས་ལ་ཡིད་གཉིས་ཟ་བ་འདི་དག་ལ་ཡིད་གཉིས་ཟ་བ་འདི་དག་ཡོངས་སུ་སྤངས་ནས། གཟུགས་ཀྱི་རང་བཞིན་མི་དམིགས་སོ།། གཟུགས་ཀྱི་རང་བཞིན ་མི་དམིགས་པས། གཟུགས་ལ་གཟུགས་སུ་མི་དམིགས་སོ།། གཟུགས་ལ་གཟུགས་མི་དམིགས་པས། གཟུགས་ལ་གཟུགས་སུ་མི་དམིགས་ཏེ། གང་གཟུགས་ལ་གཟུགས་སུ་མི ་དམིགས་པ་དེ་ཉིད། གཟུགས་ལ་གཟུགས་དམིགས་པའོ།། དེ་གཟུགས་ལ་དམིགས་པ་མི་དམིགས་པ་དེས། གཟུགས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན ་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྣམ་པར ་ཤེས་པ་ལ་ཡིད་གཉིས་ཟ་བ་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས། རྣམ་པར་ཤེས་པའི་རང་བཞིན་མི་དམིགས་སོ།། རྣམ་པར་ཤེས་པའི་རང་བཞིན་མི་དམིགས་པས། རྣམ་པ་རེ་ཤེས་པ ་ལ་རྣམ་པར་ཤེས་པ་མི་དམིག་སོ།། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པས། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ་ཤེས་པ་དེ ་ཉིད། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་སོ།། དེ་རྣམ་པར་ཤེས་པ་མི་དམིགས་དེས། རྣམ་པར་ཤེས་པ་རྣམ་པར་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད ་པ་མ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ཡོངས་སུ་ཚོལ་ཞིང་། གཟུགས་ཀྱི་ཆོས་སྟོན་ལ། གཟུགས་ལ་ལུས་དང་། ་@ངག་དང་།། ཡིད་ཀྱི་ལས་ཡོངས་སུ་སྦྱོང་ཞིང་། གཟུགས་དེ་ཇི་ལྟར་བརྗོད་པ་དང་། ཇི་ལྟར་བསྟན་པ་དང་། ཇི་ལྟར་བསྟན་པ་བཞིན་དུ་ཚིལ་ཞིང་ཆོས ་སྟོན་ཏེ། གཟུགས་ལ་ལུས་དང་། ངག་དང་། ཡིད་ཀྱི་ལས་ཡོངས་སུ་མ་དག་པའི། གཟུགས་ལ་ཉེས་པར་ཡོངས་སུ་ཚོལ་བའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། གཟུགས་ལ་དམ་པའི་ཆོས ་མ་ཡིན་པའི་གཏམ་ཅན་གྱི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། གཟུགས་ལ་ལུས་དང་། ངག་དང་། ཡིད་ཀྱི་ལས་ཡོངས་སུ་མ་དག་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། རབ་འབོ ་བྱང་ཆུབ་སེམས་དཔས་གཟུགས་ཡོངས་སུ་ཚོལ་ཞིང་ཆོས་སྟོན་པ་དང་། གཟུགས་ལ་ལུས་དང་། ངག་དང་། ཡིད་ཀྱི་ལས་སྦྱོང་ཞིང་། གཟུགས་དེ་ཇི་ལྟར་བརྗོད་པ་བཞིན་དུ་མ་ཡིན། ་ཇི་ལྟར་བསྟན་པ་བཞིན་དུ་མ་ཡིན། ཇི་ལྟར་བསྟན་བཞིན་དུ་མ་ཡིན་པར་ཡོངས་སུ་ཚོལ་ཞིང་ཆོས་སྟོན་ཏེ། དོ་ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་སྤོང་ན། གཟུག ་ལ་ལེགས་པར་ཚོལ་བའི་བྱང་ཆུབ་སེམས་དཔའ་སྟེ། ཡང་དག་པའི་ངག་གི་གཏམ་ཅན་གྱི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། གཟུགས་དེ་ལ་ལུས་དང་ངག་དང ་ཡིད་ཀྱི་ལུས་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ནོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་ཡོངས་སུ་ཚོལ་ཞིང་། རྣམ་པར་ཤེས་པའི་ཆོས་སྟོན་ལ། རྣམ་པར་ཤེས་པ་ལ་ལུས་དང་ངག་དང་། ཡིད་ཀྱི་ལུས་ཡོངས་སུ་སྤོང་ཞིང་། རྣམ་པར་ཤེས་པ་ལ་ཇི ་ལྟར་བརྗོད་པ་དང་། ཇི་ལྟར་བསྟེན་པ་དང་། ཇི་ལྟར་སྙད་པ་བཞིན་དུ་ཡོངས་སུ་ཚོལ་ཞིང་ཆོས་སྟོན་ཏེ། དེ་ལུས་དང་། ངག་དང་། ཡིད་ཀྱི་ལུས་ཡོངས་སུ་སྤོང་ན། ་རྣམ་པར་ཤེས་པ་ལ་ངེས་པར་ཚོལ་བའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། རྣམ་པར་ཤེས་པ་ལ་དམ་པའི་ཆོས་མ་ཡིན་པའི་གཏམ་ཅན་གྱི་བྱང་སེམས་དཔར་རིག་པར་བྱའོ།། ་རྣམ་པར་ཤེས་པ་ལ་ལུས་དང་། ངག་དང་ཡིད་ཀྱི་ལས་ཡོངས་སུ་མ་དག་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། རབ་འབྱོར་བྱང་ཆུབ་དཔའ་རྣམ་པར་ཤེས་པ་ཡོངས་སུ ་ཚོལ་ཞིང་། རྣམ་པར་ཤེས་པའི་ཆོས་སུ་སྟོན་ལ། རྣམ་པར་ཤེས་ལ་ལུས་དང་། ངག་དང་། ཡིད་ཀྱི་ལས་ཡོངས་སུ་སྦྱོང་ཞིང་། རྣམ་པར་ཤེས་པ་དེ་ལ་ཇི་ལྟར ་བརྗོད་པ་བཞིན་དུ་མ་ཡིན། ཇི་ལྟར་བསྟན་པ་བཞིན་དུ་མ་ཡིན། ཇི་ལྟར་སྨད་པ་བཞིན་དུ་མ་ཡིན་པར་ཡོངས་སུ་ཚོལ་ཞིང་ཆོས་སྟོན་ཏེ། དེ་ལས་ལུས་དང་། ང ་དང་ཡིད་ཀྱི་ལས་ཡོངས་སུ་སྤོང་ན། རྣམ་པར་ཤེས་པ་ལེ་ལེགས་པར་ཚོར་བའིབྱང་ཆུབ་སེམས་དཔའ་སྟེ། ཡང་དག་པའི་ངག་གི་གཏམ་ལས་ཀྱི་གཏམ་ཅན ་རྫགྱི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། རྣམ་པར་ཤེས་པ་དེ་ལ་ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པའི ་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་སེམས་མཉམ་པར་གཞག་པར་འདོད་ཅིང་། གཟུགས་དེ་ལ་ནང་དུ་མོས་ན། གཟུག ་ལ་མོས་པར་བྱ་བའི་གཟུགས་དང་། མོས་པའི་གཟུགས་གཉིས་དམིགས་པར་འགྱུར་རོ།། དེ་ལ་བྱང་ཆུབ་སེམས་དཔའི་གཟུགས་ལ་མོས་པར་བྱ་བ་ཇི་ལྟ་བ་བཞིན་དུ་སྟོན་ཏམ། ་མོས་པའི་གཟུགས་བཞིན་དུ་སྟོན་ན། གཟུགས་ལ་ཡང་དག་པ་མ་ཡིན་པར་སྟོན་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མོས་པར ་བྱ་བའི་གཟུགས་ལས་མོས་པར་བྱ་བའི་གཟུགས་ཀྱི་མཚན་ཉིད་བུད་ན་མེད་དོ།། རབ་འབྱོར་གལ་ཏེ་མོས་པར་བྱ་བའི་གཟུགས་ལས། མོས་པའི་གཟུགས་ཀྱི་མཚན་ཉིད ་གུད་ན་ཡོད་ན་ནི། མོས་པར་བྱ་བ་ལ་སེམས་ཅན་མོས་པ་ཐ་དད་པ་རྣམས་དང་མཚུངས་པར་ལྟ་བ་ཐ་དད་པ་དམིགས་པར་འགྱུར་ཞིང་། རྨི་ལམ་ལ་སོགས་པ་ཡང་དམིགས ་པ་མེད་པའི་མོས་པ་དམིགས་པར་ཡང་མི་འགྱུར་བ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་གཟུགས་ལ་དེ་ཁོ་ན་མཐོང་བར་འགྱུར་ཞིང་། རྣམ་པར་མི་རྟོགས་པའི་མོས་པ་བསྒྲུབ་པ།། ་རིག་པ་ལ་ཡང་མོས་པར་བྱ་བའི་གཟུགས་རྗེས་སུ་འཇུག་པར་མ་འགྱུར་བ་ཞིག་ན། རབ་འབྱོར་འདི་ལྟར་མོས་པར་བྱ་བ་ལ་སེམས་ཅན་མོས་པ་ཐ་དད་པ་རྣམས་དང ་མཚུངས་པར་ལྟ་བ་ཐ་དད་པར་མ་གྱུར་ཅིང་། རྨི་ལམ་ལ་སོགས་པ་ཡང་དམིགས་པ་མེད་པའི་མོས་པ་ལ་དམིགས་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་། གཟུག ་དེ་ཁོ་ན་མཐོང་བར་མ་གྱུར་ཏེ། རྣམ་པར་མི་རྟོག་པའི་མོས་པ་བསྒྲུབ་པ། རིག་པ་ལ་ཡང་མོས་པར་བྱའི་གཟུགས་རྗེས་སུ་འཇུག་སྟེ། དེའི་ཕྱིར་བྱང་ཆུབ ་སེམས་དཔ་ས་མོས་པའི་གཟུགས་ལས་མོས་པར་བྱ་བའི་གཟུགས་ཀྱི་མཚན་ཉིད་ག་ན་མེད་པར་ལྟ་བར་བྱའོ།། གཞན་དུ་ན་མོས་པར་བྱ་བའི་གཟུགས་དེ་ཇི་ལྟ་བ་བཞིན་དུ ་མཚན་མ་དང་བཅས་པའི་བལྟ་བའི་མོས་པའི་གཟུགས་ཀྱང་ཡང་དག་པར་རྗེས་སུ་བྱུང་བ་ནི་མ་རྟོགས་སོ།། དེ་བས་ན་དོན་གཞན་སྣང་ངོ་། དེ་ལྟར་ན་མཐོང་བའི་བྱང་ཆུབ་སེམས ་དཔས། མོས་པར་བྱ་བའི་གཟུགས་ཀྱི་འང་ཤེས་རྣམ་པར་འཇིག་སྟེ། དེ་འདི་སྙམ་དུ་སེམས་སོ།། མོས་པར་བྱ་བའི་གཟུགས་ཡོད་ན། མོས་པའི་གཟུགས་རིག་པར་འ ་གྱི། མེད་ན་ནི་མ་ཡིན་པར་རིགས་ནས། གཟུགས་ལ་འཁྲུལ་པའི་སེམས་དམིགས་ཏེ། མོས་པའི་གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་ཅིང་། གཟུགས་ཀྱི་འདུ་ཤེས ་ཐམས་ཅད་བཤིག་ནས། གཟུགས་ཐམས་ཅད་མི་དམིགས་སོ།། གཟུགས་ཐམས་ཅད་མི་དམིགས་པས། གཟུགས་འཁྲུལ་པར ་དམིག་སོ།། གཟུགས་འཁྲུལ་པར་དམིགས་པས། གཟུགས་ལ་འཁྲུལ་པའི་རྒྱུ་དམིགས་སོ།། གཟུགས་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་བསྒྲུབ་པའོ།། གཟུགས་ལ ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་བསྒྲུབ་པས། གཟུགས་ལ་འཁྲུལ་པ་མེད་པའི་རྒྱུ་དམིགས་སོ།། གཟུགས་ལྔ་བླ་མེད་པའི་རྒྱུ་དམིགས་པས། གཟུགས་ལ་འཁྲུལ་པ་མེད་པའི ་ཆོས་ཡང་དག་པར་བསྒྲུབ་བོ།། གཟུགས་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་བསྒྲུབ་པས། གཟུགས་ལ་འཁྲུལ་པ་མེད་པའི་རྒྱུ་མཐུན་པའི་ཆོས་ཡང་དག་པར་བསྒྲུབ་ཏེ།། ་དེས་གཟུགས་ལ་འཁྲུལ་པ་དང་། འཁྲུལ་པ་མེད་པའི་ཆོས་སྔ་ནས་ཡང་དག་པར་བསྒྲུབ་པ་ཡིན་ནོ།། དེ་གཟུགས་ལ་འཁྲུལ་པ་མེད་པའི་ཆོས་དང་། འཁྲུལ་པ་མེད་པའི་རྒྱུ་མཐུན་པའི་ཆོས ་ལ་རྟེན་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྒོམ་མོ།། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ།། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྤོང་ངོ་།། མྱུར་དུ་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་བངོན་པར་རྫོགས་པར་འཆང་བྱའོ།། བྱང་ཆུབ་སེམས་དཔའ་གཟུགས་ལ་དེ་ལྟར་སྒྲོན་ཡང་དག་པར་སྟོན་པ་ཡིནནོ།། རབ་འབྱོར་བྱང་ཆུབ་སེམ། ་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པ་ཤེས་པ་ལ་སེཾས་མཉམ་པར་གཞག་པར་འདོད་ཅིང་། རྣམ་པར་ཤེས་པ་དེ་ལ་ནང་དུ་མོས་ན། རྣམ་པར་ཤེས་པ་ལ ་མོས་པར་བྱ་བའི་གཟུགས་དང་། མོས་པའི་གཟུགས་གཉིས་དམིགས་པར་འགྱུར་རོ།། དེ་ལ་བྱང་ཆུབ་སེམས་དཔའ་མོས་པའི་རྣམ་པར་ཤེས་པ་ལ་མོས་པར་བྱ་བ་ཇི་བཞིན་དུ་སྟོན་ཏམ ་མོས་པར་བྱ་བ་ལ་མོས་པ་ཇི་བྷཞིན་དུ་སྟོན། རྣམ་པར་ཤེས་པ་ལ་ཡང་དག་པ་མ་ཡིན་པར་སྟོན་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མོས་པར ་བྱ་བའི་རྣམ་པར་ཤེས་པ་ལས། མོས་པའི་རྣམ་པར་ཤེས་པའི་མཚན་ཉིད་གུད་ན་མེད་དོ།། རབ་འབྱོར་གལ་ཏ་མོས་པར་བྱ་བའི་རྣམ་པར་ཤེས་པས། མོས་པའི་རྣམ་པར་ཤེས ་པོའི་མཚན་ཉིད་བུད་ན་ཡོད་ན་ནི། མོས་པར་བྱ་བ་ལ་སེམས་ཅན་མོས་པ་ཐ་དད་རྣམ་དང་མཚུངས་པར་ལྟ་བ་ཐ་དད་པར་དམིགས་པར་འགྱུར་ཞིང་། རྨི་ལམ་ལ་སོགས་པ་དམིགས ་བ་མེད་པའི་མོས་པ་དམིགས་པར་ཡང་མི་འགྱུར་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམ་ཀྱང་རྣམ་པར་ཤེས་པ་ལ་དེ་ཁོ་ན་མཐོང་བར་འགྱུར་ཞིང་། རྣམ་པར་མི་རྟོག་པའི་མོས་པ་གྲུབ་པ། ་རིགས་པ་ལས་མོས་པར་བྱ་བའི་རྣམ་པར་ཤེས་པ་རྗེས་སུ་འཇུག་པར་མི་འགྱུར་བ་ཞིག་ན། རབ་འབྱོར་འདི་ལྟར་མོས་པར་བྱ་བ་ལ་སེམས་ཅན་མོས་པ་ཐ་དད་པ་རྣམ་དང་ལྟ་བ་ཐ་དད་པར ་མ་གྱུར་ཅིང་། རྨི་ལམ་ལ་སོགས་པ་ལ་ཡང་དམིགས་པ་མེད་པའི་མོས་པ་ལ་དེ་དམིགས་སོ།། བྱིས་པ་སོ་སོའི་སྐྱེ་བོ་རྣམ་ཀྱང་རྣམ་པར ་ཤེས་པ་ལ་དེ་ཁོ་ན་མཐོང་བར་མ་གྱུར་ཏེ། རྣམ་པར་མི་རྟོག་པའི་མོས་པ་གྲུབ་པ། རིག་པ་ལ་ཡང་མོས་པར་བྱ་བའི་རྣམ་པར་ཤེས་པ་འཇུག་སྟེ། དེའི་བྱང་ཆུབ་སེམས་དཔས་མོས་པའི་རྣ ་པར་ཤེས་པ་ལས་མོས་པར་རྣམ་པར་ཤེས་པའི་མཚན་བུད་ན་མེད་པར་ལྟ་བར་བྱའོ།། གཞན་དུ་ན་མོས་པའི་རྣམ་པར་ཤེས་པ་དེ་ཇི་ལྟ་བ་བཞིན་དུ། མཚན་མ་དང་བཅས་པའི་ལྟ་བའི ་མོས་པ་རྣམ་པར་ཤེས་པ་ཡང་དག་པར་འབྱུང་བ་ནི་མ་གཏོགས་སོ།། དེ་བས་ན་དོན་གཞན་སྣང་ངོ་།། དེ་ལྟར་མཐོང་བའི་བྱང་ཆུབ་སེམས་དཔའ་མོས་པར་བྱ་བའི་འདུ་ཤེས་རྣམ ་པར་འཇུག་སྟེ། དེའི་འདི་སྙམ་དུ་སེམས་སོ།། མོས་པའི་རྣམ་པར་ཤེས་པ་ཡོད་ན། མོས་པའི་རྣམ་པར་ཤེས་པའི་ཡང་རིག་པར་འགྱུར་གྱི། མེད་ན་ནི་མ་ཡིན་པར་རིག་ནས། མོས ་པའི་རྣམ་པར་ཤེས་པ་ལ་མོས་པའི་རྣམ་པར་ཤེས་པའི་འདུ་ཤེས་ཀྱང་འཇུག་གོ།། དེ་རྣམ་པར་ཤེས་པ་གཉིས་ཀྱི་འདུ་ཤེས་རྣམ་པར་བཤིག་ནས། རྣམ་པར་ཤེས་པ་ཐམས་ཅད ་དམིགས་སོ།། རྣམ་པར་ཤེས་པ་མི་དམིགས་པས། རྣམ་པར་ཤེས་པ་ལ་འཁྲུལ་པར་དམིགས་སོ།། རྣམ་པར་ཤེས་པ་ལ་འཁྲུལ་པར་དམིགས་པས། རྣམ་པར་ཤེས་པ་ལ ་འཁྲུལ་པའི་རྒྱུ་དམིགས་སོ།། རྣམ་པར་ཤེས་པ་ལ་འཁྲུལ་པའི་རྒྱུ་དམིགས་པས། རྣམ་པར་ཤེས་པ་འཁྲུལ་པའི་ཆོས་ཡང་དག་པར་སྒྲུབ་པོ།། རྣམ་པར་ཤེས་པ་ལ་འཁྲུལ་པ་མེད ་བའི་ཆོས་ཡང་དག་པར་བསྒྲུབ་པས། རྣམ་པར་ཤེས་པ་ལ་འཁྲུལ་པའི་རྒྱུ་མཐུན་པའི་ཆོས་ཡང་དག་པར་བསྒྲུབ་སྟེ། དེས་རྣམ་པར་ཤེས་པ་འཁྲུལ་པ་དང་། འཁྲུལ་པའི་ཆོས ་ལྔ་ཡང་དག་པར་བསྒྲུབས་པ་མ་ཡིན་ནོ།། དེ་རྣམ་པར་ཤེས་པ་འཁྲུལ་པ་མེད་པའི་ཆོས་དང་། འཁྲུལ་པ་མེད་པའི་རྒྱུ་མཐུན་པའི་ཆོས་ལ་རྟེན་ནས། སངས་རྒྱས་ཀྱི་ཆོས་ཐམས ་ཅད་བསྒོམ་མོ། སེམས་ཅན་ཐམས་ཅད་ཀྱང་ཡོངས་སུ་སྨིན་པར་བྱེད་དོ།། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ།། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་དེ་ལྟར་སྟོན་ན། ཡང་དག་པར་སྟོན་པར་རིག་པར་བྱའོ།། རབ་འབྱོར་བྱང་ཆུབ ་དཔས་གཟུགས་ལས་དམ་པའི་ཆོས་ཉེ་བར་བསྒྲུབ་པའི་བྱམས་པ་དང་། འཇིག་རྟེན་པའི་བདེ་བ་ཉེ་བར་བསྒྲུབ་པའི་བྱམས་པ་དང་། འཇིག་རྟེན་ལས་འདས་པའི ་བདེ་བ་ཉེ་བར་བླའི་བྱམས་པ་དང་། བྱམས་པོ་ཆེན་པོ་དང་། བྱམས་པ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་བྱམས་པའི་ཆོས་ཉེ་བར་བསྒྲུབ་པའི་བྱམས་པ་དང་། འཇིག་རྟེན་པའི ་བདེ་བ་ཉེ་བར་བསྒྲུབ་པའི་བྱམས་པ་དང་། འཇིག་རྟེན་ལས་འདས་པའི་བདེ་བ་ཉེ་བར་བསྒྲུབ་པའི་བྱམས་པ་དང་། བྱམས་པ་དང་། བྱམས་པ་ཆེན་པོ་དང་། བྱམས་པ་ལྔ་བསྒོམ ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་བསྡད་པའི་སྙིང་རྗེ་དང་། འདྲ་བོའི་སྙིང་རྗེ་དང་། འབྲལ་བའི་སྙིང་རྗེ་དང་། སྙིང་རྗེ་ཆེན་པོས། སྙིང་རྗེ་ལྔ་པོ་ས་བསྒོམ་པར་བྱའོ།། ་རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་བསྡུད་པའི་སྙིང་རྗེ་དང་། འདྲ་བའི་སྙིང་རྗེ་དང་། འབྲལ་བའི་སྙིང་རྗེ ་དང་། སྙིང་རྗེ་དང་། སྙིང་རྗེ་ཆེན་པོ་དང་། སྙིང་རྗེ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་དམ་པའི་ཆོས་ལ་དད་པས་བརླན་པ་དང་། ་པན་འདོགས་པ་དང་། རྗེས་སུ་ཡིད་རང་བའི་དགའ་བ་དང་། འཇིག་རྟེན་པའི་བདེ་བ་ལ་བརླན་པ་དང་། ཕན་འདོགས་པ་དང་། རྗེས་སུ་ཡིད་རང་བའི་དགའ་བ་དང་། ་འཇིག་རྟེན་ལས་འདས་པའི་བདེ་བ་ལས་བརླན་པ། ཕན་འདོགས་པ་དང་། རྗེས་སུ་ཡིད་རང་བའི་དགའ་བ་དང་། དགའ་བ་དང་། དགའ་བ་ཆེན་པོ་དང་། དགའ་བ ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དམ་པའི་ཆོས་ལ་དད་པས་བརྙེད་པ་དང་། ་ཕན་འདོགས་པ་དང་། རྗེས་སུ་ཡིད་རང་བའི་དགའ་བ་དང་། འཇིག་རྟེན་ལས་འདས་པའི་བདེ་བས་བརླན་པ་དང་། ཕན་འདོགས་པ་དང་། རྗེས་སུ་ཡིད་རང་བའི་དགའ་བ་དང་། ་དགའ་བ་ཆེན་པོ་དང་། དགའ་བ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་ལྟ་བ་ངན་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་ལ་བརྟུལ ་བའི་བཏང་སྙོམས་དང་། ཉེས་པ་ཐམས་ཅད་ཡོངས་སུ་སྤང་བ་དང་། ཀོན་ནོས་ཉོན་མོངས་པ་མེད་པ། བརྟུལ་བའི་བཏང་སྙོམས་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་འདུ་བ ་དང་། ཀུན་ནས་ཉོན་མོངས་པ་མེད་པའི་བརྟུལ་བའི་བཏང་སྙོམས་དང་། བཏང་སྙོམས་ཆེན་པོ་དང་། བཏང་སྙོམས་རྣམ་པ་ལྔ་བསྒོམ་པ་བྱའོ།། རབ་འབྱོར་བྱང་ཆུབ་སེམས ་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལྟ་བ་ངན་པ་དང་། ཀུན་ནས་ཉོན་མོངས་པ་མེད་པའི་བརྟུལ་བའི་བཏང་སྙོམས་དང་། ཉེས་པ ་ཐམས་ཅད་ཡོངས་སུ་སྤངས་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་རྟུལ་བའི་བཏང་སྙོམས་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་བསྡུ་བ་དང་། ཀུན་ནས་ཉོན་མོངས་པ་མེད་པ ་@བརྟུལ་བའི་བཏང་སྙོམས་དང་། བཏང་སྙོམས་ཆེན་པོ་དང་། བཏང་སྙོམས་རྣམ་པ་ལྔ་པོ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། གཟུགས་ལ་དམ་བཅས་པའི་སྦྱིན་པ་དང་།། མྱི་འཇིགས་པ་བསྒྲུབ་པའི་སྦྱིན་པ་དང་། ཆོས་བསྒྲུབ་པའི་སྦྱིན་པ་དང་། སྦྱིན་པ་དང་། ་སྦྱིན་པ་ཆེན་པོ་དང་། སྦྱིན་པ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་སྦྱིན་པའོ་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དམ་བཅའ་སྦྱིན་པ་དང་། ཟུང་ཟིང་དང་། མི་འཇིགས་པའི་བསྒྲུབ་པའི་སྦྱིན་པ་དང་། ཆོས་བསྒྲུབ་པའི་སྦྱིན་པ་དང་། སྦྱིན་པ་དང་། ་སྦྱིན་པ་ཆེན་པོ་དང་། སྦྱིན་པ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། གཟུགསོ་ལ་ཡང་དག་པོར་བླངས ་བ་དང་། བརྡ་ཅན་གྱི་སྡོམ་པའི་ཚུལ་ཁྲིམས་དང་། བསམ་གཏན་གྱི་སྡོམ་པའི་ཚུལ་ཁྲིམས་དང་། ཟག་པ་མེད་པའི་སྡོམ་པའི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་དང་། ཚུལ ་ཁྲིམས་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེ་ས་རྣམ་དཔ། ་རྣམ་པར་ཤེས་པ་ལ་ཡང་དག་པར་བླངས་པ་དང་། བརྡ་ཅན་གྱི་སྡོམ་པའི་ཚུལ་ཁྲིམས་དང་། བསམ་གཏན་གྱི་སྡོམ་པའི་ཚུལ་ཁྲིམས་དང་། ཟག་པ་མེད་པའི་སྡོམ་པའི་ཚུལའི། ་དང་། ཚུལ་ཁྲིམས་ཆེན་པོ་དང་། ཚུལ་ཁྲིམས་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་པདྨ་སེམས་དཔའ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། གཟུགས་ལ་སེམས་ཅན ་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་། བཟོད་པ་དང་། བཟོད་པ་ཆེན་པོ་དང་།། ་བཟོད་པ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམ་དང་། ་རྣམ་པར་ཤེས་ལ་སེམས་ཅན་གནོད་པར་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་། ་བཟོད་པ་དང་། བཟོད་པ་ཆེན་པོ་དང་། བཟོད་པ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། གཟུགས་ལ། ་ལུང་ནོད་པ་དང་། ཁ་ཏོན་བྱ་བར་སེམས་པའི་བརྩོན་འགྲུས་དང་། ངེས་པར་ཡོངས་སུ་སྤང་བའི་བརྩོན་འགྲུས་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་བསྡུ་བའི་བརྩོན་འགྲུས་དང་། ་@#བརྩོན་འགྲུས་དང་། བརྩོན་འགྲུས་ཆེན་པོ་དང་། བརྩོན་འགྲུས་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་བརྩོན ་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ལུང་ནོད་པ་དང་། ཁ་ཏོན་བྱ་བར་སེམས་དཔའི་བརྩོན་འགྲུས ་དང་། ཉེས་པ་ཐམས་ཅད་ཡོངསུ་སྤང་བར་སེམས་པའི་བརྩོན་འགྲུས་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་བསྡུ་བའི་བརྩོན་འགྲུས་དང་། བརྩོན་འགྲུས་དང་། བརྩོན་འགྲུས་ཆེན་པོ་དང་། ་བརྩོན་འགྲུས་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། གཟུགས་ལ་ཚིག་འཕྲུལ་ལྟོས་པའི་དགེ་བའི ་བསམ་གཏན་དང་། ཚིག་འབྲུ་ལ་མི་ལྟོས་པའི་དགེ་བའི་གདོད་མ་ནས་དད་པ་འཇིག་རྟེན་པའི་བསམ་གཏན་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་དང་། བསམ་གཏན ་དང་། བསཔ་གཏན་ཆེན་པོ་དང་། བསམ་གཏན་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། ཚོར་བ་དང ་འདུ་ཤེས་དང་། འད་བྱེད་རྣམ་དང་། རྣམ་པར་ཤེས་པ་ལ་ཚིག་འབྲུ་ལ་ལྟོས་པའི་དགེ་བོའི་བསམ་གཏན་དང་། ཚིག་འབྲུ་ལ་མི་ལྟོས་པའི་དགེ་བའི་བདོད་མ་ནས་དད་པའི་འཇིག་རྟེན ་པའི་བསམ་གཏན་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་དང་། བསམ་གཏན་དང་། བསམ་གཏན་ཆེན་པོ་དང་། བསམ་གཏན་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམ ་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། གཟུགས་ལ་ཚིག་འབྲུ་ལ་ལྟོས་པའི་དགེ་བའི་བསམ་གཏན་རྟེན་པའི་ཤེས་རབ་དང་། ཚིག་འབྲུ་ལ་མི་ལྟོས་པའི་དགེ་བའི་འདོད་མ་ནས ་དག་པའི་འཇིག་རྟེན་པའི་བསམ་གཏན་ལ་བརྟེན་པའི་ཤེས་རབ་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་རྟེན་པའི་ཤེས་རབ་དང་། ཤེས་རབ་དང་། ཤེས་རབ་ཆེན་པོ་དང་། ་ཤེས་རབ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམ་དང་། རྣམ་པར ་ཤེས་པ་ལ་ཚིག་འབྲུ་ལ་ལྟོས་པའི་དགེ་བའི་བསམ་གཏན་ལ་བརྟེན་པའི་ཤེས་རབ་དང་། ཚིག་འབྲུ་ལ་མི་ལྟོས་པར་དགེ་བའི་འདོད་མ་ནས་དག་པ་འཇིག་རྟེན་པའི་བསམ་གཏན་ལ་རྟེན་པའི ་ཤེས་རབ་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་རྟེན་པའི་ཤེས་རབ་དང་། ཤེས་རབ་ཆེན་པོ་དང་། ཤེས་རབ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་དགེ་བའི ་བཤེས་མཉེན་ལ་སྟེན་པ་དང་ལྡན་པས། མཉན་པས་བསྟེན་པ། བསྙེན་བཀུར་བྱ་དང་། བསླབ་པའི་ཆོ་ག་དང་། ནན་ཏན་གྱིས་མགུ་བར་བྱ་བས་བསྟན་པ་དང་། བསྟེན་པ་དང་། བསྟེན་པ། ་རྫ་ལྷ@ཆེན་པོ་དང་། དགེ་བའི་བཤེས་གཉིས་ལ་བསྟེན་པ་ལྔས། གཟུགས་ལ་དགེ་བའི་བཤེས་གཉིས་ལ་བསྟེན་པར་བྱའོ།། རབ་འབྱོར་བྱང་། ་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་ལྡན་པས། མཉན་པས་བསྟན་པ་དང་། བསྙེན་བཀུར་བ་དང་། ཡོངསུ་སྤང་བ་དང་། བསླབ་པའི་ཆོ་ག་བཞིན་དུ་བསྟན ་པ་དང་། ནན་གྱིས་བཀུར་བ་བྱས་པས་བསྟེན་པ་དང་། བསྟེན་པ་དང་། བསྟེན་པ་ཆེན་པོ་དང་། དགེ་བའི་བཤེས་གཉེན་ལ་རྟེན་པ་རྣམ་པ་ལྔསོ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད ་རྣམས་དང་། རྣམ་པར་ཤེས་པ་ལ་དག་པའི་བཤེས་གཉེན་ལ་བསྟེན་པར་བྱའོ།། དེ་ལྟར་དག་པའི་བཤེས་གཉེན་བསྟེན་པར་བྱའོ།། དེ་ལྟར་དགེ་བའི་བཤེས་གཉེན་ལ་བསྟན་པའི ་བྱང་ཆུབ་སེམས་དཔའ་ནི། རྣམ་པར་ཐར་པའི་ཐབས་ཀྱང་ཡོངས་སུ་འཛིན་ཅིང་། བསོད་ནམས་མང་པོ་ཡང་རབ་ཏུ་བསྐྱེད་དེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས ་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་མཆོད་པ་ལ་བརྩོན་པས། བསྟོད་པ་སྣ་ཚོགས་ཉེ་བར་བསྒྲུབ་པའི་མཆོད་པ་དང་། འཐོབ་པ་དང་། བཀུར་། ་བར་བསྒྲུབ་པའི་མཆོད་པ་དང་། ནན་གཏན་གྱི་མཉེས་པར་བྱ་བའི་མཆོད་པ་དང་། མཆོད་པ་དང་། མཆོད་པ་ཆེན་པོ་དང་། མཆོད་པ་རྣམ་པ་ལྔས་གཟུག་ལ་དེ་བཞིན་གཤེག་པ་ལ་མཆོད་པར་བྱའོ།། ་རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་མཆོད་པ་ལ་བརྩོན་པས། བསྟོད་པ་སྣ་ཚོགས་ཉེ་བར་བསྒྲུབ་པའི་མཆོད་པ་དང་། ཐོབ་པ་དང་། བཀུར་སྟི་ཉེ་བར་བསྒྲུབ་པའི ་མཆོད་པ་དང་། ནན་ཏན་གྱིས་མཉེས་པར་བྱ་བའི་མཆོད་པ་དང་། མཆོད་པ་ཆེན་པོ་དང་། མཆོད་པ་རྣམ་པ་ལྔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དེ ་བཞིན་གཤེགས་པས་མཆོད་པར་བྱའོ།། དེ་ལྟར་དེ་བཞིན་གཤེགས་པས་མཆོད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པའི ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྔགས་པ་བརྗོད་པར་མཛད་དོ།། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལས་ཀྱང་འཐོབ་པ་དང་། བཀུར་སྟི་བརྙེད་དོ།། སེམ ་ཚད་མེད་པ་ཡང་ཡོངས་སུ་སྨིན་པར་བྱེད་དོ།། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ།། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོག་པར་འཚང་རྒྱའོ།། ་རབ་འབྱོར་བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ། གཟུགས་ལ་མཚན་མ་དང་བཅས་པའི་སྦྱིན་པ་བསྒོམ་ན། མྱུར་དུ་སྦྱིན་པའི་ཕ་རོལ་ཏུ་བླ་ཡོངས་སུ་རྫོགས་པར ་མི་བྱེད་དོ།། མཚན་མ་མེད་པའི་སྦྱིན་པ་བསྒོམ་ན་ནི།། མྱུར་དུ་བ་སྤེན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་མཚན་མ་དང་། ་རྫངརྩ@བཅས་པ་འམ། མཚན་མ་མེད་པའི་སྦྱིན་པ་ཇི་ལྟར་བསྒོམ་ཞེ་ན། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་གཟུགས་ལ་སྦྱིན་པ་ལ་མོས།། ་མོས་པར་བྱ་བའི་སྦྱིན་པ་དམིགས་ཏེ། བྱང་ཆུབ་སེམས་གཟུགས་ལ་མཚན་མ་དང་བཅས་པའི་སྦྱིན་པ་བསྒོམ་པར་རིག་པར་བྱའོ།། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་གཟུག ་ལ་སྦྱིན་པ་ལ་མོས་ན་འདི་ལྟ་སྟེ། གཟུགས་ངོ་བོ་ཉིད་དམིགས་སུ་མེད་པ་དང་། དེ་ལྟར་དངོས་པོ་དམིགས་སུ་མེད་པ་དང་། རང་བཞིན་གྱིས་དམིགས་སུ་མེད་པས། མོས་པར་བྱ་བའི ་སྦྱིན་པ་མི་དམིགས་ཤིང་། མོས་པའི་སྦྱིན་པ་མི་དམིགས་ཏེ། བྱང་ཆུབ་སེམས་དཔའ་གཟུགས་མཚན་མ་མེད་པའི་སྦྱིན་པ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་སྦྱིན ་བའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། རོ་ཚོལ་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམ་དང་། རྣམ་པར་ཤེས་པ་ལ་མཚན་མ་དང་བཅས་པའི་སྲིན་པ་བསྒོམ་ན། མྱུར་དུ་སྦྱིན་པའི་ཕ་རོལ ་ཏུ་ཕྱིན་པ་ཡོང་སུ་རྫོགས་པར་མི་བྱེད་དོ།། མཚན་མེད་པའི་སྦྱིན་པའི་བསྒོམ་ན་ནི། མྱུར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོང་སུ་རྫོགས་པར་བྱེད་དོ།། རབ་འབྱོར་སེམས་དཔའ་རྣམ་པར་ཤེ ་པ་ལ་མཚན་མ་དང་བཅས་པ་འམ། མཚན་མ་མེད་པའི་སྦྱིན་པ་ཇི་ལྟར་བསྒོམ་ཞེ་ན། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ལ་སྦྱིན་པ་ལ་མོ་པ། མོས་པ ་བྱ་བའི་སྦྱིན་པ་འམ། མོས་པའི་སྦྱིན་པ་དམིགས་ཏེ། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ལ་མཚན་པ་དང་བཅས་པའི་སྦྱིན་པ་བསྒོམ་པར་ཤེས་པར་བྱའོ།། རབ་འབྱོར་གལ ་བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་སྦྱིན་པ་ལ་མོས་ན་འདི་ལྟ་སྟེ། རྣམ་པར་ཤེས་པ་ངོ་བོ་ཉིད་ཀྱིས་དམིགས་སུ་མེད་པ་དང་། དེ་ལྟར་དངོས་པོ་དམིགས་སུ་མེད་པ་དང་། རང་བཞིན ་གྱིས་དམིགས་སུ་མེད་པས། མོས་པར་བྱ་བའི་སྲིན་པ་མི་དམིགས་ཤིང་། མོས་པའི་སྲིན་པ་མི་དམིག་ཏེ། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ལ་མཚན་མ་མེད་པའི་སྦྱིན་པ ་བསྒོམ་པར་རིག་པར་བྱའོ།། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཡང་དེ་བཞིན་དུ་སྦྱར་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས ་དཔའ་གཟུགས་ལ་སྟོང་པ་ཉིད་ཀྱི་ཏིང་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་གཟུགས་ལ་སྟོང་པ་ཉིད་ཀྱི་ཏི་ངེ་འཛིན་གང་ཞེ་ན། རབ་འབྱོར་གཟུགས་ལ་དངོས་པོ་མེད་པ་སྟོང་། ་པ་ཉིད་དང་། ད་ལྟར་དངོས་པོ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་ལ་དམིགས་ནས། སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི་སྟོང་པ་ཉིད་ཀྱི་ཏིང་འཛིན་ཏེ། བྱང་ཆུབ་སེམས ་དཔའ་ད་ལྟར་གཟུགས་ལ་སྟོང་པ་ཉིད་ཀྱི་ཏིང་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་ས་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་། རྣམ་པར་ཤེས་པ་ལ་སྟོང་པ་ཉིད་ཀྱི་ཏི་ངེ་འཛིན་དུ་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་ཀྱི་ཏྲིང་། ་འཛིན་གང་ཞེ་ན། རབ་འབྱོར་གང་རྣམ་པར་ཤེས་པ་ལ་དངོས་པོ་མེད་པ་སྟོང་པ་ཉིད་དང་། དེ་ལྟར་དངོས་པོ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་ལ་དམིགས་ནས། སེམས་རྩེ་གཅིག་ཏུ་བྱེད ་བ་བྱེད་པ་འདི་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ། རབ་འབྱོར་དེ་ལྟར་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས ་ལ་མཚན་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་གཟུགས་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་གང་བྱང་ཆུབ་སེམས་དཔས་གཟུགས་ལ ་གཟུགས་དངོས་པོ་མེད་པ་སྟོང་པ་ཉིད་དང་། དེ་ལྟར་དངོས་པོ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དུ་དེ་ལྟར་ཡིན་ལ་བྱེད་ཅིང་། གཟུགས་པ་དངོས་པོའི་མཚན་མ་འགགས ་ཏེ། \ུ0f7fདངོས་པོ་མེད་པའི་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་བྲལ་ཡང་། ད་ལྟར་དངོས་པོ་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ། ་དངོས་པོ་དང་། དངོས་པོ་མེད་པའི་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ་བའི་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི་རབ་འབྱོར་གཟུགས་ལ་མཚན་མ་མེད་པའི ་ཏིང་ངེ་འཛིན་ཏེ། བྱང་ཆུབ་སེམས་དཔས་དེ་ལྟར་གཟུགས་ལཱ་མ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེ། ་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་རྣམ་པར་ཤེས་པ་མཚན་མ་མེད་པའི་ཏིང་ངེ་འཛིན་པང ་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔས་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དངོས་པོ་མེད་པ་སྟོང་པ་ཉིད་དང་། ད་ལྟར་དངོས་པོ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ ་ཉིད་དུ་དེ་ལྟར་ཡིད་ལ་བྱེད་ཅིང་། རྣམ་པར་ཤེས་པ་ལ་དངོས་པོ་འགགས་ཏེ། དངོས་མེད་པའི་མཚན་ཉིད་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ་ཏེ། དེ་ལྟར་དངོས ་པོའི་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་། དངོས་པོ་དང་། དངོས་པོ་མེད་པའི་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་། དངོས་པོ་དང་། དངོས་པོ་མེད ་པའི་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་། དངོས་པོ་དང་། དངོས་པོ་མེད་པའི་མཚན་མ་མེད་པའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པའི་རྣམ་པ་ཤེས་པ་དང་བྲལ་བ་སེམས ་རྩེ་གཅིག་ཏུ་བྱེད་པ་འདི་ནི། རབ་འབྱོར་རྣམ་པར་ཤེས་པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཏེ། བྱང་ཆུབ་སེམས་དཔའ་ས་དེ་ལྟར་རྣམ་པར་ཤེས་པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཡོད། ་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་གཟུག ་པ་སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། གང་གཟུགས་ལ་སྟོང་པ་ཉིད་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་པ་རྙེད་པས། གཟུགས་དངོས་པོ་མེད་པའི་མཚན་མ་དང་། མི་མཐུན་པའི ་དམིགས་པ་དང་། དེ་ལྟར་དངོས་པོ་མེད་པའི་མཚན་མ་དང་། མི་མཐུན་པའི་དམིགས་པ་དང་། དངོས་པོ་དང་། དངོས་པོ་མེད་པའི་མཚན་མ་དང་། མི་མཐུན་པའི་དམིགས་པ་ལ་སེམས་རྩེ ་ཅིག་ཏུ་བྱེད་པ་དེ་ནི། རབ་འབྱོར་གཟུགས་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔས་དེ་ལྟར་གཟུགས་ལ་སྨིན་པ་མེད་པའི་ཏིང་འཛིན་ཡོངས་སུ་ཤེས་པར་བྱའོ།། ། ་རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འད་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་རྣམ ་པར་ཤེས་པ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་བརྙེད་པས། རྣམ་པར་ཤེས་པ་ལ་དངོས་པོའི ་མཚན་མ་དང་མི་མཐུན་པའི་དམིགས་པ་དང་། དངོས་ས་པོ་དང་། དངོས་པོ་མེད་པའི་མཚན་མ་དང་མི་མཐུན་པའི་དམིགས་པ་ལ་སེམས་རྩེ་ཅིག་ཏུ་བྱེད་པ་འདི་ནི། རབ་འབྱོར་རྣམ་པར་ཤེས ་བ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་ལྟར་རྣམ་པར་ཤེས་པ་ལ་སྨིན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ ་སེམས་དཔས་གཟུགས་ལ་མེད་པའི་དོན་དང་། རྣམ་པར་འཇིག་པའི་དོན་དང་། དྲི་མ་དང་བཅས་པ་དང་། དྲི་མ་མེད་པའི་དོན་དང་། དོན་གསུམ་གྱི་མི་རྟག་པ་ཉིད་ཡོངས་སུ་ཤེས་པར་བྱའོ།། ་རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམ་དང་། རྣམ་པར་ཤེས་པ་ལ་མེད་པའི་དོན་དང་། རྣམ་པར་འཇིག་པའི་དོན་དང་། དྲི་མ་དང་བཅས་པ་དང་། དྲི་མ ་མེད་པའི་དོན་དང་། དོན་གསུམ་གྱིས་མི་རྟག་པ་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་མངོན་པར་ཞེན་པའི་དོན་དང་། མཚན་རྣམ་པ་གསུམ་གྱི་དོན་དང་། ་འབྲེལ་པའི་དོན་དང་། དོན་གསུམ་གྱི་སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འད་ཤེས་དང་། འདུ་བྱེད་རྣམ་དང་། རྣམ་པར་ཤེས ་བ་ལ་མངོན་པར་ཤེས་པའི་དོན་དང་། མཚན་ཉིད་རྣམ་པ་གསུམ་གྱི་དོན་དང་། འབྲལ་བའི་དོན་དང་། དོན་གསུམ་གྱིས་སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ ་སེམས་དཔས་གཟུགས་ལ་དངོས་པོ་མེད་ལ། བདག་མེད་པའི་དོན་དང་། དེ་ལྟར་དངོས་པོ་བདག་མེད་པའི་དོན་དང་། རང་བཞིན་བདག་མེད་པའི་དོན་དང་། དོན་གསུམ་གྱིས་བདག་མེད་པ་ཉིད།། ་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ ་དངོས་པོ་མེད་ལ་བདག་མེད་པའི་དོན་དང་། དེ་ལྟར་དངོས་པོ་བདག་མེད་པའི་དོན་དང་། རང་བཞིན་བདག་མེད་པའི་དོན་དང་། དོན་གསུམ་གྱིས་བདག་མེད་པ་ཉིད་ཡོངས་སུ་ཤེས་པར་བྱའོ།། ་རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་གཟུགས་དངོས་པོ་མེད་པ་ཞི་བའི་དོན་དང་། དེ་ལྟར་དངོས་པོ་ཞི་བའི་དོན་དང་། རང་བཞིན་གྱིས་རྣམ་པར་དག་བཞི་པའི་དོན་དང་། དོན་གསུམ་གྱིས ་མྱ་ངན་ལས་འདས་པ་ཞི་བ་ཉིད་ཡོངསུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དངོས་པོ ་མེད་པ་ཤིན་དུ་ཞི་བའི་དོན་དང་། དེ་ལྟར་དངོས་པོ་ཞི་བའི་དོན་དང་། རང་བཞིན་གྱིས་རྣམ་པར་དག་པ་ཞི་པའི་དོན་དང་། དོན་གསུམ་གྱིས་མྱ་ངན་ལས་བཞི་པ་ཉིད་ཡོངསུ་ཤེས་པར་བྱའོ།། ་བཅོམ་ལྡན་འདས་ཀྱི་དེ་སྐད་ཅེས་བཀའ་སྩལ་ནས། གནས་བརྟན་རབ་འབྱོར་དང་། དགེ་སློང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་དང་། ལྷ་དང་། མི་དང་། ལྷམ ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་སྟེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་རྒྱ་པ་རྫོགས་སྷོ།། ། ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།། @རྒྱ་གར་སྐད་དུ།། ་