| Wylie | e-texts produced with BDRC’s OCR application |
། ཨར་ས་གང ་ཏ་པར་ཕྲད་ཅན་མ་མ་ཧ་ཡན་སུ ་བཻརྱ་སྐད་དུ། འཕགས་པ་བློ་གྲོས་རྒྱུ ་མཚོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ་བ་ར་པོ་དང་པོའོ།། སངས་རྒྱས་དང་བང ་བྱ།། ཆུ་བ་སེམ་ས་དཔའ ་ཐམས་ཅད་ལ་པ་ག་འཚལ་ལོ།། འདི་སྐད ་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ ་ལྡན་འདས་རྒྱལ་པོའི་ཁ་བ་དེ་བཞིན་གཤེགས་པའི་སྤྱོད་ཡུལ ་རིན་པོ་ཆེ་བཀོད་པའི་འཁོར་གྱི་འཁྱམས་དེ་བཞིན་གཤེགས་པའི ་གནས་བསོད་ནམས་ཆེན་པོའི་རྒྱན་གྱི་ཚོགས་བསྩགས་པ། སྤྲོད་པ་ཆེན ་པོའི་རྒྱུ་འཐུན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྣམ་པར་སྨིན་པས ་མངོན་པར་གྲུབ་པ། བྱང་ཆུབ་སེམས་དཔའ་ཆེན ་པོའི་གནས། བསྟན་པ་མཐའ་ཡས་པ། དེ་བཞིན་གཤེགས་པ་རྣམ་པར ་སྤྲུལ་པས། བྱིན་གྱིས་པ་རླབས་པ། ཆགས་མེད་པའི་སྣོང་ཡུལ་གྱི ་ལ་འཇུག་པོ་དགའ་བ་རྒྱ་ཆེན་པོ་བསྐྱེད་པ། དྲན་པ་དང་། བློ་གྲོས་དང་། ་རྟོགས་པས་འཇུག་པ་ནས་མ་སྨད་པ། ཡེ་ཤེས་ཀྱིས་རྣམ་པར་སྤྱད་པ། དེ་ལ་མ ་ཆགས་པར་རྟོགས་པས་འཇུག་པ། བསྐལ་པ་མུ་མེད་པར་མངོན་པར་བསྟོད་པ། ་ཡོན་ཏན་གྱི། ཚོགས་ཐམས་ཅད་དཔག་ཏུ་མེད་པ་ན་བཞུགས་ཏེ། བཅོམ་ལྡན ་འདས་རློས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱུས། ཆོས ་ཀྱི་འཁོར་ལོ་ནི་ཤིན་ཏུ་བསྐོར། སློབ་མེ་ཤིན་ཏུ་དུལ་བ་མཐའ་ཡས་པའི་ཚོགས་ནི ་བྱ། མངའ་ཆོས་ཐམས་ཅད་ལ་མངའ་དབང་ནི་བརྙེས། སེམས་ཅན ་ཐམས་ཀྱི་བསམ་པ་གྲུབ་པ་ནི་ལེགས་པར་མཁྱེན། དབང་པོའི་དམ་པའི་ཕ་རོལ་ཏུ་ཕྱིན་པ་ནི་བརྙེས། ་བག་རྨུགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་འཇོམ་པ་ལ་ནི་མཁས། སངས་རྒྱས་ཀྱི་མཛད་པ ་ལྷུན་གྱིས་གྲུབ་པ་ནི་རྒྱུན་མི་ཆོད་ཅིང་། དགེ་སློང་འབུམ་ཕྲག་དྲག་ཅུའི་དགེ་སློང་གི་དགེ་འདུན་ཆེན་པོ ་དང་ཐབས་ཅིག་སྟེ། ཐམས་ཅད་ཀྱང་ཅང་ཤེས་ཀྱི་སེམས་དང་ལྡན་པ། ཉོན་མོངས་པ་ཐམས ་ཅད་ཀྱི་བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་འཇོམས་པ་ལ་བརྩོན་པ། ཆོས་ཀྱི་རྒྱལ་པོ་དེ ་བཞིན་གཤེགས་པའི་སྲས་ཆོས་ཐོབ་མོ་ལ་གནས་པ། དམིགས་པ་མེད་པའི་ཆོས་ཀྱིས་ངེས་པར ་བྱུང་བ། སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པ། སྦྱིན་གནས་ཆེན་པོར་གྱུར་པ། དེ་བཞིན་ག ་བཻའི་བཀའ་ལོ་ཤིན་ཏུ་ཞུགས་པ་ཤ་སྟག་གོ།། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་བྱང་ཆུབ་ས ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་པ་མེད་པའི་བྱང་ཆུབ་སེམས་དཔའི་བཟོད་པོ་རབ་ཏུ་ཐོབ ་པ། དབང་བསྐུར་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ས་ལ་ཞུགས་པ། མངོན་པར་འདུ་བྱེད ་པ་མེད་པའི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པས་རྣམ་པར་བརྩོན ་བ། བྱང་ཆུབ་སེམས་དཔའི་གཟུངས་མི་ཟད་པའི་ཟ་མ་ཏོག་རབ་ཏུ་ཐོབ་པ། བྱང་ཆུབ་སེམས་དཔའི ་ཏིང་ངེ་འཛིན་དཔའ་བར་འགྲོ་བ་ལ་དབང་ཐོབ་པ། བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ། ་སེམས་ཅན་ཐམས་ཅད་སིམ་པར་བྱེད་པ་རྗེས་སུ་ཐོབ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལྷུན་གྱིས ་གྲུབ་པས་ངེས་པར་འབྱུང་བ། བཀོད་པའི་རྒྱན་གྱི་ལྷག་པ་བསམ་པ་ལ་ཤིན་ཏུ་གནས་པ། ཚད་མེད ་གྲངས་མེད་བསམ་གྱིས་མི་ཁྱབ། མཚུངས་པ་མེད་པ། གཞལ་དུ་མེད། དཔག་ཏུ་མེད་པ་ལ་འདི ་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཛོད་མི་ཟད་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་བློ་གྲོསོ་ཚད་མེད་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་མཐའ་ཡས་ཞེས ་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་པ་མེད་པའི་བསམ་གཏན་པ་ཞེས་བྱ་བ་དང་། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་གོང་བ་མེད་ཅེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔོའིའ་ཆེན ་བརྩོན་འགྲུས་བློ་གྲོས་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གློས་རྒྱུན་མི་ཆད་པ་ཞེས་བྱ་བ་དང་། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆགས་པ་མེད་པའི་མི་འཇིགས་བརྩེགས་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོའི་དོན་ངེས་པར་བརྟགས་ཏེ་ལྟ་བ་ཞེས་བྱ་བ་དང་། དེ་ལས་སྩོགས་པ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། དཔག་དུ་མེད་པ་དང་། ་ཡང་ཐབས་གཅིག་གོ།། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུགས་ངེས་པར་འབྱུང་བའི་སྒྲིབས་པ་མེད་པའི་སྒོ་བྱང་ཆུབ ་སེམས་དཔའི་ལམ། བཀོད་པ་ལ་དམིགས་པ། སྟོབས་དང་མི་འཇིགས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་གྲུབ་པའི་ཡེ་ཤེས་ཀྱི ་འབྱུང་གནས། ཆོས་ཐམས་ཅད་ལ་དབང་སྒྱུར་བའི་གཟུངས་ཀྱི་ཕྱག་རྒྱའི་སྒོར་འཇུག་པ། སོ་སོ་ཡང་དག་པར་རིག་པས་རྣམ་པར་གདོན་མི་ཟ་བ་ལ ་འཇུག་པའི་སྒོ་མངོན་པར་ཤེས་པ་ཆེན་པོའི་ཡེ་ཤེས་ལ་འབབ་པས་འཇུག་པ། ཕྱིར་མི་ལྡོག་པའི་འཁོར་ལོ།། ཕྱིར་མི་ལྡོག་པའི་སྟོན་པ། ཐེག་པ་ཐམས ་ཅད་མཉམ་པ་ཉིད་དུ་ཡང་དག་པར་འདུ་བ། ཆོས་ཀྱི་དབྱིངས་འདྲེས་པ་མེད་དེ། ཚུལ་གཅིག་པ་རབ་ཏུ་དབྱེ་བ་ལ་འཇུག་པ། སེམས་ཅན་ཐམས་ཀྱི ་བསམ་པ་དང་། དབང་པོའི་ཚུལ་ལ་འཇུག་པ་སྟོན་པ་དང་། སྙིང་པོ་དང་ལྡན་པ། ཆོས་རྣམ་པར་གདོན་མི་ཟ་བ། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད ་རྣམ་པར་འཇོམས་པ། ཚུལ་བཞིན་དུ་ཆོས་ཀྱི་ཚུལ་ལ་འབབ་ཅིང་འཇུག་པ་ཉོན་མོངས་པ་དང་། ལྟ་བར་གྱུར་པ་ཐམས་ཅད་འདུལ་བ། ཆགས་པ་མེད་པའི་ཡེ་ཤེས ་ལ་འཇུག་པ། ཀུན་ཏུ་བསྔོ་བའི་ཐབས་ལ་མཁས་པ་ཤེས་པས་བསྟོད་པ། སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་འཇུག་པ། ཆགས་པ་མེད་པའི ་བྱིན་གྱིས་བརླབས་ཀྱི་སྒོ། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྣམ་པར་གདོན་མི་ཟ་བ་སྟོན་པ། མི་རྟོག་ཅིང་རྣམ་པར་མི་རྟོག་སྟེ། མཉམ་པ་ཉིད་དུ་འཇུག་པ། རྟེན ་ཅིང་འབྲེལ་པར་འབྱུང་བ། ཟབ་མོ་རྟོགས་པར་བྱེད་པ། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཆེན་པོ་སྩོགས་པ། སངས་རྒྱས་ཀྱི་སྐུ་དང་། གསུང་དང་། ཐུགས ་མཉམ་པ་ཉིད་ཀྱི་རྒྱན་དང་ལྡན་པ། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། མོས་པ་དང་ཤེས་རབ་མི་ཟད་པ། མངོན་པར་སྒྲུབ་པ། ཉན་ཐོས་ཀྱི་ཐེག་པས ་འདུལ་བའི་ཕྱིར། འཕགས་པའི་བདེན་པའི་ཚུལ་ལ་འཇུག་པ། རང་སངས་རྒྱས་ཀྱི་ཐེག་པས་འདུལ་བའི་ཕྱིར། ལུས་དང་སེམས་རབ་ཏུ་དབྱེན་པར་ཤེས་པ། ཐེག ་པ་ཆེན་པོས་འདུལ་བའི་ཕྱིར། ཐམས་ཅད་མཁྱེན་པར་དབང་བསྐུར་བ། རབ་ཏུ་ཐོབ་པ། ཆོས་ཐམས་ཅད་ལ་དབང་བསྐུར་བའི་ཚུལ་ལ་འཇུག་པ་ཞེས་བྱ་བའི ་ཆོས་ཀྱི་རྣམས་གྲངས་དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པའི་ཕྱིར་གསུང་ངོ་།། སྟོན་ཏོ་རབ་ཏུ་ཚད་དོ།། འཛིན་དུ་འཇུག་གོ།། ཀློག ་ཏུ་འཇུག་གོ།། ཤེས་པར་མཛད་དོ།། རྣམ་པར་ཤེས་པར་མཛད་དོ།། རབ་ཏུ་ཤེས་པར་མཛད་དོ།། རབ་ཏུ་འགོད་དོ།། རྣམ་པར་འབྱེད་དོ།། རྣམ་པར་འགྲེལ་ཏོ།། ་གསལ་བར་མཛད་དོ།། ཡང་དག་པར་རབ་ཏུ་སྟོན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་ཤིན་ཏུ་རྣམ་པར་ངེས་པ་འདུས་པ་ཆེན་པོའི་ལེའུ་ཆོས་ཀྱི་རྣམ་གྲངས་འདི ་ལྟ་བུ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པས། ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས། འོག་ཏུ་སའི་སྟེང་ནས་བཟུང ་བ་ཡན་ཅད། རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ཀྱི་གཞི་ལ་ཐུག་པའི་བར་དག་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་གཅིག་ལྟར་ཀུན་ཏུ་སྣང་སྟེ། འདི་ལྟ་སྟེ་དཔེར ་ནཿསྲེད་པ་བསྐལ་པ་དས་ནས། ཆགས་པ་འབྱུང་བའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཆུས་ཡོངས་སུ་གང་བར ་གྱུར་ཏེ། ཆུའི་དཀྱིལ་འཁོར་གྱིས་ཡོངས་སུ་འཁོར་བ་དེ་བཞིན་དུ། དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཆུས་ཡོངས་སུ་གང ་བའི་རྒྱ་མཚོ་གཅིག་ལྟ་བུར་གནས་པར་ཀུན་ཏུ་སྣང་ཡང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་ལྗོངས ་དང་ལྔ་ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ལ་ཡང་སྒྲིབ་པ་མེད་པར་ཀུན་ཏུ་སྣང་ངོ་།། འཛམ་བུའི་གླིང་རྣམས་དང་། གླིང་བཞི་པ་ཆེན་པོ ་རྣམས་དང་། རྒྱ་མཚོ་ཆེན་པོ་རྣམས་དང་། རི་རབ་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ལ་ཡང་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་དུ་སྒྲིབ་པ་ཅི ་ཡང་མེད་པར་དེ་ཁོ་ན་བཞིན་དུ་ཀུན་ཏུ་སྣང་ངོ་།། ཆུའི་ཕུང་པོ་དེ་ལས་ཀྱང་། བད་མ་ཆུ་བ་ནི་བཻ་ཌཱུརྱ། ལོ་མ་གལ་པ་ནི་ཨན་ད་རྙིལ། ལོ་མ་ནི་འཛམ་བུ་ཆུ་བོའི ་གསེར། ཟེ་བ་ནི་དཔལ་གྱི་སྙིང་པོ། སྙིང་པོ་ནི་རྡོ་རྗེའི་སྙིང་པོ་ལས་གྲུབ་པ། མུ་ཏིག་གི་དྲ་བས་ནི་ཁེབས་པར་བྱས་པ། འདབ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག ་དུ་མ་དང་ལྡན་པ། ཚད་ནི་རྒྱང་གྲགས་ཀྱི་ཁྱོན་ཙམ་ཡོད་པ། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་འབྱུང་སྟེ། དེ་དག་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ཀྱི ་གཞི་ལས་ཐལ་ནས། ཤིང་ཏ་ལ་སྲིད་དུ་འཕགས་ཏེ། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡང་དོའི་ཚེ། པད་མ་ལ་འཁོད་པར་ཀུན་ཏུ་སྣང་ངོ་།། པད་མ་དེ་དག ་ལས་ཀྱང་འོད་གང་དག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པ་དག་སྣང་བ་ཆེན་པོས་ཁྱབ་པར་གྱུར་པའི་འོ།། ་དེ་ལྟ་བུ་དག་བྱུང་ངོ་།། དེ་ན་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་ཚར་དུ་གྱུར་ནས། ཇི་ལྟར་སྔ་ལྟས་འདི་དག་ཀུན་ཏུ་སྣང་བ་ལགས་ན། ཀྱེ་མའོ་འདི་ནི་ཆོས ་བསྟན་པ་ཆེན་པོར་འགྱུར་རོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཆོ་འཕྲུལ་རྒྱ་ཆེན་པོ་དེ ་མཐོང་ནས། པད་མའི་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས། པུས་མོ་གཡས་པའི་ལྷ་ང་པད་མའི་སྙིང་པོ་ལ་བཙུགས་ཏེ། བཅོམ ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་སྟོང་གསུམ་གྱི་སྟོང ་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཆབ་གྱིས་ཡོངས་སུ་བལྟམ་པའི་རྒྱ་མཚོ་གཅིག་ལྟ་བུར་ཀུན་ཏུ་གདའ་བ་དང་། པད་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད ་ཅིག་མངོན་པར་བྱུང་བ་འདི་དག་དང་། བཅོམ་ལྡན་འདས་སྔོན་མ་བྱུང་མ་ཐོས་པའི་ཆོ་འཕྲུལ་རྒྱ་ཆེན་པོ་འདི་དག་ཀུན་ཏུ་གདའ་བ་འདི་སུའི་སྔ་ལྟས་ལགས། ་དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བྱམས་པ ་འོག་གི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང ་འདས་པ་ན། འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་ཆེ་དྲི་མ་དང་བྲལ་བ་དཔག་ཏུ་མེད་པ་བཀོད་པས་བརྒྱན་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཙོ།། ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱ་མཚོའི་མཆོག་མངའ་བའི་བློས་རྣམ་པར་རོལ་པ་མངོན་པར་འཕགས་པའི་མངོན་པར་མཁྱེན་པ་ཞེས་བྱ་བ་བཞུགས ་ཏེ། འཚོ་ཞིང་བཞེས་ལ་ཆོས་ཀྱང་སྟོན་པ་ཡོད་དེ། སངས་རྒྱས་ཀྱི་ཞིང་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ཞེས་བྱ་བ། བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་དག་དང་། ལྷན་ཅིག་དུ་ང་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ་ཆོས་བསྟན་པ་འདི་ལས་གཏམ་གྱི་རྒྱུད་འགའ་ཞིག་དྲི་བའི་ཕྱིར་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོང་བར་འགྱུར་ཏེ། འདི་ནི་དེའི་སྔ་བལྟས་སོ།། དེ་ནས ་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་རཱིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱི་ལགས། བྱང་ཆུབ་སེམས ་དཔའ་བློ་གྲོས་རྒྱ་མཚོ་ཐག་རིང་པོ་དེ་སྲིད་ཅིག་ན་མཆིས་ཤིང་། ཆོས་ཀྱི་རྣམ་གྲངས་འདི་ཉན་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཤཱ་རིའི་བུ་ཁྱོད་ཇི་ལྟར་ངའི་འདུན་ན་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ཡང་འཇིག་རྟེན་གྱི་ཁམས་དེ་ན་འདུག ་ཅིང་། ཆོས་ཀྱི་རྣམ་གྲངས་འདི་ཉན་ཏོ།། ཤཱའི་བུ་ཁྱོད་ཀྱིས་ཇི་ལྟར་ང་དང་ཐམས་ཅད་དང་ལྡན་འཁོར་འདི་མཐོང་བ་དེ་བཞིན་དུ། བྱང་ཆུབ་སེམས ་དཔའ་བློ་གྲོས་རྒྱ་མཚོས་ཀྱང་ང་དང་ཐམས་ཅད་དང་ལྡན་པའི་འཁོར་འདྲི་མཐོང་ངོ་།། གསོལ་པ། བཅོམ་ལྡན་འདས་ཀྱེ་མའོ།། ཇི་ཙམ་དུ་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་སྟོབས་འདི་བསམ་གྱིས་མི་ཁྱབས་སྟེ། འདི་ལྟར་ཐག་རིང་པོ་དེ་སྲིད་ན་མཆིས ་ཀྱང་མིག་གིས་གཟུགས་མཐོང་བ་ལ་སྒྲིབ་པ་མ་མཆིས་ཤིང་། རྣ་བས་སྒྲ་ཐོས་པ་ལ་སྒྲིབ་པ་མ་མཆིས་པ་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་བསམ་གྱི་མི་ཁྱབ་པ་འདི་ཐོས་ནས། སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས ་མི་སྐྱེད། གནས་བརྟན་ཤ་རི་བུས་བསྟན་པ་འདི་བཤད་པའི་ཚེ། ལྷའི་བུ་ཉི་ཁྲི་བཞི་སྟོང་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ། ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་དག་གིས་ཀུན་ནས་བསྐོར ་ཏེ། མདུན་དུ་བདར་ནས་ལྷན་གཅིག་ཏུ་བཅོམ་ལྡན་འདས་རྒྱ་མཚོའི་མཆོག་མངའ་བའི་བློས་རྣམ་པར་རོལ་པ་མངོན་པར་འཕགས་པའི་མངོན་པར་མཁྱེན་པའི་དེ་བཞིན ་གཤེགས་པའི་དེ་ལ་གསོལ་ནས། བཅོམ་ལྡན་འདས་དེ་གནང་སྟེ། སངས་རྒྱས་རྣམ་པར་རོལ་པའི་རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། མངོན་པར་འདུ་བྱ་བ་མེད ་པའི་རྫུ་འཕྲུལ་དང་། སེམས་ཅིག་གིས་ཐོབ་པའི་དྲན་པས། མིག་ཕྱེ་བ་ཙམ་གྱིས་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་ཆེ་དྲི་མ་དང་བྲལ་བ་དཔག་ཏུ་མེད་པ་བཀོད ་བས་བརྒྱན་པ་དེ་ནས་མི་སྣང་བར་གྱུར་ནས། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་ཏེ། རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་གཞི་ལས་ཐལ་ནས། ཤིང་ཏ་ལ ་སྲིད་དུ་མངོན་པར་འཕགས་ཏེ། པད་མའི་སྙིང་པོ་ལ་འདུག་པར་ཀུན་ཏུ་སྣང་ངོ་། དེ་ལས་གཞན་པའི་པད་མའི་སྙིང་པོ་རྣམས་ལ་ཡང ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འཁོར་བར་ཀུན་ཏུ་སྣང་ངོ་།། འོག་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པ་དག་ནས་ཀྱང་། བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་གྲངས་མེད་དཔག་ཏུ་མེད་པ་དག་ཆོས་ཉན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོའི་ཕྱི ་བཞིན་དུ་འབྲང་བར་གྱུར་ཏོ།། དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མ་ལ་འཁོད་པ་དག་གིས། ་རིན་པོ་ཆེ་འཁོད་པའི་འཁོར་གྱི་ཁྱམས་ཤིན་ཏུ་རྒྱས་པས་མཛེས་ཏེ། ལྷམ་མེ། ལྷན་ནེ། ལྷང་ངེའོ།། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ཏེ། དགའ ་བ་དང་དད་པ་དང་། རབ་ཏུ་དགའ་བ་ཐོབ་ནས། ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་ཕྱག་འཚལ་ལོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་བློ་གྲོས་རྒྱ་མཚོས། འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་ཆེ་དྲི་མ་དང་བྲལ་བ་དཔག་ཏུ་མེད་པ་བཀོད་པས་བརྒྱན་པ་ན། ཡོད་པའི་མེ་ཏོག་མྱ་ངན་མེད་ཅིང་ཡིད་དུའོ།། ་པ་མཐོང་ན་དགའ་ཞེས་བྱ་བ་མདམ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྡན་པ། ཚད་རྒྱང་གྲགས་ཀྱི་ཁྱོན་ཙམ་ཡོད་པ། དེ་བཞིན་གཤེགས་པ་ལ་མཆོད་པར་འོས་པ། ་བྱང་ཆུབ་སེམས་དཔའི་བསམ་པས་རྣམ་པར་དག་པ། སྔོན་གྱི་དགེ་བའི་རྩ་བས་ཡོངས་སུ་སྦྱངས་པ། རྣམ་པར་བཀྲའ་བ་མྱིག་ཏུ་སྡུག་པ། འཁོར་ཐམས་ཅད་ཚིམ་པར ་བྱེད་པ། ཀུན་ནས་འོད་དང་ལྡན་པ། ཀུན་ནས་ཤིན་ཏུ་ཡིད་དུ་འོང་བའི་དྲི་དང་ལྡན་པའི་མེ་ཏོག་དེ་འདྲ་བ་དག་མཆོད་པའི་ལས་ཀྱི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མེ ་ཏོག་ཆར་ཆེན་པོ་མངོན་པར་བབ་སྟེ། མེ་ཏོག་གི་ཆར་དེས། རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་སུ་མི་བདུན་གྱི་འཕང་ཙམ་གྱི་མེ་ཏོག་བཀྲམ་པར་གྱུར་ཏོ།། རབ་ཏུ ་དབྱེན་པའི་བསམ་གཏན་གྱི་ཟས་ཤེས་བྱ་བའི་སིལ་སྙེན་བསྒྲགས་ཏེ། སིལ་སྙན་གྱི་སྒྲ་དེས་ཐམས་ཅད་དང་ལྡན་པའི་འཁོར་དེ་བསམ་གཏན་ལ་སྙོམས་པར་ཞུགས་པ ་བཞིན་དུ། བདག་བདེ་བས་ཚིམ་པར་ཤེས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས་བཅོམ་ལྡན་འདས་ལ་མཆོད་པ་འདི་ལྟ་བུ ་འདི་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་སྟེ། ལན་བདུན་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་འདུག ་ནསབཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་རྒྱ་མཚོའི་མཆོག་མངའ་བའི་བློས།། ་རྣམ་པར་རོལ་པ་མངོན་པར་འཕགས་པའི་མངོན་པར་མཁྱེན་པ། བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས ་དང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་ཀྱང་། བཅོམ་ལྡན་འདས ་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ལོ།། ལན་བདུན་དུ་བསྐོར་བ་བྱས་ནས། སླར་རང་རང་གི་ས་ལ་འཁོད་དོ།། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་ཚངས ་བ་སྙིང་རྗེ་ཆེན་པོ་སེམས་དཔའ་ཞེས་པ་མྱ་ངན་མེད་པའི་གླིང་བཞི་པ་ཆེན་པོ་ན་གནས་པ། ཚངས་པའི་འཇིག་རྟེན་ན་འདུག་པས། སྟོང་གསུམ་གྱི་སྟོང་ཆེན ་པོའི་འཇིག་རྟེན་གྱི་ཁམས་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་གཅིག་ལྟ་བུ་ཡང་མཐོང་། པད་མ་རྣམ་པར་བཀྲ་བ། ལྷ་ན་སྡུག་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང ་མངོན་པར་བྱུང་བ་ཡང་མཐོང་། རིན་པོ་ཆེ་བཀོད་པ་འཁོར་གྱི་ཁྱམས་བྱང་ཆུབ་སེམས་དཔས་གང་བ་ཡང་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམས་དུ་སེམས་ཏེ། ་སྲེད་པའི་བསྐལ་པ་ནི་མ་བྱུང་ན། ཆུས་འཇིག་པ་འདི་བྱུང་སྟེ། འདི་ལྟ་བུའི་ཆོ་འཕྲུལ་འདི་དག་ཀུན་ཏུ་སྣང་བ་འདི་ལ་རྒྱུ་ཅི་ཡོད། ད་བདག་བཅོམ་ལྡན ་འདས་ཀྱི་ཐད་དུ་སོང་སྟེ། བཅོམ་ལྡན་འདས་ངོ་མཚར་དུ་བྱུང་བའི་ཆོས་ཆེན་པོ་འདི་འཇིག་རྟེན་དུ་བྱུང་བའི་རྒྱུ་གང་ལགས། རྐྱེན་གང་ལགས་ཤེས་ཞུའོ ་སྙམ་མོ།། དེ་ནས་ཚངས་པའི་སྙིང་རྗེ་ཆེན་པོ་སེམས་དཔའ། ཚངས་པ་འབུམ་ཕྲག་དྲུག་བཅུ་རྩ་བརྒྱད་ཀྱིས་ཡོངས་སུ་བསྐོར་ཏེ། མདུན་དུ་བདར ་ནས་ལྷན་གཅིག་ཏུ་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ནས། རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་སུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྟེང་ཀྱི ་བར་སྣང་ལ་འཇུག་སྟེ། ལུས་བཏུད་ཐལ་མོ་སྦྱར་ནས། དེ་ནས་བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཏོ།། དེ་ནས་བཅོམ་ལྡན་འདས ་ལ་ཚངས་པའི་སྙིང་རྗེ་ཆེན་པོ་སེམས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ཅི་ལགས། གང་སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་འདི་ཆད་ཀྱིས་ཡོངས་སུ་བལྟམ་པའི་རྒྱ་མཚོ་གཅིག་ལྟ་བུར་ཀུན་ཏུ་གདའ་བ་དང་།། པད་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག ་འདི་སྙེད་ཅིག་བྱུང་བ་འདི་དང་། དེ་དག་ལ་ཡང་སྐྱེས་བུ་དམ་པ་དག་མཆིས་པ་འདི་ལྟ་བུ་ཀུན་ཏུ ་གདའ་ཡང་། བཅོམ་ལྡན་འདས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། གྲོང་དང་། གྲོང་ཁྱེར་དང་། གྲོང ་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ལ་ཡང་སྒྲིབ་པ་མ་མཆིས་པར་ཀུན་དགའ་བ་དང་། ་འཛམ་གྲི་གླིང་རྣམས་དང་། གླིང་བཞི་པ་རྣམས་དང་། རྒྱ་མཚོ་རྣམས་དང་། རི་རབ་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས ་ལ་ཡང་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་དུ་སྒྲིབ་པ་ཅི་ཡང་མཆིས་པར་དེ་ཁོ་ན་བཞིན་དུ་ཀུན་ཏུ་གདའ་བ་དེ་ལ། བཅོམ་ལྡན་འདས་འདི་སུའི་བྱིན ་ཀྱི་རླབས་ཀྱིས་གྱུར་སྙམ་དུ་བདག་ངོ་མཚར་ཆེར་གྱུར་ན། འདི་སུའི་སྔ་ལྟས་ལགས་སུ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན ་འདས་ཀྱིས་ཚངས་པའི་སྙིང་རྗེ་ཆེན་པོ་སེམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་འདི་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་རྒྱ་མཚོ་མཆོག་མངའ་བའི་བློས་རྣམ་པར་རོལ་པ་མངོན་པར་འཕགས་པའི་མངོན་པར་མཁྱེན་པའི་སངས་རྒྱས་ཀྱི་ཞིང་།། འཇིག་རྟེན་གྱི ་ཁམས་ཡོན་ཏན་རིན་པོ་ཆེ་དྲི་མ་དང་བྲལ་དཔག་ཏུ་མེད་པ་བཀོད་པས་བརྒྱན་པ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་བློ་གྲོས་རྒྱ་མཚོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་བ་དག་དང་ལྷན་ཅིག་ཏུ་དུ་ང་ལ་བལྟ་བ་དང་། ་ཕྱག་བྱ་བ་དང་།། བསྙེན་བཀུར་བྱ་བ་དང་། འདུས་པ་ཆེན་པོའི་ལེའུ་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ལས་གཏམ་གྱི་རྒྱུད་འག ་ཞིག་ཡོངས་སུ་དྲི་བའི་ཕྱིར། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོང་བ་ཡིན་ཏེ། གང་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི ་ཁམས་འདི་ཆུས་ཡོངས་སུ་གང་བར་ཀུན་ཏུ་སྣང་བ་འདི་ནི་དེའི་རྣམ་པར་སྤྲུལ་པའི་བྱིན་གྱི་རླབས་སོ།། གསོལ་པ། ་བཅོམ་ལྡན་འདས་ད་དུང་དུ་ཡང་འདུས་པ་ཆེན་པོའི་ལེའུ་གྱི་ཆོས་ཀྱི་རྣམ་གྲངས་འཆད་དམ། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། ཚངས་པ་དེ་བཞིན་གཤེགས་པའི་སྤོབས་པ་ལ་ནི་རྒྱུན་ཏུ་ཆད་པར ་ཅུང་ཟད་ཀྱང་མེད་དེ། གང་གི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཅང་མི་གསུང་བར་གྱུར་པར་མཐོང་བ་དེའི་ཚེ་ན་ཡང་། ང་ནི་ཕྱོགས་བཅུའི་འཇིག ་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་རྣམ་པར་ངེས་པའི་གཏམ་ཡང་དག་པར་རབ་ཏུ་སྟོན་ཏེ། ཚངས་པ་སངས་རྒྱས་ཀྱི ་ཡུལ་ནི་དེ་ལྟར་བསམ་གྱིས་མི་ཁྱབ་བོ།། གསོལ་པ། བཅོམ་ལྡན་འདས་གང་འདི་ལྟ་བུ་འདི་རྣམ་པར་སྤྲུལ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་བློ་གྲོས་རྒྱ་མཚོ་ཞེས་བགྱི་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཁྱོད་ཀྱིས་པད་མཱི་ཚད་དཔག་ཚད་བཅུའི་ཁྱོན་ཙམ ་ཡོད་དེའི་དཀྱིལ་ན་པད་མའི་སྙིང་པོ་ལ་རིན་པོ་ཆེ་བཀོད་པའི་སེང་གེའི་ཁྲི་འབང་དུ་ཤིང་ཏ་ལ་བདུན་ཙམ་པ། སྲོག་ཆགས་བྱེ་བ་ཕྲག་མང་པོས། ཕྱག་བྱས་པ ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཁྱོད་ཀྱིས་སེང་གེའི་ཁྲི་དེ་ལ ་བྱང་ཆུབ་སེམས་དཔའ་ལུས་གསེར་གྱི་ཁ་དོག་དུ་འདུས་པ། ལུས་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ་འདུག་སྟེ། གང་དེ་བཞིན་གཤེགས ་པའི་སྐུ་མ་གཏོག་པར་གཞན་བྱང་ཆུབ་སེམས་དཔའི་ལུས་ཟིལ་གྱིས་མནན་ནས་འདུག་པ། བྱང་ཆུབ་སེམས་དཔའ་མང་པོས་ཕྱག་བྱས་པ་མཐོང ་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་འདི་ནི་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ཞེས་བྱ་བ་སྟེ། འདི་ནི་དེའི་རྣམ་པར་སྤྲུལ་པའོ།། དེ་ནས་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པས། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་ཕྱག་འཚལ་ནས། ཚིག་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱང་རྫུ ་འཕྲུལ་གྱི་ཆོ་འཕྲུལ་འདི་ལྟ་བུ་ཐོབ་པར་གྱུར་ཅིག། གང་དག་བྱང་ཆུབ་སེམས་བློ་གྲོས་རྒྱ་མཚོའི་མིང་ཐོས་པའི་སེམས་ཅན་དེ་དག་ནི་སྐྱེད་པ་ལེགས ་སོ།། བཅོམ་ལྡན་འདས་བདག་གིས་ཀྱང་སྐྱེས་བུ་དམ་པ་འདིའི་མིང་ཐོས་ཤིང་། གཟུགས་ཀྱི་ལུས་ཀྱང་མཐོང་བས་བདག་གིས ་ཀྱང་རྙེད་པ་ལེགས་པར་སྐྱེད་དོ།། བཅོམ་ལྡན་འདས་འདུས་པ་ཆེན་པོའི་ལེའུ་གི་ཆོས་ཀྱི་རྣམ་གྲངས་འདི་ཡུན་ཇི་སྲིད་ཅིག་དུ་འཆད།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཇི་སྲིད་དུ་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་གནས་པ་དང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས ་འདས་ནས་ཀྱང་བྱང་ཆུབ་སེམས་དཔའ་འདི་དག་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། ཀློག་པ་དང་། ཡང་དག་པར་རབ་ཏུ་སྟོན་པ་དང་རྒྱས་པར་བྱེད་ཀྱི་བར་དུའོ།། ། ་དེ་ཅིའི་ཕྱིར་ཞེ་ན། ཚངས་པ་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་འདིའི་ནང་དུ་འདུས་པའི་ཕྱིར་རོ།། ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས། འཁོར་ཐམས་ཅད་རྒྱ་ཆེར་ཡང་དག་པར་རབ་ཏུ་དགའ་བར་བྱ་བ་དང་། ཚངས་པ་སྙིང་རྗེ་ཆེན ་པོ་སེམས་འདུན་པར་བྱ་བ་དང་། ཆོས་ཀྱི་རྣམ་གྲངས་འདི་བརྒྱན་པར་བྱ་བ་དང་། བདག་ཉིད་ཀྱི་ཤེས་རབ་དང་། སྤོབས་པའི་སྟོབས་ཉེ་བར་བསྟན་པའི་ཕྱིར། ་པད་མ་དང་ལྷན་ཅིག་སེང་གེའི་ཁྲི་དང་། ལྷན་ཅིག་སྟེང་གི་བར་སྣང་ལ། ཤིང་ཏ་ལ་བདུན་སྲིད་ཙམ་ན་འདུག་སྟེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། ་ཁྲག་ཁྲིག་སངས་རྒྱས་ཀྱི་ཞིང་རྡུལ་སྙེད་ཀྱི་ཞིང་རྣམས་འདས་པའི་འོག་ལོགས་ན། རྫོགས་པའི་བྱང་ཆུབ་སེམས་དཔའི་གནས་ཤིང་ཡོན་ཏན་ཀུན་ལྡན་རབ་མཛེས ་པ། དེ་ན་འདྲེན་པ་བརྟན་པ་རྒྱ་མཚོ་བློ་ཐུགས་མཚུངས་པ་མེད་བཞུགས་ཏེ། དེར་ནི་བདག་གིས་ཐུབ་པའི་ཆོས་ཐོས་གྱུར་ཏེ་ཐོས་ནས་དེ་བཞིན་བཟུང་། བདག ་ནི་སྟོབས་བཅུ་ལྡན་ལ་བལྟ་བར་བགྱི་བ་དང་དེ་བཞིན་ཕྱག་བགྱི་དང་། བྱང་ཆུབ་སེམས་དཔ་ཁྱུ་མཆོག་འདི་རྣམས་ཕན་ཚུན་ཅི་སྲིད་མཆིས་ཏེ། སྐྱོབ་ལ་ཕྱག་བགྱིབས ་ནི་ཆོས་རྒྱལ་མཚུངས་མེད་ཁྱོད་ལ་འདིར་ཕྱག་འཚལ། སངས་རྒྱས་མཆོད་པ་གང་ལགས་རྒྱ་ཆེན་ཤིན་ཏུ་རྒྱས་པས་མཆོད་པ་འཚལ། གང་གིས་གཟུགས་ལ་གཟུགས ་སུ་མི་རྟོགས་ཚོར་བ་འདུས་བགྱིས་མ་ལགས་ཤིང་། རྣམ་པར་ཤེས་པའང་ཚོར་གསུམ་བཞིན་དུ་རྟག་པར་ཤིན་ཏུ་རྣམ་དག་སྟེ། གང་ཞིག་འདྲེན་ལ་མཚན་དུ་མ ་ལགས་སྐྱེ་དང་རིགས་སུ་མ་ལགས་སྟོག། མིག་ལྡན་དེས་ནི་ཆོས་ཀྱི་རྒྱལ་པོ་དྲི་མེད་ཡང་དག་དོན་དུ་མཐོང་། བདག་གམ་བདག་མེད་ཅེས་པའི་མཐའ་དེ་གཉི་ག་མི ་འདོར་ཏེ། ནང་དུ་གྱུར་པ་ཞི་ཞིང་ཐུགས་ཀྱང་ནི་སྟེ་ཕྱི་རོལ་རྒྱུག་མི་མངའ། མི་རྟོགས་རྣམ་མི་རྟོག་ཅིང་རྟོག་བྲལ་བའི་ཐུབ་པའི་ཐུགས་ནི་ནམ་མཁའ་འདྲ། དེས་ནི། ་ཕྱོགས་བཅུའི་བདེ་གཤེགས་ཆོས་ཀྱི་རྒྱལ་མཚན་གསལ་མཛད་རྣམས་ལ་མཆོད།། གང་བློ་སྦྱིན་པ་རྣམས་ལ་འདི་ནི་སྒྱུ་མ་ལེན ་བ་སྟོང་པ་ཉིད།། གཡོ་བ་མེད་པའི་ཡིད་ཀྱིས་ནོར་རྣམས་དེ་དག་རིག་པ་མེད་པར་གཏོང་།། བྱང་ཆུབ་དོན་དུ་ངེས་ཀྱི་ལྟ་བར་ངེས་མིན་སྤྲོས་ལ་གནས་མ་ཡིན། ་གང་བློ་སེམས་ཅན་ཉེས་པ་མཐར་འབྱིན་དེ་ནི་སྦྱིན་བདག་སེར་སྣ་མེད།། དེ་ནི་རབ་ཏུ་ཞི་བས་ཞི་སྟེ་ངག་མེད་ཡིད་མེད་ལུས་གདུང་མེད།། གདུང་བ་མེད་པས་ཅིང་བ ་རྒྱ་ཆེན་བྲལ་ཏེ་ངེས་པ་དབང་པོ་ཞི།། བདག་མེད་ཐེག་པར་གནས་ནས་བྱང་ཆུབ་དམིགས་པ་མེད་ཅིང་དེ་མི་འདོར།། ཁྲིམས་གནས་བློ་ལྡན་ཁྲིམས་འཚལ་འཐར ་བྱེད་འདོད་པ་ཚུལ་ཁྲིམས་དྲི་མ་མེད།། ཆོས་རྣམས་སྐད་ཅིག་པར་ནི་རྟོགས་པ་ཤེས་བྱ་རྣམས་ལ་སྨྲས་པ་མེད།། ནམ་མཁའ་མཚུངས་པའི་ཡིད་ཀྱིས་འགྲོ ་བ་འདི་དག་སྒྱུ་མ་ཇི་བཞིན་མཐོང་།། གང་ཞིག་ལུས་ནི་དུམ་བུ་དུམ་བུར་བཅད་ཀྱང་ཡིད་ནི་ཁྲོ་མི་འགྱུར།། གང་ཞིག་བྱང་ཆུབ་བརྟུལ་ཞུགས་གནས་པའི་བློ ་ལྡན་མཁས་ཏེ་བཟོད་པ་སྨྲ།། གང་ཞིག་ཆོས་རྣམས་ཆུ་ཟླ་ཆུ་བུར་མཉམ་ཞིང་སྒྱུ་མ་སྨིག་རྒྱུ་འདྲ།། རྟོགས་ནས་མི་མིན་སྲོག་མ་ཡིན་ཞིང་ཤེས་བུ་ལྡན་པ ་མ་ཡིན་མཐོང་།། བྱང་ཆུབ་དང་ནི་སེམས་ཅན་ཚོགས་མི་དམིགས་ཀྱང་བྱང་ཆུབ་གཞན་དོན་བརྩོན། ཚུལ་འདིར་གང་ཞིག་སྐྲག་པ་མེད་པ་དེ་ནི་བརྩོན་འགྲུས ་མཐའ་མར་ཕྱིན།། གང་གི་སེམས་ནི་ཡུལ་ལ་ཆགས་པ་མེད་ཅིང་ཐེ་ཙོམ་ཡོད་མིན་ལ།། སེམས་ཅན་གཞན་གྱིས་སེམས་ཀྱི་སྤྱོད་པ་དུས་གསུམ་གྱུར་པའང ་ཤེས་པ་དང་།། གང་སེམས་སྤྱོད་པར་གྱུར་པ་གང་ཡིན་བདུད་ཀྱིས་མི་ཤེས་པ།། ཕ་རོལ་ཕྱིན་ཐོབ་བསམ་གཏན་དང་ནི་མངོན་པར་ཤེས་ལ་བློ་གྲོས་གནས། ་གང་ཞིག་སངས་རྒྱས་རྣམས་ཀྱི་གསུང་ཀུན་ཉན་ཅིང་དེ་བཞིན་འཛིན་བྱེད་པ།། བསྐལ་པ་དཔག་ཏུ་མེད་པར་སྨྲས་ཀྱང་སྤོབས་པ་རྒྱུན་ཅད་མི་འགྱུར་ཏེ།། སངས ་རྒྱས་ཆོས་སྟོགས་སེམས་ཅན་མི་ལྷུང་དེ་ནི་གང་དུའང་གནས་མེད་པ།། བཅོམ་ལྡན་འདས་ཐུབ་ཉིད་མཁྱེན་གཏེར་ཤེས་རབ་ལྡན་ཞིང་འཇིག་རྟེན་གསུམ་ན་དཔའ། ་གང་ཞིག་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་གཤེགས་ཀྱང་གཤེགས་མིན་མ་གཤེགས་མིན།། གང་ཞིག་སེམས་ཅན་སྤྱོད་པའི་མཐའ་ཕྱིན་མི་གནས་གཡོ་བ་མི་མངའ ་ཞིང་། ཡོན་ཏན་ཀུན་མཐར་གང་ཕྱིན་ཡོན་ཏན་རྣམས་ལ་རློམ་སེམས་མི་མངའ་བ། ཐུབ་པའི་དབང་པོ་ཤག་ཀྱི་སངས་རྒྱས་ཁྱུ་མཆོག་དེ་ལ་མགོ་བོས་འཇུག ་འོད་ཟེར་རྣམ་དག་ཉི་མས་སྲིན་བུ་མེ་ཁྱེར་འོད་རྣམས་ཟིལ་གྱིས་མནན།། མེ་ལྕེ་རྩེ་མཐོན་བསྐལ་མང་མཐའི་མེའི་ས་ལ་ཇི། ་སྙེད་པ་སྲེག། རི་མཆོག་རི་རབ་ཀྱིས་ནི་ས་ལ་ཡོད་པའི་རི་ཀུན་ཟིལ་གྱིས་གནན།། ཤཱཀྱ་ཁྱུ་མཆོག་སྤུ་འདིས་འཇིག་རྟེན་གསུམ་གྱི་འོད་གཞན་ཟིལ་དུ ་བརླག། ཞིང་བརྒྱ་དག་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་ཁྱུ་མཆོག་ཇི་སྙེད་པ།། དེ་དག་གཙོ་བོ་ཁྱོད་ཀྱི་མདོག་དང་གཟི་བརྗིད་ཀྱིས་ནི་པར་གྱུར།། ་དེ་དག་སྨོན་ལམ་ཇི་ལྟར་བཏབ་པ་དེ་ལྟར་ཀུན་གྱིས་མཐུན་པར་མཐོང་།། བདག་ཅག་གང་ནས་མ་འོངས་རང་གི་ཞིང་ཉིད་ནི་འདུག་པར་ཤེས།། ཇི་ལྟར ་གང་གིས་གང་རིག་དེ་ལྟར་ཁྱོད་ཀྱི་གསུང་ནི་ཤིན་ཏུ་འདུག། སྲིད་པ་གསུམ་ན་སྐད་རྣམས་ཇི་སྙེད་ཅི་མཆིས་དེ་དང་འཐུན་པར་འཇུག། རྡུལ་གྱི་རྡུལ་དང་མི་རྣམས ་ཀྱི་ནི་སེམས་ཀྱི་བསམ་པ་བགྲང་ནུས་སྲིད།། ཐུབ་པའི་གསུང་དབྱངས་ཚད་མེད་ནམ་མཁའ་འདྲ་འདི་བགྲང་བར་ནུས་མ་ལགས།། ནམ་མཁའི་མཐའ་དང་མཚམས ་ཀྱི་མཐའ་མ་བགྲང་བར་མི་ནུས་ཏེ།། འཁོར་བའི་སྔོན་གྱི་མཐའ་མ་ཉིད་ནི་རྣམ་པ་ཀུན་ཏུ་བགྲང་མི་ནུས།། ནམ་མཁའ་མཐའ་དང་འཁོར་བའི་མཐའ་ནི་མི་ཡིས་བགྲང ་བར་ནུས་ཀྱང་སྲིད།། སངས་རྒྱས་མཁྱེན་དང་ཏིང་འཛིན་ཚུལ་ཁྲིམས་ཡུལ་ནི་གང་དུའང་ཤེས་མི་ནུས།། གཞལ་ཡས་བསྐུར་བར་གང་གིས་བསྔགས་པ་བརྗོད་པར ་སླ་བ་མ་ལགས་པ།། ཁྱུ་མཆོག་དཔག་ཡས་ཆོས་ཀྱི་དབང་ཕྱུག་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ།། སྐྱེ་བོ་གང་དག་ཤེས་དང་མོ་སོ་པ་སངས་རྒྱས་ཆེ་བ་རྗེས་རྟོགས་པ།། ་དེ་དག་གིས་ནི་བློ་གྲོས་བསམ་ཡས་རྨད་དུ་ཀུན་ལྷག་འདྲེན་པ་མཐོང་།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས་ཚིགས་སུ་བཅད་པ་འདི་དག ་སྨྲས་ནས།། བར་སྣང་ལས་བབས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས ་ནས་ཞུ་བ་ལུང་བསྟན་པའི་སླད་དུ།། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀང ་སྩལ་ཏོ།། རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེ་ངས་ལུང་། ་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱ་ཞེས ་བགྱི་བ་མཆིས་ཏེ། ཏིང་ངེ་འཛིན་དེ་ལ་རབ་ཏུ་གནས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན ་པར་རྫོགས་པར་འཚང་རྒྱ་ཞེས་བདག་གིས་ཐོས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་ཇི་ལྟར ་འཐོབ་པ་དང་། ཅིའི་སླད་དུ་ཤིན་ཏུ་དཀར་བ་དྲི་མ་མེད་པ་ཞེས་བགྱི་ག་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ལེགས་པར་བཤད་དུ་གསོལ། གཏིང་ངེ་འཛིན ་དེ་ལ་འཇུག་པའི་སྒོར་འཇུག་པ་གང་ཐོས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཏིང་ངེ་འཛིན་འདི་འཐོབ་ཅིང་། མྱུར་དུ་བླ་ན་མེད་པ་ཡང་དག ་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོས ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ།། ། ་ཀྱེ་མ་དྲི་མ་འདི་བཟང་ཞིང་དཔྱོད་པ་འདི་ཚུལ་བཞིན་ཡིན་ཏེ། དེའི་ཕྱིར་རིགས་ཀྱི་བུ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་སེམས་དང ་ཆེན་པོ་རྣམས་ཀྱིས་ཤིན་ཏུ་དཀར་བའི་དྲི་མ་མེད་པའི་ཕྱག་རྒྱས་ཏིང་ངེ་འཛིན་འདི་ཇི་ལྟར་འཐོབ་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་བྱང་ཆུབ་མངོན་པར་རྫོགས ་པར་འཚང་རྒྱ་བར་འགྱུར་བ་ངས་བཤད་པར་བྱའོ།། བཅོམ་ལྡན་འདས་ལེག་སོ་ཞེས་གསོལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་བཅོམ ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་སྐད་ཅེས་བཀའ་སྩལ་ཏོ།། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི ་རྩ་བས་བརྟན་པ་ཡིན་ཏེ། དགེ་བའི་བསམ་པ་དང་ལྡན་པ་ངེས་པའི་ཕུང་པོ་ལ་རབ་ཏུ་གནས་པ། ཚོགས་བསགས་པ། དབང་པོ་རྣོ་བ། དགེ་བའི་བཤེས་གཉེན ་གྱིས་ཡོངས་སུ་ཟིན་པ། སངས་རྒྱས་ཀྱིས་བྱིན་གྱིས་རླབས་པ། རྒྱུའི་སྟོངས་ཆེན་ཡིན་ཏེ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད། སྟེ་སྒྲ ་དུ་བྱེད། བླ་མར་བྱེད། རིམ་འགྲོར་བྱེད། མཆོད་པར་བྱེད་དོ།། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་གཟུགས་ཕུན་སུམ་ཚོགས ་པ་མཐོང་ཞིང་གསུང་སྙན་པ་ཐོས་ཏེ། འཁོར་ཕུན་སུམ་ཚོགས་པ་ཡང་མཐོང་ཞིང་། ཆགས་པ་མེད་པའི་མཁྱེན་པ་ཡང་ཐོས་ལ། རྫུ་འཕྲུལ་གྱི་ཆོ་འཕྲུལ་ལམ ་ཀུན་བརྗོད་པའི་ཆོ་འཕྲུལ་འམ། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་སེམས་ཅན་འདུལ་བ་མཛད་པ་ཡང་མཐོང་ནས། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེས་ཏེ། ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བརྩོན་འགྲུས་བརྩམས་པ་ཏེ། དགེ་བའི་ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་ཞིང་། ཐམས ་ཅད་མཁྱེན་པའི་སེམས་བརྗེད་པ་མེད་པས། སེམས་ཡོངས་སུ་དག་པ་རྣལ་འབྱོར་དུ་བྱེད་དོ།། དེ་སེམས་ཡོངས་སུ་དག་པས་ཏིང་ངེ་འཛིན་ཡོངས་སུ་དག་པ་རབ་ཏུ་ཐོབ། ་པོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། རིགས་འཕགས་པའི་ནོར་བུ་རིན་པོ་ཆེ་ནོར་བུ་མཁན་མཁས་པའི་ལག་ཏུ་སོན་པ། ཇི་ཙམ་ན་ཡོངས་སུ་དག་པ་དང་། ཤིན ་ཏུ་དཀར་བ་དང་། མཐིང་བུ་དང་བྲལ་བ་དང་། སྐྱོན་མེད་པར་གྱུར་པ་དེ་སྲེད་དུ་ཡོངས་སུ་སྦྱངས་ན། སྐྱེས་བུ་མཁས་པ་ནོར་བུ་རིན་པོ་ཆེ་ལ་མཁས་པ་རྣམས་འདུ་བར་འགྱུརརོ།། ་བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རིགས་འཕགས་པས་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ། རིན་པོ་ཆེ་བསྐྱེད་ནས། བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ཇི་ཙམ་ན་མཐིང་བུ་དང་བྲལ་ཞིང་རློམ་སེམས་ཀྱི་མཐིང་བུ་དང་བྲལ་བར་འགྱུར་བ་དེ་སྲིད་དུ། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དགེ་བའི་རྩ་བ་ཡོངས་སུ་སྦྱངས་པ་བྱ་བ་དང་། ཐོས་པ་ལ་མཁས་པ་ཡོངས་སུ་སྦྱངས་པ་བྱ་བས་ཐམས་ཅད་མཁྱེན ་བའི་སེམས་བསྐྱེད་པ་རིན་པོ་ཡོངས་སུ་སྦྱངས་ན། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་འདྲི་ཞིང་། ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ ་འཛིན་འདི་ཡང་འཐོབ་པོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། རིགས་འཕགས་པའི་ནོར་བུ་རིན་པོ་ཆེ་དེ་ནི་རིན་པོ་ཆེའི་རིགས་དགུ་ལས་ཤིན་ཏུ་འདས་པར་འབྱུང ་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། གསེར་གྱི་རིགས་དང་། དངུལ་གྱི་རིགས་དང་། ཤེལ་གྱི་རིགས་དང་། བཻ་ཌཱུརྱའི་རིགས་དང་། རྡོའི་སྙིང་པོའི་རིགས་དང་།། ་སྡུག་གི་རིགས་དང་། མུ་ཏིག་དམར་པོའི་རིགས་དང་། ཀེ་ས་རའི་རིགས་དང་། དཔལ་གྱི་སྙིང་པོའི་རིགས་དང་། ནོར་བུ་རིན་པོ་ཆེའི་རིགས་དགུ་པོ་འདི་དག ་ལས་ཤིན་ཏུ་འདས་ནས། དྲི་མ་མེད་ཅིང་རྣམ་པར་དག་པའི་འོད་ཅེས་བྱ་བའི་ནོར་བུ་རིན་པོ་ཆེ་ཆེན་པོའི་རིགས་དེ་ལས་རིན་ཐང་མེད ་པའི་ནོར་བུ་རིན་པོ་ཆེར་གྱུར་ཏེ། དེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཡོངས་སུ་སྤྱད་པར་གྱུར་གྱི། དེ་མ་ཡིན་པའི་སེམས་ཅན་ངན་པ་གཞན་རྣམས་ཀྱི་མ་ཡིན ་ཏེ། ནོར་བུ་རིན་པོ་ཆེ་དེའི་འོད་གང་ཡིན་པ་དེས་ནི། དེ་མ་ཡིན་པའི་ནོར་བུ་རིན་པོ་ཆེ་གཞན་རྣམས་ཀྱི་འོད་མོག་མོག་པོར་བྱེད་དོ།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རིན་པོ་ཆེའི་རིགས་དགུ་ལས་ཤིན་ཏུ་འདས་པར་འབྱུང་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། སོ་སོའི་སྐྱེ་བོ་དགེ་བ་རིན་པོ ་ཆེའི་རིགས་དང་། དད་པའི་རྗེས་སུ་འབྲང་བའི་རིན་པོ་ཆེའི་རིགས་དང་། ཆོས་ཀྱི་རྗེས་སུ་འབྲང་བ་རིན་པོ་ཆེའི་རིགས་དང་། མཚན་མ་མེད་པ་ལ་གནས་པ་རིན་པོ་ཆེ། ་རིགས་དང་། རྒྱུན་དུ་ཞུགས་པའི་རིན་པོ་ཆེའི་རིགས་དང་། ལན་ཅིག་ཕྱིར་འོང་བའི་རིན་པོ་ཆེའི་རིགས་དང་། ཕྱིར་མི་འོང་བ་རིན་པོ་ཆེའི་རིགས་དང་། དགྲ ་བཅོམ་པ་རིན་པོ་ཆེའི་རིགས་དང་། རང་སངས་རྒྱས་རིན་པོ་ཆེའི་རིགས་དང་། རིན་པོ་ཆེའི་རིགས་དགུ་པོ་འདི་དག་ལས་ཤིན་ཏུ་འདས་ནས། བཅུ་པ་སངས ་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་ལྷག་པའི་བསམ་པ་སྙིང་རྗེ་ཆེན་པོའི་རིན་པོ་ཆེའི་རིགས་ལས་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་འབྱུང་སྟེ། ་དེ་ཡོངས་སུ་སྦྱངས་ན་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་ནོན་ཅིང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་རྣམས་ལ་ཡང་སྣང་བར ་བྱེད་དོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་གང་གི་ཚེ་སྤུངས་པ་བཟོད་ཅིང་གནོད་པ་བཟོད་ལ།། ཕུག་ནས་ཀྱང་ཉེས་པར ་མ་གྱུར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ནི་འདི་ལྟར་སེམས་ཅན་བསོད་ནམས་བྱས་པ་དགེ་བའི་རྩ་བ་བསྐྱེད་པ་རྣམས་ལ་ཕན་པར་བྱེད་པ་འགྱུར་རོ།། བློ ་གྲོས་རྒྱ་མཚོ་དེ་བཞིན་དུ། ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་ཡང་གི་ཚེ། སྦྱང་བ་བཟོད་ཅིང་གནོད་པ་བཟོད་ལ། བུག་ནས་ཀྱང ་ཉེས་པར་མ་གྱུར་ན། ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ། སྐྱོན་ཐམས་ཅད་དང་བྲལ་བ་དེ་འདི་ལྟར་སེམས་ཅན་ཐམས་ཅད་ལ་ངན ་པ་བྱེད་པར་འགྱུར་རོ།། བློ་གྲོས་རྒྱ་མཚོ་དེ་ལ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་སྦྱང་པོ་གང་ཞེ་ན། འདི་ལྟ་སྟེ། སྡོམ་པ་གསུམ་གྱིས ་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་དག་པ་དང་། བྱམས་པའི་རྗེས་སུ་འཇུག་པ་དང་། སེམས་ཅན་ཐམས་ཅད་ལ ་བྱམས་ཤིང་དང་བ་དང་། སྙིང་རྗེའི་རྗེས་སུ་འཇུག་པས་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་སྙམ་པ་ལ་བརྩོན་པ་དང་། དགའ་བའི་རྗེས་སུ་འཇུག ་པས། སེམས་ཅན་ཐམས་ཅད་ཆོས་ལ་སྦྱོར་བ་དང་། གཏང་སྙོམས་ཀྱི་རྗེས་སུ་འཇུག་པས། སེམས་ཅན་ཐམས་ལ་མི་འཚོ་ཞིང་། རྟག་ཏུ ་སེམས་དྲང་བ་དང་། གཡོ་དང་རྒྱུ་མེད་པས་ཕན་པའི་དངོས་པོའི་བསམ་པར་གྱུར་པ་དང་། དགེ་བའི་རྩ་བ་ཐམས་ཅད་བརྩེགས་པ་ལ་ལྷག་པའི་བསན ་པ་སྦྱོར་བ་དང་། ཅང་ཤེས་ཀྱི་སེམས་ཀྱིས་དྲན་པ་དང་། ཤེས་བཞིན་དང་ལྡན་པ་དང་། སེམས་ཤིན་ཏུ་དུལ་བས་སེམས་ལས་སུ་རུང་བ་དང་། དགང་སླངས ་སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པའི་ཆོ་ག་དང་ལྡན་པ། གསོ་སླ་བས་འཕགས་པའི་རིགས་ཆོག་ཤེས་པ་དང་། བླ་མ་དང་སྦྱིན་གནས་རྣམས་ལ་འདུད ་ཅིང་རབ་ཏུ་འདུད་པ་དང་། ང་རྒྱལ་མེད་པས་ཁེངས་པ་དང་། རྩོད་པ་རྣམ་པར་སྤོང་བ་དང་། སེམས་ངེས་པར་སེམས་པས་ང་རྒྱལ་ལས་ཀྱང་ང་རྒྱལ་རྣམ་པར ་སྤོང་བ་དང་། རྙོག་པ་མེད་པས་སེམས་གསལ་བ་དང་། བདག་ལ་མི་སྟོད་པས་བདག་ཤེས་པ་ལ་འཇུག་པ་དང་། གཞན་ལ་མི་སྨོད་པས་སེམས་ཅན་རྗེས་སུ་སྲུང ་པ་དང་། ངོན་གྱི་སེམས་ཀྱིས་ཆོས་ལ་གུས་པ་དང་། དེའི་དོན་སོ་སོར་མྱོང་བས་ཆོས་དོན་དུ་གཉེར་བ་དང་། དེ་ལ་གཞོལ་འབབ། བབ་པས་ཆོས་འདོད་པ་དང་། ་ཉོན་མོངས་པ་མེད་པ་ལ་གནས་པས་ཆོས་ལ་དགའ་བ་དང་ཆོས་མ་ཡིན་པ་རྣམ་པར་སྤོང་བས་ཆོས་ཡོངས་སུ་ཚོལ་བ་དང་། རྟག་ཏུ་ངོ་ཚ་ཤེས་པས་དཀོན་མཆོག་གསུཾ ་ལ་དད་པ་རྒྱུན་མི་འཆད་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པས། མི་དགེ་བ་ཐམས་ཅད་ལ་ཡིད་ལ་མི་བྱེད་པའི་བྱ་བ་ལ་འཇུག་པ་དང་དྲང་བས་སྤྱོད་ལམ ་སྦས་པ་དང་། ཁེངས་པ་མེད་པས་མཉན་པ་དང་། ཞི་གནས་ཡོངས་སུ་ཚོལ་བས་རྒོད་པ་དང་། བྲལ་བ་དང་། བློ་བརྟན་པས་སྙོམ་ལས་མེད་པ་དང་། རབ་ཏུ་མི ་གཡོ་བས་སེམས་རི་དང་མཚུངས་པ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། བྲལ་བས་སེམས་དང་མཚུངས་པ་དང་། བསམ་པ་དག་པས་སེམས་ཆུ་དང ་མཚུངས་པ་དང་། རློམ་སེམས་མེད་པས་མེ་དང་མཚུངས་པ་དང་། གནས་མེད་པས་སེམས་རླུང་དང་མཚུངས་པ་དང་། ཤིན་ཏུ་དྲི་མ་མེད་པས་སེམས་ནམ་མཁའ ་དང་མཚུངས་པ་དང་། སངས་རྒྱས་ཀྱི་ཚུལ་འཁྲུགས་པ་མེད་པའི་ཕྱིར་རབ་ཏུ་འབྱུང་བ་ལ་གཞོལ་བ་དང་། ལུས་དབེན་པའི་ཕྱིར་དགོན ་པ་ལ་དགའ་བ་དང་། སེམས་དབེན་པའི་ཕྱིར་ཆོས་ལ་སྦྱོར་བ་དང་། དེ་བྱེད་ཅིང་ཡང་དག་པར་སྒྲུབ་པའི་ཚིག་བདེན་པ་དང་། ཁ་འོག་ཏུ་ལུས་འཁྲུགས་པར་བྱེད་པའི ་ཕྱིར་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང་། ཉོན་མོངས་པས་མི་རྫི་བའི་ཕྱིར་སེམས་དཔའ་བ་དང་། ཤིན་ཏུ་མཉམ་པ་མེད་པའི་ཕྱིར་བརླབས་ཡང་དག་པར་འཛིན་པ་དང་། ་ཁ་ན་མ་ཐོ་བ་ཕྲ་རབ་ལ་ཡང་འཇིགས་པར་ལྟ་བའི་ཕྱིར་ཚུལ་ཁྲིམས་ལྷོད་པ་མེད་པ་དང་། སྐྱེ་བར་སྨོན་པ་མེད་པའི་ཕྱིར་ཚུལ་ཁྲིམས་སྐྱོན་མེད་པ་དང་། གཅིག་ཏུ་དཀར ་པོ་སྤྱོད་པའི་ཕྱིར་ཚུལ་ཁྲིམས་ཐུན་ཚགས་མ་ཡིན་པ་དང་། བྱང་ཆུབ་ཀྱི་ཡན་ལག་སྦྱང་བའི་ཕྱིར་དགེ་བའི་བཤེས་གཉེན་ལ་སྟེན་པ་དང་། མིག་ཡོངས་སུ་དག ་བའི་ཕྱིར་འོད་ཟེར་ཐོགས་པ་མེད་པ་དང་། རྣ་བ་ཡོངས་སུ་དག་པའི་ཕྱིར་སྒྲ་ལ་ཐོགས་པ་མེད་པ་དང་། སྣ་ཡོང་སུ་དག་པའི་ཕྱིར་དྲི་ལ་ཐོགས་པ་མེད་པ་དང་། ་ལྕེ་ཡོངས་སུ་དག་པའི་ཕྱིར། རོ་ལ་ཐོགས་པ་མེད་པ་དང་། ལུས་ཡོངས་སུ་དག་པའི་ཕྱིར། རེག་ལ་ཐོགས་པ་མེད་པ་དང་། ཡིད་ཡོངས་སུ་དག་པའི་ཕྱིར་ཆོས ་ལ་ཐོགས་པ་མེད་པའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་མི་སྡུག་པ་ཤིན་ཏུ་བསྒོམས་པའི་ཕྱིར། འདོད་ཆགས་ཀྱི་གདུང་བ་དང་བྲལ་བ་ཡིན།། ་བྱམས་པ་ཤིན་ཏུ་སྒོམས་པའི་ཕྱིར། ཞེ་སྡང་གི་གདུང་བ་དང་བྲལ་བ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་ལ་ཤིན་ཏུ་རྟགས་པའི་གཏི་མུག་གི་གདུང་བ་དང་བྲལ་བ ་ཡིན། དབང་པོ་རྣམས་ལ་ཤིན་ཏུ་བརྟགས་པའི་ཕྱིར། སྒྲིབ་པ་དང་བྲལ་བ་ཡིན། སྟོབས་ཡོངས་སུ་དག་པའི་ཕྱིར། སྒྲིབ་པ་ཡང་དག་པར་བསྩལ་བ་ཡིན།། ་འབྱུང་བར་བྱ་བའི་ཁམས་ཡོངས་སུ་དག་པའི་ཕྱིར། ཀུན་ནས་ལྡང་བ་བསྩལ་པ་ཡིན། ཡང་དག་པར་སྒྲུབ་པའི་ཕྱིར། འདོད་པ་དང་། ཞེ་སྡང་དང་། གཏི་མུག ་དང་འཇིག་པ་དང་། ང་རྒྱལ་དང་བྲལ་བ་ཡིན། ཆོས་ཀྱི་སྦྱིན་པ་ལ་སེར་སྣ་མེད་པའི་ཡིན། ཟང་ཟིང་གི་སྦྱིན་པ་ལ་ཀུན་འཛིན་པའི་སེམས་མེད་པ་ཡིན། ཐེག་པ་སྨན་པ་ལ ་འདོད་པའི་ཕྱིར། བྱང་ཆུབ་ཀྱི་བསམ་པ་ཡིན། དབང་པོ་སྦས་པའི་ཕྱིར། ནང་ཉེ་བར་ཞི་བ་ཡིན། སྐྱོན་ཤིན་ཏུ་མཐོང་བའི་ཕྱིར་ཕྱི་རོལ་ཉེ་བར་ཞི་བ་ཡིན། སྡིག་པ་ཐམས ་ཅད་མི་བྱེད་པའི་ཕྱིར། འཁོར་བས་སྐྲག་པ་ཡིན། དགེ་བའི་རྩ་བ་སྩོགས་པས་མི་ངོམས་པའི་ཕྱིར། ཡིད་ཡོངས་སུ་མི་སྐྱོ་བ་ཡིན། ཆུ་བོ་བཞི་ལས་བསྒྲལ་པའི་ཕྱིར་ཆོས ་ཀྱི་གྲུ་ཆེན་པོ་ཡང་དག་པར་སྦྱར་བ་ཡིན། ཕ་རོལ་དུ་འགྲོ་བའི་ཕྱིར་སྟེགས་དང་ཟམ་པ་ཤིན་ཏུ་བཅས་པ་ཡིན། ཐང་ལ་ཤིན་ཏུ་གནས་པའི ་ཕྱིར། འདམ་དང་འོངས་ལས་རྒལ་བ་ཡིན་ཏེ། བློ་གྲོས་རྒྱ་མཚོ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ། ཆོས་འདི་ལྟ་བུ་དེ་དག་གིས་དག་པ་དང་། ་ཡོངས་སུ་དག་པ་དང་སྦྱིན་པ་འཕགས་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པ་དེ་ནི་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་སྦྱོང་བའོ།། དེ་ནས་དེའི་ཚེ་བཅོམ། ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། ལུས་དང་ངག་རྣམས་དང་ནི་ཡིད་བསྡམས་ཤིང་།། རྣམ་པར་དག་པའི་ལས་ལམ་བཅུ་ལ་སློབ ་བྱམས་པས་སེམས་ཀུན་ལ་ཡང་དག་ལྟ།། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན།། སྙིང་རྗེ་ལྡན་པས་གཞན་གྱི་བྱ་བར་བརྩོན།། དགའ་དང་ལྡན་པས ་ཆོས་ཕ་རོལ་སྦྱོར།། བཏང་སྙོམས་ལྡན་པས་ཆོས་མཆོག་འཚེ་བ་མེད།། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན།། རྟག་ཏུ་དྲང་ཞིང་གཡོ་ནི་རྣམ་པར་སྤངས།། ་གཞན་ལ་ཕན་བྱེད་སྡིག་པ་རྣམ་པར་སྤངས།། ལྷག་བསམ་དགེ་བ་ཅི་ཡིན་རྗེས་སུ་འཇུག། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན།། ཤེས་རབ་རབ་འཇུག ་དྲན་དང་ཤེས་བཞིན་ཅན།། སེམས་རབ་དུལ་བས་སེམས་ནི་ལས་སུ་རུང་།། སྦྱང་བའི་ཡོན་ཏན་རྣམས་གཡོ་སླ་བ།། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན།། ་འཕགས་རིགས་ཆོག་ཤེས་པ་དང་ཚིག་མཉེས་དང་།། བླ་མ་རྣམས་ལ་བརྟག་ཏུ་འདུད་བྱེད་དང་།། རྩོད་བརྫུན་ང་རྒྱལ་སྤང་དང་སྟོབས་ལྡན་དང་།། བརྙས་པ་ལོག་པ ་ནམ་ཡང་བྱེད་མ་ཡིན་དང་།། སེམས་ནི་ངེས་སེམས་མངོན་པའི་ང་རྒྱལ་བྲལ།། སྒོག་པ་མེད་ཅིང་རྟག་ཏུ་དང་གསལ།། བདག་ཤེས་པ་ལ་རིམ་གྱིས་འཇུག་པར་བྱེད།། ་གཞན་ལ་མི་བསྐས་སེམས་ཅན་རྗེས་སུ་སྲུང་།། ཆོས་ལ་གུས་པར་དགའ་ཞིང་གུས་དང་བཅས།། སྒྲིམས་ཏེ་ཉོན་མོངས་རྣམས་ནི་སྤོང་བར་བྱེད།། ཆོས་དོན་གཉེར ་ཞིང་ཆོས་ལ་རྟོན་པར་བྱེད།། རབ་ཏུ་ཆོས་དོན་གཞོལ་ཞིང་འབབ་པར་བྱེད།། ཆོས་ལ་བརྩོན་ཞིང་ཉོན་མོངས་མེད་པར་བསྒོམས།། ཆོས་མིན་སྤངས་ཤིང་ཆོས་རྣམས ་ཡོངས་སུ་ཚོལ།། དཀོན་མཆོག་གསུམ་ལ་དད་པ་མི་བྱེད་ལྡན།། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྤོང་ཡིན།། རྟག་ཏུ་མཛེས་དང་ལྡན་ཞིང་ཉེས་སྤྱོད་ལྟོག། ་དེ་བཞིན་གཤེགས་པའི་ཀུན་ལ་ངོ་ཚ་སྡོམ།། ཁྲེལ་ཡོད་ལྡན་ཞིང་འདིར་ནི་དབང་པོ་བསྡམས།། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན།། རབ་ཏུ་སྦྱོར་བས ་ལས་ཀྱི་བྱ་བར་འཇུག། བག་ཡོད་པས་ན་མཐའ་གཉིས་འཛིན་མི་བྱེད།། མཁས་པ་རྟེན་པའི་ཆོས་རྣམས་རྗེས་རྟོགས་པ། འདི ་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན།། སྤྱོད་ལམ་གྱིས་ནི་དྲང་བའི་དངོས་དང་ལྡན།། ཁེངས་པ་མེད་པས་རྟག་ཏུ་མཉན་པ་ཡིན།། ཞི་གནས་མཆོག་དང ་ལྡན་པས་རྒོད་པ་མེད།། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན།། བློ་ནི་རབ་ཏུ་བརྟན་པས་ཉམས་པ་མེད།། ལྷག་མཐོང་ལ་ནི་རི་རྒྱལ་ཇི་བཞིན་ཏེ། ་དམ་བཅས་བརྟན་ཞིང་བར་སྐབས་ཉམས་པ་མེད།། འདི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན།། སྡུག་བསྔལ་བདེ་བས་མི་གཡོ་གཡོས་དང་མཚུངས།། བསམ ་པ་དག་པས་ཆུ་ལྟར་དྲི་མ་འཁྲུ།། རྟག་ཏུ་རློམ་སེམས་མེད་པས་མེ་དང་མཚུངས།། གནས་མེད་རྒྱུ་བས་རྟག་ཏུ་རླུང་དང་འདྲ།། རྟག་ཏུ་དྲི་མ་མེད་པར་མཁའ་མཉམ ་སེམས།། རབ་ཏུ་འབྱུང་བས་སངས་རྒྱས་བསྟན་པ་རྙེད།། ལུས་ནི་དབེན་ཞིང་ཞི་བས་དགོན་པ་དགའ།། སེམས་དབེན་པས་ནི་ཆོས་ཀྱི་མཆོག་ལ་སྤྱོད།། དགེ ་བ་དབེན་པ་སྒྲ་དང་ཡང་དག་སྨྲ།། ཇི་སྐད་སྨྲས་པ་དེ་བཞིན་དེ་བཞིན་བྱེད།། ཉོན་མོངས་མི་རྫི་དགེ་ལ་དཔའ་བོ་མཆོག། ཤིན་ཏུ་བསླབས་པས་བསླབ་པ ་ཡང་དག་འཛིན།། དེ་ལ་ལྷོད་པ་ནམ་ཡང་ཡོད་པ་ཡིན།། ཁ་ན་མ་ཐོ་ཆུང་ལ་འང་རྟག་ཏུ་འཇིགས།། བྱང་ཆུབ་མཆོག་རྒྱུའི་ཚུལ་ཁྲིམས་ཉམས་པ་མེད།། ཡོན ་ཏན་དཀར་སྤྱོད་ཚུལ་ཁྲིམས་འདྲིས་པ་མེད།། དགེ་བའི་བཤེས་གཉེན་སྟེན་ཅིང་སྡིག་པ་མེད།། རྫོགས་པའི་བྱང་ཆུབ་སེམས་སྩོགས་བྱ་ཕྱིར་བརྟན།། དེ་ལྟར་དེའི ་མིག་ནི་དྲི་མེད་ཀྱིས།། འཇིག་རྟེན་ཀུན་ལ་འོད་ཟེར་མཉམ་པ་ལྟར།། མཁས་པ་དེ་ནི་སྣ་ཚོགས་སྒྲ་ཐོས་ནས།། དགའ་མེད་རངས་པ་མེད་ཅིང་ཞུམ་པ་མེད།། བློ་ལྡན ་དེ་ནི་སྒྲའི་དོན་རྟོགས་ཤེས། དེའི་རྣ་བ་དེ་ལྟར་རྣམ་དག་ཉིད།། སྣ་ཡི་དྲི་དང་ལྕེའི་རོ་རྣམས་དང་།། ལུས་ཀྱིས་རེག་དང་ཡིད་ཀྱིས་ཆོས་རྣམས་ལ།། རིགས་ནས ་མཁེངས་མ་དུད་ཞུམ་པ་མེད།། དེ་ལྟར་དེའི་དབང་པོ་དག་པ་ཉིད།། ཆགས་པས་མི་ཆགས་ལྡང་བས་ལྡང་བ་མེད།། གཏི་མུག་མ་རྨོངས་མི་སྡུག་གནས་པ ་ཅན། བྱམས་ལ་དགའ་ཞིང་རྐྱེན་གྱི་ཆོས་སེམས་པ།། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྐྱོང་ཡིན།། སྒྲིབ་པ་ལྔ་པོ་དག་གིས་བསྒྲིངས་པ་མེད།། དེ་ལྟར ་དེས་ནི་དབང་པོ་ལྔ་ཡང་བསྒོམས། གང་དུའང་སྒྲིབ་མེད་བརྩིས་པ་འང་མེད།། སྟོངས་རྣམས་ལྔ་པོ་དག་ལ་རབ་ཏུ་གནས།། ཀུནས་ལྡང་བ་ཤེས་ཤིང་བྱུང་བཅིད། ་ཚུལ་བཞིན་མ་ཡིན་སྤངས་ཤིང་ཚུལ་བཞིན་གནས།། དྲན་པ་ཉེ་བར་གཞགས་པ་བཞི་ལ་སྟེན།། ཡང་དག་སྤོང་དང་རྫུ་འཕྲུལ ་རྐང་པར་ལྡན།། བྱང་ཆུབ་ཡན་ལག་སྟེན་དང་རྟག་ཏུ་ལྡན།། བརྟན་པ་དེ་ནི་ཡན་ལག་བརྒྱད་ལམ་མཆོག། དེ་ནི་འདོད་དང་ང་འཇིགས་མི་འགྲོ་ཡི།། གཏི ་མུག་བྲལ་ཞིང་དབང་པོ་ཤིན་ཏུ་བསྡམས།། ཆོས་ཀྱི་སྦྱིན་ལ་དེ་ནི་སེར་སྣ་མེད།། སློབ་དཔོན་ནམ་ཡང་ཆོས་འཆབ་མི་བྱེད་དེ།། ཟང་ཟིང་མེད་པར་ཆོས་ནི་སྟོན་པར ་བྱེད།། དེས་ན་དེའི་བྱང་ཆུབ་སེམས་དག་འགྱུར།། དོན་ཟང་ཟིང་རྣམས་ལ་ཀུན་འཛིན་མེད།། རྣམ་སྨིན་རེ་མེད་འདོད་དགུ་གཏོང་བར་བྱེད།། སྦྱིན་དང་སྙན་དང ་དོན་བྱེད་དོན་མཐུན་པས།། དེ་ནི་སེམས་ཅན་བརྒྱ་དག་རབ་ཏུ་སྡུད།། དེའི་བྱང་ཆུབ་སེམས་ནི་བརྗེད་མི་འགྱུར།། ཐེག་པ་དམན་ལ་ནམ་ཡང་རེ་བ་མེད། ་ཇི་ལྟ་ཇི་ལྟར་སངས་རྒྱས་ཡོན་ཏན་མཐོང་།། དེ་ལྟ་དེ་ལྟར་དེ་བསམ་རི་རབ་འདྲ།། ནང་ནི་རབ་ཞི་སྲེད་པའི་ཉེས་པ་ཐོས།། དེ་ནི་གཞན་གྱི་འཁྲུལ་པ་ལྟ་མི་བྱེད།། ་འདུས་བྱས་ཉེས་པ་དག་ཀྱང་ཤིན་ཏུ་མཐོང་།། འཁོར་བས་འཇིག་པར་སྡིག་པས་རྣམས་མི་བྱེད།། ལེགས་སྤྱོད་ཁུར་ཁྱེར་བས་ནི་སྐྱོ་བ་མེད།། ཞིང་རྣམས་སྦྱོང ་བར་འདོད་ལ་ཉམས་པ་མེད།། ཆོས་རྣམས་ཡོངས་སུ་གཟུང་བས་ཞུམ་པ་མེད།། སེམས་ཅན་ཐར་བྱེད་རྒྱུ་ལ་འཇིག་པ་མེད། ཆུ་བོ་བཞི་པོ་དག་ལས་བསྒྲལ་བའི ་ཕྱིར།། དེ་ནི་ཆོས་གྲུ་ཡང་དག་སྦྱོར་བར་བྱེད།། ལུས་ངན་མྱ་ངན་འདས་ལམ་གཟུད་པའི་ཕྱིར།། དེ་ནི་སྟེགས་དང་ཟམ་པ་འཆང་བར་བྱེད།། འདམ་ལས་རྒལ ་ཅིང་འོབས་ལས་རྒལ་ནཱ་ནི།། ཐང་ལ་གནས་ཤིང་དེ་དག་འཇིགས་མེད་གནས།། འཇིགས་པས་གཡེན་སྤྱོད་རྣམས་ལ་འཇིགས་མེད་སྟོན།། བདག་ཉིད། ་རྒལ་ནས་དེ་དག་གཞན་ཡང་སྒྲོལ།། གང་དག་ཆོས་ཚུལ་འདི་དག་རྣམ་དག་ཅིང་།། རྫོགས་པའི་བྱང་ཆུབ་སེམས་བརྟན་ཁ་ལོ་སྒྱུར།། དེ་དག་བྱང་ཆུབ ་སེམས་མཆོག་རྣམ་དག་སྟེ།། ཉོན་མོངས་དྲི་མས་གཞན་ཡང་གོས་མི་འགྱུར།། ཇི་སྟེ་ནམ་མཁའ་ཉོན་མོངས་བྱ་བར་ནུས།། དེ་ལ་རྗེས་ཀྱང་བསྟན་པར ་ནུས་སྲིད་ཀྱི།། རང་བཞིན་འོད་གསལ་རྫོགས་པའི་བྱང་ཆུབ་སེམས།། དེ་ནི་ནམ་ཡང་ཉོན་མོངས་བྱར་མི་ནུས།། ཐམས་ཅད་མཁྱེན་པའི་སེམས་རིན ་པོ་ཆེ་ཡོངསུ་སྦྱང་པའི་ལེའུ་སྟེ་དང་པོའོ།། ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ། བམ་པོ་གཉིས་པ། ་བློ་གྲོས་རྒྱ་མཚོ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེའི་བཟོད་པ་ནི་ཇི་ལྟ་བུ། ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ ་རིན་པོ་ཆེ་དེའི་གནོད་པ་ནི་གང་ཞེ་ན། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་ལྟར་བསྐྱེད ་ནསའཕགས་པ་མ་ཡིན་པའི་ཚུལ་ཁྲིམས་འཆལ་པའི་སེམས་ཅན་རྣམས་སམ། བདུད་རྣམས་སམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་སམ། བདུད་ཀྱིས་བྱིན་གྱིས་བརླན ་བ་རྣམས་སམ། བདུད་ཀྱི་ཕོ་ཉ་རྣམས་ཀྱིས་བཙེས་སམ། རྣམ་པར་གཅེས་སམ། བསྐྱོད་དམ། ཀུན་ཏུ་བསྐྱོད་དམ། དཀྲུགས་སམ། ཀུན་ཏུ་དཀྲུགས་སམ། བསྡིམ ་སམཿབདེགས་ཀྱང་། བྱང་ཆུབ་ཏུ་བསམ་པའི་སེམས་བསྐྱེད་པ་དེ་ལས་མི་ཕྱེད་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བའི་སྙིང་རྗེ་ཆེན་པོ་པོས་བརྩོན་འགྲུས ་རྩམས་པ་ལས་མི་བྱེད་པ་དང་། དཀོན་མཆོག་གསུམ་གྱི་རིགས་མི་འཆད་བར་བྱ་བར་བརྩོན་པ་ལས་མི་ཕྱེད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར ་བསྒྲུབ་པའི་དགེ་བའི་རྩ་བ་ལ་སྦྱོར་བས་མི་བྱེད་པ་དང་། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་གྲུབ་པར་འགྱུར་བའི་བསོད་ནམས་ཀྱི་ཚོགས་རྫོགས་པ་ལས་མི་བྱེད ་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་མངོན་པར་བསྒྲུབ་པར་བརྩོན་པ་ལས་མི་ཕྱེད་པ་དང་། ལུས་དང་སྲོག་འདོར་ཞིང་དམ་པའི་ཆོས་ཡོངས་སུ་འཛིན་པར ་མངོན་པར་བརྩོན་པར་པ་ལས་མི་ཕྱེད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་མངོན་པར་བརྩོན་ཞིང་། བདག་བདེ་བ་ལ་མི་ཆགས་པ་ལས་མི ་བྱེད་པ་སྟེ། དེ་དེ་ལྟར་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པར་གྱུར་པས། སེམས་ཅན་ཐམས་ཅད་ཀྱིས་དཔྱས་ཀྱང་བཟོད། ཐིང་སླད་བྱས་པ་དང་། སྨོན་པ་དང་། ་བཤུང་བ་བྱས་ཀྱང་བཟོད། སེམས་ཅན་ཐམས་ཅད་ཀྱི་སྤྱོད་སམ། ངན་དུ་བརྗོད་དམ། ངན་དུ་སྨྲས་པའི་ཚིག་གི་ལམ་ཡང་བཟོད། དེ་སེམས་ཅན་ཐམས་ཅད་ཀྱི་གནོད་པ ་ཡང་བཟོད། སེམས་ཅན་ཐམས་ཅད་ཀྱི་ཁུར་ཡང་བཟོད། སྒྲོལ་བས་ཀྱང་སྐྱོ་བ་མེད་ཞུམ་པ་མེད། ཀུན་ཏུ་ཞུམ་པ་མེད། སྒྱིད་ལུག་པ་མེད། ཡིད་འཆང་བ་མེད་ཀྱི ་སྟོབས་ཉེ་བར་སྟོན་པར་བྱེད། མཐུ་སྐྱེད་པར་བྱེད་ཅིང་བརྩོན་འགྲུས་རྩོམ་ལ། རྟུལ་བས་རྟུལ་བར་བྱེད་དེ། སྤྲོ་བ་སྐྱེད་ཅིང་རྨོངས་པའི་སེམས་མི་འཛིན་ཏོ།། དེ་སྤྱོད། ་ཀྱང་སླར་མི་གཤེ། བརྡེགས་ཀྱང་སླར་མི་བརྡེག། ཁྲོས་ཀྱང་སླར་མི་ཁྲོ་འཇུག་ཀྱང་སླར་མི་འཁྲུག་སྟེ། དེ་ལྟར་སེམས་བགྲེང་བའི་གོ་མགྱོན་ཏོ།། འདི་ལྟ་སྟེ ་ཐེག་པ་ཆེན་པོ་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ཐེག་པའོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་ནི་རྒྱུན་གྱི་རྗེས་སུ་འགྲོ ་བ་དག་གོ།། བདག་ནི་རྒྱུན་ལས་ལྡོག་པར་རྩོལ་བར་འདོད་པའོ།། སེམས་ཅན་དེ་དག་ནི་ཕན་ཚུན་མི་འཐུན་པ་དག་གོ། བདག་ནི་སེམས་ཅན་ཐམས་ཅད་ཀྱི་མི་འཐུན ་པ་སྤང་བའི་བའི་ཕྱིར་གོ་ཅ་དགོས་པའོ།། སེམས་ཅན་དེ་དག་ནི་གནོད་སེམས་ལ་དཔའ་བ་དག་གོ། བདག་ནི་བཟོད་པ་དང་ངེས་པ་ཡོངས་སུ་ཚོལ་བའོ།། སེམས ་ཅན་དེ་དག་ནི་གཅིག་ལ་གཅིག་ཡོངས་སུ་འདྲིད་པར་གནས་པ་དག་གོ།། བདག་ནི་ཤེས་རབ་ཀྱིས་ངོམས་པ་ཡོངས་སུ་ཚོལ་བའོ།། གལ་ཏེ་སེམས་ཅན་དེ་དག་ཕྱོགས ་བཅུའི་རབ་ཏུ་དབྱེ་བས་རབ་ཏུ་དབྱེ་བ་ཇི་སྙེད་པ་དེ་དག་ཐམས་ཅད་རལ་གྲི་དང་། མདུང་ཐུང་དང་། འདའ་བོ་ཆེ་ལག་ན་ཐོགས་ཏེ། བདག་གི་ཕྱི་བཞིན་འབྲང་ཡང་ས ་ཕྱོགས་དུ་འགྲེང་ངམ། འདུག་གམ་འཆག་གམ། ཉལ་ཡང་རུང་སྟེ། བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར་བ་དང་། སྦྱིན་པའི་སེམས་སམ་ཚུལ་ཁྲིམས་ཀྱི་སེམས ་སམ་བཟོད་པའི་སེམས་སམ། བརྩོན་འགྲུས་ཀྱི་སེམས་སམ། བསམ་གཏན་གྱི་སེམས་སམ། ཤེས་རབ་ཀྱི་སེམས་སམ། ཐོས་པའི་དགེ་བའི་སེམས་སྐྱེ་བར ་འགྱུར་བའི་ས་ཕྱོགས་དེར་དེ་བདག་ལུས་རྒྱ་ཤུག་གི་ལོ་མའི་བརྒྱ་ཅ་ཙམ་དུ་གཏུབ་སམ། རྣམ་པར་གཏོར་ཏམ། རྣམ་པར་བཅོམ་འམ། སེམས་ཅན་དེ་དག་ཐམས ་ཅད་ལས་གཞན་མི་བྱེད་པར་རྒྱུན་དུ་གཤེ་འམ། བསྡིགས་སམ། སྨོད་དམ། སང་ཤུ་ངམ། ཚིག་ངན་པ་དང་། ངག་རྩུབ་པོས་སྨྲ་བ་དེ་ལྟར་གྱུར་ཀྱང་། བདག ་གིས་སེམས་ཅན་འགའ་ལ་ཡང་འཁྲུགས་པའི་སེམས་སྐྱེད་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་མཐའ་ནས་འཁོར་བ་ཚད་མེད་པས་བྱས་པ་སྟེ། གང་དུ ་བདག་གི་ལུས་འདི་སེམས་ཅན་དམྱལ་བར་སོང་ངམ། དུད་འགྲོའི་སྐྱེ་གནས་སུ་སོང་ངམ།། གཤིན་རྗེའི་འཇིག་རྟེན་དུ་སོང་ངམ། མིར་གྱུར་ཀྱང་རུང་སྟེ། འདོད ་པའི་ཟས་ཀྱི་དྲི་མ་ཅན་དུ་གྱུར་ནས། ཆོས་ཐོས་པ་དང་མི་ལྡན་ཞིང་ཡང་བའི་སྤྱོད་ཡུལ་དོན་མེད་པས་འཚོ་བ་ཅན་དུ་གྱུར་ཏེ། ཡན་ལགས་དང་ཉིང་ལག་བརྒྱར ་གཤེགས་ཤིང་། གཏུངས་ཏེ་ཕྱེ་ཞིང་ཕྲལ་ལ་བྱ་བ་མང་པོས་བྱས་ཀྱང་བདག་གིས་གཞི་དེ་ལས་བདག་གི་དོན་བྱས་ཀྱི། གཞན་གྱི་དོན་མ་བྱས་ཏེ། གཞན་གྱི ་དོན་མ་བྱས་ཀྱི། གལ་ཏེ་སེམས་ཅན་དེ་དག་ཐམས་ཅད་ཀྱིས་ཕྱི་མའི་མཐར་བདག་གི་ལུས་གཤེགས་གཏུངས། རྣམ་པར་གཏོར། རྣམ་པར་བཅོམ་པ་དེ་ལྟ་བུར ་གྱུར་ཀྱང་། བདག་གིས་ཐམས་ཅད་མཁྱེན་པ་ཡོངས་སུ་མི་གཏོང་ངོ་།། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ངོ་།། དགེ་བའི ་ཆོས་ལ་འདུན་པ་ཡོངས་སུ་མི་གཏོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། ལུས་གཏུབ་པའི་ལུས་ཀྱི་གནོད་པ་འདི་ཐམས་ཅད་ནི། སེམས་ཅན་དམྱལ་བ་པའི་སྡུག་བསྔལ་གྱི་བརྒྱ ་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ།། བདག་ནི་སེམས་ཅན་དམྱལ་བར་གནས་པར་མི་སྤྲོའོ།། བདག་གིས་སངས་རྒྱས་ཀྱི་ཆོས་གཏང་བར་མི ་བྱའོ།། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བ་ལ་དམིགས་པའི་སྙིང་རྗེ་ཆེན་པོ་མི་གཏོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས། ་ཏེ། དགེ་བ་ལ་བར་ཆད་མང་ངོ་།། མི་དགེ་བའི་ཕྱོགས་ལ་གྲོགས་བྱེད་པ་ནི་མང་ངོ་།། དགེ་བའི་ཕྱོགས་ལ་གྲོགས་བྱེད་པ་ཉུང་ངོ་ཞེས་གསུངས་པས། བདག་གིས ་མི་དགེ་བའི་ཕྱོགས་ཀྱི་གྲོགས་མི་བྱའི། དགེ་བའི་ཕྱོགས་ཀྱི་གྲོགས་བྱའོ།། སེམས་ཅན་ཐམས་ཅད་ལ་བཟོད་པ་བྱའོ།། གནོད་སེམས་སུ་མི་བྱའོ།། སེམས ་ཅན་དེ་དག་ལ་གང་ཡོད་པ་དེ་བྱིན་ཡང་། བདག་ལ་གང་ཡོད་པ་དེ་བདག་གིས་སྦྱིན་པར་བྱ་སྟེ། སེམས་ཅན་དེ་དག་ལ་གནོད་སེམས་དང་། ཁྲོ་བ་དང་། ཁོན་དུ ་འཛིན་པ་ཡོད་པ་དེ་དག། དེ་རྣམས་ཀྱིས་བྱིན་ཡང་བདག་ལ་བཟོད་པ་དང་། དེས་པ་གང་ཡོད་པ་དེ་བདག་གིས་སྦྱིན་པར་བྱའོ།། བདག་གིས་བཟོད་པའི་སྟོབས ་བསྟན་པར་བྱའི། གནོད་སེམས་ནི་མ་ཡིན་ནོ་སྙམ་མོ།། བློ་གྲོས་རྒྱ་མཚོ་ལུས་དང་སྲོག་འདོར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་དཀའ་བ་མ་ཡིན་ནོ།། གང་གི་གཞི་ལས་གནོད་སེམས་འབྱུང་བའི་ཆོས་དེ་བདག་གིས་སྤང་བར་བྱའོ་སྙམ་མོ།། ཆོས་དེ་གང ་ཞེ་ན་འདི་ལྟ་སྟེ། ལུས་ལ་དགའ་བ་དང་། ལུས་ལ་གནས་པ་དང་། ལུས་ལ་ཆགས་པ་སྟེ། ལུས་བཏང་ནས་གནོད་སེམས་ཀྱང་གཏོང་ངོ་།། བློ་གྲོས་རྒྱ་མཚོ ་དེ་ལྟར་བགྲང་བ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་གནོད་པ་བཟོད་དེ་མི་སྐྱེ་མི་ཁྲོའོ།། དེ་གནོད་པ་གསུམ ་བཟོད་དེ། གསུམ་གང་ཞེ་ན། ལུས་ཀྱི་གནོད་པ་དང་། ངག་གི་གནོད་པ་དང་། སེམས་ཀྱི་གནོད་པའོ།། བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའི་ལུས་ཀྱི་གནོད ་པ་གཟོད་པ་གང་ཞེ་ན། གང་ཡན་ལག་དང་ཉིང་ལག་རྣམ་བཅད་ཀྱང་ཆོས་ཉིད་ལ་རྟོན་ཏེ། གང་དེའི་ལུས་གཅོད་པའི་སེམས་ཅན་དེ་ཉིད་ལ་བལྟའོ།། བློ་གྲོས ་རྒྱ་མཚོ་དེ་ལ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་ལུས་གཅོད་པ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་སྒོམ་པ་ཡོངས་སུ་རྫོགས་པར ་འགྱུར་རོ།། བློ་གྲོས་རྒྱ་མཚོ་ཇི་ལྟ་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་ལུས་གཅོད་པ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངསུ་རྫོགས་པར་འགྱུར ་ཞེ་ན། གང་ལུས་འདོར་བ་དང་ལུས་ཡོངས་སུ་གཏོང་བ་དང་། ལུས་ལ་མི་ལྟ་བ་འདི་ནི། དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། གང་ལུས་ཡོངས་སུ་གཅོད་པ་ན། ་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པ་དང་། ཚོར་བ་རྣམས་ཀྱིས་མི་འཕྲོགས་པ་འདི་ནི། དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་ལུས ་ཡོངས་སུ་གཅོད་པ་ན། གང་དག་དེའི་ལུས་གཅོད་པ་དེ་དག་ཉིད་རབ་ཏུ་ཐར་པར་བྱ་བའི་ཕྱིར་བཟོད་ཅིང་སེམས་ཀྱིས་རྨ་མི་ཕྱིན་ཏེ། བཟོད་པའི་སྟོབས་ཉེ་བར་སྟོན་པ ་འདི་ནི། དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། བརྩོན་འགྲུས་གང་གིས་ཐམས་ཅད་མཁྱེན་པ་ཉིད་ལ་འདུན་པ་མི་འདོར་ཞིང་སེམས་ཀྱི་སྟོབས་བསྐྱེད་པ་ཡང་རབ་ཏུ ་འཛིན་ལ་འཁོར་བ་ཉིད་དུ་མཚམས་སྦྱོར་ཞིང་། དགེ་བའི་རྩ་བ་བརྩམ་པ་ཡང་རྩོམ་པ་འདི་ནི། དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་ལུས་རྣམ་པ་འདོད ་བ་ན་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་མི་བརྗེད་ཅིང་བྱང་ཆུབ་ཉིད་ལ་ལྟ་བ་དང་། ཞི་བ་དང་། རབ་ཏུ་ཞི་བ་ལ་སོ་སོར་རྟོག་པ་འདི་ནི། དེའི་བསམ ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། གང་ལུས་གཏོད་པ་ན། ལུས་ལ་རྩཝ་དང་རྩིག་པ་དང་། ཤིང་དང་རྡོ་དང་། མིག་ཡོར་ལྟ་བར་སོ་སོར་རྟོག་ཅིང་ལུས་ལ ་སྒྱུ་མའི་ཆོས་ཉིད་དུ་འཇུག་པ་དང་། ཡང་དག་པར་མི་རྟག་པ་ཉིད་དང་། ཡང་དག་པར་སྡུག་བསྔལ་བ་ཉིད་དང་། ཡང་དག་པར་ན་བདག་མེད་པ་ཉིད་དང་། ་ཡང་དག་པར་ནི་ཞི་བ་ཉིད་དུ་ལུས་ལ་རྟོག་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བློ་གྲོས་རྒྱ་མཚོ་དེ་ལྟར་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི ་ལུས་གཅོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམས་པ་ཡོངས་སུ་རྫོགས་པར་འགྱུར་ཞིང་ཐེག་པ་ཆེན་པོ་དེ་ལས་ཉམས་པར་མི་འགྱུར་ཏེ། འདི་ནི་བྱང་ཆུབ་སེཾས ་དཔའི་ལུས་ཀྱི་གནོད་པ་བཟོད་པའོ།། བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའི་ངག་གི་གནོད་པའི། བཟོད་པ་གང་ཞེ་ན། གང་ངན་དུ་བརྗོད་པའི་ཚིག ་ཐམས་ཅད་དང་དུ་ལེན་པ་དང་། གཤེ་བ་དང་། བསྡིགས་པ་དང་། སྨད་པ་དང་། བཤུང་བ་དང་། བསྡིགས་མོ་བྱེད་པ་ཐམས་ཅད་བཟོད་པ་དང་། ་ཡོད་པ་འམ་མེད་པས་གླེངས་ཀྱང་མི་འཁྲོ་བ་དང་། ཁོན་དུ་མི་འཛིན་པ་དང་། བག་ལ་ཉལ་བ་སྤོང་བའོ།། བློ་གྲོས་རྒྱ་མཚོ ་དེ་ལ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངན་དུ་བརྗོད་པ་དང་། ངན་དུ་སྨྲས་པའི་ཚིག་གི་ལམ་དང་། གཤེ་བ་སྡིག་པ་དག་ཕ་རོལ ་ལས་ཐོས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། བློ་གྲོས་རྒྱ་མཚོ་ཇི་ལྟར་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་ངན་དུ་བརྗོད་པ་དང་། ་ངན་དུ་སྨྲས་པའི་ཚིག་གི་ལམ་དང་། གཤེ་བ་དང་སྡིག་པ་དག་ཕ་རོལ་ལས་ཐོས་ན། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། བློ་གྲོས་རྒྱ ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངན་དུ་བརྗོད་པ་དང་། ངན་དུ་སྨྲས་པའི་ཚིག་གི་ལམ་དང་། བཤེ་བ་དང་བསྡིག་པ་དག་ཕ་རོལ་ལས་ཐོས ་ན། དྲན་པ་འདི་ལྟ་བུ་རབ་ཏུ་འཐོབ་སྟེ། སེམས་ཅན་འདི་ནི་སྔོན་ནས་སེར་སྣ་ཅན་དུ་གྱུར་པ་འབྱུང་བ་སྟེ། སེར་སྣའི་དྲི་མས་ཀུན་ཏུ་བསྐོར་བ་དེས། གང་དག་དེའི ་གནོད་སེམས་ཀྱི་དྲི་མ་སྤང་བའི་ཕྱིར་ཆོས་སྟོན་པའི་དགེ་བའི་གཤེས་གཉེན་རྣམས་ལ་མ་སྟེན། གུས་པར་མ་བྱས། བསྙེན་བཀུར་མ་བྱས་པའོ།། བདག་ནི་གཏོང་བ་ལ ་མོས་ཤིང་སེར་སྣ་མེད་པར་བྱ། དགེ་བའི་གཤེས་གཉེན་ལ་བརྟེན་པར་བྱ། བསྟེན་པར་བྱ། བསྙེན་བཀུར་བྱའོ་སྙམ་སྟེ། དེ་དག་སྲུང་ཞིང་གནོད་སེམས་ཀྱང་སྤོང ་བ་འདི་ནི་དེའི་སྦྱིན་པའི་བའི་ཕ་རོལ་ཏུ་ཕྱིན་པའོ།། གཞན་ཡང་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་ཚུལ་ཁྲིམས་འཆལ་པ་ལས་མ་མཐོང་བ་སྟེ། དེ་ནི་བདག ་ལ་གཤེ་ཞིང་སྔགས་པའོ།། བདག་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླངས་པ་ལས་མི་ཉམས་པར་བྱའོ།། གནོད་སེམས་མེད་པར་བྱའོ།། བྱང་ཆུབ ་ཀྱི་སེམས་ཡོངས་སུ་བསྲུང་བར་བྱའོ།། ལས་ཀྱི་རྣམ་པར་སྨིན་པ་ལ་བརྟན་པར་བྱའོ།། སྙམ་པ་འདི་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གཞན་ཡང་དེ་འདི་སྙམ ་དུ་སེམས་སྟེ། སེམས་ཅན་འདི་ནི་ཞེ་སྡང་གི་ཤས་ཆེ་ཞིང་གནོད་སེམས་མང་བ་སྟེ། དེ་ནི་བདག་ལ་གཤྭེ་བ་སྡིགས་པའོ།། བདག་ནི་བཟོད་པའི་སྟོབས་མང་དུ་བྱ ་སྟེ་བྱམས་པ་ལ་གནས་པར་བྱའོ་སྙམ་པ་འདི་ནི། དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་ལེ་ལོ་ཅན།། ་དགེ་བའི་ཆོས་དང་བྲལ་བ་སྟེ། དེ་ནི་བདག་ལ་གཤེ་ཞིང་སྡིགས་པའོ།། བདག་ནི་བརྩོན་འགྲུས་བརྩམ་པར་བྱ་དགེ་བའི་རྩ་བ་ཡོངས་སུ་བཙལ་བར་བརྩོན་པ་ལ ་མི་ངོམས་པར་བྱ་སྟེ། སེམས་ཅན་འདི་བྱང་ཆུབ་ཀྱི་སྙིང་པོར་སྔ་རྗེ་འཇུག་པར་བྱས་ལ། ཕྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ།། སྙམ་དུ་དེ་ལྟར་གོ་ཆ་གྱོན་པ་འདི་ནི། དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གཞན་ཡང་དེ་འདི ་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་བརྗེད་ངེས་པ། ཤེས་བཞིན་མེད་པ། ཉོན་མོངས་པ་ངེས་པར་མ་བསམས་པ་སྟེ། དེ་ནི་བདག་ལ་གཤེ་ཞིང་སྡིགས་པའོ།། ་བདག་ནི་ཉོན་མོངས་པ་ངེས་པར་བསམ་པར་བྱ། དྲན་པ་དང་ཤེས་བཞིན་ཅན་དུ་བྱ། རྩེ་གཅིག་ཏུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་བྱ་སྟེ། སེམས་ཅན་མ་དུལ་བ། ་མ་ཞི་བ་མ་སྦས་པ་ཉེ་བར་མ་ཞི་བ། འདི་ལྟ་བུ་དག་གི་མངོན་དུ་བདག་གིས་གོ་ཆ་ཆེན་པོ་བགོས་སྟེ། འདི་ལྟར་སེམས་ངེས་པར་སེམས་སུ་གཞུག་གོ་སྙམ་པ་འདི་ནི་དེའི། ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། གཞན་ཡང་དེ་འདི་སྙམ་དུ་སེམས་སྟེ། སེམས་ཅན་འདི་ནི་ཤེས་རབ་འཆལ་པ། བདག་ཏུ་སྨྲ་བ། སེམས་ཅན་དུ་ལྟ་བར ་དམིགས་པའི་སྤྱོད་ཡུལ་བ་སྟེ། འདི་ནི་བདག་ལ་གཤེ་ཞིང་སྡིགས་པའོ།། བདག་གི་ཆོས་ཉིད་ལ་རྟེན་པར་བྱའོ་སྙམ་སྟེ། འདི་ལ་གཤེ་བ་དང་། རྫོབ་སུ་ཡིན་ལ། ་དེས་ཡོངས་སུ་ཚོལ་བ་ན། གང་གཤེ་བ་དང་། ཁྲོ་བའི་ཆོས་དེ་མི་དམིགས་ཤིང་བདག་དང་། གཞན་མི་དམིགས་པས་དམིགས་པར་ལྟ་བ་དང་། བྲལ་བར་བཟོད་པ ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བློ་གྲོས་རྒྱ་མཚོ་དེ་ལྟར་ན། ཐབས་མཁས་པའི་བྱང་ཆུབ་སེམས་དཔའི་དོན་དུ་བརྗོད་པ་དང་། ངན་དུ་སྨྲ་བའི་ལམ་གྱི་ལམ་དང་། ་གཤེ་བ་དང་། སྡིགས་པ་དག་ཕ་རོལ་ལས་ཐོས་ན། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞིང་། ཐེག་པ་ཆེན་པོ་དེ་ལས་ཀྱང་མི་ཉམས ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ངག་གི་གནོད་པ་བཟོད་པའོ།། བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་པའི་སེམས་ཀྱིས་གནོད་པ་བཟོད་པ་གང་ཞེ་ན། གང་བདུད ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སེམས་དེ་ལས་ཕྲལ་ཡང་མི་གཡོ་བ་དང་བས་ཀྱི་རྒོལ་བ་དམིགས་པར་ལྟ་བ་ལ་མངོན་པར་ཞེན་པ་ཐམས་ཅད་ཀྱིས་ཡང་དག་པར་བསམ ་བར་ཞུགས་པ་ཐམས་ཅད་མཁྱེན་པའི་སེམས་དེ་ལས་མོས་པ་བཟློག་ཀྱང་མི་བརྗེད་པ་དང་། སངས་རྒྱས་ཀྱི་གཟུགས་སུ་འདུག་ཀྱང་མི་མཉམ་པ་དང་། མཉམ་པའི ་སེམས་དེ་ལས་ཉམས་པར་བྱེད་མི་ནུས་ཏེ། བདུད་རྫུ་འཕྲུལ་རབ་ཏུ་ཆེན་པོ་དག་གིས། ཁྱོད་ཀྱིས་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ་པར་མི་ནུས་ཀྱིས། ཁྱོད་ཀྱིས་ཆེས ་#།། བར་བྱ་བ་འདི་ཐོང་ཤིས་ན་ཀྱི་སོན་འགྲུས་འདི་འོར་ཅིག། བྱང་ཆུབ་ནི་རྙེད་པར་དཀའ་བ་སངས་རྒྱས་ཀྱི་ཆོས་རྣམས་ནི་རྙེད་པར་དཀའ་བ་སྟེ། འདིར་འཁོར་བའི་སྡུག ་བསྔལ་མང་དུ་མྱོང་བར་འགྱུར་རོ།། གང་དག་མྱ་ངན་ལས་འདས་པ་དེ་དག་ནི་བདེ་བ་ཡིན་གྱིས། སྐྱེས་བུ་དམ་པ་ཁྱོད་མྱུར་དུ་མྱ་ངན་ལས་འདས་པར་གྱིས་ཤིག་ཅེས་དེ ་ལས་སེམས་སྐུལ་ཞིང་། སེམས་དྲན་པར་བྱེད་ལ། བློ་གྲོས་རྒྱ་མཚོ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དེ་ལྟར་བྲལ་བར་བྱེད། དེ་ལྟར་མོས་པར ་བཟློག་པ་བྱེད་ཀྱང་། སྔོན་གྱི་ཆོ་ག་མི་འདོར་ཞིང་། བསམ་པ་རྣམ་པར་དག་འཁྲུགས་པར་མི་བྱེད་ཀྱི། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ངེས་པར་བྱང་ཆུབ་ཀྱི་སྙིང ་པོ་ལ་གནས་པར་བྱ། བདག་གིས་ངེས་པར་བདུད་དཔུང་དང་བཅས་པར་ཕམ་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང ་རྒྱ་བར་བྱ། བདག་གིས་ངེས་པར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བྱ། བདག་གིས་ངེས་པར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ཆོས་ཀྱི་གཏམ་ཆེན་པོ ་བརྗོད་པར་བྱ། བདག་གི་སེམས་ཅན་ཐམས་ཅད་མགྲོན་དུ་གཉེར་ལ། ཆོ་ཅས་ཀྱི་སྦྱིན་པས་ཚིམས་པར་བྱའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ་བདག་དང་གཞན་གི་སེམས་རིག་པའི་ལྷ་རྣམས་ཀྱིས་བྱང་ཆུབ་ཏུ་བསམ་པ་རིགས། བདག་གིས་ཐམས་ཅད་མཁྱེན་པའི་སེམས་ཀྱི་གནོད་པ་བཟོད་པར་བྱའོ།། སངས་རྒྱས ་རྣམས་དང་། ལྷ་རྣམས་དང་། སེམས་ཅན་ཐམས་ཅད་དང་། བདག་ལ་སླུ་བར་མི་བྱའོ།། སྙམ་པ་འདི་ལྟ་བུ་ནི། བློ་གྲོ་རྒྱ་མཚོ་བྱང་ཆུབ་སེམས་དཔའི་སེམས་ཀྱི ་གནོད་པ་བཟོད་ཅིང་ཐེག་པ་ཆེན་པོ་དེ་ལས་མི་བྱེད་པ་སྟེ། བློ་གྲོས་རྒྱ་མཚོ་འདི་ནི་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེའི་གནོད་པ་བཟོད་པའོ།། བཟོད་པའི ་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་གང་ཡིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གོང་པ་མེད་པ་མེད་པ་གང་ཡིན་པ། ཕ་རོལ་ཏུ་ཕྱིན་པ་འདི་གཉིས་ཡོངས་སུ་རྫོགས་པར ་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའི་སེམས་ཀྱི་གནོད་པའི་བཟོད་པའོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཚིག་སུ་བཅད་པ་འདི་དག་གསུངས་སོ།། བྱང་ཆུབ ་ལམ་ལས་བསམ་པ་མི་བྱེད་ཅིང་།། དེ་ནི་སྙིང་རྗེ་ལས་ཀྱང་ཕྱེད་མ་ཡིན།། བདག་གིས་དཀོན་མཆོག་གསུམ་པོ་བསྲུང་བར་བྱ།། སངས་རྒྱས་ཆོས་རྣམས་ཡང་དག ་བསྒྲུབ་པར་བྱ།། སུམ་ཅུ་རྩ་གཉིས་ཁྱེད་འབགས་མཚན་དང་དཔེ་བྱད་བཟང་།། གང་དག་གིས་ནི་སྟོབས་བཅུ་རྣམས་ཀྱིས་ལུས་མཛེས་པ།། ལ་ཕྱིར་མཆོད་སྦྱིན་བྱ ་བ་བྱེད། གནོད་པ་ཤིན་ཏུ་རྣམ་མང་བཟོད་ཅིང་ཡོན་ཏན་བྱུག། བརྒྱ་ཕྲག་མཐའ་ཡས་ཞིང་རྣམས་དེ་དག་བདག་གིས་སྦྱངས།། རིན ་ཆེན་ཆོས་མཆོག་དེ་ནི་བདག་གིས་སྲུང་བར་བྱ།། བརྒྱ་ཕྲག་མཐའ་ཡས་སེམས་ཅན་དེ་དག་བདག་གིས་དགྲོལ།། དེས་ན་གནོད་པ་བཟོད་ཅིང་བསམ་པ་མི་བྱེད་དོ།། ་ཕྱོགས་བཅུའི་སེམས་ཅན་ཁམས་ནི་མཐའ་ཡས་ཇི་སྙེད་པ། ཐམས་ཅད་འདུས་པར་གྱུར་ནས་ལག་ན་མཚོན་ཐོགས་ཏེ།། དེ་དག་དེ་ལ་འཇིགས་སྦྱིན་གཤེ་ཞིང་སྡིགས་བྱེད ་ཀྱང་།། ཡོན་ཏན་ཕྱིར་ནི་བསྡིགས་ང་འཕྱ་བ་བཟོད་པར་བྱེད།། སྔོན་མཐའི་བསྐལ་པ་བརྒྱ་ཕྲག་མཐའ་ཡས་ཇི་སྙེད་པར།། དེ་དག་རྒྱུན་མི་འཆད་པར་ཚིག་རྩུབ་སྨྲས་ཀྱང ་ནི། བདག་ཉིད་ཆེན་པོ་དེ་བཟོད་མི་ཁྲོ་གཤེ་བ་མེད།། དེ་ལྟར་རྟོག་པ་རྣམས་གནོད་པ་དག་པར་འགྱུར། སེམས་ཅན་ལག་ན་མཚོན་ཐོགས་ལྷན་ཅིག་དུ།། བདག་ནི ་ལུས་ཀྱི་ཡན་ལག་དུམ་བུ་དུམ་བུར་གདུབས།། འོན་ཀྱང་བདག་གི་སེམས་ཡིད་ནམ་ཡང་ཁྲོ་བར་མི་བྱ་སྟེ།། བྱང་ཆུབ་ཡིད་ལ་བྱས་ན་གནོད་འདི་དག་པར ་འགྱུར།། འགྲེང་ངམ་འདུག་གམ་འཆག་གམ་འོན་ཏེ་ཉལ་ཡང་རུང་། གང་དུ་བྱང་ཆུབ་སེམས་མཆོག་འདི་དང་སྦྱིན་པ་དང་།། དུལ་བའི་སེམས་དང་གཞན་ཡང ་དཀར་སེམས་མི་འདོར་བ།། དེར་ནི་དེའི་ལུས་དུམ་བུ་དུམ་བུར་རྣམ་པར་འཐོར།། སེམས་དམྱལ་དུད་འགྲོའི་སྐྱེ་གནས་ཡི་དག་འཇིག་རྟེན་མིར།། བསྐལ་པ། ་བརྒྱ་ཕྲག་མཐའ་ཡས་དོན་མེད་ལུས་ཀྱི་གཏུབས།། སངས་རྒྱས་ཡེ་ཤེས་མངོན་པར་འདོད་པས་ལུས་འདོར་ཞེས།། སྐྱེས་བུ་དེ་ནི་ཡིད་ཀྱང་ཡང་དག་ཚིམ་པར ་བྱེད། མིའི་སྡུག་བསྔལ་རྒྱུ་ནི་རྣམ་པ་དུ་མ་དག། མཚམས་མེད་སྡུག་བསྔལ་བརྒྱར་ཡང་ཉེ་བར་མི་འགྲོ་བའི།། དམྱལ་བ་རྣམས་སུ་བསྐལ་པ་བརྒྱར་ནི་གནས ་བར་སྤྲོ།། རྒྱལ་བ་དང་ནི་ཆོས་དང་སེམས་ཅན་མི་གཏང་ངོ་།། བདག་ལུས་མི་རྟག་རིང་དུ་མི་ཐུབ་སྒྱུ་མ་འདྲ།། ཁམས་བཞི་དེ་དག་གདུག་པའི་སྦྲུལ་དང་འདྲ་བར ་གསུངས།། བདག་གི་ལུས་པོར་བྱས་ཏེ་དུག་མེད་འགྱུར་བར་བྱ།། ཉོན་མོངས་དུག་ཞི་ནས་ནི་རང་བྱུང་སངས་རྒྱས་འགྱུར།། སྲིད་གསུམ་འཇིག་རྟེན་འདི་ན་ལུས ་བདེ་འགྱུར་བའི་གཞི།། འདོད་པའི་ཟས་རྒྱུ་ཅུང་ཟད་ཇི་སྙེད་འཇིགས་པ་སྟེ།། བདག་གིས་ལུས་གཏང་འཇིགས་པ་མེད་པར་འགྱུར་བར་བྱ།། བགྲང་བ་འདི་ལ ་གནོད་པ་བཟོད།། ནག་པོའི་ཕྱོགས་ལ་གྲོགས་ནི་བརྒྱ་སྟོང་ཕྲག་ཀྱང་མང་།། དཀར་པོའི་ཕྱོགས་ནི་གང་ལ་ཡང་གྲོགས་གཅིག་པུར་འགྱུར།། བདག་ནི་མི་དགེ ་རྣམས་དང་རྩོད་པར་མི་བྱ་སྟེ།། སངས་རྒྱས་བཟོད་པ་གསུངས་པས་བཟོད་པ་བདག་གི་གྲོགས།། ཕྱོགས་བཅུའི་སངས་རྒྱས་དེ་དག ་འདིར་ནི་བདག་གི་དབང་།། ཇི་ལྟར་སངས་རྒྱས་སྐུ་ལ་སེམས་ནི་མི་ཕྱེད་དོ།། སངས་རྒྱ་དང་ནི་བདག་ཉིད་ཆེ་ལྷ་བདག་གི་གྲོགས།། གནོད་པ་བཟོད་པར་བྱ་བའི་སྡད ་བར་མི་བྱའོ།། གནོད་པ་ལུས་དང་ངག་ཡིད་རྣམ་པ་གསུམ་དུ་གསུངས།། གང་བཟོད་དཔའ་བོ་དེ་ནི་མི་བྱེད་བཟོད་པ་ཡིན།། ལུས་ཀྱི་སྡུག་བསྔལ་རྣམ་པ་མཐའ་ཡས ་ཡོད་པ་དག་གལ་ཏེ་ལུས་ལ་བཟོད་པའི་ལུས་གནོད་པར་དག་པར་འགྱུར།། ལུས་ནི་དུམ་བུ་དུམ་བུར་གཏུབས་སྟེ་རྣམ་འཐོར་ཚེ།། ཐབས་ལྡན་ཆེ་བའི་བདག ་ཉིད་ཕ་རོལ་ཕྱིན་རྫོགས་འགྱུར།། སྤྲིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་བསམ་གཏན་དང་།། ཤེས་རབ་ཁྱེད་འཕགས་དམ་པ་སྐད་ཅིག་ཙམ་གྱིས་འཛིན།། ་ལུས་དང་སེམས་ལ་སྲེག་པའི་ཉོན་མོངས་རྣམས་ཀྱང་འདོར།། སྦྱིན་དང་རབ་ཏུ་ལྡན་པར་འགྱུར།། བྱམས་པས་འཇིག་རྟེན་ཁྱབ་བྱེད་ཚུལ་ཁྲིམས་ཉམས་མི་འགྱུར།། ་བྱང་ཆུབ་རྗེས་སུ་འགྲོ་བས་ཚུལ་ཁྲིམས་དག་པར་འཛིན།། བཟོད་པའི་སྟོབས་སྐྱེད་ཡན་ལག་རྣམས་དང་ཉིང་ལག་གཅོད།། དེ་ཡང་དེའི་བཟོད་པའི་ཕ་རོལ ་ཏུ་ཕྱིམ་པ་སྦྱོར། བརྩོན་འགྲུས་གཅེས་པ་མ་ཞུམ་པར་སྐབས་སྒྱིད་ལུག་མེད།། ལུས་ནི་རྣམ་པར་འཐོར་ཞིང་བརྩོན་འགྲུས་ཕ་རོལ་འགྲོ།། བྱང་ཆུབ་སེམས་ཀྱི ་བསམ་པ་དྲན་པ་མི་འདོར་ཞིང་།། ཉོན་མོངས་མུན་པ་རྡུལ་རྣམས་གསལ་རླབ་ཏུ་བརྩོན།། ལུས་བཤིག་ནས་ནི་བསམ་གཏན་སྟོབས་དང་རྣམ་ཐར་འཐོབ།། འདི ་ཡང་རྡལ་བྲལ་བསམ་གཏན་ཕ་རོལ་ཕྱིན་ལ་སྦྱོར།། བདག་གིས་ལུས་ནི་བདག་མེད་རྨི་ལམ་གློག་དང་འདྲ།། འདི་ལ་བྱེད་པ་པོ་མེད་ཚོར་བ་པོ་ཡང་མེད།། ལུས།། ་ཀྱི་གཟིངས་པས་བཅིངས་པའི་སེམས་ཅན་བདག་གིས་དགྲོལ།། ཤེས་རབ་འདི་ནི་ཁྱད་འཕགས་ཕ་རོལ་ཕྱིན་པ་མཆོག། གང་ཞིག་འདི་ལ་སྦྱོར་ཞིང་ཚུལ་བཞིན་ཆོས། ་སེམས་ལ།། ལུས་ཀྱི་གནོད་པ་བཟོད་ཅིང་རབ་སྡང་མི་བྱེད་དེ།། མི་སྙན་པ་དང་བཤུང་བའི་ཚིག་ཐོས་ཀྱང་།། དེ་ནི་ཞེ་སྡང་མི་འགྱུར་བྱམས་ལྡན་སེམས་ཀྱང་དུལ། ་ཐ་བ་རབ་ཏུ་རབ་ཏུ་ཞེ་སྡང་པོར་འདི་སྦྱིན་པ་དག། བྱམས་པ་བའི་ཡིད་ལགྱུར་བ་འདི་ནི་ཚུལ་ཁྲིམས་དག། བཟོད་པའི་སྟོབས་བསྐྱེད་འདི་ནི་བཟོད་པ་དག་པ་ཡིན། ་སང་རྒྱས་ཡེ་ཤེས་འདོད་རྣམས་བརྩོན་འགྲུས་ཕྱིར་ཞིང་བསྐྱེད།། སེམས་དང་ཡིད་རབ་ཞི་བ་འདི་ནི་བསམ་གཏན་དག། སྒྲ་སྐད་མི་རྙེད་འདི་ནི་ཤེས་རབ་དག་པ་ཡིན། ་མིའི་ཚིག་ཐོས་ནས་ནི་གང་ཆོས་འདི་སེམས་པ།། དེ་འདིར་གནོད་བཟོད་ངག་གི་སྐྱོན་ལ་ཆགས་པ་མེད།། བདུད་དང་མུ་སྟེགས་ཅན་གྱི ་ལྟར་བརྒྱ་སྟོང་གིས།། གནས་འདི་རྙེད་དཀའ་སྦྱོར་བ་འོར་བརྗོད་ཀྱང་།། མི་སྐྲག་ཞུམ་པ་མེད་ཅིང་ཕྱི་ཕྱིར་མཐུ་བསྐྱེད་དེ།། མཁས་པ་དེ་ནི་གནོད་དང་སེམས ་གནོད་མཐའ་ཡས་བཟོད།། གང་ཞིག་བཟོད་དང་བརྩོན་འགྲུས་རབ་གནས་རི་རབ་འདྲ།། སེམས་ཅན་ཀུན་ནའང་དཔའ་བོ་དེ་འདིར་གནོད་པ་བཟོད།། སྟོབས ་བཅུ་རྣམས་ཀྱི་སྦྱངས་པ་དང་ནི་གནོད་ཤེས་ནས།། བྱང་ཆུབ་རྗེས་སུ་འགྲོ་བས་བྱིན་ནས་ལུང་སྟོན་ཏོ།། བློ་གྲོས་རྒྱ་མཚོ་དེ་ལ་ཐམས་ཅད་མཁྱེན་པར་སེམས་བསྐྱེད ་པ་རིན་པོ་ཆེ་དེའི་འབིགས་པ་གང་ཞེ་ན།། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ ་ཆེ་དེས་རློམ་སེམས་སུ་མི་བྱེད་དེ།། ཐམས་ཅད་མཁྱེན་པའི་སེམས་དེ་ལ་རྟེན་པར་མི་བྱེད།། གནས་པར་མི་བྱེད། ལེན་པར་མི་བྱེད། འདོར་བར་མི་བྱེད། སྤྲོས ་པར་མི་བྱེད། རྟོགས་པར་མི་བྱེད། རྣམས་པར་རྟོགས་པར་མི་བྱེད་ཀྱི། རྣམ་པར་རྟོག་པ་ཉེ་བར་ཞི་བ་ལ་གནས་པ་ཡིན་ཏེ། དེ་ཆོས་ཟབ་མོ་རྣམས་ལ ་བློས་རྣམ་པར་འབྱེད་དོ།། ཆོས་ཟབ་མོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ལུགས་སུ་འབྱུང་བ་དང་། རྒྱུ་ལ་དམིགས་པ་ཁོངས ་སུ་ཆུད་པ་དང་། རྟག་པ་མ་ཡིན་པ་དང་། ཆད་པ་མ་ཡིན་པ་དང་། མཐར་ལྟ་བ་དང་བྲལ་བ་དང་།། རང་བཞིན་གྱིས་བདག་མེད་པ་དང་། བདག་ངོ ་ཉིད་མེད་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། གདོད་མ་ནས་མ་སྐྱེས་པ་དང་། མ་བྱུང་བ་དང་། སྟོང་པ་ཉིད་ལ་མོས་པ་དང་། མཚན་མ་མེད་པ ་ལ་ཡིད་ཆེས་པ་དང་། སྨོན་པ་མེད་པ་ལ་སོམ་ཉིད་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་ལ་དེ་ཁོ་ནའི་བློ་དང་ལྡན་པ་དང་། ཤིན་ཏུ་མི་རྟག་པ་ཉིད ་དང་། གཟུགས་ལྦུ་བ་དང་མཚུངས་པ་ཉིད་དང་། ཚོར་བ་ཆུ་བུར་དང་འདྲ་བ་ཉིད་དང་། འདུ་ཤེས་སྨིག་རྒྱུ་དང་མཚུངས་ཏེ་གཉིས་སུ་མེད་པ་ཉིད་དང་། འདུ ་བྱེད་རྣམས་ལ་ཆུ་ཤིང་དང་མཚུངས་པར་སོ་སོར་རྟོགས་པ་དང་། རྣམ་པར་ཤེས་པ་སྒྱུ་མ་ལྟ་བུའི་ཆོས་ཉིད་དང་། ཁམས་རྣམས་གཡོ་བ་མེད་པ་ཉིད་དང་། ་སྐྱེ་མཆེད་རྣམས་ཕན་ཚུན་དུ་ཤེས་པ་མེད་པ་ཉིད་དང་། སེམས་གནས་མེད་པ་དང་། ང་རྒྱལ་ཡིད་ལ་མི་བྱེད་པ་དང་། ལྷག་པར་བྱེད་པ་ལྷག་པར་མི་བྱེད ་པ་དང་མཉམ་པ་ཉིད་ལ་མཉམ་པ་ཉིད་དུ་རྟོགས་པ་དང་། ཐ་དད་དུ་བྱ་བ་མེད་པ་དང་། རོ་གཅིག་པ་དང་། འགྲོད་པ་གཅིག་པུའི ་ལམ་ལ་རབ་ཏུ་གནས་པ་དང་། ལམ་གྱི་ཚོགས་ཤེས་ཡོངས་སུ་ཚོལ་བ་དང་། ངེས་པའི་དོན་ལ་རྟོན་པ་དང་། དོན་གྱི་རྗེས་སུ་ཞུགས་པའི་བློ་དང་། སྐད་ཐས ་ཅད་ལ་སྐད་མེད་པར་འཇུག་པ་དང་། སྒྲ་ཐམས་ཅད་ལ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་ཆད་པ་ཤེས་པ་དང་། དོན་དང་ཚིགས ་འབྲུ་གཉིས་སུ་མེད་པ་ལ་འཇུག་པ་ཤེས་པས་དོན་བརྗོད་དུ་མེད་པར་རྟོགས་པ་དང་། སྡུག་བསྔལ་ཤེས་པ་ངར་འཛིན་པ་མེད་པ་དང་། ཀུན་འབྱུང་བ་ཤེས་ཤིན ་ཏུ་ཟད་པ་དང་། འགོག་པ་ཤེས་སྒྲོ་བཏགས་པ་མེད་པ་དང་། ལམ་ཤེས་པ་འདུས་བྱས་འདུས་མ་བྱས་མཉམ་པ་ཉིད་དུ་འཇུག་པ་དང་། ལུས་ལ་ཞུགས་པའི ་དྲན་པ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་འཕོ་བ་མེད་པ་དང་། ཚོར་བ་ལ་ཞུགས་པའི་དྲན་པ་སྐྱེ་བ་དང་།། འཇིག་པར་མི་གནས་པ་དང་། སེམས་ལ་ཞུགས ་བའི་དྲན་པའི་དམིགས་པ་ལ་ཤིན་ཏུ་བརྟགས་པ་དང་། ཆོས་ལ་ཞུགས་པའི་དྲན་པ་ཆོས་དབྱིངས་མ་ཡིན་པ་དང་། ཡང་དག་པར་སྤོང་བ་མཉམ་པས་མཉམ་པ་དང་།། ་རྫུ་འཕྲུལ་གྱི་རྐང་པ་སེམས་ལ་དབང་བསྒྱུར་བར་གྱུར་པ་དང་། དད་པའི་དབང་པོ་ཆགས་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་དང་། བརྩོན་འགྲུས་ཀྱི་དབང་པོ་དབེན ་པས་ངེས་བྱུང་བ་དང་། དྲན་པའི་དབང་པོ་དྲན་པ་མེད་པ་དང་། ཏིང་ངེ་འཛིན་གྱི་དབང་པོ་ཡིད་ལ་བྱེད་པ་མེད་པ་དང་། ཤེས་རབ་ཀྱི་དབང་པོ་སྤྲོས་པ་ལས་ཤིན་ཏུ ་འདས་པ་དང་། དད་པའི་སྟོབས་གཞན་གྱིས་དྲིན་མི་གཞོག་པ་དང་། བརྩོན་འགྲུས་ཀྱི་སྟོབས་དམིགས་པ་རྟོགས་པ་མེད་པ་དང་། དྲན་པའི་སྟོབས་ཉམས་པ་མེད ་པ་དང་ལྡན་པ་དང་། ཏིང་ངེ་འཛིན་གྱི་སྟོབས་སེམས་ངེས་པར་སེམས་པར་གྱུར་པ་དང་། ཤེས་རབ་ཀྱི་སྟོབས་མི་འཁྲུགས་པའི་རྒྱུ་མཐུན་པ་དང་། དྲན་པ་ཡང་དག ་བྱང་ཆུབ་ཀྱི་ཡན་ལག་དྲན་པ་མེད་ཅིང་བརྗིད་པ་མེད་པ་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་པར་བྱང་ཆུབ་ཀྱི་ཡན་ལག་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འཇུག ་པ་དང་། བརྩོན་འགྲུས་ཡང་དག་པར་བྱང་ཆུབ་ཀྱི་ཡན་ལག་ལེན་པ་མེད་ཅིང་འདོར་བ་མེད་པ་དང་། དགའ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དཔའ་རླབས་མེད་པ་དང་། ་རབ་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལུས་དང་སེམས་ལ་ཞུགས་པ་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མཉམ་པ་ཉིད་ཁོང་དུ་ཆུད་པ་དང་། ་གཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གཉིད་དང་བྲལ་བ་དང་། ཡང་དག་པའི་ལྟ་བ་ཐམས་ཅད་སྤོང་བ་དང་། ཡང་དག་པའི ་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་བ་དང་། ཡང་དག་པའི་ངག་སྒྲ་སྐད་ཐམས་ཅད་མཉམ་པ་ཉིད་ལ་འཇུག་པ་དང་། ་ཡང་དག་པའི་ལས་ཀྱི་མཐའ་ལུས་དང་སེམས་ཀྱི་ལས་དང་བྲལ་བ་དང་། ཡང་དག་པའི་འཚོ་བ་ཚོལ་བ་ཐམས་ཅད་རྒྱུན་བཅད་པ་དང་། ཡང་དག་པའི་རྩོལ་བ་འདེགས ་པ་མེད་ཅིང་འཇོག་པ་མེད་པ་དང་། ཡང་དག་པའི་དྲན་པ་དགེ་བ་དང་། མི་དགེ་བའི་རྣམ་པར་རིག་པ་ལ་མི་འཇུག་པ་དང་། ཡང་དག་པའི་ཏིང་ངེ་འཛིན་སེམས་ཀྱི་དམིགས ་པ་མཉམ་པ་ཉིད་ལ་འཇུག་པ་དང་། ཞི་བ་ཞི་གནས་ཀྱི་མཐར་སོང་བ་དང་། ལྷག་མཐོང་ལྟ་བས་རྣམ་པར་དག་པ་དང་། སྐྱེ་བ་མེད་པའི་དོན་མི་རྟག་པའི་དོན་དང་། གདོད ་མ་ནས་མ་སྐྱེ་བའི་དོན་སྡུག་བསྔལ་གྱི་དོན་དང་། རྒྱུ་བ་མེད་པའི་དོན་བདག་མེད་པའི་དོན་དང་། ཉེ་བར་ཞི་བའི་དོན་དང་། དུལ་བས་སྦྱིན་པ་དང་བསིལ་བའི་དངོས་པོར་གྱུར ་བའི་ཆུ་ཁྲིམས་དང་། ཟད་པའི་ཆོས་དང་ལྡན་པའི་བཟོད་པའམ། ཤིན་ཏུ་རྣམ་པར་ཕྱེ་བས་རྣམ་པར་འབྱེད་པའི་བརྩོན་འགྲུས་དང་། ནང་ཉེ་བར་ཞི་བའི་བསམ་གཏན ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་མཚན་ཉིད་ཀྱི་ཤེས་རབ་དང་། སེམས་ཅན་གདོད་མ་ནས་རྣམ་པར་དག་པའི་བྱམས་པ་དང་། ནམ་མཁའ་དང་མཚུངས ་བའི་སྙིང་རྗེ་དང་། དགའ་བ་མེད་པའི་དགའ་བ་དང་། རྩོམ་པ་ཐམས་ཅད་རྒྱུན་བཅད་པའི་གཏང་སྙོམས་དང་ཆོས་ཐམས་ཅད་འཁོར་གསུམ་ཡོངས་སུ་དག་པ་དང་སྔོན ་གྱི་མཐའ་ནས་སྟོང་པ་དང་ཕྱི་མིའི་མཐར་དབེན་པ་དང་། ད་ལྟར་བྱུང་བ་བདག་མེད་པའོ།། བློ་གྲོས་རྒྱ་མཚོ་དེ་ལྟར་གང་ཆོས་ཟབ་མོ་རྒྱུན་ཆད་པ། ཚིག་འབྲུ་དང་བྲལ་བ། ་ནམ་མཁའ་དང་མཚུངས་པ་འདི་ལྟ་བུ་དག་རྟོགས་པ་དང་། ཁོངསུ་ཆུད་པ་དང་། འཇུག་པ་ཤེས་པ་ལ་དཔྱད་པ་དང་། སེམས་དཔའ་དང་། འཇལ་བ་དང་། བགྲང་བ་དང་། ་ཉེ་བ་རྟོགས་པ་དང་། ནན་ཏན་བྱེད་པ་འདི་ནི་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པར་རིན་པོ་ཆེ་དེའི་འབིགས་པའོ།། དེ་ལྟར་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན ་བེ་ཆེ་དེ་ཕིགས་ན། ཆོས་ཐམས་ཅད་ལ་དབང་སྦྱར་བ་ཉིད་ལྷུན་གྱིས་གྲུབ་པ་ཉིད་འཐོབ་པར་འགྱུར་རོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། ཟླ་བ་དང་ཉི་མའི་གཞལ་མེད ་ཁང་ལྷུན་གྱིས་གྲུབ་པར་རྣམ་པར་རྒྱུ་ཞིང་འཛམ་བུའི་གླིང་ཐམས་ཅད་དུ་སྣང་བར་བྱེད་ཀྱང་། ལྷའི་བུ་ཉི་མ་དང་རྫ་བ་འདི་སྙམ་དུ་བདག་ཅག་འགྲོ་འམ་འོན་ཏེ་ལྡོག་སྙམ་དུ་མི ་སེམས་པར། སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པས་དེ་དག་འགྲོའོ།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་རབ་ཏུ ་ཕིགས་པའི་ཤེས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ལྷུན་གྱི་གྲུབ་པར་སངས་རྒྱས་ཀྱི་ཞིང་ཚད་མེད་པ་དག་ན་སེམས་ཅན་གྱི་དོན་བྱེད་ཀྱང་བྱང ་ཆུབ་སེམས་དཔའ་དེ་ནི་ཡང་མངོན་པར་འདུ་བྱེད་པ་མེད་པར་བྱ་བ་དེ་དག་ཀུན་ཏུ་སྟོན་ཏོ།། བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའི་འབིགས་པ་ཤེས་པ་གང་ཡིན ་བ་དེ་ནི།། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡོངས་སུ་བཙལ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ ་མཉམ་པར་བཞག་ན། ལྷག་མཐོང་གིས་ཆོས་རྣམས་མཐོང་གི། མཉམ་པར་མ་བཞག་པས་ནི་མ་ཡིན་ནོ།། དེ་ལྷག་མཐོང་གང་ཡིན་པ་དེ་ནི་ཤེས་རབ་སྟེ། ཤེས ་རབ་དེས་མངོན་གསུམ་དུ་འགྱུར་རོ།། གང་དུ་མངོན་གསུམ་དུ་འགྱུར་ཞེ་ན། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་མངོན་གསུམ་དུ་འགྱུར་རོ།། ཆོས་རྣམས་ཀྱི ་ཡང་དག་པའི་མཚན་ཉིད་གང་ཞེ་ན། མཚན་ཉིད་ཀྱི་གཞི་དེ་ལ་ཀུན་མི་སྤྱོད་པའོ།། ཆོས་རྣམས་ཀྱི་མཚན་ཉིད་ཀྱི་གཞི་གང་ཞེ་ན། འདི་ལྟ་སྟེ་རྣམ་པར་རིག་པ་ནི་ཆོག ་རྣམས་ཀྱི་མཚན་གྱི་གཞིའོ།། རྣམ་པར་རིག་པ་དེའི་ཡང་དག་པ་ཇི་ལྟ་བའི་མཚན་ཉིད་གང་ཞེ་ན། དེ་ནི་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ཅེས་བྱའོ།། གང་གི ་ཚེ་ཚོར་བ་ཐམས་ཅད་རྒྱུན་བཅད་པར་གྱུར་པ་དེའི་ཚེ། སྣང་བར་ཡང་མི་བྱེད་མི་སྣང་བར་ཡང་མི་བྱེད་དོ།། དེ་ལ་སྣང་བ་གང་། མི་སྣང་བ་ནི་གང་ཞེ་ན། སྣང་བ ་ཞེས་བྱ་བ་ནི་སྐྱེ་བའོ།། མི་སྣང་བ་ཞེས་བྱ་བ་ནི་འགག་པའོ།། གང་གི་ཚེ་སྣང་བར་ཡང་མི་བྱེད་མི་སྣང་བར་ཡང་མི་བྱེད་པ་དེའི་ཚེ། སྐྱེ་བར་ཡང་མི་བྱེད།། ་འགག་པར་ཡང་མི་བྱེད་དོ།། གང་གི་ཚེ་སྐྱེ་བར་ཡང་མི་བྱེད། འགག་པར་ཡང་མི་བྱེད་པ་དེའི་ཚེ། ཆོས་ཉིད་ལ་གནས་པ་ཡིན་ཏེ། ཆོས་ཀྱི་དབྱིངས་ལ ་འཁྲུགས་པར་མི་བྱེད། དེ་བཞིན་ཉིད་ལས་མི་གཡོ།། ཡང་དག་པའི་མཐའ་འཇིག་པར་མི་བྱེད་དོ།། དེ་ལ་ཆོས་ཀྱི་དབྱིངས་ཤེས་བྱ་བ་ནི་རྟེན་ཅིང་འབྲེལ་པར ་འབྱུང་བ་རྗེས་སུ་རྟོགས་པའོ།། དེ་བཞིན་ཉིད་ནི་དེ་ཁོ་ནའི་མཚན་ཉིད་ཁོང་དུ་ཆུད་པའོ།། ཡང་དག་པའི་མཐའ་ནི་གཉིས་སུ་མེད་པའི་ཡང་དག་པ་མངོན་པར ་རྟོགས་པར་བྱའོ།། བློ་གྲོས་རྒྱ་མཚོ་དེ་ལྟར་མངོན་གསུམ་དུ་ཤེས་པ་རིག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤིན་ཏུ་རིགས་པ་ཞེས་བྱའོ།། ་སྦྱངས་པ་དང་གནོད་པ་དང་ངེས་པར་འབིགས་པའི་ལེའུ་འདི་བཅོམ་ལྡན་འདས་ཀྱིས་བཤད་པའི་ཚེ། ལྷ་དང་མིའི་སྐྱེ་དགུ ་སྲོག་ཆགས་ཁྲག་ཁྲིག་ཕྲག་བཅུ་གཉིས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། སྲོག་ཆགས་ཁྲི་དྲུག་སྟོང་གིས་བཟོད་པར ་རབ་ཏུ་ཐོབ་པར་གྱུར་ཏོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། ཆོས་ཀུན་ངེས་པར་རྟོགས་བྱང་ཆུབ་སེམས ་ནི་སྒྲོགས་པར་བྱེད།། དེ་ཚེ་ངེས་རྟོགས་ཡེ་ཤེས་ཀྱིས།། ཆོས་རྣམས་ཀུན་ལ་ཆགས་པ་མེད།། ཟབ་མོའི་ཆོས་རྣམས་ཁོང་དུ་ཆུད།། མཁས་པ་སྐྲད་པར ་འགྱུར་བ་མེད།། སྐྲག་མེད་ཀུན་ཏུ་འཇིག་མེད་པས།། ཁྱད་པར་འཕགས་པར་འགྱུར་བ་ཡིན།། རྒྱུ་ལ་དམིགས་པའི་ཚུལ་གྱིས་ནི།། བརྟོན་པའི་ཆོས ་རྣམས་ཁོངས་སུ་ཆུད།། ཤེས་རབ་ལྡན་ཏེ་རྗེས་སུ་འཐུན་བྱེད།། མཐར་ལྟ་བ་ནི་མི་འཛིན་ཏོ།། རྟག་པ་དང་ནི་ཆད་པ་ལ།། བློ་ནི་ཐེགས་པ་ཡོད་མ་ཡིན།། ་ཡང་དག་མཐའ་ནི་བསམ་ཡས་པའི།། དབུ་མའི་མཐའ་ནི་རྟོགས་པར་འགྱུར།། བདག་གི་མཐའི་རང་བཞིན་གྱིས།། ཆོས་རྣམས་བདག་མེད་ངོ་བོ་ཉིད། ་ཆོས་ཀུན་དེའི་རང་བཞིན་ཏེ།། གདོད་ནས་མ་སྐྱེས་འགག་པ་མེད།། སྐྱེས་པ་མེད་ཅིང་འབྱུང་བ་མེད།། སྟོང་པ་གཟུང་མེད་དྲི་མ་མེད།། མཚན་མ ་མེད་ཅིང་སྤྲོས་པ་མེད། ནམ་མཁའ་དང་ནི་མཚུངས་ཤིང་འདྲ།། དེ་དག་སེམས་ཀྱི་མི་སྨོད་པར།། འདོད་ཅིང་ཆགས་པ་རྣམ་པར་སྤངས།། གཟུགས་ཀྱི་རང་བཞིན ་མངོན་སུམ་དུ།། ལྦུ་བ་ལྟ་བུར་རབ་ཏུ་ཤེས།། ཚོར་བ་ཆུ་བུར་འདྲ་བ་སྟེ།། འདུ་ཤེས་སྨྱུག་རྒྱུ་མཚན་ཉིད་དོ།། འདུ་བྱེད་ཆུ་ཤིང་སྙིང་པོ་འདྲ།། རྣམ་པར་ཤེས་པ་སྒྱུ་མ ་འདྲ།། ཁམས་བཞི་གཡོ་བ་མེད་པ་སྟེ།། ནམ་མཁའ་མཚུངས་པའི་ཁམས་ཡིན་ནོ།། གང་དག་སྐྱེ་མཆེད་ཐམས་ཅད་ནི།། བེམས་པོ་པཚུན་སྤྱོད་ཡུལ་ལོ།། སེམས ་ནི་ནང་ན་མ་ཡིན་ཏེ།། ཕྱི་རོལ་དུ་ཡང་མི་དམིགས་སོ།། ཡིད་ལ་ངའི་ཡོད་མ་ཡིན།། རྣམ་པར་ཤེས་པ་གནས་པ་མེད།། ཆོས་རྣམས་ཡིད་ལ་མི་བྱེད་དེ། ལྷག་པར ་བྱེད་པ་རྣམ་པར་སྤོང་།། ཆོས་རྣམས་ཐམས་ཅད་མཉམ་ཉིད་དུ།། ཡང་དག་ཉིད་དུ་ཁོང་དུ་ཆུད།། ཐ་དད་མེད་ཅིང་རོ་གཅིག་སྟེ།། གཅིག་པུ་བགྲོད་ལམ་མཉམ་པ་ཉིད། ་གྱི་ཤེས་པ་རབ་ཏུ་རྟོགས།། ངས་པའི་དོན་གྱི་ཆོས་རྣམས་མཐོང་།། བློ་ནི་དོན་གྱི་རྗེས་སུ་ཞུགས།། སྐད་ནི་སྐད་མེད་ཁོང་དུ་ཆུད།། སྒྲ་རྣམས་ཀུན་ནི་སྔོན་མཐའ་དང་། ་ཕྱི་མའི་མཐའ་མར་ཡོངས་སུ་གཅོད།། དོན་དང་ཚིག་འབྲུ་རྣམས་ལ་མཁས།། ཆོས་རྣམས་གཉིས་སུ་མེད་པར་རྟོགས།། བརྗོད་དུ་མེད ་པའི་དོན་ལ་ནི།། དེ་ཉིད་ཡང་དག་ཁོང་དུ་ཆུད།། སྐྱེ་བ་མེད་པར་སྡུག་བསྔལ་ཤེས།། ཀུན་འབྱུང་བ་ལ་མཉམ་པའི་བློ།། འགོག་པ་ཤེས་པ་ཟད་པར་བསྟན།། ལམ་ཤེས ་བ་ནི་འདུས་མ་བྱས།། ལུས་དང་ཚོར་བ་སེམས་དང་ནི།། ཆོས་ལ་ཆོས་སུ་རྗེས་སུ་རྟོགས།། དྲན་མེད་ཡིད་ལ་བྱེད་མེད་པའི།། དྲན་པ་ཉེ་བར་གཞག་པ་སྟོན།། ཆོས ་ཀྱི་དབྱིངས་ནི་དབྱིངས་མིན་པར།། ཡང་དག་ཉིད་ནི་མཉམ་པས་མཉམ།། སྤོང་བས་སྤོང་དུ་མེད་པ་ནི།། ཡང་དག་སྤོང་བ་རབ་ཏུ་བསྟན།། སེམས་ལ་དབང་ནི་ཐོབ་པ ་ཡིན།། རྫུ་འཕྲུལ་རྐང་པ་རབ་ཏུ་བསྟན།། ཆགས་པ་ཀུན་ལས་རབ་འདས་པ།། དེ་ནི་དད་པའི་དབང་པོ་ཡིན།། ཆོས་རྣམས་ཐམས་ཅད་རྣམ་དབེན་པ།། དེ་ནི་བརྩོན ་འགྲུས་དབང་པོ་ཡིན།། དྲན་པ་མེད་པའི་དྲན་འཇུག་པ།། དེ་ནི་དྲན་པའི་དབང་པོ་ཡིན།། ཆོས་རྣམས་ཡིད་ལ་མི་བྱེད་པ།། དེ་ནི་ཏིང་འཛིན་དབང་པོ་ཡིན།། སྤྲོས། ་ལས་ཤིན་ཏུ་རབ་འདས་པ།། དེ་ནི་ཤེས་རབ་དབང་པོ་ཡིན།། ཡང་དག་ཉིད་དུ་རྟོགས་ནས་དེ།། གཞན་གྱི་དད་པས་འགྲོ་བ་ཡིན།། སེམས་ནི་གཡོ་བ་ཡོད་མིན་པ།། ་དད་པའི་སྟོབས་ནི་འདི་འདྲའོ།། ཡང་དག་ཤེས་ལས་ཉམས་པ་མེད།། དྲན་པའི་སྟོབས་ནི་འདི་འདྲའོ།། ཏིང་ངེ་འཛིན་གྱི་སྟོབས་མཛོད་ནི།། ངེས་པར་སེམས་ལ་དགའ་བ ་ཡིན་མི་རྟོག་རྣམ་པར་མི་རྟོག་པ།། ཤེས་རབ་སྟོབས་ནི་འདི་འདྲའོ།། ཆོས་རྣམས་རྟོགས་པའི་དོན་དུ་ནི།། བྱང་ཆུབ་ཡན་ལག་རབ་ཏུ་བསྟན།། མཉམ་སྟེ་མི ་མཉམ་མེད་པའི་ཆོས།། ཡང་དག་ལྟ་བའི་ཡིད་ཞེས་བརྗོད།། གཉིས་མེད་ཆོས་ལ་སྒོམ་པ་ནི།། སྐྱེ་བ་མེད་པའི་ལམ་བསྒོམ་ཡིན།། སྐྱེ་བ་མེད་པ་མི་རྟག་དོན།། ་འབྱུང་བ་མེད་པ་སྡུག་བསྔལ་དོན།། རྒྱུ་བ་མེད་པ་བདག་མེད་དོན།། ཞི་དོན་ཉེ་བར་ཞི་བའི་གནས།། དུལ་བའི་སེམས་ནི་སྦྱིན་པ་ཡིན།། ཞི་བའི་སེམས་ནི་ཚུལ ་ཁྲིམས་ལྡན།། ཟད་པའི་ཆོས་རྟོགས་བཟོད་པ་ཡིན།། བརྩོན་འགྲུས་རྣམ་པར་ཕྱི་བས་རྟོགས།། ཤིན་ཏུ་ཞི་བ་བསམ་གཏན་ཏེ།། ཤེས་རབ་ཡང་དག ་བར་ཤེས་པ།། སེམས་ཅན་གདོད་ནས་རྣམ་དག་དོན།། བྱམས་པ་ཞེས་ནི་བརྗོད་པ་ཡིན།། སྙིང་རྗེ་ནམ་མཁའ་འདྲ་བ་སྟེ།། དགའ་བ་སྦྱོང་བ་དགའ་བ་ཡིན།། ་རྩོམ་པ་ཐམས་ཅད་རྒྱུན་ཆད་པ།། བཏང་སྙོམས་ཤེས་ནི་རབ་ཏུ་བསྟན།། འཁོར་གསུམ་ཡོངས་སུ་ཆད་པར་ནི།། ཆོས་རྣམས་ཐམས་ཅད་རབ་ཏུ་ཤེས།། ཆོས ་རྣམས་ངེས་པར་འབིགས་འདི་ན།། ལྟ་བའི་འདུད་པ་བཅོད་པ་ཡིན།། བསམ་གཏན་ཤེས་རབ་གང་ཡིན་པ།། དེར་ནི་ངེས་པར་འབིགས ་བ་བསྟན།། ཚད་མེད་པ་ལ་འཇུག་པ་ནི།། ཆོས་ཤེས་པ་ཞེས་བརྗོད་པ་ཡིན།། གནོད་པ་བཟོད་པ་དང་།། ངེས་པར་འབིགས་པའི་ལེའུ་སྟེ། གཉིས་པའོ།། ། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་བ། ་བློ་གྲོས་རྒྱ་མཚོ་དེ་ལྟར་ན། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དང་། ཡོངས་སུ་བས་པར་འགྱུར་ཏེ། བསམ་པ་བཅོས་པ་མ་ཡིན་ཞིང་། ་སེམས་ཅན་ཐམས་ཅད་ཀྱིས་གནོད་པར་བྱས་ཀྱང་། ཞེ་འགྲས་པ་མེད་ལ། ཤིན་ཏུ་ངེས་པར་ཕིགས་པའི་ཡེ་ཤེས་སུ་གྱུར་ཅིང་། ཤེས་རབ་རྣམ་པར་གདོན་མི་ཟ་བ་ཐོབ ་བ་དེའི་ཚེ། ཤིན་ཏུ་དཀར་བའི་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་གྱིས་རྩ་བའི་གནས་ལ་རབ་ཏུ་གནས་པ་ཡིན་ནོ།། དེ་ལ་ཏིང་ངེ་འཛིན་འདིའི་རྩ་བའི་གནས་གང་ཞེ་ན། ་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་ཞེ་སྡང་མེད་པའི་སྙིང་རྗེ་ཆེན་པོའོ།། དེ་སེམས་ཅན་ཐམས་ཅད་ཀྱིས་སྟི་སྟང་དུ་བྱས་ཀྱང་ཁེངས་པར་མི་འགྱུར། སེམས་ཅན་ཐམས ་ཅད་ཀྱིས་སྟི་སྟང་མ་བྱས་ཀྱང་འདུད་པར་མི་འགྱུར་རོ།། ཁེདྲ་བ་མེད་པ་དང་འདུད་མེད་པ་དེ་ནི། ཤེས་ལས་ངེས་པར་བྱུང་བ་ཡིན་གྱི། ང་རྒྱལ་ལས་ངེས་པར་བྱུང་བ ་མ་ཡིན་ནོ།། ཁེངས་པ་མེད་པ་དང་འདུད་པ་མེད་དེ་ནི་ཆོས་དང་ལྡན་པ་ཡིན་གྱི། གཏི་མུག་དང་ལྡན་པའི་མ་ཡིན་ནོ།། ཆོས་ཐམས་ཅད་ཤེས་པ་ལས་ངེས་པར་བྱུང་བས ་ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་ཀྱི་ལས་དང་ལྡན་པ་ཡིན། ཡེ་ཤེས་སྔོན་དུ་འགྲོ་བའི་ངག་གི་ལས་དང་ལྡན་པ་ཡིན། ཡེ་ཤེས་མངོན་དུ་འགྲོ་བའི་ཡིད་ཀྱིས་ལས་དང ་ལྡན་པ་ཡིན་ཏེ། དེ་ལུས་སམ་ངག་གམ་ཡིད་ཀྱི་ལས་གང་བྱེད་ཀྱང་། དེ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་།། དེ་ལ་བྱང་ཆུབ་སེམས ་དབའི་ལུས་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་གང་ཞེ་ན། གང་གཟུགས་ཀྱི་ལུས་ཀུན་དུ་བསྟན་པས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད། འདུལ་བར་བྱེད ་དོ། སྤྱོད་ལམ་ཇི་ལྟ་བུས་སེམས་ཅན་རྣམས་འདུལ་བར་འགྱུར་བ་དེ་ལྟ་བུ་ཉིད་དུ་དེའི་སྤྱོད་ལམ་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་བརྟགས་པ་མེད་པས་ཀུན་ཏུ་གནས ་སོ།། ལུས་ཀྱི་སྐྱོན་དང་ལུས་ལ་ཆགས་པ་དང་། ལུས་ཀྱི་འགྱུར་བ་དང་། ལུས་ཀྱི་ཚུལ་ཆོས་པ་དང་ལུས་ཀྱི་འཁྲུག་པ་དང་། ལུས་ཀྱི་ཡོངས་སུ་རྟོགས་པ་གང ་ཡིན་པ་དེ་དག་བྱང་ཆུབ་སེམས་དཔའ་དེས་ཡང་དག་པར་བཅོམ་པ་ཡིན་ཏེ། ཤིང་ཏ་ལའི་མགོ་བཅད་པ་བཞིན་དུ་རྩ་བ་ནུས་མ་འོངས་པ ་ན་མི་སྐྱེ་བའི་ཆོས་ཅན་དུ་འགྱུར་རོ།། དེ་ལ་ལུས་ཡོངསུ་དག་པ་ཡིན་ཏེ། ལུས་ལེགས་པར་མཚན་གྱིས་ལེགས་པར་བརྒྱན་པ་དང་། རྐང་པ་དང་ལག་པ་འཇམ་ཞིང ་གཉིན་པ་དང་། བསོད་ནམས་ཀྱི་རྒྱུ་མཐུན་པའི་ལུས་ཤིན་ཏུ་རྣམ་པར་ཕྱེ་བ་དང་། དབང་པོ་མ་ཚངས་པ་མེད་པ་དང་། ཡན་ལག་དང་སྙིང་ལག་ཐམས་ཅད་ཡོངས ་སུ་རྫོགས་པ་ཡིན་ཡང་། གཟུགས་ཀྱིས་རྒྱགས་ཤིང་དྲེགས་པ་མེད་པ་ཡིན་ཏེ། ལུས་ཚ་བའི་ཚུལ་དང་ལྡན་པ་མ་ཡིན་ནོ།། དེ་ཆོས་འཛིན་པ་ཉེ་བར་བཟུང ་ནས། སེམས་ཅན་ཇི་ཙམ་དུ་དམན་པ། གཟུགས་མ་ཚང་བ་རྣམས་ལ་ཡང་འདུད་དོ།། རབ་ཏུ་འདུད་དོ།། དེ་རང་གི་ལུས་ཀྱི་ཆོས་ཉིད་ཀྱིས། སེམས་ཅན ་ཐམས་ཅད་ཀྱི་ལུས་ཀྱི་ཆོས་མཉམ་པ་ཉིད་དུ་ཤེས་པ་ལ་འཇུག་གོ། དེ་ལུས་ལ་ལུས་ཀྱི་ཆོས་ཉིད་ཤེས་ནས། ཆོས་ཀྱི་ལུས་ཡིན་གྱི་ཟང་ཟིང་གི་ལུས་མ་ཡིན་ནོ།། ་དེ་ལ་ཆོས་ཀྱི་ལུས་ཉིད་གང་ཞེ་ན། གང་བསམ་གཏན་གྱི་ཟས་ཟ་བ་ཡིན་གྱི། ཟང་ཟིང་གི་ཟས་ཟ་བ་མ་ཡིན་ཏེ། འཇིག་རྟེན་པ་དང་འཐུན་པར་བྱ་བ་དང་། ་སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་ཟས་ཟ་བའི་ལུས་ཉམ་ཆུང་བའི་ཕྱིར་ནི་མ་ཡིན་ནོ།། དེ་ཆོས་ཀྱི་ལུས་སུ་གྱུར་ནས། ཆོས་ཀྱི་སྲོག་འཚོ་ཞིང་། ཟང་ཟིང་གི་སྲོག ་འཚོ་བ་མ་ཡིན་ནོ།། དེ་ལ་ཆོས་ཀྱི་སྲོག་འཚོ་བ་གང་ཞེ་ན། གང་སྲོག་གི་ཕྱིར་ཡང་བྱ་བ་མ་ཡིན་པ་མི་བྱེད་པ་དང་། འཕགས་པའི་ཚུལ་ལས་མི་འདའོ།། ་དེ་ལ་འཕགས་པ་རྣམས་ཀྱི་ཚུལ་གང་ཞེ་ན། འདི་ལྟ་སྟེ་ཆགས་པ་མེད་པ་དང་། སྡང་བ་མེད་པ་དང་། རྨོངས་པ་མེད་པ་དང་། ཉོན་མོངས་པ་ཐམ་ཅད་དང ་བྲལ་བ་དང་། ཇི་ལྟར་བསླབ་པ་བཅས་པ་བཞིན་དུ་ཀུན་ཏུ་སྲུང་བ་དང་སྤད་པ་དང་། རབ་དུ་གནས་པ་འདི་ནི་འཕགས་པ་རྣམས་ཀྱི་ཚུལ་ཞེས་བྱའོ།། དེ་ལ ་བྱང་ཆུབ་སེམས་པའི་ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་ཀྱི་ལ་དང་ལྡན་པས་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱི་སྟོབས་ཐམས་ཅད་དང་ལྡན་པ་ཡིན་ཏེ། དེ་ལྷན ་གྱིས་གྲུབ་པར་སངས་རྒྱས་ཞིང་ཐམས་ཅད་དུ་སྣང་བར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་དེ་དག་ན། སེམས་ཅན་དེ་དག་གི་གཟུགས་དང་མཚན་དང་། གཟི་བརྗིད ་དང་། རྒྱན་རྣམས་ཅི་འདྲ་བར་བྱང་ཆུབ་སེམས་དཔའ་དེ་ཡང་སྙུན་གྱི་གྲུབ་ཅིང་། ཡོངས་སུ་བརྟགས་པར་དེ་དང་འདྲ་བར་གནས་སོ།། དེ་འོད་བཀོད་པའི་ལུས ་དང་ལྡན་པ་ཡིན་ཏེ། དེ་གང་གི་ཚེ་ལུས་འོད་རབ་ཏུ་བཏོང་བ་དེའི་ཚེ། སངས་རྒྱས་ཀྱི་གྲངས་མེད་དཔག་ཏུ་མེད་པ་རྣམས་སྣང ་བས་ཁྱབ་པར་བྱེད་དོ།། དེའི་འོད་དེ་ནི་བདེ་བ་སྐྱེད་པ་སྟེ། སེམས་ཅན་དམྱལ་བ་པ་ངན་སོང་བའི་སེམས་ཅན་ཐམས་ཅད། ཐམས་ཅད་བདེ་བར་བྱེད་པའོ།། ་དེའི་འོད་དེ་ནི་བདེ་བ་ལ་རེག་པར་བྱེད་པ་སྟེ། ཉོན་མོངས་པས་གདུངས་པའི་སེམས་ཅན་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ།། དེའི་འོད་དེ་ནི་རབ་ཏུ་སིམ་པར ་བྱེད་པ་སྟེ། སེམས་ཅན་རྣམས་ཀྱི་ལུས་དང་སེམས་དགའ་བ་སྐྱེད་པའོ།། ལུས་ཉིད་ཀྱིས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱེད་དེ། འདི་ནི ་བྱང་ཆུབ་སེམས་དཔའི་ལུས་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བའོ།། བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའི་ངག་གི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་གང་ཞེ་ན། ་བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའ་ནི། ཚིག་འཁྲུལ་པའི་སྐྱོན་ཐམས་ཅད་སྤངས་པར་ངག་གི་ལས་འབྱུང་ངོ་།། བློ་གྲོས་རྒྱ་མཚོ་དེ་ལ་ཚིག་འཁྲུལ ་པའི་སྐྱོན་དེ་དག་གང་ཞེ་ན། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་ནི་ཚོགས་འཁྲུལ་པའི་སྐྱོན་དྲུག་བཅུ་རྩ་བའི་དང་བྲལ་ཞིང་། རྣམ་པར་སྤངས་པར ་ངག་གི་ལས་བྱུང་ཏེ། དྲུག་ཅུ་རྩ་བཞི་གང་ཞེ་ན། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཚིག་རྩུབ་པོ་མེད་པ་ཡིན། ཚིག་རྙོག་པ་མེད་ཡིན། ་གྱོ་མོའི་སྒྲ་ལྟ་བུ་མེད་པ་ཡིན། གྲུམ་པའི་སྒྲ་ལྟ་བུ་མེད་པ་ཡིན། སྒྲ་ཧ་ཅང་ཆེ་བ་མ་ཡིན། སྒྲ་ཧ་ཅང་ཆུང་བ་མ་ཡིན། སྒྲ་ཧ་ཅང་དྲག་པོ་མ་ཡིན། ཚིག་བརླང ་པོ་མེད་པ་ཡིན། ཚིག་དི་དིབ་བོ་མེད་པ་ཡིན། ཚིག་ཅལ་ཅལ་པོ་མེད་པ་ཡིན། ཚིག་རྟང་རྟང་པོ་མེད་པ་ཡིན། ཁས་བུང་པའི་ཚིག་ལྟ་བུ་མེད་ཡིན། ཚིག་ཉམས ་པ་མེད་པ་ཡིན། ཟུར་དབྱུང་དགོས་པའི་ཚིག་མེད་པ་ཡིན། ཚིག་ཞུམ་པ་མེད་པ་ཡིན། ཚིག་རྩུབ་རྩུབ་པ་མེད་པ་ཡིན། བྱིས་པའི་ཚིག་ལྟ་བུ་མེད་པ་ཡིན།། ་ཚིག་ནོག་ནོག་པོ་མེད་པ་ཡིན། འབར་བར་བྱེད་པའི་ཚིག་མེད་པ་ཡིན། ཅོ་འདྲི་བའི་ཚིག་མེད་པ་ཡིན། དུས་མི་ཤེས་པའི་ཚིག་མེད་པ་ཡིན། ཚོད་མི་ཤེས་པའི་ཚིག ་མེད་པ་ཡིན། འདོད་ཆགས་ཀྱིས་རྗེས་སུ་ཆགས་པའི་ཚིག་མེད་པ་ཡིན། ཞེས་སྡང་གིས་ཞེ་འགྲས་པའི་ཚིག་མེད་པ་ཡིན། གཏི་མུག་གིས་རྨོངས་ཤིང་ལྐུགས་པའི ་ཚིག་མེད་པ་ཡིན། དམན་པའི་ཚིག་མེད་པ་ཡིན། མི་མཐུན་པའི་དང་བརྙས་པའི་ཚིག་མེད་པ་ཡིན། འབྱེད་པར་བྱེད་པའི་ཚིག་མེད་པ་ཡིན། གཡོ་དང་འདྲེས་པའི་ཚིག་མེད་པ་མས ་ང་རྒྱལ་ཀྱིས་ཁེངས་པའི་ཚིག་སྲེམ་གེ་ཁྱེད་དུ་བསོད་པའི་ཚིག་མེད་པ་ཡིན། ངོ་ཟ་རིང་གི་ཚིག་མེད་པ་ཡིན། ཚིག་མི་སྙན་ཅིང་ཞེར་འདེབས་པ་མེད་པ་ཡིན། མེད ་པས་གླེང་བའི་ཚིག་མེད་པ་ཡིན། འཁྲུལ་ཅིང་གཤེ་བའི་ཚིག་མེད་པ་ཡིན། ཡང་དག་པའི་མ་ཡིན་པའི་ཚིག་མེད་པ་ཡིན། འཕྲལ་དུ་བརྫུན་སྨྲ་བའི་ཚིག་མེད་པ་ཡིན།། ་འཕྲ་མའི་ཚིག་མེད་པ་ཡིན། ངག་རྩུབ་པོའི་ཚིག་མེད་པ་ཡིན། ཚིག་ཀྱལ་བའི་ཚིག་མེད་པ་ཡིན། འཛའ་བོ་དང་འབྱེད་པའི་ཚིག་མེད་པ་ཡིན། ཧ་ཅང་རྣོ་བའི་ཚིག ་མེད་པ་ཡིན། ཧ་ཅང་མཉན་པའི་ཚིག་མེད་པ་ཡིན། ཕལ་བའི་ཚིག་མེད་པ་ཡིན། ཀུན་ཏུ་མ་སྲུང་བའི་ཚིག་མེད་པ་ཡིན། དུས་ལས་ལྷག་པར་སྨྲ་བའི་ཚིག་མེད་པ ་ཡིན། གནོད་སེམས་འབར་བའི་ཚིག་མེད་པ་ཡིན། འཐབ་པ་དང་ཅོད་པ་དང་འགྱེད་པའི་ཚིག་མེད་པ་ཡིན། ཐོབ་ཀྱིས་འཇལ་བའི་ཚིག་མེད་པ་ཡིན། ཚིག་འགྱུར ་བ་མེད་པ་ཡིན། ཚིག་མི་བརྟན་པ་མེད་པ་ཡིན། མུ་ཅོར་སྨྲ་བའི་ཚིག་མེད་པ་ཡིན། གར་གྱི་ལྟད་མོ་བའི་ཚིག་ལྟ་བུ་མེད་པ་ཡིན། ཆོས་དང་འགལ་བའི་ཚིག་མེད་པ ་ཡིནཿགསང་འཕེལ་བའི་ཚིག་མེད་པ་ཡིན། སེམས་ཅན་ལ་གནོད་པའི་ཚིག་མེད་པ་ཡིན། བདག་ལ་སྟོད་པའི་ཚིག་མེད་པ་ཡིན། གཞན་ལ་སྨོད་པའི་ཚིག་མེད ་བ་ཡིན། འབྱ་བ་དང་སྙིང་བའི་ཚིག་མེད་པ་ཡིན། སངས་རྒྱས་དང་ཆོས་དང་དགེ་འདུན་དང་འགལ་བའི་ཚིག་མེད་པ་ཡིན། འཕགས་པ་ལ་སྐུར་བ་འདེབས་པའི་ཚིག ་མེད་པ་ཡིན། ངོ་མི་ཆོད་པའི་ཚིག་མེད་པ་ཡིན། ཚིག་འཁྲུལ་པའི་སྐྱོན་ཐམས་ཅད་དང་བྲལ་བའི་ཚིག་ཉིད་ནི། ཚིག་དྲུག་བཅུ་རྩ་བཞི་པ་ཡིན་ཏེ། བློ་གྲོས་རྒྱ་མཚོ ་བྱང་ཆུབ་སེམས་དཔའི་ངག་གི་ལས་ནི་ཚིག་འཁྲུལ་པའི་སྐྱོན་དྲུག་ཅུ་རྩ་བཞི་པོ་དེ་དག་དང་བྲལ་ཞིང་ཡོངས་སུ་དག་པར་འབྱུང་ངོ་།། དེའི་ངག་དེ་ནི་ཕྱེད་པར་ལུང་སྟོན་པ ་དང་ཡང་དག་པ་ལུང་སྟོན་པ་དང་། དེ་ཁོ་ན་ལུང་སྟོན་པ་དང་། བདེན་པ་རྣམ་པར་དགོད་པ་ལུང་སྟོན་པ་དང་། བདེན་པའི་རྗེས་སུ་འབྲང་བ་དང་། སེམས་ཅན ་ཐམས་ཅད་ཀྱི་སྐད་ལ་འཇུགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ལུང་སྟོན་པ་དང་། སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ་དང་། སེམས་ཅན་ཐམས ་ཅད་ཀྱི་དབང་པོ་སྐུལ་བར་བྱེད་པ་དང་། ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དང་། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་དང་། ཆོས་དང་མི་འགལ་བ་དང་། ་བསོད་ནམས་ཀྱི་རྒྱུ་མཐུན་པ་ཟླ་བ་ལྟར་དྲི་མ་མེད་ཅིང་སྙན་པ་དང་འདོད་ཆགས་ཀུན་ཏུ་སྐྱེད་པ་མ་ཡིན་པ་དང་། ཚར་བཅད་ནས་ཡོན་ཏན་སྨྲ་བ་དང་། ཞེ་སྡང་མི་སྐྱེད་པ་དང་། ་ཟབ་ཅིང་གཏིང་དཔག་དཀའ་བ་དང་། ཏི་མུག་ཀུན་ཏུ་མི་སྐྱེད་པ་དང་། ཕྱོགས་བཅུར་གོ་བར་བྱེད་ཅིང་རྒྱས་པར་འགེངས་པ་དང་། ་ཚིག་དོན་མེད་པ་མ་ཡིན་པ་དང་། ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང་། མངོན་པར་འདུ་བྱ་བ་མེད་པའི་མཚན་ཉིད་འབྱུང་སྟེ། བློ་གྲོས་རྒྱ་མཚོ་འདི་ནི་བྱང་ཆུབ ་སེམས་དཔའི་ངག་གི་ལས་ཡེ་ཤེས་སྔོན་དུ་འགྲོ་བའོ།། བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའི་ཡིད་ཀྱི་ལས་ཡེ་ཤེས་མངོན་དུ་འགྲོ་བ་གང་ཞེ་ན། བློ་གྲོས ་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཀྱི་འཇུག་པ་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་གཡོ་བ་རྣམས་རབ ་ཏུ་ཤེས་སོ།། མཉམ་པར་གཞག་ཀྱང་སྤྱོད་ལམ་ཐམས་ཅད་ཀུན་ཏུ་སྟོན་ཅིང་། ཏིང་ངེ་འཛིན་དེ་ལས་ལྡང་བ་ཡང་མེད་དོ།། དེའི་སེམས་ཀྱི་ལས་ནི་བདུད་ཐམས ་ཅད་ཀྱིས་ཀྱང་མི་ཤེས་སོ།། དེའི་སེམས་ཀྱི་འཇུག་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མི་ཤེས་སོ།། བྱང་ཆུབ་སེམས་དཔའ་དེ་ནི་བདག་ལ ་གནོད་པ་བྱ་བ་དང་། གཞན་ལ་གནོད་པ་བྱ་བ་དང་། གཉི་ག་ལ་གནོད་པ་བྱ་བར་མི་སེམས་སོ།། དེའི་སེམས་དང་ཡིད་དང་རྣམ་པར་ཤེས་པ་ནི་ཆོས་གང་ལའ ་ཐོགས་པ་མེད་དོ།། དེ་ཆོས་ཐམས་ཅད་རིག་པ་ཡེ་ཤེས་མཐོང་བ་སྐྱེའོ།། སེམས་དང་ཡིད་དང་རྣམ་པར་ཤེས་པ་དེས་རིག་པ་མེད་པར་ཚོར་བ་ཡང་སོ་སོར་མྱོང་ལ། ་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་མ་རྫོགས་ཀྱི་བར་དུ་ཚོར་བ་འགག་པ་མངོན་སུམ་དུ་ཡང་མི་བྱེད་དེ། བློ་གྲོས་རྒྱ་མཚོ་འདི་ནི་བྱང་ཆུབ་སེམས་དཔའི་ཡིད་ཀྱི ་ལས་ཡེ་ཤེས་སྔོན་དུ་འགྲོ་བའོ།། བློ་གྲོས་རྒྱ་མཚོ་འདི་ནི་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་དེའི་རྩ་བའི་གནས་ཏེ། འདི་ལྟ་སྟེ་ཡེ་ཤེས ་སྔོན་དུ་འགྲོ་བའི་ལུས་ཀྱི་ལས་དང་། ཡེ་ཤེས་སྔོན་དུ་འགྲོ་བའི་ངག་གི་ལས་དང་། ཡེ་ཤེས་སྔོན་དུ་འགྲོ་བའི་ཡིད་ཀྱི་ལས་སོ།། བློ་གྲོས་རྒྱ་མཚོ་གང་གི་ཚེ། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་དང་ལྡན་པར་གྱུར་པ་དེའི་ཚེ། ཤིན་ཏུ་དཀར་བ་དྲི་མ ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་རབ་ཏུ་འཐོབ་བོ།། བློ་གྲོས་རྒྱ་མཚོ་འདི་ལ་ཆོས་བཅུ་ཤིན་ཏུ་དཀར་བའི་ཕྱིར་ཏིང་ངེ་འཛིན་འདི་ཤིན་ཏུ་དཀར་བ་ཞེས་བྱ་བ་སྟེ། ་ཆོས་བཅུ་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། བསམ་པ་དང་། ལྷག་པའི་བསམ་པ་ཡོངས་སུ་དག་པས་འཇུག་པའི་སྤྱོད་པ་ཤིན་ཏུ་དཀར་བ་ཡིན། ཕ་རོལ་ཏུ ་ཕྱིན་པ་དྲུག་ཡོངས་སུ་དག་པས། བྱང་ཆུབ་སེམས་དཔའ་སྤྱོད་པ་ཤིན་ཏུ་དཀར་བ་ཡིན། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་དག ་བས། དཀར་པོ་རྣམ་པར་མཐོང་བའི་སྤྱོད་པ་ཤིན་ཏུ་རྣམ་པར་དག་པ་ཡིན། གཏན་པ་མེད་པའི་མཆོད་སྦྱིན་བྱེད་པ་ཡོངས་སུ་དག་པས། མཚན་དང་དཔེ་བྱད ་བཟང་པོ་ཡོངས་སུ་རྫོགས་པར་བྱེད་པའི་སྤྱོད་པ་ཤིན་ཏུ་དཀར་བ་ཡིན། ཇི་ལྟར་ཐོས་པའི་ཆོས་བསྒྲུབ་ཅིང་། གཞན་ཡང་གོ་བར་བྱེད་པ་ལ་མཁས་པ་ཡོངས་སུ ་དག་པས། གཟུངས་དང་སྤོབས་པ་རབ་ཏུ་འཐོབ་པའི་སྤྱོད་པ་ཤིན་ཏུ་དཀར་བ་ཡིན། འཁྲུལ་པ་དང་། སྒྲིབ་པ་དང་ཆོད་པ་དང་། ཀུན་ནས་ལྡང་བ་ཐམས་ཅད ་དང་བྲལ་བ་ཡོངས་སུ་དག་པས། དྲན་པ་དང་། ཏིང་ངེ་འཛིན་དང་། གཡེང་བ་མེད་པའི་ཤེས་པ་ཤིན་ཏུ་དཀར་བ་ཡིན། བག་ཡོད་པ་ཡོངས་སུ་དག་པས། བྱང ་ཆུབ་ཀྱི་ཕྱོགས་ཆོས་ཤེས་པ་ཤིན་ཏུ་དཀར་བ་ཡིན། སེམས་དང་ཡིད་དང་རྣམ་པར་ཤེས་པ་ཡོངས་སུ་དག་པས། ཞི་གནས་དང་ལྷག་མཐོང་ཤེས་པ་ཤིན་ཏུ ་དཀར་བ་ཡིན། ཕྱོགས་དང་མི་འཐུན་པའི་ཕྱོགས་དང་། རྒྱུན་དུ་འཆད་པ་དང་། ཆགས་པ་ལས་ཤིན་ཏུ་འདས་པ་ཡོངས་སུ་དག་པས། ས་བཅུ་གནོད་པའི ་ཡེ་ཤེས་ཤིན་ཏུ་དཀར་བ་ཡིན། མི་དགེ་བའི་ཆོས་ཐམས་ཅད་སྤང་བའི་ཕྱིར། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་དག་པས། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་གྱི ་ཡེ་ཤེས་ཤིན་ཏུ་དཀར་བ་ཡིན། བློ་གྲོས་རྒྱ་མཚོ་ཆོས་བཅུ་པོ་དེ་དག་ཤིན་ཏུ་དཀར་བའི་ཕྱིར། ཏིང་ངེ་འཛིན་འདི་ཤིན་ཏུ་དཀར་བ་ཞེས་བྱའོ།། འཕགས་པ ་བློ་གྲོས་རྒྱ་མཚོའི་ཞུས་པ།། ། བམ་པོ་གསུམ་པ།། ་བློ་གྲོས་རྒྱ་མཚོ་ཅིའི་ཕྱིར་དྲི་མ་མེད་པའི་ཕྱག་རྒྱ་ཞེས་བྱ་ཞེ་ན། བློ་གྲོས་རྒྱ་མཚོ་ཉི་ཤུ་པོ་འདི་དག་ནི། དྲི་མ་མེད་པའི་ཕྱག་རྒྱའི་སྒོ་ཡིན་ཏེ། དེ་དག་གིས་ནི་ཏིང ་ངེ་འཛིན་འདི་དྲི་མ་མེད་པའི་ཕྱག་རྒྱ་ཞེས་བྱའོ།། ཉི་ཤུ་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། ངར་འཛིན་པ་ཡོངས་སུ་དག་པས། ནང་ཡོངས་སུ་དག་པ་དྲི་མེད་པའི ་ཕྱག་རྒྱ་དང་། དྲ་ཡིར་འཛིན་པ་ཡོངས་སུ་དག་པས་བྱི་ཡོངས་སུ་དག་འདྲི་མ་མེད་པའི་ཕྱག་རྒྱ་དང་། ལྟ་བར་སོང་བ་ཐམས་ཅད་ཡོངས་སུ་དག་པས། འཇིག ་ཚོགས་ཀྱི་ངོ་བོ་ཉིད་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་གདོད་མ་ནས་ཡོངས་སུ་དག་པའི་ཕྱིར། སེམས་ཅན་ཐམས་ཅད་འདག་མེད་པ་ཡོངས་སུ་དག ་པ་དྲི་མ་མེད་པའི་ཕྱག་རྒྱ་དང་རོ་གཅིག་པའི་ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། ་རྣམ་པར་ཐར་པ་ཐམས་ཅད་ཡོངས་སུ་དག་པའི་ཕྱིར། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། ་ཤིན་ཏུ་ཡོངས་སུ་དག་པའི་ཕྱིར། ནམ་མཁའ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། ཐ་དད་དུ་བྱ་བ་མེད་པའི་ཕྱིར། སེམས་ཅན་གྱི་ཁམས་དང་། ཆོས ་དབྱིངས་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། རང་གི་མངོན་པར་ཤེས་པ་ཡོངས་སུ་དགྲ་ཕྱིར། མངོན་སུམ་དུ་ལེགས་པར་མཐོང་བ་ཡོངས་སུ་དག ་བ་དྲི་མ་མེད་པའི་ཕྱག་རྒྱ་དང་། རྟག་ཏུ་སྣང་ཡོངས་སུ་དག་པའི་ཕྱིར། ཉི་མའི་དཀྱིལ་འཁོར་ལྟར་རབ་ཏུ་གསལ་བ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ ་དང་། ཆགས་པ་ཐམས་ཅད་བྲལ་བའི་ཡོངས་སུ་དག་པའི་ཕྱིར། དུས་སུམ་ལ་ཆགས་པ་མེད་པའི་ཡེ་ཤེས་མཐོང་བ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག ་རྒྱ་དང་། རྣམ་པར་ཤེས་པ་དང་། ཡེ་ཤེས་གནས་མེད་པའི་ཕྱིར་རྣམ་པར་རིག་པའི་སྒོ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། འདུས་བྱས་ཀྱི ་པཔ་དྲི་མ་མེད ་ངོ་བོ་ཉིད་ཡོངས་སུ་དག་པའི་ཕྱིར། འདུས་མ་བྱས་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། རྐྱེན་ཤིན་ཏུ་རྟགས་པའི་ཕྱིར། རྟེན་ཅིང་འབྲེལ་བར ་འབྱུང་བ་རྟོགས་པ་ཡོངས་སུ་དག་པའི་ཕྱག་རྒྱ་དང་། ཡང་དག་པ་ཤེས་རྫི་བ་མེད་པའི་ཡོངས་སུ་དག་པའི་ཕྱིར། སྟོབས་དང་མི་འཇིགས་པ་དང་། ་སངས་རྒྱས་ཀྱི་ཆོས་ཀྱི་རྗེས་སུ་འགྲོ་བ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། སྔོན་ཡོངས་སུ་སྦྱང་བ་བྱས་པ་ཡོངས་སུ་དག་པའི་ཕྱིར། སངས ་རྒྱས་ཀྱི་ཆོས་རྟོགས་པའི་མཚན་ཉིད་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་ཕྱིར། བྱམས ་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། མཐའ་ཐམས་ཅད་དང་བྲལ་བ་ཡོངས་སུ་དག་པའི་ཕྱིར། བདུད ་དང་ཕྱིར་རྒོལ་བ་བཅོམ་པ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། ཆོས་རྣམས་ཀྱི་རང་བཞིན་ཡོངས་སུ་དག་པའི་ཕྱིར། ཉོན་མོངས་པའི་བག ་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་འཇོམ་པ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། ཡང་དག་པར་བླངས་པའི་ཡོང་སུ་རྫོགས་པར་བྱེད། ་བ་ཡོངས་སུ་དག་པའི་ཕྱིར་སེམས་ཀྱི་སྐད་ཅིག་གཅིག་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྒོ་རྟོགས་པ་ཡོངས་སུ་དག་འ་དྲི་མ་མེད ་པའི་ཕྱག་རྒྱ་སྟེ། བློ་གྲོས་རྒྱ་མཚོ་དྲི་མ་མེད་པའི་ཕྱག་རྒྱའི་སྒོ་ཉི་ཤུ་པོ་དེ་དག་གིས་ཏིང་ངེ་འཛིན་དྲི་མ་མེད་པའི་ཕྱག་རྒྱ་བྱ་སྟེ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས། ཏིང་ངེ་འཛིན་གང་རབ་ཏུ་འཐོབ་པའི་ཏིང་ངེ་འཛིན་འདི་ནི་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱ་ཞེས་བྱའོ།། ཏིང་ངེ་འཛིན་འདི་ཐོབ ་མ་ཐག་ཏུ་ཤུགས་ཆེན་པོ་མ་འདྲེས་པ་བརྒྱད་འབྱུང་བར་འགྱུར་ཏེ། བརྒྱད་གང་ཞེ་ན་འདི་ལྟ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད ་རྡོ་རྗེར་གནས་པར་འགྱུར་བ་འདི་ནི་ཤུགས་ཆེན་པོ་མ་འདྲེས་པ་འབྱུང་བ་དང་པོའོ།། ཤིང་ལྗོན་པ་ཐམས་ཅད་ལ་ལོ་མ་དང་མེ་ཏོག་དང་འབྲས་བུ་སྣ་ཚོགས་ཆགས་སྟེ། ་བྱང་ཆུབ་ཀྱི་ཤིང་ག་ལ་བ་དེ་ལོགས་སུ་འདུད་ཅིང་འདུད་ལ་རབ་ཏུ་འདུད་ཏེ། མངོན་པར་རབ་ཏུ་འདུད་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱང་སྐད་ཅིག་དེ་ལ ་ཉོན་མོངས་པ་ཐམས་ཅད་ཀྱིས་གནོད་པར་མི་འགྱུར་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་། བར་གྱི་འཇིག་རྟེན་རྣམས་གསེར་གྱི་ཁ་དོག་ལྟ་བུའི་འོད ་ངན་སོང་བའི་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བྱང་ཆུབ་སེམས་དཔའ་མཐོང་སྟེ། མཐོང་ནས་ཀྱང་ཐམས་ཅད་ཀྱིས་ཚིམ་པར་འགྱུར་བ་དང་།། ་ཀྱིས་ཁྱབ་པར་འགྱུར་བ་དང་། ས་གཡོ་བ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་ཞིང་། སེམས་ཅན་གང་ལའང་རྣམ་པར་གནོན་པར་མི་འགྱུར་བ་དང་། ཕྱོགས ་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཞལ་སྟོན་ཅིང་མི་འཇིགས་པས་དབུགས་འབྱིན་པར་མཛད་དེ། དེད་དཔོན་ཆེན་པོར་རྒྱལ་བར་གྱུར ་ཅིག། རྒྱལ་བར་གྱུར་ཅིག་ཅེས་གསུང་བརྗོད་པ་འགྱུར་བ་དང་། སེམས་ཀྱི་སྐད་ཅིག་གཅིག་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཆུབ་པར་འགྱུར་བ་སྟེ། བློ་གྲོས ་རྒྱ་མཚོ་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་ཐོབ་མ་ཐག་ཏུ་ཤུགས་ཆེན་པོ་མ་འདྲེས་པ་བརྒྱད་པོ་དེ་དག་འབྱུང་བར་འགྱུར་རོ།། འདི་ལྟར་ཏིང་ངེ། ་འཛིན་འདིའི་མཐུས་འདིར་ཡོན་ཏན་གྱི་རྒྱུད་དཔག་ཏུ་མེད་པར་ཡང་ཀུན་ཏུ་སྣང་ངོ་།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། ། ་ཆོས་འདི་དྲི་མེད་དག་དགེ་རང་བཞིན་འོད་གསལ་ཏེ། ནམ་མཁའ་མཚུངས་ཤིང་མཉམ་ལ་གདོད་ནས་བྱུང་བ་མེད། མ་སྐྱེས་མ་བྱུང་གནས་པ་མེད་ཅིང་འགག་པ ་མེད། འདི་ནི་རྒྱལ་བའི་ཕྱག་རྒྱ་དྲི་མེད་གཡོ་བ་མེད། དེའི་རྩ་བའི་གནས་ནི་དབྱེ་བ་མེད་པའི་གཟུངས། བྱམས་པ་དང་ནི་སྙིང་རྗེ་བསྒོམ་བཟུང་དུ་འབྲེལ། དེས ་ན་འགྲོ་བ་ཀུན་གྱིས་བཀུར་ཀྱང་དགའ་མེད།། སྟི་སྟང་མ་བྱས་ཡི་ཚད་མེད་པའི་མཉམ་པའི་བློ།། དེ་ནི་མཉམ་པའི་ཆོས་ལས ་ཡེ་ཤེས་སྐྱེས་གྱུར་ནས།། གཏི་མུག་མུན་པ་ཐམས་ཅད་བཅོམ་སྟེ་རྨོངས་པ་མེད།། ཡེ་ཤེས་ལྡན་པ་ཡིན་གྱི་ང་རྒྱལ་ལྡན་མ་ཡིན།། ངེས་བསམ་མཉམ ་ཆོས་ཤེས་ནས་ཤིན་ཏུ་རྣམ་པར་དག། མཁས་པ་ལུས་ངག་ཡིད་ཀྱིས་ལས་ནི་གང་བྱེད་པ།། ཐམས་ཅད་ཤེས་པས་བྱས་ཏེ་འགྲོ་བ་བདེ་བ་བྱེད།། དེ་ལུས ་རྣམ་པར་དག་པ་སེམས་ཅན་མང་པོས་མཐོང་།། རྒྱལ་པོའི་ཡེ་ཤེས་རྡུལ་མེད་བླ་ན་མེད་ལ་སྨོན།། དེའི་སྤྱོད་ལམ་རྟག་ཏུ་བསྡམས་ཏེ་འཁྲུལ་པ་མེད།། ལྷུན ་གྱིས་གྲུབ་སྟེ་ཐ་མར་མི་རྟོག་རྣམ་རྟོག་མེད།། ལུས་ཀྱི་ཉེས་པ་མཐའ་ཡས་ཇི་ཙམ་གང་བརྗོད་པ།། དེ་དག་དེ་ལ་ཆད་དེ་གདོད་ནས་སྐྱེས་པ་མེད།། དེ་ལུས ་མཚན་གྱིས་རྒྱན་ཏེ་ཤིན་ཏུ་རྣམ་པར་ཕྱེ།། དེའི་རྐང་མཐིལ་འཇམ་ཞིང་བསོད་ནམས་རྣམས་ལས་བྱུང་།། དབང་པོ་ཐམས་ཅད་ཡོངས་སུ་རྫོགས་པས་མཛེས ་ཀྱང་།། མཁས་པ་གཟུགས་ཀྱི་རྒྱགས་ངས་རློམ་སེམས་བྱེད་པ་མེད།། དམན་ཞིང་དབུལ་བས་སྡུག་བསྔལ་སེམས་ཅན་མང་པོ་གང་།། དེ་དག་ལ་ཡང་། ་གུས་བཅས་འདུད་ཅིང་རབ་ཏུ་འདུད།། བདག་ནི་ཆོས་འཛིན་གྱུར་ཅིག་སྙམ་ཏེ་ང་རྒྱལ་མེད།། ཆོས་མཉན་དེས་ནི་བྱང་ཆུབ་དམ་པ་ཐོབ་པར་འགྱུར།། དེ་ཡིས་རང ་གི་ལུས་ཀྱི་ཆོས་ཉིད་ཤེས་ནས་ནི།། དེ་ཡིས་སེམས་ཅན་ཀུན་ལུས་དེ་ལྟར་རྟོགས་པས་ན།། དེ་ནི་ཆོས་ལུས་རྡུལ་དང་བྲལ་བ་ཐོབ་འགྱུར་ཏེ།། ཟང་ཟིང་ལུས ་མིན་ཉོན་མོངས་རྣམས་ལས་ཤིན་ཏུ་གྲོལ།། རྟག་ཏུ་ཏིང་འཛིན་སྤྱོད་ཡུལ་བསམ་གཏན་ཟས་ཅན་འགྱུར།། གཟི་བརྗིད་ཆེན་པོ་ལ་ནི་ཟང་ཟིང་ལུས་མི་སྲིད།། ་སེམས་ཅན་དོན་དུ་ཁ་ཟས་ཟའི་སྟོབས་ཕྱིར་མིན།། འཆི་མེད་དོན་དུ་དེ་ནི་ཆོས་ཀྱི་སྲོག་ཀྱང་འཚོ།། འཕགས་པའི་ཚུལ་ནི་རྟག་སྲུང་ཤིན་ཏུ་རབ་ཏུ་ཞིང་།། འདོད ་ཆགས་ཞེ་སྡང་མུན་ཚོགས་ཤིན་ཏུ་རྣམ་པར་ཕྱེ།། བསླབ་པ་སྦེད་པར་གནས་ཤིང་རྒོད་མེད་མཐུན་པར་སྐྱེས།། མཁས་པ་བདག་གཏོང་བྱེད་ཀྱི་སྡིག་པ་བྱེད་མ་ཡིན།། ་རྫུ་འཕྲུལ་གྱིས་ནི་བྱེ་བ་ཕྲག་མང་ཞིང་སོང་ནས།། སེམས་ཅན་ལུས་དང་འཐུན་པར་བྱས་ཏེ་ཆོས་ཀྱང་སྟོན།། འགྲོ་བའི་གཟུགས་དང་མཚན་དང་རྟགས་ནི་ཅི ་འདྲ་བ།། དེའི་ལུས་ནི་དེ་ལྟ་བུ་དང་མཚུངས་པར་འགྱུར།། དེའི་ལུས་ལས་ཤིན་ཏུ་རྣམ་དག་འོད་བྱུང་སྟེ།། དེ་ནི་ཕྱོགས་བཅུའི་མཐའ་ཡས་ཞིང་རྣམས་ཁྱབ ་བར་བྱེད། དེའི་འོད་དེ་བསོད་ནམས་གཟི་ལྡན་རེག་ན་འཇམ།། སྲོག་ཆགས་ཉོན་མོངས་གདུང་བ་ཐམས་ཅད་ཞི་བར་བྱེད། སེམས ་ཙན་དམྱལ་རྣམས་ན་སེམས་ཅན་བརྒྱ་དག་སྡུག་བསྔལ་བ།། དེ་དག་འོད་ཀྱིས་རེག་མ་ཐག་ཏུ་བདེ་བར་འགྱུར།། ལུས་དང་ཡིད་ཀྱང་དགའ་བར་འགྱུར་བ་རབ་ཏུ ་འཐོབ།། དེ་ནི་སེམས་ཅན་དམྱལ་རབ་ཏུ་ཐར་པའི་རྒྱུ།། འདི་དག་དང་གཞན་ཡང་ལུས་ལས་ཡོངས་སུ་སྦྱོང་བ། མཐའ་ཡས་ལས་རྣམས་ཡེ་ཤེས་ཀྱིས་ནི ་རྣམ་པར་མཁས་པ་ཤིན་ཏུ་དུལ་བ་སངས་རྒྱས་མཛཔ་བྱེད།། རྡུལ་བྲལ་རྣམས་ཀྱི་ལུས་ཀྱི་ལས་འདི་དེ་འདྲའོ།། དེ་དག་ཚིག་ནི་རྣམ་དག་སྒྲ་སྙན་ཡིད་དུ ་འོང་དེ་ནི་ལྷ་དང་ལྷ་མིན་འགྲོ་ཀུན་ཚིམ་པར་བྱེད།། དེ་སྨྲ་བ་ན་འཆད་པ་དོན་མེད་མི་འགྱུར་ཏེ།། ཐེག་པ་བདུད་རྩི་འདུས་བྱས་མིན་འདིར་ངེས་པར་འབྱུང་།། ་ངག་ལས་ངག་གི་ཉེས་པ་ངེས་མང་གང་ཡོད་པ།། དེ་དག་དེའི་བསོད་ནམས་དག་པས་ཀུན་ཏུ་ཆད།། སྐད་རྣམས་མཚུངས་ཤིང་སྒྲ་མཚུངས་གྱུར་པས ་སེམས་ཅན་རྣམས།། སྒྲ་སྐད་ངག་ལས་ཇི་སྙེད་ཀུན་གྱིས་ཚིམ་པར་བྱེད།། དེའི་ངག་ནི་བྱེད་ཅིང་མཉམ་ལ་ཡང་དག་ཉིད།། ཡང་དག་ལུང་སྟོན་བསྒྲིབས ་པ་མེད་ཅིང་མཉམ་པར་བཞག། ཚིག་གང་སྨྲས་པ་དེ་ཡང་བཞིན་འགྱུར་བ་སྟེ།། བདེན་པའི་རྗེས་སུ་འབྲང་བའི་ཤེས་པས་ཤིན་ཏུ་དག། ཐ་བའི་མེད་ཅིང་སྙན ་ལ་འདོད་ཆགས་རབ་ཏུ་ཞི།། ཚར་བཅད་ཡོན་ཏན་སྨྲ་ཞིང་སྐྱོན་ལས་ཤིན་ཏུ་གྲོལ།། ཟབ་ཅིང་ཏིང་དཔག་དཀའ་ལ་ཤིན་ཏུ་ཆད་པ་སྟེ།། དོན་རྣམས་བྱེད་ཅིང ་ཞིང་སྟོང་དག་ཏུ་ཁྱབ་པར་བྱེད།། རྟོགས་པ་མེད་པར་ཚིག་འདི་རབ་ཏུ་སྨྲ་བར་བྱེད།། རང་གི་ངང་གིས་བྱུང་ནས་ཇི་ལྟར་ཐར་གྱུར་སྨྲ།། རྟག་ཏུ་ས་བཞིན ་སེམས་ཅན་དབང་པོ་ཚིམ་པར་བྱེད།། རྣམ་པར་སྦྱོང་བྱེད་ཚིག་མཆོག་འདི་ནི་ཤེས་པས་བྱས།། འདིའི་ཡིད་ལས་རྟག་ཏུ་བསྒྲིབས་མེད་ལེགྲོ་པར་བྱས། སེམས་ཀྱི་སྐད ་ཅིག་གཅིག་གིས་འགྲོ་བའི་སེམས་ཅན་རྣམས།། དེ་ནི་གཡེང་མེད་ཏིང་ངེ་འཛིན་ལས་ཉམས་པ་མེད།། རྒྱུ་མཆོག་དེའི་རྒྱུ་བ་བདུད་ཀྱིས་ཤེས་མ་ཡིན།། དེའི་སེམས ་ཡིད་རྣམ་རྟོག་ཤིན་ཏུ་ཟབ་པ་སྟེ།། རང་རྒྱལ་རྣམས་དང་ཉན་ཐོས་ཀུན་གྱི་ཤེས་པར་དཀའ།། བདག་དང་གཞན་ལ་རྣམ་པར་མི་འཚེ་རྗེས་ཆགས་མེད།། ཁོང་ཁྲོ ་མེད་ཅིང་ཁེངས་པ་མེད་དེ་མཉམ་པའི་བློ།། མཁས་པ་དེ་ནི་འགྲོ་ལ་རིགས་བཞིན་ཤེས་པ་འཇུག། ཚོར་བ་མ་ཡིན་སེམས་དཔའ་མ་ཡིན་རྣམ་རྟོག་མིན།། འཆི་མེད ་དོན་དུ་བྱང་ཆུབ་གནས་སུ་བྱིན་པར་དུ།། ཚོར་བ་འགོག་ལ་བདེ་བར་རྟོག་པར་བྱེད་མ་ཡིན།། ཆོས་བུ་དེ་དག་གང་ལ་རྟག་ཏུ་དག་གྱུར་པ།། ་ཁྱུ་མཆོག་དེ་ལ་ཏིང་འཛིན་འདི་ནི་མངོན་དུ་གྱུར།། གང་ཚེ་འདུག་པའི་སྤྱོད་པ་རྣམ་པར་སྦྱངས་གྱུར་པ།། དཀར་པོའི་ལས་རྣམས་ཀུན་གྱིས་འཕགས་ཤིང་ཡོངས་སུ ་དག་ས་རྣམས་ཇི་བཞིན་ཕ་རོལ་ཕྱིན་པ་ཀུན་སྦྱངས་ཏེ།། དགེ་བ་རྒྱ་ཆེན་པོ་ཐམས་ཅད་ཀྱིས་ནི་མངོན་པ་འཕགས།། བསོད་ནམས་འབྲས་བུས་མཚན་ཀུན་ཤིན ་ཏུ་རྣམ་པར་དག། སྤོབས་པས་ཀྱང་ནི་གཟུངས་རྣམས་མཐའ་ཐུག་མེད་པར་འགྱུར།། མཁས་པ་རྟག་ཏུ་ཐོས་པའི་ཆོས་རྣམས་སྒྲུབས་པར་གནས།། མཁས་པ ་རྟག་ཏུ་དྲ་ལ་མཉམ་བཞག་འཁྲུལ་བ་མེད།། དེ་ལ་ཀུན་ནས་ལྡང་བ་ཀྱིས་འཁྲུལ་པ་ནི།། ཕྲ་རབ་མཐོང་བར་མི་ནུས་སྒྲིབ་ཀུན་རྣམ་པར་དག། བྱང་ཆུབ་ཀྱི་ཕྱོགས ་ཆོས་རྒྱ་ཆེན་མཐའ་ཡས་གང་ཡིན་པ།། ཐམས་ཅད་དེའི་བག་ཡོད་པ་ལ་འདུ་བར་འགྱུར།། ཞི་གནས་མཐར་ལྷག་མཐོང་གིས་ནི་རྟག་ཏུ་ཤེས།། ས་བཅུ་པ་ནི་གནོད ་བར་འགྱུར་ཞིང་ཆགས་པ་མེད།། བྱང་ཆུབ་སྙིང་པོ་སྦྱང་ཕྱིར་ཤིན་ཏུ་རྫོགས་པར་སྨྲ།། དེ་ནི་མི་དགེ་ཀུན་སྤངས་དགྲ་ལས་རྒྱལ་བར་གྱུར།། དགེ་བའི་ཆོས་རྣམས ་ཀུན་གྱིས་འཕགས་པའི་རི་རབ་བཞིན།། དེ་ནི་བསམ་ཡས་དྲི་མེད་འོད་འདི་རབ་ཏུ་ཐོབ།། ཏིང་ངེ་འཛིན་འདི་ཐོབ་མཁས་ཏེ་བསོད་ནམས་བྱས་ནས་ནི།། ཡོངས ་སུ་དག་པའི་ཆོས་མཆོག་ཉི་ཤུ་རབ་ཏུ་འཐོབ།། དེ་དག་གིས་ནི་འགྲོ་བ་ཀུན་ནང་གཉིས་གཞིན་ལྷང་།། རྒྱལ་བའི་ཡེ་ཤེས་བླ་ན་མེད་པའི་བྱང་ཆུབ་རེག་ཤིང་གི ་དྲུང་དུ་ཤུགས་བརྒྱད་བསམ་དུ་མེད་མཐོན་ནས།། དེ་དག་གིས་ནི་ཞིང་བརྒྱད་དག་ན་འགྲོ་དོན་བྱེད།། སངས་རྒྱས་མི་འཇིགས་སྦྱིན་ཞིང་འགྲོ་བའི་དཔའ་བོ་དེ། བདུད ་རྣམས་བཏུལ་བ་བྱས་ནས་བྱང་ཆུབ་མཆོག་ལ་རེག། རྒྱལ་བའི་ཕྱག་རྒྱ་སྤངས་པ་ཐོབ་པར་གྱུར་ནས་ནི།། ཡོན་ཏན་འདི་འདྲ་དེ་ཀུན་བསམ་གྱིས་མི་ཁྱབ་འགྱུར། ་དེ་ལྟ་བས་ན་མི་གང་ཡོན་ཏན་འཕྲེང་བ་འདོད་པ་དེ།། མྱུར་དུ་བྱང་ཆུབ་སེམས་ལ་བརྩོན་འགྲུས་བརྟན་པ་སྐྱེད།། དེ་ནས་བཅོམ་ལྡན་འདས་ཀྱིས།། བྱང་ཆུབ་སེམས། ་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་དཀར་བ་དྲི་མ ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འང་ཐོབ་པར་འདོད་པས།། རྙོག་པ་མེད་པའི་སེམས་དང་། འཁྲུལ་བ་མེད་པའི་སེམས་ཀྱིས་ཤིན་ཏུ་དཀར་ཞིང་དྲི་མ་མེད་པའི་བློ་དང་། ་ལྡན་པར་བྱའོ།། དེ་ལ་རྙོག་པ་མེད་པའི་སེམས་དེ་ནི་གང་སེམས་རང་བཞིན་གྱིས་འོད་གསལ་བ་ལ་བློ་བུར་གྱི་ཉོན་མོངས་པ་རྣམས ་ཀྱི་སྐབས་མེད་པ་དང་། འོད་གསལ་བའི་ཆོས་མི་འགྱུར་བ་ཉིད་དང་། ཡིད་ལ་བྱེད་པ་ཐམས་ཅད་ཀུན་ཏུ་མི་འབྱུང་བ་དང་། འདོད་ཆགས་དང་བྲལ་ཏེ་རྡུལ་མེད ་མེད་པ་དང་། ཞེ་སྡང་དང་བྲལ་ཏེ་རྟོག་པ་མེད་པ་དང་། གཏི་མུག་དང་བྲལ་ཏེ་མུན་པ་མེད་པ་དང་། དག་པ་དང་རྣམ་པར་དག་པ་དང་། ཤིན་ཏུ་དྲི་མ་མེད་པ ་དང་། རྣམ་པར་གྲོལ་བ་ལས་བྱུང་བ་དང་། རྣམ་པར་གྲོལ་བ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་དང་། མཉམ་པའི་རྗེས་སུ་ཞུགས ་བ་དང་། རྣམ་པར་གྲོལ་བ་ཇི་ལྟ་བར་ཆོས་ཐམས་ཅད་དེ་བཞིན་ཏེ། ཆོས་ཀྱི་དབྱིངས་དང་མཉམ་པའི་རྗེས་སུ་ཞུགས་པ་དང་། རྣམ་པར་གྲོལ་བ་ཇི་ལྟ ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ། ཡང་དག་པའི་མཐའ་དང་། མཉམ་པའི་རྗེས་སུ་ཞུགས་པ་དང་། རྣམ་པར་གྲོལ་བ་ཇི་ལྟ་བར་ཆོས་ཐམས ་ཅད་ཀྱང་དེ་བཞིན་ཏེ། སྟོང་པ་ཉིད་དུ་མཉམ་པའི་རྗེས་སུ་ཞུགས་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། ་མ་སྐྱེས་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པར་མཉམ་པའི་རྗེས་སུ་ཞུགས་པའི་དང་། རྣམ་པར་གྲོལ་བ་ཇི་ལྟ་བར་འདུས་བྱས་ཀྱི་ཆོས་རྣམས ་དེ་བཞིན་ཏེ། འདུས་མ་བྱས་ཀྱི་ཆོས་མཉམ་པ་ཉིད་ཀྱིས་མཉམ་པའི་རྗེས་སུ་ཞུགས་པ་སྟེ། གང་འདི་ལ་མཉམ་པ་ཉིད་ཀྱིས་རྗེས་སུ་འགྲོ་བའི་ཡེ་ཤེས ་གདེག་པ་དང་། བཞག་པ་མེད་པ་འདི་ནི་རྙོག་པ་མེད་པའི་སེམས་ཤེས་བྱའོ།། གང་གི་ཚེ་ཆོས་འདི་དག་སེམས་ཅན་གཞན་དང་གང་ཟག་གཞན་དག་ལ ་སྟོན་ཀྱང་བདག་དང་གཞན་དུ་རྣམ་པར་འཁྲུགས་པ་མེད་པ་འདི་ནི་རྙོག་པ་མེད་པའི་སེམས་སོ།། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་རྙོག་པ་མེད་ཅིང ་འཁྲུགས་པ་མེད་པར་གྱུར་པ་དེའི་ཚེ། ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་རབ་ཏུ་འཐོབ་བོགོ།། བློ་གྲོས་རྒྱ་མཚོས་གསོལ་བ། བཅོམ ་ལྡན་འདས་ཏིང་ངེ་འཛིན་ནི་ཟབ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོས་གཏིང་མི་དམིགས་པའི་ཕྱིར་རོ།། གསོལ་པ་བཅོམ ་ལྡན་འདས་ཏིང་ངེ་འཛིན་འདི་ནི་བལྟ་དཀའ་བ་ལགས་སོ།། བཀའ་སྩལ་པ། གཉིས་དང་བྲལ་བའི་ཕྱིར་རོ།། གསོལ་བ། བཅོམ་ལྡན་འདས་ཏིང་ངེ་འཛིན ་འདི་ནི་རྟོག་པར་དཀའ་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ང་རྒྱལ་གྱིས་ལྷག་པར་མི་བྱེད་པའི་ཕྱིར་རོ།། ། ་གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་རྣམ་པར་འཚལ་བར་དཀའ་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་ཤེས་པ ་དང་ལྔ་ཡེ་ཤེས་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་གསལ་བ་ལགས་སོ།། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་རབ་ཏུ་ཐོབ་པའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་ཤིན་ཏུ་ཕྲ་བ་ལགས་སོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔེ་རྣམ་པར་གཞག་པ་དང་བྲལ་བའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་སྙིང་པོ་ལག་སོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་ལྟ་བུའི་ཡེ་ཤེས་རབ་ཏུ་ཐོབ་པའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཏི་ངེ་ངེ་འཛིན་འདི་ནི་དབྱེར་མ་མཆིས ་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་གྱི་མཐའ་དང་བྱི་མི་མཐའ་དབྱེར་མེད་པའི་ཕྱིར། གསོལ་བ། བཅོམ་ལྡན་འདས་ཏིང ་ངེ་འཛིན་འདི་ནི་ཆགས་པ་མ་མཆིས་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆགས་པའི་ལམ་ཐམས་ཅད་ལས་ཤིན་ཏུ་འདས་པའི་ཕྱིར་རོ།། ། ་གསོལ་བ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་སྣང་བར་གྱུར་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཏི་མུགི་མུན་པ་དང་བྲལ་བའི ་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་རྣམ་པར་དག་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་ཀུན་ནས ་ཉོན་མོངས་པ་མེད་པའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་དྲི་མ་མ་མཆིས་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་བཀྵ་འདོད་ཆགས་ཀྱིས་རྡུལ་དང་བྲལ་བའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་རྒྱུ་བ་མ་མཆིས་པ་ལགས་སོ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། ཁམས་གསུམ་དུ་མི་རྒྱུ་བའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་སྤྲོས་པ་མ་མཆིས་པ་ལགས་སོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་མི་གཡོ་བ་ལགསོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་དུ་མཐར་ཐུག་པའི་ཕྱིར་རོ།། གསོལ་བ། བཅོམ་ལྡན་འདས་ཏིང་ངེ་འཛིན། ་འདི་ནི་ཐམས་ཅད་རྗེས་སུ་ཞུགས་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའ་དང་མཚུངས་ཞིང་མཉམ་པའི་ཕྱིར་རོ།། བློ་གྲོས ་རྒྱ་མཚོས་གསོལ་བ། བཅོམ་ལྡན་འདས་བརྩོན་འགྲུས་བརྩམས་པ་ཅི་འདྲ་བ་ཞིག་གིས་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ནི་ཐོབ ་བར་ནུས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། སྐྱེས་བུ་ལ་ལ་ཞིག་ནམ་མཁའ་དང་གཡུལ་འགྱེད་འདོད ་པར་འགྱུར་ན། དེས་ནམ་མཁའི་གོ་ཆ་ཉིད་བགོ་བར་བྱའོ།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་ཐོབ་པར ་འདོད་པས་ཐམས་ཅད་མཉམ་པ་ཉིད་ཀྱི་གོ་ཅ་ཉིད་བགོ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་འགོད་པ་ཅི་འདྲ་བར་འཐོབ་པའང་དེ་འདྲ་བའི ་ཕྱིར་རོ།། བློ་གྲོས་རྒྱ་མཚོ་དེ་ལ་རྣམ་པར་ཤེས་པ་ནི་འདུས་བྱས་ཀྱི་ས་བོན་ནོ།། རྣམ་པར་རིག་པ་མེད་པ་ནི་འདུས་མ་བྱས་ཀྱིས་བོན་ནོ།། ཏིང་ངེ་འཛིན་འདི ་ནི་རྣམ་པར་རིག་པ་མེད་པའི་ས་བོན་ནོ།། ཏིང་ངེ་འཛིན་འདི་ནི་མིག་གི་རྣམ་པར་ཤེས་པར་བྱ་བ་མ་ཡིན། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ་ཡིད་ཀྱི་རྣམ་པར་ཤེས་པ་བྱ་བ་མ་ཡིན་ནོ།། ཏིང་ངེ་འཛིན་འདི་ནི་རྣམ་པར་རིག་པས་རྟོགས་པར་བྱ་བ་མ་ཡིན་ནོ།། ཚོར་བས་མ་ཡིན་ཏེ། ཏིང་ངེ་འཛིན ་འདི་ནི་ཚོར་བ་དང་། རྣམ་པར་རིག་པ་མེད་པའི་མཚན་ཉིད་དོ།། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་དེའི་ཕྱིར། ཡང་དག་པར་རྫོགས་པའི ་སངས་རྒྱས་ཤེས་བྱའོ།། བློ་གྲོས་རྒྱ་མཚོ་ངས་ནི་མཚན་ཉིད་གཞན་གྱིས་ཀུན་ནས་ཉོན་མོངས་པ་མངོན་པར་སངས་རྒྱས་པ་མ་ཡིན། མཚན་ཉིད་གཞན ་གྱིས་རྣམ་པར་བྱང་བ་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་ནས་ཉོན་མོངས་པའི་མཚན་ཉིད་གང་ཡིན་པ་དེ་ཉིད་རྣམ ་བར་བྱ་བའི་མཚན་ཉིད་དེ། འདི་ལྟ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་མཚན་ཉིད་དོ།། རང་བཞིན་གྱིས་རྣམ་པར་དག་པའི་མཚན་ཉིད་གང་ཡིན་པ་དེ ་ནིཿམཚན་ཉིད་མེད་པའོ།། མཚན་ཉིད་མེད་པ་གང་ཡིན་པ་དེ་ནི་མཚན་མ་མེད་པའོ།། མཚན་མ་མེད་པ་གང་ཡིན་པ་དེ་ལ། སོ་སོར་རྣམ་པར་རིག་པ ་ཡང་མེད་དོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་རྣམ་པར་རིག་པ་མེད་ཅིང་རྣམ་པར་རིག་པར་བྱ་བ་མ་ཡིན་པའོ།། ཆོས ་གང་རྣམ་པར་རིག་པ་མེད་ཅིང་། རྣམ་པར་རིག་པར་བྱ་བ་མ་ཡིན་པ་དེ་ལ་ཡི་གེ་རྣམས་ཀུན་ཏུ་མི་འབྱུང་ངོ་།། གང་ལ་ཡི་གེ་རྣམས་ཀུན་ཏུ་མི་འབྱུང་བ ་དེ་ནི་ཇི་ལྟ་བ་བཞིན་ནོ།། ཇི་ལྟ་བ་བཞིན་གང་ཞེ་ན། སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན། བར་དུ་ཡང་དེ་བཞིན་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་དུས ་གསུམ་སྟོང་པ་ཞེས་བྱའོ།། ཅིའི་ཕྱིར་སྟོང་པ་ཉིད་ཅེས་བྱ་ཞེ་ན། དེ་ནི་མ་བྱས་པ། བྱ་བར་འགྱུར་བ་མ་ཡིན་པ། བྱ་བ་མ་ཡིན་པ། རྣམ་པར་བྱང ་བ་མ་ཡིན་སྟེ། དེའི་ཕྱིར་སྟོང་པ་ཉིད་ཅེས་བྱ་བའོ།། བྱ་བ་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། མངོན་པར་འདུ་བྱ་བ་མེད་པ་སྟེ། དེ་ལ་ནི་བྱེད་པས ་བྱས་པའི་ཆོས་གང་ཡང་མེད་དོ།། དེའི་ཕྱིར་དེ་ནི་བྱ་བར་འགྱུར་བ་མེད་པ་ཞེས་བྱའོ།། མངོན་འདུ་བྱ་བ་མེད་པ་གང་ཞེ་ན། གང་ལ་ལུས་ཀྱིས ་མངོན་པར་འདུ་བྱ་བ་མེད་པ་དང་། ངག་གི་མངོན་པ་འདུ་བྱ་བ་མེད་པ་དང་། ཡིད་ཀྱིས་མངོན་པར་འདུ་བྱ་བ་མེད་པ་སྟེ། འདི་ནི་མངོན་པར ་བྱ་བ་མེད་པ་ཞེས་བྱའོ།། མངོན་པར་འདུ་བྱ་བ་མེད་པ་གང་ཡིན་དེ་འདུས་མ་བྱས་ཏེ། དེ་ལ་ནི་སྐྱེ་བ་མེད་འཇིག་པ་མེད། གནས་པ་མེད་དོ།། གང་ལ ་སྐྱེ་བ་མེད་འཇིག་པ་མེད། གནས་པ་མེད་པ་དེ་གནས་པ་མེད་པའོ།། གང་ལ་གནས་པ་མེད་ཅེ་ན། མངོན་པར་འདུ་བྱ་བ་ཐམས་ཅད་ལ་གནས་དེ་མེད་དེ། ་དེའི་ཕྱིར་གནས་དེ་མེད་པ་ཞེས་བྱའོ།། དེ་ལ་ནི་གཟུགས་ལ་སོང་བའི་རྣམ་པར་ཤེས་པ་མི་གནས། ཚོར་བ་ལ་སོང་བ་དང་། འདུ་ཤེས་ལ་སོང་བ་དང་། ་འདུ་བྱེད་ལ་སོང་བ་དང་། རྣམ་པར་ཤེས་པ་ལ་སོང་བའི་རྣམ་པར་ཤེས་པ་མི་གནས་སོ།། རྣམ་པར་ཤེས་པ་མི་གནས་པ་གང་ཡིན་པ་དེ། ཡེ་ཤེས་དང་ལྡན ་བའོ།། ཡེ་ཤེས་དང་ལྡན་པ་གང་ཡིན་པ་དེ་ཡེ་ཤེས་ཀྱིས་རློམ་སེམས་སུ་མི་བྱེད་དོ།། གང་རློམ་སེམས་སུ་མི་བྱེད་པ་དེ། མངོན་པར་རློམ་སེམས་སུ་མེད་དོ།། ་མདོ་པར་རློམ་སེམས་སུ་མི་བྱེད་པ་དེ་མི་རྩོད་དོ།། གང་མི་རྩོད་པ་དེ་ཀུན་ཏུ་མི་འབར་རོ།། གང་ཀུན་ཏུ་མི་འབར་བ་དེ་ཀུན་ཏུ་གདུང་བ་མ་ཡིན་ནོ།། གང་ཀུན་ཏུ་གདུང ་བ་མ་ཡིན་པ་དེ་རབ་ཏུ་འབར་བ་མ་ཡིན་ནོ།། གང་རབ་ཏུ་འབར་བ་མ་ཡིན་པ་དེ་ཞི་བའོ།། ཞི་བ་གང་ཡིན་པ་དེ་རབ་ཏུ་ཞི་བའོ།། རབ་ཏུ་ཞིང་གང་ཡིན་པདེ ་ཉེ་བར་ཞི་བའོ།། ཉེ་བར་ཞི་བ་གང་ཡིན་པ་དེ་ཐུབ་པ་ཞེས་བྱ་བའོ།། སྟོན་པ་ཞེས་བྱའོ།། བློ་གྲོས་རྒྱ་མཚོ་ཆོས་འདི་དག་ནི་འདི ་ལྟར་ཟབ་པའོ།། འདི་ལྟར་བལྟ་བཀའ་བའོ།། འདི་ལྟར་རྟོགས་པར་བཀའ་བའོ།། གང་དག་གིས་ཆོས་འདི་དག་ཐོས་ནས་མོས་པར་བྱེད་པ་དེ་དག་ཐམས ་ཅད་ཕྱིན་ཅི་ལོག་དང་། ཉེ་བའི་ཉོན་མོངས་པ་དང་། ཡོངས་སུ་འཛིན་པ་དང་། འཆིང་བ་ཐམས་ཅད་ལས་རྣམ་པར་གྲོལ་ཏེ། དེ་དག་ནི་འདས་པ་དང་། ་མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཀྱི་མཛོད་འཛིན་པ་དག་གོ།། དེ་དང་དེ་ནི་དེད་དཔོན་ཆེན་པོ་སྟེ། སེམས ་ཅན་ཐམས་ཅད་ལ་ལམ་ཚད་མེད་པ་སྟོན་པ་དག་གོ།། དེ་དང་དེ་དག་ནི་སྨན་པའི་རྒྱལ་པོ་སྟེ། ཉོན་མོངས་པའི་གཟུགས་ཅན་མ་ཡིན་པའི་ནད་ལས་རབ་ཏུ ་ཐར་པར་བྱེད་པ་དག་གོ།། དེ་དང་དེ་དག་ནི་མཆོད་པ་མཆོག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་དག་སྟེ། དེ་དག་ནི་རིང་པོར་མི་ཐོགས་པར་ཤིན ་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་རོ།། དེ་དག་ནི་ཐེག་པ་ཆེན་པོ་འདིར་ངེས་པ་བྱས་པ་དག་གོ།། དེ་དག་ནི་ཆོས་ཀྱུ་ཆེན་པོ ་ཡང་དག་པར་སྦྱང་བ་དག་གོ།། དེ་དག་ནི་སེམས་ཅན་ཚད་མེད་པ་དག་འཁོར་བའི་ཆུའོ་ཆེན་པོ་ལས་སྒྲོལ་བར་འགྱུར་བ་དག་གོ།། དེ་དག་ནི་ཡང་བདུད་ཀྱི་ཡུ ་དུ་བརྗོད་པ་མ་ཡིན་པ་དག་གོ། སྐྱེས་བུ་དམ་པ་དེ་དག་ནི་བདུད་དང་། ཕྱིར་རྒོལ་བ་བཅོམ་པ་དག་གོ།། ། ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོ་རྒྱ་མཚོས ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བདུད་ཕྱིར་རྒོལ་བ་བཅོམ་པའི་ལགས། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། བློ་གྲོས་རྒྱ་མཚོ་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འཛིན་པ་ཐམས་ཅད་དོན་དུ་མི་གཉེར་བ་དེའི་ཚེ་བདུད ་ཕྱིར་རྒོལ་བ་བཅོམ་པ་ཡིན་ནོ།། གང་གི་ཚེ་མཚན་མ་དང་དམིགས་པ་ཐམས་ཅད་དོན་དུ་མི་གཉེར་བ་དེའི་ཚེ། བདུད་ཕྱིར་རྒོལ་བ་བཅོམ་པ་ཡིན་ནོ།། ་བློ་གྲོས་རྒྱ་མཚོ་བདུད་ནི་བཞི་པོ་འདི་དག་སྟེ། བཞི་གང་ཞེ་ན། ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི ་བདུད་དང་། བཞི་པོ་དེ་དག་ནི་བདུད་དོ།། དེ་ལ་སྒྱུ་མའི་ཆོས་སུ་སོ་སོར་རྟོགས་པས་ཕུང་པོའི་བདུད་འཇོམ་མོ།། སྟོང་པ ་ཉིད་ངེས་པར་སེམས་པ་ལ་སོ་སོར་རྟོགས་པས་ཉོན་མོངས་པའི་བདུད་འཇོམ་མོ།། སྐྱེ་བ་མེད་པ་དང་། འབྱུང་བ་མེད་པར་སོ་སོར་རྟོགས་པས་འཆི་བདག ་གི་བདུད་འཇོམ་མོ།། ང་རྒྱལ་གྱིས་སྒྲོ་བཏགས་པ་ཐམས་ཅད་འགོག་པར་འགྱུར་བའི་ལམ་གྱིས་ལྷའི་བུའི་བདུད་འཇོམ་མོ།། གཞན་ཡང་སྡུག་བསྔན ་ཡོངས་སུ་ཤེས་པས་ཕུང་པོའི་བདུད་འཇོམ་མོ།། ཀུན་འབྱུང་བ་སྤངས་པས་ཉོན་མོངས་པའི་བདུད་འཛེམ་མོ།། འགོག་པ་མངོན་སུམ་དུ་བྱེད་པས་འཆི་བདག ་གི་བདུད་འཇོམ་མོ།། ལམ་བསྒོམས་པས་ལྷའི་བུའི་བདུད་འཇོམ་མོ།། གཞན་ཡང་འདུ་བྱེད་ཐམས་ཅད་ལ་སྡུག་བསྔལ་དུ་སོ་སོར་རྟོག་པས་ཕུང་པོའི ་བདུད་འཇོམ་མོ།། འདུ་བྱེད་ཐམས་ཅད་ལ་མི་རྟག་པར་སོ་སོར་རྟོག་པས་ཉོན་མོངས་པའི་བདུད་འཇོམ་མོ།། ཆོས་ཐམས་ཅད་བདག་མེད་པར་སོ་སོར་རྟོགས ་བས་འཆི་བདག་གི་བདུད་འཇོམ་མོ།། མྱ་ངན་ལས་འདས་པ་ལ་ཞི་བར་སོ་སོར་རྟོགས་པས་ལྷའི་བུའི་བདུད་འཇོམ་མོ།། བློ་གྲོས་རྒྱ་མཚོ་གཞན་ཡང་གང་གི ་ཆེ་བྱང་ཆུབ་སེམས་དཔའ་ནང་གི་ཉོན་མོངས་པའི་དྲི་མ་སྤངས་ཏེ། བྱང་ཆུབ་ཀྱི་སེམས་མ་བརྗེད་པར་སྦྱིན་པ་བྱིན་ནས། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས ་སུ་སྔོ་བར་བྱེད་པ་དེའི་ཚེ། ཕུང་པོའི་བདུད་ཚར་གཅོད་པ་ཡིན་ནོ།། གང་གི་ཚེ་ལུས་ལ་མི་ལྟ་ཞིང་ལུ་མ་ཆགས་པར་སྦྱིན་པ་བྱིན་ནས། ཐམས་ཅད་མཁྱེན ་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པ་དེའི་ཚེ་ཉོན་མོངས་པའི་བདུད་ཚར་གཅོད་པ་ཡིན་ནོ།། གང་གི་ཚེ་ཀྱེ་མ་ལོངས་སྤྱོད་འདི་ནི་མི་རྟག་པ་ཐུན་མོང་བ་སྟེ། དེ་དག ་ལས་བདག་གིས་སྙིང་པོ་བླངས་པར་འགྱུར་རོ་སྙམ་སྟེ། སྦྱིན་པ་བྱིན་ནས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པ་དེའི་ཚེ། འཆི་བདག་གི ་བདུད་ཚར་ཆོད་པ་ཡིན་ནོ།། གང་གིས་ཚེ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས། སེམས་ཅན་ཐམས་ཅད་བསྡུ་བའི་ཕྱིར་རབ་ཏུ་ཐར་པར ་བྱ་བའི་བློས་སྦྱིན་པ་བྱིན་ནས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པ་དེའི་ཚེ། ལྷའི་བུའི་བདུད་ཚར་གཅོད་པ་ཡིན་ནོ།། བློ་གྲོས་རྒྱ་མཚོ་གཞན ་ཡང་བྱང་ཆུབ་སེམས་དཔའ་སྲིད་པར་འགྲོ་བའི་སྐྱེ་བ་ལ་མངོན་པར་འདོད་པ་མེད་པར་ཚུལ་ཁྲིམས་སྲུང་བས་ཕུང་པོའི་བདུད་ཚར་གཅོད་དོ།། བདག་མེད་པར ་ལྟ་བ་ལ་གནས་ཏེ། ཚུལ་ཁྲིམས་སྲུང་བས་ཉོན་མོངས་པའི་བདུད་ཚར་གཅོད་དོ།། ཚུལ་ཁྲིམས་ཡོངས་སུ་དག་པ་སྟེ། ་རྒ་ཤི་ལས་ཡོངས་སུ་བཟླ་བའི་ཕྱིར་ཚུལ་ཁྲིམས་སྲུང་བས་འཆི་བདག་གི་བདུད་ཚར་གཅོད་དོ།། བདག་གིས་ཚུལ་ཁྲིམས་འཆལ་བའི་སེམས་ཅན་རྣམས ་འཕགས་པའི་ཚུལ་ཁྲིམས་ལ་རབ་ཏུ་དགོད་པར་བྱའོ་སྙམ་སྟེ། ཚུལ་ཁྲིམས་སྲུང་བའི་ལྷའི་བུའི་བདུད་ཚར་གཅོད་དོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ ་སེམས་དཔའ་བདག་མི་དམིགས་པར་བཟོད་པ་བསྒོམ་པས་ཕུང་པོས་བདུད་ཚར་གཅོད་དོ།། སེམས་ཅན་མི་དམིགས་པར་བཟོད་པ་བསྒོམ་པས་ཉོན་མོངས ་བའི་བདུད་ཚར་གཅོད་དོ།། འཁོར་བ་མི་དམིགས་པར་བཟོད་བསྒོམ་པས་འཆི་བདག་གི་བདུད་ཚར་གཅོད་དོ།། མྱ་ངན་ལས་འདས་པ་མི་དམིགས་པར། ་བཟོད་པ་བསྒོམ་པས་ལྷའི་བུའི་བདུད་ཚར་གཅོད་དོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་ལུས་དབེན་པར་བརྩོན་འགྲུས་རྩོམ་པས་ཕུང ་བོའི་བདུད་ལས་ཤིན་ཏུ་འདའོ།། སེམས་དབེན་པས་བརྩོན་འགྲུས་བརྩོམ་པས་ཉོན་མོངས་པའི་བདུད་ལས་ཤིན་ཏུ་འདའོ།། སྐྱེ་བ་མེད་པ་དང་འབྱུག ་བ་མེད་པར་བརྩོན་འགྲུས་རྩོམ་པས་འཆི་བདག་གི་བདུད་ལས་ཤིན་ཏུ་འདའོ།། འཁོར་བས་ཡོངས་སུ་མི་སྐྱོ་བར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་།། ་དམ་པའི་ཆོས་ཡོངས་སུ་བཟུང་བའི་ཕྱིར། བརྩོན་འགྲུས་རྩོམ་པས་ལྷའི་བུའི་བདུད་ལས་ཤིན་ཏུ་འདའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས ་དཔའ་ཕུང་པོ་ལ་མི་གནས་པར་བསམ་གཏན་བྱེད་པས་ཕུང་པོའི་བདུད་ལས་ཤིན་ཏུ་འདའོ།། ཁམས་ལ་མི་གནས་པར་བསམ་གཏན་བྱེད་པས་ཉོན་མོངས ་བའི་བདུད་ལས་ཤིན་ཏུ་འདའོ།། སྐྱེ་མཆེད་ལ་མི་གནས་པར་བསམ་གཏན་བྱེད་པས་འཆི་བདག་གི་བདུད་ལས་ཤིན་ཏུ་འདའོ།། བསམ་གཏན་གྱི་ཡན ་ལག་དེ་དག་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པས་ལྷའི་བུའི་བདུད་ལས་ཤིན་ཏུ་འདའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ ་ཀྱི་ཕུང་པོ་ལ་མཁས་པར་གྱུར་པས། ཕུང་པོའི་བདུད་ལས་རྒྱལ་ལོ།། ཤེས་རབ་ཀྱིས་ཁམས་ལ་མཁས་པར་གྱུར་པས་ཉོན་མོངས་པའི་བདུད་ལས ་རྒྱལ་ལོ།། ཤེས་རབ་ཀྱིས་སྐྱེ་མཆེད་ལ་མཁས་པར་གྱུར་པས་འཆི་བདག་གི་བདུད་ལས་རྒྱལ་ལོ།། ཤེས་རབ་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ ་ལ་མཁས་པར་གྱུར་པ་ལ་ཡང་དག་པའི་མཐའ་ཡང་དག་པའི་མཐའ་ཡང་མངོན་དུ་མི་བྱེད་པས་ལྷའི་བུའི་བདུད་ལས་རྒྱལ ་ལོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་སྟོད་པར་མོས་པས་ཕུང་པོའི་བདུད་ཀྱིས་སྐབས་མི་རྙེད་དོ།། ཆོས་ཐམས ་ཅད་མཚན་མ་མེད་པར་ཡིད་ཅེས་པས་ཉོན་མོངས་པའི་བདུད་ཀྱིས་སྐབས་མི་རྙེད་དོ།། ཆོས་ཐམས་ཅད་སྨོན་པ་མེད་པར་སོམ་ཉི་མེད་པས་འཆི་བདག་གི ་བདུད་ཀྱིས་སྐབས་མི་རྙེད་དོ།། ཆོས་ཐམས་ཅད་ལ་མངོན་པར་འདུ་བྱ་བ་མེད་པར་ཐེ་རྩོམ་མེད་ལ། དགེ་བའི་རྩ་བ་མངོན་པར་འདུ་བྱ་བས་ལྷའི་བུའི་བདུད ་ཀྱིས་སྐབས་མི་རྙེད་དོ།། བློ་གྲོས་རྒྱ་མཚོ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་ཉེ་བར་གཞག་པ ་བསྒོམ་ཞིང་ལུས་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་ཀྱང་རྣམ་པར་མི་རྟོག་པ་དེའི་ཚེ། ཕུང་པོའི་བདུད་ཡང་དག་པར་འཇོམ་མོ།། གང་གི ་ཚེ་ཚོར་བ་རྣམས་ལ་ཚོར་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་ཞིང་ཚོར་བ་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་ཀྱང་རྣམ་པར་མི་རྟོག ་བ་དེའི་ཚེ། ཉོན་མོངས་པའི་བདུད་ཡང་དག་པར་འཇོམ་མོ།། གང་གི་ཚེ་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་ཞིང ་སེམས་དང་ལྷན་ཅིག་སོང་བའི་རྣམ་པར་མི་རྟོག་པ་དེའི་ཚེ། འཆི་བདག་གི་བདུད་ཡང་དག་པར་འཇོམ་མོ།། གང་གི་ཚེ་ཆོས་རྣམས་ལ་ཆོས་ཀྱི ་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་ཞིང་ཆོས་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་ཀྱང་རྣམ་པར་མི་རྟོག་ལ། བྱང་ཆུབ་ཀྱི་བསམ ་པ་ཡང་འཁྲུག་པར་མི་བྱེད་པ་དེའི་ཚེ། ལྷའི་བུའི་བདུད་ཡང་དག་པར་འཇོམ་མོ།། བློ་གྲོས་རྒྱ་མཚོ་བདུད་ཀྱི་ལས་འདི་དག་ཐམས་ཅད་ནི་བདག ་གི་ཀུན་ནས་ལྡང་བས་ཀུན་ནས་ལངས་པ་དགྲ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་བདག་གི་ཀུན་ནས་ལྡང་བ་ཀུན་ནས་ལངས་པར་མི་བྱེད་དོ།། བདག ་གང་ཡིན་པ་དེ་ནི་བདག་མ་ཡིན་ཞིང་བདག་མེད་པ་སྟེ། དེ་ལ་ཆོས་གང་གི་ཀུན་ནས་ལྡང་བ་ཡང་མེད་དོ།། དེ་དེ་ལྟར་སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས ་རིགས་ནས། གང་གི་ཚེ་སེམས་ཅན་མི་ཤེས་པ་རྣམས་ཀྱི་ཆེད་དུ་ཐེག་བློའི་གོ་ཆ་གྱོན་པ་དེའི་ཚེ། བདག་ཏུ་སྒྲོ་འདོགས་པ་དང་། གཞན་དུ་སྒྲོ་འདོགས ་པའི་ཕྱིར་གོ་ཆ་མི་གྱོན་ནོ།། གོ་ཅ་བགོས་ནས་ཀྱང་ཇི་ལྟར་ན་བདག་གི་གོ་ཆ་འདི་དོན་ཡོད་པར་འགྱུར་སྙམ་དུ་དཔྱད་དེ། ་དེ་འདི་སྙམ་དུ་བདག་གིརྒྱུ་འདི་ནི་བདག་རྣམ་པར་གཞིག་པའི་ཕྱིར་བགོས་པ་མ་ཡིན། སེམས་ཅན་དང་སྲོག་དང་གསོ་བ་དང་། སྐྱེས་བུ་དང་གང་ཟག་རྣམ་པར་གཞིག ་བའི་ཕྱིར་བགོས་པ་མ་ཡིན་གྱི། སེམས་ཅན་དག་གང་ལ་རྟེན་ནས་བདག་དང་སེམས་ཅན་དང་། སྲོག་དང་གསོ་བ་དང་། སྐྱེས་པ་དང་། གང་ཟག་ཏུ་ལྟ་བ་ལ་གནས ་བར་བྱེད་པའི་གནས་དེ་བདག་གིས་སྤང་བར་བྱའོ་སྙམ་དུ་སེམས་སོ།། གནས་དེ་གང་ཞེ་ན། འདི་ལྟ་སྟེ། ཕྱིན་ཅི་ལོག་ནི་གནས་སོ།། ཕུང་པོ་དང་། ཁམས ་དང་རྫ་སྐྱེ་མཆེད་ནི་གནས་སོ།། དེ་འདི་ལྟར་ན་སེམས་ཕྱིན་ཅི་ལོགས་གྱུར་ཏེ། མི་རྟག་པ་ལ་རྟག་པར་འདུ་ཤེས་པ། སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ། ་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ། མི་སྡུག་པ་ལ་སྡུག་པར་འདུ་ཤེས་པ་རྣམས་ལ་འདུ་ཤེས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ།། དེ་ལ་འདུ་ཤེས ་ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། འཛིན་པ་མེད་པ་དང་། མཆོག་ཏུ་འཛིན་པ་མེད་པ་དང་། གང་འཛིན་པ་མེད་པ་དེ། མཆོག་ཏུ་འཛིན་པར་མི་བྱེད་དོ།། ་གང་མཆོག་ཏུ་འཛིན་པར་མི་བྱེད་པ་དེ་ཀུན་རྨོངས་པ་མེད་དོ།། དེ་ཀུན་ཏུ་རྨོངས་པ་མེད་པས་འདུ་ཤེས་ཡོངས་སུ་ཤེས་སོ།། གསོལ་བ་ཅི་ལགས། འདས་པ་རྣམས་ཀྱི ་འམ་ལྔ་མ་འོངས་པ་རྣམས་ཀྱི་འམ། ད་ལྟར་བྱུང་བ་རྣམས་ཀྱིའམ། འདུ་ཤེས་གང་ཡོངས་སུ་འཚལ། བཀའ་སྩལ་པ། འདས་པ་རྣམས་ཀྱི་ཡང་མ་ཡིན།། ་མ་འོངས་པ་རྣམས་ཀྱི་ཡང་མ་ཡིན། ད་ལྟར་བྱུང་བ་རྣམས་ཀྱི་ཡང་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདས་པའི་འདུ་ཤེས་ནི་ཟད་པའོ།། མ་འོང་བའི་འདུ་ཤེས ་ནི་མ་ཕྱིན་པའོ།། ད་ལྟར་བྱུང་བའི་འདུ་ཤེས་རྣམས་ནི་གནས་པ་མེད་པ་སྟེ། གང་དུས་གསུམ་དུ་འདུ་ཤེས་མི་དམིགས་པ་ནི་འདུ་ཤེས་ཡོངས་སུ་ཤེས་པའོ།། ་དེ་འདུ་ཤེས་ཡོངས་སུ་ཤེས་པ་དང་ལྡན་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པ་སྤྱོད་དོ།། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཡང་རབ་ཏུ་ཤེས་སོ།། ་བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་ནི་ཇི་སྲིད་དུ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་རབ་ཏུ་མི་ཤེས་པ་དེ་སྲིད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པ ་ལ་སྤྱོད་པ་ཡིན་ཏེ། གང་གི་ཚེ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་རབ་ཏུ་ཤེས་པ་དེའི་ཚེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པ་ལ་སྤྱོད་དོ།། ཇི ་དེ་དག་གི་སྤྱོད་པ་རྣམས་རབ་ཏུ་ཤེས་པ་དེ་ལྟར་ཆོས་སྟོན་ཏོ།། སེམས་ཅན་སྤྱོད་པ་ཇི་ལྟ་བ་རྣམས་ཀྱི་སྤྱོད་པ་དེ་ལ་བཟློག་པའི་ཕྱིར་ཡང ་ཉེ་བར་སྟོན་ཏོ།། བློ་གྲོས་རྒྱ་མཚོ་འདོད་ཆགས་ཀྱི་བསམ་པ་ཅན་ལ་ཞེ་སྡང་ལ་སྦྱོར་བའི་བསམ་པ་ཅན་དག་ཀྱང་ཡོད་དོ།། ཞེ་སྡང་གི་བསམ་པ་ཅན་ལ་འདོད་ཆགས ་ལ་སྦྱོར་བ་དག་ཀྱང་ཡོད། ཞེ་སྡང་གི་བསམ་པ་ཅན་ལ་གཏི་མུག་ལ་སྦྱོར་བ་དག་ཀྱང་ཡོད། གཏི་མུག་གི་བསམ་བསམ་པ་ཅན་ལ་ཞེ་སྡང་ལ་སྦྱོར་བ་དག་ཀྱང་ཡོད་གཏི ་མུག་གི་བསམ་པ་ཅན་ལ་འདོད་ཆགས་ལ་སྦྱོར་བ་དག་ཀྱང་ཡོད། འདོད་ཆགས་ཀྱི་བསམ་པ་ཅན་ལ་གཏི་མུག་ལ་སྦྱོར་བ་དག་ཀྱང་ཡོད།། འདོད་ཆགས་དང་ཞེ་སྡང ་གི་བསམ་པ་ཅན་ལ་གཏི་མུག་ལ་སྦྱོར་བ་དག་ཀྱང་ཡོད། ཞེ་སྡང་དང་གཏི་མུག་གི་བསམ་པ་ཅན་ལ་འདོད་ཆགས་ལ་སྦྱོར་བ་དག་ཀྱང་ཡོད། གཏི་མུག་དང ་འདོད་ཆགས་ཀྱི་བསམ་པ་ཅན་ལ་སྦྱོར་བ་དག་ཀྱང་ཡོད་དོ།། བློ་གྲོས་རྒྱ་མཚོ་འདོད་ཆགས་བཅོས་མ་ཅན་ལ་ཞེ་སྡང་གི་ཚར་གཅད་པར་བྱ་བའི་སེམས་ཅན་དག་ཀྱང ་ཡོད། ཞེ་སྡང་བཅོས་མ་ཅན་ལ་འདོད་ཆགས་ཚར་གཅད་པར་བྱ་བ་དག་ཀྱང་ཡོད། ཞེ་སྡང་བཅོས་མ་ཅན་ལ་གཏི་མུག་ཚར་བཅད་པར་བྱ་བ་དག་ཀྱང་ཡོད། གཏི་མུག ་བཅོས་མ་ཅན་ལ་ཞེ་སྡང་ཚར་བཅད་པར་བྱ་བ་དག་ཀྱང་ཡོད། གཏི་མུག་བཅོས་མ་ཅན་ལ་འདོད་ཆགས་ཚར་བཅད་པར་བྱ་བ་དག་ཀྱང་ཡོད། འདོད་ཆགས་བཅོས ་མ་ཅན་ལ་གཏི་མུག་ཚར་བཅད་པར་བྱ་བ་དག་ཀྱང་ཡོད། འདོད་ཆགས་དང་ཞེ་སྡང་བཅོས་མ་ཅན་ལ་གཏི་མུག་ཚར་བཅད་པར་བྱ་བ་དག་ཀྱང་ཡོད། གཏི་མུག་དང ་འདོད་ཆགས་བཅོས་མ་ཅན་ལ་ཞེ་སྡང་ཚར་བཅད་པར་བྱ་བ་དག་ཀྱང་ཡོད། བློ་གྲོས་རྒྱ་མཚོ་སྔར་འདོད་ཆགས་ཅན་ལ། ཕྱིས་ཞེ་སྡང་ཅན་དང་སྔར་འདོད་ཆགས ་ཅན་ལ། ཕྱིས་ཞེ་སྡང་ཅན་དང་སྔར་ཞེ་སྡང་ཅན་ལ་ཕྱིས་འདོད་ཆགས་ཅན་དང་། སྔར་ཞེ་སྡང་ཅན་ལ་བྱིས་གཏི་མུག་ཅན་དང་། སྔར་གཏི་མུག་ཅན་ལ་ཕྱིས་གཏི། ་མུག་ཅན་དང་། སྔར་གཏི་མུག་ཅན་ལ་ཕྱིས་འདོད་ཆགས་ཅན་དང་། སྔར་འདོད་ཆགས་ཅན་ལ་ཕྱིས་གཏི་མུག་ཅན་དང་། སྔར་ཞེ་སྡང་ཅན་ལ་ཕྱིས་གཏི་མུག་ཅན ་དང་ལྔ་སྔར་ཞེ་སྡང་དང་གཏི་མུག་ཅན་ལ་ཕྱིས་ཞེ་སྡང་ཅན་དང་། སྔར་གཏི་མུག་ཅན་ལ་ཕྱིས་འདོད་ཆགས་ཅན་ལ་ཕྱིས་གཏི་མུག་ཅན་དང་། སྔར་ཞེ་སྡང་ཅན ་ལ་ཕྱིས་གཏི་མུག་ཅན་དང་། སྔར་ཞེ་སྡང་དང་གཏི་མུག་ཅན་ལ་ཕྱིས་འདོད་ཆགས་ཅན་དང་། སྔར་གཏི་མུག་དང་འདོད་ཆགས་ཅན་ལ། བྱིས་ཞེ་སྡང་ཅན་གྱི་སེམ ་ཅན་དག་ཀྱང་ཡོད། བློ་གྲོས་རྒྱ་མཚོ་གཟུགས་ལ་འདོད་ཆགས་ལ། སྒྲ་ལ་ཞེ་སྡང་ཅན་དང་། སྒྲ་ལ་འདོད་ཆགས་ལ། ་གཟུགས་ལ་ཞེ་སྡང་ཅན་དང་། དྲི་ལ་འདོད་ཆགས་ཅན་ལ། རོ་ལ་ཞེ་སྡང་ཅན་དང་། རོ་ལ་འདོད་ཆགས་ཅན་ལ་དྲི་ལ་ཞེ་སྡང་ཅན་དང་། རེག་ལ་འདོད ་ཆགས་ལ། ཆོས་ལ་ཞེ་སྡང་ཅན་དང་། ཆོས་ལ་འདོད་ཆགས་ཅན་ལ། རེག་ལ་ཞེ་སྡང་ཅན་གྱི་སེམས་ཅན་དག་ཀྱང་ཡོད་དོ།། བློ་གྲོས་རྒྱ་མཚོ་གཟུགས ་ལས་དབེན་པས་འདུལ་བར་འགྱུར་གྱི། སྒྲ་ལས་དབེན་པས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། སྒྲ་ལས་དབེན་པས་འདུལ་བར་འགྱུར་གྱི། གཟུགས ་ལས་དབེན་པས་མ་ཡིན་པ་དག་ཀྱང་ཡོད། དྲི་ལས་དབེན་པས་འདུལ་བར་འགྱུར་གྱི། རོ་ལས་དབེན་པས་མ་ཡིན་པ་དག་ཀྱང་ཡོད། རོ་ལས་དབེན ་བས་འདུལ་བར་འགྱུར་གྱི། དྲི་ལས་དབེན་པས་མ་ཡིན་པ་དག་ཀྱང་ཡོད། རེག་ལས་དབེན་པས་འདུལ་བར་འགྱུར་གྱི། ཆོས་ལས་དབེན་པས་མ་ཡིན ་བ་དག་ཀྱང་ཡོད། ཆོས་ལས་དབེན་པས་འདུལ་བར་འགྱུར་གྱི། རེག་ལས་དབེན་པས་མ་ཡིན་པ་དག་ཀྱང་ཡོད་དོ།། བློ་གྲོས་རྒྱ་མཚོ་ལུས་དབེན་པར་འདུལ ་བར་འགྱུར་གྱི། སེམས་དབེན་པས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། སེམས་དབེན་པས་འདུལ་བར་འགྱུར་གྱི། ལུས་དབེན་པས་མ་ཡིན་པ་དག ་ཀྱང་ཡོད། ལུས་དབེན་པ་དང་སེམས་དབེན་པར་འགྱུར་བ་དག་འགོད། ལུས་དབེན་པ་དང་སེམས་དབེན་པས་འདུལ་བར་འགྱུར་བ་མ་ཡིན་པ་དག་ཀྱང་ཡོད་དོ།། ། ་བློ་གྲོས་རྒྱ་མཚོ་མི་རྟག་པའི་སྒྲ་འདུལ་བར་འགྱུར་གྱི། སྡུག་བསྔལ་དང་བདག་མེད་པ་དང་། ཞི་བའི་སྒྲ་རྣམས་ཀྱིས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད ་སྡུག་བསྔལ་གྱི་སྒྲས་འདུལ་བར་མ་གྱུར་གྱི། མི་རྟག་པ་དང་། བདག་མེད་པ་དང་། ཞི་བའི་སྒྲ་ལས་རྣམས་ཀྱིས་མ་ཡིན་པ་དག་ཀྱང་ཡོད། བདག་མེད་པའི ་སྒྲས་འདུལ་བར་འགྱུར་གྱི། མི་རྟག་པ་དང་། སྡུག་བསྔལ་བ་དང་། ཞི་བའི་སྒྲ་རྣམས་ཀྱིས་མ་ཡིན་པ་དག་ཀྱང་ཡོད། ཞི་བའི་སྒྲས་འདུལ་བར་འགྱུར ་གྱི། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པའི་སྒྲ་རྣམས་ཀྱིས་མ་ཡིན་པ་དག་ཀྱང་ཡོད་དོ།། བློ་གྲོས་རྒྱ་མཚོ་ཀུན་བརྗོད་པའི་ཆོ་འཕྲུལ ་གྱིས་འདུལ་བར་འགྱུར་གྱིས། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་འདུལ་བར ་འགྱུར་གྱི། ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འདུལ ་བར་འགྱུར་གྱི། ཀུན་བརྗོད་པ་དང་། རྗེས་སུ་བརྟན་པའི་ཆོ་འཕྲུལ་གྱིས་མ་ཡིན་པའི་སེམས་ཅན་དག་ཀྱང་། ཀུན་རྗོད་པའི་ཆོ་འཕྲུལ་གྱིས་རྣམ་པར ་གྲོལ་བར་འགྱུར་བ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་རྣམ་པར་གྲོལ་བར་འགྱུར་བ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་རྣམ་པར་གྲོལ་བར་འགྱུར ་བའི་སེམས་ཅན་དག་ཀྱང་ཡོད་དོ།། བློ་གྲོས་རྒྱ་མཚོ་སྦྱོར་བ་མྱུར་ལ། རྣམ་པར་གྲོལ་བ་བུལ་བའི་སེམས་ཅན་དག་ཀྱང་ཡོད། སྦྱོར་བ་བུལ་ལ་རྣམ་པར ་གྲོལ་བ་མྱུར་བ་དག་ཀྱང་ཡོད། སྦྱོར་བ་ཡང་བུལ་བ་རྣམ་པར་གྲོལ་བ་ཡང་བུལ་བ་དག་ཀྱང་ཡོད། སྦྱོར་བ་མྱུར་བ་རྣམ་པར་གྲོལ་བ་ཡང་མྱུར་བ་དག་ཀྱང ་ཡོད། བློ་གྲོས་རྒྱ་མཚོ་རྒྱུ་རྣམས་ཀྱིས་རྣམ་པར་གྲོལ་གྱི། རྐྱེན་རྣམས་ཀྱིས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། རྐྱེན་རྣམས་ཀྱིས་རྣམ་པར་གྲོལ་གྱི། ་རྒྱུ་རྣམས་ཀྱིས་མ་ཡིན་པ་དག་ཀྱང་ཡོད། རྒྱུ་རྣམས་དང་རྐྱེན་རྣམས་ཀྱིས་རྣམ་པར་གྲོལ་བ་དག་ཀྱང་ཡོད། རྒྱུ་རྣམས་དང་རྐྱེན་རྣམས་ཀྱིས་རྣམ་པར་གྲོལ་བ ་མ་ཡིན་པ་དག་ཀྱང་ཡོད་དོ།། བློ་གྲོས་རྒྱ་མཚོ་ནང་གི་སྐྱོན་མཐོང་བས་རྣམ་པར་གྲོལ་གྱི། ཕྱི་རོལ་གྱི་སྐྱོན་མཐོང་བས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད་དོ།། ་ཕྱི་རོལ་གྱི་སྐྱོན་མཐོང་བས་རྣམ་པར་གྲོལ་གྱི་ནང་གི་སྐྱོན་མཐོང་བས་མ་ཡིན་པ་དག་ཡོད། ནང་གི་སྐྱོན་མཐོང་བ་དང་། ཕྱི་རོལ་གྱི་སྐྱོན་མཐོང་བས་རྣམ་པར ་གྲོལ་བ་དག་ཀྱང་ཡོད། ནང་གི་སྐྱོན་མཐོང་བ་དང་ཕྱི་རོལ་གྱི་སྐྱོན་བྱས་རྣམ་པར་གྲོལ་བ་མ་ཡིན་པ་དག་ཀྱང་ཡོད་དོ།། བློ་གྲོས་རྒྱ་མཚོ་སླ་བའི་ལམ་གྱིས ་རྣམ་པར་གྲོལ་བ་ཐོབ་པར་འགྱུར་གྱི། དཀའ་བའི་ལམ་གྱིས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། དཀའ་བའི་ལམ་གྱིས་འགྱུར་གྱི། སླ་བའི་ལམ ་གྱིས་མ་ཡིན་པ་དག་ཀྱང་ཡད། དཀའ་བ་དང་སླ་བའི་ལམ་གྱིས་འགྱུར་བ་དག་ཀྱང་ཡོད། སླ་བ་དང་དཀའ་བའི་ལམ་གྱིས་རྣམ་པར་གྲོལ་བ་ཐོབ ་པར་མི་འགྱུར་བ་དག་ཀྱང་ཡོད་དོ།། བློ་གྲོས་རྒྱ་མཚོ་མགུལ་བསལ་བའི་སྒྲས་འདུལ་བའི་སེམས་ཅན་དག་ཀྱང་ཡོད། རབ་ཏུ་བརྟན་པས་འདུལ་བ ་དག་ཀྱང་ཡོད།། ཚར་བཅད་པས་འདུལ་བ་དག་ཀྱང་ཡོད། རབ་ཏུ་བཟུང་བས་འདུལ་བ་དག་ཀྱང་ཡོད། སྡུག་པའི་རྣམ་པས་འདུལ་བ་དག་ཀྱང ་ཡོད། མི་སྡུག་པའི་རྣམ་པས་འདུལ་བ་དག་ཀྱང་ཡོད། ཞེ་སྡང་གི་རྣམ་པས་འདུལ་བ་དག་ཀྱང་ཡོད། བྱམས ་པའི་རྣམ་པས་འདུལ་བ་དག་ཀྱང་ཡོད། སྨ་དབབ་པས་འདུལ་བ་དག་ཀྱང་ཡོད། རྟེན་ཅིང་འབྲེལ་པར་འབྱུང་བས་འདུལ་བ་དག་ཀྱང་ཡོད།། ་རྗེས་སུ་མཐུན་པར་རྒྱུ་བས་འདུལ་བ་དག་ཀྱང་ཡོད། སྤྱིའུ་ཚུགས་སུ་རྒྱུ་བས་འདུལ་བ་དག་ཀྱང་ཡོད། སྣརེལ་ཞིར་རྒྱུ་བས་འདུལ་བ་དག་ཀྱང་ཡོད།། ་དྲན་པ་ཉེ་བར་གཞག་པའི་སྒྲས་འདུལ་བ་དག་ཀྱང་ཡོད། ཡང་དག་པའི་སྤོང་བས་འདུལ་བ་དག་ཀྱང་ཡོད། རྫུ་འཕྲུལ་གྱི་རྐང་པའི་སྒྲས་འདུལ ་བ་དག་ཀྱང་ཡོད། དབང་པོའི་སྒྲས་འདུལ་བ་དག་ཀྱང་ཡོད། སྟོབས་ཀྱིས་སྒྲས་འདུལ་བ་དག་ཀྱང་ཡོད། བྱང་ཆུབ་ཀྱི་ཡན་ལག་གི་སྒྲས་འདུལ ་བ་དག་ཀྱང་ཡོད། ལམ་གྱི་སྒྲས་འདུལ་བ་དག་ཀྱང་ཡོད། ཞི་གནས་ཀྱི་སྒྲས་འདུལ་བ་དག་ཀྱང་ཡོད། ལྷག་མཐོང་གི་སྒྲས་འདུལ་བ་དག ་ཀྱང་ཡོད། བློ་གྲོས་རྒྱ་མཚོ་འཕགས་པའི་བདེན་པས་བསྟན་པའི་སྒྲས་འདུལ་བའི་སེམས་ཅན་དག་ཀྱང་ཡོད་དོ།། བློ་གྲོས་རྒྱ་མཚོ་དེ་ལྟར་ན། སེམས ་ཅན་གྱི་སྤྱོད་པ་བསམ་གྱིས་མི་ཁྱབ། སེམས་ཅན་གྱི་བསམ་པ་བསམ་གྱི་མི་ཁྱབ། སེམས་ཅན་གྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པོ།། དེ་ལ་བྱང་ཆུབ་སེམས ་དཔལ་འཇུག་པ་བསམ་གྱིས་མི་ཁྱབ་པ་ལ་ཞུགས་ནས། སེམས་ཅན་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་སྤྱོད་པ་འཇུག་པར་ནུས་སོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། ་དཔེར་ན། ཀུན་ནས་ཞགས་པ་ཞེས་པའི་དྲ་བ་དེར་ཅུག་པར་གྱུར་ལ། སྐྱེས་བུ་དེས་ཞགས་པ་ཐམས་ཅད་ལས་འབྱིན་པ་ཞེས་བྱ་བའི་སྔགས་ཀྱི་རིགས་པའི་སྟོབས ་བསྐྱེད་ན། དྲ་བ་དེར་བཅུག་མ་ཐག་ཏུ་སྔགས་ཀྱི་རིག་པའི་སྟོབས་ཀྱིས་ཞགས་པའི་འཆིང་བ་ཐམས་ཅད་བཅད་ནས། གར་དགའ་བ་དེར་འགྲོའོ།། བློ་གྲོས ་རྒྱ་མཚོ་དེ་བཞིན་དུ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ལ་ཞུགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་ཀྱི ་རིག་པའི་སྟོབས་ཀྱིས་སེམས་ཅན་དེ་དག་ཐམས་ཅད་ཀྱི་ཉོན་མོངས་པའི་འཆིང་བ་ཐམས་ཅད་གཅོད་དེ། སངས་རྒྱས་ཀྱི་ཡེ་ཤེས་དེ་ལ་མ་རེག་ཀྱང་སངས་རྒྱས་ཀྱི་མཛད ་པས་སེམས་ཅན་རྣམས་ལ་ཉེ་བར་གནས་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་ཇི་ཙམ་དུ་སེམས་ཅན་གྱི་སྤྱོད་པ་ཚད་མ་མཆིས་པ་དང་། ཇི་ཙམ་དུ་སངས་རྒྱས་ཀྱི་མཁྱེན་པ་བསམ་གྱིས་མི་ཁྱབ་པ་ངོ་མཚར་ཏོ།། བཅོམ ་ལྡན་འདས་གང་གི་ཚེ། བྱང་ཆུབ་སེམས་དཔའ་ལས་དང་པོ་བས། སེམས་ཅན་གྱི་སྤྱོད་པ་ཚད་མ་མཆིས་པ་དང་། སངས་རྒྱ་ཀྱི་མཁྱེན་པ་ཚད་མ་མཆིས་པ་འདི་དག ་ཐོས་ནས་མི་སྐྲག་མི་དངང་། དངང་བར་མི་འགྱུར་བ་འདི་ནི་བདག་ལ་ཤིན་ཏུ་ངོ་མཚར་དུ་གདའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ ་བ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། སེང་གེའི་ཕྲུ་གུ་སེང་གེའི་སྒྲ་ཐོས་ན་སྐྲག་པ་འམ་དངང་བ་འམ། དང ་བར་འགྱུར་བ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ ་སེམས་དཔའ་ལས་དང་པོ་པའི་ཡང་དེ་བཞིན་གཤེགས་པའི་སེང་གེའི་སྒྲ་ཐོས་ན། མི་སྐྲག་མི་དངང་། དངང་བར་མི་འགྱུར་རོ།། སེམས་ཅན་གྱི་སྤྱོད་པ་ཚད་མེད ་བ་ཐོས་ཀྱང་འཇིག་པར་མི་འགྱུར་རོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། མེའི་སྣང་བ་ཆུང་ངུ་ཡང་ཤིང་དང་རྩ་ཐམས་ཅད་ཀྱིས་མི་སྐྲག་སྷོ། དེ་འདི་སྙམ་དུ ་ཚིག་པར་བྱེད་མི་ནུས་སོ།། སྙམ་དུ་མི་སེམས་སོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ཤེས་རབ་ཀྱི་སྣང་བ་ཆུང་ངུ་ཡང་སེམས ་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་ཀྱིས་མི་སྐྲག་སྟེ། དེ་འདི་སྙམ་དུ་བདག་གིས་ཉོན་མོངས་པ་ཞི་བར་བྱེད་མི་ནུས་སོ།། སེམས་ཅན་ཐམས་ཅད་ཀྱི་ཉོན ་མོངས་པ་དེ་ཉིད་ལ་ཚུལ་བཞིན་དུ་ངེས་པར་བརྟགས་ནས་ཤེས་རབ་ཀྱི་འགྱུར་རོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན། ཡོངས་སུ་བརྟག་པ་ཉེ་བར ་བཟུང་སྟེ། མེ་དང་རྩ་དང་ཤིང་དང་། ལོ་མ་དང་ཡལ་ག་ཐམས་ཅད་འཐབ་ཅིང་རྩོད་པ་ཆེན་པོ་བྱ་བར་བརྩམས་ཏེ། ཉི་མ་བདུན་ན་གཡུལ་ཆེན་པོ ་འགྱེད་དོ་སྙམས་ནས། དེ་ན་ཙཱ་དང་ཤིང་དེ་དག་གིས་དེ་ལས་གཞན་པའི་རྩཝ་དང་ཤིང་ཐམས་ཅད་བསྡུས་ཏེ། ངེད་ཀྱི་དཔུང་གི་ཤིག། ངེད་ཀྱི་གྲོགས ་ཀྱིས་ཤིག་ཅེས་བྱས་ནས། དེ་ན་ཙཱ་དང་ཤིང་གི་ཕུང་པོ་རི་རབ་ཙམ་བསྡུ་བར་གྱུར་ལ། དེ་ནས་འགའ་ཞིག་མེ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་སྨྲས ་སོ།། དེ་ཅིའི་ཕྱིར་ཁྱོད་དཔུང་མི་སྡུད། ཁྱོད་རྩ་དང་ཤིང་འདི་དག་ལས་གཅིག་པུས་རྒྱལ་བར་བྱ་སྙམ་འམ། དེ་ནས་མི་དེས་འདི་སྐད་ཅེས་སྨྲས་སོ།། ་འདིར་བདག་དཔུང་བསྡུ་བ་བྱ་མི་དགོས་སོ།། དེ་ཅིའི་ཕྱིར་ཞེ་ན། རྩཝ་དང་ཤིང་ཕྱིར་རྒོལ་དེ་དག་ཉིད་བདག་གི་གྲོགས་ཡིན། ་ཏེཿཇི་ལྟ་ཇི་ལྟར་འདི་དག་མང་པོར་གྱུར། དེ་ལྟ་དེ་ལྟར་བདག་སྟོབས་དང་རབ་ཏུ་ལྡན་པར་འགྱུར་རོ།། གལ་ཏེ་འདི་དག་མེད་པར་འགྱུར་ན་བདག་ཀྱང་མྱུར ་དུ་འཆིའོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཚད་མེད་པ་དག་ལ་ཤེས་རབ་ཀྱི་མེ་ཚད་མེད ་བ་རབ་ཏུ་གཏོང་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་ཏེ། དེ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དེ་དག་ལ་ཚུལ་བཞིན་དུ ་ཉེ་བར་བརྟགས་ནས། ཤེས་རབ་ཀྱི་རྒྱུར་འགྱུར་རོ།། གལ་ཏེ་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་མེད་པར་བྱ་བར་འདོད་ཅིང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས ་བ་རྣམས་ལ་གཡེལ་ན། དེ་མྱུར་དུ་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་རོ།། ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་རྣམ་གྲངས་འདིས་འདི་ལྟར ་རིག་པར་བྱ་སྟེ། ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ལ་ཚུལ་བཞིན་ཡིད་ལ་བྱེད་པས་ཡང་དག་པར་ཇི་ལྟ་བ་བཞིན་དུ་སོ་སོར ་རྟོག་པ་དེ་ལྟ་དེ་ལྟར་ཤིན་ཏུ་སྟོབས་ལྡན་པར་འགྱུར་ཏེ། གལ་ཏེ་དེ་ལྟ་བུ་ཐོས་ནས་མི་སྐྲག་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་རིག་པར་བྱའོ།། ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན། སྦྲུལ་གདུག་པའི་ཕྲུ་གུ་ནི་གྲོགས་མི་དགོས་པར་ཟའོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ ་ཡང་གྲོགས་མི་དགོས་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡང་དག་པར་སྡུད་དེ། གཅིག་པུ་གཉིས་སུ་མེད་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡང་དག་པར་བསྡུད།། ། ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན། སྲིན་བུ་མེད་ཁྱེར་བརྒྱ་སྟོང་གིས་ཀྱང་ཉི་མའི་འོད་ཟིལ་གྱིས་གནོན་མི་ནུས་སོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཉོན་མོངས ་བ་ཐམས་ཅད་ཀྱི་ཀྱང་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་འོད་ཟིལ་གྱིས་གནོན་མི་ནུས་སོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན། དུག་གི་གཉེན་པོ་ནང ་མེད་པར་བྱེད་པ་ཆུང་ངུས་ཀྱང་དུག་ཤིན་ཏུ་མང་པོ་ཞི་བར་བྱེད་དོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ནད་མེད་པ་ཆུང་ངུས་ཀྱང་ཉོན་མོངས ་བའི་དུག་མང་པོ་ཞི་བར་བྱེད་དོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན། བར་སྣང་ལས་རོ་གཅིག་པའི་ཆུའི་རྒྱུན་འབབ་པ། བབ་ནས་སྣོད་ཀྱི་བྱེ་བྲག་གིས ་རོ་བྲོ་བ་ཐ་དད་དུ་འགྱུར་རོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་རྣམ་པར་གྲོལ་བའི་ཡེ་ཤེས་རོ་གཅིག་པ་ཡང ་དག་པར་སྒྲུབ་སྟེ། སེམས་ཅན་གྱི་དབང་པོ་ཐ་དད་པ་རྣམས་ལ་ཆོས་བསྟན་པ་ཐ་དད་པ་སྟོན་ཏོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། གང་དུ་འཛམ་བུའི་ཆུ ་བོའི་གསེར་བྱུང་བ་དེར་རིན་པོ་ཆེ་ཐམས་ཅད་མོག་མོག་པོར་འགྱུར་རོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་གང་དུ་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་འབྱུང་བ་དེར་ཉན་ཐོས་དང་། ་རང་སངས་རྒྱས་ཐམས་ཅད་མོག་མོག་པོར་འགྱུར་རོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འབྱུང་བ་དེའི་ཚེ། རྒྱལ་ཕྲན་ཐམས ་ཅད་དེ་ལ་ཕྱག་འཚལ་ལོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་གང་གི་ཚེ་ཆོས་ཀྱིས་རྒྱལ་པོའི་བུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་ཚེ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི ་འཇིག་རྟེན་གྱིས་ཕྱག་བྱ་བར་འགྱུར་རོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། བསོད་ནམས་མ་བྱས་པའི་སེམས་ཅན་རྣམས་ལ་དབྱིག་གི་ཆར་མི་འབབ་བོ། ཤ་ར་དྭ་ཏིའི ་བུ་དེ་བཞིན་དུ་དགེ་བའི་བརྩ་བ་མ་བསྐྱེད་པའི་སེམས་ཅན་རྣམས། ལ། བྱང་ཆུབ་ཀྱི་སེམས་མི་སྐྱེའོ།། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ། ་། བམ་པོ་བཞི་པ།། ཤ་ར་ད་ཏིའི་བུ་འདི་ལྟ་སྟེ་དཔེར ་ན། བུ་རམ་ཤིང་གི་ས་བོན་མེད་པར་ཤ་ཁར་མི་འབྱུང་ངོ་།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་མེད་པར་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འགྲུབ་བོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་གང་སྨན་དུ་མི་མཐོང་བའི་གཟུགས་སུ་སྣང ་བ་དེ་གང་ཡང་མེད་དོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔས་ཀྱང་གང་བྱང་ཆུབ་ཏུ་མི་མཐོང་བའི་ཆོས་སུ་སྣང ་བ་དེ་གང་ཡང་མེད་དོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན། ལྷ་མ་ཡིན་གྱིས་ཉི་མ་དང་ཟླ་བའི་གཞལ་མེད་ཁང་གི་རིམ་པ་རྒྱུན་མི་གཅོད་པར་མི་ནུས་སོ།། ཤ་ར ་དྭ་ཏིའི་བུ་དེ་བཞིན་དུ་བདུད་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་ཀྱི་ལམ་ཀུན་ཏུ་བཅད་པར་མི་ནུས་སོ།། ཤ་ར་དྭ་ཏིའི ་བུ་འདི་ལྷ་སྟེ། དཔེ་ན།། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ནི། ནམ་མཁའ་ལ་གཞལ་མེད་ཁང་ན་གནས་སོ།། ཤར་དྭ་ཏིའི་བུ་དེ་བཞིན་དུ་རབ་པོ་ལ་སྤྱོད ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཀྱང་དེ་དང་འདྲ་བ་ཉིད་དོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྣོད་དུ་བྱེད་པ་ཇི་སྙེད་དུ་ནམ་མཁའ་འཇུག་ཀྱང་ནམ་མཁའ་ནི་བྲི་བ་འམ་གང་བ་མེད་དོ།། ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡོངས་སུ་བསྔོ་བའི་སྟོབས་ཇི་སྙེད་དུ་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་འཛིན་ཀྱང་། སངས་རྒྱས་ཀྱི ་ཆོས་རྣམས་བྲི་བའམ་གང་བ་མེད་དོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྐྱེས་བུའི་སྟོབས་ཇི་ཙམ་པ་དེ་ཙམ་དུ་ནམ་མཁའ་ལ་མདའ་འཕངས་པ་འགྲོ ་ཡང་ནམ་མཁའ་ལ་མཐའ་ཐུག་པ་གང་ཡང་མེད་དོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་དད་པའི་སྟོབས་ཇི་ཙམ་དེ་ཙམ་དུ་སངས་རྒྱས་ཀྱི་ཆོས ་རྣམས་ལ་མོས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ལ་མཐའ་ཐུག་པ་གང་ཡང་མེད་དོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན། རྫ་མཁན་གྱིས་སྣོད་དུ་མ་བྱས ་བ་དག་སྣོད་ཀྱི་མིང་མི་འཐོབ་བོ།། ཤ་ར་དྭ་ཏིའི་དེ་བཞིན་དུ་དགེ་བའི་རྩ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡང་ཕ་རོལ་ཏུ་ཕྱིན་པ་མིང་མི་འཐོབ་བོ།། ཤར ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སུས་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐོང་བ་དེ་ཕྱིས་རྒྱལ་ཕྲན་ཐམས་ཅད་ལ་རེ་བར་མི་བྱེད་དོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ ་སུས་ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་མཐོང་དེ་ཕྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་རེ་བར་མི་བྱེད་དོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར ་ན། བ་ལང་གི་རྗེས་ཀྱི་ཆུ་ལས་རིན་པོ་ཆེ་ཐམས་ཅད་མི་འབྱུང་ངོ་།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཉན་ཐོས་ཀྱི་ཚུལ་ཁྲིམས་ལས་དཀོན་མཆོག་གསུམ་པོ་དག ་མི་འབྱུང་ངོ་།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན།། རྒྱ་མཚོ་ཆེན་པོ་ལས་རིན་པོ་ཆེ་ཐམས་ཅད་འབྱུང་ངོ་།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས ་དཔའི་ཚུལ་ཁྲིམས་དང་། ཐོས་པའི་རྒྱ་མཚོ་ལས་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་སྟེ། དཀོན ་མཆོག་གསུམ་པོ་དག་འབྱུང་ངོ་།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། རྒྱལ་པོའི་བུ་བཙས་ནས་རིང་པོར་མ་ལོན་པ་ནི་རྒྱལ་པོ་ཞེས་འམ་རྒྱལ་པོ་མ་ཡིན ་བ་ཞེས་ཀྱང་མི་རྗོད་དོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་བ་ཡང་། སངས་རྒྱས་ཤེ་འམ། སངས་རྒྱས་མ་ཡིན་པ་ཞེས ་ཀྱང་མི་བརྗོད་དོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་བྱི་དོར་མ་བྱས་པ་ལ་ནི་མངོན་པར་འདུ་བྱ་བར་མི ་འགྱུར་རོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་ཆོས་སྟོན་པ་ལ་འཇིགས་པ་མེད་པ་ཡིན་ནོ།། ཤ་ར་དྭ་ཏིའི་བུ་འདི ་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་བྱི་དོར་བྱས་ཏེ། འོད་གསལ་བ་ནི་དགའ་བ་ཡང་དག་པར་སྐྱེད་པ་ཡིན་ནོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས ་དཔའ་ཡུན་རིང་པོ་རུ་སྤྱད་པ། ཆོས་བསྟན་པ་རྣམས་ལ་འཇིགས་པ་མེད་པ་ཡང་། སེམས་ཅན་ཐམས་ཅད་ཀྱི་དགའ་བ་ཡང་དག་པར་སྐྱེད་པ་ཡིན།། ། ་ཤྭ་ར་ད་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ནི་ཆུ་དུ་ཡང་ཁྱད་དུ་མི་བསོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་ཆུང་འདུ་ཟིན་ཀྱང་གནས་ཁང་ངམ། ་ཁྱིམ་འམ། ཁང་པར་བཅུག་ན། དེ་ཐམས་ཅད་སྣང་བར་བྱེད་དོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ལ་ཡང་བསྙེས་པར ་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བྱང་ཆུབ་ཐོབ་ནས། སངས་རྒྱས་ཀྱི་འོད་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེངས་པར་འགྱུར་བའི་ཕྱིར་རོ།། ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་གང་དག་རིན་ཐང་མེད་པ་དེ་དག་ནི་ཡང་བ་ཡིན་ནོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ ་གང་དག་ཕྱིར་མི་ལྡོག་པར་འགྱུར་བ་དེ་དག་ང་རྒྱལ་མེད་པ་ཡིན་ནོ།། ཤ་ར་དཱ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ལོ་ཏོག་ཡོངས་སུ་རྫོགས་པ་ནི་གཡུར་ཟའོ།། ཤ་ར་དཱ་ཏིའི ་བུ་དེ་བཞིན་དུ་དཀར་པོའི་ཆོས་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ལ་འདུད་དོ།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། གང་ས ་ཆེན་པོ་འདི་ཚིག་པར་བྱེད་པའི་སྲེག་པའི་སྐལ་བའི་མེ་དེ་ནི་གང་ནས་ཀྱང་མི་འོང་ངོ་།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་མེ་གང་གིས།། ་བག་ཆགས་ཀྱི་མཚམས་སྦྱོར་བར་གྱུར་པའི་ཉོན་མོངས་པ་རྣམས་བསྲེགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བ་དེ་ཡང་གང ་ནས་ཀྱང་མི་འོང་ངོ་།། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཚིག་པ་འམ་མ་ཚིག་པ་ཡང་རུང་སྟེ། ན་མཁའི ་ངོ་བོ་ཉིད་དོ།། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཡང་རུང་། མངོན་པར་རྫོགས་པར་འཚང་རྒྱ་ཡང་རུང་སྟེ། ་ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་ངོ་བོ་ཉིད་དོ།། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་རྣམས་བསྡུ་བའི་ཕྱིར། དེ་བཞིན་གཤེགས་པས ་དཔེ་ཉེ་བར་བཀོད་པ་བསྟན་པ་དག་བྱང་ཆུབ་སེམས་དཔའ་གང་དག་གིས་ཐོས་ནས་མོས་པར་འགྱུར་བ་དེ་དག་ཐམས་ཅད་དཔེ་འདི་ལྟ་བུ་གྲུབ་པ་ཉིད་དུ་འགྱུར་རོ།། བཅོམ ་ལྡན་འདས་ཀྱིས་དཔེའི་འཕྲེངས་པ་བསྟན་པ་འདི་བཤད་པ་ན། སྲོག་ཆགས་ཁྲི་བཞི་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྐྱེད་དོ།། དེ་ནས ་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། སངས་རྒྱས་བྱང་ཆུབ་མཆོག་ཏུ་བལྟ་དཀའ་སྟེ།། ཟབ་ཅིང་ཕྲ་ལ་དྲི་མེད་ཅི་ཡང་མེད།། དེ ་བས་མི་གང་རྣམ་འཚང་རྒྱ་འདོད་པ།། དེས་འདིར་ཆོས་རྣམས་ལ་ནི་ཐོགས་མི་བྱ།། ཡེ་ཤེས་ཤིན་ཏུ་དག་ཅིང་བཅོས་མ་ཡིན།། ཀུན་ཏུ་སྣང་བར་གྱུར་ཅིང་འོད ་གསལ་ཏེ།། དྲི་མེད་ཕྱག་རྒྱ་ལ་ནི་རབ་གནས་པས།། བྱང་ཆུབ་དམ་པ་འདི་ལ་རེག་པར་ནུས།། སྔོན་གྱི་མཐའ་མ་ཕྱི་མའི་མཐར་ཡང་རུང་།། སེམས་ནི་དག ་ཅིང་རང་བཞིན་འོད་གསལ་ལོ།། ཉོན་མོངས་གང་གིས་ཡིད་ནི་ཉེ་ཉོན་མོངས།། དེ་དགེ་ཚུལ་བཞིན་གྱིས་ནི་ཡོངས་སུ་སྤངས།། འདི་ལ་བྱེད་པ་མེད་ཅིང་ཆོར ་བ་མེད།། ཆོས་རྣམས་ཐམས་ཅད་རྗེ་མེད་ཡམ་བརླ།། གང་ཟག་མེད་ཅིང་བདག་གིས་བདག་མེད་བསྟན།། སྤྱི་ལམ་ངོ་བོ་ཉིད་དེ་ནམ་མཁའ་འདྲ།། འདི་དག ་ལུས་ཀྱི་ལས་ཀྱིས་རབ་བྱེ་མིན།། ངག་གམ་སེམས་ཀྱིས་རྣམ་པར་བརྟགས་མ་ཡིན།། ཡང་དག་ཏུ་ན་བྱས་མིན་གཞན་མིན་ཏེ།། དེ་དག་ལ་ནི་དཔེའ་བྱར་མི ་ནུས་སོ།། ནམ་མཁའ་མཚུངས་ཤིང་དྲི་མེད་ངོ་བོ་ཉིད།། གཟུགས་ཅན་མ་ཡིན་བསྟན་དུ་མ་ཡིན།། མིག་གིས་ཤེས་བྱ་མ་ཡིན་ན་སྣས་མིན།། ལྕེ་དང ་ལུས་དང་ཡིད་རྣམས་ཀྱིས་ཀྱང་མིན།། མཚན་ཉིད་མ་ཡིན་མཚན་ཉིད་རྣམ་པར་ལྡོག། ཞི་བ་གནས་མེད་ཟླ་བའི་གཟུགས་བརྙན་འདྲ།། དེ་ལ་སེམས་མི་རྒྱུ ་སྟེ་ཡིད་ཀྱང་མིན།། རྣམ་ཤེས་མ་ཡིན་འདུ་ཤེས་སེམས་དཔའ་མིན།། དེ་དག་མི་ཤེས་ལས་དང་དེ་བཞིན་དུ། རྣམ་པར་ཤེས་པའི་ལས་ཀྱིས་ཤེས་མི་ནུས།། ་ཡི་གེ་རྣམས་ཀྱིས་ཆོས་འདི་བརྙེད་པ་གང་།། སངས་རྒྱས་ཐུགས་རྗེས་འདི་ནི་བླ་ན་མེད།། སེམས་ཅན་གང་དག་སྔོན་ཅད་བྱས་ལྡན་ཞིང་།། དགེ་བའི ་བཤེས་གཉེན་གྱིས་ཀྱང་ཡོངས་ཟིན་པ།། དེ་དག་འདྲིའི་ཆོས་འདི་ཐོས་ནས་ནི།། དགའ་བ་རྒྱ་ཆེན་ཟང་ཟིང་མེད་པ་འཐོབ།། འདི་ནི་ཅི་སེམས་ཀྱི ་ཞིག་བྱེད་ཅིག་ཅེས།། དེ་དག་བདུད་ཀྱིས་སྐྱོན་ཆགས་མི་རྙེད་དེ།། སེམས་དང་སེམས་ཀྱིས་སྤྱོད་ཡུལ་མི་ཤེས་ན།། ་བར་དུ་བདུད་ལས་བྱེད་པར་ག་ལ་འགྱུར།། བདུད་བཞི་འདི་ལས་ཤིན་ཏུ་འདས་ནས་ནི།། རིག་པ་དང་ནི་བློ་དང་བསོད་ནམས་དང་། ང་ཚུལ་གྱིས་སངས་རྒྱས ་སྤྱོད་ཡུལ་རབ་གནས་པ།། བྱང་ཆུབ་སྤྱོད་པ་དམ་པ་འདི་ལ་སྤྱོད།། གང་ཞིག་སེམས་ཅན་ཀུན་གྱི་སྤྱོད་ཤེས་པ།། དེ་ནི་བྱང་ཆུབ་སྤྱོད་མཆོག་འདི་ལ་སྤྱོད།། ་དེ་ཡིས་སྤྱོད་རྣམ་མང་པོ་འདི་ཐོས་ནས།། དེའི་མཚན་ཉིད་ཆོས་ཀྱང་རབ་ཏུ་སྟོན།། འགྲོ་བའི་སྤྱོད་པ་འདི་ནི་སྣ་ཚོགས་ཏེ།། ཕན་ཚུན་དམིགས་པར་ཡང་དག ་རབ་ཏུ་ལྡན།། བདག་མེད་དེ་དག་སྤྱོད་ཡུལ་དེ་ཤེས་ནས།། ཁྱད་པར་ངེས་པར་བསྟན་པ་ལུང་ཡང་སྟོན།། དེ་ནི་སེམས་ཅན་ཆགས་མང་ཆགས་པ་ཡོད།། ་དེ་དག་ཞེ་སྡང་བག་ཉལ་རྣམ་པ་མང་།། དེ་དག་ཞེ་སྡང་ཉོན་མོངས་གཟིར་བར་སྣང་།། དེ་དག་གཏི་མུག་ཆེན་པོས་གནོད་པར་གྱུར།། དེ་ལྟར་འགྲོ་བའི་སྤྱོད་པ་སྣ ་ཚོགས་ཏེ།། དེ་ལ་འཇུག་པ་དང་ནི་མཚན་མ་དང་།། རྐྱེན་དང་དམིགས་པའང་ཁོང་དུ་ཆུད་བྱས་ལ།། དེའི་འོག་ཏུ་དེའི་མཚན་ཉིད་བསྟན།། ཀུན་ནས་ཞགས་པའི ་དྲ་བར་རབ་ཏུ་བཅུག། རིག་པ་འཛིན་པའི་སྐྱེས་བུ་མཁས་གསལ་བ།། དེས་ནི་ཞགས་པ་ཐམས་ཅད་རབ་བཅད་ནས། ཇི་ལྟར་འདོད་པ་བཞིན་དུ་མ་སྣད་འགྲོ། ་དེ་ལྟར་བྱང་ཆུབ་སེམས་དཔའ་དཔའ་མཁས་པ།། འགྲོ་བ་ཀུན་ལ་སེམས་ཀྱི་བསམ་ཞུགས་ནས།། ཉོན་མོངས་དེ་དག་ཐམས་ཅད་རབ་བཅད་དེ།། སྒྲིབ་པ་མེད ་བར་འགྲོ་བ་ཀུན་ལ་སྤྱོད།། ཉི་མའི་འོད་ལ་གྲོགས་ནི་བྱ་མི་དགོས།། སྦྲུལ་གདུགས་པ་ཡང་གྲོགས་བྱ་དགོས་མ་ཡིན།། སེང་གེའི་སྒྲ་ལ་གྲོགས་བྱ་མི་དགོས་ཏེ།། ་བྱང་ཆུབ་སེམས་དཔའ་ལ་ཡང་གྲོགས་མི་དགོས།། དེ་དག་གྲོགས་མེད་གཅིག་པུ་གཉིས་མེད་པར།། སངྱས་ཆོས་མང་ཡང་དག་སྒྲུབ་པར་བྱེད།། བརྩོན་འགྲུས་དང ་ནི་མཐུ་དང་སྟོབས་སུ་ལྡན།། འགྲོ་བའི་ཉོན་མོངས་རྣམས་ནི་རབ་ཏུ་འཇོམ།། ཇི་ལྟ་ཇི་ལྟར་མེས་ནི་རྩཝ་རྙེད་པ།། དེ་ལྟ་དེ་ལྟར་དེ་སྟོབས་ཕྱིར་ཞིང་འཕེལ། ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཉོན་མོངས་སྲིད།། དེ་ལྟ་དེ་ལྟར་ཤེས་རབ་མི་རབ་འཕེལ།། དཔེའ་བསྟན་པའི་ལེའུ་སྟེ་བཞི་པའོ།། ་དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ ་བྱང་ཆུབ་སེམས་དཔས་བརྩོན་འགྲུས་བརྩམ་པར་བྱའོ།། བྱང་ཆུབ་སེམས་པས་རྟག་ཏུ་བརྟུལ་བ་བརྟན་པ་དང་། འདུན་པ་ཆེར་བྱའོ།། ་གཅེས་པ་མི་འདོར་བར་བྱའོ།། བློ་གྲོས་རྒྱ་མཚོ་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་བརྙེད་པར་དཀའ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་གང་ན་བརྩོན་འགྲུས་ཡོད་པ་དེ་ན་བྱང་ཆུབ་ཡོད་དོ།། ལེ་ལོ་ཅན་རྣམས་ལ་ནི་བྱང་ཆུབ་ཤིན ་ཏུ་རིང་ཞིང་རྣམ་པར་རིང་ངོ་།། ལེ་ལོ་ཅན་ལ་སྦྱིན་པ་མེད་དོ།། ལེ་ལོ་ཅན་ལ་ཚུལ་ཁྲིམས་མེད་དོ།། ལེ་ལོ་ཅན་ལ་བཟོད་པ་མེད་དོ།། ལེ་ལོ་ཅན་ལ་བརྩོན་འགྲུས ་མེད་དོ།། ལེ་ལོ་ཅན་ལ་བསམ་གཏན་མེད་དོ།། ལེ་ལོ་ཅན་ཤེས་རབ་མེད་དོ།། ལེ་ལོ་ཅན་ལ་བདག་གི་དོན་མེད་དོ།། ལེ་ལོ་ཅན་ལ་གཞན་གྱི་དོན་མེད་དོ།། ་བློ་གྲོས་རྒྱ་མཚོ་རྣམ་གྲངས་འདིས། འདི་ལྟར་ཇི་ལྟར་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་བརྙེད་དཀའ་བ་མ་ཡིན་པ་དེ་རིག་པར་བྱའོ།། བློ་གྲོས་རྒྱ་མཚོ་མངོན་བྱུང་བ་འདས་པའི་དུས། གྲངས་མེད་པ་འདུན་པར་གྱུར་པ་དེའི་ཚེ་དེའི་དུས་ན། བསྐལ་པ ་མེ་ཏོག་གི་འབྱུང་གནས་ལ་ཤིན་ཏུ་རྣམ་པར་ལྟས་པའི་འཇིག་རྟེན་གྱི་ཁམས་སུ་བཅོམ་ལྡན་འདས་བརྩོན་འགྲུས་འབར་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར ་བཀྲ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་འབྱུང་ངོ་།། ཅིའི་ཕྱིར་བསྐལ་པ་དེ་མེ་ཏོག་གི་འབྱུང་གནས ་ཤེས་བྱ་ཞེ་ན། བློ་གྲོས་རྒྱ་མཚོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཚིག་སྟེ། ཆུས་འཇིག་པ་འབྱུང་བ་ན། པད་མ་ལོ་མ་བྱེ་བ་བརྒྱ་སྟོང ་ཕྲག་དུ་མ་དང་ལྡན་པ། རྣམ་པར་བཀྲ་བ། བལྟ་ན་སྡུག་པ་བརྒྱད་ཁྲི་བཞི་སྟོང་བྱུང་ནས། དེ་དག་ཐམས་ཅད་ཀྱིས་ཆུའི་ཕུང་པོ་དེ་རྒྱས་པར་བཀང་སྟེ། གནས་སོ།། ་དེ་ནས་གནས་གཙང་མའི་རིས་ཀྱི་ལྷ་དག་གིས། པད་མ་དེ་དག་མཐོང་ནས་ཚིམ་ཞིང་མགུ་ལ་ཡིད་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས། ་པད་མ་འདི་དག་བྱུང་བ་ཇི་སྙེད་པ་དེ་སྙེད་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ཀྱེ་མ་བསྐལ་པ་མེ་ཏོག་གི་འབྱུང་གནས་འདི ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྟོང་པར་མི་འགྱུར་རོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ།། དེ་ལྟར་ན་མེ་ཏོག་གི་འབྱུང ་གནས་མེ་ཏོག་གི་འབྱུང་གནས་ཤེས་བསྐལ་པའི་དེའི་མིང་ཆགས་སོ།། བློ་གྲོས་རྒྱ་མཚོ་ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཤིན་ཏུ་རྣམ་པར་བལྟས་པ་ཞེས་བྱ་ཞེ་ན། ་ཇི་ཙམ་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་ནས། བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་མེད་པ་གང་དག་འཇིག་རྟེན་གྱི་ཁམས་དེ་རྣམ་པར་བལྟ་བའི ་ཕྱིར་ལྷག་པ་དེ་དག་གིས། འཇིག་རྟེན་གྱི་ཁམས་དེ་ལ་རྣམ་པར་བལྟས་མ་ཐག་དུ་དགའ་བའི་རྣམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་ཐོབ་སྟེ། བདེ་བ་ཐམས་ཅད ་ཀྱིས་ཚིམ་པར་འགྱུར་བ་དེ་ཙམ་དུ་འཇིག་རྟེན་གྱི་ཁམས་དེ་ཡོངས་སུ་དག་པར་འགྱུར་ཏེ། དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཤིན་ཏུ་རྣམ་པར་བལྟས་པ་ཞེས་བྱའོ།། ་བློ་གྲོས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་དེ་ན་རིན་པོ་ཆེ་སྣ་བདུན་ཕྲག་སྟོང་ནས་པར་གྱུར་ཏོ།། རིན་པོ་ཆེའི་ཤིང་ལྗོན་པ་དང་། རིན་པོ་ཆེའི་ཁང་པ་བརྩེགས་པ་རྣམས་ཀྱང ་ཀུན་ཏུ་གསལ་བར་གྱུར་ཏོ།། འཇིག་རྟེན་གྱི་ཁམས་དེ་ན་བུད་མེད་ཀྱི་བག་མེད་པར་གྱུར་ཅིང་མངལ་ན་གནས་པ་མེད་པ་དེ་སེམས་ཅན་དེ་དག་ཐམས་ཅད་ཀྱང་པད་མ་རྣམས ་ལ་སྐྱིལ་མོ་ཀྲུང་བཅས་སྟེ། འཁོད་པར་རྫུས་ཏེ་འབྱུང་ངོ་།། འཇིག་རྟེན་གྱི་ཁམས་དེ་ན་ཐེག་པ་ཆེན་པོ་མ་རྟོགས་པར་ཐེག་པ་གཞན་རྣམ་པར་བཞག་པ་མེད་པར་གྱུར་ཏོ།། ་ལྷ་དང་མི་དེ་དག་ཀྱང་ཡོངས་སུ་སྤྱད་པ་དག་ནི་དགའ་ལྡན་གྱི་དང་འདྲ་བ། བཟའ་བ་དང་། བཏུང་བ་དང་། ཡང་བསམས་པས་འབྱོར་པ། མངོན་པར་ཤེས་པས ་རྣམ་པར་བརྩོན་པ་ནམ་མཁའ་ལ་རྒྱུ་བ་དག་གོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་འབར་བའི་བྱང་ཆུབ་སེམས་དཔའི་དགེ་འདུན་ནི། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་བྱུང་བར་གྱུར་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་སུམ་བཅུ་རྩ་དྲུག་ཏུ་གྱུར་ཏོ།། དེ་ན་ཁྱིམ་པ་དང་རབ་ཏུ་བྱུང་བ་ཚད་མེད ་པ་དག་ཀྱང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་གྱུར་པ་དག་གོ།། བློ་གྲོས་རྒྱ་མཚོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་འབར་བ་དེ་ཡང ་བྱང་ཆུབ་སེམས་དཔའ་དེ་དག་ལ་སྐྱེས་བུ་དམ་པ་ཁྱེད་ཀྱིས་བརྩོན་འགྲུས་རྩོམ་ཤིག། ཁྱེད་རྟག་ཏུ་བརྟུལ་བ་བརྟན་པ་དང་། འཐུན་པ་དྲག་པོར་གྱིས་ཤིག་རྟག ་ཏུ་གཅེས་པ་མ་འདོར་ཅིག་ཅེས་བརྩོན་འགྲུས་དང་ལྡན་པའི་གཏམ་ཉིད་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏོ།། བློ་གྲོས་རྒྱ་མཚོ་དེའི་དེའི་དུས་ན། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་གོ་ཆ་སྲ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་དེར་འདུས་པར་གྱུར་པ་དེས། བཅོམ་ལྡན་འདས་ལ་འདི། ་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པ་ལགས། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ ་རྣམས་ལ་གནང་བའི་བརྩོན་འགྲུས་གང་ལགས། བློ་གྲོས་རྒྱ་མཚོས་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲས ་འབར་བ་དེས། བྱང་ཆུབ་སེམས་དཔའ་གོ་ཆ་བརྟན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་ཐམས ་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་ནི་བཞི་པོ་འདི་དག་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། རྩོམ་པ་དང་། རྟུལ་བ་དང་། སོ་སོར་རྟོགས་པ་དང་། སྒྲུབ ་པ་སྟེ། རིགས་ཀྱི་བུ་བརྩོན་འགྲུས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་ཐམས་ཅད་སྡུད་པར་འགྱུར་བའོ།། དེ་ལ་རྩོམ་པ་གདེ་རྟུལ ་བ་ནི་གང་། སོ་སོར་རྟོག་པ་ནི་གང་། སྒྲུབ་པ་ནི་གང་ཞེ་ན་རིགས་ཀྱི་བུ་རྩོམ་པ་ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ།། རྡུལ་བ་ཞེས་བྱ་བ་ནི་དགེ་བའི ་བ་ཐམས་ཅད་ཡང་དག་པར་སྒྲུབ་པའོ།། སོ་སོར་རྟོག་པ་གང་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ལ་ཕན་པའི་དངོས་པོའོ།། སྒྲུབ་པ་ཞེས་བྱ་བ་ནི་དེ་བྱེད ་བའི་ཆོས་ལ་བཟོད་པའོ།། གཞན་ཡང་རྩོམ་པ་ནི་ཐོས་པ་ཡོངས་སུ་ཚོལ་བའོ།། རྟུལ་བ་ནི་ཐོས་པ་སྟོན་པའོ།། སོ་སོར་རྟོག་པ་ནི་ཚུལ་བཞིན་བྱེད་པའོ།། ། ་སྒྲུབ་པ་ནི་འཕགས་པའི་ཡང་དག་པའི་ལྟ་བའོ།། གཞན་ཡང་རྩོམ་པ་ནི་སེར་སྣའི་སེམས་ཙར་གཅད་པའོ།། རྟུལ་བ་ནི་འདོག་པ་ཐམས་ཅད་ཡོངས་སུ་གཏོང་བའོ།། ་སོ་སོར་རྟོག་པ་ནི་སེམས་ཅན་ཐམས་ཅད་དང་ཐུན་མོངས་དུ་བྱང་ཆུབ་ཏུ་ཡོངས་སུ་སྔོ་བའོ།། སྒྲུབ་པ་ནི་རྣམ་པར་སྨིན་པ་ལ་མི་རེའོ།། གཞན་ཡང་རྩོམ་པ་ནི་སྟོང ་པ་ཆེན་པོ་སྒྲོགས་པའོ།། རྟུལ་བ་ནི་གང་སློབ་པ་པོ་རྣམས་ལ་དགེ་བའི་བཤེས་གཉེན་དུ་འདུ་ཤེས་པའོ།། སོ་སོར་རྟོག་པ་ནི་སྐྱེ་མ་ལོངས་སྤྱོད་འདི་དག་མི ་རྟག་པའོ།། སྙམ་པའོ་སྒྲུབ་པ་ནི་བྱིན་ནས་འགྱོད་པ་མེད་པའོ།། གཞན་ཡང་རྩོམ་པ་ནི་ཆོས་ཀྱི་ལོངས་སྤྱོད་ཡོངས་སུ་ཚོལ་བའོ།། རྟུལ་བ་ནི་འཚོང ་ཡོངས་སུ་དག་པའོ།། སོ་སོར་རྟོག་པ་ནི་བདག་གིས་སྙིང་པོ་བླངས་པར་འགྱུར་བའི་སྙམ་པའོ།། སྒྲུབ་པ་ནི་སྦྱིན་པས་རློམ་སེམས་སུ་མི་བྱེད་པའོ།། ་གཞན་ཡང་རྩོམ་པ་ནི་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་སེལ་བའོ།། རྟུལ་བ་ནི་ཚུལ་ཁྲིམས་དང་། རྟུལ་ཞུགས་མ་མཉམ་པའོ།། ་སོ་སོར་རྟོག་པ་ནི་ཚུལ་ཁྲིམས་འཆལ་བའི་སེམས་ཅན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ།། སྒྲུབ་པ་ནི་ཚུལ་ཁྲིམས་ཀྱི་ཡོན་ཏན་གྱིས་རློམ་སེམས་སུ་མི ་མི་བྱེད་པའོ།། གཞན་ཡང་རྩོམ་པ་ནི་ལུས་ཡོངས་སུ་དག་པའོ།། རྟུལ་བ་ནི་ངག་ཡོངས་སུ་དག་པའོ།། སོ་སོར་རྟོག་པ་ནི་སེམས་ཡོངས་སུ་དག་པའོ།། ་སྒྲུབ་པ་ནི་ཆོས་ཡོངས་སུ་དག་པའོ།། གཞན་ཡང་རྩོམ་པ་ནི་གནོད་སེམས་ཀྱི་སྐབས་མེད་པའོ།། རྟུལ་བ་ནི་བཟོད་པའི་སྟོབས་རྣམ་པར་རིག་པའོ།། སོ་སོར ་རྟོག་པ་ནི་བདག་དང་གཞན་སྲུང་བའོ།། སྒྲུབ་པ་ནི་བཟོད་པས་རློམ་སེམས་སུ་མི་བྱེད་པའོ།། གཞན་ཡང་རྩོམ་པ་ནི་གཤེ་བ་དང་། སྡང་བ་དང་། དད་པར་བྱེད ་བ་དང་། རྟུལ་བ་ནི་གཤེ་བ་དང་། སྡང་བའི་མ་དྲིས་པར་མི་བྱེད་པའོ།། སོ་སོར་རྟོག་པ་ནི་ནང་ཡོངས་སུ་གདུང་བ་མེད་པར་བྱེད་པའོ།། སྒྲུབ་པ་ནི་བདག་དང་གཞན་མི ་དམིགས་སོ།། གཞན་ཡང་རྩོམ་པ་ནི་ལི་ལོའི་དྲི་མ་སེལ་བའོ།། རྟུལ་བ་ནི་བརྩོན་འགྲུས་ཀྱི་དྲི་མ་ལས་དབེན་པའོ།། སོ་སོར་རྟོག་པ་ནི་སེམས་ཅན་ལེ་ལོ་ཅན་ཡོངསུ ་སྨིན་པར་བྱེད་པའོ།། སྒྲུབ་པ་ནི་དེ་བྱ་བ་བྱེད་པའོ།། གཞན་ཡང་རྩོམ་པ་ནི་བྱ་བ་ཡང་དག་པར་སྒྲུབ་པའོ།། རྟུལ་བ་ནི་བྱ་བ་ཉམ་འོག་ཏུ་ཆུད་པར་བྱེད་པའོ།། སོ ་སོར་རྟོག་པ་ནི་ཐེག་པ་གཞན་ལ་མི་རེ་བའོ།། སྒྲུབ་པ་ནི་ལས་ཀྱི་རྣམ་པར་སྨིན་པ་ཆུད་མི་གཟོན་པའོ།། གཞན་ཡང་རྩོམ་པ་ནི་དྲན་པའོ།། རྟུལ་བ་ནི་རྟོགས་པའོ།། ་སོ་སོར་རྟོག་པ་ནི་བློ་གྲོས་སོ།། སྒྲུབ་པ་ནི་མོས་པའོ།། གཞན་ཡང་རྩོམ་པ་ནི་རིགས་པའོ།། རྟུལ་བ་ནི་ཚུལ་ལོ།། སོ་སོར་རྟོག་པ་ནི་སྒོའོ།། སྒྲུབ་པ་ནི་འབྱུང ་བའོ།། གཞན་ཡང་རྩོམ་པ་ནི་ཚིག་འབྲུ་ཀུན་ཆུབ་པར་བྱེད་པའོ།། རྟུལ་པ་ནི་ཚིག་འབྲུ་འཛིན་པའོ།། སོ་སོར་རྟོག་པ་ནི་ཚིག་འབྲུ་སེལ་བའོ།། སྒྲུབ་པ་ན ་ཆོས་བརྗོད་དུ་མེད་པར་རྟོགས་པའོ།། གཞན་ཡང་རྩོམ་པ་ནི་དགེ་བའི་བཤེས་གཉེན་ལ་རྟེན་པའོ།། རྟུལ་པ་ནི་སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བའོ།། ་སོ་སོར་རྟོག་པ་ནི་མཛའ་བ་དང་། མི་མཛའ་བ་རྣམས་ལ་སེམས་སྙོམས་པའོ།། སྒྲུབ་པ་ནི་ཇི་སྐད་སྨྲས་པའི་ཚིག་དང་མི་འགལ་བར་བྱེད་པའོ།། གཞན ་ཡང་རྩོམ་པ་ནི་རབ་ཏུ་འབྱུང་བའི་སེམས་སོ།། རྟུལ་བ་ནི་དགའ་བ་དང་མི་དགའ་བ་ལ་མོ་ལྟའོ།། སོ་སོར་རྟོགས་པ་ནི་དགེ་བཅི་ཞེས་ཚོལ་བའོ།། སྒྲུབ་པ་ནི ་གཞན་ལ་རག་མ་ལས་པར་ཡེ་ཤེས་རབ་ཏུ་འཐོབ་པའོ།། གཞན་ཡང་རྩོམ་པ་ནི་དགོན་པ་ལ་གནས་པའོ།། རྟུལ་བ་ནི་འདྲ ་འཛིལ་མི་དགའ་བའོ།། སོ་སོར་རྟོག་པ་ནི་དབེན་པ་ལ་དགའ་བའོ།། སྒྲུབ་པ་ནི་ཉོན་མོངས་པ་མེད་པར་གནས་པའོ།། གཞན་ཡང་རྩོམ་པ་ནི་འདོད་པ ་ཆུང་བའོ།། བརྟུལ་བ་ནི་ཆོག་ཤེས་པའོ།། སོ་སོར་རྟོག་པ་ནི་དགང་སླ་བའོ།། སྒྲུབ་པ་ནི་རུང་བ་ལ་ཚོ་དེ་ཤེས་པའོ།། གཞན་ཡང་རྩོམ་པ་ནི་ལྷག་པའི ་ཚུལ་ཁྲིམས་ལ་སློབ་པའོ།། རྟུལ་བ་ནི་ཚུལ་ཁྲིམས་མི་ལྷོད་པའོ།། སོ་སོར་རྟོག་པ་ནི་ལྷག་པའི་སེམས་ལ་སློབ་པའོ།། སྒྲུབ་པ་ནི་ལྷག་པའི་ཤེས ་རབ་ལ་སློབ་པའོ།། གཞན་ཡང་རྩོམ་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྟུལ་པ་ནི་བཟོད་པའི་ཕ་རོལ ་ཏུ་ཕྱིན་པ་དང་།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་བྱའོ།། སོ་སོར་རྟོག་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ་གསྒྲུབ་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའོ།། གཞན་ཡང་རྩོམ་པ་ནི་སྦྱིན་པའོ།། རྟུལ་བ་ནི་སྙན། ་པར་སྨྲ་བའོ།། སོ་སོར་རྟོག་པ་ནི་དོན་བྱེད་པའོ།། སྒྲུབ་པ་ནི་དོན་འཐུན་པའོ།། གཞན་ཡང་རྩོམ་པ་ནི་བྱམས་པ་ཆེན་པོའོ།། རྟུལ་བ་ནི་སྙིང་རྗེ ་ཆེན་པོའོ།། སོ་སོར་རྟོག་པ་ནི་དགའ་བ་ཆེན་པོའོ།། སྒྲུབ་པ་ནི་གཏང་སྙོམས་ཆེན་པོའོ།། གཞན་ཡང་རྩོམ་པ་ནི་ཞིང་ཡོངས་སུ་དག་པར་བྱེད་པའོ།། རྟུལ ་པ་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱེད་པའོ།། སོ་སོར་རྟོག་པ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། སྒྲུབ་པ་ནི་སེམས་ཅན་ཡོངས་སུ་སྨིན ་པར་བྱེད་པའོ།། གཞན་ཡང་རྩོམ་པ་ནི་ཕུང་པོའི་བདུད་ཡོངས་སུ་ཤེས་པའོ།། རྟལ་པ་ནི་ཉོན་མོངས་པའི་བདུད་ལས་ཤིན་ཏུ་འདའོ།། སོ་སོར་རྟོག་པ་ནི་འཆི་བདག ་གི་བདུད་རྣམ་པར་སྤོང་བའོ།། སྒྲུབ་པ་ནི་ལྷའི་བུའི་བདུད་ཕམ་པར་བྱེད་པའོ།། གཞན་ཡང་རྩོམ་པ་ནི་སྡུག་བསྔལ་ཡོངས་སུ་ཤེས་པའོ།། རྟུལ་བ་ནི་ཀུན་འབྱུང ་བ་སྤོང་བའོ།། སོ་སོར་རྟོག་པ་ནི་ལམ་སྒོམ་པའོ།། སྒྲུབ་པ་ནི་མངོན་གསུམ་དུ་བྱེད་པའོ།། གཞན་ཡང་རྩོམ་པ་ནི་ལུས་ལ་ཞུགས་པའི་དྲན་པའོ།། ་རྟུལ་བ་ནི་ཚོར་བ་ལ་ཞུགས་པའི་དྲན་པའོ།། སོ་སོར་རྟོག་པ་ནི་སེམས་ལ་ཞུགས་པའི་དྲན་པའོ།། སྒྲུབ་པ་ནི་ཆོས་ལ་ཞུགས་པའི་དྲན་པའོ།། གཞན་ཡང ་རྟུལ་བ་ནི་བརྩོན་འགྲུས་སོ།། སོ་སོར་རྟོག་པ་ནི་དྲན་པ་དང་ཏིང་ངེ་འཛིན་ཏོ།། སྒྲུབ་པ་ནི་ཤེས་རབ་པོ།། གཞན་ཡང་རྩོམ་པ་ནི་མི་དགེ ་བའི་ཆོས་སྤོང་བའོ།། རྟུལ་བ་ནི་དགེ་བའི་ཆོས་ཡོངས་སུ་རྫོགས་པར་བྱེད་པའོ།། སོ་སོར་རྟོག་པ་ནི་ལུས་དང་སེམས་ལས་སུ་རུང་བར་བྱེད་པའོ།། སྒྲུབ་པ་ནི ་མངོན་པར་འདུ་བྱ་བ་མེད་པའི་རྫུ་འཕྲུལ་རབ་ཏུ་ཐོབ་པར་བྱེད་པའོ།། གཞན་ཡང་རྩོམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལའོ།། རྟུལ་བ་ནི་ཡམ་ལའོ།། སོ་སོར ་རྟོག་པ་ནི་ཞི་གནས་དང་ལྷག་མཐོང་ལའོ།། སྒྲུབ་པ་ནི་རིག་པ་དང་རྣམ་པར་གྲོལ་བའོ།། གཞན་ཡང་རྩོམ་པ་ནི་འཇུག་པའི་སྤྱོད་པའོ།། རྟུལ་པ་ནི་དཀར་པོ་རྣམ ་བར་མཐོང་བའི་སྤྱོད་པའོ།། སོ་སོར་རྟོག་པ་ནི་སེམས་ཤིན་ཏུ་སྦྱངས་པའོ།། སྒྲུབ་པ་ནི་ཕྱིར་མི་ལྡོག་པའི་ཡེ་ཤེས་སོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་བརྩོན་འགྲུས་འབར་བ་དེས།། བྱང་ཆུབ་སེམས་དཔའ་གོ་ཆ་སྲ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་བརྩོན་འགྲུས་དེ་ནི་གང་ལུས ་དང་སེམས་ཡོངས་སུ་སྦྱངས་པའོ།། བརྩོན་འགྲུས་དེ་ནི་གང་རྒྱུ་དང་ལྟ་བ་དང་བྲལ་བའོ།། བརྩོན་འགྲུས་དེ་ནི་གང་མིང་དང་གཟུགས་ཡོངས་སུ་ཤེས་པའོ།། བརྩོན ་འགྲུས་དེ་ནི་གང་ངར་འཛིན་པ་ནང་། ང་ཡིར་འཛིན་པ་གོག་པའོ།། བརྩོན་འགྲུས་དེ་ནི་གང་འཛིན་པ་དང་འཆིང་བ་དང་འདོར་བའོ།། བརྩོན་འགྲུས་དེ་ནི་གང་སྤྱད ་བ་རྣམས་དང་། ཀུན་ནས་ལྡང་བ་རྣམས་རྣམ་པར་སེལ་བའོ།། བརྩོན་འགྲུས་དེ་ནི་འགྱོད་པ་དང་། ཐེ་ཙོམ་སྤོང་བའོ།། བརྩོན་འགྲུས་དེ་ནི་གང་བདུད་པ་རྣམས ་དང་ཟུག་རྔུ་རྣམས་ཡང་དག་པར་སེལ་བའོ།། བརྩོན་འགྲུས་དེ་ནི་གང་དམིགས་པ་དང་། རྒྱུན་ཆད་པ་ལས་ཤིན་ཏུ་འདའ་བའོ།། བརྩོན་འགྲུས་དེ་ནི་གང་ང། ་རྒྱལ་དང་། མངོན་པའི་ང་རྒྱལ་རྣམས་སྤོང་བའོ།། བརྩོན་འགྲུས་དེ་ནི་གང་བཞི་དང་གནས་ལས་ཤིན་ཏུ་འདའ་བའོ།། བརྩོན་འགྲུས་དེ་ནི་གང་རྗེས་སུ་ཆགས ་པ་དང་། ཁོང་ཁྲོ་བ་སྤོང་བའོ།། བརྩོན་འགྲུས་དེ་ནི་གང་མ་རིག་པ་དང་། སྲེད་པའི་སྲེད་པ་རབ་ཏུ་སྦྱངས་པའོ།། བརྩོན་འགྲུས་དེ་ནི་གང་ཆགས་པ་དང་ཞེ་སྡང ་ཀུན་ཏུ་མི་རྒྱུ་བའོ།། བརྩོན་འགྲུས་དེ་ནི་གང་གཏི་མུག་དང་། སོ་སོར་མི་རྟོག་པ་དང་བྲལ་བའོ།། བརྩོན་འགྲུས་དེ་ནི་གང་ནང་དྲང་ཕྱིའི་སྐྱེ་མཆེད་རྣམས་ཡོངསུ ་ཤེས་པའོ།། བརྩོན་འགྲུས་དེ་ནི་གང་ཕུང་པོ་དང་ཁམས་རྣམས་གདོད་མ་ནས་སྐྱེ་བ་མེད་པའོ།། བརྩོན་འགྲུས་དེ་ནི་གང་སེམས་ཞི་བ་དང་། རབ་ཏུ་ཞི་བ་དང ་བར་ཞི་བའོ།། བརྩོན་འགྲུས་དེ་ནི་གང་རྣམ་པར་བསམས་ན། ཆོས་ཐམས་ཅད་མི་དམིགས་པའོ།། བརྩོན་འགྲུས་དེ་ནི་གང་སེམས ་སུ་མེད་ཅིང་གཉིས་སུ་དབྱེར་མེད་པའོ།། བརྩོན་འགྲུས་དེ་ནི་གང་ཆོས་ཉིད་གནས་པར་ཤེས་པའོ།། བརྩོན་འགྲུས་དེ་ནི་གང་འཕྲོ་བ་མེད་ཅིང་མི་འཕྲོ་བ་མེད་པའོ།། ་བརྩོན་དེ་ནི་གང་ལེན་པ་མེད་ཅིང་འདོར་བ་མེད་པའོ།། བརྩོན་འགྲུས་དེ་ནི་གང་བྱེད་པ་མེད་ཅིང་བྱེད་པ་དང་བྲལ་བ་ཡིན་པའོ།། བརྩོན་འགྲུས་དེ་ནི་གང་གདེག་པ་མེད ་ཅིང་གཞག་པ་མེད་པའོ།། བརྩོན་འགྲུས་དེ་ནི་གང་བླང་བ་མེད་ཅིང་དོར་བ་མེད་པའོ།། བརྩོན་འགྲུས་དེ་ནི་གང་ལ་བཅིངས་པ་མེད་པ་དང་། གྲོལ་བ་མེད་པའོ།། ། ་བརྩོན་འགྲུས་དེ་ནི་གང་རང་ལ་གནོད་པ་མེད་པ་དང་། ཕ་རོལ་ལ་གནོད་པ་མེད་པའོ།། བརྩོན་འགྲུས་དེ་ནི་གང་ལ་རྒྱགས་པ་མེད་པ་དང་། བག་མེད་པ་མ་ཡིན ་པའོ།། བརྩོན་འགྲུས་དེ་ནི་གང་ལ་བྱ་བ་མེད་ཅིང་བྱེད་པ་པོ་མེད་པའོ།། བརྩོན་འགྲུས་དེ་ནི་གང་ལྟ་བར་མི་བྱེད་པ་དང་། རྣམ་པར་ལྟ་བར་མི་བྱེད་དོ།། བརྩོན ་འགྲུས་དེ་ནི་གང་ཞི་བར་མི་བྱེད་པ་དང་། རབ་ཏུ་འབར་བར་མི་བྱེད་པའོ།། བརྩོན་འགྲུས་དེ་ནི་གང་སྲུང་བར་མི་བྱེད་པ་དང་། སྲུང་བ་དང་བྲལ་བར་མ་ཡིན་པའོ།། ་བརྩོན་འགྲུས་དེ་ནི་གང་ཀུན་ཏུ་མི་འོང་བ་དང་། འོང་བ་དང་བྲལ་བ་མ་ཡིན་པའོ།། བློ་གྲོས་རྒྱ་མཚོ་དེ་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འབར་བས ་བརྩོན་འགྲུས་དང་རབ་ཏུ་ལྡན་པའི་གཏམ་འདི་དག་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་པ་ན། སྲོག་ཆགས་ཁྲིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཏོ།། ་བྱང་ཆུབ་སེམས་དཔའི་གོ་ཆ་སྲ་བས་བཅོམ་ལྡན་འདས་དེ་ལས་བརྩོན་འགྲུས་བསྟན་པ་དེ་ཐོས་ནས། དགེ་བའི་ཆོས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན ་ཏེཀྵ་བརྩོན་འགྲུས་བརྩམས་ནས་གནས་པར་གྱུར་ཏོ།། དེ་བརྩོན་འགྲུས་བརྩམས་ཏེ་གཅེས་པ་མ་བོར་བར་ལོ་བྱེ་བ་འདས་པ་དང་། ཆུང་ངུའི་རྗེས་སུ་འཐུན ་པའི་བཟོད་པ་ཐོབ་པོ།། དེ་བརྩོན་འགྲུས་བརྩམས་ཏེ། དགེ་བའི་ཆོས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་པས་འདུག་བཞིན་འཆི་བའི་དུས་བྱས་སོ།། ་དེ་ཤི་ཕོས་ནས་དེ་བཞིན་གཤེགས་པ་དེ་ཉིད་ཀྱི་སྤྱན་སྔ་ན་རྫུས་ཏེ་སྐྱེས་པར་གྱུར་ནས། དེས་ཡང་དེ་བཞིན་གཤེགས་པ་དེ་ལས་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི ་རྣམ་གྲངས་འདི་ཐོས་པར་གྱུར་ཏོ།། དེ་ཡང་ཆོས་ཡོངས་སུ་བཅོལ་བ་ལ་མངོན་པར་འརྩོན་པས་འདུག་བཞིན་དུ་འཆི་བའི་དུས་བྱས་པར་གྱུར་ཏོ།། བློ་གྲོས་རྒྱ ་མཚོ་བྱང་ཆུབ་སེམས་དཔའ་དེས་རྣམ་གྲངས་འདིས་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་དེ་དག་མཉེས་པར་བྱེད་ཅིང་། གང་དག་བསྐལ ་བ་མེ་ཏོག་གི་འབྱུང་གནས་དེ་ལ་འབྱུང་བ་ཐམས་ཅད་ལས་བརྩོན་འགྲུས་བརྩམས་ཏེ།། དགེ་བའི་ཆོས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་པར་གྱུར་ནས ་འདུག་བཞིན་དུ་འཆི་བའི་དུས་བྱས་པར་གྱུར་ཏོ།། བློ་གྲོས་རྒྱ་མཚོ་དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་གོ་ཆ་སྲ་བར་གྱུར་པ་ཞེས་བྱ་བ་དེ་གཞན་ཞིག་ཡིན ་སྙམ་དུ་ཁྱོད་སོམ་ཉིའམ་ཡིད་གཉིས་སམ་ཐེ་ཙོམ་ཟ་བར་གྱུར་ན། ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་ཉིད་དེའི་ཚེ་དེའི་དུས་ན། ་བྱང་ཆུབ་སེམས་དཔའ་གོ་ཆ་སྲ་བ་ཞེས་བྱ་བར་གྱུར་ཏེ། བློ་གྲོས་རྒྱ་མཚོ་ངས་བརྩོན་འགྲུས་འདི་འདྲ་བས་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ་དག་ཕྱིར་བསྙིས ་ཏོཿབློ་གྲོས་རྒྱ་མཚོ་ངས་དེ་ཇི་ཙམ་དུ་བརྩོན་འགྲུས་བརྩམས་དེ་ལྟ་བུ་དང་། ཚེགས་དེ་ལྟ་བུས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་ལྟོས། གང་དག ་ལེ་ལོ་ཅན་དང་བརྩོན་འགྲུས་དམན་པར་གྱུར་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས།། དེ་དག་ལ་བྱང་ཆུབ་ཡོད་པར་ལྟ་ག་ལ་འགྱུར་ཏེ། དེ་དག་ལ་བྱང་ཆུབ་ཤིན་ཏུ་རིང ་ཞིང་རྣམ་པར་རིང་ངོ་།། བློ་གྲོས་རྒྱ་མཚོ་བསྟན་པ་འདི་ལ་བརྩོན་འགྲུས་བརྩམས་པ་ནི་དག་པར་འགྱུར་གྱི། ལེ་ལོ་ཅན་ནི་མ་ཡིན་ནོ།། བློ་གྲོས་རྒྱ་མཚོ་རྣམ་གྲངས ་དེས་ན་འདི་ལྟར་གང་ལ་བརྩོན་འགྲུས་དང་བག་ཡོད་པ་དེ་ལ་བྱང་ཆུབ་ཡོད་པར་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱིས་བརྩོན་འགྲུས་དང་རབ་ཏུ་ལྡན་པའི་སྔོན་བྱུང ་བའི་ལེའུ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ལྔ་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ།། ལྷ་དང་མིའི་སྐྱེ་དགུའི་སྲོགས་ཆགས་བདུན ་སྟོང་གིས། བླ་ན་མེད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། ་ངས་དྲན་སྔ་མ་འདས་པའི་དུས་ན་ནི།། བསྐལ་པ་མེ་ཏོག་འབྱུང་གནས་བལྟ་སྡུག་ལ།། ཤིན་ཏུ་རྣམ་བལྟས་འཇིག་རྟེན་ཁམས་མཆོག་ཏུ།། བརྩོན་འགྲུས་འབར་བའི ་བདེ་བར་གཤེགས་པ་འབྱུང་།། བསྐལ་པ་དེ་ལ་རྒྱལ་བ་གང་བྱུང་བ།། དེ་དག་བརྒྱད་ཁྲི་བཞི་སྟོང་ཐམ་པའོ།། འཇིག་རྟེན་ཁམས་ནི་དགའ་ལྡན་གནས་འདྲ་སྟེ།། མིའི ་བཟའ་དང་བཏུང་བ་བསམས་པས་འབྱོར། བུད་མེད་ཡོད་མིན་མངལ་ན་གནས་པ་མེད།། སེམས་ཅན་ཐམས་ཅད་རྫུས་ཏེ་སྐྱེ་བར་གྱུར།། ཐེག་པ་དམན་པ་དྲག་པར་མ ་གྱུར་ཏེ།། ཐམས་ཅད་བདག་ཉིད་ཆེ་བའི་ཐེག་ཆེན་ཞུགས།། ཤིན་ཏུ་རྣམ་བལྟས་འཇིག་རྟེན་ཁམས་བལྟའི་ཕྱིར།། བྱང་ཆུབ་སེམས ་དཔའ་ཕྱོགས་བཅུ་ནས་ལྷགས་པ།། དེ་དག་དགའ་བའི་རྣམ་པའི་ཏིང་འཛིན་ཐོབ།། སྔོན་ཅད་མ་མཐོང་བའི་བདེ་བ་མྱོང་།། རྐང་གཉིས་ཀྱི་ནི་ཚོགས་གྱུར་གྲགས་ཆེན ་པོ། བྱེ་བ་ཕྲག་ནི་སུམ་བཅུ་རྩ་དྲུག་ཡོད།། གཞན་ཡང་ལྷ་དང་མི་ནི་མང་པོ་དག། སངས་རྒྱས་ཐེག་པ་མཆོག་ལ་ཞུགས་པར་གྱུར།། ཡོན་ཏན་ཡེ་ཤེས་རྒྱ་མཚོ ་དྲང་སྲོང་ཆེ།། དེ་ནི་བརྩོན་འགྲུས་བསྔགས་པ་ཡང་ཡང་བརྗོད།། དེ་ནས་བརྩོན་འགྲུས་བསྟན་པ་མཁས་པ་ཡིན།། ལངས་ནས་དོན་འདི་ཉིད་ནི་རྒྱལ་ལ་ཞུས།། ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་གྱུར་པ།། ཅི་ཙམ་གྱིས་ན་བརྩོན་འགྲུས་སྟོབས་ལ་གནས།། དེ་དོན་བཅོམ་ལྡན་པ་དག་ལ་བཤད་དུ་གསོལ།། ་བདག་ནི་དེ་ལ་རབ་ཏུ་ནན་ཏན་བགྱིད།། དེའི་བསམ་པ་མཁྱེན་ནས་ཆོས་རྗེ་དེས།། བརྩོན་འགྲུས་ལས་བརྩམས་ཡོན་ཏན་རང་གསུངས་པ།། རྩོམ་པ་དང་ནི་དེ ་བཞིན་བརྟུལ་བ་དང་།། རྟག་ཏུ་སོ་སོར་རྟོག་དང་བསྒྲུབ་པའོ།། རྩོམ་པ་དེ་ནི་བྱང་ཆུབ་སེམས་ཤེས་བྱ། རྟུལ་པ་དགེ་བསྟོང་སྒྲུབ་བྱེད་པ། སོ་སོར་རྟོག ་པ་སེམས་ཅན་ཕན་པའི་དངོས།། སྒྲུབ་པ་དེ་བྱེད་ཆོས་ལ་བཟོད་པ་ཡིན།། རྩོམ་པ་གུས་པར་བྱས་ཏེ་ཐོས་ཚོལ་བ།། རྟུལ་བ་བརྟན་པ་ཡང་དག་སྟོན་བྱེད་པ། ་སོ་སོར་རྟོགས་པ་འདི་ནི་ཚུལ་བཞིན་བརྗོད།། སྒྲུབ་པ་ཙེ་ཡང་དག་ལྟ་བ་སྐྱེ།། རྩོམ་པ་སེར་སྣའི་དྲི་མ་སེལ་བ་ཡིན།། རྟུལ་བ་བདོག་པ་ཐམས་ཅད་ཡོངས ་གཏོང་བ།། སོ་སོར་རྟོག་པ་རྫོགས་པའི་བྱང་ཆུབ་སེམས།། སྒྲུབ་པའི་གང་ཚེ་རྣམ་སྨིན་མི་རེ་བ།། རྩོམ་པ་གཏོང་པ་ཆེན་པོ་གང་སྒྲོགས་པ། རྟུལ་བ་སློང ་བ་རྣམས་ལ་བྱམས་བྱེད་པ།། སོ་སོར་རྟོག་འདི་ལོངས་སྤྱོད་མི་རྟོག་སྙོམས།། སྒྲུབ་པ་བྱིན་ནས་གདུང་བ་མེད་པ་ཡིན།། རྩོམ་པ་ཆོས་ཀྱི་ལོངས་སྤྱོད་གང་ཚོལ ་བཱབྡ་རྟུལ་པཱ་ནི་འཚོ་བ་དག་པ་ཡིན།། བདག་ནི་སྙིང་པོ་བླངས་སྙམ་སོ་སོར་རྟོག། སྒྲུབ་པ་བྱིན་ལ་སྦྱིན་པས་རློམ་སེམས་མེད།། རྩོམ་པ་འཆལ་བའི་ཚུལ ་ཁྲིམས་དྲི་མ་སེལ།། རྟུལ་བ་ཚུལ་ཁྲིམས་བརྟུལ་ཞུགས་ཉམས་པ་མེད། ཚུལ་ཁྲིམས་འཆལ་པ་སྨིན་བྱེད་སོ་སོར་རྟོག། སྒྲུབ་པ་གང་ཚེ་ཚུལ་ཁྲིམས ་རློམ་སེམས་མེད།། རྩོམ་པ་དག་ནི་ཡོངས་སུ་དགེ་པ་སྟེ། རྟུལ་བ་ལུས་ནི་ཡོངས་སུ་དག་པ་ཡིན།། སོ་སོར་རྟོག་པ་གང་ཡིན་འདི་སེམས་དག ་སྒྲུབ་པ་གང་ཡིན་ཆོས་རྣམས་ཡོངས་སུ་དག། རྩོམ་པ་གནོད་སེམས་གོ་སྐབས་མེད་པ་ཡིན། རྟུལ་བ་བཟོད་པའི་སྟོབས ་ནི་ཉེ་བར་སྟོན།། སོ་སོར་རྟོགས་པ་བདག་དང་གཞན་སྲུང་བྱེད།། སྒྲུབ་པ་གང་ཚེ་རློམ་སེམས་གང་མེད་པ། རྩོམ་པ་གཤེལ་རྟག་ཏུ་དང་བྱེད་པ། རྟུལ ་པ་དེ་དག་ཐག་རིང་སྤོང་བ་སྟེ།། སོ་སོར་རྟོག་པ་ནང་ནི་ཞི་བ་ཡིན།། སྒྲུབ་པ་བདག་དང་གཞན་དུ་དམིགས་པ་མེད།། རྩོམ་པ་ལེ་ལོའི་དྲི་མ་སེལ་བ་སྟེ། ་རྟུལ་པ་བརྩོན་འགྲུས་སྟོབས་དང་མཐུ་ཡིན་ནོ།། ལེ་ལོ་ཅན་དག་སྨིན་བྱེད་སོ་སོར་རྟོག། དེ་བྱེད་ཆོས་ལ་བཟོད་པ་སྒྲུབ་པ་ཡིན།། རྩོམ་པ་བྱ་བ་ཡང་དག་སྒྲུབ ་བྱེད་པ།། རྟུལ་པ་བྱ་བ་ཉམས་འོག་ཆུང་བར་བྱེད།། ཐེག་པ་གཞན་ལ་མི་རེ་སོ་སོར་རྟོག། སྒྲུབ་པ་ལས་རྣམས་ཆུད་མི་གནོན་པ་ཡིན། རྩོམ་པ་དེ་དག་དྲན་དང ་ཤེས་བཞིན་ཅན། བརྟུལ་བ་ཆོས་རྟོགས་པ་ལ་འཇུག་པ་ཡིན།། བློ་གྲོས་ཀུན་ཏུ་བསྲུངས་པ་སོ་སོ་རྟོག། སྒྲུབ་པ་དེ་ལ་ཟོས་ཤིང་འགྱུར་བ་མེད། རྩོམ་པ ་རིགས་བརྟུལ་བ་ཚུལ་ཡིན་ཏེ།། སོ་སོར་རྟོག་པ་དེ་ནི་ཆོས་སྒོ་ཡིན།། སྒྲུབ་པ་དོན་འབྱུང་བར་རབ་ཏུ་ཤེས།། འདི་དག་བརྩོན་འགྲུས་བརྩམ་པའི་སྦྱོར་བ་ཡིན། ་རྩོམ་པའི་ཚིག་འབྲུ་ཀུན་ཏུ་འཛིན་པ་སྟེ།། རྟུལ་བ་བསྟན་པ་ཡང་དག་སྟོན་པར་བྱེད།། སོ་སོར་རྟོག་པ་སྒྲ་ནི་སེལ་བྱེད་པ།། སྒྲུབ་པ་རྣམས་བརྗོད་དུ་མེད་པ་ཉིད།། ་རྩོམ་པ་དགེ་བའི་བཤེས་གཉེན་སྟེན་པ་ཡིན།། རྟུལ་བ་སྡིག་པའི་གྲོགས་པོ་རྣམ་པར་སྤོང་།། ཐོས་ནས་ཆོས་ཉིད་ལ་ནི་སོ་སོར་རྟོག། སྒྲུབ་པ་ཆོས་རྣམས་དང་ནི ་འགལ་མི་བྱེད།། རྩོམ་པ་སངས་རྒྱས་བསྟན་ལ་རབ་ཏུ་འབྱུང་།། རྟུལ་བ་དགའ་བ་ཐམས་ཅད་སྤོང་བ་ཡིན།། དེ་ལ་གནས་པ་གང་ཡིན་སོ་སོར་རྟོག། ཆོས ་རྣམས་འགལ་བ་མེད་པ་སྒྲུབ་པ་ཡིན།། རྩོམ་པ་དགོན་པར་དགའ་བ་གང་ཐོབ་པ།། རྟུལ་བ་འདུ་འཛི་རྣམ་པར་སྤོང་བ་ཡིན།། དབེན་པར་གནས་པར་དགའ་བ ་སོ་སོར་རྟོག། སྒྲུབ་པ་གང་ཡིན་ཉོན་མོངས་མེད་པར་གནས།། རྩོམ་པ་འདོད་པ་ཆུང་ཞིང་བཀའ་བློ་བདེ།། རྟུལ་བ་དེ་ནི་ཆོས་ཤེས་གྱུར་པ་ཡིན།། དེས ་པ་གང་གྱུར་དོ་ནི་སོ་སོར་རྟོག། སྒྲུབ་པ་གང་ཡིན་རུང་བའི་ཚོད་ཤེས་པ།། རྩོམ་པ་ལྷག་པའི་ཚུལ་ཁྲིམས་སློབ་ཅེས་བྱ།། རྟུལ་བ་ཚུལ་ཁྲིམས་ལྷོད ་བ་མེད་པ་ཡིན།། ལྷག་པའི་སེམས་སློབ་འདི་ནི་སོ་སོར་རྟོག། ལྷག་པའི་ཤེས་རབ་སློབ་པ་སྒྲུབ་པ་མཆོག། རྩོམ་པ་སྦྱིན་དང་དེ་བཞིན་ཚུལ་ཁྲིམས་ཡིན། ་རྟུལ་བ་བཟོད་དང་དེ་བཞིན་བརྩོན་འགྲུས་སོ།། སོ་སོར་རྟོག་པ་འདི་བསམ་གཏན་ཤེས་སྟེ། སྒྲུབ་པ་ཡེ་ཤེས་དང་ནི་དེ་བཞིན ་ཐབས།། རྩོམ་པ་འཇིག་རྟེན་ཟང་ཟིང་ཆོས་སྦྱིན་པ།། སྙན་པར་སྨྲ་བ་དེ་ནི་རྟུལ་པ་ཡིན།། དོན་སྤྱོད་གང་ཡིན་དེ་ནི་སོ་སོར་རྟོག། སྒྲུབ་པ་དོན་འཐུན་པ་སྟེ་སྙིང་པོ ་ཡིན།། རྩོམ་པ་གང་ཡིན་བྱམས་པ་ཡོངས་སུ་དག། རྟུལ་པ་དེ་ནི་སྙིང་རྗེ་ལྡན་པ་ཡིན།། དཀའ་བ་ཆོས་ལ་སོ་སོར་རྟོག་པ་སྟེ།། གཏང་སྙོམས་ཡེ་ཤེས་སྒྲུབ་པར ་བརྗོད་པ་ཡིན།། རྩོམ་པ་ཞིང་རྣམ་པར་སྦྱོང་བ་སྟེ།། རྟུལ་བ་མཚན་རྣམས་ཡོངས་སུ་རྫོགས་པར་བྱེད།། སོ་སོར་རྟོག་པ་དམ་ཆོས་ཡོངས་སུ་འཛིན།། སྒྲུབ་པ་སེམས ་ཅན་ཡོངས་སུ་སྨིན་པར་བྱེད།། རྩོམ་པ་གང་ཡིན་ཕུང་པོ་བདུད་སེལ་བ།། རྟུལ་བ་ཉོན་མོངས་བདུད་ནི་ཚར་གཅོད་པ།། སོ་སོར་རྟོག་པ་འཆི་བདག་ཚར་གཅོད་དེ།། སྙིབ ་བོ་སྒྲུབ་པ་བདུད་ཀྱིས་ཅི་བྱར་ཡོད།། རྩོམ་པ་སྡུག་བསྔལ་ཡོངས་སུ་ཤེས་པ་སྟེ།། སྲེད་པའི་གནས་མེད་འདི་ནི་རྟུལ་བ་ཡིན།། ལམ་བསྒོམ་གང་ཡིན་འདི་ནི་སོ་སོར ་རྟོག། འགག་པ་ཤེས་བསྒྲུབ་པར་བརྗོད་པ་ཡིན། རྩོམ་པ་ལུས་ལ་དྲན་པ་བཅིངས་པ་མེད། རྟུལ་བ་ཚོར་བ་ལ་ནི་ལྟ་བ་མེད།། སེམས་ལ་དྲན་པ་འདི་ནི་སོ་སོར་ཏོ།། ་ཆོས་ལ་རྟོག་པ་སྒྲུབ་པ་དམ་པ་ཡིན།། རྩོམ་པ་དང་པའི་སྟོབས་དང་དེའི་དབང་པོ། རྟུལ་བ་བརྩོན་འགྲུས་སྟོབས་དང་མཐུན་ཡིན་ཏེ།། དྲན་དང་ཏིང་འཛིན་དབང་པོ་སོ་སོར ་རྟོག། ཤེས་རབ་དབང་པོ་སྒྲུབ་པར་བརྗོད་པ་ཡིན།། རྩོམ་པ་མི་དགེ་རྣམ་པར་སྤོང་ཞེས་བརྗོད།། རྟུལ་བ་གང་ཡིན་དགེ་བ་ཆུད་མི་བཟོད།། ལུས་དང་སེམས་ཀྱང་གང ་ཡིན་སོ་སོར་རྟོག། སྒྲུབ་པ་རྫུ་འཕྲུལ་རྣམ་པར་འཕྲུལ་ཞེས་བརྗོད།། རྩོམ་པ་མཁས་པ་བྱང་ཆུབ་ཡན་ལག་སྒོམ།། རྟུལ་པ་གང་ཚེ་ལམ་ནི་རྟོགས་པ་ཡིན།། ཞི ་གནས་ལྷག་མཐོང་དོན་སོ་སོར་རྟོག། རིགས་དང་རྣམ་གྲོལ་སྒྲུབ་པ་སྙིང་པོ་ཡིན།། རྩོམ་པ་འཇུག་པ་རྟུལ་པ་སྤྱོད་པ་ཡིན།། སོ་སོར་རྟོག་བླ་ནི་རབ་སྦྱངས་པ།། མཚན ་མའི་སྤྱོད་ཡུལ་ཐམས་ཅད་གང་ལོག་པ།། དེ་ནི་སྒྲུབ་པའི་ཚུལ་དུ་རྗོད་པ་ཡིན།། ལུས་དང་སེམས་ནི་རབ་ཏུ་སྦྱངས་པ་དང་།། རྒྱུ་དང་ལྷ་ལས་རབ་ཏུ་འདའ་བ་དང་། ་མིང་དང་གཟུགས་ནི་ཡོངས་སུ་གང་ཤེས་པ།། དེ་ནི་བརྩོན་འགྲུས་མཆོག་ཅེས་འཕགས་པས་བསྔགས།། ང་དང་ངའི་ཞེས་པ་ནམ་འགག་པ།། དེ་ཚེ་བཅིངས་པ་ཀུན ་ལས་རྣམ་པར་གྲོལ།། ཀུན་ནས་ལྡང་མེད་སྒྲིབ་པ་ལྔ་ལས་གྲོལ།། མཁས་པ་ཐེ་ཙོམ་དང་ནི་འགྱོད་པ་སྤངས།། བདུད་པ་རྣམས་དང་ཟུག་རྔུ་བརྩལ་བ་གང་། སྒྲིབས ་པ་མེད་ཅིང་རྒྱུན་ཆད་ཡོད་པ་ཡིན།། ང་རྒྱལ་མངོན་པའི་ང་རྒྱལ་གང་ཚེ་སྤངས།། དེ་ཚེ་བརྩོན་འགྲུས་སྟོབས་ཀྱིས་ལས་བྱས་ཡིན།། མཚན ་མ་ཐམས་ཅད་སེལ་བ་གང་ཡིན་དང་།། སྤྲོས་པ་ཐམས་ཅད་འཇུག་པ་མེད་པ་དང་།། ཉོན་མོངས་ཐམས་ཅད་སྤོང་བ་གང་ཡིན་པ།། བརྩོན་འགྲུས་དེ་ནི་མཁས་པ ་རྣམས་ཀྱིས་བསྔགས།། བརྩོན་འགྲུས་འབར་བས་རབ་ཏུ་བསྔགས་པའི་ཚེ།། བརྩོན་འགྲུས་ཡོན་ཏན་འདི་དག་མཐོང་ནས་ནི།། གྲགས་པ་ཆེན་པོ་སྟོང་ཕྲག་བཅུ ་ཀུན་གྱིས།། མི་སྐྱེའི་བཟོད་པ་རབ་ཏུ་ཐོབ་པར་གྱུར།། འདི་ཐོས་ནས་ནི་སྟོང་ཕྲག་ལྔ་ཞིག་ཀྱང་།། སངས་རྒྱས་ཞིང་འདིར་བཟོད་པ་རྣམ་པར་སྦྱངས།། མི་དང་ལྷ ་དང་ལྷ་མིན་མི་འམ་ཅི།། བདུན་སྟོང་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས།། དེ་ན་གང་གིས་བརྩོན་འགྲུས་མཆོག་རེག་པ།། དགེ་སློང་བརྩོན་འགྲུས་བརྟན་པ་ང་ཡིན ་ཏེ། བརྩོན་འགྲུས་བརྩམས་ནས་ངས་ནི་ལུས་བཏང་སྟེ།། འདུག་བཞིན་དེ་ཚེ་འཆི་བའི་དུས་བྱས་གྱུར།། བརྒྱད་ཁྲི་ལས་ནི་བཞི་སྟོང་ལྷག་པ་ལ།། བདག་གིས ་ལུས་ནི་རབ་ཏུ་སྐམས་པར་བྱས།། བསྐལ་པ་གཅིག་ལ་འདྲེན་པ་མཉེས་བྱས་སྟེ།། བདག་གིས་བྱང་ཆུབ་སེམས་དཔའ་ཕྱིར་བསྟིས་ཏོ།། བརྩོན་འགྲུས་བརྩམ ་བའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཚངས་པ་ཆེན་པོ་སྙིང་རྗེ་ཆེན་པོ་སེམས་པས། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བ་ལ་སངས་རྒྱས་ཀྱི་ཆོས་རྣམས ་ཤེས་བྱ་བ་དེ་ནི་གང་གི་ཚིག་བླ་དགས་དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་ཚངས་པའི་སྙིང་རྗེ་ཆེན་པོ་སེམས་དཔའ་ལ་འདི་སྐད་ཅེས ་སྨྲས་སོ།། ཚངས་པ་སངས་རྒྱས་ཀྱི་ཆོས་རྣམས། སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བ་ལ། སངས་རྒྱས་ཀྱི་ཆོས་ཀྱི་ཆོས་རྣམས་ཤེས་བྱ་བ་དེ་ནི་ཆོས་ཐམས ་ཅད་ཀྱི་ཚིག་བླ་དགས་སོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་དེ་བཞིན་གཤེགས་པས་ཡོངས་སུ་ཆད་པའི་རྣམ་པས་ཚད་དང་ལྡན་པར་བྱང་ཆུབ་མངོན་པར་རྫོགས་པར ་སངས་རྒྱས་པ་མ་ཡིན་གྱིས།། དེ་བཞིན་གཤེགས་པས་ཡོངས་སུ་མ་མཆད་པའི་རྣམ་པར་ཆོས། ཐམས་ཅད་མཉམ་པ་ཉིད་ཀྱིས་རྣམ་པས་ཚད་མེད་པར་བྱང་ཆུབ ་མངོན་པར་རྫོགས་པར་སངས་རྒྱས་སོ།། ཚངས་པ་ཆོས་ཐམས་ཅད་མཉམ་པ་ཉིད་ཁོང་དུ་ཆུད་པ་ནི་བྱང་ཆུབ་སྟེ། ཚངས་པ་དེའི་ཕྱིར་ཆོས་ཐམས་ཅད་ནི་སངས ་རྒྱས་ཀྱི་ཆོས་རྣམས་ཤེས་བྱའོ།། ཚངས་པ་ཆོས་ཐམས་ཅད་ནི་ཅི་འདྲ་བར་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་དེ་འདྲ་བ་ཉིད་དོ།། ཆོས ་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ།། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་དོ།། ཆོས་ཐམས་ཅད་དབེན་པ་ཉིད་པས་སངས་རྒྱས་ཀྱི་ཆོས་དབེན་པ་ཉིད་དུ་ཁོང་དུ ་ཆུད་པར་བྱའོ།། ཆོས་ཐམས་ཅད་སྟོང་པས་སངས་རྒྱས་ཀྱི་ཆོས་སྟོང་པ་ཉིད་དུ་ཁོང་དུ་ཆུད་པར་བྱའོ།། ཆོས་ཐམས་ཅད་སྟོང་པས་སངས་རྒྱས་ཀྱི་ཆོས་སྟོང་པ་ཉིད་དུ ་ཁོང་དུ་ཆུད་པར་བྱའོ།། ཚངས་པ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་དག་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བར་ཁོང་དུ་ཆུད་པ་ནི་བྱང་ཆུབ་པོ།། དེ་བཞིན ་གཤེགས་པས་ཆོས་ཐམས་ཅད་ཇི་ལྟར་གཟིགས་པ་ལྟར། སངས་རྒྱས་ཀྱི་ཆོས་དེ་དག་ཀྱང་དེ་དང་འདྲ་བ་ཉིད་དོ།། ཚངས་པ་སྙིང་རྗེ་ཆེན་པོ་སེམས་པས་སྨྲས་པ། ་རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་རྣམས་ཁམས་གསུམ་ལས་ཤིན་ཏུ་འདས་པ་མ་ཡིན་ནམ། བློ་གྲོས་རྒྱ་མཚོས་སྨྲས་པ། ཚངས་པ་ཁམས་གསུམ་གྱི་ངོ་བོ་ཉིད་ཀྱི ་མཚན་ཉིད་སངས་རྒྱས་ཀྱི་ཆོས་རྣམས་སོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་ལ་ཐ་མ་འམ། མཆོག་གང་ཡང་མེད་དོ།། ཚངས་པ ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ཐ་མ་འམ་མཆོག་གང་ཡང་མེད་དོ།། ཚངས་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་དེ་དག་ནི་ནམ་མཁའ་དང་མཉམ་སྟེ།། དེ། ་དག་ལ་ཡང་ཐ་མ་འམ། མཆོག་གང་ཡང་མེད་དོ།། ཚངས་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་དེ་དག་ནི་ནམ་མཁའ་དང་མཉམ་སྟེ། དེ་དག་ལ་ཡང་ཐ་མ་འམ ་མཆོག་གང་ཡང་མེད་དོ།། ཚངས་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་དེ་དག་ནི་ན་མཁྭ་དང་མཉམ་སྟེ། དེ་དག་ལ་ཡང་ཐ་མ་འམ་མཆོག་གང་ཡང་མེད་དོ།། ་ཚངས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དོ།། དེ་ལ་ཡང་ཐ་མ་འམ་མཆོག་གང་ཡང་མེད་དོ།། ཚངས་པ་སངས ་རྒྱས་ཀྱི་ཆོས་ཁོང་དུ་ཆུད་པར་འདོད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་རྟོགས་པ་མེད་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་རྣམས་དེ་ལྟར་རྟོགས་པར་བྱའོ།། ། ་ཚངས་པ་གཞན་ཡང་སངས་རྒྱས་ཀྱི་ཆོས་རྣམས་ནི་ཡུལ་ན་མི་གནས་པ། ཕྱོགས་ན་མི་གནས་པ། མ་སྐྱེས་པ་མ་འགག་པ། སྔོ་བོ་མ་ཡིན་པ། སེར་པོ་མ ་ཡིན་པ། དམར་པོ་མ་ཡིན་པ། དཀར་པོ་མ་ཡིན་པ། ལེབ་རྒན་མ་ཡིན་པ། ཤེལ་དང་དངུལ་གྱི་ཁ་དོག་ལྟ་བུ་མ་ཡིན་པ་དག་སྟེ། དེ་དག་ནི་ཁ་དོག་མེད་པ ་དབྱིབས་མེད་པ། རྟགས་མེད་པ་དག་གོ། དེ་དག་ནི་མཚན་མ་མེད་པ་དག་གོ། ཚངས་པ་མཚན་མ་མེད་པའི་དོན་ནི་སངས་རྒྱས ་ཀྱི་ཆོས་ཀྱི་དོན་ཏོ།། སངས་རྒྱས་ཀྱི་ཆོས་ཀྱི་དོན་ནི་འཆི་འཕོ་མེད་པའི་ཚིག་གི་དོན་ཏོ།། འཆི་འབོ་མེད་པའི་ཚིག་གི་དོན་ནི་ཞི་བའི་དོན་ནོ།། ཞི་བའི་དོན་ནི ་དབེན་པའི་དོན་ནོ།། དབེན་པའི་དོན་ནི་སྟོང་པ་ཉིད་ཀྱི་དོན་ནོ།། སྟོང་པ་ཉིད་ཀྱི་དོན་ནི་གནས་མེད་པའི་དོན་ནོ།། གནས་མེད་པའི་དོན་ནི་ཁོ་ནའི་དོན་ནོ།། དེ་ཁོ ་ནའི་དོན་ནི་ཤིན་ཏུ་སྐྱེ་བ་མེད་པའི་དོན་ཏོ།། སྐྱེ་བ་མེད་པའི་དོན་ནི་འགག་པ་མེད་པའི་དོན་ནོ།། འགག་པ་མེད་པའི་དོན་ནི་གནས་མེད་པའི་དོན་ནོ།། དེ་ལ་འདི ་སྐད་ཅེས་བྱ་སྟེ། མཚན་མེད་པའི་དོན་བརྗོད་འདི།། སངས་རྒྱས་ཆོས་ཀྱི་དམ་པ་སྟེ།། སངས་རྒྱས་ཆོས་དོན་བསྟན་པ་ནི།། འཆི་འཕོ་མེད་པའི་ཚིག་ཅེས ་བྱ།། འཆི་འཕོ་མེད་དོན་ཞི་བའི་དོན།། རྣམ་པར་དབེན་པའི་དོན་དུ་བསྟན།། དབེན་པའི་དོན་ནི་སྟོང་པའི་དོན།། སྟོང་པའི་དོན་ནི་གནས་མེད་དོན། ་གནས་མེད་དོན་ཉིད་དེ་ཁོ་ན།། དེ་ཉིད་དོན་ནི་དེ་བཞིན་ཉིད།། ཤིན་ཏུ་སྐྱེ་དང་བྲལ་བ་ནི།། འགག་པ་མེད་པའི་དོན་དུ་བསྟན།། འགག་མེད་དོན་ནི་གནས་མེ།། ་གནས་མེད་པ་ཆོས་དོན་ཚིག། ཆོས་དབྱིངས་ཇི་ལྟར་གནས་པ་ལྟར།། ཆོས་རྣམས་ཐམས་ཅད་དེ་ལྟར་གནས།། ཆོས་ཀུན་ཇི་ལྟར་གནས་པ་ལྟར། སངས ་རྒྱས་ཆོས་རྣམས་དེ་ལྟར་གནས།། ཇི་ལྟར་སངས་རྒྱས་ཆོས་གནས་ལྟར།། སློབ་པའི་ཆོས་རྣམས་དེ་ལྟར་གནས།། ཆགས་མེད་ཆོས་ནི་མཚུངས་པའི། ་དོན།། དེ་ལྟར་དེ་དག་གཞན་མིན་གནས།། རང་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་།། འདིར་ནི་མཉམ་པ་ཇི་བཞིན་གནས།། དེ་ལྟའི་གནས་ལ་གནས་པའི་ཆོས།། ། ་སངས་རྒྱས་ཆོས་དེ་བླ་ན་མེད།། སངས་རྒྱས་ཆོས་རྣམས་དེ་དག་ནི།། ཡུལ་དང་ཕྱོགས་ན་གནས་པ་མེད།། སྐྱེ་བ་དང་ནི་འཇིག་པ་ཡིས།། ནམ་ཡང་རབ་ཏུ ་ཕྱེ་བ་མིན།། གང་དུའང་ཆོས་རྣམས་དེ་དག་ལ།། དབྱིབས་དང་ཁ་དོག་རྙེད་མི་འགྱུར།། མཚན་མ་མེད་ཅིང་རྟགས་མེད་པར།། སངས་རྒྱས་ཆོས་རྣམས་རབ་ཏུ ་བརྟེན།། ཆོས་ཀུན་རང་བཞིན་གང་ཡིན་པ།། སངས་རྒྱས་ཆོས་རྣམས་དེ་ལྟའི་ཚུལ།། དེས་ན་དེ་དག་མཉམ་པར་བསྟན།། ཁྱད་པར་མེད་དེ་མཚན་ཉིད་མེད།། ་སངས་རྒྱས་ཆོས་རྟོགས་འདོད་པ་ཡིན།། ཆོས་རྣམས་ཀུན་ལ་ལྟ་བར་བྱ།། གང་ཚེ་ཅུང་ཟད་མི་དམིགས་པ།། དེ་ཚེ་རྣམ་པར་བསྟན་པ་ཡིན།། སངས་རྒྱས་དང་ནི། ་སངས་རྒྱས་ཆོས།། ཆོས་རྣམས་ཀུན་ཀྱང་ཐམས་ཅད་དུ།། བྱང་ཆུབ་སྙིང་པོར་དྲང་སྲོང་ཆེས།། དེ་དག་ཡང་དག་མཉམ་པར་རྟོགས། ་སངས་རྒྱས་ཆོས་གང་སངས་རྒྱས་ཀྱིས།། བྱང་ཆུབ་སྙིང་པོར་གང་བལྟས་པ།། སངས་རྒྱས་ཆོས་བསྟན་དེ་དག་ནི།། རྟག་ཏུ་མཉམ་པ་ཉིད་ཀྱིས་མཉམ།། མཉམ ་སྟེ་མི་མཉམ་མེད་པའི་ཆོས།། ནམ་མཁའ་ལྟ་བུར་དྲི་མེད་པར།། སངས་རྒྱས་ཀྱིས་ནི་མཁྱེན་པས་རྟོགས།། དེས་འདིར་སངས་རྒྱས་ཡིན་ཞེས་བརྗོད།། རྟེན་ཅིང ་འབྲེལ་པར་གང་བྱུང་བ།། དེ་དག་གང་ལའང་རང་བཞིན་མེད།། གང་དག་ངོ་བོ་ཉིད་མེད་པ།། དེ་དག་གང་དུའང་འབྱུང་བ་མེད།། འགྲོ་བ་མཐའ་མེད་མཉམ་པར་ནི།། ་གང་གིས་མཐའ་འདིར་རབ་ཤེས་པ།། དེ་ཡི་ཡེ་ཤེས་མཐར་སོན་པ།། ཆོས་རྣམས་ཀུན་ལའང་འཇུག་པར་འགྱུར།། ཆོས་རྣམས་གང་དག་འདས་པ་དང་།། ཆོས ་རྣམས་གང་དག་མ་འོངས་དང་།། ད་ལྟར་བྱུང་བའི་ཆོས་གང་དག། དེ་རྣམས་སངས་རྒྱས་ཆོས་སུ་འདོད།། དེ་ལྟར་དུས་གསུམ་རྣམས་ལ་ཡང་།། སངས་རྒྱས ་ཡེ་ཤེས་ཆགས་པ་མེད།། གང་དུ་ཡེ་ཤེས་མི་ཆགས་པ།། དེ་དག་ཐུབ་པའི་ཆོས་སུ་བསྟན།། སྟོབས་ནི་རྣམ་པ་བཅུ་དག་དང་།། མི་འཇིགས་རྣམ་བཞི་གང་དག ་དང་།། སངས་རྒྱས་རྣམས་ཀྱི་མ་འདྲེས་ཆོས།། རྣམ་པ་བཅོ་བརྒྱད་གང་ཡིན་དང་།། གཞན་ཡང་ཆོས་གང་ཅི་ཡོད་པ།། ཐམས་ཅད་འདིར་ནི་འདུས་པར་གྱུར།། ་དེས་ན་ཆོས་རྣམས་དེ་དག་ཀུན།། སངས་རྒྱས་ཆོས་ཤེས་བརྗོད་པ་ཡིན།། །། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ། བམ་པོ་ལྔ་པ།། ་། ཚངས་པ་སྙིང་རྗེ་ཆེན་པོ་སེམས་པས།། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་སྨྲས་སོ།། ཅི་རིགས་ཀྱི་བུ་ཁྱོད་ལ་ཆོས་འདི་དག་མངོན་སུམ་དུ་གྱུར་ཏམ།། སྨྲས་པ་ཅི་ཚངས་པ་ཅི་སངས་རྒྱས་ཀྱི་ཆོས ་རྣམས་གཟུགས་སུ་བགྲང་ངམ་སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་ཚངས་པ་ཆོས་གང་གཟུགས་མེད་བསྟན་དུ་མེད།། ཐོགས་པ་མེད་རྣམ་པར་རིག་པ་མེད་པ་དེ་ལ་གང ་ཡང་མངོན་དུ་འགྱུར་རམ། སྨྲས་པ་རིགས་ཀྱི་བུ་དེ་ནི་མ་ཡིན་ནོ།། སྨྲས་པ་ཚངས་པ་དེ་ལྟར་ན་ཆོས་ཐམས་ཅད་ནི་མངོན་སུམ་པ་མ་ཡིན་པ་ཉིད་དོ།། དེ་ཅིའི་ཕྱིར ་ཞེ་ན། དེ་ལ་གཉིས་ཆུང་ཟད་ཀྱང་མེད་དེ། ཚངས་པ་ཆོས་ཐམས་ཅད་ནི་གཉིས་སུ་མེད་པའོ།། དེ་ལ་མངོན་སུམ་གང་ཡིན་པ་དེ་ཡང་དེའི་མཚན་ཉིད་ཁོ་ནའོ།། ་ཚངས་པ་མངོན་སུམ་ཡང་གཞན་ལ། སངས་རྒྱས་ཀྱི་ཆོས་རྣས་ཀྱང་གཞན་མ་ཡིན་ཏེ། མངོན་སུམ་གང་ཡིན་པོ་དེ་ཉིད་སངས་རྒྱས ་ཀྱི་ཆོས་རྣམས་སོ།། སངས་རྒྱས་ཀྱི་ཆོས་གང་ཡིན་པ་དེ་ཉིད་མངོན་སུམ་ཉིད་དོ།། སྨྲས་པ་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལ་ཡང་སངས་རྒྱས་ཀྱི་ཆོས་རྣམས ་མངོན་སུམ་མ་ཡིན་ནམ། སྨྲས་པ་ཚངས་པ་གལ་ཏེ་དེ་བཞིན་གཤེགས་པའམ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་རུང་སྟེ། འགའ་ཞིག་ཡང་དག་པར་ཡོངས་སུ་གྲུབ ་པར་གྱུར་ན་ནི། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་། དེ་བཞིན་གཤེགས་པ་ལ་མངོན་སུམ་དུ་འགྱུར་རོ།། སྨྲས་པ་རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་གང་ཡང་མེད། ་དམསྨྲས་པ་ཚངས་པ་གལ་ཏེ་ཡོངས་སུ་གྲུབ་པ་མེད་པ་དེ་ཡོད་པ་འམ་མེད་པར་ཁས་བླང་དུ་མེད་དོ།། ཆོས་གང་ཡོད་པ་འམ་མེད་པར་ཁས་བླང་དུ་མེད་པ་དེ་ལ ་མངོན་སུམ་དུ་གྱུར་པ་གང་ཡང་མེད་དོ།། སྨྲས་པ་འོ་ན་ད་ཇི་ལྟར་སངས་རྒྱས་ཀྱི་ཆོས་ཤེས་བསྟན། སྨྲས་པ་ཚངས་པ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་ན་མཁའ ་ཞེས་བསྟན་ཀྱང་། ནམ་མཁའ་ལ་ཡང་དག་པར་ཡོངས་སུ་གྲུབ་པ་གང་ཡང་མེད་དོ།། ཚངས་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ལ་སངས་རྒྱས་ཀྱི་ཆོས་རྣམས ་ཤེས་བསྟན་ཀྱང་། སངས་རྒྱས་ཀྱི་ཆོས་ལ་ནི་ཡང་དག་པར་ཡོངས་སུ་གྲུབ་པ་གང་ཡང་མེད་དོ།། སྨྲས་པ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ལས་དང་པོ་བས ་བསྟན་པ་འདི་ཐོས་ནས་སྐྲག་པར་མི་འགྱུར་གྱི། དེས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཆེད་དུ་གོ་ཆ་གྱོན་པ་ནི་ངོ་མཚར་ཏོ།། སྨྲས་པ་ཚངས་པ་སངས་རྒྱས་ཀྱིས་བྱིན་གྱིས ་བརླབས་པའི་སེམས་ཅན་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་སངས་རྒྱས་ཀྱི་ཆོས་ཟབ་མོ་ཐོས་ན་སྐྲག་པར་མི་འགྱུར་རོ།། ཚངས་པ་འཛིན་པ་དང་། ་མངོན་པར་ཞེན་པར་གྱུར་ན། སྐྲག་པར་འགྱུར་གྱི་འཛིན་པ་མེད་ཅིང་མངོན་པར་ཞེན་པ་མེད་ན། སྐྲག་པར་མི་འགྱུར་རོ།། གནས་དང་ཆགས་པར་གྱུར་ན། ་སྐྲག་པར་འགྱུར་གྱི་གནས་མེད་ཅིང་ཆགས་པ་མེད་ན། སྐྲག་པར་མི་འགྱུར་རོ།། ངར་འཛིན་པ་དང་། ང་ཡིར་འཛིན་པར་གྱུར་ན་སྐྲག་པར་འགྱུར་གྱི། ངར ་འཛིན་པ་དང་ང་ཡིར་འཛིན་པ་དང་བྲལ་ན། སྐྲག་པར་མི་འགྱུར་རོ།། སྨྲས་པ་སྟོབས་གང་དང་ལྡན་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཟབ་མོ་དག ་ལ་སྐྲག་པར་མི་འགྱུར་བ། བྱང་ཆུབ་སེམས་དཔའི་སྟོབས་གང་ཡིན། སྨྲས་པ་ཚངས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ནི། བརྒྱད་པོ་འདི་དག་སྟེ། ་སྟོབས་དེ་དག་དང་ལྡན་ན་ཆོས་ཟབ་མོ་དག་ལ་སྐྲག་པར་མི་འགྱུར་རོ།། བརྒྱད་གང་ཞེ་ན་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད ་ལ་མོས་པས། ཐོགས་པ་མེད་པ་དད་པའི་སྟོབས་དང་། སྟོན་པ་དང་མཚུངས་པའི་བློས། གུས་པ་ལས་ངེས་པར་འབྱུང་བ་དགེ་བའི་བཤེས་གཉེན་གྱི་སྟོབ ་འཇིག་རྟེན་ལས་འདས་པའི་ཆོས་ཡོངས་སུ་རྫོགས་པར་བྱེད་པས། ཐོས་པ་ལས་ངེས་པར་འབྱུང་བ་ཤེས་རབ་ཀྱི་སྟོབས་དང་། བསོད་ནམས་ཚད་མེད་པ ་ཡོངས་སུ་རྫོགས་པར་བྱེད་པས། བསོད་ནམས་ལས་ངེས་པར་བྱུང་བ་བསྙེན་བཀུར་བྱ་བའི་སྟོབས་དང་། བདུད་ཐམས་ཅད་ངེས་པར་གཞོམ་པའི་ཕྱིར་ཚུལ་བཞིན ་ལས་ངེས་པར་བྱུང་བ་ཡེ་ཤེས་ཀྱི་སྟོབས་དང་། ཆོས་རྣམས་བདག་མེད་པ་ལ་དོགས་པ་མེད་པས། བྱམས་པ་ཆེན་པོ་ལས་ངེས་པར་བྱུང་བའི་སྙིང་རྗེ་ཆེན་པོའི ་སྟོབས་དང་། བྱང་ཆུབ་ཀྱི་སེམས་བརྗེད་པ་མེད་པས། ངེས་པར་སེམས་པ་ལས་ངེས་པར་བྱུང་བ་སེམས་ཀྱི་སྟོབས་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ ་ཐོབ་པས། གཞན་གྱི་དྲིན་མི་འཇོག་པ་ལས་ངེས་པར་འབྱུང་བར་བཟོད་པའི་སྟོབས་སོ།། ཚངས་པ་བརྒྱད་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྟོངས ་ཏེསྔ་སྟོབས་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་ཟབ་མོ་དག་ལ་སྐྲག་པར་མི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང ་ཆུབ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་དེ་དག་ལེགས ་བར་བཤད་པ་ནི་ལེགས་སོ་ལེགས་སོ།། སྟོབས་ཇི་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་གང་ཐོས་ནས་སྐྲག་པར་འགྱུར་བའི་སངས་རྒྱས་ཀྱི ་ཆོས་དེ་གང་ཡང་མེད་དོ།། བློ་གྲོས་རྒྱ་མཚོ་བསྟན་པའི་སྒྲ་དེ་དག་ཐམས་ཅད་ནི་འཇིག་པའོ།། བྱང་ཆུབ་ཀྱི་དོན་དམ་པ་གང་ཡིན་པ་དེ་ཡང་བརྗོད་པར་མི ་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། བརྗོད་དུ་མེད་པ་ནི་བསྟན་དུ་མེད་པའི་སྟེ།། དེ་ལ་ནི་ཡི་གེ་རྣམས་ཀུན་ཏུ་མི་རྒྱུའོ།། དེ་ལ་ནི་སེམས་དང་སེམས་ལས ་བྱུང་བའི་ཆོས་རྣམས་ཀྱང་ཀུན་ཏུ་མི་རྒྱུ་ན། ཡི་གེ་རྣམས་ཀུན་ཏུ་རྒྱུ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། འདི་ལྟར་ཆོས་ཟབ་མོ་ཡི་གེ་མེད་པ་བསྙད་དུ ་མེད་པ། བརྗོད་དུ་མེད་པ། སྒྲར་མེད་པ་འདི་ལྟ་བུ་མངོན་པར་རྫོགས་པར་སངས་རྒྱས་ཀྱང་། ཡི་གེའི་རྣམ་པར་རིག་པས་སེམས་ཅན་གཞན་དག་དང་གང ་ཟག་གཞན་རྣམས་ལ་སྟོན་ཏེ། སེམས་ཅན་བསམ་གྱི་མི་ཁྱབ་པ་དག་ལ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི། ་ཐུགས་རྗེས་ཆེན་པོ་ཇི་སྙེད་འཇུག་པ་ལ་ལྟོས། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་གིས། ནམ་མཁའ་ལ་གཟུགས་མེད་པ། ་བསྟན་དུ་མེད་པ། ཐོགས་པ་མེད་པ་རྣམ་པར་རིག་པ་མེད་པ། འདི་ལ་ཚོན་སྣ་ཚོགས་ཀྱིས་རི་མོར་བྲིས་ཏེ། རྟ་དང་གླང་པོ་ཆེ་དང་། ཤིང་རྟ་དང་། ་དཔུང་བུ་ཅུང་དང་། གཞོན་པ་རྣམས་སུ་འདིར་ཉེ་བར་སྟོན་ཏམ། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟའི་གཟུགས་རྣམས་འདིར་ཉེ་བར་སྟོན་ན། བློ ་གྲོས་རྒྱ་མཚོ་འདི་ལ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་དཀའ་བ་བྱེད་པ་མ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དཀའ་བ་བགྱིད་པའོ།། བདེ་བར། ་གཤེགས་པ་མཆོག་ཏུ་དཀའ་བ་བགྱིད་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་སངས་རྒྱས་བཅོམ་ལྡན་འདས་གང་དག་བརྗོད ་དུ་མེད་པའི་ཆོས་མངོན་པར་རྫོགས་པར་སངྱས་ནས་ཀྱང་། སེམས་ཅན་གཞན་དག་དང་གང་ཟག་གཞན་རྣམས་ལ་བརྗོད་དུ་མེད་པའི་དོན་དེ་བརྗོད་པས་རྣམ ་པར་རིག་པར་བྱེད་ཅིང་གོ་བར་བྱེད་པ་ནི།། དེ་བས་ཀྱང་ཆེས་དཀའ་བ་མཛད་པའོ།། གང་དག་སངས་རྒྱས་ཀྱི་ཆོས་ཟབ་མོ་འདི་དག་ནི། དགེ་བའི་རྩ་བ་འདི ་དག་ལ་མི་སྐྲག་མི་དང་བར་མི་འགྱུར་བ་དེ་དག་ནི་དེ་བས་ཀྱང་ཆེས་ཤིན་ཏུ་དཀའ་བ་བྱེད་དོ།། བློ་གྲོས་རྒྱ་མཚོ་གང་དག་སངས་རྒྱས་ཀྱི་ཆོས་ཟབ་མོ་འདི་དག་ལ ་སྐྲག་པར་མི་འགྱུར་བའི་སེམས་ཅན་དེ་དག་ནི།། དགེ་བའི་རྩ་བ་བསྐྱེད་པ་དང་། སྔོན་གྱི་རྒྱལ་བ་ལ་བསྙེར་བཀུར་བྱས་པ་ཡིན་ནོ།། བློ་གྲོས་རྒྱ་མཚོ་མདོ་སྡེ ་ཟབ་མོ་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་འདི་དག་རིག་ནས་འཆང་བ་དང་། འཛིན་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ ་དག་ནི་བཞིན་གཤེགས་པའི་ཆོས་མཛོད་འཛིན་པ་དག་གོ།། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ཕྱོགས་འཛིན་པ་དག་གོ།། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས ་དཔའ་གང་གིས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཐམས་ཅད་རིན་པོ་ཆེ་ཐམས་ཅད་ཀྱིས་ཡོངས་སུ་བཀང་སྟེ། དེ ་བཞིན་གཤེགས་པ་ལ་མཆོད་པོའི་ལས་ཀྱི་ཕྱིར་དབུལ་བར་བུལ་ན། བློ་གྲོས་རྒྱ་མཚོ་དེ་ལ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་དེ་བཞི་དེ་ལག ་བསོད་ནམས་མང་དུ་སྐྱེད་དམ། གསོལ་པ། བཅོམ་ལྡན་འདས་མང་ལགསོ།། བདེ་བར་གཤེགས་པ་ཚད་མ་མཆིས ་ལགས་སོ།། བསོད་ནམས་ཀྱི་ཕུང་པོ་དེ་ནི་ཇི་ཙམ་དུ་དཔེ་བགྱི་བར་སླ་བ་མ་ལགས་པ།། དེ་ཙམ་དུ་བསོད་ནམས་ཀྱི་ཕུང་པོ་དེ་ཚད་མ་མཆིས་པར་འགྱུར་རོ།། ། ་བཅོམ་ལྡན་འདས་བཀའ་སྩལ་བ།། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་མོས་པར་བྱའོ།། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ།། གང་དེ་བཞིན་གཤེགས་པའི་བསྟན ་པ་ཀུན་ཏུ་སྲུང་བ་དང་། དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས། མདོ་སྡེ་ཟབ ་མོ་འདི་འདི་ལྟ་བུ་འདི་དེ་བཞིན་གཤེགས་པའི་ཡེ་ཤེས་སྒྲུབ་པར་རིག་ནས། འཛིན་པ་དང་། འཆང་བ་དང་ཀུན་ཆུབ་པར་བྱེད་པའི་བྱང་ཆུབ་སེམས ་དཔའ་དེ་ནི། དེ་བས་ཀྱང་ཆེས་བསོད་ནམས་མང་དུ་བསྐྱེད་ན། གང་དེ་བཞིན་དུ་སྒྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ།། ་ཟང་ཟིང་གི་སྦྱིན་པ་དེ་ཐམས་ཅད་ནི་འཇིག་རྟེན་ལ་སྟོན་པའོ།། ཆོས་ཀྱི་སྦྱིན་པོ་འདི་ནི་འཇིག་རྟེན་ཐམས་ཅད་ལས་ཤིན་ཏུ་འདའ་བར་འགྱུར་བའོ།། ་བློ་གྲོས་རྒྱ་མཚོ་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི། ཡོངས་སུ་གཟུང་བ་བཞི་རབ་ཏུ་འཐོབ་སྟེ། བཞི་གང་ཞེ་ན། སངས་རྒྱས་ཀྱིས་ཡོངས་སུ་གཟུང་བ ་རབ་ཏུ་འཐོབ་པ་དང་། ལྷས་ཡོངས་སུ་གཟུང་བ་དང་། བསོད་ནམས་ཀྱིས་ཡོངས་སུ་གཟུང་བ་དང་། ཡེ་ཤེས་ཀྱིས་ཡོངས་སུ་གཟུང་འཐོབ་པའོ།། བློ་གྲོས ་རྒྱ་མཚོ་སངས་རྒྱས་ཀྱིས་ཡོངས་སུ་གཟུང་བའི་བྱང་ཆུབ་སེམས་དཔའི་ཁྱད་པར་དུ་འགྱུར་བ་བཞི་སྟེ། བཞི་གང་ཞེ་ན། དེ་བཞིན་གཤེགས་པ་མཐོང་བ་དང་མི ་འབྲལ་བར་འགྱུར་བ་དང་། དེ་ལ་བདུད་ཐམས་ཅད་ཀྱིས་གླགས་མི་རྙེད་པར་འགྱུར་བ་དང་། གཟུངས་རབ་ཏུ་འཐོབ་པར་མི་ཟད་པར་འགྱུར་བ་དང་། མངོན་པར ་ཤེས་པ་མྱུར་ཏེ། ཕྱིར་མི་ལྡོག་པའི་ས་ཐོབ་པར་འགྱུར་བ་སྟེ། བློ་གྲོས་རྒྱ་མཚོ་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་ཁྱད་པར་དུ་འགྱུར ་བ་བཞི་པོ་དེ་དག་གོ།། བློ་གྲོས་རྒྱ་མཚོ་ལྷས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའི་རྣམ་པར་དག་པར་འགྱུར་བ་བཞི་སྟེ། བཞི་གང་ཞེ་ན། ལྷ་རྣམས ་ཀྱིས་དེའི་འཁོར་གྱི་དཀྱིལ་འཁོར་རྣམ་པར་སྦྱོང་བ་དང་། ཆོས་ཉན་པ་ལ་སེམས་རྩེ་ཅིག་ཏུ་བྱ་བར་འཇོག་པ་དང་། དེ་ལ་ཕ་རོལ་ཏུ་གནོད་པ་ཐམས་ཅད་མི ་འབྱུང་བར་བྱེད་པ་དང་། དེ་ལ་སེམས་མ་དད་པ་ཐམས་ཅད་ཀྱང་ལྷ་རྣམས་ཀྱི་དབང་པོ་ཡིས་དད་པར་བྱེད་པ་སྟེ། བློ་གྲོས་རྒྱ་མཚོ་ལྷས ་ཡོངས་སུ་གཟུང་བྱང་ཆུབ་སེམས་དཔའི་རྣམ་པར་དག་པར་འགྱུར་བ་བཞི་དེ་དག་གོ། བློ་གྲོས་རྒྱ་མཚོ་བསོད་ནམས་ཀྱིས་ཡོངས་སུ་གཟུང་བའི་བྱང་ཆུབ་སེམས་དཔའི། ་རྒྱན་དུ་འགྱུར་བ་བཞི་སྟེ། བཞི་གང་ཞེ་ན། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པས་ལུས་ཀྱི་རྒྱན་དང་སེམས་ཅན་ཐམས་ཅད་མགུ་བར་བྱེད་པས་ངག་གི ་རྒྱན་དང་། བྱ་བ་ཐམས་ཅད་ཀུན་ཏུ་སྟོན་པས་ཞིང་གི་རྒྱན་དང་། བརྒྱ་བྱིན་དང་། ཚངས་པ་དང་འཇིག་རྟེན་སྐྱོང་དུ་སྐྱེ་བ་རབ་ཏུ་ཐོས་པས། སྐྱེ་བའི་རྒྱན་ཏེ། བློ་གྲོས ་རྒྱ་མཚོ་བསོད་ནམས་ཀྱིས་ཡོངས་སུ་གཟུང་བའི་བྱང་ཆུབ་སེམས་དཔའི་རྒྱན་དུ་འགྱུར་བ་བཞི་པོ་དེ་དག་གོ། བློ་གྲོས་རྒྱ་མཚོ་ཡེ་ཤེས་ཀྱིས་ཡོངས་སུ་བཟུང་བའི་བྱང་ཆུབ ་སེམས་དཔའི་སྣང་བར་གྱུར་པ་བཞི་སྟེ། བཞི་གང་ཞེ་ན། སོ་སོ་ཅི་རིགས་པར་ཆོས་སྟོན་པས། སེམས་ཅན་གྱི་དབང་པོ་སྣང་བ་དང་། ཆོས་ཀྱི་སྨན་ཡང་དག་པར་སྦྱོར ་བས་ཉོན་མོངས་པའི་ནད་ཐམས་ཅད་སྣང་བ་དང་། སངས་རྒྱས་ཀྱི་ཞིང་གཞན་དུ་འགྲོ་བས། མངོན་པར་ཤེས་པ་སྣང་བ་དང་། ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ ་བཞིན་དུ་ཡོངས་སུ་ཤེས་པས་ཆོས་ཀྱི་དབྱིངས་སྣང་བ་སྟེ། བློ་གྲོས་རྒྱ་མཚོ་ཡེ་ཤེས་ཀྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའི་སྣང་བར་འགྱུར་བཞི་པོ་དེ་དག ་གོ། བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་གྱི་ངན་ཡོན་འདི་དག་ཡོངས་སུ་འཛིན་པར་འདོད་པས་དམ་པའི་ཆོས ་ཡོངས་སུ་བཟུང་བ་ལ་མངོན་པར་བརྩོན་པར་བྱའོ།། བློ་གྲོས་རྒྱ་མཚོ་དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་མངོན་པར་བརྩོན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་ཡོན་ཏན་གྱི་ཁྱད་པར་ཚད་མེད་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། དེ་བཞིན་གཤེགས་པའི་དམ་ཆོས ་གང་འཛིན་པ།། དེ་དག་ཕན་ཡོན་རྣམ་པ་མང་འགྱུར་ཏེ།། དེ་ལས་ཕྱོགས་ཙམ་ཡོངས་སུ་བརྗོད་པར་བྱ།། དཔེར་ན་རྒྱ་མཚོ་ཆུ་ལས་ཐིག་པ་བཞིན།། དེ་བཞིན ་གཤེགས་པའི་དམ་པའི་ཆོས་འཛིན་པ།། དེ་ནི་དེ་བཞིན་གཤེགས་པ་བྱས་གཟོ་ཡིན།། རྒྱལ་བ་རྣམས་ཀྱི་མཛོད་འཛིན་ཡིད་བརྟན་ཅིང་།། ཕྱོགས་བཅུ ་རྣམས་སུ་སངས་རྒྱས་མཆོད་པ་ཡིན།། སངས་རྒྱས་སྤྱན་གྱིས་གཟིགས་པའི་ཞིང་མང་ངོ་།། རིན་ཆེན་བཀང་སྟེ་དེ་བཞིན་གཤེགས་ལ་ཕུལ།། ཟད་པའི ་དུས་ན་ཇི་ལྟར་ཆོས་འཛིན་ལྟར།། བསོད་ནམས་ཕུ་པོ་ཇི་ཙམ་འཕེལ་བ་ཡིན།། འཇིག་རྟེན་ཟང་ཟིང་རྒྱ་བ་སྟི་སྟང་བྱས།། འཇིག ་རྟེན་བྱེད་ལས་ནམ་ཡང་གྲོལ་མི་འགྱུར།། འཇིག་རྟེན་འདས་པའི་ཆོས་ནི་གང་ཚོལ་བ། མཁས་པ་དེ་ནི་འཇིག་རྟེན་ཆོས་ལས་འདས།། དེ་བཞིན་གཤེགས ་པའི་དམ་པའི་ཆོས་འཛིན་པ།། རྒྱལ་བ་རྣམས་ཀྱིས་ཡོངས་སུ་བཟུང་བར་འགྱུར།། ལྷ་དང་ཀླུ་དང་མི་འམ་ཅི་རྣམས་དང་།། བསོད་ནམས་ཡེ་ཤེས་ཀྱིས་ནི ་ཡོངས་སུ་བཟུང་།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། དྲན་ལྡན་བློ་གྲོས་ལྡན་ཞིང་བློ་ལྡན་འགྱུར།། ཤེས་རབ་རྒྱ་ཆེན་ཀུན་ནས་ཡེ་ཤེས་ལྡན།། ་མཁས་པ་བག་ཆགས་བཅས་པའི་ཉོན་མོངས་སྤོང་།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། དེ་ལ་བདུད་ཀྱིས་སྐྱོན་ཆགས་རྙེད་མི་འགྱུར།། དེ་ལ ་འགྱོད་དང་དེ་བཞིན་དོགས་པ་མེད།། དེ་ལ་བཅིངས་མེད་སྒྲིབ་པ་ཅུང་ཟད་མེད།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། ཞིང་སྟོང་དག་ཏུ་ནམ་ཡང ་མི་སྐྱེ་སྟེ།། སྐྱེ་བ་ཀུན་ཏུ་དེ་ནི་རྒྱལ་བ་མཐོང་།། མཐོང་ནས་དེ་ལ་དད་པ་རབ་ཏུ་འཐོབ།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། ཆོས་ཀྱི་བདག ་ཉིད་ཆེན་པོ་སྐྱེ་དྲན་འགྱུར།། ཡང་དང་ཡང་དུ་རབ་ཏུ་འབྱུང་བ་མཐོབ།། སྤྱོད་པ་ཡོངས་དག་སྒྲུབ་པ་སྙིང་པོར་བྱེད།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན ་བསྡུ་ཚུལ་ཁྲིམས་ཐོས་པས་འཕགས་པའི་ཆོས་སྤྱོད་པ།། མཁས་པ་མངོན་ཤེས་ལྔ་ལ་མྱུར་དུ་རེག། མ་སྨད་བསམ་གཏན་རྣམ་པར་མཐར་པ་འཐོབ།། དེ་བཞིན ་གཤེགས་པའི་དམ་པའི་ཆོས་འཛིན་པ།། དེ་ནི་ཟབ་ཆོས་རྟོགས་པར་ཁོང་དུ་ཆུད།། སངས་རྒྱས་སྤྱོད་ཡུལ་སྟོང་ཉིད་ཐེ་ཙོམ་མེད།། སེམས་ཅན་བདག་མེད་པར་ཡང ་མོས་པར་འགྱུར།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། དེ་ནི་སོ་སོ་ཡང་དག་པར་རིག་པ་འཐོབ།། འཇིག་མེད་ཤེས་རབ་རྣོ་ཞིང་ཆགས་མེད་དག ་དེ་ནི་སྲོག་ཆགས་ཀུན་གྱི་ཐེ་ཙོམ་གཅོད།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། མཁས་པ་དེ་ནི་གཟུངས་རྣམས་འཐོབ་པར་འགྱུར།། བསྐལ་པ་བརྒྱར ་ཡང་གང་ཐོས་ཆུད་མི་ཟ།། སྤོབ་དང་ལྡན་ཞིང་ཆགས་པ་མེད་པར་གྱུར།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། དེ་ལ་མཁས་པ་རྟག་ཏུ་དགའ ་བར་འགྱུར།། ལྷ་དང་ལྷ་མིན་མིའི་ཡིད་དུའོ།། དེ་ལ་སངས་རྒྱས་བུ་གཅིག་བཞིན་དུ་སྡོད།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། བརྒྱ་བྱིན ་ཚངས་དེ་བཞིན་འཇིག་རྟེན་སྐྱོང་།། འཁོར་ལོས་སྒྱུར་དང་མི་ཡི་རྒྱལ་པོར་འགྱུར།། བདེ་དང་ཡིད་བདེ་བྱང་ཆུབ་དེ་འཚང་རྒྱ། ་དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། དེ་ལུས་སུམ་བཅུ་རྩ་གཉིས་མཚན་ལྡན་ཞིང་།། མཁས་པ་ཡན་ལག་སྨད་པ་མེད་པར་འགྱུར།། ་དེ་ལ་ལྟ་བར་ངོམས་པར་ཡོད་མི་འགྱུར།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། གང་དག་ཆོས་ཀྱི་ཕྱག་རྒྱ་འདི་སྟོན་པའི།། དགེ་བའི་བཤེས ་གཉེན་དེ་ལ་དཀོན་མི་འགྱུར།། ཆོས་མཛོད་ཟད་མི་ཤེས་པ་ཉན་པར་མེད།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། ལུས་དང་ངག་ཡིད་ཀྱང ་རྣམ་པར་དག་ཚུལ་ཁྲིམས་ཏིང་འཛིན་ཤེས་རང་རྣམ་པར་དག། རྣམ་གྲོལ་ཡེ་ཤེས་ཤིན་ཏུ་རྣམ་པར་དག། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན ་བ། དེ་ནི་བྱང་ཆུབ་སེམས་པརྗེས་འགྱུར་བ་མེད།། ཕ་རོལ་ཕྱིན་པ་སྤྱོད་པ་དང་འགལ་མི་འགྱུར།། དགེ་བ་བརྒྱ་རྣམས་ཀྱིས་ཀྱང་རབ་ཏུ་བཟུང་།། དེ་དག ་རྣམས་ཀྱི་ཡོན་ཏན་ཕན་ཡོན་རྣམས།། བསྐལ་པ་རྒྱུན་མི་འཆད་པར་རབ་བརྗོད་ཀྱང་།། དམ་པའི་ཆོས་འཛིན་པའི་ཕན་ཡོན་འདི་དག་ནི།། བརྗོད་པས་ཐ་མར ་འཛིན་པར་མི་འགྱུར་རོ།། སངས་རྒྱས་ཀྱི་ཆོས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ཡོན་ཏན་གྱི་རྒྱལ་པོ་སྣང་བ་ཞེས་བྱ་བ། འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ ་ཏོཀྵབཅོམ་ལྡན་འདས་ཀྱིས་ངས་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བརྗོད་དུ་མེད་དོ་ཞེས་གསུངས་ན། བཅོམ་ལྡན་འདས་ཆོས་བརྗོད་དུ ་མ་མཆིས་པ་ལགས་ན། དམ་པའི་ཆོས་ཡོངས་སུ་གཟུང་བ་ཇི་ལྟ་བུ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ།། ། ་ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཆོས་གང་ངས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བརྗོད་དུ་མེད་དོ།། རིགས་ཀྱི་བུ་འོན་ཀྱང་ཡི་གེའི་ངེས་པའི་ཚིག་གང་གིས ་བརྗོད་དུ་མེད་པ་འདུས་མ་བྱས་ཀྱི་ཆོས་དེ་བརྙེད་པའི་ཡི་གེའི་ངེས་པའི་ཚིག་དེ་དག་གང་ལེན་པ་དང་། འཛིན་པ་དང་སྟོན་པ་དང་། རབ་ཏུ་ཤེས་པར་བྱེད་པ་དང་།། ་འཇོག་པ་དང་། རྣམ་པར་འགྲེལ་བ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་འདི་དམ་པའི་ཆོས ་ཡོངས་སུ་འཛིན་པ་ཞེས་བྱའོ།། རིགས་ཀྱི་བུ་གཞན་ཡང་ཆོས་སྨྲ་བ་གང་དག་མདོ་སྡེ་འདི་ལྟ་བུ་འདི་དག་འཛིན་པ་དང་། སྟོན་པ་དང་། ་སྒྲུབ་པའི་ཆོས་སྨྲ་བ་དེ་དག་ལ་གང་ཉེན་པ་དང་། བསྟན་པ་དང་། བསྙེན་བཀུར་བྱེད་པ་དང་ལྡན་པ་དང་། རིམ་གྲོ་བྱེད་པ་དང་། གུས་པར་བྱེད་པ་དང་། ཞེ ་སེ་བྱེད་པ་དང་། སྟི་སྟང་བྱེད་པ་དང་། ཀུན་ཏུ་སྲུང་བ་དང་། སྦེད་པ་དང་། ཡོངས་སུ་འཛིན་པ་དང་། གོས་དང་ཟས་དང་། མལ་ཆ་དང་། ན་བའི་གསོས ་སྨན་དང་། ཡོ་བྱད་སྦྱིན་པ་དང་། ལེགས་སོ་ཞེས་བྱ་བའི་སྦྱིན་པ་དང་། ཇོ་བོ་ལྟ་བུར་ཀུན་ཏུ་སྲུང་བ་དང་། དགེ་བ་ཀུན་ཏུ་སྲུང་བ་དང་། བསྔགས་བརྗོད་པ ་དང་ལྔ་མི་སྙན་པ་འཆབ་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། རིགས་ཀྱི་བུ་གཞན་ཡང་གང་སྟོང་པ་ཉིད་ལ་མོས་པ་དང་། མཚན་མ་མེད་པ་ལ། ་ཡིད་ཆེས་པ་དང་། སྨོན་པ་མེད་པ་ལ་སོམ་ཉི་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་ལ་དེ་ཁོ་ན་ཉིད་དུ་ངེས་པར་སེམས་པ་འདི་ཡང་དམ་པའི་ཆོས་ཡོངས་སུ ་འཛིན་པའོ།། རིགས་ཀྱི་བུ་གཞན་ཡང་རྩོད་པ་མེད་པ་ལྷུར་ལེན་པ་དང་། ཆོས་མ་ཡིན་པའི་རྩོད་པ་རྣམས་ཆོས་དང་འཐུན་པས་ཚར་གཅོད་པ་འདི་ཡང་དམ་པ ་ཆོས་ཡོངས་སུ་འཛིན་པའོ།། རིགས་ཀྱི་གཞན་ཡང་ཞེ་སྡང་བ་མེད་པའི་རྒྱུད་དང་། སེམས་རབ་ཏུ་བསྡུ་བ་དང་། རབ་ཏུ་ཐར་པར་བྱ་བའི་བློ་དང་། ཟང་ཟིང ་མེད་པའི་སེམས་ཀྱིས་གཞན་དག་ལ་ཆོས་སྦྱིན་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། རིགས་ཀྱི་བུ་གཞན་ཡང་ལུས་སྲོག་འདོར་ཞིང་མདོ་སྡེ ་འདི་ལྟ་བུ་འདི་དག་ཀུན་ཏུ་སྲུང་བ་དང་། སྦེད་པ་དང་། སྒྲུབ་པར་དགོན་པ་ན་གནས་པ་འདི་ཡང་དག་པའི་ཆོས་ཡོངས་སུ་འཛིན་པའོ།། རིགས་ཀྱི་བུ ་གཞན་ཡང་གང་ཆོས་ཉན་པའི་རྒྱུ་ལས་བྱུང་བ་འམ། ཆོས་བསྟན་པའི་རྒྱུ་ལས་བྱུང་བས་ཐ་ན་གོམ་པ་གཅིག་འདོར་རམ། ཐ་ན་དབུགས་འབྱིན་པ་འམ ་རྔུབ་པ་གཅིག་ཀྱང་རུང་སྟེ། འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། རིགས་ཀྱི་བུ་གཞན་ཡང་ཆོས་ཐམས་ཅད་ཡོངས་སུ་མི་འཛིན་ཅིང་། མི་ལེན ་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ།། ཡོན་ཏན་གྱི་རྒྱལ་པོ་སྣང་བ་ཁྱོད་ཀྱིས་རྣམ་གྲངས་འདིའི་ཀྱང་འདི་ལྟར་རིག་པར་བྱའོ།། རིགས ་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན། དགའ་བ་འཕགས་པའི ་བསྐལ་པ་ལ་འཇིག་རྟེན་གྱི་ཁམས་འོད་རྣམ་པར་དག་པར་བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་སྟོབས་བསྒྲགས་པ་ཞེས་བྱ་བའི ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་།། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས ་འོད་རྣམ་པར་དག་པ་དེ་ནི། བཻ་ཌཱུརྱ་ལས་གྲུབ་པ་ཤིན་ཏུ་རྣམ་པར་དག་པ། ཕྱོགས་བཅུར་སྣང་བས་རྒྱས་པར་འགེངས་པ། བྱང་ཆུབ་སེམས་དཔའ་སེམས་དག ་ཆེན་པོ་མངོན་པར་ཤེས་པ་ཆེན་པོའི་སྟོབས་ཀྱི་རྣམ་པར་རྩེན་པ། ཆོས་ཟབ་མོ་ལས་ངེས་པར་བྱང་བ་ཉི་ཚེའི་གནས་སུ་གྱུར་པའོ།། དེའི་ཚེ་སེམས་ཅན་དེ་དག་གི ་ལོངས་སྤྱོད་ནི་ལྷའི་བུ་རབ་འཕྲུལ་གྱི་དང་འདྲ་བར་གྱུར་ཅིང་། ལྷའི་བུའི་གཟུགས་ཉིད་ཀྱིས་བཅོམ་ལྡན་འདས་དེ་ལ་ཆོས་ཉན་ཏོ།། དེ་ན་ཁྱིམ་པ་དང་རབ་ཏུ་བྱུང་བ ་ཐ་དད་དུ་བྱ་བ་མེད་དོ།། བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་སྟོབས་བསྒྲགས་པའི་དེ་བཞིན་གཤེགས་པ་དེས་རིགས་ཀྱི་བུ་དག་ཁྱེད་ཀྱིས་ལུས་དང་སྲོག་འདོར་ཞིག ་དམ་པའི་ཆོས་ཡོངས་སུ་བཟུང་བ་ལ་མངོན་པར་བརྩོན་པར་བྱའོ།། ཞེས་དམ་པའི་ཆོས་ཡོངས་སུ་བཟུང་བའི་གཏམ་ཉིད་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏོ།། དེའི ་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སྨྲ་བ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ།། དེ་ནས་བཅོམ་ལྡན་འདས་ཡེ་ཤེས ་ཆེན་པོའི་སྟོབས་བསྒྲགས་པའི་དེ་བཞིན་གཤེགས་པ་དེ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སྨྲ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས། བྱང་ཆུབ་སེམས་དཔའ་གང་ཡོངས་སུ་གཟུང་བར་བགྱི་བའི་ཆོས་དེ་གང་ལགས། དེ་སྐད ་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་སྟོབས་བསྒྲགས་པའི་དེ་བཞིན་གཤེགས་པ་དེས། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ལ་འདི་སྐད་ཅེས ་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཀྱེ་མའོ་སེམས་འདི་ནི་ཡུལ་ལ་རབ་ཏུ་འཕྱར་བ་སྟེ། གང་དེ་ཟློག་པ་དང་། ཡོངས་སུ་སྲུང་བ་དང་། རྩེ་གཅིག་ཏུ་འགྱུར་བ་དང་། དུལ ་བ་དང་། ཞི་བ་དང་། ཉེ་བར་ཞི་བ་དང་། འདུལ་བ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། མིག་དང་གཟུགས་དང་མིག་གི་རྣམ་པར ་ཤེས་པ་ཞེས་བྱ་བའི་ཆོས་མ་ཡིན་པ་འདི་ནི་ཆོས་མ་ཡིན་པའོ།། རྣ་བ་དང་སྒྲ་རྣམས་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་དྲི་རྣམ ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེ་དང་རོ་རྣམས་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་རེག་བྱ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་དང་ཆོས ་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཆོས་མ་ཡིན་པ་འདི་ནི་ཆོས་མ་ཡིན་པའོ།། གང་མིག་དང་གཟུགས་སྟོང་པར་རིག་ནས། ཡིད་དང་གཟུགས་ལ་རྣམ་པར་མི ་རྟོག་ཅིང་། མིག་གི་རྣམ་པར་ཤེས་པ་གནས་པ་མེད་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། གང་ཡང་དག་པའི་ཡེ་ཤེས་ཀྱིས་དེ་གཞན་དག་ལ་གོ་བར ་བྱེད་པ་ལ་མཁས་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། དེ་བཞིན་དུ་རྣ་བ་དང་སྒྲ་དང་སྣ་དང་དྲི་དང་། ལྕེ་དང་རོ་དང་། ལུས་དང་རེག་བྱ་དང་། ཡིད་དང ་ཆོས་རྣམས་སྟོང་པར་རིག་ནས་ཡིད་དང་ཆོས་རྣམས་ལ་རྣམ་པར་མི་རྟོག་ཅིང་ཡིད་ཀྱི་རྣམ་པར་ཤེས་པ་གནས་པ་མེད་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། ། ་དེ་ཡང་དག་པའི་ཡེ་ཤེས་ཀྱིས་གཞན་དག་ལ་གོ་བར་བྱེད་པ་ལ་མཁས་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། རིགས་ཀྱི་བུ་གཞན་ཡང་ཆོས་གང་གིས་ཆོས ་གང་བྱུང་བའི་ཆོས་དེ་ལ་ཡོངས་སུ་འཛིན་པ་དང་མི་ལེན་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། ལྟ་བ་གང་གིས་ལོག་པར་ལྟ་བ་ལ་གནས་པར་བྱེད་པའི་ལྔ ་བ་དེ་ལ་ཡོངས་སུ་འཛིན་ཅིང་། མི་ལེན་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། མི་ཤེས་པ་གཏི་མུག་གི་ལིང་ཏོག་གང་གིས་སེམས་ཡོངས་སུ་དཀར་བང། ་མི་འགྱུར་བའི་མི་ཤེས་པའི་གཏི་མུག་གི་ལིང་ཏོག་ཡོངས་སུ་མི་འཛིན་ཅིང་མི་ལེན་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ།། རིགས་ཀྱི་བུ་གཞན་ཡང ་གང་བསྒྲུབ་ནས་སྤང་བར་བྱ་བ་དེ་ནི་ཆོས་མ་ཡིན་འདུལ་བ་མ་ཡིན་ནོ།། གང་བསྒྲུབ་ཡང་མི་བྱ། སྤང་བར་ཡང་མི་བྱ་བ་འདི་ནི་ཆོས་སོ།། འདི་ནི་འདུལ་བའོ།། ་བསྒྲུབས་ནས་སྤང་བར་བྱ་བའི་ཆོས་གང་ཞེ་ན། འདས་བྱས་ཀྱི་ལམ་སྟེ། བསྒྲུབས་ནས་སྤང་བར་བྱ་བ་དེ་ནི་ཆོས་མ་ཡིན་འདུལ་བ་མ་ཡིན་ནོ།། བསྒྲུབ་པར་བྱ་བ ་མ་སྤང་བར་བྱ་བ་ཡང་མ་ཡིན་པ་གང་ཞེ་ན། གང་བརྗོད་དུ་མེད་པ་དང་། སྐྱེ་བ་མེད་པ་དང་། འབྱུང་བ་མེད་པ་དང་། དེ་ནི་སྒྲུབ་པར་བྱ་བ་ཡང་མ་ཡིན། སྤང ་བར་བྱ་བ་ཡང་མ་ཡིན་པའོ།། གང་བསྒྲུབ་པར་བྱ་བ་ཡང་མ་ཡིན། སྤང་བར་བྱ་ཡང་མ་ཡིན་པ་དེ་ཆོས་སོ།། དེ་ནི་འདུལ་བའོ།། དེ་ཅིའི་ཕྱིར་དེ་ཆོས་ཡིན། ་དེ་འདུལ་བ་ཡིན་ཞེ་ན། རང་བཞིན་གྱིས་མ་སྐྱེས་པའི་ཉོན་མོངས་པ་རྣམས་སྐྱེ་བར་མི་བྱེད་པས། དེའི་ཕྱིར་ཆོས་མ་ཡིན། དེ་འདུལ ་བ་མ་ཡིན་ཞེས་བྱའོ།། ཆོས་དང་འདུལ་བ་གང་ཡིན་པ་དེ་ནི་སྐྱེ་བ་མེད་འགག་པ་མེད་དོ།། གང་སྐྱེ་བ་མེད་ཅིང་འགག་པ་མེད་པ་ནི་ཟད་པར་མི་འགྱུར་རོ།། དེ་ལྟར ་ཟད་པ་མེད་པ་དང་སྐྱེ་བ་མེད་པའི་ཆོས་འདུལ་བ་དེ་ནི་ཇི་ལྟར་འབྱུང་བ་མེད་པ་ཇི་ལྟར་ཡོངས་སུ་གཟུང་བ་མེད་དོ།། གང་ཡོངས་སུ་བཟུང་བ་མེད་པ་དེ། དམ ་བའི་ཆོས་ཡོངས་སུ་འཛིན་པའོ།། རིགས་ཀྱི་བུ་དེ་ལྟར་བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་སྟོབས་བསྒྲགས་པའི་དེ་བཞིན་གཤེགས་པ་དེས་བསྒྲགས་པ་འདི ་བཤད་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སུམ་ཁྲི་ཉིས་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ།། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བས།། ་བཅོམ་ལྡན་འདས་དེ་ལས་བསྟན་པ་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡིད་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ཙམ་དུ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པའི་ཆོས་ཡོང་སུ་འཛིན་པ་འདི་ལེགས། ་པར་གསུངས་པ་ནི་ངོ་ཚར་ཏོ།། བཅོམ་ལྡན་འདས་ཇི་ལྟར་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྡན་ན་བདག་འདི་སྙམ་བགྱིད་དེ།། ་བཅོམ་ལྡན་འདས་ཇི་ལྟར་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་པ་ལྡན་ན་བདག་འདི་སྙམ་བགྱིད་དེ། བཅོམ་ལྡན་འདས་ཆོས་ཐམས་ཅད ་ནི་ཆོས་ཐམས་ཅད་ནི་ཆོས་མ་ལགས་སོ།། གང་ཆོས་མ་ལགས་པ་དེ་ནི་ཆོས་སོ།། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མངོན་པར་ཞེན་པས ་ཆོས་མ་ལགས་སོ།། གང་མངོན་པར་ཞེན་པ་མ་མཆིས་པ་དེ་ནི་ཆོས་སོ།། བཅོམ་ལྡན་འདས་ཆོས་དང་ཆོས་མ་ལགས་པ་གཉིས་ཀྱི་འདུ་ཤེས་དང་ལྡན་པའི ་ཆོས་ཐམས་ཅད་ནི་ཆོས་མ་ལགས་པའོ།། བཅོམ་ལྡན་འདས་འདུ་ཤེས་ཡོངས་སུ་ཤེས་པ་དང་ལྡན་པའི་ཆོས་ཐམས་ཅད་ནི་ཆོས་སོ།། བཅོམ་ལྡན་འདས་དོན ་དམ་པར་བསྟན་ན། ཆོས་དང་ཆོས་མ་ལགས་པ་མི་དམིགས་སོ།། གང་ལ་ཆོས་ཀྱི་འདུ་ཤེས་ཀྱང་མ་མཆིས། ཆོས་མ་ལགས་པའི་འདུ་ཤེས་ཀྱང་མ་མཆིས ་བ་དེ་ལ་ཆོས་སུ་བགྲང་བ་གང་ཡང་མ་མཆིས་སོ།། གང་ལ་ཆོས་སུ་བགྲང་བ་གང་ཡང་མ་མཆིས་པ་དེ་མཐའ་མ་ལགས་སོ།། གང་མཐའ་མ་ལགས་པ་དེ་ཡང ་དག་པའི་མཐའོ།། དེ་ཅིའི་སླད་དུ་ཞེ་ན། ནམ་མཁའི་མཐའ་ནི་ཡང་དག་པའི་མཐའ་སྟེ། ནམ་མཁའ་ལ་ནི་ཚར་གཅད་པའི་མཐའ ་གང་ཡང་མ་མཆིས་སོ།། ཇི་ལྟར་ནམ་མཁའ་ལ་ཚར་གཅད་པའི་མཐའ་གང་ཡང་མ་མཆིས་པ་དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང་ཚར་གཅད་པ་ཡང་ཚར ་གཅད་པའི་མཐའ་གང་ཡང་མ་མཆིས་ཏེ། དེའི་སླད་དུ་ཆོས་ཐམས་ཅད་ནི་ན་མཁའི་མཐའ་ཞེས་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ ་གང་དག་གིས་ཡང་དག་པའི་མཐའ་བསྟན་པ་འདི་ཐོས་ནས། དེ་བཞིན་དུ་ཡང་དག་པ་ཉིད་དུ་ཁས་ལེན་པ་དེ་དག་ནི་ཆོས་གང་ལ་ཡང་གཉིས་སུ་དབྱེ་བར ་ཁས་ལེན་པ་མ་ལགས་སོ།། བཅོམ་ལྡན་འདས་བདག་གིས་ནི་ཆོས་གང་ཡོངས་སུ་བཟུང་བས། དམ་པའི་ཆོས་ཡོངས་སུ་འཛིན་པར་བསྟན་པའི་ཆོས ་གང་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་།། བཅོམ་ལྡན་འདས་བདག་གིས་དེ་ལྟར་བསྟན་ན། དེ་བཞིན་གཤེགས་པས་གསུངས་པ་སྨྲ་བ་དང་། ཆོས། ་སྨྲ་བ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སུ་ལུང་བསྟན་པ་ལྟ་ལགས་སམ། ཡང་དག་པའི་ལུང་བསྟན་པས་ལུང་སྟོན་པ་ལྟ་ལགས་སམ། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཡང་དག་པ་སྟེ། དེ་བཞིན་གཤེགས་པས་གསུངས་པ་སྨྲ་བ་དང་། ཆོས་སྨྲ་བ་དང་། ཆོས་ཀྱི་རྗེས་སུ་མཐུན ་པའི་ཆོས་སུ་ལུང་སྟོན་པ་ཡིན་ནོ།། ཡང་དག་པའི་ལུང་བསྟན་པས། ལུང་སྟོན་པ་ཡིན་ནོ།། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བས ་བསྟན་པ། འདི་བསྟན་པ་ན་ལྷའི་འཁོར་དེ་ལས་ལྷའི་བུ་ཁྲིས་རྗེས་སུ་མཐུན་པའི་ཆོས་ཀྱི་བཟོད་པ་ཐོབ་པར་གྱུར་ཏོ།། ཡོན་ཏན་གྱིས་རྒྱལ་པོ་སྣང་བ་དེའི་ཚེ་དེའི ་དུས་ན། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བར་གྱུར་པ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་དོགས་ཤིང་། ཐེ་ཙོམ་ཟ་འམ་ཡིད་གཉིས་སུ་གྱུར་ན། དེ་དེ་ལྟར ་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཡོན་ཏན་གྱི་རྒྱལ་པོ་སྣང་བ་ཁྱོད་ཉིད་དེའི་ཚེ་དེའི་དུས་ན། ཆོས་སྨྲ་བའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་གྱུར་ཏོ།། དེའི ་ཕྱིར་ཡོན་ཏན་གྱི་རྒྱལ་པོ་སྣང་བ་ངས་བསྐལ་པ་གྲངས་མེད་པ་བྱེ་བར་བསྒྲུབས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཁྱོད་ལ་གཏད་དོ།། ་གཟུང་བ་དང་ཀུན་ཆུབ་པར་བྱ་བ་དང་། གཞན་དག་ལ་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་འཁོར་འདིའི་མདུན་དུ་ངས་ཁྱོད་ལ་བཅོལ་ལོ།། བཅོམ ་ལྡན་འདས་ཀྱིས་གསུངས་འདི་གསུངས་མ་ཐག་ཏུ། དེ་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་ཅུ་བསྟན་ལས་ལངས་ཏེ། འགྲིན ་གཅིག་ཏུ་བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པའི་བྱང་ཆུབ་འདི་གཟུང་བར་བགྱིའོ་ཞེས་སྨྲས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་དག་ཁྱོད་ཀྱིས་ཇི་ལྟ་བུ་ཞིག་ལ་གནས་ཏེ་ངས་བསྐལ་པ ་གྲངས་མེད་པ་བྱེ་བར་བསྒྲུབས་པའི་བྱང་ཆུབ་འདི་འཛིན་པར་བྱེད། བྱང་ཆུབ་སེམས་དཔའ་རི་དབང་རྒྱལ་པོ་ཞེས་བྱ་བ་དེར་འདུས་པར་གྱུར་ཏེ། འདུག་པ་དེས ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལུས་དང་སྲོག་ལ་ལྟ་བས་དམ་པའི་ཆོས་ཡོངས་སུ་གསུངས་པར་མི་ནུས་ཏེ། བཅོམ ་ལྡན་འདས་བདག་གིས་ལུས་དང་སྲོག་ལ་མི་ལྟ་བར་བགྱིས་ལ། བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས ་དཔའ་དཔལ་བརྩེགས་ཤེས་བྱ་བ་དེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་རེ་བས་དམ་པའི ་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ཐམས་ཅད་བོར་ལ། འཕགས ་པ་མ་ལགས་པ་དང་། སྙན་པ་ཐམས་ཅད་ཡོངས་སུ་སྤངས་ཏེ་དེ་བཞིན་གཤེགས་པའི་དམ་པའི་ཆོས་ཡོངསུ་བཟུང་བགྱིའོ།། བྱང་ཆུབ་སེམས་དཔའ ་རྟོགས་པ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཆོས་དང་ཆོས་མ་ལགས་པ་གཉིས་ཀྱི་འདུ་ཤེས་དང་ལྡན་པས། དམ་པའི་ཆོས་ཡོངས་སུ་གཟུང་བར ་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་གཉིས་དང་བྲལ་བ་མཉམ་པ་ཉིད་ཐོབ་པར་བགྱིས་ཏེ། དམ་པའི་ཆོས་ཡོངས་སུ་བཟུང་བར ་བགྱིའོ།། བྱང་ཆུབ་སེམས་དཔའ་དཔལ་སྦས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཉོན་མོངས་པ་རྣམས་ཀྱིས་ཟིལ་གྱིས་གནོན་པས་པའི་ཆོས ་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་འཕགས་པའི་ཤེས་རབ་དང་། ཡེ་ཤེས་དང་ཉོན་མོངས་པ་ཐམས་ཅད་ཟིལ་གྱིས ་གནན་ཏེ། དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་སྒྲོན་མ་འཛིན་གྱིས་གསོལ་པ། བཅོམ་ལྡན་འདས་གཏི་མུག ་མུན་པའི་སྤྱོད་ཡུལ་གྱིས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་སོ།། བཅོམ་ལྡན་འདས་བདག་གིས་ཆགས་པ་མ ་མཆིས་པའི་ཡེ་ཤེས་ཀྱི་སྣང་བ་འཐོབ་པར་བགྱིས་ལ། ཆོས་ཐམས་ཅད་ལ་གཏ་མུག་གི་མུན་པ་དང་བྲལ་བར་བགྱི་སྟེ། དམ་པའི་ཆོས་ཡོངས་སུ་གཟུང ་བར་བགྱིའོ།། བྱང་ཆུབ་སེམས་དཔའ་ཀློག་ལྷས་གསོལ་པ། བཅོམ་ལྡན་འདས་གཞན་ལ་རག་ལས་པའི་ཡེ་ཤེས་ཀྱི་དམ་པའི་ཆོས་ཡོངས་སུ་གཟུང་བར ་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པར་མངོན་སུམ་དུ་ཡེ་ཤེས་ཐོབ་པར་བགྱིས་ལ་དམ་པའི་ཆོས་ཡོངས་སུ ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་སྦས་ཀྱིས་གསོལ་པ། བཅོམ་ལྡན་འདས་དབང་པོ་ཕལ་པ་དང་། འཁྲུལ་པའི་སེམས་ཀྱིས་དམ་པའི་ཆོས ་ཡོངས་སུ་བཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་དབང་པོ་ཐམས་ཅད་དང་། སྒོ་དང་སྐྱེ་མཆེད་ཐམས་ཅད་ཤིན་ཏུ་སྤངས་ཤིང་། ཤིན་ཏུ་བཏུལ་ལ་དམ ་པའི་ཆོས་ཡོངས་སུ་བཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་འོད་དྲི་མ་མེད་པས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་དང་། ཆོས་ཐ་དད་པའི་འདུ་ཤེས ་དང་ལྡན་པས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། ཆོས་ཐམས་ཅད ་ལ་མཉམ་པ་ཉིད་ཐོབ་པར་བགྱིས་ཏེ། དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་ཁྱད་པར་དུ་འགྲོ་བས་གསོལ་པ། བཅོམ་ལྡན ་འདས་མཉམ་པར་གཞག་ཅིང་གཡེང་བའི་སེམས་ཀྱིས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་མཉམ་པར་བཞག་ལ་མི་གཡེ ་བའི། སེམས་ཀྱིས་དམ་པའི་ཆོས་ཡོངས་སུ་བཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་དེད་དཔོན་གྱིས་གསོལ་པ། བཅོམ་ལྡན་འདས་ལམ་ཤེས་པའི་ཆོ་ག ་མ་འཚལ་ཅིང་། ལམ་ངན་པར་ཞུགས་པས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ལམ་ཤེས་པའི་ཆོ་ག་འཚལ་པར་བགྱིས ་ལ། སེམས་ཅན་རྣམས་ལམ་ངན་པ་ལས་ཡང་དག་པའི་ལམ་ལ་རབ་ཏུ་དགོད་ཅིང་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་བློ་གྲོས ་ལེགས་པས་གསོལ་པ། བཅོམ་ལྡན་འདས་དོགས་པའི་སེམས་ཐེ་ཙོམ་དུ་གྱུར་པས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས ་དོགས་པ་དང་བྲལ་ཞིང་ཐེ་ཙོམ་ཐམས་ཅད་སྤངས་ལ་དོགས་པའི་ཟུག་རྔུ་ཐམས་ཅད་སྩལ་པ་ཐོབ་པར་བགྱིས་ཏེ། དམ་པའི་ཆོས་ཡོངས་སུ ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་རྣམ་པར་སྣང་བྱེད་ཀྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ལ་མི་གནས་ཤིང་སྒྲུབ་པ་ཉམས་པས་དམ་པའི་ཆོས ་ཡོངས་སུ་གཟུང་བར་མི་ནུས་ཏེ།། བཅོམ་ལྡན་འདས་བདག་གིས་ཆོས་ལ་གནས་ཤིང་སྒྲུབ་པ་སྙིང་པོར་བགྱིས་ལ། སེམས་ཅན་རྣམས་ཡང་དག་པའི་ནན་ཏན ་ལ་རབ་ཏུ་དགོད་ཅིང་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་སྣང་བ་མཐོང་གིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་འཚལ། ་པ་ཆོས་ཀྱི་སྣང་བ་དང་བྲལ་བས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཤེས་རབ་ཀྱིས་རྣམ་པར་ངེས་པའི་ཡེ་ཤེས་ལ ་མཁས་ཤིང་ཆོས་ཀྱི་སྣང་བ་དང་ལྡན་པ་དམ་པའི་ཆོས་ཡོངསུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་ཞེ་འགྲས་པ་མེད་པའི་བློས་གསོལ་པ། བཅོམ་ལྡན ་འདས་ཞེ་འགྲས་པའི་སེམས་དང་། སེམས་ཅན་རྗེས་སུ་མི་སྲུང་བའི་བློས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཞི ་འགྲས་པ་མ་མཆིས་པའི་སེམས་དང་སེམས་ཅན་རྗེས་སུ་བསྲུང་བ་ལ་གནས་ལ་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་བགྱིའོ།། བྱང་ཆུབ་སེམས་དཔའ་སྤྱོད ་པ་རྣམ་དག་བློ་གྲོས་ཀྱིས་གསོལ་བ། བཅོམ་ལྡན་འདས་སེམས་ཅན་གྱི་དབང་པོ་ལ་མི་མཁས་ཤིང་སེམས་ཅན་གྱི་སྤྱོད་པའི་གོ་ཆ་མ་འཚལ་པས་དམ་པའི ་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་སེམས་ཅན་གྱི་དབང་པོ་དང་། སྤྱོད་པ་ཤེས་པ་ལ་ཞུགས་ལ་དམ་པའི་ཆོས་ཡོངས་སུ ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་བཀོད་པའི་རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་ཆོས་ལ་ཡོངས་སུ་རྟོགས་པའི་འདུ་ཤེས་དང་ལྡན་པ ་བདག་དང་སེམས་ཅན་དང་ཆོས་ལ་གནས་པས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་རྟོག་པ་དང་། ཡོངས་སུ་རྟོག ་པ་ཐམས་ཅད་དང་བྲལ་ཞིང་འཁོར་གསུམ་ཡོངས་སུ་དག་ལ། བདག་དང་སེམས་ཅན་དང་ཆོས་ལ་མི་གནས་པར་བགྱིད་ཅིང་། བཅོམ་ལྡན་འདས་ཀྱི་དམ་པའི ་ཆོས་ཡོངས་སུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་སེང་གེའི་རྟོག་གིས་གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་འདི་ནི་འདི་ལྟ་སྟེ། ཆོས ་ཐམས་ཅད་མ་སྐྱེས་པ་དང་མ་བྱུང་བ་ལ་སྐྲག་པའི། བཅོམ་ལྡན་འདས་བདག་གིས་ནི་ཆོས་ཐམས་ཅད་མ་སྐྱེས་པ་དང་མ་བྱུང་བར ་འཚལ་ནས། སྐྲག་པ་མ་མཆིས། ཀུན་ཏུ་སྐྲག་པ་མ་མཆིས་ཤིང་ཆོས་གང་ལ་ཡང་ཉེ་བར་འམ་རིང་བར་མི་གནས་པར་བཅོམ་ལྡན་འདས་ཀྱི་དམ་པའི་ཆོས ་ཡོངས་སུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་བྱམས་པས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ལ་རིང་བའི་འདུ་ཤེས་ཅན་གྱིས་དམ་པའི་ཆོས ་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་འདི་སྙམ་དུ་བདག་གིས་བླ་ན་མེད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས། ་བྱང་ཆུབ་ལུས་དང་སེམས་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པར་མཐོང་བར་སྐམ་པ་དེས། དེ་བཞིན་གཤེགས་པའི་དམ་པའི་ཆོས་ཡོངས་སུ་གཟུང་གང ་ནུས་སོ།། བྱང་ཆུབ་སེམས་དཔའ་ཡོན་ཏན་གྱི་རྒྱལ་པོ་སྣང་བས་གསོལ་པ། བཅོམ་ལྡན་འདས་ཡོན་ཏན་ལ་མི་གནས་ཤིང་ཡོན་ཏན་དང་བྲལ་ལ། དེ་བཞིན ་གཤེགས་པའི་ཡོན་ཏན་དོན་དུ་མི་གཉེར་བས་དམ་པའི་ཆོས་ཡོངས་སུ་གཟུང་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཡོན་ཏན་ཐམས་ཅད་དང་བྲལ་ཞིང ་བྱང་ཆུབ་སེམས་དཔའ་ཡོན་ཏན་ཡང་དག་པ་ལ་གནས་ཏེ། དེ་བཞིན་གཤེགས་པ་ཡོན་ཏན་བཙལ་བ་ལ་མངོན་པར་བརྩོན་པས། བཅོམ་ལྡན་འདས་ཀྱི་དམ་པའི་ཆོས ་ཡོངས་སུ་བཟུང་བར་བགྱིའོ།། འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་པ། བཅོམ་ལྡན་འདས་གང་འདི་སྐད་དུ་བདག་གིས་དམ་པའི་ཆོས་ཡོངས་སུ་གཟུང ་ངོ་ཞེས་དེ་སྐད་མཆི་བའི་འཇིག་རྟེན་དེ་ནི་རྣམ་པར་སྨྲ་བ་ལགས་སོ།། བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས ་ནས་སྔ་ཆོས་གང་མ་བརྙེས་ཤིང་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལ་ཡོངས་སུ་གཟུང་བ་གང་ཡང་མ་མཆིས་སོ།། བཅོམ་ལྡན་འདས་བདག་གིས་ཆོས ་ཐམས་ཅད་ཡོངས་སུ་མི་གཟུང་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་འཛིན་པ་འདོར་དུ་གསལ་བའི་སླད་དུ་སྙིང་རྗེ་ཆེན་པོའི་ཆོས་ཉིད་འདི་གཟུང་བར་བགྱི། ་ཆོས་གང་ཡང་འཕྲོས་པར་མི་བགྱི། འབྲོས་པ་དང་བྲལ་བར་ཡང་མི་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ།། དེ་དེ་བཞིན་ནོ།། ཇི་སྐད་སྨྲས་པ་བཞིན་ཏེ། ངས་ཆོས་གང་ཡང་མ་ཐོབ་པར་བྱང་ཆུབ་ཀྱི་སྙིང་པོ ་ལ་འདུག་གོ། མ་ཐོབ་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ལས་ལངས་སོ།། འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་པ། བཅོམ ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་སམ། ཅི་ན་གང་འདི་སྐད་དུ་ངས་མ་ཐོབ་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ལས་ལངས་ཤེས་གསུང་། གལ་ཏེ་བཞུགས་ན ་ནི་བྱང་ཆུབ་ལ་འཇུག་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱང་གཞན་ལ་བྱང་ཆུབ་ཀྱི་སྙིང་པོ་ཡང་གཞན་དུ་འགྱུར་རོ།། བཅོམ་ལྡན་འདས་བྱང་ཆུབ་ནི་གཉིས་ཀྱིས ་རབ་ཏུ་བྱེ་བ་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་བྱང་ཆུབ་ཀྱི་སྙིང་པོའི་ངོ་བོ་ཉིད་ཀྱི་རྗེས་སུ་ཞུགས་པའི་ཕྱིར་བྱང་ཆུབ་ཀྱི ་སྙིང་པོ་ལ་འདུག་གོ།། ངའི་ངོ་བོ་ཉིད་གང་ཡིན་པ་དེ་བྱང་ཆུབ་ཀྱི་སྙིང་པོའི་ངོ་བོ་ཉིད་དེ། བྱང་ཆུབ་ཀྱང་དེའི་ངོ་བོ་ཉིད། སེམས་ཅན་ཐམས་ཅད་ཀྱང་དེའི་ངོ་བོ་ཉིད།། ་ཆོས་ཐམས་ཅད་ཀྱང་དེའི་ངོ་བོ་ཉིད་དོ།། འཇམ་དཔལ་བྱང་ཆུབ་ཀྱི་སྙིང་པོར་གང་ངས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ནི་ངོ་བོ་ཉིད་གཅིག་པའོ།། རོ་གཅིག ་པའོ།། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། དེ་བཞིན་གཤེགས་པས་བྱང་ཆུབ་ཀྱི་སྙིང་པོ་ལས་རྣམ་པར་གྲོལ་བའི་ཆོས་གང་ཡང་མ་གཟིགས་སོ།། ་བྱང་ཆུབ་མཉམ་པ་ཉིད་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་སོ།། མཉམ་པ་ཉིད་ནི་ཆོས་གང་གི་གྲངས་སུ་འགྲོ་བ་མ་ཡིན ་ཏེ་གྲངས་མེད་པ། གྲངས་དང་བྲལ་བའོ།། དེའི་ཕྱིར་དེ་བཞིན་གཤེགས་པ་འདུས་མ་བྱས་པ་ཞེས་བྱའོ།། འཇམ་དཔལ་དེ་བཞིན་གཤེགས་པ་ནི་འདུས ་མ་བྱས་ཐོབ་པ་སྟེ།། འདུས་མ་བྱས་ཐམས་ཅད་ལས་ཤིན་ཏུ་འདས་སོ།། འཇམ་དཔལ་གང་དག་དེ་བཞིན་གཤེགས་པའི་བསྟན་པ་འདི་ལ་མོས་པ་དེ་དག ་ཐམས་ཅད་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བས་རྣམ་པར་འགྱུར་རོ།། རྣམ་པར་གྲོལ་ནས་ཆོས་ཉིད་དེ་ལས་འདའ་བར་མི་འགྱུར་རོ།། དེ་ནས་བྱང་ཆུབ་སེམས ་དཔའ་གང་དག་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་དང་ལྷན་ཅིག་ཏུ།། འཇིག་རྟེན་གྱི་ཁམས་མི་མཆེད་འདིར་ལྷག་པ་དེ་དག་གིས་བསྟན་པ་འདི་ཐོས་ནས་ཚིམ། ་ཞིང་མགུ་ལ་ཡིད་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས། བདག་ཅག་སངས་རྒྱས་ཀྱི་ཞིང་འདིར་ལེགས་པར་ལྷགས་པ་དང་། བཅོམ ་ལྡན་འདས་དང་འཇམ་དཔལ་གཞོན་ནུར་གྱུར་པ་དང་། སྐྱེས་བུ་དམ་པ་འདི་དག་ཀྱང་མཐོང་བ་དང་ཆོས་ཟབ་མོ་བསྟན་པ་འདི་ཡང་ཐོས་ན་བདག་ཅག་གིས་རྙེད་པ ་ལེགས་པར་རྙེད་དོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ།། གང་དུ་ཆོས་ཀྱི་རྣམ་གྲངས་འདི་གནས་པར་འགྱུར་བ་དེར་སངས་རྒྱས ་བྱུང་བར་བལྟའོ།། གང་དུ་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པར་འགྱུར་བ་དེར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བལྟའོ།། ད་ལྟར་འམ། དེ་བཞིན་གཤེགས་པ ་ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། གང་དག་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། ཐོས་ནས་ཀྱང་མོས་པ་དང་། འཛིན་པ་དང་། འཆང་བ་དང་། ་ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བར་སེམས་ཅན་དེ་དག་ཀྱང་རྙེད་པ་ལེགས་པར་དག ་རྙེད་པ་དག་གོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱེད་ཀྱིས་ཇི་ལྟར་བྱང་ཆུབ་སེམས་དཔས་རྙེད་པ་ལེགས་པར་རྙེད་པ་ཤེས་སམ།། ་དེ་དག་གིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྙེད་པ་ནི་བཅུ་པོ་འདི་དག་སྟེ། རྙེད་པ་ཆེན་པོ་བསམ་གྱིས་མི་ཁྱབ་པར་འགྱུར ་བ་དག་གོ།། བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་འབྱུང་བ་མཉེས་པ་བྱེད་པ་རབ་ཏུ་འཐོབ་པ་དང་། མཐོང་ནས་ཀྱང་ལྷག་པའི་བསམ་པས་དེ་ལ་དང ་བའི་སེམས་རབ་ཏུ་འཐོབ་པ་དང་། སེམས་དད་ནས་ཀྱང་ཆོས་ཉན་པ་རབ་ཏུ་འཐོབ་པ་དང་། ཆོས་ཐོས་ཀྱང་ཐེ་ཙོམ་མ་མཆིས་པ་རབ་ཏུ་འཐོབ་པ་དང་། ་ཐེ་ཙོམ་མ་མཆིས་ནས་ཀྱང་རབ་ཏུ་བྱུང་བ་རབ་ཏུ་འཐོབ་པ་དང་། རབ་ཏུ་བྱུང་ནས་ཀྱང་འཚོ་བ་ཡོངས་སུ་དག་པ་རབ་ཏུ་འཐོབ་པ་དང་། འཚོ་བ་ཡོངས་སུ ་དག་ནས་ཀྱང་ཆོས་བསྟན་པ་ལ་མཁས་པཱ་ཏུ་ཐོབ་པ། ཚེ་རབས་ཚེ་རབས་སུ་བྱང་ཆུབ་ཀྱི་སེམས་རབ་ཏུ་ཐོབ་པ་དང་། བྱང་ཆུབ་ཀྱི་སེམས་མ་བརྗེད་ནས ་ཀྱང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་མཉན་པ་རབ་ཏུ་ཐོབ་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་ནས་ཀྱང་སྒྲུབ་པ་རབ་ཏུ་ཐོབ་སྟེ། བཅོམ ་ལྡན་འདས་རྙེད་པ་བཅུ་པོ་དེ་དག་ནི་རྙེད་པ་ཆེན་པོ་བསམ་གྱིས་མི་ཁྱབ་པར་འགྱུར་བ་དག་གོ།། དེ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་དག་ནི་རྙེད་པ་ལེགས་པར་རྙེད་པ་ཞེས་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་དག་ཁྱེད་ཀྱིས་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་རྣམས་ཀྱིས་རྙེད་པ་དེ་དག་ལེགས་པར་སྨྲས་པ་ནི་ལེགས་སོ་ལེགས་སོ།། བསྟན་པ་འདི་དག་བཤད་པ་ན་སྲོག་ཆགས་སུམ་ཁྲི་དྲུག ་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ཡོངས་སུ་གཏད་པའི་ལེའུ་རྫོགས་ཏེ། ་འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ་ཕྱེད་གོང་མའོ།། །། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ།། བམ་པོ་དྲུག་པའོ།། ་། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟ་སྟེ། ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་བར་བགྱི་བ་དང་། མྱ་ངན་ལས་འདས ་པའི་ཕུན་སུམ་ཚོགས་པ་བླ་ན་མེད་པ་ཐོབ་པར་བགྱི་བའི་སླད་དུ་ཇི་ཙམ་དུ་ཐེག་པ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པར་བགྱི་བར་གྱུར་པ་ནི་ངོ་མཚར ་ཏོ། བཅོམ་ལྡན་འདས་ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་རྣམས་ནི་གང་ལགས་ཐེག་པ་ཆེན་པོ་ལ་གཅེས་སྤྲས་བགྱིད་པའི་ཆོས་རྣམས་ནི་གང ་ལགས། རྡེག་པ་ཆེན་པོ་ལ་དཀའ་བ་བགྱིད་པའི་ཆོས་རྣམས་ནི་གང་ལགས། ཐེག་པ་ཆེན་པོ་སྟོན་པར་འགྱུར་བའི་ཆོས་རྣམས་ནི་གང་ལགས། བཅོམ་ལྡན ་འདས་ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་རྣམས་ནི་གང་ལགས། བཅོམ་ལྡན་འདས་ཅིའི་སླད་དུ་ཐེག་པ་ཆེན་པོ་ལ། ཐེག་པ་ཆེན་པོ་ཞེས་བགྱིའོ།། ་དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བློ་གྲོས་རྒྱ་མཚོ་དེའི་ཕྱིར་ཉོན་ཅིག ་དང་བསྟན་པར་བྱའོ།། བློ་གྲོས་རྒྱ་མཚོ་ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་གཅིག་སྟེ། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་བརྗེད་པ་མེད ་ཅིང་བག་ཡོད་པ་སྟེ། བློ་གྲོས་རྒྱ་མཚོ་དེ་ནི་ཐེག་པ་ཆེན་པོ་བསྡུད་པར་འགྱུར་བའི་ཆོས་ཅིག་གོ།། བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་གཅིག། ་སྟེ། ཆོས་ཅིག་པོ་གང་ཞེ་ན། འདི་ལྟ་སྟེ། བྱ་བར་འཇུག་པ་ལ་ཞུགས་ཤིང་རྣམ་པར་སྨིན་པ་ལ་ཡིད་ཆེས་པའོ།། གཞན་ཡང་ཆོས་ཅིག་སྟེ། འདི་ལྟ་སྟེ། རྟེན ་པའི་ཆོས་དང་མི་འགལ་བ་ཡང་དག་པའི་ལྟ་བའོ།། གཞན་ཡང་ཆོས་ཅིག་སྟེ། དེ་སྡུག་པ་དང་མི་སྡུག་པ་གསལ་སྟེ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ ་ཉིད་དོ།། གཞན་ཡང་ཆོས་ཅིག་སྟེ། ཐམས་ཅད་སྐྱབས་པ་དང་ལྡན་པའི་བྱམས་པ་ཆེན་པོའོ།། གཞན་ཡང་ཆོས་ཅིག་སྟེ། བདག་བདེ་བ་ལ་མི་ཆག་པའི ་སྙིང་རྗེ་ཆེན་པོའོ།། གཞན་ཡང་ཆོས་ཅིག་སྟེ། སངས་རྒྱས་ཀྱི་སྐུ་འདོད་པའི་སངས་རྒྱས་རྗེས་སུ་དྲན་པའོ།། གཞན་ཡང་ཆོས ་ཅིག་སྟེ། ཆོས་བསྒྲུབས་པ་སྙིང་པོར་བྱེད་པའི་ཆོས་རྗེས་སུ་དྲན་པའོ།། གཞན་ཡང་ཆོས་ཅིག་སྟེ། ཕྱིར་མི་ལྡོག་པའི་དགེ་འདུན་དང་ལྡན་པའི་དགེ་འདུན ་རྗེས་སུ་དྲན་པའོ།། གཞན་ཡང་ཆོས་ཅིག་སྟེ། ཉོན་མོངས་པ་ཐམས་ཅད་བསྩལ་པའི་གཏོང་བའི་རྗེས་སུ་དྲན་པའོ།། གཞན་ཡང་ཆོས་ཅིག་སྟེ། བྱང་ཆུབ ་ཀྱི་སེམས་མ་རྗེད་པའི་ཆུ་ཁྲིམས་ཀྱི་རྗེས་སུ་དྲན་པའོ།། གཞན་ཡང་ཆོས་ཅིག་སྟེ། རྣམ་པར་དག་པའི་ཆོས་དང་ལྡན་པའི་ལྷ་རྗེས་སུ་དྲན་པའོ།། གཞན་ཡང ་ཆོས་ཅིག་སྟེ། ཕན་པ་དང་བདེ་བ་དང་ལྡན་པའི་ཕན་པ་འདོད་པའོ།། གཞན་ཡང་ཆོས་ཅིག་སྟེ། བསམ་པ་བསྟན་པར་གྱུར་ཅིང་མོས་པ་དྲག་པའོ།། གཞན ་ཡང་ཆོས་གཅིག་སྟེ། སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བ་ལ་མཆོག་ཏུ་དགའ་བའོ།། གཞན་ཡང་ཆོས་ཅིག་སྟེ། ཆོས་ཟབ་མོ་ལས་ངེས་པར་འབྱུང ་བའི་དམ་པའི་ཆོས་ཡོངས་སུ་ཚོལ་བའོ།། གཞན་ཡང་ཆོས་ཅིག་སྟེ། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་ཀྱི་སྦྱིན་པའོ།། གཞན་ཡང་ཆོས་གཅིག་སྟེ། ་ཆོས་མཉན་པའི་ཕྱིར་ལྷགས་པའི་རྣམས་ལ་ནད་པར་འདུ་ཤེས་པའོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་ལ་སྨན་དུ་འདུ་ཤེས་པའོ།། གཞན་ཡང་ཆོས་གཅིག ་སྟེ། བདག་ལ་སྨན་པར་འདུ་ཤེས་པའོ།། གཞན་ཡང་ཆོས་གཅིག་སྟེ། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱའི་ཕྱིར་ཀུན་ཏུ་སྲུང་བའོ།། གཞན་ཡང ་ཆོས་གཅིག་སྟེ། དཀོན་མཆོག་གསུམ་གྱི་རིགས་མི་གཅད་པའོ།། གཞན་ཡང་ཆོས་གཅིག་སྟེ། མི་བརྐམ་ཞིང་ངན་ངོན་གྱིས་ཆོག་ཤེས་པའོ།། གཞན་ཡང ་ཆོས་གཅིག་སྟེ། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་ཞུམ་པ་མེད་པའོ།། གཞན་ཡང་ཆོས་གཅིག་སྟེ། རང་གི་ཚུལ་ཁྲིམས་ཀྱིས་ཚུལ་ཁྲིམས་འཆལ ་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ།། གཞན་ཡང་ཆོས་གཅིག་སྟེ། ཉེས་པར་བྱས་པ་ལ་ཤར་མི་གཉེར་བའི་བཟོད་པའོ།། གཞན་ཡང་ཆོས་གཅིག ་སྟེ། ལེགས་པར་བྱས་པ་ལ་ལན་གླན་པའི་བློའོ།། གཞན་ཡང་ཆོས་གཅིག་སྟེ། བྱས་པ་མི་གཟོ་བ་རྣམས་ལ་སྙིང་རྗེའི་བློའོ།། གཞན་ཡང་ཆོས་གཅིག ་སྟེ་བྱས་པ་གཟོ་བ་རྣམས་ལ་རིམ་གྲོ་བྱ་བའི་བློའོ།། གཞན་ཡང་ཆོས་གཅིག་སྟེ། མི་ཤེས་པ་རྣམས་ལ་ང་རྒྱལ་མེད་པའོ།། གཞན་ཡང་ཆོས་གཅིག་སྟེ། ་ཤེས་པ་རྣམས་ཀྱི་རྗེས་སུ་སློབ་པའོ།། གཞན་ཡང་ཆོས་ཅིག་སྟེ། དགེ་བའི་རྩ་བ་ལ་ལྷག་པའི་སེམས་མི་འདོར་བའོ།། གཞན ་ཡང་ཆོས་གཅིག་སྟེ། མི་དགེ་བའི་སེམས་ཀྱིས་མི་འཇུག་པའོ།། གཞན་ཡང་ཆོས་གཅིག་སྟེ། ཚུལ་འཆོས་པ་མེད་ཅིང་ཁ་གསག་མེད་པས་སྡོམ་པ་གསུམ ་ཡོངས་སུ་དག་པའོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་སྨྲ་བ་རྣམས་ལ་སྟོན་པ་དང་། བླ་མ་ལྟར་ཕངས་པར་རིམ་གྲོ་བྱེད་པའོ།། གཞན་ཡང་ཆོས་གཅིག། ་སྟེ། འཇིག་རྟེན་རྒྱང་བེན་པ་དང་མ་འདྲེས་པ་ལེགས་པར་ཐོས་པའི་ཆོས་མཉན་པའོ།། གཞན་ཡང་ཆོས་གཅིག་སྟེ། དགེ་བའི་རྩ་བ་ཡོངས་སུ་སྦྱང་བ་ཡོངས ་སུ་དག་ནས་འཁོར་བ་ན་ཡོངས་སུ་མི་སྐྱེའོ།། གཞན་ཡང་ཆོས་གཅིག་སྟེ། དེ་བཞིན་གཤེགས་པ་བཞུགས་པ་རྣམས་སམ། ཡོངས་སུ་མྱ་ངན་ལས་འདས་པ ་རྣམས་ལ་མཆོད་པ་བྱེད་པས་མི་ངོམས་པའོ།། གཞན་ཡང་ཆོས་གཅིག་སྟེ། སེམས་ཅན་ཐམས་ཅད་ཀྱིས་གསོལ་བ་མ་བཏབ་པར་བཤེས་གཉེན་བྱེད་པའོ།། ་གཞན་ཡང་ཆོས་གཅིག་སྟེ། དངོས་པོ་ཐམས་ཅད་ལ་མི་གནས་ཤིང་ཡོངས་སུ་མི་འཛིན་མི་ཆགས་པའོ།། གཞན་ཡང་ཆོས་གཅིག་སྟེ། ཁྱིམ་ན་གནས་པའི ་སྐྱོན་རིག་ནས་རྟག་པར་རྒྱུན་དུ་རབ་ཏུ་བྱུང་བ་ལ་གཞོལ་བའོ།། གཞན་ཡང་ཆོས་གཅིག་སྟེ། སྐྱེས་བུ་དམ་པའི་ལས་རྣམས་ལ་ཞུགས་པའོ།། གཞན་ཡང་ཆོས ་གཅིག་སྟེ། ངེས་པར་བྱས་པ་ལ་ཞུགས་པའི་བྱང་ཆུབ་ཀྱི་ལམ་གྱི་ཚོགས་སྩོགས་པའོ།། གཞན་ཡང་ཆོས་གཅིག་སྟེ། ཐེག་པ་མཚུངས་པར་ཡང་དག་པར་ཞུགས ་པ་རྣམས་ལ་ཞེ་མི་སྡང་བའོ།། གཞན་ཡང་ཆོས་གཅིག་སྟེ། བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་བཞུགས་པ་ལ་ཡོངས་སུ་མི་སྐྱོ་བའོ།། གཞན་ཡང ་ཆོས་གཅིག་སྟེ། གསང་བའི་སྔགས་རྣམས་ཀུན་ཏུ་སྲུང་བས་རྣམ་པར་འབྲོས་པར་མི་བྱེད་པའོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་དང་གཟོ་ཡོངས་སུ་བཙལ། ་བཤེས་པའོ།། གཞན་ཡང་ཆོས་གཅིག་སྟེ། བདེན་པའི་ངག་ལ་རབ་ཏུ་གནས་པར་ཆོས་མཐོང་བའོ།། གཞན་ཡང་ཆོས་གཅིག་སྟེ། ཁ་འོག་དུ་ལུས་འཁྲུས ་པར་བྱེད་པའོ།། གཞན་ཡང་ཆོས་གཅིག་སྟེ།། འགྱོད་པ་མེད་པའི་སེམས་ཀྱིས་སྦྱིན་པ་བགེད་པའོ།། གཞན་ཡང་ཆོས་གཅིག་སྟེ། བདུད་ཀྱི་ལས་རྣམས་རྟོགས ་ནས་ཡོངས་སུ་སྤོངས་པའོ།། གཞན་ཡང་ཆོས་གཅིག་སྟེ། ང་རྒྱལ་དང་བྲལ་བའི་ཡེ་ཤེས་ཀྱི་ལས་སོ།། གཞན་ཡང་ཆོས་གཅིག་སྟེ། ཡེ་ཤེས་ཀྱི་ཁེ་དང་བྲལ་བ། ་དགོན་པ་ན་གནས་པའོ།། གཞན་ཡང་ཆོས་གཅིག་སྟེ། ལྷག་པའི་ང་རྒྱལ་དང་བྲལ་ཞིང་བདག་ལ་མི་སྟོད་གཞན་ལ་མི་སྨོད་པའོ།། ་གཞན་ཡང་ཆོས་གཅིག་སྟེ།། ཉོན་མོངས་པ་དང་བྲལ་ཞིང་འཇིག་རྟེན་གྱི་རྗེས་སུ་མཐུན་པའོ།། གཞན་ཡང་ཆོས་གཅིག་སྟེ། འཚོ་བ་ཡོངས་སུ་དག་པ་སྟེ། དབེན། ་བ་ལ་དགའ་བའོ།། གཞན་ཡང་ཆོས་གཅིག་སྟེ། ཚུལ་བཞིན་ལ་བརྩོན་པས་ནང་དུ་ཡང་དག་འཇོག་པའོ།། གཞན་ཡང་ཆོས་གཅིག་སྟེ། མང་དུ་ཐོས་ནས་སེམས།། ་ངེས་པར་སེམས་པའོ།། གཞན་ཡང་ཆོས་གཅིག་སྟེ། ཡང་དག་པར་རབ་ཏུ་བརྩོན་པའི་རྣལ་འབྱོར་སྤྱོད་པའི་སའོ།། གཞན་ཡང་ཆོས་གཅིག་སྟེ། སྟོང་པ ་ཉིད་ཀྱི་སྤྱོད་ཡུལ་ཀྱི་ཆོས་ལ་སོ་སོར་རྟོག་པའོ།། གཞན་ཡང་ཆོས་གཅིག་སྟེ། རྙེད་པ་དང་མ་རྙེད་པས་ཁེངས་པ་མེད་ཅིང་འདུན་པ་མེད་པའོ།། གཞན་ཡང་ཆོས ་གཅིག་སྟེ། འདུ་འཛིས་འཇིགས་ཤིང་སྐྲག་པ་ནས་གཅིག་པུ་དགའ་བའོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་ཀྱི་རྙེད་པ་གཞན་དག་དང་ཀུན་ཏུ་བགེད་པའོ།། ་གཞན་ཡང་ཆོས་གཅིག་སྟེ། འཕགས་པའི་བདེན་པ་ཤེས་པ་ལ་མཁས་པའོ།། གཞན་ཡང་ཆོས་གཅིག་སྟེ། ཤེས་པ་ཐམས་ཅད་ལ་སློབ་དཔོན་དཔེ་ཁྱུད་མེད། ་པའོ།། གཞན་ཡང་ཆོས་གཅིག་སྟེ། མ་བསླབས་པ་རྣམས་བསླབ་པ་ལ་སྦྱོར་ཞིང་མི་བརྙེས་པའོ།། གཞན་ཡང་ཆོས་གཅིག་སྟེ། རྙེད་པ་དང་མ་རྙེད་པ ་རྣམས་ལ་ལས་ཀྱིས་རྣམ་པར་སྨིན་པ་ལ་ཡིད་ཆེས་ཤིང་ཡོངས་སུ་གདུང་བ་མེད་པའོ།། གཞན་ཡང་ཆོས་གཅིག་སྟེ། གུས་པར་བྱས་སྟེ་ཆོས་ཉན་པ་རྣམས ་ལ་ཆོས་སྟོན་པའོ།། གཞན་ཡང་ཆོས་གཅིག་སྟེ། སྡུག་པ་རྣམས་ལ་རྗེས་སུ་ཆགས་པ་སྤངས་ནས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དོ།། ་གཞན་ཡང་ཆོས་གཅིག་སྟེ། ཆོས་སྨྲ་བ་རྣམས་ལ་གཡོ་མོད་པར་ལེགས་སོ་ཞེས་བྱ་བ་སྦྱིན་པའོ།། གཞན་ཡང་ཆོས་གཅིག་སྟེ། ཅང་ཤེས་ཀྱི་སེམས་ཀྱིས ་སེམས་ཅན་ཐམས་ཅད་ཀྱི་ཁུར་ཁྱེར་བའོ།། གཞན་ཡང་ཆོས་གཅིག་སྟེ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྦྱོར་བ་ཡོངས་སུ་ཚོལ་བའོ།། གཞན་ཡང་ཆོས་གཅིག ་སྟེ་བྱང་ཆུབ་ཀྱི་ལམ་གྱི་ཚོགས་སོགས་པའི་བརྩོན་འགྲུས་སོ།། གཞན་ཡང་ཆོས་གཅིག་སྟེ། དད་པའི་རྩ་བ་བརྟན་ཞིང་མི་གཡོ་བའོ།། གཞན་ཡང ་ཆོས་གཅིག་སྟེ། ཡུལ་འཁོར་གྱི་བསོད་སྙོམས་དོན་ཡོད་པར་ཡོངས་སུ་སྤྱོད་པའོ།། གཞན་ཡང་ཆོས་གཅིག་སྟེ། ནོར་བདུན་ཡང་དག་པར་འདུ་བས་དཔའ ་བ་མེད་པའོ།། གཞན་ཡང་ཆོས་གཅིག་སྟེ། སྙིང་པོ་བླངས་པའི་སྲོག་གི་དབང་པོའོ།། གཞན་ཡང་ཆོས་གཅིག་སྟེ། ཐབས ་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་ཀྱི་མཆོད་པ་སྦྱིན་པོ་སྦྱིན་པའི་བསྡུ་བའི་དངོས་པོའོ།། གཞན ་ཡང་ཆོས་གཅིག་སྟེ། རྩོད་པ་མེད་པ་ལྷུར་ལེན་པའི་ཆོས་གཏམ་མོ།། གཞན་ཡང་ཆོས་གཅིག་སྟེ། གླན་ཀ་མི་ཚོལ་བའི་སེམས་ཀྱིས་ཆོས་ཉན་པའོ།། ། ་གཞན་ཡང་ཆོས་གཅིག་སྟེ། དགེ་སྦྱོང་གི་དྲི་མ་དང་བྲལ་བའི་དགེ་སྦྱོང་ཉིད་དོ།། གཞན་ཡང་ཆོས་གཅིག་སྟེ། འདྲེ་བ་མེད་པར་གྲོང་དང་གྲོང་ཁྱེར་དང ་གྲོང་རྡལ་དུ་འཇུག་པའོ།། གཞན་ཡང་ཆོས་གཅིག་སྟེ། རང་གི་འཁྲུལ་པ་ལ་སོ་སོར་རྟོག་པས་སེམས་ཅན་ཐམས་ཅད་ཀུན་ཏུ་སྲུང་བའོ།། གཞན ་ཡང་ཆོས་གཅིག་སྟེ། འཇིག་རྟེན་གྱི་སྣ་ཚོགས་ལ་བཏང་སྙོམས་སུ་བྱེད་པའོ།། གཞན་ཡང་ཆོས་གཅིག་སྟེ། དགེ་བའི་བཤེས་གཉེན་རྣམས་ལ་མི ་སླུ་བའོ།། གཞན་ཡང་ཆོས་གཅིག་སྟེ། རང་གི་སེམས་ཡོངས་སུ་དག་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཡོངས་སུ་དག་པར་ཤེས་པའོ།། ་གཞན་ཡང་ཆོས་གཅིག་སྟེ། བཅོས་མ་མ་ཡིན་པས་བསམ་པ་དག་པའོ།། གཞན་ཡང་ཆོས་གཅིག་སྟེ། ཁྱད་པར་དུ་འགྲོ་བས་ལྷག་པའི་བསམ ་པ་དག་པའོ།། གཞན་ཡང་ཆོས་གཅིག་སྟེ། ལེགས་པར་བྱ་བའི་ལས་བྱེད་པས་སྦྱོར་བ་དག་པའོ།། གཞན་ཡང་ཆོས་གཅིག་སྟེ། བསོད་ནམས ་ཡོངས་སུ་དག་པས་མཚན་མ་ཡོངས་སུ་དག་པའོ།། གཞན་ཡང་ཆོས་གཅིག་སྟེ། ཤེས་པ་ཡོངས་སུ་དག་པས་ཉོན་མོངས་པ་ཡོངས་སུ་དག་པའོ།། ། ་གཞན་ཡང་ཆོས་གཅིག་སྟེ། སེམས་ཅན་ཡོངས་སུ་དག་པས་ཞིང་ཡོངས་སུ་དག་པའོ།། གཞན་ཡང་ཆོས་གཅིག་སྟེ། མཚན་མ་མེད་པ་ལ་སོ་སོར ་བརྟགས་ཏེ་ཡོངས་སུ་བསྔོ་བ་ལ་མཁས་པའོ།། གཞན་ཡང་ཆོས་གཅིག་སྟེ། རྗེས་སུ་མཐུན་པའི་ཆོས་ཀྱི་བཟོད་པའོ།། གཞན་ཡང་ཆོས་གཅིག ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་ཡོངས་སུ་བསྒོམས་ནས་ངེས་པར་གྱུར་པ་སོ་སོར་རྟོགས་པའོ།། གཞན་ཡང་ཆོས་གཅིག་སྟེ། གནས་མེད་པ ་ལ་གནས་པས་གནས་བརྟན་པའོ།། གཞན་ཡང་ཆོས་གཅིག་སྟེ། མངོན་པར་ཤེས་པས་རྣམ་པར་བརྩེན་ཅིང་ཟག་པ་ཟད་པ་ཤེས་པ་ལ་འཇུག ་པའོ།། གཞན་ཡང་ཆོས་གཅིག་སྟེ། ཞི་གནས་དང་ལྷག་མཐོང་གིས་ཡོངས་སུ་སྦྱང་བ་བྱས་པའི་རིག་པ་དང་རྣམ ་པར་གྲོལ་བའོ།། གཞན་ཡང་ཆོས་གཅིག་སྟེ། ཐབས་ཀྱིས་ཡང་དག་པར་ཟིན་པའི་ཤེས་རབ་བསྒོམ་པའོ།། གཞན་ཡང་ཆོས་ཅིག་སྟེ། ་ཁམས་གསུམ་གྱི་སྙིང་པོ་ཐོབ་པ་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ནོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས ་བར་ཁོང་དུ་ཆུད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས ་གཅིག་སྟེ། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ་དང་། མ་བྱུང་བར་རིག་ནས། མི་སྐྱེ་བའི ་ཆོས་ལ་བཟོད་པ་ཐོབ་པ་སྟེ། བློ་གྲོས་རྒྱ་མཚོ་འདི་ནི་ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་གཅིག་གོ།། བློ་གྲོས་རྒྱ་མཚོ་ཆོས་དེ་དག་ནི་ཐེག་པ་ཆེན ་པོ་སྡུང་པར་འགྱུར་བ་དང་། འཛིན་པ་དང་གནས་པ་དང་ཐམས་ཅད་འདོར་བར་འགྱུར་བ་དག་གི། བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་ན ་ཁ་གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་རྣམས་ལ ་འདོད་པ་མེད་པ་སྟེ། བློ་གྲོས་རྒྱ་མཚོ་ཆོས་གཉིས་པོ་དེ་དག་ནི་ཐེག་པ་ཆེན་པོ་ལ་གཅེས་སྤྲས་བྱེད་པའོ།། བློ་གྲོས་རྒྱ་མཚོ་ཐེག་པ་ཆེན་པོ་ལ་དཀའ་བ་བྱེད་པའི་ཆོས་གཉིས ་ཏེ། གཉིས་གང་ཞེས་ན། མོས་པས་རྣམ་པར་གྲོལ་བ་ཀུན་ཏུ་སྲུང་བ་དང་། རྣམ་པར་གྲོལ་བ་དེའི་ཕྱིར་ཆོས་སྟོན་པ་སྟེ། བློ་གྲོས་རྒྱ་མཚོ་ཆོས་གཉིས་པོ་དེ་དག་ནི་ཐེག ་པ་ཆེན་པོ་ལ་དཀའ་བ་བྱེད་པའོ།། བློ་གྲོས་རྒྱ་མཚོ་ཐེག་པ་ཆེན་པོ་གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། གཉིས་གང་ཞེ་ན། བྱང་ཆུབ་ཀྱི་སེམས་ལས་མི་ཉམས་པ ་དང་སྔ་སེམས་ཅན་ལ་ལྟ་བ་ལ་བསྟན་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་སྟེ།། བྱང་ཆུབ་ཀྱི་སེམས་ལ་སྒྱུ་མ་ལྟ་བུར་སོ་སོར་རྟོག་པ་དང་སེམས་ཅན་ཐམས་ཅད ་ལ་བདག་མེད་པར་སོ་སོར་རྟོག་པའོ་གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བསམ་པ་མི་འདོར་བ་དང་། སྤྱོད་པ་གཅོས་མ་མ་ཡིན་པའོ།། དཀའ་བ་བྱེད་པའི ་ཆོས་གཉིས་ཏེ། རྩ་བ་ཡོངས་སུ་དག་པའི་བསམ་པ་དང་། བྱེད་པ་མེད་ཅིང་བྱེད་པ་དང་བྲལ་བ་ཡང་མ་ཡིན་པར་བསོད་ནམས་སྩོགས་པའོ།། གཅེས་སྨྲས་བྱེ ་པའི་ཆོས་གཉིས་ཏེ། དགེ་བའི་རྩ་བ་རྣམས་ལ་སྦྱོར་བ་དང་། སྦྱོར་བ་ཡང་ཉམས་འོག་ཏུ་ཆུད་པར་བྱེད་པའོ།། དཀའ་བ་བྱེད་པའི ་ཆོས་གཉིས་སྟེ།། སྤྲོས་པ་མེད་པར་སྦྱོར་བ་དང་། སྤྱོད་པ་ཉམས་འོག་ཏུ་ཆུད་པར་བྱེད་པས་དབེན་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ།། ལྷག་པའི ་བསམ་པས་ཁྱད་པར་དུ་འགྲོ་བ་དང་། ཁྱད་པར་གྱིས་ཁྱད་པར་དུ་ལྷག་པར་དམིགས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བདག་ཉིད་ཉེས་པར་མི་བྱེད་པ ་དང་། གཞན་ཡང་ཉེས་པ་ལས་འབྱིན་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་སྟེ། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་རྣམ་པར་སྨིན་པ་ལ ་མི་རེ་བའོ།། དཀའ་བྱེད་པའི་ཆོས་གཉིས་ཏེ། མཉམ་པའི་སེམས་གཏོང་བ་དང་། ཡོངས་སུ་བསྔོ་བ་ལ་མཁས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས ་ཏེབསླབ་པ་མ་ཉམས་པ་དང་། སྐྱེ་བར་སྨོན་པ་ལ་མི་རེ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཚུལ་ཁྲིམས་འཆལ་བ་རྣམས་ཆེར་སྙིང་རྗེ་བ་དང་། ་བདག་ལ་མི་སྡོད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བཟོད་ཅིང་དེས་པ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས ་ཏེརྗེས་སུ་ཆགས་པ་འདོར་བ་དང་། རྗེ་བོ་ལ་བཟོད་པ་བསྒོམ་པའོ།། གཅེས་བྲས་བྱེད་པའི་ཆོས་གཉིས་ཏེ། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་བཙལ་བ ་བརྩོན་པའི་བརྩོན་འགྲུས་དང་། དགེ་བའི་རྩ་བ་ལ་ཡིད་རངས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ལུས་དང་སེམས་དབེན་པ་དང་། སེམས་གནས་པ ་ཡོངས་སུ་ཐར་བར་བྱེད་པའོ།། གཅེས་པྲས་བྱེད་པའི་ཆོས་གཉིས་ཏེ། བསམ་གཏན་གྱི་ཡན་ལག་ཡང་དག་པར་སྡུད་པ་དང་། སེམས་ལས་སུ་རུང་བའོ།། ་དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བསམ་གཏན་ལས་ལྡོག་པ་ཤེས་པ་དང་། འདོད་པའི་ཁམས་སྨོད་པའོ།། གཅེས་པྲས་བྱེད་པའི་ཆོས་གཉིས་ཏེ། ཆོས ་དོན་དུ་གཉེར་བ་དང་། ཆོས་འདོད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཆོས་ལ་སོར་རྟོག་པ་དང་། ཆོས་ངེས་པར་སེམས་པའོ།། གཅེས་བྲས་བྱེད་པའི ་ཆོས་གཉིས་ཏེ། དགེ་བའི་བཤེས་གཉེན་ལ་སྟེན་པ་དང་། བླ་མ་ལ་གུས་པ་བརྟན་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། གུས་པ་དང་དཀའ་བློ་བདེ་བའོ།། ། ་གཅེས་བྲས་བྱེད་པའི་ཆོས་གཉིས་ཏེ། དུས་དང་དུས་མ་ཡིན་པར་ཡོངས་སུ་འདྲི་བ་དང་། དོན་མྱོང་བར་བྱེད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། དོན ་ཤེས་པའོ།། ཆོས་ཤེས་པའོ།། གཅེས་བྲས་བྱེད་པའི་ཆོས་གཉིས་ཏེ། ཐོས་པའི་ནོར་གྱིས་མི་ངོམས་པ་དང་། ཐོས་པའི་ཤེས ་རབ་ཀྱིས་ངོམས་མི་མྱོང་བའོ།། དཀའ་བ་མེད་པའི་ཆོས་གཉིས་ཏེ། ཚུལ་བཞིན་དུ་ཆོས་ལ་སོ་སོར་རྟོག་པ་དང་། ཚུལ་བཞིན་མ་ཡིན་པའི་ཆོས་རྣམ་པར་སྤོང ་བའོ། གཅེས་བྲས་བྱེད་པའི་ཆོས་གཉིས་ཏེ། ཆོས་སྟོན་པ་དང་། ཆོས་ཉན་པ་རྣམས་ལ་སྙིང་རྗེ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སློབ་དཔོན ་དཔེ་མཁྱུད་མེད་པ་དང་། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྟོན་པའོ།། གཅེས་བྲས་བྱེད་པའི་ཆོས་གཉིས་ཏེ། རྣ་བླགས་ཏེ་ཉན་པ་དང་ཐམས་ཅད་དུ་སེམས ་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྒྲིབ་པ་སེལ་བ་དང་། བྱང་ཆུབ་ཀྱི་ཡན་ལག་སྒོམ་པའོ།། གཅེས་པྲས་བྱེད་པའི་ཆོས་གཉིས་ཏེ། མཆོག ་ཏུ་དགའ་བ་ཐོབ་པ་དང་དགའ་བ་མྱོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། རུང་བ་རྣམས་ལ་ཚོད་ཤེས་པ་དང་། བདག་ཤེས་པ་ལ་འཇུག་པའོ།། ་གཅེས་ཕྲས་བྱེད་པའི་ཆོས་གཉིས་ཏེ། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་། ལེགས་པར་བྱ་བའི་ལས་བྱེད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས ་ཏེ་ལས་མེད་ཅིང་རྣམ་པར་སྨིན་པ་མེད་པར་མོས་པ་དང་། དགེ་བའི་ཆོས་ཀྱི་རྟོན་པའོ།། གཅེས་བྲས་བྱེད་པའི་ཆོས་གཉིས་ཏེ། ཚིག་བདེན་པ་དང་། ་འཕགས་པའི་སྐྱེ་བོ་ལ་མི་སླུ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཇི་སྐད་སྨྲས་པ་བཞིན་བྱེད་པ་དང་། སངས་རྒྱས་ཀྱི་ཚུལ་མི་འཁྲུགས་པར་བྱེད་པའོ།། ་གཅེས་བྲས་བྱེད་པའི་གཉིས་ཏེ། ལུས་ཡོངས་སུ་དག་པ་དང་། མི་དགེ་བ་རྣམ་གསུམ་ཡོངས་སུ་སྤོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ་ལུས་གཟུགས་བརྙན་ལྟ་བུ་དང་། རྩཝ་དང་སྡིག་པ་དང་ཤིང་ལྟ་བུར་སོ་སོར་རྟོག་པའོ།། གཅེས་པྲས་བྱེད་པའི་ཆོས་གཉིས་ཏེ། ངག་ཡོངས་སུ་དག་པ་དང་། ་ངག་གི་སྐྱོན་བཞི་ཡོངས་སུ་སྤོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཆོས་བརྗོད་དུ་མེད་པར་ཁོང་དུ་ཆུད་པ་དང་། སྒྲ་ཐམ་ཅད་བྲག་ཆ་དང་མཚུངས ་བར་ཤེས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སེམས་ཡོངས་སུ་དག་པ་དང་། བརྣབ་སེམས་དང་གནོད་སེམས་དང་། ལོག་པར་ལྟ ་བ་ཡོངས་སུ་སྤོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ་ནང་ཉེ་བ་ནི་བ་དང་། ཕ་རོལ་ཏུ་མི་རྒྱུ་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བྱམས ་པ་སྒོམ་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ནམ་མཁའ་ལྟར ་རྣམ་པར་དག་ཅིང་དྲི་མ་མེད་པའི་བྱམས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་ཡོངས་སུ་བསྔོ་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ་སྙིང་རྗེ་ཆེན་པོ་མི་འདོར་བ་དང་། དགེ་བའི་རྩ་བ་ཡོངས་སུ་ཚོལ་བ་ལ་ཡོངས་སུ་མི་སྐྱོ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྐྱེ་བ་མེད་པར་སོ་སོར་རྟོག ་པ་དང་། ངེས་པར་གྱུར་པ་ཀུན་ཏུ་སྲུང་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཆོས་ལ་དགའ་བས་དཀའ་ཞིང་མོས་པ་དང་མི་དགའ་བ་སྤོང་བའོ།། ་དཀའ་བ་བྱེད་པའི་ཆོས་གཉིས་ཏེ། མི་སྨྲ་བའི་བརྟུལ་ཞུགས་ཡོངས་སུ་རྫོགས་པར་བྱེད་པ་དང་། བརྟུལ་ཞགས་མ་ཡིན་པ་མི་སྤོད་པའོ།། གཅེས་སྨྲས ་བྱེད་པའི་ཆོས་གཉིས་ཏེ། རྗེས་སུ་ཆགས་པ་འདོར་བ་དང་། ཁོང་ཁྲོ་བ་སྤོང་བའོ།། དཀའ་བ་སྤྱོད་པའི་ཆོས་གཉིས་ཏེ། བཏང་སྙོམས་སྒོམ་པ་དང་། ་སེམས་ཅན་ལ་ལྟ་བས་ཡོངས་སུ་སྔགས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སངས་རྒྱས་རྗེས་སུ་དྲན་པ་སྒོམས་པ་དང་། དྲན་པ་དེ་ལ་གནས། ་པར་སེམས་བསྐྱེད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཆོས་ཀྱི་སྐུ་སྒོམ་པ་དང་། མཚན་གྱི་སྐུ་ཡང་སྒྲུབ་པའོ།། གཅེས་སྤྲས་བྱེད་པའི་ཆོས ་གཉིས་ཏེ། ཆོས་རྗེས་སུ་དྲན་པ་སྒོམ་པ་དང་། སེམས་ཅན་རྣམས་ཀྱང་ཆོས་ལ་སྦྱོར་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། འདོད་ཆགས་དང་བྲལ ་བའི་ཆོས་གཉིས་ལས་སོ་སོར་རྟོག་པ་དང་། འདོད་ཆགས་ལ་སྤྱོད་པ་སེམས་ཅན་རྣམས་ཆེར་སྙིང་རྗེ་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ་བྱང་ཆུབ་སེམས་དཔའི་དགེ་འདུན་རྗེས་སུ་དྲན་པ་དང་། ཕྱིར་མི་ལྡོག་པའི་དགེ་འདུན་ལ་ཡང་སྟོན་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། འདུས་མ ་བྱས་ལ་རྟོག་པ་དང་། འབྲས་བུ་ཐོབ་པ་ཡང་ཀུན་ཏུ་སྲུང་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། བྱང་ཆུབ ་ཀྱི་སེམས་མི་བརྗེད་པའོ།། དཀའ་བྱེད་པའི་ཆོས་གཉིས་ཏེ། མངོན་པར་འདུ་བྱེད་པ་མེད་པའི་ཚུལ་ཁྲིམས་ལ་སོ་སོར་རྟོག་པ་དང་། ཚུལ་ཁྲིམས་འཆ ་བའི་སེམས་ཅན་སྡུད་ཅིང་ཡོངས་སུ་སྨིན་པར་བྱེད་པའོ།། གཅེས་སྒྲས་བྱེད་པའི་ཆོས་གཉིས་ཏེ། གཉིས་པ་རྗེས་སུ་དྲན་པ་དང་། འགྱོད་པ་མེད་པར་གནོད ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། རང་གི་ཉོན་མོངས་པ་འདོར་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ ་པ་སྤོང་བ་སྟོན་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ལྷ་རྗེས་སུ་དྲན་པ་དང་སྐྱེ་བར་སྨོན་པ་མེད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ་དྲན་པ་དང་ཤེས་བཞིན་དང་། སེམས་གཡེང་བ་རྣམས་དྲན་པ་ལ་འགོད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བསོད་ནམས་ཀྱི་ཚོགས ་དང་ཡེ་ཤེས་ཀྱི་ཚོགས་སོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། མངོན་པར་འདུ་བྱེད་པའི་ཡེ་ཤེས་དང་། བསོད་ནམས་ཀྱི་ཚོགས་མ་སྨད་པའོ།། ་གཅེས་སྤྲས་བྱེད་པའི་ཆོས་ཏེ། ཆགས་པ་ལས་ཤིན་ཏུ་འདའ་བ་དང་། ཆགས་པ་ཞེན་པ་ཡོངས་སུ་འགྲེལ་བའི་དཀའ་སྤྱད་པའི་ཆོས་གཉིས་ཏེ། ་འདུན་པ་དྲག་པོ་དང་། སྒྱུ་མེད་ཅིང་གཡོ་མེད་པའོ།། གཅེས་སྤྲས་བྱེད་པའི་གཉིས་ཏེ། བྱས་པ་གཟོ་བ་དང་། བྱས་པ་ཤེས་པའོ།། དཀའ ་བ་བྱེད་པའི་ཆོས་གཉིས་ཏེ། འདུན་པའི་འདོད་ཆགས་སྤོང་བ་དང་། དགེ་བའི་ཆོས་ལ་འདུན་པ་མི་འདོར་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས ་ཏེ། སྡིག་པ་ཐམས་འཆགས་པ་དང་། སྡིག་པ་ཐམས་ཅད་མི་བྱེད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། འགྱོད་པ་མེད་པ་དང་། ཀུན ་ནས་ལྡང་བ་མེད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། གཞན་གྱི་བསོད་ནམས་ཀྱི་རྗེས་སུ་ཡིད་རང་བ་དང་། རང་གི་བསོད་ནམས་ཀྱིས ་མི་ངོམས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྡིག་ཐམས་ཅད་ཟད་པ་ཤེས་པ་དང་། བསོད་ནམས་བརྩེགས་པ་ཤེས་པའོ།། གཅེས་སྨྲས། ་བྱེད་པའི་ཆོས་གཉིས་ཏེ། སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་པ་དང་། ཆོས་ཐམས་ཅད་ཡོངས་སུ་འཛིན་པའོ།། དཀའ་བྱེད་པའི་ཆོས་གཉིས ་ཏེརྫ་ཆོས་ཀྱི་དབྱིངས་འདྲེས་པ་མེད་པ་དང་། ཚིག་རབ་ཏུ་དབྱེ་བ་ཐམས་ཅད་སྟོན་པ་ཤེས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཡོངས་སུ་བསྔོ ་བ་ལ་མཁས་པ་དང་། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ཡོངས་སུ་བསྔོའོ།། དཀའ་བྱེད་པའི་ཆོས་གཉིས་ཏེ། མཚན་མ་མེད་པར་འདྲིས་པར་བྱེད་པ་དང་། ་མཚན་མ་ཐམས་ཅད་རྣམ་པར་འཇིག་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སྟོང་པ་ཉིད་ལ་རྟོག་པ་དང་། སེམས་ཅན་ལ་ཡང་ལྟ་བའོ།། དཀའ་བ ་བྱེད་པའི་ཆོས་གཉིས་ཏེ། ཤེས་རབ་ཀྱི་ལྟ་བ་མེད་པ་དང་། ཐབས་ཀྱི་ལྟ་བ་དང་བཅས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས ་ཏེ། དགེ་བའི་རྩ་བ་འདོད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ལ་སེམས་ཅན་ཐམས་ཅད་སྦྱོར་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྨོན་པ་མེད་པ་སྒོམ་པ ་དང་བསམ་པ་བཞིན་དུ་སྐྱེ་བ་ཤེས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། དེ་ལ་མ་ཆགས་པ་དང་། མི་གཡོ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས ་ཏེ་ང་རྒྱལ་མེད་པ་དང་དེས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། དགོན་པ་ལ་གནས་པ་དང་། དགོན་པའི་ཡོན་ཏན་མྱོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས ་ཏེ། ཉོན་མོངས་པ་དང་མེད་པར་གནས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། འདོད་པ་ཆུང་བ་དང་ཆོག། ་ཤེས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། རང་གི་ཉོན་མོངས་པ་ལ་ཚོལ་བ་དང་། སེམས་ཅན་ཐམས་ཅད་ཉོན་མོངས་པའི་སྤངས་པ་ཚོལ་བའོ།། གཅེས ་སྦས་བྱེད་པའི་ཆོས་གཉིས་ཏེ། ངེས་པར་སེམས་པ་དང་། སོ་སོར་རྟོག་པའོ།། དཀའ་བ་བྱེད་པ་ཆོས་གཉིས་ཏེ། རང་གི་འཁྲུལ་པ་ལ་རྟོག་པ་དང་གཞན་གི་འཁྲུལ ་བ་ལ་སྐྱོན་དུ་མི་ལྟའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བདག་ལ་མི་སྟོད་པ་དང་། གཞན་ལ་མི་སྨོད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བདག ་ལ་བདག་མེད་པ་དང་། སེམས་ཅན་ལ་སེམས་ཅན་མེད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། རང་གིས་བྱེད་པ་དང་། གཞན་གྱིས་སྐབས་མི་རྙེད་པའོ།། ། ་དཀའ་བ་བྱེད་པའི་ཆོས་གཉིས་ཏེ། འཁོར་བ་ལས་ལྡོག་པ་དང་། འཁོར་བ་ནས་སེམས་ཅན་ཡོངས་སུ་ཐར་པར་བྱེད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས ་ཏེ། ཕ་རོལ་ཏུ་ཕྱིན་པ་ཡོངསུ་ཚོལ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བཙལ་བ་རྣམས་ལ་ཇི་སྐད་བསྟན་བཞིན་དུ་གནས་པའོ།། དཀའ་བ་བྱེད་པའི་ཆོས ་གཉིས་ཏེ། གཞན་ལ་རག་མ་ལས་པའི་ཤེས་པ་རབ་ཏུ་ཐོབ་པ་དང་། གཞན་དག་ཀྱང་ཤེས་པ་ལ་རབ་ཏུ་སྦྱོར་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ།། ་འཐོབ་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་དོན་ཏུ་མི་གཉེར་བ་དང་། དམ་པའི་ཆོས་ཡོངས་སུ་བཙལ་བ་དོན་དུ་གཉེར་བའོ།། དཀའ་བ་བྱེད་པའི་ཆོས ་གཉིས་ཏེ། བན་མ་གཏགས་པ་རྣམས་ལ་ཡང་ངན་འདོགས་པ་དང་། ཕན་བཏགས་པ་རྣམས་ལ་ཡང་ལྷག་པར་དགའ་བ་མེད་པའོ།། གཅེས་སྤྲས་བྱེད་པའི ་ཆོས་གཉིས་ཏེ། བྱམས་པ་ཆེན་པོ་ཐུག་པ་མེད་པར་བྱས་པ། སྙིང་རྗེ་ཆེན་པོ་ཡོངས་སུ་ཆད་པ་མེད་པའོ།། དཀའ་བ་བྱེད་པའི ་ཆོས་གཉིས་ཏེ། རྒལ་ནས་འཇུག་པ་དང་། མ་རྒལ་པ་རྣམས་སྒྲོལ་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སེམས་ཅན་ཐམས་ཅད་ཡོན་ཏན་ཡང ་དག་པར་འཛིན་དུ་འཇུག་པ་དང་། ཡོན་ཏན་མེད་པའི་སེམས་ཅན་རྣམས་ལ་ཆེར་སྙིང་རྗེ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སླར་མི་བྱེད་པ་རྣམས ་ལ་ཕྱིར་བྱེད་པ་དང་། ཕྱིར་བྱེད་པ་རྣམས་ལ་རློམ་སེམས་མེད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ལུས་ལ་ཞུགས་པའི་དྲན་པ་ལ་གནས་པ་དང་། ་ལུས་ཡོངས་སུ་དག་པ་ལ་གནས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ལུས་དང་ལུས་ཀྱི་རྗེས་སུ་ལྟ་བ་དང་། ལུས་དང་ལྷན་ཅིག་སོང་བའི་རྣམ་པར ་སོང་བའི་རྣམ་པར་རྟོག་པས་རྣམ་པར་མི་རྟོག་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཚོར་བ་ལ་ཞུགས་པའི་དྲན་པ་གནས་པ་དང་། བདེ་བ་དང་། ་སྡུག་བསྔལ་གྱི་ཚོར་བ་གཉིས་མི་ཕྱོགས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བ་དང་། ཚོར་བ་དང་ལྷན་ཅིག ་ཏུ་སོང་བའི་རྣམ་པར་རྟོག་པ་དང་། རྣམ་པར་མི་རྟོག་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སེམས་ལ་ཞུགས་པའི་ལ་གནས་པ་དང་། སེམས།། ་ཡོངས་སུ་དག་པ་ལ་གནས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བ་དང་། སེམས་དང་ལྷན་ཅིག་སོང་བའི་རྣམ ་པར་རྟོག་པས་རྣམ་པར་མི་རྟོག་པའོ།། གཅེས་པྲས་བྱེད་པའི་ཆོས་གཉིས་ཏེ། ཆོས་ཞུགས་པའི་དྲན་པ་ལ་གནས་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད ་པ་ཤེས་པའོ།། དཀའ་བྱེད་པའི་ཆོས་གཉིས་ཏེ། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་དང་། ཆོས་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས།། ་རྣམ་པར་མི་རྟོག་པའོ།། ཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་བསྐྱེད ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་ཀུན་ཏུ་སྲུང་བའོ།། ་གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། འདུན་པ་དང་བརྩོན་འགྲུས་དང་། སེམས་དང་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་སྒོམ་པ་དང་། རྫུ་འཕྲུལ་གྱིས་འདུལ ་བའི་སེམས་ཅན་རྣམས་འདུལ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། མངོན་པར་འདུ་བྱེད་པ་མེད་པའི་རྫུ་འཕྲུལ་རབ་ཏུ་འཐོབ། ་པ་དང་། ཆོས་ཀྱི་དབྱིངས་ལས་མ་གཡོས་པར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བདག་ཉིད་དད་པ ་ལས་མི་གཡོ་བ་དང་། མ་དད་པ་རྣམས་ཀྱང་དད་པ་ལ་སྦྱོར་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སེམས་གསལ་བ་དང་། སེམས་མི་གསལ་བ་རྣམས ་དང་བར་བྱེད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བརྩོན་འགྲུས་ཀྱི་དབང་པོ་སྐྱེད་པ་དང་། དྲན་པའི་དབང་པོ་མི་གཡེང་བའོ།། དཀའ་བ་བྱེད ་བའི་ཆོས་གཉིས་ཏེ། ཤིན་ཏུ་རྣམ་པར་ཕྱེ་བས་རྣམ་པར་འབྱེད་པའི་བརྩོན་འགྲུས་དང་། སྟོང་པ་ཉིད་ཀྱི་རྣམ་པར་མངོན་པར་བསྒྲུབས་པའི་དྲན་པའོ།། ་གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དབང་པོའི་ཚོ་གས་ཡོངས་སུ་ཚོལ་བ་དང་། ཚོགས་ཡོངས་སུ་མི་སྐྱེའོ།། དཀའ་བ ་བྱེད་པའི་ཆོས་གཉིས་ཏེ། རྒྱུ་བ་མེད་པ་ཤེས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་ཡང་རྒྱུ་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ་ཉོན་མོངས་པ་ཐམས་ལ་ཚུལ་བཞིན་གྱིས་སོ་སོར་རྟོག་པ་དང་། ཉོན་མོངས་པ་སྐྱེད་པ་དང་། མ་སྐྱེས་པ་རྣམས་ལས་བྱུང་བ་ཡོངས་སུ་ཚོལ་བའོ།། ་དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཉོན་མོངས་པ་མེད་པས་ཆོས་ཐམས་ཅད་དང་མི་འདྲེ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤོང་བའི ་ཕྱིར་ཁམས་གསུམ་དུའང་འདྲེ་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བྱང་ཆུབ་ཀྱི་ཡན་ལག་བསྒོམ་པའི་བརྩོན་འགྲུས་དང་། བྱང་ཆུབ་ཀྱི་ཡན ་ལག་བསྟན་པའི་ལྷའི་བསམ་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ།། ཟད་པ་ཤེས་པར་མི་ལྷུང་བ་དང་། མི་སྐྱེ་བ་ཤེས་པ་ལ་བཟོད་པའོ།། གཅེས ་སྤྲས་བྱེད་པའི་ཆོས་གཉིས་ཏེ། ལམ་བགྲོད་པ་ལ་མཁས་པ་དང་། ལམ་མི་བགྲོད་པ་ལ་མཁས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ལམ ་གྱིས་འགྲོ་བ་ཤེས་པ་དང་། ལམ་རྒྱུད་མི་འཆད་པ་ཤེས་པའོ།། གཅེས་སྤྲས་བྱེད་པ་ཆོས་གཉིས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་རྗེས་སུ་འཐུན་པ ་དང་། མཐར་ལྟ་བ་གཉིས་ཀ་ཡོངས་སུ་སྤོང་བའོ།། དཀའ་བ་བྱེད་པ་ཆོས་གཉིས་ཏེ། རྒྱུ་གང་དང་རྐྱེན་གང་གིས་སེམས་ཅན་རྣམས་ཀུན་ནས་ཉོན ་མོངས་པར་འགྱུར་བ་དང་། རྒྱུ་དང་རྐྱེན་གང་གིས་རྣམ་པར་དག་པར་འགྱུར་བ་དེ་ཤེས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས ་ཏེཥྛབདུད་ཀྱི་ལས་རྟོགས་པ་དང་། བདུད་ཀྱི་ལས་རྣམ་པར་སྤོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བདུད་ཐམས་ཅད་ལས་ཤིན་ཏུ་འདའ་བ ་དང་བདུད་ཐམས་ཅད་མི་མཐོང་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། མ་སྨྲས་པ་རྣམས་སྨྲས་པར་མི་བྱེད་པ་དང་། སྨྲས་པ་རྣམས་ལ ་བཟོད་ཅིང་ངེས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། གདོད་མ་ནས་སྨྲས་པ་མེད་པ་དང་། སྐད་ཅིག་དུ་འཇིག་པར་སོ་སོར་རྟོག་པའོ།། ་གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སེམས་དང་པོ་བསྐྱེད་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་ལྟ་བ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་ལྟས་ནས་ཐེག་པ ་དམན་པ་མི་འདོད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སེམས་དང་པོ་སྐྱེད་པ། བྱང་ཆུབ་ཀྱི་སྙིང་པོའི་རྒྱུ་དང་། རྒྱུ་ལས་ཡང་དག་པར་འབྱུང ་བའི་དགེ་བའི་སེམས་བསྐྱེད་པ་རྣམས་ལ་མངོན་པར་ཞེན་པ་མེད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། འཁོར་བའི་རྒྱུན་བྱེད་པའི་ཀུན་ཏུ་སྦྱོར་བ ་རྣམ་པར་གཅོད་པ་དང་། དགེ་བའི་རྩ་བའི་རྒྱུན་བྱེད་པའི་སེམས་བསྐྱེད་པ་མི་འདོར་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཡུལ་ན་མི་གནས ་ཕྱོགས་ན་མི་གནས་པའི་དགེ་བའི་རྩ་བ་རྣམ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་སེམས་བསྐྱེད་པ་རྣམས་སྒྱུ ་མའི་ཆོས་སུ་སོ་སོར་རྟོག་པ་དང་། གཅེས་སྤྲས་བྱེད་པ་ཆོས་གཉིས་ཏེ། བྱང་ཆུབ་སེམས་དཔའ་ཁོ་ན་ལས་པར་ཡང་དག་པར་རྗེས་སུ་མཐོང་བ་དང་། སེམས་ཅན ་རབ་ཏུ་ཐར་པ་བྱང་ཆུབ་ཀྱི་ཁ་ན་ལས་པར་ཡང་དག་པར་རྗེས་སུ་མཐོང་ངོ་།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བྱང་ཆུབ་མཉམ་པ་ཉིད་པས་སེམས་ཅན་མཉམ ་པ་ཉིད་དུ་སོ་སོར་རྟོག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྩོན་འགྲུས་མི་འདོར་བའོ།། བློ་གྲོས་རྒྱ་མཚོ་ཐེག་པ་ཆེན་པོ་ལ་གཅེས་སྤྲས་བྱེད་པའི་ཆོས ་གཉིས་ཏེ། གཉིས་གང་ཞེ་ན། དགེ་བའི་ཆོས་ཐམས་ཅད་གསགས་པའི་སེམས་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པའི་ལམ་ལ་རབ་ཏུ་བགོད ་བའི་ཕྱིར་སྙིང་རྗེ་བ་སྟེ། བློ་གྲོས་རྒྱ་མཚོ་ཆོས་གཉིས་ནི་ཐེག་པ་ཆེན་པོ་ལ་གཅེས་སྤྲས་བྱེད་པའོ།། བློ་གྲོས་རྒྱ་མཚོ་ཆོས་འདི་གཉིས་ནི་ཐེག་པ་ཆེན་པོ་ལ་དཀའ་བ་བྱེད ་། པ་སྟེ། གཉིས་གང་ཞེ་ན། སྐྱེ་བ་མེད་པ་ལས་སྐྱེས་པ་དང་། འབྱུང་བ་མེད་པ་ལས་འབྱུང་བ་སྟེ། བློ་གྲོས་རྒྱ་མཚོ་དེ་གཉིས་ནི་ཐེག ་པ་ཆེན་པོ་ལ་དཀའ་བ་བྱེད་པའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་པོ་སྟོན་པར་འགྱུར་བའི་ཆོས་ཅན་གསུམ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། དགེ་བའི ་རྩ་བས་བརྟན་ནས། བྱང་ཆུབ་ཏུ་སེཾས་བསྐྱེད་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པས་ཞུམ་པ་མེད་པའི་དང་། སྙིང་རྗེ་ཆེན་པོ་ལ་རབ་ཏུ་གནས་པས ་ཕྱིར་མི་ལྡོག་པ་སྟེ། བློ་གྲོས་རྒྱ་མཚོ་ཆོས་གསུམ་པོ་དེ་དག་ཐེག་པ་ཆེན་པོ་སྟོན་པར་འགྱུར་བའོ།། གཞན་ཡང་ཐེག་པ་ཆེན་པོ་སྟོན་པར་འགྱུར་བའི་ཆོས་གསུམ་སྟེ། ་གསུམ་གང་ཞེ་ན། ཚོགས་ལ་ཡོངས་སུ་ཚོལ་བ་དང་། ཚོགས་ལ་སོ་སོར་རྟོག་པ་དང་། ཚོགས་ལ་སེམས་ཅན་སྦྱོར་བ་སྟེ། གསུམ་པོ་དེ་དག་གོ།། གཞན་ཡང ་གསུམ་སྟེ། གསུམ་གང་ཞེ་ན། སེར་སྣ་ཚར་གཅོད་པ་དང་། གཏོང་བ་འཕེལ་བར་བྱེད་པ་དང་། བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་སྟེ། གསུམ་པོ་དེ་དག་གོ། གཞན་ཡང ་གསུམ་སྟེ། ཚུལ་ཁྲིམས་ཡང་དག་པར་འཛིན་པ་དང་། ཚུལ་ཁྲིམས་འཆལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། གཞན་ཡང་གསུམ་སྟེ། ཁོང་ཁྲོ ་བྱང་ཆུབ་ཏུ་ཡོངས་སུ་སྔོབ ་བ་མེད་པའི་སེམས་དང་། སེམས་ཅན་ཁྲོས་པ་དང་བར་བྱེད་པ་དང་། བྱང་ཆུབ་ཏུ་ཡོངས་སུ་སྔོ་བའོ།། གཞན་གསུམ་སྟེ། བརྩོན་འགྲུས་མ་གོང་བ་དང་། སེམས ་ཅན་ལེ་ལོ་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། བྱང་ཆུབ་ཏུ་ཡོངས་སུ་སྔོ་བའོ།། གཞན་ཡང་གསུམ་སྟེ། བསམ་གཏན་སྐྱིད་པ་དང་། བསམ་གཏན་དེ་ལ་མ་ཆགས ་བ་དང་། བྱང་ཆུབ་ཏུ་ཡོངས་སུ་སྔོ་བའོ།། གཞན་ཡང་གསུམ་སྟེ། ཐོས་པ་ཡོངས་སུ་ཚོར་བ་དང་། ཐོས་པ་ལ་སོ་སོར་རྟོག་པ་དང་། བྱང་ཆུབ་ཏུ་ཡོངས་སུ་སྔོ་བའོ།། ་གཞན་ཡང་གསུམ་སྟེ། སེམས་ལ་དམྱིགས་པའི་བྱམས་པ་དང་། ཆོས་ལ་དམིགས་པའི་བྱམས་པ་དང་། དམིགས་པ་མེད་པའི་བྱམས་པའོ།། གཞན་ཡང ་གསུམ་སྟེ། རང་གི་བྱེད་པའི་སྙིང་རྗེ་དང་། གཞན་ཡང་བྱེད་དུ་འཇུག་པའི་སྙིང་རྗེ་དང་། མཐའ་གཉིས་སྩལ་བའི་སྙིང་རྗེ་ཆེན་པོའོ།། གཞན་ཡང་གསུམ་སྟེ། ་བདག་ལ་ཕན་པའི་ཕྱིར་ཤེས་པ་ཡོངས་སུ་ཚོལ་བ་དང་། གཞན་ལ་ཕན་པའི་ཕྱིར་ཤེས་པ་ཡོངས་སུ་ཚོལ་བ་དང་། གཉིས་གའི་དོན་ཡོངས་སུ་རྫོགས་པར་བྱ་བའི། ་ཕྱིར་བརྩོན་འགྲུས་རྩོམ་པའོ།། གཞན་ཡང་གསུམ་སྟེ། འདས་པ་ལ་ཟད་པར་ཤེས་པ་དང་། མ་འོངས་པ་ལ་མ་བྱིན་པར་ཤེས་པ་དང་། ད་ལྟར་བྱུང་བ་ལ་ཆོས ་གནས་པ་མེད་པར་ཤེས་པའོ།། གཞན་ཡང་གསུམ་སྟེ། ངེས་པའི་སེམས་ཅན་རྣམས་ལ་རབ་ཏུ་གྲོལ་བའི་བྱམས་པ་དང་། མ་ངེས ་པའི་སེམས་ཅན་རྣམས་ལ་རབ་ཏུ་གྲོལ་བའི་བྱམས་པ་དང་།། ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ལ་བསྐྱབ་པ་ཆེན་པོའི་བྱམས་པའོ།། གཞན་ཡང ་གསུམ་སྟེ། འགྲོགས་ན་བདེ་བས་ལུས་ལས་སུ་རུང་བ་དང་། ཕ་རོལ་ཀུན་ཏུ་སྲུང་བས་ངག་སྙན་པ་དང་། དྲང་བས་སེམས་ལས་སུ་རུང་བའོ།། གཞན་ཡང་གསུཾ ་སྟེ་ལྔ་མི་སྡུག་པ་ལ་ཡང་གནས་ལ། འདོད་ཆགས་ལ་སྤྱོད་པའི་སེམས་ཅན་དང་། འགྲོགས་པ་ལ་ཡང་མི་སྨོད་པ་དང་། བྱམས་པ་ལ་ཡང་གནས་ལ ་ཞེ་སྡང་ལ་སྤྱོད་པའི་སེམས་ཅན་དང་། འགྲོགས་པ་ལ་ཡང་མི་སྨོད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཡང་རྣམ་པ་ལྟ་ལ། གཏི་མུག་ལ་སྤྱོད་པའི ་སེམས་ཅན་དང་། འགྲོགས་པ་ཡང་མ་མི་སྨོད་པའོ།། གཞན་ཡང་གསུམ་སྟེ། ལེགས་པར་སྤྱད་པའི་ཕྱིར་ཕན་པ་དང་། ཆོག་ཤེས་པའི་ཕྱིར་རན་པ་དང་།། ་བྱིས་འགྱོད་པ་མེད་པའི་ཕྱིར་བཟོད་པའོ།། གཞན་ཡང་གསུམ་སྟེ། ཐོས་པ་ཡོངས་སུ་འཛིན་པ་དང་། ཚིག་དང་ཡི་གེ་རྣམས་འཛིན་པ་དང་། སྦ་ལ་སྔོན་གྱི་མཐའ ་དང་ཕྱི་མའི་མཐར་ཡོངས་སུ་ཆད་པར་ཤེས་པའོ།། གཞན་ཡང་གསུམ་སྟེ། ནོར་བདུན་ཡང་དག་པར་འདུ་བས་དབུལ་བ་མེད་པ་དང་། ཆོས་ཀྱི་སྦྱིན་པས་རྣམ་པར ་འགྲེལ་པས་གཏོང་བ་ཆེན་པོ་དང་། ཟང་ཟིང་ཀུན་ཏུ་འགྲེད་པས་ལོངས་སྤྱོད་ཆེ་བའོ།། གཞན་ཡང་གསུམ་སྟེ། དོན་དམ་པར་བདེན་པས་བདེན་པ་དང་། མི་སླུ ་བས་ཡང་དག་པ་དང་། དེ་བཞིན་ཉིད་པས་དེ་ཁོ་ནའོ།། གཞན་ཡང་གསུམ་སྟེ། བདག་ཅི་འདྲ་བ་ཞེས་བདག་ཤེས་པ་དང་། གཏམ་ཅི་འདྲ་བ་ཞིག་བྱ་ཞེས།། ་སེམས་ཤེས་དང་། དུས་སུ་གནས་པས་དུས་ཤེས་པའོ།། གཞན་ཡང་གསུམ་སྟེ། ཕུང་པོ་རྣམས་ལ་ཆོས་ཀྱི་ཕུང་པོ་དང་། མཉམ་པ་ཉིད་དང་། ཁམས ་རྣམས་ལ་ཆོས་ཀྱི་དབྱིངས་དང་། མཉམ་པ་ཉིད་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པ་ལྟར་སོ་སོར་རྟོག་པའོ།། གཞན་ཡང་གསུམ་སྟེ། རྒྱུའི་འབྲས་བུ་ཆུད ་མི་ཟོན་པ་དང་། རྐྱེན་རྣམས་ཀྱི་འཕེལ་བ་ལ་མཁས་པ་དང་། ཚོགས་ནས་ཕན་ཚུན་ཡང་དག་པར་འདུ་བའོ།། གཞན་ཡང་གསུམ་སྟེ།། སངས་རྒྱས་དང་མི ་འགལ་བ་དང་། ཆོས་མི་སྤོང་བ་དང་། དགེ་འདུན་ལ་ང་རྒྱལ་མེད་ཅིང་བླ་མར་གུས་པར་བསྙེན་བཀུར་བྱེད་པའོ།། གཞན་ཡང་གསུམ་སྟེ། འདོད་ཆགས་རབ་ཏུ་ཞི་བ ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་ཡང་དག་པར་བཅོམ་པའོ།། གཞན་ཡང་གསུམ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལ་འཇུག ་པ་ལ་འཇུག་པ་དང་མཚན་ཉིད་ཀྱི་བདེན་པ་སྟོན་པ་དང་། དོན་དམ་པའི་བདེན་པ་ལ་གནས་པའོ།། གཞན་ཡང་གསུམ་སྟེ། སེམས་ཅན་རྣམས་ལ་བསྐས་པ་མེད ་བ་དང་། སྦྱིན་གནས་རྣམས་ལ་རབ་ཏུ་འདུད་པ་དང་། ཉོན་མོངས་པ་རྣམ་སུ་མི་ལྟུང་བའོ།། གཞན་ཡང་གསུམ་སྟེ། འདོད་པའི་ཁམས་ཀྱིས་མི་གོས་པ་དང་། ་གཟུགས་ཀྱི་ཁམས་དང་མ་འདྲེས་པ་དང་། གཟུགས་མེད་པའི་ཁམས་དེ་ལ་མ་ཆགས་པའོ།། གཞན་ཡང་གསུམ་སྟེ། མ་རྙེད་པ་དང་། མ་གྲགས་པ་དང་། ་སྨད་པ་དང་སྡུག་བསྔལ་རྣམས་ཀྱིས་སྲོ་ཤི་བ་མེད་པ་དང་རྙེད་པ་དང་། གྲགས་པ་དང་། བསྔགས་པ་དང་། བདེ་བ་རྣམས་ཀྱིས་ཁེངས་པ་མེད་པ་དང་། འཇིག ་རྟེན་གྱི་ཆོས་བརྒྱད་དང་། མ་འདྲེས་པས་རི་ལྟར་མི་གཡོ་བའོ།། གཞན་ཡང་གསུམ་སྟེ། དབང་པོ་རྣམས་ཤིན་ཏུ་སྦས་པ་དང་།། མ་དད་པ་རྣམས་ལས་ཤིན་ཏུ ་གྲོལ་བ་དང་། སེམས་ཤིན་ཏུ་དུལ་བའོ།། གཞན་ཡང་གསུམ་སྟེ། སའི་ཡོན་ཏན་ལ་གནས་པ་ཤེས་པ་དང་། སའི་ཉེས་པ་བཟློག་པ་ཤེས་པ་དང་། ས་ནས ་སར་འཕར་བ་ཤེས་པའོ།། གཞན་ཡང་གསུམ་སྟེ། བསམ་པ་གྱ་ནོམ་པ་ལ་གནས་པ་དང་། ལྷག་པའི་བསམ་པ་ཁྱད་པར་ལ་གནས་པ་དང་། སྦྱོར་བ་རྒྱུན་དུ་མི ་འཚེད་པར་གནས་པའོ།། གཞན་ཡང་གསུམ་སྟེ། ཏིང་ངེ་འཛིན་ཡོངས་སུ་དག་པར་བྱ་བའི་ཕྱིར། ལྷག་པའི་ཚུལ་ཁྲིམས་ལ་སློབ་པ་དང་། ཤེས་རབ་ཡོངས ་སུ་རྫོགས་པར་བྱ་བའི་ཕྱིར་ལྷག་པའི་སེམས་ལ་སློབ་པ་དང་། རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ལྷག་པའི་ཤེས་རབ་ལ་སློབ་པའོ།། གཞན ་ཡང་གསུམ་སྟེ། བདེ་བའི་ཚོར་བ་ལ་རྗེས་སུ་འཆགས་པ་སྤོང་བ་དང་། སྡུག་བསྔལ་གྱིས་ཚོར་བ་ལ་ཁོང་ཁྲོ་བ་སྤོང་བ་དང་། སྡུག་བསྔལ་ཡང་མེད་བདེ་བ ་ཡང་མེད་པའི་ཚོར་བ་ལ་མ་རིག་པའོ།། གཞན་ཡང་གསུམ་སྟེ། མངོན་པར་འདུ་བྱ་བ་མེད་པས་རྒྱ་ལྡོག་པ་དང་། ཡོངས་སུ་མི་རྟོག་པས་ཉོན་མོདྲ་པ་ལས་ལྡོག ་བ་དང་། གཞན་ཡང་གསུམ་སྟེ། སྟོང་པ་ཉིད་ཀྱང་འདྲིས་པར་བྱེད་ལ་ལྟ་བ་དང་ཡང་བྲལ་བ་དང་། མཚན་མ་མེད་པ་ཡང་འདྲིས་པར་བྱེད་ལ། རྣམ་པར ་རྟོག་པ་ཡང་ཉེ་བར་ཞི་བ་དང་། སྨོན་པ་མེད་པ་ཡང་འདྲེས་པར་བྱེད་པ་ལ་ཁམས་གསུམ་ཡང་འགོག་པའོ།། གཞན་ཡང་གསུམ་སྟེ། གཟུགས་དབེན་པ་ཉིད ་མིག་སྟོང་པ་ཉིད་དང་། ་དང་། མིག་གི་རྣམ་པར་ཤེས་པ་གནས་པ་མེད་པའོ།། གཞན་ཡང་གསུམ་སྟེ། རྣ་བ་སྟོང་པ་ཉིད་དང་། སྒྲ་དབེན་པ་ཉིད ་དང་རྣ་བའི་རྣམ་པར་ཤེས་པ་གནས་པ་མེད་པའོ།། གཞན་ཡང་གསུམ་སྟེ། སྣ་སྟོང་པ་ཉིད་དང་། དྲི་དབེན་པ་ཉིད་དང་། སྣའི་རྣམ་པར་ཤེས་གནས་པ ་མེད་པའོ།། གཞན་ཡང་གསུམ་སྟེ། ལྕེ་སྟོང་པ་ཉིད་དང་། རོ་དབེན་པ་ཉིད་དང་། ལྕེའི་རྣམ་པར་ཤེས་པ་གནས་པ་མེད་པའོ།། གཞན་ཡང་གསུམ་སྟེ། ་ལུས་སྟོང་པ་ཉིད་དང་། རེག་དབེན་པ་ཉིད་དང་། ལུས་ཀྱི་རྣམ་པར་ཤེས་པ་གནས་པ་མེད་པའོ།། གཞན་ཡང་གསུམ་སྟེ། ཡིད་སྟོང་པ་ཉིད་དང་། ཆོས ་དབེན་པ་ཉིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་གནས་པ་མེད་པའོ།། གཞན་ཡང་གསུམ་སྟེ། ཚུལ་ཁྲིམས་སྦེད་པ་དང་། ཏིང་ངེ་འཛིན་ཀུན་ཏུ ་སྲུང་བ་དང་ཤེས་རབ་ཀྱིས་རབ་དུ་རྣམ་པར་འབྱེད་པ་ཤེས་པའོ།། གཞན་ཡང་གསུམ་སྟེ། དྲན་པས་དམ་པའི་ཆོས་ཀུན་ཏུ་འཛིན་པ་དང་། བློ་གྲོས ་ཀྱི་ཚུལ་བཞིན་དུ་སོ་སོར་རྟོག་པ་དང་།། རྟོག་པས་དོན་རྣམ་པ་ཁོང་དུ་ཆུད་པའོ།། གཞན་ཡང་གསུམ་སྟེ། ཉན་ཐོས་རྣམས་ལ་འཕགས་པའི་འདེན་པའི ་སྒྲའི་རྗེས་སུ་ཞུགས་པས། རྣམ་པར་གྲོལ་བའི་ཚུལ་ཁྲིམས་སྟོན་པ་དང་། རང་སངས་རྒྱས་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྩེ་གཅིག་ཏུ ་བྱེ་བས་རྣམ་པར་གྲོལ་བའི་ཚུལ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། རྣམ་པར་གྲོལ་བའི་ཚུལ་སྟོན་པའོ།། ་གཞན་ཡང་གསུམ་སྟེ། གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བའོ།། དེ་ལ་གཏོང་བ་ནི་རིན་པོ་ཆེ་ཐམས་ཅད་གཏོང་པའོ།། གཏོང ་པ་ཆེན་པོ་ནི་ཆུང་མ་དང་། བུ་དང་བུ་མོ་ཡོངས་སུ་གཏོང་བའོ།། ཤིན་ཏུ་གཏོང་བ་ནི་ལགས་པ་དང་རྐང་པ་དང་། མིག་དང་མགོ་ཡོངས་སུ་གཏོང་བའོ།། ། ་གཞན་ཡང་གསུམ་སྟེ། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། ཆོས་སྨྲ་བ་ཡོངས་སུ་འཛིན་པའོ།། ཐེག་པ་ཆེན་པོ་ཡོངས་སུ་འཛིན་པའོ།། གཞན ་ཡང་གསུམ་སྟེ། འཁོར་བ་རྒྱུན་མི་གཅོད་པ་དང་། འཁོར་བའི་སྐྱོན་ཁོང་དུ་ཆུད་པ་དང་། འཁོར་བའི་སྐྱོན་ཡོངས་སུ་སྤོང་བའོ།། གཞན་ཡང་གསུམ ་སྟེ། སྒྲིབ་པ་དང་བྲལ་བའི་སེམས་ཀྱིས་ཆོས་ཅན་པ་དང་། ཀུན་ནས་ལྡང་བ་མེད་པའི་སེམས་ཀྱིས་ནང་དུ་ཡང་དག་འཇོག་པ་དང་། འབྱུང་བའི་སེམས ་ཀྱིས་ཡང་དག་པར་སྒྲུབ་པའོ།། གཞན་ཡང་གསུམ་སྟེ། དོན་ལ་སྟོན་པའི་ཐོས་པ་དང་། ཡེ་ཤེས་ལ་སྟོན་པའི་སོ་སོར་རྟོག་པ ་དང་། ཆོས་ལ་རྟོན་པའི་རྣམ་པར་གྲོལ་བའོ།། གཞན་ཡང་གསུམ་སྟེ། མང་དུ་ཐོས་ཏེ་དགོན་པ་ན་གནས་པ་དང་། དགོན་པ་ན་གནས་ཏེ། ཚུལ་བཞིན ་ཡིད་ལ་བྱེད་པ་ལ་རབ་ཏུ་བརྩོན་ཏེ། ཆོས་ཐམས་ཅད་རྗེས་སུ་རྟོགས་པའོ།། གཞན་ཡང་གསུམ་སྟེ། མཁས་པ་རྣམས་ལ་བསྙེན་བཀུར་བྱེད་པ་དང་། མང་དུ ་ཐོས་པ་རྣམས་ལ་འདྲི་བ་དང་། བསམ་གཏན་པ་རྣམས་ཀུན་ཏུ་སྲུང་བའོ།། གཞན་ཡང་གསུམ་སྟེ། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྦྱིན་པ་དང་། ཆོས ་ཉན་པ་རྣམས་ལ་བྱམས་པ་ཉེ་བར་སྒྲུབ་པ་དང་། ཐམས་ཅད་མཁྱེན་པའི་སེམས་མངོན་དུ་བྱེད་པའི་ལས་སོ།། གཞན་ཡང་གསུམ་སྟེ། མཉམ་པ་ཉིད་པས།། ་སེམས་ཅན་མཉམ་པ་ཉིད་དང་། ཐ་དད་པ་མེད་པས་ཆོས་མཉམ་པ་ཉིད་དང་། ཡེ་ཤེས་མཉམ་པ་ཉིད་དང་། ཡེ་ཤེས་མཉམ་པ་ཉིད་པས། སངས་རྒྱས་མཉམ ་པ་ཉིད་དོ།། གཞན་ཡང་གསུམ་སྟེ། ཡེ་ཤེས་ཀྱི་དུས་མཉམ་པ་ཉིད་དང་། བློས་རྣམ་པར་ཐར་པ་གསུམ་མཉམ་པ་ཉིད་དང་། ཡོངས་སུ་ཤེས་པས་ཁམས ་གསུམ་མཉམ་པ་ཉིད་དོ།། གཞན་ཡང་གསུམ་སྟེ། འདུ་བྱེད་ཐམས་ཅད་ལ་མི་རྟག་པ་དང་། སྡུག་བསྔལ་བར་སོ་སོར་རྟོག་པ་དང་། ཆོས་ཐམས་ཅད་ལ ་བདག་མེད་པར་སོ་སོར་རྟོག་པ་དང་། མྱ་ངན་ལས་འདས་པ་ལ་ཞི་བར་རྟོག་པའོ།། གཞན་ཡང་གསུམ་སྟེ། ཉམས་འོག་ཏུ་ཆུད་པར་བྱེད་པས་དམ་བཅས ་པའི་སྙིང་པོ་ཉིད་དང་། ནན་ཏན་བྱེད་པས་ཐོས་པ་སྙིང་པོ་ཉིད་དང་། ཤེས་རབ་ཀྱིས་ཏིང་ངེ་འཛིན་སྙིང་པོ་ཉིད་དོ།། གཞན་ཡང་གསུམ་སྟེ། ལྟུང་བ་མི་འཆབ ་བ་དང་། སྡིག་པ་རྣམ་པར་འབྱེད་པ་བྱིན་ཅད་སྡོམ་པར་བྱེད་པའོ།། གཞན་ཡང་གསུམ་སྟེ། འགྱོད་པ་དང་བྲལ་བ་དང་། ཀུན་ནས་ལྡང་བ་དང་། བྲལ་བ་དང་། ་ཐེ་ཚོམ་དང་བྲལ་བའོ།། གཞན་ཡང་གསུམ་སྟེ། དགོན་པ་ལ་གནས་པ་དང་། རབ་ཏུ་དབེན་པ་ལ་དགའ་བ་དང་། དགེ་བའི་ཆོས་འདོད་པའོ།། གཞན་ཡང ་གསུམ་སྟེ། ཟབ་མོའི་ཆོས་ལ་བཟོད་པ་དང་། ཆོས་སྣ་ཚོགས་སྟོན་པ་དང་། སྤོངས་པ་ཀུན་ཏུ་འགྲོ་བའོ།། གཞན་ཡང་གསུམ་སྟེ། ཐོས་པ་རྣམ་པར ་ངེས་པའི་གཟུངས་དང་། སངས་རྒྱས་ཀྱིས་བྱིན་གྱིས་རླངས་པའི་སྟོབས་དང་། ལྷས་ཡོངས་སུ་གཟུང་བའི་ཆོས་ཀྱི་གཏམ་མོ།། གཞན་ཡང་གསུམ་སྟེ། ་ས་ལྟ་བུའི་སེམས་དང་པོ་བསྐྱེད་པ་དང་། སྤྱོད་པ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་དཔྱོད་པ་དང་། འབྲེལ་བ་དང་། འདུ་ཤེས ་ཐམས་ཅད་ལོག་པའི་ཕྱིར་མི་ལྡོག་པའི་སའོ།། གཞན་ཡང་གསུམ་སྟེ། སྒྲའི་རྗེས་སུ་འགྲོ་བའི་བཟོད་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། བསམ་པ ་ལས་བྱུང་བའི་བཟོད་པ་འཕྲོ་བ་མེད་པ་དང་། མི་སྐྱེ་ཆོས་ལ་བཟོད་པ་ཐོབ་པའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་པོ་རྟེན་པར་འགྱུར་བའི་ཆོས་གསུཾ ་སྟེ། གསུམ་གང་ཞེ་ན། ཐབས་དང་ཤེས་རབ་དང་། རབ་ཏུ་ལྡན་པའི་ལམ་བསྒོམ་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་རབ་ཏུ་ལྡན་པར ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། བརྩོན་འགྲུས་དང་། བག་ཡོད་པ་དང་། རབ་ཏུ་ལྡན་པར་དམ་པའི་ཆོས་ཡོངས་སུ་འཛིན་པ་སྟེ། བློ་གྲོས ་རྒྱ་མཚོ་ཆོས་གསུམ་པོ་དེ་དག་ནི་ཐེག་པ་ཆེན་པོ་རྟོན་པར་འགྱུར་རོ།། ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ། བམ་པོ་བདུན་པ།། ་། བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་སྟེ། ་བཞི་གང་ཞེ་ན། ཉེས་པར་ཐོས་པ་ཉན་པ་སྟེ། འདི་ལྟར་འཇིག་རྟེན་རྒྱང་ཕན་པའི་གསང་ཚིག་ཡོངས་སུ་ཚོལ་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་མི་ཉན་པ་དང་། བདུད་ཀྱི་ལས་ཀུན་ནས་ལངས་པས་མངོན་པའི་ང་རྒྱལ་བྱེད་པ་དང་། ཆོས་བསྒྲིབ་པ་ཀུན་ནས ་ལངས་ནས་ཆོས་སྤོང་བ་སྟེ། བློ་གྲོས་རྒྱ་མཚོ་ཆོས་བཞི་པོ་དེ་དག་ནི་ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའོ།། གཞན་ཡང་བཞི་སྟེ། ཆགས་པ་དང་ཞེ་སྡང་དང་། གཏི ་མུག་དང་ཉོན་མོངས་པས་རྒྱས་ནས་ཆོས་ཀྱི་ཡོན་ཏན་དོན་དུ་མི་གཉེར་བའོ།། གཞན་ཡང་བཞི་སྟེ། ཕ་རོལ་གྱི་རྙེད་པ་རྣམས་ལ་ཕྲག་དོག་བྱེད་པ་དང་། ཆོས་སྟོན་པ ་རྣམས་ལ་གཡོས་སྟེན་པ་དང་། གཟིངས་པའི་བློས་སྒྱུས་ཉེ་བར་སྤྱོད་པ་དང་། སླུ་བས་སེམས་མི་བརྟེན་པའོ།། གཞན་ཡང་བཞི་སྟེ། དགེ་བའི་བཤེས་གཉེན་ལ། ་སྡིག་པའི་གྲོགས་པོར་འདུ་ཤེས་པ་དང་། སྡིག་པའི་གྲོགས་པོ་ལ་དགེ་བའི་བཤེས་གཉེན་དུ་འདུ་ཤེས་པ་དང་།། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་དང་། ཆོས ་ལ་ཆོས་མ་ཡིན་པར་འདུ་ཤེས་པའོ།། གཞན་ཡང་བཞི་སྟེ། སེར་སྣའི་དྲི་མ་ཅན་གྱི་སེམས་དང་། སྤོང་བ་རྣམས་ལ་གནོད་པ་དང་། ཟ་བ་ཅན་གྱི་སེམས་དང་། ་བྱིན་པས་འགྱོད་པའི་སེམས་དང་། ཐམས་ཅད་མཁྱེན་པའི་སེམས་ལ་མི་འབྱོགས་པའོ།། གཞན་ཡང་བཞི་སྟེ། འདུན་པས་སྦྱིན ་པ་དང་། ཞེ་སྡང་གི་སྦྱིན་པ་དང་། གཏི་མུག་གི་སྦྱིན་པ་དང་། འཇིགས་པས་སྦྱིན་པའོ།། གཞན་ཡང་བཞི་སྟེ། བརྗོད་པས་སྦྱིན་པ་དང་། གྲགས་པས ་སྦྱིན་པ་དང་། སྒྲས་སྦྱིན་པ་དང་། ཚིགས་སུ་བཅད་པས་སྦྱིན་པའོ།། གཞན་ཡང་བཞི་སྟེ། ངོར་ལྟ་བའི་སྦྱིན་པའོ།། སྐབས་ཆུང་ཟད་ཀྱི་ཕྱིར་སྦྱིན་པ་དང་། ་བརྙས་ཐབས་སུ་སྦྱིན་པ་དང་། རང་གི་ལག་ནས་སྦྱིན་པ་མ་ཡིན་པའོ།། གཞན་ཡང་བཞི་སྟེ། ངན་པ་སྦྱིན་པ་དང་། མི་གསོད་པ་སྦྱིན་པ་དང་། གུས་པར་མ ་བྱས་པར་སྦྱིན་པ་དང་། མངོན་པའི་ང་རྒྱལ་གྱིས་སྦྱིན་པའོ།། གཞན་ཡང་བཞི་སྟེ། མཚོན་ཆ་སྦྱིན་པ་དང་། དུག་སྦྱིན་པ་དང་། རུང་བ་མ་ཡིན་པ་དང་། ་མི་ཆོག་པར་སྦྱིན་པའོ།། གཞན་ཡང་བཞི་སྟེ། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ཞེ་སྡང་བ་དང་། ཚུལ་ཁྲིམས་འཆལ་བ་རྣམས་ལ་གནོད་པ་དང་། ཐ་བའི ་སེམས་དང་ལྡན་པ་དང་།། བདག་ཉིད་ལྷོད་པ་དང་། ཚུལ་ཁྲིམས་སྡོམས་པའི་གཏམ་ལ་གསད་པ་ལྟ་བུར་འདུ་ཤེས་པའོ།། གཞན་ཡང་བཞི་སྟེ། ཡང་བའི ་རྙེད་པ་ཡོངས་སུ་ཚོལ་བ་དང་། ཆོས་ཀྱིས་རྙེད་པ་ཀུན་ཏུ་བགེད་པ་མི་བྱེད་པ་དང་། གཞན་གྱིས་འཐོབ་པ་གཅོད་པ་དང་། རང་གི་འཐོབ་པ་ཆོག་མི་ཤེས་པའོ།། ། ་གཞན་ཡང་བཞི་སྟེ། སྤྱོད་ལམ་གྱིས་ལུས་ཚུལ་འཆོས་པ་དང་། ལོག་པར་སྨྲ་བས་ངག་ཚུལ་ཆོས་པ་དང་། སྡིག་པ་འདོད་པས་སེམས་ཚུལ་འཆོས་པ ་དང་། འཚོ་བ་ཡོངས་སུ་མ་དག་པས་ཐམས་ཅད་ཚུལ་འཆོས་པའོ།། གཞན་ཡང་བཞི་སྟེ། ཐེག་པ་མཚུངས་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ། ་ཞེ་སྡང་བ་དང་། བདུད་ཀྱི་ལས་ཁོང་དུ་ཆུད་པས་མངོན་པའི་ང་རྒྱལ་ཅན་དང་། དེ་དག་གི་བསྔགས་པ་མ་ཡིན་པ་བརྗོད་པ་དང་། དེ་དག་གི་བསྔགས་པ་དང་། ་ཡོན་ཏན་གྱིས་ཡིད་མི་བདེ་བར་འགྱུར་རོ།། གཞན་ཡང་བཞི་སྟེ། ང་རྒྱལ་གྱིས་ཁེངས་པ་ནས་ཆོས་རྣམས་རིམ་གྲོ་བྱེད་པ་དང་། ཆོས་སྨྲ་བ་རྣམས་ལ་མི ་གུསས་པ་དང་། པ་མ་དང་སློབ་དཔོན་དང་མཁན་པོ་རྣམས་ལ་མི་མདུན་པ་དང་། ལུས་དང་སེམས་རྩུབ་པས། རྟག་པར་རྒྱུན་དུ་མི་འཐུན་པར་གནས་པའོ།། ། ་གཞན་ཡང་བཞི་སྟེ། བདག་གིས་ཡོན་ཏན་བརྗོད་པ་དང་། གཞན་གྱི་ཡོན་ཏན་ལོག་པར་བརྗོད་པ་དང་། ངའི་སྙམ་པའི་ང་རྒྱལ་འབར་བ་དང་ཁྲོ་བ་དང་བརྟན་པའོ།། ་གཞན་ཡང་བཞི་སྟེ། ལེ་ལོ་དང་སྙོམས་ལས་དང་། བཀའ་བློ་མི་བདེ་བ་དང་། འཐུན་པར་མི་འཛིན་པའོ།། གཞན་ཡང་བཞི་སྟེ། ་མ་དུལ་བ་དང་། མ་ཞི་བ་དང་། མ་སྦས་པ་དང་། མ་བཏུལ་བའོ།། གཞན་ཡང་བཞི་སྟེ། ཐོས་པ་ཉུང་དུས་གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དུ་འཇུག་པ་དང་། ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མི་གནས་པར་རྙེད་པ་དང་། བཀུར་སྟི་དང་ཚིགས་སུ་བཅད་པ་འདོད་པ་དང་། དབང་པོ་རྣམས་ཀྱི་སྒོ་མ་བསྲུངས་པར་བུད་མེད་ལ་ལྟ་བ་དང་། ་མཉམ་པར་མ་བཞག་པའི་སེམས་ཀྱིས་སེམས་ཅན་གྱི་དབང་པོ་ལ་འཇུག་པའོ།། གཞན་ཡང་བཞི་སྟེ། བསྡུ་བའི་དངོས་པོ་ལ་མི་བརྩོན་པ་དང་། སེམས་ཅན་ཡོངས ་སུ་སྨིན་པར་བྱ་བ་ལ་གཡེལ་བ་དང་། ཆོས་སྤོང་གི་ཀུན་ཏུ་མི་སྲུང་བ་དང་། ཆོས་སྨྲ་བའི་གང་ཟག་རྣམས་ལ་གནོད་པ་བྱེད་པ་དང་། གཞན་ཡང་བཞི་སྟེ། གཏི་མུག ་གིས་འདོད་པ་ཆེ་བ། ཞེ་སྡང་གིས་སྡིག་པ་འདོད་པའི་འདོད་ཆགས་ཀྱིས་ཆོག་མི་ཤེས་པ་དང་། ཆགས་པས་ངོམས་མི་མྱོང་བའོ།། གཞན་ཡང་བཞི་སྟེ། མ་དད ་པས་མི་འཐུན་པ་དང་། སྡིག་པའི་གྲོགས་དང་བརྟེན་པ་དང་། སྡིག་པ་ལ་མི་སྨོད་པ་དང་། ལེ་ལོས་དགེ་བའི་ཆོས་ཡོངས་སུ་འགྲིབ་པ་དང་། བག་མེད་པས་དགེ ་བའི་རྩ་བ་བྱས་པ་རབ་ཏུ་འཇིག་པའོ།། གཞན་ཡང་བཞི་སྟེ། ནང་སོ་སོར་རྟོགས་པས་ངོ་ཚ་མེད་པ་དང་། སངས་རྒྱས་ལ་མི་རྟོག་པས་ཁྲེལ་མེད་པ་དང་། མཚམས་མེད་ག ་མཚུངས་པས་བྱས་པ་མི་གཟོ་བ་དང་། རེ་བས་བྱས་ནས་མི་འཇིགས་པའོ།། གཞན་ཡང་བཞི་སྟེ། གནོད་སེམས་དང་ཁོང་ཁྲོ་བ་དང་། ཁོན་དུ་འཛིན་པ་དང་།། ་རྣམ་པར་འཚེ་བ་དང་། གཞན་ཡང་བཞི་སྟེ། འཕགས་པ་རྣམས་ལ་སླུ་བ་དང་། འཕགས་པ་མ་ཡིན་པ་རྣམས་རྗེས་སུ་མི་སྲུང་བ་དང་། སྦྱིན་པ་པོ་རྣམས ་ལ་བརྙས་པ་དང་། སྦྱིན་གནས་རྣམས་ལ་ཁྱད་དུ་བསོད་པའོ།། གཞན་ཡང་བཞི་སྟེ། ལུས་ཀྱི་ལས་ཡོངས་སུ་མ་དག་པ་དང་། ངག་གི་ལས་ཀུན་ཏུ་མི་སྲུང ་བ་དང་རྫ་སེམས་ཀྱི་ལས་ཞུམ་པ་དང་། ཐེག་པ་ཆེན་པོ་ལ་སྒྱིད་ལུག་པའོ།། གཞན་ཡང་བཞི་སྟེ། འདུམ་པ་རྣམས་ལ་དབེན་བྱེད་པ་དང་། སླེབ་དཔོན་དང ་མཁན་པོ་རྣམས་ལ་ཚིག་བརླང་བ་དང་། དགོས་པ་དོན་དུ་གཉེར་བ་རྣམས་ལ་ཚིག་ཀྱལ་བ་སྨྲ་བ་དང་། ལྷ་དང་མི་རྣམས་ལ་སླུ་བའོ།། གཞན་ཡང་བཞི་སྟེ། ་ཚུལ་ཁྲིམས་ཀྱི་ཕུང་པོ་ཀུན་ཏུ་མི་སྲུང་བ་དང་། འཇིག་རྟེན་ཕ་རོལ་ལ་ལོག་པར་རྗོད་པ་དང་། དགེ་བའི་རྩ་བ་རྣམས་འཇིག་པ་དང་། ཚོགས་བསགས་པ་རང ་ཏུ་འཇིག་པའོ།། གཞན་ཡང་བཞི་སྟེ། རྒོད་པའི་འཁོར་དང་ཁེངས་ཤིང་འདུས་པ་ལ་ཆགས་པ་དང་། མུ་ཚོར་སྨྲ་བས་ལྟུང་བར་ཤིན ་ཏུ་འདའ་བ་དང་། འཆོལ་པའི་ཚིག་གིས་འཇིག་རྟེན་པའི་གསང་ཚིག་བརྗོད་པའོ།། གཞན་ཡང་བཞི་སྟེ། མི་བརྩོན་པར་དགོན་པ་ལ་གནས་པ་དང་། ཁོང་ཁྲོ་བ ་མང་ལ་འདྲེ་ཞིང་གནས་པ་དང་། དགེ་བའི་རྩ་བ་མ་བསྐྱེད་པར་བསོད་ནམས་དང་ལྡན་པར་འདུ་ཤེས་པ་དང་། བྱང་ཆུབ་སེམས་དཔའི་མིང་གིས་འཐོབ་པས ་འཚོ་བའོ།། གཞན་ཡང་བཞི་སྟེ། ཅང་ཤེས་མེད་པའི་སེམས་དང་། དམུ་རྒོད་ཀྱི་སེམས་དང་། མ་དུལ་བའི་སེམས་དང་། སེམས་ཅན་རྣམས་ལ་མི་སྙོམས ་བའི་སེམས་སོ།། གཞན་ཡང་བཞི་སྟེ། ཚུལ་ཁྲིམས་ཀྱིས་དྲེགས་པ་དང་། མང་དུ་ཐོས་པས་དྲེགས་པ་དང་། དགོན་པ་ལ་གནས་པས་དྲེགས་པ་དང་། ་སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པས་དྲེགས་པའོ།། གཞན་ཡང་བཞི་སྟེ། བདག་ལ་བསྐས་པ་དང་། ཆོས་ལ་བརྙས་པ་དང་། དགེ་བའི་རྩ་བ་ཆུད ་དུ་ལ་བརྙས་ཏེ། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། སྐབས་སུ་སྐབས་སུ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་འདོད་པའོ།། གཞན་ཡང་བཞི་སྟེ། ་ལུས་དེ་ལ་ཆགས་པ་དང་། སེམས་དེ་ལ་ཆགས་པ་དང་། ཚུལ་ཁྲིམས་དང་ཐོས་པ་དེ་ལ་ཆགས་པ་དང་། ཁྱད་པར་དུ་མི་འགྲོ་བའོ།། གཞན་ཡང་བཞི ་སྟེ། མཛའ་བོའི་ཁྱིམ་དང་། སློང་བ་སྟེར་བའི་ཁྱིམ་ཡོངས་སུ་འཛིན་པ་དང་། རྙེད་པ་དང་། བཀུར་བསྟི་ཡོངས་སུ་དག་པར་བྱ་བའི་ཕྱིར་འཚལ་བའི་ཚུལ ་ཁྲིམས་ཡོངས་སུ་འཛིན་པ་དང་། གནས་ཡོངས་སུ་འཛིན་པ་དང་། ཚུལ་ཁྲིམས་དང་ལྡན་པ་ལ་ཞེ་སྡང་བས་ཡང་བའི་བྱ་བས་བཅིངས་པའོ།། གཞན་ཡང ་བཞི་སྟེ། བྱ་བ་མང་བ་དང་། རྙེད་པ་མང་བ་དང་། སྨྲ་བ་མང་བ་དང་། བཤེས་པ་མང་བའོ།། གཞན་ཡང་བཞི་སྟེ། བདག་ལ་མངོན་པར་ཞེན་པས། བདག ་ཏུ་ལྟ་བ་དང་། སེམས་ཅན་ལ་མངོན་པར་ཞེན་པས་སེམས་ཅན་དུ་ལྟ་བ་དང་། བྱ་བ་མ་ཡིན་པ་ལ་མངོན་པར་ཞེན་པས་ཆད་པར་ལྟ་བ། སྲོག་དེ་དང་ལུས་དེ ་ལ་མངོན་པར་ཞེན་པས་རྟག་པར་ལྟ་བའོ།། གཞན་ཡང་བཞི་སྟེ། རྩོམ་པ་རྒྱུན་གཅོད་པ་དང་། དགེ་བ་རྒྱུན་ཆད་པས་ཡང་དག་པར་རབ་ཏུ་མི་འཛིན་པ་དང་། ་ཡང་དག་པར་རབ་ཏུ་མ་བཟུང་བས་ཡོངས་སུ་སྐྱོང་པ་དང་། ཡོངས་སུ་སྐྱོངས་ལྡོག་ཅིང་འཇིགས་པའོ།། གཞན་ཡང་བཞི་སྟེ། ས་ནས་སར་འབར་བ་ལ་བརྙས ་@#པ་དང་། བསམ་གཏན་ལས་བཟློག་པ་ལ་མི་མཁས་པ་དང་། སེམས་ཅན་ལ་མི་ལྟ་བར་ཤེས་རབ་ཀྱིས་རྣམ་པར་དཔྱོད་པ་དང་། དམིགས་པ་ཅན་དུ་གྱུར་ལ། ་ཐབས་ལ་ཁས་ཆེ་བའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་སྟེ། བཞི་གང་ཞེ་ན། ཆོས་ཀྱི་སྒྲིབ་པ་ཀུན་ནས་ལངས ་བས་དམན་དང་། ལས་ཀྱི་སྒྲིབ་པ་ཀུན་ནས་ལངས་པས་དགེ་བའི་རྩ་བ་རྣམས་ལ་མི་བརྩོན་པ་དང་། ཉོན་མོངས་པའི་སྒྲིབ་པ་ཀུན་ནས་ལངས་པས་ཕུང་པོ་སུམ ་གྱི་རྗེས་སུ་མི་འཇུག་པ་དང་། བདུད་ཀྱི་ལས་ཀུན་ནས་ལངས་པས་བྱང་ཆུབ་ཀྱི་སེམས་བརྗེད་པ་སྟེ། བློ་གྲོས་རྒྱ་མཚོ་ཆོས་བཞི་དེ་དག་ནི་ཐེག་པ་ཆེན་པོའི་བར ་ཆད་དུ་འགྱུར་བའོ།། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་སྡུད་པ་འདི་བཤད་པ་ན། ལྷ་དང་མིའི་སྐྱེ་དགུའི་སྲོག་ཆགས་བཞི་ཁྲི་བཞི་སྟོང་གིས། བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བྱང་ཆུབ་སེམས་དཔའ་ཉི་ཁྲི་བརྒྱད་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཏེ། ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་ཏེ། སྣང་བ་ཆེན་པོས་ཀྱང་འཇིག་རྟེན་གསལ་བར་གྱུར་ཏོ།། སྟེང་གི་བར་སྣང ་ལ་འཁོད་པའི་ལྷའི་བུ་བརྒྱ་སྟོང་དག་ཀྱང་ཨ་ལ་ལ་ཞེས་ཅ་ཅོ་དང་ག་ཞའི་སྒྲ་བྱུང་སྟེ། མེ་ཏོག་དག་གི་ཆར་ཡང་རབ་ཏུ་ཕག་སིལ་སྙན་དང་གླུ་དབྱངས་ཀྱང ་བྱས་ཏེ། ཀྱེ་མའོ་འདི་ནི་ཆོས་ཀྱི་གཏེར་ཆེན་པོ་སྟེ། དེ་བཞིན་གཤེགས་པས་ཕྱེ་བ་ཐུགས་རྗེས་ཆེན་པོ་ལ་གནས་ནས། སེམས་ཅན་ཐམས་ཅད་ལ་ཡང་དག་པར ་རབ་ཏུ་བསྟན་པའོ།། བཅོམ་ལྡན་འདས་དེ་ལ་ཆོས་རིན་པོ་ཆེའི་གཏེར་ཆེན་པོ་འདི་ལས། གང་གིས་ཐ་ན་ཅུང་ཟད་ཙམ་ཞིག་ཡོངས་སུ་འཛིན་པ་དེ་དག་ཐམས ་ཅད་ཀྱང་ངན་འགྲོ་རྣམ་པར་ལྷུང་བའི་འཇིགས་པ་རྣམས་ལས་ཡོངས་སུ་ཐར་བར་འགྱུར། རིམས་ཀྱིས་ཆོས་ཀྱིས་འཁོར་ལོ་རིན་པོ་ཆེ་བླ་ན་མེད་པ་རབ་ཏུ་བསྐོར་བར ་འགྱུར་རོ།། འདི་ལྟ་སྟེ་དཔེར་ན། བཅོམ་ལྡན་འདས་སྐྱེས་བུ་གང་ལ་ལ་ཞིག་གིས་གྲོང་ངམ་གྲོང་ཁྱེར་འམ། གྲོང་རྡལ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན། ་གཏེར་ཆེན་པོ་རིན་པོ་ཆེ་ཐམས་ཅད་ཀྱིས་ཡོངས་སུ་བལྟམ་པ་བསམ་པ་འཚལ་བ་ཞིག་ཞིག་མཐོང་སྟེ། སྐྱེས་བུ་དེ་ཡང་ཕན་པའི་དངོས་པོ་ཕུན་སུམ་ཚོགས་པར ་གྱུར་ལ། དེས་གཏེར་ཆེན་པོ་མཐོང་ནས་ཀྱང་གྲོང་ངམ་གྲོང་ཁྱེར་འམ་གྲོང་རྡལ་དུ་མཆིས་ཏེ། སྐྱེ་བོའི་ཚོགས་པལ་པོ་ཆེ་ལ་བགམ་པའོ་སྙམ་དུ་བསམས་ནས། ་སྐྱེས་བུ་ཁྱེད་ཚུར་ཤེག་ཁྱེད་ཀྱི་ནང་ནས་སུ་ལ་རིན་པོ་ཆེ་བགོས་པ་ལ་ངས་གཏེར་ཆེན་པོ་ཟད་མི་ཤེས་པ་དེ་བསྟན་པར་བྱའོ་ཞེས་བགྱིས ་པ་དང་ལྔ་བཅོམ་ལྡན་འདས་དེའི་ནང་ནས་ཁ་ཅིག་ནི་དེ་ལ་དད་པར་གྱུར། ཁ་ཅིག་ནི་དད་པར་མ་གྱུར་ལ། དེའི་ནང་ནས་གང་དག་དད་པར་གྱུར་པ་དེ་དག་གཏེར ་ཆེན་པོའི་གན་དུ་མཆིས་ཏེ། ཁ་ཅིག་ནི་སྟོབས་ཇི་ཙམ་པ་དེ་སྙེད་ཀྱི་རིན་པོ་ཆེ་རྣམས་འཚལ་དེ་མཆིས། ཁ་ཅིག་ནི་ཇི་ལྟར་རྟོག་པ་དེ་འདྲ་བའི་རིན་པོ་ཆེན་འཚལ ་ཏེ་མཆིས་ཀྱང་གཏེར་ཆེན་པོ་དེ་བས་པར་མི་འགྱུར་ཞིང་། འདི་དག་ལ་ནི་གསལ་ཏོ།། འདི་དག་ལ་ནི་མི་གསལ་ཏོ།། འདི་དག་ནི་འཚལ་ཀྱང་རུང་། འདི་དག། ་ནི་འཚལ་དུ་མི་རུང་ངོ་སྙམ་དུ་ཡོངས་སུ་མི་རྟོག་གོ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གཏེར་ཆེན་པོ་དེ་རྣམ་པར་མི་རྟོག་པའི་སླད་དུའོ།། དེ་བཞིན་དུ ་བཅོམ་ལྡན་འདས་ཀྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གྲངས་མ་མཆིས་པར་རིན་པོ་ཆེའི་གཏེར་ཆེན་པོ་བླ་ན་མ་མཆིས་པ་འདི་སྒྲུབ་ནས་ཀྱང་བྱང་ཆུབ ་ཀྱི་སྙིང་པོར་མངོན་པར་རྫོགས་སྤངས་རྒྱས་སོ།། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་གྲོང་ཁྱེར་བ་ར་ན་སེའི་དྲང་སྲོང་ལྷུང་བར་ཆོས་ཀྱི་འཁོར་ལོ ་རིན་པོ་ཆེ་ཆེན་པོ་རབ་ཏུ་བསྐོར་རོ།། དེ་ལྟར་ཡང་བཅོམ་ལྡན་འདས་འདིར་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་ཆོས་རིན་པོ་ཆེའི་གཏེར་བློ་བླ་ན་མ་མཆིས ་པ་འདི་ཕྱེ་སྟེ། བཅོམ་ལྡན་འདས་ཀྱིས་བསྲི་བ་མི་མངའ་བའི་ཐུགས་ཀྱིས་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་ནས། ཕན་པའི་དངོས ་པོ་ཡང་དག་པར་བསྐྱེད་ནས། ཚངས་པའི་སྒྲ་དབྱངས་ཀྱིས་གོ་བར་མཛད་པའི་གསུང་གིས། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅད་པའི་འཇིག་རྟེན་ལ་ཚུར་ཤེག། ་ཆོས་རིན་པོ་ཆེའི་གཽཏར་ཆེན་པོ་བླ་ན་མེད་པ་སྐྱེད་པ་དང་། དགའ་བ་དང་། ན་བ་དང་། འཆི་བ་མཐར་འབྱིན་པ་ཟད་མི་ཤེས་པ། བདེ་བ་ཐམས་ཅད་སྦྱིན་པ ་འདི་ལོང་ཤིག་ཅེས་གོ་བར་མཛད་པ་དེ་ལ། བཅོམ་ལྡན་འདས་སྐྱེས་བུ་གཏི་མུག་མ་དད་པ་ཁ་ཅིག་ནི་མོས། གྲོ་བ་མི་ཆེས་མི་རྟོག་ཅིང་དད་པར་མི་བགྱིད་དོ།། ་དད་པའི་རྟོག་པའི་རང་བཞིན་ཅན་ཁ་ཅིག་ནི་མོས་ཤིང་གློ་བ་ཆེས་ལ་རྟོག་ཅིང་དད་པར་བགྱིད་དེ། དེ་དག་གིས་དེ་བཞིན་གཤེགས་པའི་ཆོས་རིན་པོ་ཆེའི ་གཏེར་ཆེན་པོ་ལས་ཅི་འོས་སུ་ཆོས་རིན་པོ་ཆེ་ལེན་ཅིང་ཐེག་པ་ལ་ཇི་ལྟར་མོས་པ་བཞིན་དུ་རྣམ་པར་འགྲེལ་ཏེ། ཁ་ཅིག་ནི་ཉན་ཐོས་ཉིད་ཀྱི་སླད་དུ། ཁ་ཅིག ་ནི་རང་སངས་རྒྱས་ཉིད་ཀྱི་སླད་དུ། ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སླད་དུ་ཞུགས་ཀྱང་དེ་བཞིན ་གཤེགས་པའི་ཆོས་རིན་པོ་ཆེའི་གཏོར་ཆེན་པོའི་བླ་ན་མ་མཆིས་པ་ནི་ཡོངས་སུ་བས་པར་མི་འགྱུར་ཞིང་ཡོངས་སུ་མི་རྟོག་གོ། བཅོམ་ལྡན་འདས་དེ་ཁ་གང་གིས་དེ ་བཞིན་གཤེགས་པའི་ཆོས་རིན་པོ་ཆེའི་གཏེར་ཆེན་པོ་འདི་ལྟར་རབ་ཏུ་བཏང་བ། འདི་ལྟར་རྣམ་པར་ཕྱེ་བ་འདི་ལས་ཐན་གང་ཅུང་ཟད་ཙམ་ཡང་མི་འཛིན་པ་དེ་དག་རིན་པོ་ཆེ ་ལས་ཡོངས་སུ་ཉམས་ཤིང་རིན་པོ་ཆེ་ལས་སླད་རོལ་དུ་གྱུར་ཏེ། ཡུན་རིང་པོར་ངན་སོང་གསུམ་པོ་དག་དགའ་བར་འགྱུར་རོ།། བཅོམ་ལྡན་འདས་གང་དག་ཆོས་རིན་པོ ་ཆེའི་གཏེར་ཆེན་པོ་འདི་ལས། ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་འཛིན་པ་དེ་དག་ནི་འཕགས་པའི་ནོར་དང་ལྡན་ཏེ། དབུལ་པོ་མ་ལགས་ན། གང་འདུས་པ ་ཆེན་པོའི་ལེའུ་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ལེའུ་གཅིག་ཙམ་འཛིན་ཏམ། གཉིས་སམ། གསུམ་འམ། བཞི་འམ། ལྔ་འམ། བཅུ་འམ། ཉི་ཤུ་འམ། སུམ ་ཅུ་འམ། བཞི་བཅུ་འམ། ལྔ་བཅུ་འམ། དྲུག་བཅུ་འམ། བདུན་ཅུ་འམ། མཐའ་དག་རྫོགས་པར་འཛིན་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། སྐྱེས་བུ་དམ་པ་དེ་དག་གིས ་བསོད་ནམས་ཀྱི་མཐའ་རྟོགས་པར་མི་ནུས་སོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དང་མ་བྲལ་བ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་རབ་ཏུ་ནོན་པ་གང་དག་ཆོས ་ཀྱི་སྒོའི་ལེའུ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་བླ་ན་མེད ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་། དེ་དག་བདུད་ཆོམས་པ་དང་། དེ་དག་ཐེག་པ་ཆེན་པོ་འདི་ལ་མངོན་པར་ཤེས་པ་ཐོབ་པར་རིག་པར་བགྱིའོ། ་ཞེས་ཆེད་དུ་བརྗོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལྷའི་བུ་དག་ཚིག་འདི་ལེགས་པར་སྨྲས་པ་ལེགས་སོ་ལེག་སོ།། ་གང་དག་ཆོས་ཀྱི་སྒོའི་ལེའུ་འདི་ཉན་པ་དང་། ཐོས་ནས་ཀྱང་མོས་པ་དང་། མོས་ནས་ཀྱང་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ་དེ་བཞིན་ཉིད་དུ་སྒྲུབ་པའི་སྐྱེས་བུ་དམ་པ་དེ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་གཞོལ་བར་ལྟ། དེ་དག་ཡོན་ཏན་ཐམས་ཅད་ལ་གནས་པར་བལྟ། དེ་དག་ཐམས་ཅད་མཁྱེན་པའི ་གཙུག་ཏུ་ཕྱིན་པ་དང་། འཇིག་རྟེན་གནས་པ་ལོང་བ་ལ་ཤེས་རབ་ཀྱི་སྨོན་མ་བྱེད་པ་དག་ཏུ་ལྟ་སྟེ། དེ་དག་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་བྱང་ཆུབ ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དེ་དག་ཐེག་པ་ཆེན་པོའི་ཐེག་པ་ཆེན་པོ་ལ་ཞོན་པའི ་ཕྱིར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། སངས་རྒྱས་ཐེག་པ་ཆེན་པོའི་ཐེག་པ་འདི་ཁྱད་པར་འཕགས། ་ནམ་མཁའི་དཀྱིལ་དང་འདྲ་སྟེ་འཇིག་རྟེན་ཀུན་ལས་འདས། སྲིད་པ་གསུམ་ལས་འདས་ནས་བྱང་ཆུབ་སྙིང་པོར་འགྲོ།། ཆགས་པ་མེད་དེ་ཆགས་པ་ཀུན་ལས ་ཤིན་ཏུ་འདས།། སྦྱིན་དང་དུལ་དང་ཞི་དང་ཚུལ་བཞིན་བསམ་པ་ཡིས།། བསྐལ་པ་བྱེ་བར་རྒྱ་ཆེན་ལས་བྱུང་བརྩེགས་པར་བརྗོད།། ཚུལ་ཁྲིམས་ཀྱིས་ནི་སྡིག་བརྩལ ་ལུས་དང་ངག་སེམས་དག། སྲིད་པ་ཐམས་ཅད་བོར་ནས་བྱང་ཆུབ་སྙིང་པོར་འགྲོ།། མཉམ་ཞིང་རྗེས་སུ་མཉམ་སེམས་སེམས་ཅན་ཀུན་སྐབས་འབྱེད།། དེ་ལས ་གཞན་པའི་ཐེག་དམན་ཇི་སྙེད་ཟིལ་གྱིས་གནོན།། གང་དག་རྫུ་འཕྲུལ་རྐང་གིས་རི་རབ་རྒྱལ་མཚན་མཐོ།། ཐེག་པ་ཆེན་པོར་འགྲོ་ཞིང་སེམས་ཅན་སིམ་པར་བྱེད། ་ཐོས་དང་འདུལ་བར་ལྡན་ཞིང་བསམ་གཏན་ཚུལ་ཁྲིམས་ལྡན།། བཟོད་སྟོབས་རབ་ཏུ་ཐོབ་ཅིང་ཤེས་རབ་དབང་བསྐུར་བ།། ཕ་རོལ་ཚོགས་རྣམས་བཅོམ་ཞིང་བདུད། ་ཀྱི་སྡེ་སྤངས་ནས།། ཆགས་མེད་ཐེག་པ་ཆེ་དང་བྱང་ཆུབ་སྙིང་པོར་འགྲོ།། བྱམས་པའི་གོ་ཆའི་ཆོས་ཀྱི་དགྲ་ཡིས་ཐུབ་པར་དགའ།། ཆོས་དང་ལྡན་ནས་སྙིང་རྗེ ་ཆེན་པོར་རིམ་གྱིས་འགྲོ།། བསམ་གཏན་རྫུ་འཕྲུལ་རྐང་དང་ཚད་མེད་བཞོན་པ་སྟེ།། ལམ་དེ་མི་མདོར་ཁ་ལོད་བསྒྱུར་བ་བྱང་ཆུབ་སེམས།། ཕྱོགས་བཅུ་མཐའ ་ཡས་སེམས་ཅན་ཁམས་རྣམས་ཇི་སྙེད་པ།། ཐེག་པ་ཆེན་པོ་འདི་ལ་སྤྱོད་པ་ཐམས་ཅད་ནི།། གནོད་པ་མེད་ཅིང་འགྲོའི་པ་མེད་ལ་གང་བ་མེད།། བདེ་བར་གཤེགས ་ཀྱི་ཐེག་པའི་ཆོ་འཕྲུལ་དེ་འདྲའོ།། དྲན་གནས་ཡང་དག་སྦྱོར་དང་སྤོང་བ་བཞི་དག་དང་། རྫུ་འཕྲུལ་རྐང་པ་བཞི་དང་དབང་པོ་སྟོབས་རྣམས་དང་། རྒྱལ་བས ་བསྔགས་པའི་བྱང་ཆུབ་ཡན་ལག་རིན་ཆེན་བདུན།། ལམ་གྱིས་འགྲོ་བར་ལྡན་པ་བྱང་ཆུབ་སྙིང་པོར་འགྲོ།། ཞི་གནས་ཉོན་མོངས་ཞི་ཞིང་ཆོས་ལ་སྣང་བར་གྱུར།། ་རྡུལ་དང་མུན་པ་སྩལ་ནས་སྲིད་པ་གསུམ་ན་མཛེས། བརྒྱ་བྱིན་དང་ནི་ཚངས་པས་སྤྱི་བོས་ཕྱག་བྱས་ཏེ། ལེགས་སོ་མཚུངས་མེད་ཐེག་འདིར་ཀུན་གྱིས་བཞོན་པར ་བགྱི།། ཕ་རོལ་ཕྱིན་པ་གང་དག་སྦྱིན་ཚུལ་བཟོད་པ་དང་།། བཙོན་འགྲུས་བསམ་གཏན་ཤེས་རབ་ཡེ་ཤེས་མངོན་པར་ཤེས། དེ་བཞིན་ཐབས་དང་བསྡུ་བའི་སྙིང ་པོ་ལྡན་པ་སྟེ།། བདུད་རྣམས་བརྒྱ་སྟོང་གིས་ཀྱང་གདུལ་ཕྱིར་ཐུབ་པ་མེད།། སེམས་ཅན་གང་དག་ཚུལ་ངན་སྡིག་ལས་བརྩོན་པ་དང་།། ་བྱང་ཆུབ་སེམས་དཔའ་གང་དག་ཡོན་ཏན་བརྒྱས་འཕགས་དང་།། གང་དག་བྱང་ཆུབ་སེམས་ཀྱི་སེམས་རྒྱ་ཆེར་གྱུར་པ།། ཀུན་ཀྱང་ཐེག་པ་མཆོག་ལ་ཞུགས་ནས ་མཉམ་པར་མཐོང་།། གང་དག་སྣ་ཚོགས་བསྔགས་དང་འཇིག་རྟེན་དོན་དང་ལྡན།། གང་དག་དགེ་ཆོས་ཡང་དག་འཇིག་རྟེན་འདས་གྱུར་པ།། སློབ་དང་མི་སློབ་གང ་དག་རང་རྒྱལ་རྣམས་ཀྱི་དང་།། སྒོ་དེར་སངས་རྒྱས་ཐེག་པ་ཆེ་བའི་བདག་ཉིད་ཞུགས།། གང་དག་ཉོན་མོངས་རྣམ་མང་སྣ་ཚོགས་སེམས་དང་ལྡན། སྡུག་བསྔལ། ་སེམས་ཅན་སེམས་ཅན་གང་དགེ་འདུས་བྱས་འགྱུར་བ།། དེ་དག་ཤིན་ཏུ་རབ་ཏུ་ཞི་བར་བྱེད་ཅིང་འགྲོ།། བྱང་ཆུབ་སེམས་དཔའ་ཐེག་པ་མཆོག་ལ་གནས་ནས་སྟོན།། ་ལེ་ལོ་ཅན་གྱི་མི་གང་མཉམ་ཅུང་ཟད་མཐུ་ཞེན་ལ།། སེམས་ཅན་སྡུག་བསྔལ་ཟད་པར་བྱ་ཕྱིར་སེམས་མི་སྐྱེད།། བདག་བདེ་ཚོལ་གྱི་སེམས་ཅན་དོན་ལ་མི་བརྩོན་པ། ་དེ་དག་ཐེག་པ་མཆོག་ཐོས་ནས་ནི་སེམས་སྐྲག་འགྱུར།། བྱང་ཆུབ་སེམས་དཔའ་མཁས་བསལ་བདག་ཉིད་ཆེན་པོ་གང་།། བརྩོན་འགྲུས་སྟོབས་ལྡན་རྟག་ཏུ་སེམས་ཅན ་དོན་བརྩོན་ལ།། སྙིང་རྗེ་ཆེ་དང་ལྡན་ཞིང་བསམ་པ་བདག་གྱུར་པ། དེ་དག་རབ་ཏུ་དགའ་བའི་སེམས་ཀྱིས་ཐེག་མཆོག་ཞོན།། ཐེག་པ་མཆོག་རབ་གྱ་ནོམ་གཙོ་བོ་འདིར ་གནས་སྟེ། འཇིག་རྟེན་ཀུན་གྱི་སྤྱོད་རྣམས་མཐའ་ཡས་ཇི་སྙེད་དང་།། དབང་པོ་ཐ་མ་འབྲིང་དང་རབ་དང་བསམ་པ་རྣམས།། སྤྱོད་ཀུན་བྱང་ཆུབ་སེམས་དཔའ་སྐད་ཅིག ་ཙམ་ལ་ཤེས།། རླབས་པོ་ཆེའི་ཐེག་པ་མཆོག་འདིར་གནས་ནས་ནི།། དེ་ཡི་ལུས་ཀྱི་ཡན་ལག་མཚན་གྱིས་བརྒྱན་པར་འགྱུར།། ཚིག་སྙན་ཡིད་དུ་འོང་ཞིང་འཇིག ་རྟེན་ཀུན་ཚིམ་བྱེད།། སེམས་ཡིད་རྣམས་དག་བསམ་གཏན་མངོན་ཤེས་ལྡན་པར་འགྱུར།། འདི་ལས་རྒྱལ་རྣམས་ཀྱི་སངས་རྒྱས་ཚུལ་འདི་འཆད།། འདི་ལས ་ཆོས་ཚུལ་གྱ་ནོམ་ཚུལ་ཡང་རབ་ཏུ་འབར།། འདི་ལས་འགྲོ་བའི་སྦྱིན་གནས་དགེ་འདུན་འབྱུང་བར་འགྱུར།། དེས་ན་སངས་རྒྱས་ཐེག་འདི་འཇིག་རྟེན་གསུམ་དུ་གྲག།། ་ཐེག་པ་འདི་ནི་སྟོང་པའི་ཞིང་དུ་མི་འགྲོ་སྟེ།། རྒྱལ་བ་རྣམས་ཀྱི་འདི་ནི་སྐད་ཅིག་མི་སྣང་འགྲོ།། ཕྱོགས་བཅུར་སོང་ཡང་ཡོངས་སུ་མི་སྐྱོ་འགྲིབ་པ་མེད།། མཚུངས ་བ་མེད་པའི་ཐེག་པ་ཆོ་འཕྲུལ་ཅི་འདྲར་ལྟོས།། འཇིག་རྟེན་ཀུན་ཏུ་བསྐོར་ཀྱང་གང་ཞིག་དེ་འདྲའམ།། དེ་ལས་ལྷག་པར་འགྱུར་བའི་སེམས་ཅན་དེ་མི་རྙེད།། བྱང ་ཆུབ་སེམས་དཔའ་ཆེ་ཉིད་འགྲོ་བའི་དཔའ་བ་གཅིག། ཐེག་པ་མཆོག་ལ་གནས་ནས་བདུད་སྡེ་སྐྲག་པར་བྱེད།། ཐེག་པ་མཆོག ་ལ་གནས་ནས་གཟུགས་དང་སྟོབས་མཐུ་དང་།། ལོངས་སྤྱོད་དབང་ཕྱུག་ཐོབ་ཅིང་བརྒྱ་བྱིན་ཚངས་པ་དང་།། འཁོར་ལོས་བསྒྱུར་དང་སྐྱོང་དང་གང་ཡང་སྲིད ་གསུམ་ན།། ལྷ་དང་མིའི་བདེ་སྐྱིད་སྦྱིན་པ་ཐམས་ཅད་འཐོབ།། ཐེག་པ་མཆོག་ལ་གནས་ནས་སེམས་ཞུམ་བརྒྱ་ལམ་མེད།། གོང་བ་མེད་ལ་ཕངས་ཤིང་ཕངས་པ ་རྣམས་ཀྱང་གཏོང་།། བྱིན་ན་ཞུམ་པ་མེད་ཅིང་མིག་དང་མགོ་བཏང་ནས།། དགའ་ཞིང་བྱམས་པའི་སེམས་སུ་འགྱུར་ཏེ་བྱང་ཆུབ་འགྲོ།། ཐེག་པ་མཆོག་ལ་གནས ་ནས་དེ་ནི་སྐྱབས་འགྱུར་ཏེ།། ཚུལ་ཁྲིམས་ལྡན་ཞིང་ཚངས་པར་སྤྱོད་པར་ཡོངས་སུ་དག། ཚུལ་ཁྲིམས་བརྟུལ་ཞུགས་དཀའ་ཐུབ་ཀྱིས་ནི་ཉི་ཟླ་འགོག། སྲིད ་བ་དང་ནི་གཟུགས་དང་ལོངས་སྤྱོད་རི་འདོད་མི་འགྱུར།། མི་སྙན་ཚིགས་རྣམས་ཐོས་ཀྱང་མི་འཁྲོ་འཁྲུག་མི་འགྱུར།། ལུས་ཀྱི་རྣམ་པར་གཏོར་ཀྱང་སེམས་ཅན ་རྗེས་སུ་སྲུང་།། བདག་ལུས་རྙེད་སྔ་ཆོས་ཀྱི་རྒྱལ་སྲིད་རྙེད་དཀའ་སྙམ།། ཐེག་པ་མཆོག་གནས་བཟོད་པ་དག་ལ་འདི་འདྲའོ།། བསྐལ་པ་བརྒྱ་ཕྲག་མཐའ ་ཡས་ཇི་སྙེད་འཁོར་གྱུར་པ།། དེ་སྲིད་དུ་ཡང་ངན་སོང་རྣམས་སུ་འཁོར་བྱེད་ཅིང་།། སེམས་ཅན་བསྒྲལ་བའི་ཕྱིར་ནི་བརྩོན་འགྲུས་སྟོབས་བསྐྱེད་དེ།། ཐེགས ་པ་མཆོག་ལ་མི་གནས་པའི་བརྩོན་འགྲུས་མཐུ་འདི་འདྲ།། ཤིན་ཏུ་རབ་ཞི་མཉེན་དེས་བསམ་གཏན་ཆོ་ག་ཤེས།། འགྲོ་བ་རྣམས་ཀྱི་དོན་ཕྱིར་བྱམས་པའི ་བསམ་གཏན་པ།། བསམ་གཏན་བདེ་བ་དེ་ལ་ནམ་ཡང་མི་ཆགས་ཏེ།། དྲན་དང་ལྡན་པ་འདྲེན་པ་རྣམས་ལ་ལྟ་བར་འདོད།། ཆོས་རྣམས་ཐམས་ཅད ་རྒྱུ་ལས་འབྱུང་ཞིང་སྟོང་པར་ཤེས།། དེ་ནི་བདག་དང་སེམས་ཅན་ཆོས་རྣམས་མི་དམིགས་ཏེ།། ལྟ་བ་ཡོངས་དག་ཤེས་རབ་ལྡན་ཞིང་སེམས་ཀྱང་དུལ།། ་ཐེག་པ་མཆོག་གནས་ཤེས་རབ་དག་པ་འདི་འདྲའོ།། གང་ཡང་བདེན་དང་ཚད་མེད་པ་དང་བསམ་གཏན་བཞི།། མངོན་ཤེས་ལྔ་དང་སངས་རྒྱས་ཀྱི་ནི་ཡང ་དག་རིག། རྟོན་པ་བཞི་དང་ཆོས་ཀྱི་སྦྱིན་པ་དམ་པ་རྣམས།། ཐམས་ཅད་སངས་རྒྱས་ཐེག་པ་དམ་པ་འདི་ལས་བྱུང་།། གང་གིས་མི་དབང་སངས་རྒྱས ་སེང་གེའི་སྒྲ་སྒྲོགས་པ། སྟོབས་བཅུའི་སངས་རྒྱས་ཆོས་རྣམས་མཐའ་ཡས་གང་ཡིན་དང་།། སྨིན་མཚམས་སྐུ་དང་སྤྱི་གཙུགས་བལྟར་ནི་མི་མཐོང་བ།། ་ཐེག་པ་མཆོག་ལ་གནས་པས་སྙེད་པ་དཀའ་མ་ཡིན།། གང་གིས་འདུ་བ་འདུལ་ཞིང་བསམ་པ་ཚིམ་བྱེད་པ། རྒྱལ་བ་རྣམས ་ཀྱི་ཆོ་འཕྲུལ་ཁྱད་འཕགས་གསུམ་གང་དང་། ཐུབ་པའི་བསྟན་པ་གཞན་ཡང་དོན་མེད་མི་འགྱུར་བ།། དེ་དག་ཐེག་པ་མཆོག་ལ་གནས་ནས་མྱུར་དུ་འཐོབ།། ་འཇིག་རྟེན་ཀུན་ན་སྐད་ཀྱི་རྣམ་པ་ཇི་སྙེད་པ།། ཐམས་ཅད་སྟོབས་བཅུའི་གསུང་ནི་འཁྲུལ་པ་མེད་པ་དང་།། མཉན་འཇམ་ཡིད་འོང་དོན་ལྡན་ཁ་ན་མ་ཐོ ་མེདདསྔ་ཚངས་དང་མི་ཅིའི་དབྱངས་འདྲ་གསུང་རྒྱ་ཆེན་པོས་ཚིམ།། དེ་འདྲའི་སངས་རྒྱས་གསུང་ནི་མི་རིང་འཐོབ་འགྱུར་ཏེ།། ནམ་མཁའི་དཀྱིལ་ཚད ་སངས་རྒྱས་ཞིང་རྣམས་གོ་བར་བྱེད།། ཇི་སྙེད་ཅིག་གིས་ཆོས་དོན་ལྡན་པའི་ཚིག་ཐོས་པ།། ཀུན་གྱིས་ཉོན་མོངས་ཐམས་ཅད་བསལ་ནས་བདེ་བར་འགྱུར། ་རྫུ་འཕྲུལ་སྟོབས་ཀྱིས་ན་མཁའི་མཐའ་མར་བགྲོད་པར་ནུས།། ཕྱོགས་བཅུ་རྣམས་ཀྱི་རྒྱ་མཚོའི་ཆུ་ནི་ཚད་བྱར་ནུས།། སེམས་ཅིག་གིས་ནི་སེམས་ཅན ་སྤྱོད་པ་མཐའ་ཡས་ཤེས།། སངས་རྒྱས་ཐེག་པའི་ཡོན་ཏན་བརྗོད་པས་ཟད་མི་འགྱུར།། ། ལེའུ་བརྒྱད་པའོ།། །། དེ་ནས་ཡང ་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ཆོས་ཀྱི་རྣམ ་གྲངས་འདི་ཀུན་ཏུ་སྲུང་བ་དང་། སྦ་བ་དང་། ཡུན་རིང་དུ་གནས་པར་བྱ་བ་དང་། བདག་གི་སེམས་ཡོངས་སུ་དཀར་བར་བྱ་བ་དང་། སེམས་ཅན་གཞན ་དྲག་དང་གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པར་ཤེས་པར་བྱ་བའི་ཕྱིར། སྒོའི་ཚིག་དང་ཕྱག་རྒྱའི་ཚིག་དང་། རྡོ་རྗེའི ་ཚིག་འདི་དག་གཟུང་བར་བྱའོ།། བཟུང་ནས་ཀྱང་བརྟག་པར་བྱའོ།། ཤེས་རབ་དང་རབ་ཏུ་ལྡན་པའི་སྦྱོར་བས་ངེས་པར་བསམ་པར་བྱའོ།། བློ་གྲོས ་རྒྱ་མཚོ་སྒོའི་ཚིག་རྣམས་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་རིག་པ་ནི་ཆོས་ཐམས་ཅད་ཀྱི་སྒོའི་ཚིག་སྟེ། ཆོས་རྣམས་དབེན་པའི་དོན་དུ་སྟོན་ཏོ།། ཨ་ཞེས ་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་སྐྱེ་བ་མེད་པའི་དོན་དུ་སྟོན་ཏོ།། པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་དོན་དམ་པའི ་དོན་དུ་སྟོན་ཏོ།། ན་ཞེས་བྱ་བ་ནི་ཆོས་ཐམས་ཀྱི་སྒོ་ཏེ། ཆོས་ཐམས་ཅད་ཀྱི་མིང་དང་གཟུགས་ཡོངས་སུ་ཤེས་པ་སྟོན་ཏོ།། ད་ཞེས་བྱ་བ ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་དུལ་བ་དང་ཞི་བ་ཉིད་དུ་སྟོན་ཏོ།། ས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས ་ཆགས་པ་ལས་ཤིན་ཏུ་འདས་པར་སྟོན་ཏོ།། ཏ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་དེ་བཞིན་ཉིད་ཀྱི་རྗེས་སུ་འགྲོ་བར་སྟོན་ཏོ།། ཀ་ཞེས་བྱ་བ་ནི ་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་ཐམས་ཅད་ལས་ཀྱི་རྣམ་པར་སྨིན་པ་དང་བྲལ་བར་སྟོན་ཏོ།། ས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་མཉམ ་ཞིང་ཁྱད་པར་མེད་པར་སྟོན་ཏོ།། མ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་ཀྱི་ཚད་སྙིང་རྗེ་ཆེན་པོར་སྟོན་ཏོ།། ག་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ ་སྟེ། ཆོས་རྣམས་ཀྱི་ཟབ་ཅིང་གཏིང་དཔག་དཀའ་བ་ཉིད་སྟོན་ཏོ།། ཛ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་དགའ་ཤི་ལས་ཤིན་ཏུ་འདས་པར ་སྟོན་ཏོ།། ད་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་དབྱིངས་འདྲེས་པ་མེད་པར་སྟོན་ཏོ།། ཤ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ་ཆོས་རྣམས་ལ་ཞི་གནས་ཡོངས་སུ་རྫོགས་པར་བྱ་བར་སྟོན་ཏོ།། ཁ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་ནམ་མཁའ་དང་མཚུངས་པར ་སྟོན་ཏོ།། ཀྲ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཟད་པ་དང་མི་སྐྱེ་བར་སྟོན་ཏོ།། ཉ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ལ ་ཡེ་ཤེས་ཆགས་པ་མེད་པ་ཉིད་དུ་སྟོན་ཏོ།། ཐ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་གནས་དང་གནས་མ་ཡིན་པ་ལ་མཁས་པ་སྟོན་ཏོ།། སྐ་ཞེས་བྱ ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་ཕུང་པོ་ཡོངས་སུ་ཤེས་པར་སྟོན་ཏོ།། ཐ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་མཐར་ཐུག་པ་ཉིད ་དུ་སྟོན་ཏོ།། ལུས་དབེན་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་འདོད་ཆགས་དང་བྲལ་བའི་མཐར་སྟོན་ཏོ།། སེམས་དབེན་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ་ཆོས་རྣམས་ཀྱི་ཞེ་སྡང་དང་། གཏི་མུག་འདུལ་བ་སྟོན་ཏོ།། ཉེ་བར་ཞི་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཆགས་པ་མེད་པ་ལ་སྟོན་པ་ཉིད་དུ་སྟོན་ཏོ།། ། ་ཚུལ་བཞིན་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་ཐམས་ཅད་ཀྱི་འབྱུང་བའི་མཐའ་སྟོན་ཏོ།། གནས་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་ཐམས་ཅད་ཀྱི་ཆོས ་ཀྱི་དབྱིངས་གནས་པ་སྟོན་ཏོ།། ལེན་པ་མེད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་ཐམས་ཀྱི་རྣམ་པར་གྲོལ་བའི་མཚན་ཉིད་དུ་སྟོན་ཏོ།། ཡོངས་སུ་མི་འཛིན ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ལ་འཐབ་པ་དང་རྩོད་པ་འདོར་བར་སྟོན་ཏོ།། ཀུན་ནས་ཉོན་མོངས་པ་མེད་པ་ནི་ཆོས ་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་རྣམས་པར་དག་པའི་མཚན་ཉིད་དུ་སྟོན་ཏོ།། རང་བཞི་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་འོད་གསལ་བ་ཉིད་དུ ་སྟོན་ཏོ།། སྡང་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་ཐམས་ཅད་གསལ་བ་ཉིད་དུ་སྟོན་ཏོ།། བསྒོམ་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་འབྲལ ་བ་སྟོན་ཏོ།། གཞི་མེད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་འདྲེས་པ་མེད་པ་ཉིད་དུ་སྟོན་ཏོ།། བྱང་ཆུབ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས ་དང་མཉམ་པ་ཉིད་དུ་སྟོན་ཏོ།། མྱ་ངན་འདས་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་ཕུང་པོ་ཐམས་ཅད་སོ་སོར་དོར་བ་སྟོན་ཏོ།། བློ་གྲོས་རྒྱ་མཚོ ་སྒོའི་ཚིག་འདི་དག་ནི། རང་གི་སེམས་ཡོངས་སུ་དག་པར་འགྱུར་བའོ།། སེམས་ཅན་གཞན་དག་དང་གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་། ་མཆོག་མ་ཡིན་པར་འགྱུར་བའོ།། བློ་གྲོས་རྒྱ་མཚོ་ཕྱག་རྒྱའི་ཚིག་འདི་དག་གང་ཞེ་ན། འདི་ལྟ་སྟེ། བློ་གྲོས་རྒྱ་མཚོ་ཐམས་ཅད་ནི་རྣམ་པར་བྱའི་ཕྱག་རྒྱས་བཏབ ་པ་སྟེ། གཉིས་མེད་ཅིང་གཉིས་ཡོངས་སུ་དག་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་མཐའ་དང་མཐའ་ཡས་དང་། མཐའ་མེད་པ་ལས་རྣམ་པར་གྲོལ ་བའི་ཕྱག་རྒྱས་བཏབ་པ་སྟེ། ཆད་པ་དང་རྟག་པ་ཡོངས་སུ་དག་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཟད་པ་དང་འདོད་ཆགས་དང་བྲལ་བའི་ཕྱག ་རྒྱས་བཏབ་སྟེ། ཟད་པའི་སྒོ་ཟད་པའི་མཐའ། ཟད་པའི་མུར་ཐུག་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་འདྲེག་པ་མེད་ཅིང་བཞག་པ་མེད ་བའི་ཕྱག་རྒྱས་བཏབ་པ་སྟེ། མཉམ་པ་ཉིད་ཀྱི་མཐའ་ཡོངས་སུ་དག་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ན་མཁའི་ཕྱག་རྒྱས་བཏབ་པ་སྟེ། མིག ་ལྔའི་ལམ་ལས་ཤིན་ཏུ་འདས་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་དང་ནམ་མཁའི་དབྱིངས་ཀྱི་ཕྱིར། ནམ་མཁའི་ཕྱག་རྒྱས་བཏབ ་བའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུལ་བའི་ཕྱིར་འདྲེས་པ་མེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ ་ཆོས་ཐམས་ཅད་ན་ཆོས་འདྲེས་པ་མེད་པའི་མཚན་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་སྔོན་གྱི་མཐའ ་དང་ཕྱི་མའི་མཐར་དེ་བཞིན་ཉིད་ཀྱི་ཕྱིར། དེ་བཞིན་ཉིད་ཀྱི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་གདོད་མ་ནས ་ཤིན་ཏུ་ཡོངས་སུ་དག་པའི་ཕྱིར་མཐའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་འདུས་བྱས་དང་། འདུས་མ་བྱས་མཉམ་ཞིང་མཚུངས་པའི་ཕྱིར ་སྟོང་པ་ཉིད་ཀྱི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་དམིགས་པ་དང་ཐ་དད་དང་བྲལ་བའི་ཕྱིར་མཚན་མ་མེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས ་རྒྱ་མཚོ་ཆོས་ཐམས་ཅད་ནི་སྨོན་ལམ་ཐམས་ཅད་དང་བྲལ་བའི་ཕྱིར། སྨོན་པ་མེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པའི་མཚན ་ཉིད་ཀྱི་ཕྱིར། མི་རྟག་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཕུང་པོ་ལྔར་ཡོངས་སུ་སྡུ་བའི་མཚན་ཉིད་ཀྱི་ཕྱིར། སྡུག་བསྔལ་གྱི་རྒྱས ་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་བདག་མེད་པའི་ཕྱིར། བདག་མེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས ་ཅད་ནི་ཤིན་ཏུ་མི་གཡོ་བའི་ཕྱིར། ཞི་བའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་དོན་དམ་པའི་བདེན་པར་ཡང་དག་པར་འདུ་བའི་ཕྱིར། བདེན ་བའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ས་བོན་མི་གནས་པའི་ཕྱིར། དྲི་མ་མེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས ་ཅད་ནི་ཤིན་ཏུ་ཐུག་པའི་ཕྱིར། མི་འཁྲུགས་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའི ་ཕྱིར། ཇི་ལྟ་བཞིན་གྱིས་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཁམས་གསུམ་ཐམས་ཅད་རོ་གཅིག་པའི་ཕྱིར་དུས་གསུམ་མཉམ་པ་ཉིད་ཀྱིས ་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་འབྱུང་བ་མེད་པའི་ཕྱིར། མི་འབྱུང་བའི་ཕྱག་རྒྱས་བཏབ་བའོ།། བློ་གྲོས་རྒྱ ་མཚོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྐྱེ་བ་མེད་པའི་ཕྱིར།། འགོག་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ང་རྒྱལ་གྱིས་ལྷག ་པར་མི་བྱེད་པའི་ཕྱིར་སྒྲོ་འདོག་པ་མེད་པའི་ཕྱག་རྒྱས་བཏབའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་རྣམ་པར་རྟོག་པ་ཐམས་ཅད་ཀུན་ཏུ་རྒྱུ་བ་མེད་པའི་ཕྱིར། ་སྤྲོས་པ་མེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་གཟུགས་མེད་ཅིང་བསྟན་དུ་མེད་པའི་ཕྱིར། མཚན་གྱིས་མཚན་བཏབ་པ་མེད ་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་གཞི་ཡང་དག་པར་རབ་ཏུ་འཆད་པའི་ཕྱིར། གོས་པ་མེད་པའི་ཕྱག ་རྒྱས་བཏབ་འོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་གཉེན་པོ་མི་དམིགས་པའི་ཕྱིར། སྐྱོན་དུ་བྱ་བ་མེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས ་ཐམས་ཅད་ནི་མངོན་པར་འདུ་བྱ་ཐམས་ཅད་མེད་པའི་ཕྱིར། ལས་བྱེད་ཅིང་རྣམ་པར་སྨིན་པ་མེད་པའི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད ་ནི་སྐྱེ་བ་དང་གནས་པ་དང་བྲལ་བའི་ཕྱིར་འདུས་མ་བྱས་ཀྱི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ནམ་མཁའི་དཀྱིལ་དང་བྱེ་བྲག་མེད་པའི་ཕྱིར། ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱག་རྒྱས་བཏབ་པའོ།། བློ་གྲོས་རྒྱ་མཚོ་ཕྱག་རྒྱའི་ཚིག་དེ་དག་ནི་ཕྱག་རྒྱའི་ཚིག་གང་དག་གིས་འདས་པ་དང་། མ་འོངས་པ ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཀྱིས་ཕྱག་རྒྱས་བཏབ་སྟེ། ཕྱག་རྒྱའི་ཚིག་དེ་དག་གིས་ཆོས་ཀྱི་བློ་བརྒྱད་ཁྲི་བཞི་སྟོང ་ཕྱག་རྒྱས་བཏབ་བོ།། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་ཕྱག་རྒྱ་དེ་ལྟ་བུས་བཏབ་ན། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱར་ཡང་དག་པར་འདྲ་སྟེ། ་མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་བོ།། བློ་གྲོས་རྒྱ་མཚོ་ཕྱག་རྒྱའི་ཚིག་དེ་དག་ནི། དགེ་བའི་རྩ་བ་མ་བསྐྱེད་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་གྲགས ་པར་མི་འགྱུར་རོ།། འདིས་བདུད་ཀྱི་ལས་ཐམས་ཅད་ཚར་གཅོད་དོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ཡང་དག་པར་འདུ་བ་མི་ཟད་པའི་ཟ་མ་ཏོག་གི་གཟུངས ་གང་ཡིན་པ་དེ་ཡང་ཕྱག་རྒྱའི་ཚིག་འདི་ཉིད་དུ་འདུས་ཏེ་རྗེས་སུ་ཞུགས་སོ།། བློ་གྲོས་རྒྱ་མཚོ་ཏིང་ངེ་འཛིན་བརྒྱད་ཁྲི་སྟོང་དང་། སེམས་ཅན་གྱི་སྤྱོད་པ་ལ ་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་བརྒྱད་ཁྲི་བཞི་སྟོང་གང་ཡིན་པ་དེ་དག་ཀྱང་ཕྱག་རྒྱའི་ཚིག་འདི་ཉིད་འདུས་ཏེ་རྗེས་སུ་ཞུགས་སོ།། བློ་གྲོས་རྒྱ་མཚོ་དེ་ལ་རྡོ་རྗེའི ་ཚིག་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། རང་བཞིན་གྱིས་འདྲེས་པ་མེད་པའི་ཕྱིར། འཇིག་ཚོགས་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ལྟ་བ་ཐམས་ཅད་ངེས ་བར་རྟོགས་པར་འགྱུར་བའོ།། རིག་པ་ལ་འཇུག་པའི་ཕྱིར། མ་རིག་པ་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་ལྷག་པར་དམིགས་པའི་དངོས་པོ་ཡོངས་སུ ་ཤེས་པར་འགྱུར་བའོ།། མངོན་པར་འདུ་བྱེད་པ་མེད་པ་དང་། མཉམ་པ་ཉིད་ཀྱི་བྱིར། མཚམས་མེད་པའི་མཐའ་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ན ་མངོན་པར་འདུ་བྱེད་པ་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་བའོ།། འདོད་ཆགས་དང་བྲལ་བའི་མཐའ་དང་མཉམ་པ་ཉིད་ཀྱི ་ཕྱིར། འདོད་ཆགས་ཀྱི་མཐའ་ནི་རྡོ་རྗེའི་ཚིག་སྟེ་རྡོ་རྗེའི་ཚིག་འདི་ནི་འདོད་ཆགས་དང་བྲལ་བར་འགྱུར་བའོ།། བྱམས་པའི་མཐའ་དང་མཉམ་པ་ཉིད་ཀྱི་ཕྱིར། ་ཞེ་སྡང་གི་མཐའ་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་ཞེ་སྡང་ཐམས་ཅད་ཡང་དག་པར་འཇོམ་པར་འགྱུར་རོ།། ཤེས་རབ་ཀྱི་སྣང་བ་དང་མཉམ་པ་ཉིད་ཀྱི། ་ཕྱིར། གཏི་མུག་གི་མཐའ་ནི་རྡོ་རྗེའི་ཚིག་སྟེ།། རྡོ་རྗེའི་ཚིག་འདི་མུན་པ་མེད་ཅིང་སྣང་བར་འགྱུར་བའོ།། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ལ་འཇུག ་པའི་ཕྱིར། སེམས་ཅན་ཐམས་ཅད་སེམས་གཅིག་པ་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་སེམས་ན་ཐམས་ཅད་ཀྱི་ངོ་བོ་ཉིད་རྟོགས་པར་འགྱུར་བའོ།། ། ་སེམས་ཅན་ཐམས་ཅད་ཀྱི་སེམས་མཉམ་པ་ཉིད་ལ་འཇུག་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་སེམས་རྣམས་སེམས་གཅིག་པོ་འདི་ནི་རྡོ་རྗེའི་ཚིག་སྟེ། ་རྡོ་རྗེའི་ཚིག་འདི་ནི་སེམས་རང་བཞིན་གྱིས་འོད་གསལ་བར་རྗེས་སུ་རྟོགས་པར་འགྱུར་བའོ།། དེ་བཞིན་ཉིད་མཉམ་པ་ཉིད་ལ་འཇུག་པའི་ཕྱིར། སངས ་རྒྱས་ཐམས་ཅད་སངས་རྒྱས་གཅིག་པ་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྗེས་སུ་རྫོགས་པར་འགྱུར་བའོ།། ཞིང་མི ་ཟད་པ་ལ་འཇུག་པའི་ཕྱིར། ཞིང་ཐམས་ཅད་གཅིག་པ་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱི་རྗེས་སུ་རྟོགས་པར ་འགྱུར་བའོ།། ཆོས་ཐམས་ཅད་མཉམ་པ་ཉིད་ལ་འཇུག་པའི་ཕྱིར། ཆོས་ཐམས་ཅད་ཆོས་གཅིག་པ་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་གཉིས ་སུ་མེད་པའི་ཆོས་ཀྱི་སྒོ་རྗེས་སུ་རྟོགས་པར་འགྱུར་བའོ།། ཐམས་ཅད་དུ་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་ལ་འཇུག་པའི་ཕྱིར། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས ་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྗེས་སུ་རྟོགས་པར་འགྱུར་བའོ།། བདུད་ཀྱི་ལས་རྗེས་སུ་རྟོགས་པ་ལ་འཇུག་པའི་ཕྱིར། ་ལས་ཐམས་ཅད་སངས་རྒྱས་ཀྱི་འཕྲིན་ལས་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་བདུད་ཀྱི་ལས་ཐམས་ཅད་ལས་ཤིན་ཏུ་འདའ་བར་འགྱུར་བའོ།། ་སྐད་ཐམས་ཅད་རྗེས་སུ་རྟོགས་པ་ལ་འཇུག་པའི་ཕྱིར། ཚིག་ཐམས་ཅད་དེ་བཞིན་གཤེགས་པའི་གསུངས་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི ་ཆོས་བརྗོད་དུ་མེད་པས་རྟོགས་པར་འགྱུར་བའོ།། འཆི་འཕོ་མེད་པ་ལ་འཇུག་པའི་ཕྱིར། ཆོས་ཐམས་ཅད་མ་སྐྱེས་པ་འདི་རྡོ ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང་། འཆི་བའི་ལམ་ལས་ཤིན་ཏུ་འདའ་བར་འགྱུར་བའོ།། འགོགས་པ་མེད་པ་ལ་འཇུག་པའི་ཕྱིར ་ཆོས་ཐམས་ཅན་མ་བྱུང་བ་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པར་འགྱུར་རོ།། བློ་གྲོས་རྒྱ་མཚོ ་རྡོ་རྗེའི་ཚིག་དེ་དག་ན་མི་ཕྱེད་པའི་ཚིག། སྙིང་པོ་མེད་པའི་ཚིག། མཉམ་པ་མེད་པའི་ཚིག། བདེན་པའི་ཚིག། བརྟན་པའི་ཚིག། ཐ་དད་པ་མེད་པའི་ཚིག། ་རྗེས་སུ་འགྲོ་བའི་ཚིག། རྒྱུན་ཆད་པ་མེད་པའི་ཚིག། ཞི་བ་དང་རབ་ཏུ་ཞི་བ་དང་། ཉེ་བར་ཞི་བའི་ཚིག་དང་། སྐྱོན་དུ་བྱ་བ་མེད་པའི་ཚིག་སྒྲོ་བཏག་པ ་མེད་པའི་ཚིག། འགྲོ་བ་མེད་པའི་རྟོགས་པ་ལ་འཇུག་པའི་ཚིག། འགྲོ་བ་མེད་པའི་ཚིག། དེ་ཁོ་ནའི་ཚིག། ཡང་དག་པའི་ཚིག། སངས་རྒྱས་དང་མི ་འགལ་བའི་ཚིག་ཆོས་མི་སྤོང་བའི་ཚིག། དགེ་འདུན་ཡོངས་སུ་སྡུད་པའི་ཚིག། ཇི་ལྟ་བ་བཞིན་གྱི་ཚིག། འཁོར་གསུམ་ཡོངས་སུ་དག་པའི་ཚིག ་བྱང་ཆུབ་ཀྱི་རྗེས་སུ་འགྲོ་བའི་ཚིག ་དཔའ་བའི་ཚིག། ཚངས་པའི་ཚིག། གཡོ་བ་མེད་པའི་ཚིག། ནམ་མཁའ་དང་མཉམ་པའི་ཚིག། མཚན་མ་མེད་པའི་ཚིག། ཆོས་ཀྱི་མཚན་ཉིད།། ་མཚན་ཉིད་མེད་པའི་ཚིག། སེམས་དང་ཡིད་དང་། རྣམ་པར་ཤེས་པ་ལ་མི་གནས་པའི་ཚིག། བདུད་དང་ཕྱིར་རྒོལ་བ་བཅོམ་པའི་ཚིག། དག་ཅིང་དྲི་མ་མེད ་པ་འོད་གས་པའི་ཚིག། བྱང་ཆུབ་ལ་རྣམ་པར་ལྟ་བའི་ཚིག། ཤེས་རབ་ཀྱི་སྣང་བའི་ཚིག། མུན་པ་མེད་ཅིང་གསལ་བའི་ཚིག། ཤིན་ཏུ་སྐྱེ་བ་མེད ་ཅིང་འགག་པ་མེད་པའི་ཚིག། རང་གི་ཡུལ་ཡོངས་སུ་དག་པའི་ཚིག། སངས་རྒྱས་ཀྱི་ཡུལ་ལ་འཇུག་པའི་ཚིག། མི་རྟོག་ཅིང་རྣམ་པར་མི་རྟོག་ལ་ཡོངས ་སུ་མི་རྟོག་པའི་ཚིག། ཆོས་ཀྱི་དབྱིངས་འདྲེས་པ་མེད་པའི་ཚིག། གནས་པ་མེད་པའི་གནས་ལ་འཇུག་པའི་ཚིག་རྣམས་སོ།། བློ་གྲོས་རྒྱ་མཚོ་རྡོ་རྗེའི ་ཚིག་དེ་དག་བྱང་ཆུབ་སེམས་དཔའ་གང་གིས་ངེས་པར་རྟོག་པའི་དོན་དུ་ཁོང་དུ་ཆུད་པ་དེ། བྱང་ཆུབ་ཀྱི་སྙིང་པོར་གནས་ཏེ། སེང་གེའི་ཁྲི་ལ་འདུག་པའོ།། ་ཞེས་ང་སྨྲའོ།། བཅོམ་ལྡན་འདས་ཀྱིས་སྒོའི་ཚིག་དང་། ཕྱག་རྒྱའི་ཚིག་དང་། རྡོ་རྗེའི་ཚིག་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་བརྒྱད་སྟོང་། ་གིས་ཆོས་ཐམས་ཅད་ཀྱི་ཕྱག་རྒྱའི་སྒོ་ལ་འཇུག་པའི་གཟུངས་ཐོབ་པར་གྱུར་ཏོ།། སེམས་ཅན་ཐམས་ཅད་ཀྱི་བསམ་པ་མཉམ ་པ་ཉིད་ལ་འཇུག་པ་ཞེས་བྱའི་ཏིང་ངེ་འཛིན་ཀྱང་ཐོབ་པོ།། དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་དེ་དག་གིས་བསྟན་པ་འདི་ཐོས་ནས་ཚིམ་ཞིང་མགུ་སྟེ། ཡིད་རངས་ནས་མངོན་པར་ཤེས་པའི་རྫ་འཕྲུལ་གྱི་སྟོབས་ཀྱིས། སངས་རྒྱས་ཀྱི་ཞིང་གང་དང ་གང་ནས་ལྷགས་དག་འདི་ལྟ་སྟེ། བཅོམ་ལྡན་འདས་ལ་མཆོད་པ་དང་། ཆོས་ཀྱི་རྣམ་གྲངས་འདི་ཡང་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང ་དེ་དག་ན་མེ་ཏོག་དང་། སྤོས་དང་འཕྲེང་བ་དང་། བྱུག་པ་ཅི་འདྲ་བ་ཡོད་པ་དེ་འདྲ་བའི་མེ་ཏོག་དང་། སྤོས་དང་འཕྲེང་བ་དང་། བྱུག་པ་དག་ཆར་ཆེན་པོ་མངོན ་བར་ཕབ་བོ།། དེ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་མཆོད་པ་བྱས་ནས། སྒྲ་སྐད་དང་རོ་གཅིག་གིས་བཅོམ་ལྡན་འདས་ལ་མངོན་པར་སྟོད་པ། གཟུགས་ཀྱི། ་མཚན་ཉིད་མཚན་ཞིག་མེད་གཟིགས་པ།། མཚན་ཉིད་གཅིག་གིས་མཚན་གཞི་བྲལ་སྟོན་པ།། མཚན་ཀུན་མཚན་གཞི་མ་མཆིས་མཚན་གཞི་མཉམ།། ཡང་དག་མནན ་གནས་ཁྱོད་ལ་ཕྱག་འཚལ་ལོ།། སེམས་ཅན་ཀུན་གྱི་སྐད་དང་སྒྲ་ལ་ཞུགས།། སྐད་ལ་ཞུགས་པའི་ཡེ་ཤེས་དེ་ལ་འང་ཞུགས།། སྒྲ་སྐད་དབྱངས་རྣམས་ཀུན། ་ལས་རྣམ་པར་གྲོལ།། སེམས་གྲོལ་མཉམ་པའི་སེམས་ལ་ཕྱག་འཚལ་ལོ།། སེམས་ཀྱི་རྒྱུ་བ་རྒྱ་ཆེན་ཅི་མཆིས་པ།། སྒྱུ་མའི་སེམས་མཉམ་ཉིད་ཐུགས་སུ ་ཆུད།། རབ་ཏུ་མི་རྒྱུ་རྒྱུ་མཉམ་རྒྱུ་མི་མངའ།། མཁའ་འདྲའི་ཐུགས་དང་ལྡན་ལ་ཕྱག་འཚལ་ལོ།། མཆིས་དང་མ་མཆིས་མཐའ་དང་མཐའ་མ་ལགས། ་ཆོས་དང་ཆོས་མིན་ཡོངས་རྟོག་རྣམ་རྟོག་མཉམ།། སེམས་དང་ཡིད་རྣམས་ཐམས་ཅད་ཉེ་བར་ཞི།། སེམས་ཡིད་ཞི་བར་གྱུར་ལ་ཕྱག་འཚལ་ལོ།། རྒྱུ་དང་། ་རྐྱེན་དང་བྱ་བ་རྣམས་ཀྱང་མཁྱེན།། རྒྱུ་ལས་བྱུང་བའི་རིམ་པའང་གསུང་པར་མཛད། རྒྱུ་དང་རྐྱེན་ནི་རྣམ་གྲོལ་མཐའ་བ་སྟེ།། ཡང་དག་མཐའ་དང་མཉམ་པ ་རབ་ཏུ་མཁྱེན།། འདིར་ནི་ཐམས་ཅད་མཉམ་པའི་གཟུགས་སུ་བཞུགས།། བདེ་གཤེགས་སྐུ་ནི་སྐུ་མ་ལགས་པར་མཐོང་།། ཁྱོད་ཀྱི་ཐུགས་ནི་རྣམ་རྟོག་མི ་འགྱུར་བར། ཁྱོད་ཀྱི་རྒྱ་ཆེན་གཟུགས་སྟོན་གཟུགས་མ་མཆིས་ཕྱོགས་ན་རྒྱལ་བའི་ཞིང་རྣམས་ཇི་སྤྲོད་པ།། ཞིང་རྣམས་ཐམས་ཅད་ཞིང་འདིར་རབ་ཞུགས་ཀྱང་། ་ཞིང་འདིར་རྣམ་པར་འཕེལ་བ་མ་མཆིས་ལ།། དེ་ནས་མ་གཡོས་འཕོས་པའང་མཆིས་མ་ལེགས།། སེམས་ཀུན་སེམས་མ་མཆིས ་པར་མཉམ་པའི་སེམས།། སེམས་ནི་སྒྱུ་མ་འགྱུར་དང་རྟོགས་མ་མཆིས།། བྱང་ཆུབ་སེམས་ནི་མཉམ་ཉིད་ཐུགས་སུ་ཆུད།། དེས་ན་སངས་རྒྱས་མཉམ་པའི་ཆོས ་ལ་གནས།། ཆོས་དབྱིངས་མཉམ་པའི་དབྱིངས་ལ་རབ་ཏུ་ཞུགས།། ཆོས་རྣམས་ཐམས་ཅད་དངོས་པོ་འཇུག་མ་མཆིས།། དངོས་དང་དངོས་མེད་ཆགས་བྲལ ་ཆགས་མཉམ་པ།། འགྲོ་བའི་དོན་མཛད་ཁྱོད་ལ་ཕྱག་འཚལ་ལོ།། གདུགས་དང་དགུང་ཟླ་དོག་སར་ལྟུང་ཡང་གདའ།། བསེར་མ་ཞགས་པས་གཟུང་དུ་རུང ་ཡང་གདའ།། རི་རྒྱལ་ཁའི་དབུགས་ཀྱིས་གཏོར་དུ་རུང་།། རྒྱལ་བའི་གསུང་ནི་ལོག་པར་གཟུང་མི་མངའ།། ཡང་དག་ཁོ་ན་གསུང་ཅན་ཡོངས་སུ་དག། ཐུགས ་དག་ནམ་མཁའ་འདྲ་བའི་ཐུགས་མངའ་བ།། འཇིག་རྟེན་ཆོས་དང་རྙེད་དང་དེས་པ་བསྐྱལ།། པད་མ་ལྟ་བུར་སྲིད་གསུམ་ཆགས་མི་མངརའ།། བསྔགས་པའི་ཕྲེད ་པ་གསན་ཀྱང་དགྱེས་མི་འགྱུར།། སྨད་པ་གསན་ཀྱང་ཞེ་སྡང་ཡོངས་མི་མངའ།། རི་རབ་ལྟ་བུར་ཡོངས་སུ་རྟོག་ལས་གྲོལ།། འགྲོལ་བ་བདེ་སྩོལ་ཁྱོད་ལ་བྱ། ་འཚལ་ལོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས།། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སངས་རྒྱས་བྱང་བ་ནི་རིན་པོ་ཆེ་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ ་ནི་བདེ་བ་བྱུང་བའོ།། དྲན་པ་བྱུང་བའོ།། བློ་གྲོས་བྱུང་བའོ།། རྟོགས་པ་བྱུང་བའོ།། ངོ་ཚ་ཤེས་པ་བྱུང་བའོ།། མོས་པ་བྱུང་བའོ།། སྦྱིན་པ་བྱུང་བ ་འོ། ཚུལ་ཁྲིམས་བྱུང་བའོ།། བཟོད་པ་བྱུང་བའོ།། བརྩོན་འགྲུས་བྱུང་བའོ།། བསམ་གཏན་བྱུང་བའོ།། ཤེས་རབ་བྱུང་བའོ།། བཅོམ་ལྡན་འདས ་སངས་རྒྱས་བྱུང་བ་ནི། བྱམས་པ་བྱུང་བའོ།། སྙིང་རྗེ་བྱུང་བའོ།། དགའ་བ་བྱུང་བའོ།། བཏང་སྙོམས་བྱུང་བའོ།། དོན་བྱུང་བའོ།། བདེན་པ་བྱུང་བའོ།། ་ཆོས་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་ཡང་དག་པར་དགའ་བར་འགྱུར་བའི་ཆོས་འབྱུང་བའོ།། དྲན་པ་ཉེ་བར་གཞག་པ་བྱུང་བའོ།། ་ཡང་དག་པར་སྤོང་བ་བྱུང་བའོ།། རྫུ་འཕྲུལ་གྱི་རྐང་པ་བྱུང་བའོ།། དབང་པོ་བྱུང་བའོ།། བྱང་ཆུབ་ཀྱི་ཡན་ལག་བྱུང་བའོ།། ལམ་བྱུང་བའོ། ཞི་གནས ་ས་པ་ང ་དང་ལྷག་མཐོང་བྱུང་བའོ།། མངོན་པར་ཤེས་པ་བྱུང་བའོ།། རིག་པ་བྱུང་བའོ།། རྣམ་པར་གྲོལ་བ་བྱུང་བའོ།། བཅོམ་ལྡན་འདས་སངས ་རྒྱས་བྱུང་བ་ནི།། མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་། དགེ་བའི་ཆོས་ཐམས་ཅད་བྱུང་བའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ ་བརྩེགས་ཤེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ཇི་ལྟར ་བདག་གིས་འཚལ་བ་ལྟར་ན། བདག་འདི་སྙམ་བགྱིད་དེ། བཅོམ་ལྡན་འདས་འདི་ལྟར་སངས་རྒྱས་བྱུང་བ་ནི་འཇིག་ཚོགས་ལ་ལྟ་བ་བྱུང་བའོ།། བཅོམ་ལྡན་འདས ་སངས་བྱུང་བ་ནི་མ་རིག་པ་དང་། སྲིད་པ་དང་། སྲིད་པ་བྱུང་བའོ།། སངས་རྒྱས་བཅོམ་ལྡན་འདས་བྱུང་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བྱུང་བའོ།། ་བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་ཕྱིན་ཅི་ལོག་བཞི་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་སྒྲིབ་པ་ལྔ་བྱུང་བའོ།། བཅོམ་ལྡན་འདས་སངས ་རྒྱས་བྱུང་བ་ནི་སྐྱེ་མཆེད་དྲུག་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་རྣམ་པར་ཤེས་པའི་གནས་བདུན་བྱུང་བའོ།། ལོག་པ་བརྒྱད་བྱུང་བའོ།། གནོད ་བའི་དངོས་པོ་དགུ་བྱུང་བའོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་སྐྱེ་མཆེད་བཅུའི་ལས་ཀྱི་ལམ་བྱུང་བའོ།། དེ་ཅིའི་སླ་དུ་ཞེ་ན། བཅོམ་ལྡན་འདས་སྡིག་པ་མི ་དགེ་བའི་ཆོས་དེ་དག་སྤང་བའི་སླད་དུ། སངས་རྒྱས་བྱུང་བ་ལགས་ཀྱི། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་གཉེན་པོས་རབ་ཏུ་ཕྱེ་བ་ནི་མ་ལགས་སྟེ། བཅོམ ་ལྡན་འདས་སངས་རྒྱས་འབྱུང་བ་ནི་གཉེན་པོ་དང་བྲལ་བའོ།། བཅོམ་ལྡན་འདས་སངས་བྱུང་བའི་རྗེས་སུ་མཆི་བར་འཚལ་བའི་བྱང་ཆུབ་སེམས་དཔས་རྗེས་སུ་འགྲོ་བ ་མ་མཆིས་པའི་ཚུལ་གྱིས་དེ་ལྟར། སངས་རྒྱས་འབྱུང་བའི་རྗེས་སུ་མཆི་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ།། ་ཇི་སྐད་སྨྲས་པ་བཞིན་ཏེ། རྗེས་སུ་འགྲོ་བ་མེད་པའི་ཚུལ་གྱིས། སངས་རྒྱས་སུ་བྱུང་བའི་རྗེས་སུ་འགྲོ་བར་བྱ་སྟེ། སངས་རྒྱས་བྱུང་བ་ལ་ཇི་ལྟ་བ་བཞིན་དུ་ཆོས ་ཐམས་ཅད་བྱུང་བའི་རྗེས་སུ་འགྲོ་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་པས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་སངས་རྒྱས་འབྱུང་བ་འདི་ལྟ་བུ་འདི་མ་འཚལ་ར། བཅོམ་ལྡན་འདས་དེ་དག་ལ་སངས་རྒྱས་འབྱུང་བ་ལྟ་མ་མཆིས་སམ། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་ཇི་ལྟར་སེམས་ཡོངས་སུ་དག་པ་བཞིན་དུ། དེ་དག་ལ་འང་སངས་རྒྱས་འབྱུང་ངོ་།། དེ་ཅིའི་ཕྱིར ་ཞེ་ན། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་ནི་བཞི་པོ་འདི་དག་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། སེམས་དང་པོ་སྐྱེད་པའི་བྱང་ཆུབ་སེམས་དཔའ་དང་། སྤྱོད་པ་ལ་ཞགས་པ་དང་། ་ཕྱིར་མི་ལྡོག་པ་དང་། སྐྱེ་བ་ཅིག་གིས་ཐོབས་པའི་བྱང་ཆུབ་སེམས་དཔའ་སྟེ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་བཞི་པོ་དག་གོ།། བློ་གྲོས་རྒྱ་མཚོ་དེ་ལ་སེམས་དང་པོ་བསྐྱེད ་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེས་ནི། དེ་བཞིན་གཤེགས་པ་ལ་གཟུགས་དང་མཚན་དུ་མཐོང་ངོ་།། སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེས ་ནི། དེ་བཞིན་གཤེགས་པ་ལ་ཡོན་ཏན་ཡོངསུ་གྲབ་པར་མཐོང་ངོ་།། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེས། དེ་བཞིན་གཤེགས་པ་ལ་ཆོས་ཀྱི་སྐས་རབ ་ཏ་བྱེ་བར་མཐོང་ངོ་།། བློ་གྲོས་རྒྱ་མཚོ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་ལ་གཟུགས་དང་མཚན་དང་ཡོན་ཏན་ཡོད ་སུ་གྲུབ་པ་དང་། སྐྱེ་བ་དང་རིགས་དང་རུས་དང་ཆོས་ཉིད་དུ་ཁས་མི་ལེན་ཏོ།། དེ་ཅིའི་ཕྱིར་ཞེ་ན། དེའི་མིག་ནི་ཤེས་རབ་ཀྱིས་རྣམ་པར་ལྟ་བའོ།། ཤེས་རབ་ལ་གནས་པའོ།། ་ཤེས་རབ་ཏུ་ཡང་དག་པར་འདུ་བྱའོ།། ཤེས་རབ་ཀྱང་རྒྱུ་བ་མེད་པ་སྤྲོས་པ་མེད་སྟེ། དེ་ནི་མཐོང་བ་མ་ཡིན། མི་མཐོང་བ་ཡང་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། མཐོང་བ ་ཡང་མ་ཡིན། མི་མཐོང་བ་དེ་གཉིས་ག་མཐའ་སྟེ། མཐོང་བ་དང་མི་མཐོང་བའི་མཐའ་གཉིས་དང་བྲལ་བ་ནི་སངས་རྒྱས་མཐོང་བའོ།། སངས་རྒྱས་མཐོང་བ་དེ་བདག ་མཐོང་བ་སྟེ། བདག་མཐོང་བ་རྣམས་པར་དག་པས། སངས་རྒྱས་མཐོང་བ་རྣམ་པར་དག། སངས་རྒྱས་མཐོང་བ་རྣམ་པར་དག་པས། ཆོས་ཐམས་ཅད་མཐོང ་བ་རྣམ་པར་དག་པར་ཁོང་དུ་ཆུད་པར་བྱའོ།། གང་མཐོང་བ་རྣམ་པར་དག་པ་དེ་ལ་ཡེ་ཤེས་མཐོང་བ་འདི་ནི་སངས་རྒྱས་མཐོང་ཞེས་བྱའོ།། བློ་གྲོས་རྒྱ་མཚོ ་ངས་ཀྱང་དེ་བཞིན་གཤེགས་པ་མར་མི་མཛད་དེ་ལྟར་མཐོང་སྟེ། མཐོང་མ་ཐག་ཏུ་ངས་ཐོབ་པ་མེད་པ་དང་། མི་དམིགས་པའི་ཚུལ་གྱིས། མི་སྐྱེ་བའི ་ཆོས་ལ་བཟོད་པ་ཐོབ་པོ།། བཟོད་པ་ཐོབ་མ་ཐག་དུ་ས་ལས་ཤིང་ཏ་ལ་བདུན་དུ་འཕགས་ཏེ།། ང་ནམ་མཁའི་དཀྱིལ་དེ་ལ་གནས་ནས། ཐམས ་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱོར་པ་ལ་རྣམ་པར་བརྟགས། ལྟ་བར་གྱུར་པ་ཐམས་ཅད་ཡང་དག་པར་ཆད། རྟོག་པ་དང་རྣམ་པར་རྟོག་པ་དང་། ཡོངས ་སུ་རྟོགས་པ་ཐམས་ཅད་ལས་ཤིན་ཏུ་འདས་ཤིང་། རྣམ་པར་ཤེས་པ་ལ་ཐམས་ཅད་ལ་མི་གནས་ཏེ། ཏིང་ངེ་འཛིན་དྲུག ་ཁྲི་མངོན་སུམ་དུ་གྱུར་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་དེས་ང་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོདྲ་བའི་དུས་ན། དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་སྟོན་ཏོ།། ལུང་བསྟན་པའི་བསྟན་པ་དེ་ཡང་ངའི ་རྣ་བའི་དབང་པོ་ལ་གྲག་པར་ཡང་མ་གྱུར། ཡེ་ཤེས་གཞན་དུ་རིག་པར་ཡང་མ་གྱུར། ང་ཀུན་ཏུ་རྨོངས་པར་ཡང་མ་གྱུར་དམིགས་པར་ལྟ་བ་ལ་གནས ་པ་ཡང་མེད། ང་སངས་རྒྱས་ལ་སངས་རྒྱས་སུ་འདུ་ཤེས་པ་ཡང་མེད། བདག་ལ་བདག་ཏུ་འདུ་ཤེས་པ་ཡང་མེད།། ལུང་བསྟན་པའི་བསྟན་པ་ལ ་ཡང་ལུང་བསྟན་པར་འདུ་ཤེས་པ་ཡང་མེད་པར་གྱུར་ཏོ།། བློ་གྲོས་རྒྱ་མཚོ་འདི་ནི་བྱང་ཆུབ་སེམས་དཔའི་འཁོར་གསུམ་ཡོངས་སུ་དག་པའི་ལུང ་གང་ལ་སངས་རྒྱས་སུ་འདུ་ཤེས་པ་མེད་པ་དང་། བདག་ཏུ་འདུ་ཤེས་པ་མེད་པ་དང་། ལུང་བསྟན་པའི་བསྟན་པར་འདུ་ཤེས་པ་མེད་པ་འདི་ནི ་འཁོར་གསུམ་ཡོངས་སུ་དག་པ་ཞེས་བྱའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། གང་ལ་འཛིན་པ་མེད་པ་མེད ་པ་དང་། སེམས་ཅན་དུ་འཛིན་པཱ་དང་། ཆོས་སུ་འཛིན་པ་མེད་པའོ།། གཞན་ཡང་འཁོར་གསུམ་ཡོངསུ་དག་པ་ནི། གང་ལ་མིང་དུ་འཛིན་པ ་མེད་པ་དང་། གཟུགས་སུ་འཛིན་པ་མེད་པ་དང་། དམིགས་པར་འཛིན་པ་མེད་པའོ།། གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི། འདས། ་པ་ལ་ཟད་པར་འདུ་ཤེས་པ་དང་། མ་འོངས་པ་ལ་མ་ཕྱིན་པར་འདུ་ཤེས་པ་དང་། ད་ལྟར་བྱུང་བ་ལ་གནས་པ་མེད་པར་ཤེས་པའོ།། གཞན་ཡང་འཁོར ་གསུམ་ཡོངས་སུ་དག་པ་ནི། ལུས་ལ་གཟུགས་གརྙན་ལྟ་བུར་ཤེས་པ་དང་། ངག་ལ་བྲག་ཆག་ལྟ་བུར་ཤེས་པ་དང་། སེམས་ལ་སྒྱུ་མ་ལྟ་བུར་ཤེས་པའོ།། ་གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི།། ཕུང་པོ་རྣམས་ལ་ཆོས་ཀྱི་ཕུང་པོ་དང་། མཉམ་པ་ཉིད་དང་ཁམས་རྣམས་ལ་ཆོས་ཀྱི་དབྱིངས་དང་། མཉམ་པ ་ཉིད་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པ་ལྟ་བུར་སོ་སོར་རྟོག་པའོ།། གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི།། སྟོང་པ་ཉིད་ལ་མོས་པ་དང་། མཚན་མ ་མེད་པ་ལ་ཡིད་ཆེས་པ་དང་། སྨོན་པ་མེད་པ་ལ་སོམ་ཉི་མེད་པ་སྟེ། བློ་གྲོས་རྒྱ་མཚོ་འཁོར་གསུམ་ཡོངས་སུ་དག་པ་འདི་ནི། ཆོས ་ཐམས་ཅད་ཡོངས་སུ་དག་པར་འགྱུར་བའོ།། བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་འཁོར་གསུམ་ཡོངས་སུ་དག་པའི་ཡེ་ཤེས་ལ་མཁས་པར ་བྱའོ།། ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ།། བམ་པོ་བརྒྱད་པའོ།། ་དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅི་ཙམ་དུ་སླར་མི་ལྡོག་པའི་བྱང་ཆུབ་སེམས ་དཔའ་ཆོས་ཟབ་མོ་འཆལ་པ་དང་ལྡན་པ་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་ཆོས་འཚལ་པ་འདི་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་བསྔོ་བ་ལ ་མཁས་པ་ཅི་འདྲ་བ་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་པ། ་བློ་གྲོས་རྒྱ་མཚོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་སྔོན་གྱི་ཤུགས་ཀྱི་བྱ་བ་བྱེད་དེ། དེ་དག་གང་གིས་ཚེ་མཉམ་པར་མ་བཞག་པར་གནས་པ་དེའི་ཚེ། ་སྔོན་པངས་པའི་ཡོངས་སུ་བསྔོ་བ་འདི་བརྒྱ་ལམ་ན་ཆུད་ཟ་བར་མི་འགྱུར་རོ།། བློ་གྲོས་རྒྱ་མཚོ་དེའི་ཕྱིར་སྐྱེས་བུ་མཁས་པ་ཁ་ཅིག་དཔེ་བསྟན་པས་བཤད་པའི་དོན། ་ཤེས་པར་འགྱུར་བས་ཁྱོད་ལ་དཔེ་བྱའོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། གང་གི་ཚེ་བུ་རམ་ཤིང་གི་ཞིང་ངམ། འབྲས་ས་ལུའི་ཞིང་ངམ། དགུན་གྱི ་ཞིང་སྣང་སྒ་ལ་བྱས་པར་གྱུར་པ་དེ་ལ་མི་ཞིག་གིས་རྣང་ཐམས་ཅད་ལ་ཡུར་བ་ཅི་རིགས་པར་གཏོང་ནས། དཀའ་ནས་ཆུ་བབ་སྟེ། ཡུར་བར་བོར་ནས་ཉལ་བ་དང་། ་དེ་ནས་མི་དེ་ཉ་ལ་ཡང་ཡུར་བ་ཇི་ལྟར་བཏོད་པ་བཞིན་དུ་ཆུ་འབབ་སྟེ། དེ་ལ་མི་དེ་བརྩོན་པར་མི་དགོས་ཤིང་བསྒྲིབ་མི་དགོས་པར་རྣང་ཐམས་ཅད་ཆུས་གང་བར་འགྱུ་རོ།། ་བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཉམ་པར་མ་བཞག་ཀྱང་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི་རྒྱུད་རྣམས་ལ་ཡོངས་སུ་སྔོ་བར་བྱེད་དེ། ་ཐབས་ཀྱིས་དངོས་པོ་ཇི་ལྟ་བ་བཞིན་དུ་དགེ་བའི་རྩ་བ་དེ་དག་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཕྱིར་ཡོངས་སུ་སྔོའོ།། དེ་བསམ་པ་ཤིན་ཏུ་ཡོངས་སུ་དག་ཅིང་། ཚུལ ་ཁྲིམས་ཀྱི་ཕུང་པོ་ཀུན་ཏུ་སྲུངས་པའི་ཕྱིར། མཉམ་པར་བཞག་པར་གནས་ཀྱང་དགེ་བའི་རྩ་བ་དེ་དག་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཕྱིར་ཡོངས་སུ་སྔོ་ཞིང་། ་སྨོན་ལམ་ལེགས་པར་བཏབ་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་རྒྱུད་རྣམས་རླན་པར་བྱེད་དོ།། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་རྣམ ་གྲངས་འདིས་ཀྱང་། ཇི་ལྟར་བྱང་ཆུབ་སེམ་དཔའ་མཉམ་པར་གཞག་པ་ལས་ལངས་ཀྱང་རུང་སྟེ། དགེ་བའི་རྩ་བ་རྣམས་སྔོན་ཤིན་ཏུ་བངས་པ་དང་། སེམས ་ལས་སུ་རུང་བ་དང་། དྲན་པ་མི་གཡེངས་པ་དང་། ཐེག་པ་དམན་པ་དང་། བྲལ་བ་དང་། ཐེག་པ་ཆེན་པོར་སྨོན་ལམ་བཏབ་པའི་ཕྱིར་དགེ་བའི་རྩ་བ་རྣམས ་བརྒྱ་ལམ་ན་ཡང་ཐམས་ཅད་མཁྱེན་པར་ཡོངས་སུ་མི་སྔོ་མི་སྲིད་པར་འདི་ལྟར་རིག་པར་བྱའོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། རི་སུལ་ཆེན་པོ་ཞིག་ན། ་ཤིང་ཞིག་སྐྱེས་པར་གྱུར་ལ། དེ་མི་ཞིག་གིས་རྩ་བ་ནས་གཅད་པར་བརྩམས་ནས། དེ་ཆོད་མ་ཐག་ཏུ་གང་དུ་ཡོ་བ་དང་། གང་དུ་ཕྱོགས་པ་དེར་འགྱེལ་ཏོ།། ་བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཡུན་རིང་པོ་ནས་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ།། ཐམས་ཅད་མཁྱེན་པ་ཉིད་ལ་འབབ་པས། དགེ། ་བའི་རྩ་བ་ཐམས་ཅད་སྩོགས་ཏེ། བརྩེགས་ནས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད། སེམས་ཅད་ཐམས་ཅད་ཡོངས་སུ་བསྐྱབ་པའི ་ཕྱིར་ཡོངས་སུ་སྔོ་བར་བྱེད། དཀོན་མཆོག་གསུམ་གྱི་རིགས་མི་ཆད་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད། ལུས་ཀྱི་རྒྱན་དང་། མཚན་དང་། དཔེ་བྱད་བཟང་པོ། ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད། ཚིག་གི་རྒྱན་དང་། ཆོས་བསྟན་པ་དོན་ཡོད་པར་བྱ་བའི་ཕྱིར། ཡོངས་སུ་སྔོ་བར་བྱེད། སེམས་ཀྱི ་རྒྱན་དང་། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ལས་མིག་གཡེང་བར་བྱ་བའི་ཕྱིར། ཡོངས་སུ་སྔོ་བར་བྱེད་དེ། དེ་སྒྲིབ་པ་མེད་ཅིང་ལྷུན་གྱིས་གྲུབ་པར ་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོའོ།། སྔོན་ཐབས་མཁས་པས་ཡོངས་སུ་བསྔོས་པ་དེས། ཐེག་པ་གཞན་དུ་མི་ལྟུང་ཞིང་མཉམ་པ ་བཞག་ཀྱང་རུང་། ལངས་ཀྱང་རུང་སྟེ། བརྒྱ་ལམ་ན་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམ་པ་ཡོངས་སུ་རྫོགས་པར་མི་འགྱུར་མི་སྲིད་དོ།། བློ་གྲོས ་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། དགེ་སློང་འགོགས་པ་ལ་སྙོམས་པར་འཇུག་པའི་ཚེ་མགན་འདིའི་སྒྲ་ལ་གནས་པར་བྱའོ།། སྙོམས་པར་ཞུགས་ན་མ་གན་འདིའི ་སྒྲ་དེའི་འགོག་པ་ལ་ཡང་མི་གནས་མ་འབྲེལ་མོད་ཀྱི། འགན་འདིའི་སྒྲ་དེས་འགོག་པ་ལས་ལྡང་ངོ་།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང ་སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོ་ལ་གནས་པར་བྱ་སྟེ། བདག་གིས་སེམས་ཅན་ཐམས་ཅད་ཡོངས ་སུ་བསྐྱབ་པར་བྱ། ཡོངས་སུ་དགྲོལ་བར་བྱའོ་ཞེས་བྱང་ཆུབ་ཀྱི་རྣམ་པས་མངོན་པར་བསྒྲུབས་པའི་བྱམས་པ་སེམས་ཅན་ཐམས་ཅད་ཁྱབ་པར་བྱས་ནས།། ་ཟབ་པ་ཟབ་མོར་སྣང་བ། སེམས་དང་ཡིད་དང་རྣམ་པར་ཤེས་པ་མི་རྒྱུ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཀྱང་། དེ་སྔོན་སེམས་ཅན་རབ་ཏུ་ཐར་པར ་བྱ་བའི་སྙིང་རྗེ་ཆེན་པོ་ལ་གནས་པ་དེ་དག་དང་ལྡན་པས་ཉན་ཐོས་ཀྱི་སར་མི་ལྟུང་། རང་སངས་རྒྱས་ཀྱི་སར་མི་ལྟུང་སྟེ། དྲན་པ་དང་ཤེས་བཞིན་གྱིས་ཏིང ་ངེ་འཛིན་དེ་ལས་ལངས་ནས། ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་སྒྲུབ་ཅིང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ།། ། ་བློ་གྲོས་རྒྱ་མཚོ་འདི་ལྟར་ཞི་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཀྱང་། ཉན་ཐོས་ཀྱིས་རྣམ་པར་གྲོལ་བ་འམ། རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བར ་མི་ལྟུང་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་སྦྱང་བ་བྱེད་པའི་ཁྱད་པར་ལ་ལྟོས། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། མི་གཉིས་ཤིག་ཡོད་ལ། དེ ་ལ་གཅིག་ནི་བདག་རྡོ་རྗེའི་གོ་ཆ་དགོས་ནས་མེ་འབར་བའི་ནང་དུ་མཚུངས། མི་ཅིག་ཤོས་ནི་བདག་རྩ་དང་སོག་མའི་གོ་ཆ་དགོས་ནས་མེ་འབར་བའི་ནང་དུ་མཆོངས ་ནས་བློ་གྲོས་རྒྱ་མཚོ་འདི་ཇི་ལྟར་ཇི་སྙམ་དུ་སེམས། མི་དེ་གཉིས་ལས་གང་ཚིག་པར་འགྱུར། གང་ཚིག་པར་མི་འགྱུར། གསོལ་པ། བཅོམ་ལྡན་འདས་མི ་གང་རྡོ་རྗེ་ཡི་གོ་ཆ་འཚལ་ནས། ཞུགས་འབར་བའི་ནང་དུ་མཆོངས་པ་དེ་ནི་རྡོ་རྗེའི་གོ་ཆ་དེས་ཡོངས་སུ་བསྲུངས་པས། ཞུགས་ཀྱི་ནང་དུ་མཆིས་ཀྱང་མི་ཚིག་གོ།། ་བཅོམ་ལྡན་འདས་མི་གང་རྩ་དང་སོགས་མིའི་གོ་ཆ་འཚལ་ནས། ཞུགས་འབར་བའི་ནང་དུ་མཆོངས་པ་དེ་ནི། དེར་མཆོངས་མ་ཐག་ཏུ་ཚིག་པར་འགྱུར་རོ།། ་དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རན་དང་སོག་མ་ནི་འཚིག་པའི་བདག་ཉིད་ལགས་ཏེ། ཞུགས་ཀྱི་འཚིག་པ་བསྲུངས་མི་བཟོད་དོ།། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་ཇི་ལྟར་རྡོ་རྗེའི་གོ་ཆ་བགོས་པའི་མི་དེ་མེའི་ནང་དུ་ཡང་མི་ཚིག་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་བྱམས་པ་ཆེན ་བོ་དང་། སྙིང་རྗེའི་གོ་ཆ་དང་། ལྷག་པའི་བསམ་པ་སྲ་བའི་རྡོ་རྗེའི་གོ་ཆ་བགོས་ནས། སེམས་ཅན་རབ་ཏུ་ཐར་པར་བྱ་བར་དམིགས་པ་ལ་གནས་ཏེ། ཆོས ་ཐམས་ཅད་ལ་སྟོང་པ་ཉིད་དང་། མཚན་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་དང་། མ་སྐྱེས་པ ་དང་། མ་བྱུང་བར་ཡང་རྟོག་པ་ཡང་བཏང་ལ། ཞི་བའི་ཏིང་ངེ་འཛིན་དེ་ལ་ཡང་སྙོམས་པར་འཇུག་ཅིང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་དེ་བར་གྱུར ་བ་ལ་ཡང་མ་འཇུག། འབྲས་བུ་ཐོབ་པར་ཡང་མི་བྱེད་པར་ཏིང་ངེ་འཛིན་དེ་ཡང་མྱོང་ཞིང་ཟིལ་གྱིས་མནན་ཏེ་ཡང་མ་ཉམས་མ་སྣད་པར་ལྡང་ངོ་། ལངས ་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་། སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་དོ།། བློ་གྲོས་རྒྱ་མཚོ་ཇི་ལྟར་རྩཝ་དང་སོག་མའི་གོ་ཆ་བགོས ་བའི་མི་མཆོངས་མ་ཐག་ཏུ་མེས་ཚིག་པར་འགྱུར་བ་དེ་བཞིན་དུ། བློ་གྲོས་རྒྱ་མཚོ་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་འཁོར་བས་འཇིགས་སྐྲག་པ། སྲིད ་བྲ་ལ་ཀུན་ཏུ་འབར་བའི་ལྟ་སྟེ། སེམས་ཅན་རྣམས་ཡལ་བར་བོར་ནས་སྙིང་རྗེ་ཆེན་པོ་དང་བྲལ་ཏེ། ཞི་བ་ཞི་བའི་ཏིང་ངེ་འཛིན་ལ་རེག་ནས་གནས་མ་ཡིན ་ཞིང་གོ་སྐབས་མེད་དོ།། གང་བརྒྱད་པ་འབྲས་བུ་མཐོབ་པར་ལྡང་བ་དེ་ནི་གནས་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ནི་བསོད་ནམས་དང་།། ཡེ་ཤེས ་ཀྱི་ཚོགས་མ་བརྩེགས་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་བསྔགས་པ་སྟེ། དེ་ནི་སངས་རྒྱས་ཀྱི ་ཆོས་ཐམས་ཅད་ཡོངས་སུ་མ་རྫོགས་ཀྱི་བར་དུ། བར་སྐབས་སུ་ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་དོ། བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན། བྱང་ཆུབ ་སེམས་དཔའ་ས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། མ་སྐྱེས་པ་དང་། མ་བྱུང ་བའི་ཆོས་ཐམས་ཅད་མེད་འབར་བ་ལྟ་བུའི་འདུ་ཤེས་བསྐྱེད་ལ། ཆོས་དེ་དག་ཤེས་པ་ལ་ཡང་རྣམ་པར་དཔྱད་པར་བྱ་ཞིང་ཡང་དག་པའི་མཐའ ་མངོན་སུམ་དུ་མི་བྱའོ།། བློ་གྲོས་རྒྱ་མཚོ་དེ་ལྟེ་བས་ན། བྱང་ཆུབ་སེམས་དཔས་ཡོངས་སུ་བསྔོ་བ་ལ་མཁས་པར་བྱའོ།། བློ་གྲོས་རྒྱ་མཚོ ་ཡོངས་སུ་བསྔོ་བ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཟབ་མོ་རྣམས་ལ་ཡང་སྤྱོད་ལ། བར་སྐབས་སུ་ཡང་དག་པའི་མཐའ་མངོན ་སུམ་དུ་མི་བྱེད་དོ།། བློ་གྲོས་རྒྱ་མཚོ་ཡོངས་སུ་བསྔོ་བ་ཞེས་བྱ་བ་ཅི་ལ་བྱ་ཞེ་ན། འདི་ལྟ་ས་ཐེག་པ་ཆེན་པོ་དེ་ཉིད་ལ་སེམས་གཞོལ་བ་དང་། འདུན ་པ་དང་། མངོན་པར་ཕྱོགས་པ་དང་། ཡོངས་སུ་ཕྱོགས་པ་སྟེ། ཐེག་པ་གཞན་མ་ཡིན་པའོ།། དེའི་ཕྱིར ་ཡོངས་སུ་བསྔོ་བ་ཞེས་བྱའོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། རྫ་མཁན་གྱིས་འཇིམ་པའི་གོང་བུ་འཁོར་ལོའི་སྟེང་དུ་བཞག་ཀྱང་། ་མ་བསྐོར་ན། སྣོད་ཀྱི་མིང་མི་ཐོབ་སྟེ། འཇིམ་པ་གོང་བུ་ཉིད་ཀྱི་གྲངས་སུ་འགྲོའོ།། གང་གི་ཚེ་བསྐོར་བར་གྱུར་པ་དེའི་ཚེ། སྣོད་ཀྱི་མིང་འཐོབ ་བོ།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ། བྱང་ཆུབ་སེམས་དཔས་དགེ་བའི་རྩ་བ་ཤིན་ཏུ་མང་པོ་བསྩགས་པ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས ་སུ་མ་བསྔོས་ན། ཕ་རོལ་ཏུ་ཕྱིན་པའི་མིང་མི་ཐོབ་ཀྱི། གང་གི་ཚེ་ཐམས་ཅད་མཁྱེན་པ་པ་ཉིད་དུ་ཡོངས་སུ་བསྔོ་བར་གྱུར་པ་དེའི་ཚེ། ་ཕ་རོལ་ཏུ་ཕྱིན་པའི་མིང་འཐིབ་བོ།། བློ་གྲོས་རྒྱ་མ་འདི་ལྟ་སྟེ་དཔེར་ན། གསེར་དུ་ལ་མའི་བར་བུ་ཡོངས་སུ་མ་བསྒྱུར་ན། རྒྱུན་གྱི་མིང་གི་རྦོན ་སྟེ་གསོར་གྱི་གར་བུ་ཉིད་ཀྱི་གྲངསུ་འགྲེའོ།། དེ་ཉིད་ཡོངས་སུ་བསྒྱུར་ན། རྒྱ་གྱི་མིང་འཛ་གྲོབློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུ ་སེམས་དཔའི་དགེ་བའི་རྩ་བ་ཡང་ཡོངས་སུ་མ་བསྔོས་ན། ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་ཀྱི། དེ་ཉིད་ཡོངས་སུ་བསྔོས་ན་ཕ་རོལ་ཏུ་ཕྱིན་པའི ་མིང་འཐོབ་བོ།། བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་རྟག་པར་རྒྱུན་ཏུ་འདྲེས་པ་མེད་པའི་ཡིད་ཀྱིས་དགེ་བའི་རྩ་བ་བརྩེགས་ཤིང་བརྩེགས ་པ་རྣམས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱའོ།། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཟབ་མོ ་རྣམས་ལ་ཡང་སྤྱོད་ལ།། བར་སྐབས་སུ་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ།། །། ཡོངས་སུ་བསྔོ་བའི་ལེའུ་ཞེས་བྱ་སྟེ་དགུ་པའོ།། ་དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས ་དཔའ་གང་འཁྲུལ་པ་འདི་སྙེད་ཅིག་སྲུང་ཡང་འཁྲུལ་པར་མི་འགྱུར་བ་ནི་བགྱིར་དཀའ་བགྱིད་པའོ།། བཅོམ་ལྡན་འདས་དེ་ལྟ་ལགས་ཀྱིས་ཀྱང་བྱང་ཆུབ་སེམས ་དཔའ་ཐམས་ཅད་ཡོངས་སུ་བསྔོ་བ་ལ་མཁས་པ་དང་། ཐབས་ལ་མཁས་པ་འཚལ་བར་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཐངས་ཀྱིས་ནི ་བྱང་ཆུབ་སེམས་དཔའ་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས ་ཀྱང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ཀྱིས་འཁྲུལ་པར་མི་འགྱུར་ཏེ། ཐབས་མཁས་པ་དེས ་བགྱི་བ་ཐམས་ཅད་ཀྱང་སྟོན་ལ། བགྱི་བར་ལྟུང་བར་ཡང་མི་འགྱུར། ཆོས་མཉམ་པ་ཉིད་ལ་ཡང་གནས་ལ། སེམས་ཅན་ལོག་པ་ཉིད་དུ་མཆིས་པ་རྣམ་ལ་ཡང ་དག་པ་ཉིད་དུ་ངེས་པར་གྱུར་པའི་སླད་དུ་ཆོས་ཀྱང་སྟོན་ཅིང་། བསམ་པ་ཡོངས་སུ་མ་རྫོགས་ཀྱི་བར་དུ་བདག་ངེས་པར་གྱུར་པ་དེར་ཡང་མི་ལྟུང་ངོ་།། དེ་སྐད་ཅེས་གསོལ ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བློ་གྲོས་རྒྱ་མཚོ་དེ་དེ་བཞིན་ནོ།། ཇི་སྐད་སྨྲས་པ་བཞིན་ཏེ། ་བྱང་ཆུབ་སེམས་དཔས་ཐམས་ཅད་དུ་ཐབས་མཁས་པ་འདོད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན།། བློ་གྲོས་རྒྱ་མཚོ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ ་ཡོད་ཀྱི། ཐབས་ལ་མི་མཁས་པ་ལ་ནི་བྱང་ཆུབ་མེད་དོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན་སྣོད་ཅིག་གི་ནང་དུ་ཚོན་སྣ་གསུམ་སྟེ། སྣ་གཅིག་ནི་ཁ་དོག་སྔོན་དོ།། ་སྣ་གཅིག་ནི་ཁ་དོག་དམར་པོ།། སྣ་གཅིག་ནི་གསེར་གྱི་ཁ་དོག་ལྟ་བུ་སེར་པོ་བླུགས་ལ། ཚོན་གྱི་སྣོད་གཅིག་པོར་དེར་རས་ཁ་བསྒྱུར་བ་གསུམ་སྟེ། ཅིག་ནི་རས ་ཤོག་པོ་ཡུག་སེར་པོ་ཁ་བསྒྱུར་བ་གཅིག་ནི་རས་ཕྲན་ཡུག་དམར་པོ་ཁ་བསྒྱུར་བ་ཅིག་ནི་རས་བཅོས་བུ་རིན་ཐང་མེད་པ་སེར་པོར་གསེར་གྱི་ཁ་དོག་ལྟ་བུར་ཁ་བསྒྱུར་བ ་ཟུང་ཅིག་བཅུག་ལ། དེ་དག་སྣོད་ཅིག་གི་ནང་དུ་བཅུག་སྟེ། བསྒྲུབས་ནི་ཇི་ལྟ་ཁ་བསྒྱུར་བའི་བྱེ་བྲག་བཞིན་དུ་ཚོན་འཛིན་ཏེ། གང་ཚོན་སྔོན་པོས་ཁ་བསྒྱུར་བ་དེ་ནི ་ཁ་དོག་སྔོན་པོར་འགྱུར། གང་ཚོན་དམར་པོས་ཁ་བསྒྱུར་བ་དེ་ནི་ཁ་དོག་དམར་པོར་འགྱུར། གང་ཚོན་སེར་པོ་གསེར་ལྟ་བུས་ཁ་བསྒྱུར་བ་དེ་ནི་ཁ་དོག་གསེར་ལྟ་བུར ་འགྱུར་ཡང་སྣོད་དེ་ལ་ནི་རྣམ་པར་རྟོག་པར་འགྱུར་བ་གང་ཡང་མེད་དོ།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི ་སྣོད་ཅིག་ལ་གང་ཟག་གསུམ་སྟེ། གཅིག་ནི་ཉན་ཐོས་ཀྱིས་ཐེག་པ་པ་གཅིག་ནི་རང་སངས་རྒྱས་ཀྱི་ཐེག་པ་བ། གཅིག་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར ་ཞུགས་པ། བཙུང་བ་དེ་དག་བཙུད་པ་དང་། གང་གིས་ཅི་འདྲ་བའི་བསམ་པ་དང་། སེམས་ཀྱི་ཚོན་བསྩགས་པ་དེ་འདྲ་བར་དེ་ཡེ་ཤེས་ཀྱི་ཚོན་ཡོངས་སུ་ལན ་ཀྱང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྦྲོན་པ་མེད་པའི་སྣོད་ལ་ནི་རྣམ་པར་རྟོག་པ་གང་ཡང་མེད་དོ།། དེ་ལ་རས ་ཤོག་པོའི་ཡུག་ལྟ་བུར་ནི་ཉན་ཐོས་ཀྱི་ཐེག་པ་བལྟའོ།། རས་བྲན་གྱི་ཡུག་ལྟ་བུར་ནི། རང་སངས་རྒྱས་ཀྱི་ཐེག་པ་པ་བལྟའོ།། རིན་ཐང་མེད་པའི་རས་བཅོས ་བུའི་ཟུང་ལྟ་བུར་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལྟས། བློ་གྲོས་རྒྱ་མཚོ་ཆོས་རྣམས་ནི་སྙིང་པོ་མེད་པ། བྱེད་པ་པོ་མེད་པ། བདག་མེད་པ། ་སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པ། བདག་པོ་མེད་པ་སྟེ། འདི་ལྟར་ཇི་ལྟར་འདོད་པ་དེ་ལྟར་རྣམ་པར་སྒྲུབ་སྟེ། རྣམ་པར་སྒྲུབས་ཀྱང་། ་སེམས་པ་མ་ཡིན། རབ་ཏུ་རྟོག་པ་མ་ཡིན་པ་ལ་ལྟའོ།། བློ་གྲོས་རྒྱ་མཚོ་ཆོས་རྣམས་བསྒྲུབ་པ་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི། ཆོས་གང ་ལ་ཡང་ཡོངས་སུ་སྐྱོ་བ་མི་བསྐྱེད་དོ།། དེ་དེ་ལྟར་ཡེ་ཤེས་མཐོང་བ་ཤིན་ཏུ་རྣམ་པར་དག་པ་ཡིན་ཏེ། འདིར་གང་ལ་ཡང་ཕན་པ་འམ། གནོད་པ་མི་བྱེད་དོ།། ་དེ་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ནི་སྙིང་རྗེ་ཆེན་པོའི་གོ་ཆ་དེ་ཡང་མི་འདོར་རོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། ་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱ་རིན་ཐང་མེད་པ་ཤིན་ཏུ་བྱུང་བ། ཤིན་ཏུ་རྣམ་པར་དག་པ། ཤིན་ཏུ་དྲི་མ་མེད་པ། རྫབ་ཀྱི་ནང་དུ་བཅུག་ནས། ལོ་སྟོང་ལོན་པ། དེ་ལོ་སྟོང ་འདས་ནས་རྫབ་དེ་ནས་ཕྱུང་སྟེ། བཀྲུས་ཤིང་ཡོངས་སུ་སྦྱངས་ཏེ། བྱི་དོར་བྱས་ན་ཤིན་ཏུ་དག་ཅིང་། ཤིན་ཏུ་ཡོངས་སུ་དག་ལ་ཤིན་ཏུ་བྱང་ནས། དེ་ཉིད ་དག་པ་དྲི་མ་མེད་པའི་ནོར་བུ་རིན་པོ་ཆེའི་རང་བཞིན་མི་འདོར་རོ།། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ཀྱི་སེམས་རང ་བཞིན་གྱིས་འོད་གསལ་བར་རབ་ཏུ་ཤེས་སོ།། དེ་ཡང་གློ་བུར་གྱི་ཉེ་བའི་ཉོན་མོངས་པས། ཉོན་མོངས་པ་ཅན་དུ་བྱས་པར་མཐོང་ངོ་།། དེ་ལ་བྱང་ཆུབ ་སེམས་དཔའ་འདི་སྙམ་དུ་སེམས་ཏེ།། ཉོན་མོངས་པ་འདི་དག་ནི། སེམས་ཅན་རྣམས་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བ་ཞུགས་པ་མེད་ཀྱི། ཉོན་མོངས ་བ་དེ་དག་ནི་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་ལས་བྱང་དུ་ཟད་པས་བདག་གིས་སེམས་ཅན་དེ་དག་གི། ཉོན་མོངས་བློ་བུར་གྱི་ཉོན་མོངས་པ་སྤངས་པའི་ཕྱིར ་ཆོས་བསྟན་ནུས་སོ།། སྙམ་ནས་དེ་ཞུམ་པའི་སེམས་མི་སྐྱེད་དོ།། དེ་དེ་བས་ཀྱང་ཤས་ཆེར་སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་སེམས་བསྐྱེད་པ་སྐྱེདདོ།། ་དེ་ཡང་འདི་སྙམ་དུ་སེམས་ཏེ།། ཉོན་མོངས་པ་དེ་དག་ལ་ནི་སྟོབས་དང་མཐུ་ཅུང་ཟད་ཀྱང་མེད་དེ། ཉོན་མོངས་དེ་དག་ནི་སྟོབས་མེད་པ ་ཉམ་ཆུང་བ་དག་གོ།། དེ་དག་ནི་ཡང་དག་པ་ལ་ཆུང་ཟད་ཀྱང་མི་གནས་ཀྱི། ཉོན་མོངས་པ་དེ་དག་ནི་ཡང་དག་པ་མ་ཡིན་པ། ཀུན་བརྟགས་པ་དག་སྟེ། དེ་དག ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ། ཚུལ་བཞིན་ཡིད་ལ་བྱེད་པས་བརྟགས་ན། འཁྲུགས་པར་མི་འགྱུར་བས་བདག་གིས་དེ་དག་ལ་ཅི་ནས་ཀྱང་འདྲེ་བར་མི་འགྱུར ་བ་དེ་ལྟར་དེ་ལྟར་བརྟག་པར་བྱའོ།། ཉོན་མོངས་པ་རྣམས་དང་མི་འདྲེ་བ་ནི་ལེགས་པ་ཡིན་གྱི། འདྲེ་བ་ནི་མ་ཡིན་ནོ།། གལ་ཏེ་བདག་ཉོན་མོངས་པ་རྣམས ་དང་འདྲེ་བར་གྱུར་ལ།། ཉོན་མོངས་པའི་བཅིངས་བཱི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་བཅིང་བ་སྤང་བའི་ཕྱིར། ཇི་ལྟར་ཆོས་བསྟན་གྱིས། བདག་ཉོན ་མོངས་པ་རྣམས་དང་མི་འདྲེ་བར་བྱས་ལ། ཉོན་མོངས་པའི་བཅིང་བ་སྤང་བའི་ཕྱིར། སེམས་ཅན་རྣམས་ལ་ཆོས་བསྟན་པར་བྱའོ།། བདག་སེམས་ཅན་ཡོངས ་སུ་སྨིན་པར་བྱ་བའི་ཕྱིར།། གང་དག་འཁོར་བའི་རྒྱུར་བྱེད་ལ། དགེ་བའི་རྩ་བ་དང་། མཚུངས་པར་ལྡན་ཉོན་མོངས་པ་དེ་དག་ནི་འདྲེ་བར་བྱའོ་སྙམ་མོ།། ་འཁོར་བའི་རྒྱུན་བྱེད་ལ། དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་དེ་དག་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་བསྩལ ་བས་མི་ངོམས་པ་དང་། བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང་། སངས་རྒྱས་དང་ཕྲད་པར་སྨོན་པ་དང་། སེམས་ཅན་ཡོངས་སུ་སྨིན ་པར་བྱ་བ་ལ་ཡོངས་སུ་མི་སྐྱོ་བ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་བརྩོན་པ་དང་། སེམས་ཅན་བྱ་བ་ཅི་ཡོད་སྙམ་པ་ལ་སྤྲོ་བ་དང་། ཆོས་འདོད ་པའི་བག་ལ་ཉལ་མི་འདོར་བ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་རྣམས་ཡོངས་སུ་མི་གཏོང་བའོ།། བློ་གྲོས་རྒྱ་མཚོ་དེ་དག་ནི་དགེ་བའི་རྩ་བ་དང་མཚུབ ་བར་ལྡན་པའི་ཉོན་མོངས་པ་རྣམས་ཏེ། བྱང་ཆུབ་སེམས་དཔའ་ནི་དེ་དག་གིས་འདྲེ་ཡང་ཉོན་མོངས་པའི་སྐྱོན་རྣམས་ཀྱིས་མི་གོས་སོ།། བློ་གྲོས་རྒྱ་མཚོས ་གསོལ་པ། བཅོམ་ལྡན་འདས་དགེ་བའི་རྩ་བ་ལགས་ན། ཅིའི་སླད་དུ་ཉོན་མོངས་པ་རྣམས་ཤེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་བློ་གྲོས་རྒྱ་མཚོ་འདི་ལྟར་ཉོན་མོངས་པ་དེ་ལྟ་བུ་དག་གིས། བྱང་ཆུབ་སེམས་དཔའ་ཁམས་གསུམ་དང་འདྲེ་ཞིང་ཁམས་གསུམ་པ་ནི་ཉོན་མོངས་པ ་ལས་བྱུང་བ་ཡོན་པས། དེ་ལ་བྱང་ཆུབ་སེམས་དཔའ་ནི་ཐབས་མཁས་པ་དང་། དགེ་བའི་རྩ་བའི་སྐྱོ་བས་བསྐྱེད་པས་བསམས ་བཞིན་དུ་ཁམས་གསུམ་དང་འདྲེའོ།། དེ་ཅིའི་ཕྱིར་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེས་བྱ་སྟེ། ཁམས་གསུམ་དུ་འདྲི་བས་དེ་སྐད ་བྱའི། སེམས་ཉེ་བར་ཉོན་མོངས་པས་ནི་མ་ཡིན་ནོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན་ཚོང་དཔོན་ཁྱིམ་བདག་གཅིག་ལ་བུ་སྡུག་པ་འཕངས་པ་ཡིད་དུ ་འོངས་པ་བལྟ་བ་དང་། འཐུན་པ་གཅིག་པུ་ཞིག་ཡོད་པར་གྱུར་ལ། ཁྱེའུ་དེ་ཡང་བྱིས་པར་གྱུར་པས། གར་བྱེད་བཞིན་དུ་ཁྲོན་པ་བརྩོག་པ་ཞིག་ཏུ་ལྟུང་བ་དང་། ་དེ་ནས་ཁྱེའུ་དེའི་མ་དང་མཛ་བཤེས་དང་། ཉེ་དུ་དག་གིས་ཁྱེའུ་དེ་ཁྲོན་པ་བརྩོགས་པར་ལྷུང་བར་མཐོང་ལ། མཐོང་ནས་ཀྱང་སྒྲ་ཆེར་ཕྱུང་སྟེ། མྱ་ངན་བྱེད་ཅིང ་སྨྲེ་སྔགས་འདོན་གྱི། ཁྲོན་པ་བརྩོག་པ་དེར་ཞུགས་ཏེ། བུ་གཅིག་དེ་མི་འབྱིན་ལ། དེ་ནས་ཁྱེའུ་དེའི་ཕ་འོངས་ཏེ། དེས་བུ་ཅིག་པ་ཁྲོན་པ་བརྩོག་པར་ལྟུང་བ ་དེ་མཐོང་ལ། མཐོང་ནས་ཀྱང་བུ་གཅིག་པ་ལ་བསམ་པ་ཐག་པ་ནས་བྱམས་ཤིང་རྗེས་སུ་ཆགས་པས་མི་སྡོད་པར་མྱུར་དུ་སྐྱེན་པར་ལ་གོང་དུ་ཁྲོན་པ་བརྩོག་པ་དེར ་ཞུགས་ཏེ། བུ་ཅིག་པ་ཕྱུབ་པ་འདི་ལྟ་བུ་འདི་ནི། བློ་གྲོས་རྒྱ་མཚོ་ཇི་ཙམ་དུ་དོན་ཤེས་པར་བྱ་བའི་དཔེར་བྱ་བ་ཡིན་ནོ།། འདིར་དོན་དུ་བལྟ་གང་ཞེ་ན། བློ་གྲོས་རྒྱ ་མཚོ་ཁྲོན་པ་ཞེས་བྱ་བ་ནི་ཁམས་གསུམ་གྱི་ཚིག་བླ་དགས་སོ།། བུ་ཅིག་པ་ཞེས་བྱ་བ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་ཚིག་བླ་དགས་སོ།། དེ་དག་ལ་བྱང་ཆུབ་སེམས ་དཔའ་བུ་ཅིག་པ་ལྟར་འདུ་ཤེས་སོ།། མ་དང་མཛབ་ཤེས་དང་། ཉེ་དུ་ཞེས་བྱ་བ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་གང་ཟག་རྣམས་ཀྱི་ཚིག་བླ་དགས་ཏེ། ་དེ་དག་ནི་འཁོར་བར་ལྟུང་བའི་སེམས་ཅན་རྣམས་མཐོང་ན། མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་གྱི་འབྱིན་མི་ནུས་སོ།། ཚོང་དཔོན་ཁྱིམ་བདག་ཅེས་བྱ་བ་དེ་ནི། བྱང་ཆུབ ་སེམས་དཔའི་ཚིག་བླ་དགས་ཏེ། དེ་ནི་སེམས་དག་ཅིང་དྲི་མ་མེད་ཅིང་། དྲི་མ་དང་བྲལ་ལ་འདུས་མ་བྱས་ཀྱི་ཆོས་མངོན་སུམ་དུ་གྱུར་ཀྱང་། སེམས་ཅན་ཡོངས་སུ ་སྨིན་པར་བྱ་བའི་ཕྱིར། བསམས་བཞིན་དུ་ཁམས་གསུམ་དུ་མཚམས་སྦྱོར་རོ།། བློ་གྲོས་རྒྱ་མཚོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་སྟེ། གང་ཉོན ་མོངས་པའི་བཅིངས་པ་ཐམས་ཅད་ལས་ཤིན་ཏུ་ཡོངས་སུ་གྲོལ་ཡང་ཐབས་མཁས་པས་སྲིད་པར་སྐྱེ་བ་ཉེ་བར་ལེན་པ། ཤེས་རབ་ཀྱིས་ཡོངས་སུ་ཟིན་པས། རང་གི ་ཉོན་མོངས་པའི་རྣམས་ཀྱི་ཀྱང་གནོད་པ་མེད་ཅིང་། ཉོན་མོངས་པའི་བཅིངས་པ་ཐམས་ཅད་སྤང་བའི་ཕྱིར། སེམས་ཅན་རྣམས་ལ་ཆོས ་ཀྱང་སྟོན་པའོ།། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དྲི་མ་མ་མཆིས་ཤིང་དྲི་མ་དང་བྲལ་ཏེ། ་བདག་ཀྱང་འཁོར་བ་ལ་མི་སྨོད་ཅིང་། ཆོས་ཟབ་མོ་ལ་ཇི་ལྟ་བ་བཞིན་དུ་རྟོག་པས་ཀྱང་འདུས་མ་བྱས་སུ་མི་ལྟུང་ཞིང་འབྲས་བུ་ཡང་ཐོབ་པར་མི་བགྱིད་པ་ནི།། ་བགྱིད་དཀའ་བ་བགྱིད་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡན་ལག་གཉིས་དང་རབ་ཏུ་ལྡན ་བའི་ལམ་སྟེ། འདི་ལྟར་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པའོ།། བློ་གྲོས་རྒྱ་མཚོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དྲི་མ་མེད་ཅིང་དྲི་མ་དང་བྲལ ་ཏེ། དག་པར་གྱུར་པ་འདི་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བློ་གྲོས་རྒྱ་མཚོ་གང་གི་ཚེ། བྱང་ཆུབ་སེམས་དཔའ་འཁོར་བ་ལ་མི་སྨོད་ཅིང་། སེམས་ཅན ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། སྐྱེས་པ་ཡང་འཛིན་པ་འདི་ནི་དེའི་ཐབས་མཁས་པའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དག ་འདུ་བྱེད་ཐམས་ཅད་ལ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བར་སོ་སོར་རྟོག ་བ་འདི་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་གི་ཚེ་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་བའི་སེམས་ཀྱིས་འདུས་མ་བྱས་སུ་མི་ལྟུང་ཞིང་འབྲས་བུ་ཐོབ་པར་ཡང་མི་བྱེད ་བ་འདི་ནི་དེའི་ཐབས་མཁས་པའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་ཐ་དད་དུ་བྱ་བའི་ཆོས་གང་ཡང ་མི་མཐོང་སྟེ། ཆོས་ཀྱི་དབྱིངས་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ། སེམས་ཅན་གྱི་ཁམས་ཀྱི་མཉམ་པའི་སེམས་ཅན་གྱི་ཁམས་མཉམ་པ་གང་ཡིན་པ་དེ་མྱ་ངན་ལས་འདས ་པའི་དབྱིངས་ཀྱི་མཉམ་པ་གང་ཡིན་པ་དེ་ཆོས་ཀྱི་དབྱིངས་ཀྱི་མཉམ་པ་སྟེ། ཆོས་ཀྱི་དབྱིངས་ལ་འཇུག་པས་མཉམ་པ་ཉིད་ལ་འཇུག་པ་འདི་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ ་བྱིན་པའོ།། གང་གི་ཚེ་སེམས་ཅན་གྱི་ཁམས། ཁམས་གཅིག་ཏུ་རབ་ཏུ་ཤེས་ཤིང་མྱ་ངན་ལས་འདས་པའི་དབྱིངས་ཀྱང་མངོན་སུམ་དུ་མི་བྱེད་ལ། སེམས་ཅན་གྱི་ཁཾས ་ལ་ལྟ་བས་ཆོས་ཀྱི་དབྱིངས་ལ་མི་ལྟ་བ་ཡང་མི་འགྱུར་བ་འདི་ནི་དེའི་ཐབས་མཁས་པའོ།། རིགས་ཀྱི་བུ་གཞན་ཡང་སྦྱིན་པ་དག་པ་ནི་ཤེས་རབ་པོ།། ཡོངས་སུ་སྔོ་བ་དག ་པ་ཐབས་སོ། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དག་པ་ནི་ཤེས་རབ་བོ།། ཡོངས་སུ་བསྔོ་བ་དག ་བ་ནི་ཐབས་སོ།། མདོར་བསྡུ་ན་དགེ་བའི་རྩ་བ་ཐམས་ཅད་དག་པ་ནི་ཤེས་རབ་བོ།། ཡོངས་སུ་སྔོ་བ་དག་པ་ནི་ཐབས་སོ།། བློ་གྲོས་རྒྱ་མཚོས་གསོལ་པ། བཅོམ ་ལྡན་འདས་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡོངས་སུ་དག་པ་ནི་གང་ལགས། ཡོངས་སུ་བསྔོ་བ་དག་པ་ནི་གང་ལགས། ཤེས་རབ་དག་པ་ནི་གང་ལགས། ་ཐབས་དག་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་དགེ་བའི་རྩ་བ་དག་པ་ནི་གང་བདག་དང་། སེམས་ཅན་དང་། སྲོག་དང་། ་གསོ་བ་དང་། སྐྱེས་བུ་དང་། གང་ཟག་ཏུ་ལྟ་བ་དང་བྲལ་བར་དགེ་བའི་རྩ་བ་དེ་དག་རྫོགས་པའོ།། ཡོངས་སུ་བསྔོ་བ་དག་པ་ནི། གང་སྟོང་པ་ཉིད་དང་། མཚན ་མ་མེད་པ་དང་། སྨོན་པ་མེད་པ་ཡོངས་སུ་འདྲིས་པར་དགེ་བའི་རྩ་བ་དེ་དག་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ།། ཤེས་རབ་དག་པ་ནི་གང་སེམས་ཅན་ཐམས་ཅད ་ཀྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཤེས་པའི་ཡེ་ཤེས་སོ།། ཐབས་དག་པ་ནི་གང་སེམས་ཅན་ཐམས་ཅད་ལ་སོ་སོར་ཅི་རིགས་པར་ཆོས་སྟོན་པ་ལ་མཁས་ལ། ་བློ་གྲོས་རྒྱ་མཚོ་གཞན་ཡང་དགེ་བའི་རྩ་བ་དག་པ་ནི། གང་སྲིད་པར་འགྲོ་བའི་སྐྱེ་བ་ཐམས་ཅད་ལ་མི་གནས་པར་དགེ་བའི་རྩ་བ་དག་སྩོགས་པའོ།། ཡོངས་སུ ་བསྔོ་བ་དག་པ་ནི། གང་ཐེག་པ་ཐམས་ཅད་ལ་ཡང་དག་པར་གཞོལ་བས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡིད་ལ་བྱེད་པ་དང་བྲལ་བར་དགེ་བའི་རྩ་བ་དེ ་དག་ཐེག་པ་ཆེན་པོར་ཡོངས་སུ་བསྔོ་བའོ།། ཤེས་རབ་དག་པ་ནི་གང་བག་ཆགས་ཀྱི་མཚམས་སྦྱོར་བར་གྱུར་པའི་ཉོན་མོངས་པ་ཐམས་ཅད་ཡང་དག་པར་འཇོམས ་བའོ།། ཐབས་དག་པ་ནི་སེམས་ཅན་གང་དག་ཡོངས་སུ་སྨིན་པར་བྱེད་པ་དེ་དག་དོན་འཐུན་པས་ཐེག་པ་ཆེན་པོ་ཡང་དག་པར་འཛིན་དུ་འཇུག་པའོ།། གཞན་ཡང ་དགེ་བའི་རྩ་བ་དག་པ་ནི་འདི་ལྟ་སྟེ། ལོངས་སྤྱོད་མི་ཟད་པ་དང་། ལག་ན་རིན་པོ་ཆེའོ།། ཡོངས་སུ་བསྔོ་བ་དག་པ་ནི་གང་སེམས་ཅན་ཐམས་ཅད་དང་སློབ་པ་དང་། ་མི་སློབ་པ་དང་། རང་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྣམས་ཡོངས་སུ་འཛིན་ཅིང ་ཡང་དག་པར་འཇུག་པའོ།། ཤེས་རབ་དག་པ་ནི་གང་གཟུངས་ཀྱི་ཕྱག་རྒྱས་བཏབ་ནས། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ཀུན་དུ་འཛིན་ཅིང་ཆུད་མི་ཟ་བར ་མི་བྱེདའོ།། ཐབས་དག་པ་ནི་གང་སྤོབས་པ་རྒྱུན་མི་ཆད་པ་དང་། སྤོངས་པ་ཆག་པ་མེད་པ་དང་། ཆོས་བསྟན་པ་དོན་ཡོད་པས་པ ་ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཡང་དག་པར་ཚིམ་པར་བྱེད་པའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་དགེ་བའི་རྩ་བ་དག་པ་ནི་གང་། ཚེ་རབས་ཚེ་རབས ་དག་ཏུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པའོ།། ཡོངས་སུ་སྔོ་བ་དག་པ་ནི་གང་། བྱང་ཆུབ་ཀྱི་སེམས་མ་བརྗེད་པར་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ ་བསྔོ་བའོ།། ཤེས་རབ་དག་པ་ནི་གང་མི་གན་པའི་དགེ་བའི་རྩ་བ་དེ་བྱང་ཆུབ་ཀྱི་སེམས་སུ་ཤེས་པའོ།། ཐབས་དག་པ་ནི་བྱང་ཆུབ་ཀྱི་སེམས་མཉམ་པ་ཉིད་དུ ་ཕ་རོལ་ཏུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཡང་དག་པ་འཛིན་དུ་འཇུག་པའོ།། དེ་ནས་བཅོམ་ལྡན་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད ་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ཇི་ལྟར་བདག་གིས་འཚལ་བ་ལྟར་ན། བཅོམ་ལྡན་འདས་བདག་འདི་སྙམ་བགྱིས་དེ། བྱང ་ཆུབ་སེམས་དཔའ་ཐབས་མཁས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་པ་ཡོངས་སུ་དག་པ་རྣམས་ཀྱི་བྱ་ཆུབ་ནི་ཀུན་དུ་འགྲོ་བ་སྟེ། བཅོམ་ལྡན་འདས་དེ ་དག་གི་བྱང་ཆུབ་མ་ལགས་པའི་ཆོས་གང་ཡང་མ་མཆིས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོག་པ་ནི་བྱང ་ཆུབ་པོ།། བཅོམ་ལྡན་འདས་དེ་བས་ན། བྱང་ཆུབ་སེམས་དཔས་བྱང་ཆུབ་ལ་རིང་བའི་འདུ་ཤེས་མི་བགྱིའོ།། ཡུལ་དྲུག་པོ་དག་གིས་ནང་ནས་ཆོས ་གང་དེ་ལ་སྣང་བར་འགྱུར་བ་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པ་ནི་བྱང་ཆུབ་པོ།། བཅོམ་ལྡན་འདས་དེ་ལྟར་མོས་པའི་བྱང་ཆུབ་སེམས་དཔའ ་ནི་ཐབས་མཁས་པ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་པ་ཐོབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ ་བློ་གྲོས་རྒྱ་མཚོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་བློ་གྲོས་རྒྱ་མཚོ་ལེགས་སོ་ལེགས་སོ།། དེ་དེ་བཞིན་ནོ།། ཇི་སྐད་སྨྲས་པ་བཞིན་ཏེ། ཡུལ ་དྲུག་པོ་དག་གི་ནང་ནས་ཆོས་གང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་དག་པ་རྣམས་ལ་སྣང ་བར་འགྱུར་བ་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་བྱང་ཆུབ་སྟེ། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་རིགས་པར་བྱའོ།། བྲེ་གྲོས ་རྒྱ་མཚོ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་ཤིན་ཏུ་རྒྱས་པ། ཚད་མེད་དང་། ་བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པར་གྱུར་པ་དེའི་ཚེ། དེའི་དུས་ན། སྐར་མདོག་གི་བསྐལ་པ་ལ་ཤིན་ཏུ་སྤྲུལ་པའི་འཇིག་རྟེན་གྱི་ཁམས་སུ། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་གཟེར་སྣང་བ་མཐའ་ཡས་ཤེས་བྱ་བ། རིག་པ་དང་ཞབས་སུ་ལྡན ་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་།། ཅིའི་ཕྱིར་དེ་བཞིན་གཤེགས་པ་དེ་འོད་ཟེར་སྣང་བ་མཐའ་ཡས་ཤེས་བྱ་ཞེ་ན། བཅོམ་ལྡན་འདས་དེ་ཐམས་ཅད་མཁྱེན་པ་མཐོང ་ཅིང་བྱང་ཆུབ་སེམས་དཔར་གྱུར་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས། ལུས་ལས་འོད་འདི་ལྟ་བུ་ཕྱུང་སྟེ། འོད་རབ་ཏུ་ཕྱུང་བ་དེས། ཕྱོགས་བཅུའི་སངས་རྒྱས ་ཀྱི་ཞིང་ཚད་མེད་གྲངས་མེད་བགྲངས་པ་ལས་ཤིན་ཏུ་འདས་པ་དག་སྣང་བ་ཆེན་པོས་གསལ་བར་གྱུར་ཏོ།། སངས་རྒྱས་ཀྱི་ཞིང་དེ་དག་ན་བྱང་ཆུབ་སེམས་དཔའ་གང ་དག་ཕྱིར་མི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་འཁོད་པ་དེ་དག་གིས། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དེ་མཐོང་ངོ་། མཐོང་ནས་ཀྱང ་བྱང་ཆུབ་སེམས་དཔའ་ག་ལ་བ་དེ་ལོགས་སུ་མེ་ཏོག་གཏོར་ཏོ།། གཏོར་བ་དང་སངས་རྒྱས་ཀྱི་མཐུས་འོངས་ནས་བྱང་ཆུབ་སེམས་དཔའ་དེའི་ལུས་ལ་བབ་པོ།། མེ་ཏོག ་དེ་དག་གིས་འཇིག་རྟེན་གྱི་ཁམས་ཤིན་ཏུ་སྤྲུལ་པ་དེར་མི་བདུན་གྱི་འཕང་ཙམ་གྱི་མེ་ཏོག་བཀྲམ་པ་གཅིག་པུ་གནས་པར་གྱུར་ཏོ།། འཇིག་རྟེན་གྱི་ཁམས་དེ་ན་དབང་ཆེ་བ་དག ་དང་ལྔ་བྱང་ཆུབ་སེམས་དཔའ་གང་དག་འཁོད་པ་དག་གིས་འོད་དེ་མཐོང་ནས། གང་འདི་ལྟ་བུ་རྣམ་པར་དག་པའི་འོད་བྱུང་བ་ལས་ན། ཀྱེ་མ་འདི་ནི་དེ་བཞིན་གཤེགས ་པ་འོད་གཟེར་སྣང་བ་མཐའ་ཡས་སུ་འགྱུར་རོ་ཞེས་ཆེད་དུ་བརྗོད་དེ། དེ་ལྟར་ན་དེ་བཞིན་གཤེགས་པ་དེའི་མཚན་འོད་ཟེར་སྣང་བ་མཐའ་ཡས་ཤེས་བྱ་བར་གྱུར་ཏོ།། ། ་ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཤིན་ཏུ་སྤྲུལ་པ་ཞེས་བྱ་ཞེ་ན། འཇིག་རྟེན་གྱི་ཁམས་དེ་ན་འཁོད་པའི་མི་དེ་དག་གི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་ནི་གཞན་འཕྲུལ ་དབང་བྱེད་ཀྱི་ལྷའི་བུ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་ཅི་འདྲ་བར་གྱུར་པས། དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཤིན་ཏུ་སྤྲུལ་པ་ཞེས་བྱའོ།། ཅི ་ཕྱིར་བསྐལ་པ་དེ་སྐར་མདོག་ཅེས་བྱ་ཞེ་ན། བློ་གྲོས་རྒྱ་ཚོ་བསྐལ་པ་ཁྲི་འདས་ནས། བསྐལ་པ་དེ་ལ་སངས་རྒྱས་བྱུང་བར་གྱུར་ཏེ། དེ་བཞིན ་གཤེགས་པ་སྐར་མ་ལ་དགའ་བ་ཞེས་བྱ་བ་བྱུང་ངོ་།། གང་གི་འོག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་གཟེར་སྣང་བ་མཐའ་ཡས་དེས་བྱང་ཆུབ་ཐོབ་པའི་དེ ་བཞིན་གཤེགས་པ་དེའི་མཚན་གྱིས་བསྐལ་པ་དེ་སྐར་མདོག་ཅེས་བྱའོ།། བློ་གྲོས་རྒྱ་མཚོ་བསྐལ་བ་དེ་ལ་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བཅུ་བཞི་བྱུང་ངོ་།། བློ་གྲོས་རྒྱ ་མཚོ་འཇིག་རྟེན་གྱི་ཁམས་ཤིན་ཏུ་སྤྲུལ་པ་དེ་ནི་འབྱོར་པ། རྒྱས་པ་ཞི་བ། ལོ་ལེགས་པ། ལྷ་དང་མིས་གང་བ། ཡངས་ཤིང་ཐ་གྲ་ཆེ་བར་གྱུར་ཏེ། གླིང་བྱེ་བརྒྱ་སྟོང་ཕྲག ་བཅུ་རྩ་དྲུག་ཡོད་དོ།། གླིང་རེ་རེའི་ཚད་ཀྱང་དཔག་ཚད་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡོད་དོ།། དཔག་ཚད་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རེ་རེ་ལ་ཡང་གྲོང་ཁྱེར་བརྒྱད ་ཁྲི་བཞི་སྟོང་ཡོད་པར་གྱུར་ཏོ།། གྲོང་ཁྱེར་རེ་རེ་ཡང་གྲོང་དང་། ཚོང་འདུས་དང་། འོར་གྱི་གྲོང་བརྒྱད་ཁྲི་བཞི་སྟོང་གིས་ཀུན་ནས་བསྐོར་བར་གྱུར་ཏོ།། གྲོང་ཁྱེར་དེ ་དག་ཐམས་ཅད་ན་ཡང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་བཅུ་ཡོད་པར་གྱུར་ཏོ།། གྲོང་དང་ཚོང་འདུས་དང་། འོར་གྱི་གྲོང་དེ་དག་ཐམས་ཅད་ན་ཡང་། ་མི་སྐྱེ་དགུའི་སྲོག་ཆགས་བྱེ་བ་ཕྲག་བརྒྱད་བརྒྱད་གནས་པར་གྱུར་ཏོ།། དབང་ཆེ་བ་དབང་ཆེ་བར་གྲགས་པའི་མིའི་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟར་འཇིག ་རྟེན་གྱི་ཁམས་དེ་རྒྱས་པར་གྱུར་ཏོ།། འཇིག་རྟེན་གྱི་ཁམས་དེ་ནི་གསེར་དང་དངུལ་དང་ཤེལ་དང་། བཻ་དཱུརྱ་དང་། རིན་པོ་ཆེ་སྣ་བཞི་ལས་གྲུབ་པར་གྱུར་ཏོ།། དེ་ན ་བཟའ་བ་དང་། བཏུང་བ་དང་། གོས་དང་རྒྱན་དང་། ཡོངས་སུ་སྤྱོད་པ་དག་བསམ་པ་ཙམ་གྱིས་འབྱོར་ཏོ།། ལྷ་དང་མི་དེ་དག་ཀྱང་ངའི་བ་མེད་པར་ཡོངསུ ་འཛིན་པ་མེད་པར་གྱུར་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེའི་ཚེའི་ཚད་ནི་བར་གྱི་བསྐལ་བཅུ་ཐུབ་པར་གྱུར་ཏོ།། དེའི ་ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་ཉན་ཐོས་བྱེ་བ་བརྒྱ་སྟོང་བྱེ་བ་ཕྲག་སུམ་ཅུ་རྩ་དྲག་ཡོད་དོ།། བྱང་ཆུབ་སེམས་དཔའི་འདས་པ་ཆེན་པོ་ནི། བྱང་ཆུབ་སེམས་དཔའ ་བྱེ་བ་བརྒྱ་ཕྲག་བཅུ་གཉིས་ཡོད་དོ།། རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་དེའི་སྐྱེ་བའི་སར་གྱུར་ཏོ།། བཅོམ་ལྡན ་འདས་དེ་དེ་ནས་མངོན་པར་བྱུང་ནས། བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་དགའ་བ་འབྱུང་བ་ཞེས་བྱ་བར་གནས་ཏེ།། བཞུགས་སོ།། བློ་གྲོས་རྒྱ་མཚོ་དེའི་ཚེ་དེའི་དུས་ན། ་གྲོང་ཁྱེར་ཆེན་པོ་དགའ་བ་འབྱུང་བ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་སྟོང་གསུམ་གྱི་འཇིག་རྟེན་གྱི ་དབང་ཕྱུག་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞིག་བྱུང་ངོ་།། དེའི་རིན་པོ་ཆེ་སྣ་བདུན་ནོ་འདི་དགས་སྟེ། འདི་ལྟར་འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན ་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ནོར་བུ་རན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་དང་། བདུན་ནོ།། རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག ་པ་དེ་ཡངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པར་གྱུར་ཏེ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ། སེམས་ཅན ་ཐམས་ཅད་ལ་ཞེ་འགྲས་པ་མེད་པའོ།། རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་དེའི་བཙུན་མོའི་འཁོར་གྱིས་བུད་མེད་ནི་བྱེ་བ་ཕྲག་བཞི་ཡོད་དོ།། གཟུགས ་བཟང་བ། མཛེས་པ། བལྟའི་ན་སྡུག་པ། ལྷའི་བུ་མོའི་གཟུགས་དང་འདྲ་བ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་བཞུགས་པ ་ཤ་སྟག་གོ།། དེ་ལྟ་བུ་སྟོང་ཡོད་དེ། དཔའ་བ། རྟུལ་འོད་པ། ཡན་ལགས་བཟང་པོའི་མཆོག་གི་གཟུགས་དང་ལྡན་པ་ཕ་རོལ་གྱི་སྡེ་རབ་ཏུ་འཛིམ་པ། ་སྲེད་མེད་ཀྱི་བུའི་སྟོབས་ཀྱི་ཤུགས་ཕྱེད་བདོག་པ། སྐྱེས་བུ་ཆེན་པོའི་མཚན་ཉི་ཤུ་བརྩ་བརྒྱད་ཀྱིས་ཡན་ལག་རྣམ་པར་སྨྲས་པ། བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཤ་སྟག་གོ།། དེ་ལ་བུ་མོ་བརྒྱད་འབུམ་ཡོད་དེ། གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ལྷའི ་བུ་མོའི་གཟུགས་དང་འདྲ་བ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཤ་སྟག་གོ། བློ་གྲོས་རྒྱ་མཚོ་རྒྱལ་པོ་ཡུ་ལ་ཤིན་ཏུ ་རྣམ་པར་དག་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་གཟེར་སྣང་བ་མཐའ་ཡས་དེ་འཁོར་དང་བཅས་པ་ལ་བར་ཀྱི་བསྐལ་བ་གཉིས་ཀྱི་བར་དུ ་རུང་བ་ཁ་ན་མ་ཐོ་བ་མེད་པ། དགེ་སྦྱོང་དང་མཐུན་པ་ཡིད་དུ་འོང་བའི་གོས་དང་། ཟས་དང་མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས ་སྤྱན་དྲངས་པར་གྱུར་ཏོ།། རྒྱལ་པོ་དེས་བཅོམ་ལྡན་འདས་དེ་ལ་མཆོད་པའི་ལས་ཀྱི་ཕྱིར། འཁོར་གྱི་ཁྱམས་ཡངས་ཤིང་ཐ་གྲུ་ཆེ་བ། ཆུ་ཞེང་དཔག་ཚད ་ལྔ་འབུམ་ཡོད་པ། ས་ཕྱོགས་ནོར་བུ་རིན་པོ་ཆེ་བཻ་དཱུརྱས་སྤྲས་པ། རིན་པོ་ཆེ་སྣ་བདུན་གྱི་ཕྱིར་རས་བསྐོར་བ་ཙན་དན་དམར་པོ་དང་། ཙན་དན་སྦྲུལ་གྱི་སྙིང ་པོ་གཤིབས་ཏེ། སྦྱར་བ་སྣ་ཚོགས་བལྟ་ན་སྡུག་པ། ལྷའི་གཞལ་མེད་ཁང་འདྲ་བར་བྱས་སོ།། གཞན་ཡང་དགེ་སློང་གི་དགེ་འདུན ་གྱིས་ཡོངས་སུ་སྤྱད་པའི་ཁང་པ་བརྩེགས་པས་ཡ་བྱས་སོ།། བློ་གྲོས་རྒྱ་མཚོ་དེ་ལྟར་རྒྱལ་པོའི་ཡུལ་ཤིན་ཏུ་རྣམ་པར་དག་པ་ལས། གཞན་མི་བྱེད་པར་རྒྱུན ་དུ་ཚངས་པར་སྤྱོད་པ་ཡང་དག་པར་བླངས། བསླབ་པའི་གནས་ལྔ་པོ་ཡོངས་སུ་བཟུང་སྟེ། བཙུན་མོའི་འཁོར་དང་བཅས། རང་གི་སྐྱེ་བོ་དང་བཅས། གཡོག ་འཁོར་དང་བཅས་པས། བར་གྱི་བསྐལ་པ་གཉིས་སུ་བཅོམ་འདས་དེ་ལ་བསྙེན་བཀུར་བྱས་ནས། བར་གྱི་བསྐལ་པ་དེ་གཉིས་འདས་པ་དང་། བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་ག་ལ་བ་དེར་སོང་སྟེ་བྱིན་ནས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས་ཀྱང་། རྒྱལ་པོའི་ཡུལ་ཤིན་ཏུ་རྣམ་པར་དག་པས། བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ ་གཞན་གྱི་དྲིང་མི་འཇོག་པར་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱད་པར་དུ་མཆིས་པས་དེ་ལ་མ་ཆགས་པ་རྣམས་ལགས། ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བློ་མི་གཡོ་མི་འགྱུར་ཞིང་ཤིན་ཏུ་བརྟན་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས ་དཔའ་ཐབས་དང་ཤེས་རབ་ཡོངས་སུ་དག་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྒྱང་རིང་དུའང་ལྟ་ལ་རྩ་བ་ཡང་མཆད ་བ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔལ་ཡུལ་ཡང་འབྱོར་ལ་བག་མ་མཆིས་པ་ཡང་མི་འདོར་བ་རྣམ་ལགས། བཅོམ་ལྡན ་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དོན་ཟབ་མོའི་ཚུལ་ལ་མི་སྐྲག་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ལ ་བྱང་ཆུབ་སེམས་དཔའ་ཡང་དག་པ་རྣམས་ཤེས་བགྱི། བློ་གྲོས་རྒྱ་མཚོས་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་སྣང་བ་མཐའ་ཡས་དེས། རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ་རྒྱལ་པོ་ཆེན་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་བཟུང་ཤིག་དང་བཤད་དོ།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ཐེག་པ་ཆེན་པོ་གཞན་གྱི་དྲིང་མི་འཇོག་པ་རྣམས་ཡིན་ནོ།། བཞི་གང་ཞེ་ན། མོས་པ་ལས་ངེས་པར་བྱུང་བའི ་དད་པའི་འཕགས་པའི་འཇིག་རྟེན་ལས་འདས་པ་དང་། ཕྱིར་མི་ལྡོག་པའི་བརྩོན་འགྲུས་འབར་བས། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བརྩོན་པ་དང་། ཤིན ་ཏུ་རྣམ་པར་བརྟགས་པའི་བློས་མངོན་པར་ཤེས་པའི་ཡེ་ཤེས་ཀྱིས་རྣམ་པར་བརྩོན་པ་དང་། སོ་སོ་རང་གིས་ཤེས་པ་དང་ལྡན་པའི་ཤེས་རབ་གྱིས། ཆོས ་ཐམས་ཅད་ངེས་པར་རྟོགས་པའི་མཚན་ཉིད་དེ། རྒྱལ་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། ཐེག་པ ་ཆེན་པོ་ལ་གཞན་གྱི་དྲིང་མི་འཇོག་པ་རྣམས་ཡིན་ནོ།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ཁྱད་པར་དུ་འགྲོ་བས་དེ་ལ་མ ་ཆགས་པ་རྣམས་ཡིན་ནོ།། བཞི་གང་ཞེ་ན། སེམས་ལས་སུ་རུང་བས་བསམ་གཏན་ལས་ལྡོག་པ་ལ་མཁས་པ་རྣམས་ཡིན། གཞན་ལ་བདེ་བ་རབ་ཏུ་སྦྱིན་པས། བདག ་བདེ་བ་ལ་མི་ཆགས་པ་རྣམས་ཡིན། སྙིང་རྗེ་ཆེན་པོ་ལ་རབ་ཏུ་གནས་ཤིང་། བྱམས་པ་ཆེན་པོ་ལ་གནས་པ་རྣམས་ཡིན། གོང་ནས་གོང་མའི་ཁྱད་པར་འདོད་པས། ཐེག། ་པ་ཆེན་པོ་ལ་མོས་པ་རྣམས་ཡིན་ཏེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དག་དང་ལྡན་ན། ཁྱད་པར་དུ་འགྲོ་བས་དེ་ལ་མ་ཆགས ་པ་རྣམས་ཡིན་ནོ།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དག་དང་ལྡན་ན། ཁྱད་པར་དུ་འགྲོ་བས་དེ་ལ་མ་ཆགས་པ་རྣམས་ཡིན་ནོ།། རྒྱལ ་པོ་ཆེན་པོ་བྱང་ཆུབ་སེམས་དཔཔ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། བློ་མི་གཡོ་མི་འགྱུར་ཞིང་ཤིན་ཏུ་བརྟན་པ་རྣམས་ཡིན་ནོ།། བཞི་གང་ཞེ་ན། སྒྱུ་དང་གཡོ་མེད ་བའི་བསམ་པ་དང་། བསམ་པ་ཡོངས་སུ་དག་པའི་སྦྱོར་བ་དང་། སྦྱོར་བ་ལས་མི་ལྡོག་པའི་བསམ་པ་དང་། ལྷག་པའི་བསམ་པ་མ་བོར་བར་བསྒྲུབས་པ་སྟེ། རྒྱལ་པོ་ཆེན ་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དེ་དག་དང་ལྡན་ན། བློ་མི་གཡོ་མི་འགྱུར་ཞིང་ཤིན་ཏུ་བརྟན་པ་རྣམས་ཡིན་ནོ།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། ཐབས་དང་ཤེས་རབ་ཡོངས་སུ་དག་པ་རྣམས་ཡིན་ནོ།། བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་བདག་མེད་པར་ཡང་མཐོང་ལ། ་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་པ་དང་། ཆོས་ཐམས་ཅད་བརྗོད་དུ་མེད་པར་ཡང་རབ་ཏུ་ཤེས་ལ། ཡི ་གེ་དང་ངེས་པར་ཚིག་གིས་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཅིང་། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐར་རབ་ཏུ་ཕྱེ་བར་ཡང་མོས ་ལསྔ་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་བསྒྲུབ་པའི་ཕྱིར། བརྩོན་འགྲུས་ཀྱང་ཉམས་པར་མི་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ནམ་མཁའ་ངོ་བོ་ཉིད་དུ། ་ཡང་རྟོགས་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར། རྩོལ་བའི་རྒྱུན་ཀྱང་མི་གཅོད་པ་སྟེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། ཐབས་དང་ཤེས་རབ་ཡོངས་སུ་དག་པ་རྣམས་ཡིན་ནོ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང ་ལྡན་ན། རྒྱང་རིང་དུ་ཡང་ལྟ་ལ་རྩ་བ་ཡང་མ་ཆད་པ་རྣམས་ཡིན་ནོ།། བཞི་གང་ཞེ་ན། བྱང་ཆུབ་ཀྱི་སྙིང་པོ་ལ་ཡང་ལྟ་ལ། བྱང་ཆུབ་ཀྱི་སེམས་ཀྱང་མི་འདོར་བ ་རྣམས་ཡིན། སངས་རྒྱས་ཀྱི་སེམས་ཡེ་ཤེས་ལའང་ལྟ་ལ། རང་གི་ཤེས་པས་ཀྱང་ཞུམ་པ་མེད་པ་རྣམས་ཡིན། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ལའང་སྟ་ལྟ། ་ཇི་ལྟར་ཐོས་པའི་ཆོས་བསྟན་པས་ཀྱང་ཡོངས་སུ་མི་སྐྱོ་བ་རྣམས་ཡིན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་ཡང་ལྟ་ལ། ཚེ་དང་འཆི་འཕོ་དང་། སྐྱེས་པ ་ལ་ཡང་མི་སྨོད་པ་རྣམས་ཡིན་ཏེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། རྒྱང་རིང་དུ་ཡང་ལྟ་ཞིང་། རྩ་བ ་ཡང་མ་ཆད་པ་རྣམས་ཡིན་ནོ།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། ཡུལ་ཡང་འབྱོར་ལ་བག་ཡོད་པ་ཡང་མི་འདོར ་བ་རྣམས་ཡིན་ནོ།། བཞི་གང་ཞེ་ན། མི་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འཁོར་ལོས་བསྒྱུར་བའི་རྒྱལ་པོར་ཡང་འགྱུར་ལ། འདུ་བྱེད་ལ་མི་རྟག་པར་སོ་སོར་རྟོག ་བས་ཡུལ་འབྱོར་ཀྱང་བག་མེད་པར་མི་འགྱུར་བ་རྣམས་ཡིན། ལྷ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དུ་ཡང་གྱུར་ལ། འདུ་བྱེད་ལ ་སྡུག་བསྔལ་བར་སོ་སོར་རྟོགས་པས། ཡུལ་འབྱོར་ཀྱང་བག་མེད་པར་མི་འགྱུར་བ་རྣམས་ཡིན། བདུད་ཀྱི་རིས་ཀྱི་ལྷ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བདུད ་ཉིད་དུ་ཡང་ཉེ་བར་སྟོན་པ་ལ། ཆོས་ལ་བདག་མེད་པར་སོ་སོར་རྟོག་པས། ཡུལ་འབྱོར་ཀྱང་བག་མེད་པར་མི་འགྱུར་བ་རྣམས་ཡིན། ཚངས་རིས་ཀྱི་ལྷ་ཡོངས ་སུ་སྨིན་པར་བྱ་བའི་ཕྱིར། ཚངས་པ་དབང་ཕྱུག་དུ་ཡང་གྱུར་ལ། མྱ་ངན་ལས་འདས་པ་ལ་ཞི་བར་རྟོག་པས། ཡུལ་འབྱོར་ཀྱང་བག ་མེད་པར་མི་འགྱུར་བ་རྣམས་ཡིན་ཏེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། ཡུལ་འབྱོར་ཀྱང་བག་མེད་པ ་མི་འདོར་བ་རྣམས་ཡིན་ནོ།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། དོན་ཟབ་མོའི་ཚུལ་ལ་མི་སྐྲག་པ་རྣམས་ཡིན་ནོ།། ་བཞི་གང་ཞེ་ན། ཡང་དག་པའི་དགེ་བའི་བཤེས་གཉེན་གང་དག་ཕ་རོལ་ཏུ་བྱེད་པར་རྒྱུན་དུ་སངས་རྒྱས་ཀྱི་བྱང་ཆུབ་ཟབ་མོ་འདི་ཡང་དག་པར་རབ་ཏུ་སྟོན་པ་ལ་རྟེན་པ ་དང་སྔ་མདོ་སྡེ་ཟབ་མོ་ཚུལ་འདི་ལྟ་བུ་དེ་དག་མཉན་པའི་ཕྱིར་དཔག་ཚད་བརྒྱར་ཡང་འགྲོ་བ་དང་ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱི་དོན་ལ་ཚུལ་བཞིན་དུ་དཔྱོད་པ་དང་། ་དོན་ལ་རྟོན་གྱི། ཚིག་འབྲུ་ལ་རྟོན་པ་མ་ཡིན་པ་སྟེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། དོན་ཟབ་མོའི་ཚུལ་ལ ་མི་སྐྲག་པ་རྣམས་ཡིན་ནོ།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཡང་དག་པ་རྣམས་ཤེས་བྱའོ།། ་བཞི་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་ཚོལ་བའི་བརྩོན་འགྲུས་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་བརྩོན་པའི་སྙིང་རྗེ་ཆེན་པོ ་དང་ལྔ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལ་བརྩོན་པའི་སྟོབས་ཀྱིས་རྣམ་པར་གནོན་པ་དང་། འཁོར་བ་དཔག་ཏུ་མེད་པ་ཡོངས་སུ་འཛིན ་པ་ལ་ཡོངས་སུ་མི་སྐྱོ་བར་བརྩོན་པས་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་སྩོགས་པ་སྟེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཡང་དག་པ་ཤེས་བྱའོ།། བློ་གྲོས་རྒྱ་མཚོ་དེ་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ ་ཡས་དེས་བཞི་པ་བསྒྲུབ་པ་འདི་བཤེད་པ་ན། སྲོག་ཆགས་བྱེ་བ་ཁྲག་ཁྲིག་ཕྲག་བཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དགེ ་སློང་བྱེ་བ་ཕྲག་བརྒྱད་ལེན་པ་མེད་པས་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། རྒྱལ་བུ་གཞོ་ནུ་དེ་དག་དང་། རྒྱལ་པོའི་བུ་མོ་རྣམས་དང་། རྒྱལ་པོའི་བཙུན ་མོའི་འཁོར་ནི་ཆུང་ངུའི་རྗེས་སུ་མཐུན་པའི་ཆོས་ལ་བཟོད་པ་སྐྱེས་སོ།། རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་ནི་རྡོ་བའི་རྗེས་སུ་མཐུན་པའི་ཆོས་ལ་བཟོད་པ་སྐྱེས་སོ།། ་དེ་ནས་རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་ཚིམ་ཞིང་མགུ་ལ་ཡིད་རངས་ཤིང་རབ་ཏུ་དགའ་བ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས། ་རྒྱལ་སྲིད་ཐམས་ཅད་བཅོམ་ལྡན་འདས་དེ་ལ་ཡོངསུ་སྤྱོད་པའི་ཕྱིར་བུལ་ལོ།། །། བམ་པོ་དགུ་པ།། ་བློ་གྲོས་རྒྱ་མཚོ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེས་རྒྱལ་པོ་ཡུལ་ཤིན ་ཏུ་རྣམ་པར་དག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཡོངས་སུ་སྤྱད་པའི་ཕྱིར། རྒྱལ་སྲིད་ཐམས་ཅད་དེ་བཞིན་གཤེགས་པ་ལ་ཕུལ ་ཟིན་ན། རྒྱལ་པོ་ཆེན་པོ་ཁྱོད་དད་པས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་ཕྱུང་ཤིག། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ནི་དོན་ཆེ་བ་ཕན་ཡོན་ཆེ་བ། རྒྱ་ཆེ་བའོ།། རྒྱལ་པོ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་པའི་བྱང་ཆུབ་སེམས ་དཔའི་འཐོབ་པ་ཆེན་པོ་ནི་ཉི་ཤུ་པོ་འདི་དག་སྟེ། ཐམས་ཅད་མཁྱེན་པ། བླ་ན་མེད་པའི་འཐོབ་པ་ཡོངས་སུ་རྫོགས་པར་འགྱུར་བ་དག་གོ།། ཉི་ཤུ་པོ་གང་ཞེ་ན། ་འདི་ལྟ་སྟེ། རྒྱལ་སྲིད་དང་། ལོངས་སྤྱོད་དང་། གཡོག་འཁོར་དང་། དབང་ཕྱུག་འདོར་བས་ངའི་བྱ་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པ་འཐོབ་པ་དང་། ཁྱིམ་ནས ་འབྱུང་བ་ལ་གཞོལ་བས་ཉོན་མོངས་པ་ལས་འབྱུང་བ་འཐོབ་པ་དང་། དུར་སྨྲིག་འཛིན་པས་རྙོགས་པ་མེད་པ་སེམས་འཐོབ་པ་དང་། འཕགས་པའི་རིགས་ཆོག ་ཤེས་པས་དགང་བསླ་བ་དང་། གསོ་སླ་བ་འཐོབ་པ་དང་། སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པ་ཡང་དག་པར་ལེན་པར་འདོད་པ་ཆུང་བ་དང་། སྡིག་འདོད་པ ་སྤོང་བ་འཐོབ་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པས། ལྷ་དང་མིར་སྐྱེ་བ་འཐོབ་པ་དང་། བྱང་ཆུབ་ཀྱི་སེམས་མི་འདོར་བར་ཕ་རོལ་ཏུ་ཕྱིན་པ་དྲུག་འཐོབ ་བ་དང་། དགོན་པ་དབེན་པ་ན་གནས་པས་འདུ་འཛི་དང་མི་འདྲེ་བ་འཐོབ་པ་དང་། གནོད་པ་མེད་པས་ཆོས་སེམས་དཔའི་བདེ་བ་འཐོབ་དང་། བསམ་གཏན་གྱི ་ཡན་ལག་ཡང་དག་པར་བསྒྲུབ་པས། སེམས་ལས་སུ་རུང་བ་འཐོབ་པ་དང་། ཐོས་པ་ཡོངས་སུ་ཚོལ་བས་ཤེས་རབ་ཆེན་པོ་འཐོབ་པ་དང་། ང་རྒྱལ་མེད་པས ་ཡེ་ཤེས་ཆེན་པོ་འཐོབ་པ་དང་། དོན་ཉུང་བྱེད་པ་ཉུང་བས་ཆོས་རབ་ཏུ་རྣམ་པར་འབྱེད་པ་འཐོབ་པ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་པས། ་བྱམས་པ་ཆེན་པོ་འཐོབ་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བའི་སེམས་ཀྱིས་སྙིང་རྗེ་ཆེན་པོ་འཐོབ་པ་དང་། ལུས་དང་། ་སྲོག་ལ་མི་བལྟ་བས། དམ་པའི་ཆོས་ཡོངས་སུ་འཛིན་འཐོབ་པ་དང་། སེམས་རབ་ཏུ་སྦྱང་བས་མངོན་པར་ཤེས་པ་ཆེན་པོ་འཐོབ་པ་དང་། སངས་རྒྱས་རྗེས ་སུ་དྲན་པས། སངས་རྒྱས་མཐོང་བ་འཐོབ་པ་དང་། ཚུལ་བཞིན་གྱིས་ཆོས་སོ་སོར་རྟོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཐོབ་པ་དང་། ཡོན་ཏན ་ཐམས་ཅད་ཡང་དག་པར་འཛིན་པའི་སྤྱོད་པས།། མྱུར་དུ་ཐམས་ཅད་མཁྱེན་པ་ཐོབ་པ་འཐོབ་པ་སྟེ། རྒྱལ་པོ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་པའི་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་ཤུ་པོ་འདི་དག་རྙེད་དཀའ་བར་མི་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལྟ་བས་ན། ཁྱོད་ལེགས་པར་གསུངས་པའི་ཆོས་འདུལ ་བ་ལ་རབ་ཏུ་བྱུང་ཤིག། བློ་གྲོས་རྒྱ་མཚོ་དེ་ནས་བཅོམ་ལྡན་འདས་དེས་རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་རབ་ཏུ་འབྱུང་བ་ཡང་དག་པར་འཛིན་དུ་བཅུག་པས།། ་རྒྱལ་སྲིད་ཐམས་ཅད་སྤངས། རྒྱལ་སྲིད་ཀྱི་དཔལ་ཡང་སྤངས་ཏེ། ཁྱིམ་ན་གནས་པས་ཡིད་བྱུང་བས་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་བགོས་ནས། ་བཅོམ་ལྡན་འདས་དེའི་བསྟན་པ་ལ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་།། དེ་རབ་ཏུ་བྱུང་བར་རིག་ནས་རྒྱལ་པོ་ཆེན་པོའི་བཙུན་མོའི་འཁོར་ཀྱང ་རབ་ཏུ་བྱུང་ངོ་།། དེ་དག་རབ་ཏུ་བྱུང་བར་རིག་ནས། རྒྱལ་བུ་གཞོན་ནུ་རྣམས་ཀྱང་རབ་ཏུ་བྱུང་ངོ་།། དེ་དག་རབ་ཏུ་བྱུང་བར་རིག་ནས། རྒྱལ་པོའི་བུ་མོ་གཞོན ་ནུ་རྣམས་ཀྱང་རབ་ཏུ་བྱུང་ངོ་།། དེ་དག་རབ་ཏུ་བྱུང་བར་རིག་ནས། རྒྱལ་པོ་ཡུལ་ན་གནས་པའི་སྲོགས་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ ་དགུ་ཡང་རབ་ཏུ་བྱུང་ངོ་།། དེ་ལྟར་དེ་དག་རབ་ཏུ་བྱུང་ནས། དགེ་བའི་ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་པས། བརྩོན་འགྲུས་བརྩམས་ཏེ་གནས་སོ།། ་བློ་གྲོས་རྒྱ་མཚོ་སེམས་ཅན་བསོད་ནམས་བྱས་པ་ཐམས་ཅད་ཀྱི་གནས་སུ་གྱུར་པས། ཇི་ཙམ་དུ་བཅོམ་ལྡན་འདས་དེའི་གསུང་རབ་མཛེས་པས་གྱུར་པ ་ལྟོས། བློ་གྲོས་རྒྱ་མཚོ་དེ་ནས་རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་དེ་ལྟར་རབ་ཏུ་བྱུང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང ་བ་མཐའ་ཡས་དེ་ག་ལ་བདེ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གང་ལ་བསྒྲུབས་པའི ་སྙིང་པོར་བགྱིད་པར་གནས་ཤིང་། དོན་མཆིས་པར་ཡུལ་འཁོར་གྱི་བསོད་ནམས་ཡོངས་སུ་འཚལ་བར་འགྱུར་བའི ་གདམས་ངག་རྗེས་སུ་བསྟན་པ་བདག་ལ་སྩལ་དུ་གསོལ། བློ་གྲོས་རྒྱ་མཚོ་དེ་སྐད་ཅེས་གསོལ་པ་དང་། དོན་མ་མཆིས་པར་ཡུལ་འཁོར་གྱི་བསོད ་ནམས་ཡོངས་སུ་འཚལ་བར་འགྱུར་བའི་གདམས་ངག་རྗེས་སུ་བསྟན་པ་བདག་ལ་སྩལ་དུ་གསོལ།། བློ་གྲོས་རྒྱ་མཚོ་དེ་སྐད་ཅེས་གསོལ་པ་དང་། བཅོམ ་ལྡན་འདས་དེས་དགེ་སློང་ཡུལ་ཤིན་ཏུ་རྣམ་པར་དག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དགེ་སློང་ཁྱོད་ཀྱི་མིང་ནི་ཡུལ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ།། ་ཁྱོད་སོང་ལ་རང་གི་ཡུལ་རྣམ་པར་དག་པར་བྱ་བའི་ཕྱིར། བཙོན་པར་གྱིས་ཤིག། རང་གི་ཡུལ་ལ་ཚུལ་བཞིན་དུ་གྱིས་སོ་སོར་རྟོགས་ཤིག། ཅི་ནས་ཀྱང་ཡུལ ་དྲུག་པོ་དག་གི་ནང་ནས། ཆོས་གང་ཁྱོད་ལ་སྣང་བར་འགྱུར་བ་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ། ཡང་དག་པར་རྫོགས་པར་ཁོང་དུ་ཆུད་པས་བྱང་ཆུབ་ཐོབ་པར ་འགྱུར་བ་དེ་ལྟར་སོ་སོར་རྟོགས་ཤིག། བྱང་ཆུབ་ལ་རིང་བའི་འདུ་ཤེས་མ་བྱེད་ཅིག། ཉེ་བའི་འདུ་ཤེས་མ་བྱེད་ཅིག། བློ་གྲོས་རྒྱ་མཚོ་དེ་ནས་བཅོམ་ལྡན་འདས་དེས ་དགེ་སློང་ཡུལ་ཤིན་ཏུ་རྣམ་པར་དག་པ་ལ་གདམས་ངག་འདིས་གཏམས་པ་དང་། གཅིག་པུ་དབེན་པར་རྟུན་ཅིང་ཤེས་བཞིན་དང་ལྡན་ལ་བག་ཡོད་པར་གནས་ཏེ། རང་གི ་ཡུལ་ལ་ཡང་དག་པར་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་གོ། དེའི་ཚུལ་བཞིན་གྱིས་སོ་སོར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། མིག་གི་ཡུལ་ནི་སྟོང་པ་ཉིད་ཀྱི་ཡུལ་ལོ།། ་རྣ་བའི་ཡུལ་ནི་སྟོང་པ་ཉིད་ཀྱི་ཡུལ་ལོ།། སྟོང་པ་ཉིད་ཀྱི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཡུལ་ལོ།། སེམས་ཅན་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་ཡུལ་ཏེ། སངས ་རྒྱས་ཀྱི་ཡུལ་ལོ།། དེ་བཞིན་དུ་སྣ་དང་། ལྕེ་དང་ལུས་དང་། ཡིད་ཀྱི་ཡུལ་ནི་སྟོང་པ་ཉིད་ཀྱི་ཡུལ་ལོ།། སྟོང་པ་ཉིད་ཀྱི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཡུལ ་ལོ། སེམས་ཅན་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་ཡུལ་ཏེ། སངས་རྒྱས་ཀྱི་ཡུལ་ལོ།། མིག་གི་ཡུལ་ནི་མཚན་མ་མེད་པའི་ཡུལ་ལོ།། མཚན་མ་མེད་པའི་ཡུལ་ནི། ་སེམས་ཅན་ཐམས་ཅད་ཀྱི་ཡུལ་ལོ།། སེམས་ཅན་ཐམས་ཅད་ཀྱང་མཚན་མ་མེད་པའི་ཡུལ་ཏེ། སངས་རྒྱས་ཀྱི་ཡུལ་ལོ།། ཡིད་ཀྱི་བར་གྱི་ཡུལ་ནི་མཚན་མ་མེད ་བའི་ཡུལ་ལོ།། མཚན་མ་མེད་པའི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཡུལ་ལོ།། སེམས་ཅན་ཐམས་ཅད་ཀྱང་མཚན་མ་མེད་པའི་ཡུལ་ལོ།། སངས་རྒྱས་ཀྱི་ཡུའོ།། ་དེ་བཞིན་དུ་མིག་གི་ཡུལ་ནི་སྨོན་པ་མེད་པའི་ཡུལ་ལོ།། མངོན་པར་འདུ་བྱ་བ་མེད་པའི་ཡུལ་ལོ།། མ་སྐྱེས་པ་དང་མ་བྱུང་བའི་ཡུལ་ལོ།། ་མ་བྱུང་བའི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཡུལ་ལོ།། སེམས་ཅན་ཐམས་ཅད་ཀྱང་མ་བྱུང་བའི་ཡུལ་ལོ།། སངས་རྒྱས་ཀྱི་ཡུལ་ལོ།། དེ་བཞིན་དུ་ཡིད་ཀྱི ་བར་གྱི་ཡུལ་དང་སྦྱར་རོ།། བློ་གྲོས་རྒྱ་མཚོ་དེ་ལྟར་དགེ་སློང་ཡུལ་ཤིན་ཏུ་རྣམ་པར་དག་པ་ཡུལ་ལ་འཇུག་པ་འདིས། ལུས་དང་སེམས་ལས་སུ་རུང་སྟེ། འདུན ་པ་དང་སྔ་བརྩོན་འགྲུས་དང་། སེམས་དང་དཔྱོད་རྫུ་འཕྲུལ་གྱི་རྐང་པ་བསྒོམས་པས། རིང་པོ་མ་ཐོགས་པར་མངོན་པར་སྨྲ་ཟླ་བསྐྱེད་པར་གྱུར་ཏོ།། བག་ཡོད་པའི ་སྤྱོད་པ་དེས་ཀྱང་། དོན་ངེས་པའི་ཚིག་ཐམས་ཅད་སྡུད་པ་ཞེས་བྱ་བའི་བཟུངས་རབ་ཏུ་ཐོབ་བོ།། བློ་གྲོས་རྒྱ་མཚོ་དེའི་ཚེ་དེའི་དུས་ན་གང་འཁོར་ལོས་སྒྱུར་བའི ་རྒྱལ་པོ་སྲིད་འབྱོར་པ་སྤངས་ཏེ། བཅོམ་ལྡན་འདས་དེའི་སྟན་པ་ལ་རབ་དུ་བྱུང་ནས། ཡུལ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བའི་དགེ་སློང་དུ་གྱུར་པ་དེ། ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཡིད་གཉིས་སུ་གྱུར་ཏམ། ཐེ་ཙོམ་ཟ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་ཁྱོད ་ཉིད་དེའི་ཚེ་དེའི་དུས་ན། དགེ་སློང་ཡུལ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བར་གྱུར་ཏོ།། བློ་གྲོས་རྒྱ་མཚོ་དེའི་ཚེ་དེའི་དུས་ན། གང་དགེ་དགེ་སློང་རབ་ཏུ་འབྱུང་བ་དེའི ་རྗེས་སུ་རབ་ཏུ་བྱུང་བའི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་གྱུར་པ་དེ་དག་ཊཱི་གུ་ཡིན་པ་སྙམ་དུ་ཁྱོད་སེམས་ན། དེ་དེ་ལྟར་མི་ལྟ་སྟེ། ཆོས་མཉན་པའི ་ཕྱིར་གང་དག་ཁྱོད་ཀྱི་ཕྱི་བཞིན་འབྲང་བའི་བྱང་ཆུབ་སེམས་དཔའ་འདི་དག་གོ། བཅོམ་ལྡན་འདས་སྔོན་བྱུང་བའི་ལེའུ་འདི་བཤད་པ་ན། སྲོག་ཆགས་ཁྲི་བརྒྱད ་སྟོང་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། བྱང་ཆུབ་སེམས་དཔའ་བརྒྱད་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར ་གྱུར་ཏོ།། །། སྔོན་བྱུང་བའི་ལེའུ་ཞེས་བྱ་སྟེ་བཅུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། བློ་གྲོ་རྒྱ་མཚོ་དེ་ལྟ་བས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱུར་དུ་མངོན་པར་འཚང་རྒྱ་བར་འདོད ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྐྱེས་བུ་དམ་པ་ཁྱོད་ཀྱི་རྗེས་སུ་བསླབ་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཚིག་ཏུ་བྲོས་ཤིང་ལྷུར ་བླང་བར་མི་བྱའོ།། བྱང་ཆུབ་སེམས་དཔའ་ས་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱ་བར་བྱའོ།། ཇི་ལྟར་ན་བྱང་ཆུབ་སེམས ་དཔའ་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིན་ཞེ་ན། བློ་གྲོས་རྒྱ་མཚོ་སངས་རྒྱས་སུ་འགྱུར་བར་ཞེས་བྱའོ།། ཞེས་བྱ་བའི་ཚིག་འདི་ན་བརྗོད་པར་སླའི། ་དགེ་བ་བྱང་ཆུབ་ཀྱི་ཕྱོགས་རྣམས་བསྒྲུབ་པ་ནི་དཀའོ་སྙམ་པའོ།། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་གང་ལ་ལས་ཆོས་ཀྱི་སྦྱིན་པས་སེམས་ཅན་ཐམས ་ཅད་མགྲོན་དུ་གཉེར་ཏེ། ཁོ་བོས་སེམས་ཅན་ཁྱོད་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱའོ་ཞེས་བྱས་ལ། མང་དུ་ཐོས་པ་དང་། དེ་ལས་གཞན་པ་དགེ་བ་བྱང་ཆུབ་ཀྱི ་ཕྱོགས་ཀྱི་ཆོས་རྣམས་ལ་བརྩོན་པར་མི་བྱེད་ན། དེ་སེམས་ཅན་དེ་དག་སླ་བ་ཡིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་མ་ཡིན་ནོ།། བློ་གྲོས་རྒྱ་མཚོ་གང་གི ་ཚེ། བྱང་ཆུབ་སེམས་དཔས་ཆོས་ཀྱི་སྦྱིན་པས་སེམས་ཅན་ཐམས་ཅད་མགྲོན་དུ་གཉེར་ཏེ། ཁོ་བོས་སེམས་ཅན་ཁྱེད་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱའོ་ཞེས་བྱས ་ལ་མང་དུ་ཐོས་པ་དང་། དེ་ལས་གཞན་པ་དགེ་བ་བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་ཡང་བརྩོན་པར་མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་ཇི་སྐད་སྨྲས་པ་དེ ་བཞིན་བྱེད་པ་ཡིན་ནོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། རྒྱལ་པོ་འམ་རྒྱལ་པོའི་བློན་པོས་གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་སང་ཟས་སྦྱིན་ནོ་ཞེས་འགྲོན་དུ་བོས་ལ། ་ཡལ་བར་བོར་ཏེ། བཏུང་བ་དང་། བཟའ་བ་དང་། མ་སྦྱར་ན། དེས་སྐྱེ་བོའི་ཚོགས་དེ་ཐམས་ཅད་བསླུས་པ་ཡིན་ཏེ། དེ་དག་ཀྱང་བཟའ་བ་དང་། བཏུང་བ་མ ་ཐོབ་པས་འཕྱ་ཞིང་དོང་བ་དེ་བཞིན་དུ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔས་མ་རྒལ་བ་བསྒྲལ་བ་དང་མྱ་གྲོལ་བ་དང་། དབུགས་མ་བྱིན་པ་དབུགས་དབྱུང་བ་དང་། ་ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར། སེམས་ཅན་ཐམས་ཅད་དབུགས་ཕྱུང་ལ། མང་དུ་ཐོས་པ་དང་། དེ་ལས་གཞན་པ་དགེ་བ ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་བརྩོན་པར་མི་བྱེད་ན། བྱང་ཆུབ་སེམས་དཔའ་དེ་ནི་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིན་ཏེ། ལྷ་དང་བཅས་པའི་འཇིག་རྟེན ་ལ་སླུ་བ་ཡིན་ནོ།། དེ་ལྟ་བུ་དེ་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་ཀྱིས་མཐོང་ན། འཕྱ་ཞིང་གཞོག་འཕྱས་བྱེད་ལ། རྣམ་པར་སྨོད་དེ་གང་དག་མཆོད་སྦྱིན་བྱ ་བར་དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པའི་མཆོད་སྦྱིན་གྱི་བདག་པོ་དེ་དག་ནི་དཀོན་ནོ།། དེ་བས་ཀྱང་གང་དག་མཆོད་སྦྱིན་ཆེན་པོ་བརྩམས་ནས། བླ་ན་མེད་པའི ་ཐེག་པ་ཆེན་པོ་ཡོངས་སུ་སྐྱོ་བར་མི་འགྱུར་བ་དག་ནི་ཆེས་དཀོན་ནོ།། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔས་གང ་གིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་སླུ་བར་འགྱུར་བའི་ཚིག་བརྗོད་པར་མི་བྱའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་ལ་ལ་ཞིག་གིས ་བྱང་ཆུབ་སེམས་དཔའ་གང་ལ་ཆོས་ཀྱི་དོན་བྱ་བར་གསོལ་བ་བཏབ་ལ། དེ་ལ་བྱང་ཆུབ་སེམས་དཔས་ཁོ་བོས་ཁྱོད་ཀྱི་ཆོས་ཀྱི་དོན་ཡོངས་སུ་ཐོབ་པར་བྱ ་འོ་ཞེས་ཚིག་སྨྲས་པར་གྱུར་ན། བྱང་ཆུབ་སེམས་དཔའ་དེ་ལ་ལུས་ནི་ཡོངས་སུ་བཏང་བར་བྱའི།། སེམས་ཅན་བསླུ་བ་ནི་མི་བྱའོ།། བློ་གྲོས་རྒྱ་མཚོ ་ཁྱེད་ཀྱིས་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱའོ།། བློ་གྲོས་རྒྱ་མཚོ་སྔོན་བྱང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས ་མེད་དཔག་ཏུ་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན། སེང་གེའི་རྒྱལ་པོ་དང་ཀར་ལྟ་བུའི་རལ་པ་ཅན་ཡན་ལག་མ་སྨད་པ་ཞེས་བྱ་བ། སེམས་ཅན་ཐམས་ཅད ་ལ་བྱམས་པའི་རྗེས་སུ་ཞུགས་པ། རྩ་བ་དང་ལོ་མ་དང་། འབྲས་བུ་ལ་མོས་པ་ཞིག་རིའི་ཕུག་བགྲོད་དཀའ་བ་ཞིག་ན་གནས་པའོ།། རིའི་ཕུག་བགྲོད་དཀའ ་བ་དེ་ན་སྤྲེའུ་ཕོ་མོས་ཤིག་ཀྱང་གནས་སོ།། དེ་ནས་དུས་གཞན་ཞིག་གིས་ན། སྤྲེའུ་མོ་དེལ་བུ་འབྲངས་ནས། དེ་ལས་ཕྲུ་གུ་གཉིས་བྱུང་ངོ་།། དེ་ནས་སྤྲེའུ་དེ་དང་སྤྲེའུ་མོ ་དེས་ཕྲུ་གུ་དེ་གཉིས་རི་དགས་ཀྱི་རྒྱལ་པོ་སེང་གེ་ལ་གཏམས་ཏེ་སྤྱོད་ཡུལ་དུ་དོང་ངོ་། དེ་ནས་བྱ་རྒོད་ཀྱི་རྒྱལ་པོ་སྤུ་གྲི་བ་ཞེས་བྱ་བ་སྟེང་གི་བར་སྣང་ལས་བབས་ཏེ། སྤྲེའུ ་གྱི་ཕྲུ་གུ་དེ་གཉིས་བླངས་ནས། སྟེང་གི་བར་སྣང་ལ་གནས་པར་གྱུར་པ་དང་། རི་དགས་ཀྱི་རྒྱལ་པོ་སེང་གེས་བྱ་རྒོད་ཀྱི་རྒྱལ་པོ་སྤུ་གྲི་བས་སྤྲེའུ་ཕྲུ་གུ་དེ་གཉིས་ཁྱེར་བ ་མཐོང་ངོ་།། མཐོང་ནས་ཀྱང་ཚིགས་སུ་བཅད་པ་དེ་སྨྲས་པ། བྱ་རྒོད་རྒྱལ་པོ་ཁྱོད་ལ་བདག་གསོལ་པ།། བདག་གི་སྤྲེའུ་ཕྲུ་གུ་དེ་གཉིས་ཁྱོད་ཀྱིས་ཐོང་། བདག་ནི་དེ་དག ་འཇིགས་མེད་བྱ་ཕྱིར་གནས་སྐྱབས་སུ་དོང་བ་མ་གསད་ཁྱོད་ཀྱིས་ཐོང་། དེ་ནས་བྱ་རྒོད་རྒྱལ་པོས་རི་དགས་ཀྱི་རྒྱལ་པོ་སེང་གེ་ལ་ཚིགས་སུ་བཅད་དེ་སྨྲས་པ། རི་དགས ་རྒྱལ་པོ་གལ་ཏེ་ཁྱོད་ནི་བདག་འདོར་ན།། དེ་ལྟ་ན་ནི་དེ་གཉིས་མི་གསད་གཏང་བར་བྱ།། ཁོ་བོས་འདི་གཉིས་ཟོས་ནས་ཁོ་བོ་མཁའ་ལ་གནས།། ཁྱོད་ནི་ཁྲོས་པར་གྱུར ་ཀྱང་བདག་ལ་ཅི་བྱར་ཡོད།། རི་དགས་ཀྱི་རྒྱལ་པོས་ཡང་སྨྲས་པ།། བདག་ནི་སྟང་གིས་ཡོངས་སུ་བཟའ་བར་གྱིས།། བདག་གི་སྤྲེའུ་ཕྲུ་གུ་གཉིས་ནི་བཏང་བར་གསོལ། ་བྱང་ཆུབ་ཞུགས་པ་དམ་བཅས་སྲུང་བར་བྱེད།། མཁས་པ་དག་ནི་བརྫུན་དུ་སྨྲ་བ་བྱེད།། བདག་བརྫུན་འགྱུར་དུ་འོང་སྟེ་ལྷག་བསམས་པས། ་དེ་ནས་དྲང་སྲོང་ཆེན་པོ་ལུས་འདོར་ཏེ།། དེ་ནས་ལྷག་པའི་བསམས་པས་དགའ་གྱུར་ནས།། སེམས་ཅན་རྣམས་ཀྱི་ཆེད་དུ་ལུས་བཏང་ངོ་།། དེ་ནས་བྱ་རྒོད་བློས་རྨད་དུ་བྱུང ་བ་མཐོང་ནས།། ན་མཁར་གནས་ཏེ་ཆེད་བརྗོད་ཆེད་དུ་བརྗོད།། གང་དག་གཞན་ཕྱིར་རང་གི་ལུས་འདོར་བ།། དེ་དགའ་ཚོ་བའི་འཇིག་རྟེན་འདིར་བདེར་འཚོ།། ཁོ་བོས་སྤྲེའུ ་ཕྲུ་གུ་འདི་གཉིས་བཏང་བར་བྱ།། ཁྱོད་ཀྱང་འཚོ་ཞིང་རིང་དུ་ཆོས་སྤྱོད་ཅིག། བློ་གྲོས་རྒྱ་མཚོ་དེའི་ཚེ་དེའི་དུས་ན། རི་དགས་ཀྱི་རྒྱལ་པོ་སེང་གེར་གྱུར་པ་དེ་གཞན་ཞིག་ཡིན ་པ་སྙམ་དུ་ཁྱོད་སེམས་ན་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོའང་ཉིད་དེའི་ཚེ་དེའི་དུས་ན།། རི་དགས་ཀྱི་རྒྱལ་པོ་སེང་གེར་གྱུར་ཏོ།། འོད་སྲུང་ཆེན་པོ ་ནི་སྤྲེའུར་གྱུར་ཏོ།། སེར་སྐྱ་བཟང་མོ་ནི་སྤྲེའུ་མོར་གྱུར་ཏོ།། སྒྲ་གཅན་ཟིན་དང་ཀུན་དགའ་བོ་ནི་སྤྲེའུ་ཕྲུ་གུར་གྱུར་ཏོ།། དགེ་སློང་འཕྲེང་བ་བཟང་པོ་ནི་དེའི་ཚེ་དེའི་དུས་ན། ་བྱ་རྒོད་ཀྱི་རྒྱལ་པོ་སྤུ་གྲི་བ་ཞེས་བྱ་བར་གྱུར་ཏོ།། བློ་གྲོས་རྒྱ་མཚོ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལུས་ནི་ཡོངས་སུ་བཏང་བར་བྱའི་སྐྱབས་སུ་དོང་། ་བདག་ནི། ཡོངས་སུ་བཏང་བར་མི་བྱ་སྟེ། ཇི་སྐད་སྨྲས་པ། དེ་བཞིན་དུ་བསྒྲུབ་པར་བྱའོ།། དེ་ལ་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་གང་ཞེ་ན། བློ་གྲོས་རྒྱ་མཚོ་བྱད ་ཆུབ་སེམས་དཔའ་སྦྱིན་པ་སྨྲས་པ་ནི་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་བདོག་པ་ཐམས་ཅད་ཡོངས་སུ་བཏོང་བར་སྣང་བ་འདི་ནི་དེ་བཞིན་བྱེད་པའོ།། དེ་ལྟར་ན་ཇི་སྐད་སྨྲས། ་བ་དེ་བཞིན་བྱེད་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་སྨྲས་པ་ཇི་སྐད་སྨྲས་པ་སྟེ། གང་གི་ཚེ་ཚུལ་ཁྲིམས་དང་། བསླབ་པ་དང་། སྦྱངས་པའི ་ཡོན་ཏན་ཐམས་ཅད་ཡང་དག་པར་འཛིན་ཅིང་སྤྱོད་པར་ཀུན་ཏུ་སྣང་བ་དེ་ནི་དེའི་དེ་བཞིན་བྱེད་པའོ།། བྱང་ཆུབ་སེམས་དཔའ་བཟོད་པ་སྨྲ་བ་ནི་ཇི་སྐད་སྨྲ་བ་སྟེ། ་གང་གི་ཚེ་གནོད་དང་། ཐབས་པ་དང་། ཞེ་སྡང་སྤོང་བར་སྣང་བ་འདི་དེའི་དེ་བཞིན་བྱེད་པའོ།། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་སྨྲ་བ་ནི་ཇི་སྐད་སྨྲ་བ་སྟེ། ་གང་གི་ཚེ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྩོལ་བ་ལ་བརྩོན་པར་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ།། བྱང་ཆུབ་སེམས་དཔའ་བསམ་གཏན་སྨྲ་བ་ནི་ཅི་སྨྲས ་པ་སྟེ། གང་གི་ཚེ་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ལ་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ།། བྱེད ་ཆུབ་སེམས་དཔའ་ཤེས་རབ་སྨྲ་བ་ནི་ཇི་སྐད་སྨྲས་པ་སྟེ། གང་གི་ཚེ་ཚིག་རབ་ཏུ་དབྱེ་བའི་སྤོབས་པ་རྣམ་པར་ངེས་པའི་ཡེ་ཤེས་ལ་མཁས ་པར་སྣང་བ་འདི་ནི་དེའི་དེ་བྱེད་པའོ།། དེ་བཞིན་དུ་མི་དགེ་བའི་ཆོས་ཐམས་ཅད་ཀྱི་བར་དག་སྤང་བ་སྨྲ་བ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར ་བྱ་བ་སྨྲ་བ་ནི། བྱང་ཆུབ་སེམས་དཔའ་ཇི་སྐད་སྨྲས་སྟེ། གང་གི་ཚེ་མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་ཚོལ་བ་ལ ་བརྩོན་པར་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ།། གཞན་ཡང་བསམ་པ་ནི་ཇི་སྐད་སྨྲ་བའོ།། གཡོ་མེད་ཅིང་སྒྱུ་མེད་པ་ནི་དེ་བཞིན་བྱེད་པའོ།། སྦྱོར་བ་ཇི་སྐད ་སྨྲ་བའོ།། སྦྱོར་བ་ཉམས་འོག་ཏུ་ཆུད་པར་བྱེད་པ་ནི། དེ་བཞིན་བྱེད་པའོ།། རྩོམ་པ་ནི་ཇི་སྐད་སྨྲ་བའོ།། རྩོམ་པ་ལ་ཞུམ་པ་མེད་པ་ནི་དེ་བཞིན་བྱེད་པའོ།། ་ལྷག་པའི་བསམ་པ་ནི་ཇི་སྐད་སྨྲ་བའོ།། དེ་ལ་མ་ཆགས་པར་ཁྱད་པར་དུ་འགྲོ་བ་ནི་དེ་བཞིན་བྱེད་པའོ།། དམ་བཅས་པ་ནི་ཇི་སྐད་སྨྲ་བའོ།། དམ་བཅས་པ ་ཉམས་འོག་དུ་ཆུད་པར་བྱེད་པ་ནི་དེ་བཞིན་བྱེད་པའོ།། ཐོས་པ་ཀུན་ཏུ་འཛིན་པ་ནི་ཇི་སྐད་སྨྲ་བའོ།། ཐོས་པ་བསྒྲུབ་པ་ནི་དེ་བཞིན་བྱེད་པའོ།། ཚིག་གི་ཡང་དག ་པར་བླངས་པ་ནི་ཇི་སྐད་སྨྲ་བའོ།། ལུས་དང་སེམས་ཞུམ་པ་མེད་པ་ནི་དེ་བཞིན་བྱེདའོ།། ང་རྒྱལ་མེད་པ་ནི་ཇི་སྐད་སྨྲ་བའོ།། ཡེ་ཤེས་ཡོངས་སུ་རྫོགས་པར ་བྱེད་པ་ནི་དེ་བཞིན་བྱེད་པའོ།། བསླབ་པ་ཡང་དག་པར་བླངས་པ་ནི་ཇི་སྐད་སྨྲ་བའོ།། བསླབ་པ་ཉམས་འོག་ཏུ་ཆུད་པ་ནི་དེ་བཞིན་བྱེད་པའོ།། སེམས་དང ་བསྐྱེད་པ་ནི་ཇི་སྐད་སྨྲ་བའོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒྲུབ་པ་ནི་དེ་བཞིན་བྱེད་པའོ།། མི་སྐྱེ་བའི་ཆོས་ལ་བཟོད་པ་ནི་ཇི་སྐད་སྨྲ་བའོ།། ཕྱིར་མི་ལྡོག ་བིའི་ས་ནི་དེ་བཞིན་བྱེད་པའོ།། སྐྱེ་བ་གཅིག་གིས་ཐོགས་པ་ནི་ཇི་སྐད་སྨྲ་བའོ།། བྱང་ཆུབ་ཀྱི་སྙིང་པོར་འདུག་པ་ནི་དེ་བཞིན་བྱེད་པའོ།། ཡང་དག་པར་བླངས ་བ་བརྟན་པ་ནི་སྐད་སྨྲ་བའོ།། ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དེ་བཞིན་བྱེད་པའོ།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ནི་ཇི ་སྐད་སྨྲ་བའོ།། དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བྱེད་པ་ནི་དེ་བཞིན་བྱེད་པའོ།། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ ་ལྟ་བུ་ནི་ཇི་སྐད་སྨྲ་བ་དེ་བཞིན་བྱེད་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ ་ལྔ་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་པད་མ་བཀོད་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ཙམ་དུ་དེ་བཞིན་གཤེགས་པས་ཇི་སྐད་སྨྲས་པ་དེ་བཞིན་བགྱིད་པས་སངས་རྒྱས ་ཀྱི་ཆོས་འདི་ཐམས་ཅད་བསྟན་པ་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་གསུང་བསྒྲུབ་པ་འདི་ཡང་ཇི་སྐད་སྨྲས་པ ་དེ་བཞིན་བགྱིད་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་བསྒྲུབ་པ་འདི་ཤེས་སམ། གསོལ་པ། བཅོམ་ལྡན་འདས ་འཚལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རིགས་ཀྱི་བུ་ཁྱོད་བསྒྲུབ་པ་ལས་རྩོམས་ལ་སྤོབས་པར་གྱིས་ཤིག། གསོལ་བ། བཅོམ་ལྡན ་འདས་བསྒྲུབ་པ་ཞེས་བྱ་བ་ནི་གང་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས་མཉམ་པ་ཉིད་དུ་མཚལ་ནས། ཡང་དག་པ་ཉིད་ཀྱི་ངེས་པར་གྱུར་པ་ལ་འཇུག་པ ་ཤེས་པ་ལ་མཁས་ཀྱང་མངོན་སུམ་དུ་ཡང་མི་བགྱིད་པ་འདི་ནི་བྱང་ཆུབ་སེམས་དཔའི་བསྒྲུབ་པ་ཡང་དག་པའོ།། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས ་དཔའ་རི་དབང་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་སྒྲུབ་པ་ལས་བརྩམས་ཏེ་སྤོབས་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་བ། རིགས་ཀྱི་བུ་ཁྱོད་སྤོབས་པར་གྱིས་ཤིག། གསོལ་བ། བཅོམ་ལྡན་འདས་སྒྲུབ་པ་མ་མཆིས་པའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གིས་ཆོས་ཐམས་ཅད་མ་དམིགས་ཏེ། གང་ལ་བསྒྲུབ་པའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་བ་འདི་ནི་དེའི ་བསྒྲུབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་ཡོན་ཏན་གྱི་རྒྱལ་པོ་སྣང་བས་གསོལ་བ། བཅོམ་ལྡན་འདས་གང་ལ་སེམས་ཀྱི་རྗེས ་སུ་འབྲང་བའི་རྣམ་པར་ཤེས་པ་དེ་ལ་བསྒྲུབ་པ་ག་ལ་མཆིས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་རྣམ་པར་ཤེས་མི་གནས ་པ་དེ་ནི་ཆོས་གང་ལ་ཡང་མི་གནས་པ་ལགས་སོ།། གང་ཆོས་ལ་ཡང་མི་གནས་པ་དེ་ཉིད་དེའི་བསྒྲུབ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་ལྷུན་པོའི ་སྨོན་མ་རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་ལྟ་བ་མ་མཆིས་ནི་སྒྲུབ་པ་ལགས་ཏེ། ལྟ་བ་དང་བཅས་པ་ལ་བསྒྲུབ་པ་མ་མཆིས་སོ།། བཅོམ་ལྡན་འདས་བྱང་། ་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་གདེག་པ་མ་མཆིས་པ་དང་། གཞག་པ་མ་མཆིས་པས་ཆོས་གང་ལའང་མི་ལྟ་བ་དེ་ནི་དེའི་སྒྲུབ་པ ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་གནས་པ་ནི་གཡོ་བ་ལགས་ཏེ། མི་གནས་པ་ལ་གཡོ་བ་མ་མཆིས་སོ།། ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གནས་པར་མི་བགྱིད་པ་དེ་ནི་མི་གཡོ་བའོ།། གང་མི་གཡོ་བ་དེ་ཆོས་ཐམས་ཅད་ཀྱིས་མི་འཁྲུགས་ཏེ། འདི་དེའི་བསྒྲུབ ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་ནི་སེམས་ཀྱིས་སྤྱོད་དོ།། བཅོམ་ལྡན་འདས་འཇིག ་རྟེན་ནི་སེམས་ཀྱིས་རྒྱུག་གོ་རྗེས་སུ་རྒྱུག་གོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སེམས་ཅན་ཐམས་ཅད་སེམས་པར་གྱུར་པ་དེ་མི་སེམས་མི་རྟོག་སྟེ། འདི་ནི། ་དེའི་སྒྲུབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་མཐོང་དགས་གསོལ་བ།། བཅོམ་ལྡན་འདས་ཚོར་བ་ཐམས་ཅད་ནི་དེ་བཞིན་གཤེགས་པས་སྡུག་བསྔལ ་དུ་གསུངས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཚེ་རབ་ཐམས་ཅད་ཀྱི་རྒྱུན་བཀུམ་ནས། ཚོར་བ་མ་མཆིས་ཤིང་ལེན་པ་མ་མཆིས་ཀྱང་། ཚོར་བ་འགོག ་པ་ལ་ཡང་རེག་པར་མི་བགྱིད་ལ། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱང་ཡོངས་སུ་མི་གཏོང་བ་འདི་ནི་དེའི་བསྒྲུབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས ་དཔའ་གླང་ཆེན་སྤོས་ཀྱི་བལ་གླང་གིས་གསོལ་པོ། བཅོམ་ལྡན་འདས་བྱིས་པ་སོ་སོའི་སྐྱེ་བོ་དག་ནི་ཕུང་པོ་ལྔ་ལ་ལྟ་བས་གྲགས་པར་གྱུར་པས་ཁུར་གིས་ནོན་པ ་ལགས་སོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཕུང་པོ་ལྔ་ཡོངས་སུ་འཚལ་པ་དང་ལྡན་ཏེ། ཁུར་མྱུར་དུ་དོར་བ་དེ་བྱིས་པ་སོ་སོའི་སྐྱེ་བོ་ཕུང་པོ་ལྔ་ལ་ལྟ ་བས་གྲགས་པར་གྱུར་པས། ཁུར་གྱིས་ནོན་པ་རྣམས་ཀྱི་ཁུར་སྤང་བའི་ཕྱིར། ཆོས་སྟོན་ཀྱང་ཆོས་ཐམས་ཅད་མ་སྐྱེས་ཤིང་མངོན་པར་གྲུབ་པ་མ་མཆིས་པས། ཆོས ་གང་ལ་ཡང་དག་པའི་འདུ་ཤེས་སུ་མི་འགྱུར་བ་འདི་ནི་དེའི་བསྒྲུབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་འགྲོ་བ་འཛིན་གྱིས་གསོལ་པ།། བཅོམ་ལྡན ་འདས་ཡང་དག་པར་སྦྱོར་བའི་བསྒྲུབ་པ་ལགས་ཀྱི། ཡང་དག་པར་སྦྱོར་བ་མ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཡང་དག་པའི་སྦྱོར་བ ་ལ་བརྩོན་པར་བགྱིའོ།། དེ་ལ་ཡང་དག་པའི་སྦྱོར་བ་གང་ཞེ་ན། འདི་ལྟ་སྟེ། ནམ་མཁའ་དང་མཉམ་པ་ཉིད་པས་གང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འཚལ ་པ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་བློ་གྲོས་བསྟན་པས་གསོལ་བ།། བྱང་ཆུབ་སེམས་དཔའ་གང ་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་ཀྱིས་མ་བསྐྱེས་ས་ལས་ཀྱང་སྐྱེ། མ་བྱུང་བ་ལས་ཀྱང་འབྱུང་། ཡང་སྐྱེ་བ་དང་། འཇིགས་པ་དང་། གནས་པ་ལ་མི་གནས ་པ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་དཔལ་བརྩེགས་རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ ་གང་སེམས་ཅན་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་ཡང་མཐོང་ལ། སྙིང་རྗེས་ཆེན་པོའི་གོ་ཆ་དེ་ཡང་མི་འདོར་ཞིང་། རྩོལ་བ་ཡང ་དོན་མཆིས་པར་མཐོང་བ་འདི་ནི། དེའི་བསྒྲུབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་འོད་ཟེར་ཐོགས་པ་མེད་པས་གསོལ་པ། བཅོམ་ལྡན ་འདས་རྒྱུ་བའི་གནས་ཇི་ཙམ་དུ་བདུད་ཀྱི་ལས་སོ།། ཇི་ཙམ་དུ་བདུད་ཀྱི་ལས་ལགས་པ་དེ་ཙམ་དུ་བསྒྲུབ་པ་མ་མཆིས་ཏེ། བཅོམ་ལྡན་འདས་རྒྱུ་བ་མ་མཆིས ་པའི་གནས་ལ། གནས་པ་ལ་ནི་བདུད་ཀྱིས་གླགས་མི་རྙེད་དེ་བདུད་ཀྱི་ལས་ཤིན་ཏུ་འདས་པའི་བྱང་ཆུབ་སེམས་དཔའ་ནི་སྒྲུབ་པ་ཡང་དག་པ་ལ་གནས་པ་ཞེས ་བགྱིའོ།། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་འབར་གྱིས་གསོལ་པ། བཅོམ་ལྡན་འདས་གང་དག་ཆོས་འགའ་ཞིག་ཡོངས་སུ་འགྲུབ་པར་འཚལ་བ ་དེ་དག་གི་འབད་པ་དོན་མ་མཆིས་པ་ལགས་སོ།། བཅོམ་ལྡན་འདས་ཆོས་ཐམས་ཅད་ཡོངས་སུ་གྲུབ་པ་མ་མཆིས་པར་ཡང་འདིར་འཚལ་པ་གང་ལགས ་བས་ཀྱང་རློམ་སེམས་སུ་མི་བགྱིད་པ་འདི་ནི་དེའི་བསྒྲུབ་པ་ཡང་པ་ལགས་སོ།། བྱང་ཆུབ་སེམས་དཔའ་ངན་སོང་སྤོང་གྱིས་གསོལ་པ། བཅོམ་ལྡན ་འདས་གང་དག་འགྱུར་བ་དང་། རྣམ་པར་རྟོག་པ་ལ་སྤྱོད་པ་དེ་དག་ལ་བསྒྲུབ་པ་ག་ལ་མཆིས། བཅོམ་ལྡན་འདས་འགྱུར་བ་མ་མཆིས་པ་དང་། རྟོག་པ་མ ་མཆིས་པ་བསྒྲུབ་པ་སྟེ་གང་འགྱུར་བ་མ་མཆིས་པ་དང་། རྣམ་པར་རྟོག་པ་མ་མཆིས་ནི་སེམས་ཀྱི་རང་བཞིན་ལགས་སོ། སེམས་ཀྱི་རང་བཞིན་ཡོངས་སུ་འཚལ ་པ་དང་ལྡན་པ་ནི། བསྒྲུབ་པ་ཡང་དག་པ་གནས་པ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་བསམ་པ་ལེགས་པར་སེམས་ཀྱིས་གསོལ་བ། བཅོམ་ལྡན་འདས ་བྱང་ཆུབ་སེམས་དཔས་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྗེས་སུ་འཇུག་པར་བགྱི་སྟེ། གང་འདིར་སེམས་ཅན་ཐམས་ཅད་ཀྱི་སེམས་རྣམས་ཀྱང་སེམས ་མ་ལགས་པར་སེམས་འཚལ་བ་ལ་འཇུག་པ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས ་ཀྱིས་གསོལ་པ། བཅོམ་ལྡན་འདས་ཉེ་བར་ཞི་བ་ནི་སྒྲུབ་པ་ལགས་ཏེ། མ་ཞི་བ་ལ་ནི་སྒྲུབ་པ་མ་མཆིས་སོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང ་སེམས་ཀྱི་དམིགས་པ་ཐམས་ཅད་ལས་ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བ་དེ་རྟོག་པ་དང་སྤོང་བར་མི་བགྱིད་དེ། རྟོག་པ་དང་སྤོང་བ་དང་བྲལ་བ་མཉམ ་པ་ཉིད་དུ་རྟོགས་པ་འདི་ནི་དེའི་བསྒྲུབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་དད་དཔོན་བཟང་པོས་གསོལ་བ། བཅོམ་ལྡན་འདས་བྱང་ཆུབ་སེམས ་དཔའ་དགེ་བའི་རྩ་བས་བརྟན་པ་ནི་བསྒྲུབ་པ་ཐོབ་པར་བགྱིད་པ་ལགས་ཏེ། དགེ་བའི་རྩ་བསམ་གཏན་པ་ནི་མ་ལགས་སོ།། བཅོམ་ལྡན་འདས་བྱང་ཆུབ་སེམས ་དཔའ་གང་བསོད་ནམས་ཀྱི་ཚོགས་ཀྱིས་ཀྱང་བརྟན། ཡེ་ཤེས་ཀྱི་ཚོགས་ཀྱིས་ཀྱང་བརྟན། ཏེ། བསོད་ནམས་མཉམ་པ་ཉིད་པས་ཡེ་ཤེས་མཉམ་པ་ཉིད་ཡེ་ཤེས ་མཉམ་པ་ཉིད་པས། བསོད་ནམས་མཉམ་པ་ཉིད། བསོད་ནམས་དང་ཡེ་ཤེས་མཉམ་པ་ཉིད་པས། བྱང་ཆུབ་སེམས་དཔའ་མཉམ་པ་ཉིད། བྱང་ཆུབ་མཉམ ་པ་ཉིད་པས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་འདི་ནི། དེའི་སྒྲུབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་དུས་དཔོག་རྒྱལ་པོས ་གསོལ་བ། བཅོམ་ལྡན་འདས་ཆོས་ཐམས་ཅད་དབྱེར་མ་མཆིས་པ་ནི་སྒྲུབ་པ་ལགས་སོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད ་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བར་འཚལ་ནས། ཆོས་གང་ཡང་འབྱེད་པར་མི་བགྱིད་སྦྱོར་བར་ཡང་མི་བགྱིད་པ་འདི་ནི་དེའི་བསྒྲུབ་པ་ཡང་དག་པ་ལགསསོ།། ། ་བྱང་ཆུབ་སེམས་དཔའ་དོན་ལེགས་པར་སེམས་ཀྱིས་གསོལ་བ། བཅོམ་ལྡན་འདས་དོན་ལ་བརྟན་པ་ལགས་ཀྱིས། ཚིག་འབྲུལ་མ་ལགས་ཏེ། བཅོམ་ལྡན ་འདས་བྱང་ཆུབ་སེམས་དཔའ་གང་གི་དོན་གྱི་རྗེས་སུ་ཞུགས་པའི་བློས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཀུན་ཏུ་འཛིན་པ་དང་། སྟོན་པ་བགྱིད་ཀྱང་ཡང་དག ་པའི་དོན་བརྗོད་དུ་མ་མཆིས་པ་དེ་ལས་ཀྱང་མི་གཡོ་བ་འདི་ནི་དེའི་བསྒྲུབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་དག་པས་གསོལ ་བཿབཅོམ་ལྡན་འདས་ལྷག་པའི་བསམ་པས་ནི་བསྒྲུབ་པ་ལགས་ཏེ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལྷག་པའི་བསམ་པ་ལ་ཞུགས་པ་དེ་ནི ་སྐད་དང་ཚིག་དང་། བརྗོད་པ་ལྷུར་ལེན་པ་མ་ལགས་ཀྱི། དེ་ནི་ཡང་དག་པའི་སྒྲུབ་པ་ཚོལ་བ་ལགས་ཏེ། ཇི་ལྟར་འགྲོ་བ་དང ་འོངས་པ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་ཚོལ་བ་འདི་ནི་དེའི་བསྒྲུབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་ཤིན་ཏུ་དྲི་མེད་སེམས ་བས་གསོལ་བ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། གོས་དྲི་མ་ཅན་བཀྲུ་བར་བགྱིའི་དྲི་མ་མ་མཆིས་པ་ནི་མ་ལགས་སོ།། བཅོམ་ལྡན་འདས་དེ་བཞིན ་དུ་སེམས་ཡོངས་སུ་མ་དག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པས་ཡོངས་སུ་སྣང་བར་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གི ་སེམས་དང་ཡིད་ལ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་མི་འཇུག་པའོ།། དག་པ་གང་ལགས་པ་དེ་བསྒྲུབ་པ་ཡང་དག་པ་ལ་གནས་པ་ཞེས ་བྱའོ།། བྱ་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གསོལ་པ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ ་ནི་ཚེགས་ཆུང་ངུས་སྒྲུབ་པ་ཡང་དག་པ་འཕགས་པ་ཐོབ་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལ་ལ་དག ་གནས་ཤིང་། བདུད་ཀྱི་ལྕགས་ཀྱུ་ལས་མི་འདའ་བ་དེ་དག་ཐམས་ཅད་ནི་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་ལགས་སོ།། གང་དག་བདུད་ཀྱི་ལྕགས ་ཀྱུ་ལས་ཤིན་ཏུ་འདའ་བ་དེ་དག་ཐམས་ཅད་ནི་དགེ་བའི་གཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ལགས་སོ།། བཅོམ་ལྡན་འདས་དེ་ལྟ་བུས་ན། བྱང་ཆུབ་སེཾས ་དཔའ་བདུད་ཀྱི་ལྕགས་ཀྱུས་ལས་ཤིན་ཏུ་འདའ་བར་འཚལ་བས་དགེ་བའི་བཤེས་གཉེན་རྣམས་ལ་བསྙེན་པར་བགྱི། བསྟེན་པར་བགྱི། བསྙེན་བཀུར་བགྱིའོ།། ། ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་བྱང་ཆུབ་སེམས་དཔའ་ནི་ཚིགས་ཆུང་ངུས་སྒྲུབ་པ་ཡང་དག་པ་འཕགས་པ་ཐོབ་པར་འགྱུར་རོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་བདུད་ཀྱིས་ལྕགས་ཀྱུ་རྣམས་ཤེས་སམ། ་གསོལ་པ། བཅོམ་ལྡན་འདས་བདག་གིས་བདུད་ཀྱི་ལྕགས་ཀྱུ་རྣམས་འཚལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་གང་ཐོབ ་པས་བྱང་ཆུབ་སེམས་དཔའ་རྣམས་ཤིན་ཏུ་འདའ་བར་འགྱུར་ཞིང་བདུད་དང་ཕྱིར་རྒོལ་བ་བཅོམ་སྟེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་མངོན་པར་མཚང་རྒྱ་བར་འགྱུར་བར་ཁྱོད་བདུད་ཀྱིས་ལྕགས་ཀྱུ་བསྟེན་པ་ལ་རྩོམ་སྟེ། སྤོབས་པར་གྱིས་ཤིག། བློ་གྲོས ་རྒྱ་མཚོས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུས་བདག་གིས་བདུད་ཀྱི་ལྕགས་ཀྱུ་བཤད་པར་བྱའོ།། བདུད་ཀྱི་ལྕགས་ཀྱུ ་རྣམས་གང་ཞེ་ན། བཅོམ་ལྡན་འདས་བདུད་ཀྱི་ལྕགས་ཀྱུ་ནི་བཅུ་གཉིས་པོ་འདི་དག་སྟེ། བཅུ་གཉིས་གང་ཞེ་ན། བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས ་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་མི་ཕངས་པའི་དངོས་པོ་ཡོངས་སུ་གཏོང་བའི་སེམས་འཇུག་གི། ཕངས་པའི་དངོས་པོ་ཡོངས་སུ་བཏང་བའི ་སེམས་འཇུག་པ་དང་། སེམས་ཅན་གང་དག་དེ་ལ་དགའ་བར་གྱུར་པ་དེ་དག་ལ་ནི་སྦྱིན་པར་བགྱིད། སེམས་ཅན་གང་དག་དགའ་བར་མ་གྱུར་པ་དེ་དག་ལ་ནི་སྦྱིན ་པར་མི་བགྱིད་ཅིང་དེ་དངོས་པོ་ཐ་དད་དུ་བགྱིད་སེམས་ཅན་ཐ་དད་དུ་བགྱིད་ན། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་དང་རབ་ཏུ་ལྡན་པའི ་བདུད་ཀྱི་ལྕགས་ཀྱུ་སྟེ་དང་པོའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་ལྡན་ཞིང་དགེ་བའི་ཆོས་ཅན་དུ་གྱུར་ཏེ། སོ་སོར ་ཐར་པའི་སྡོམ་པས་བསྡམས། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས། ཁ་ན་མ་ཐོ་བ་ཕྲ་རབ་ལ་ཡང་འཇིགས་པར་ལྟ། འཚོ་བ་ཡོངས་སུ་དག་པའི ་བསླབ་པའི་གནས་ཡང་དག་པར་བླངས་པ་རྣམས་ལ་སློབ་སྟེ། དེ་ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ་ལ་སྙེན་ཅིང་སྟེན་ལ་བསྙེན་བཀུར ་བགྱིད་དེ། ཚུལ་ཁྲིམས་འཆལ་བའི་སེམས་ཅན་ཐམས་ཅད་རྣམས་ལ་ཁྲོ་བ་དང་། སྡང་བ་དང་། ཞེ་འགྲས་པར་བགྱིད་ཅིང་ཚུལ་ཁྲིམས་དེ་ཉིད་ཀྱིས་བདག་ལ ་བསྟོད་དེ་གཞན་ལ་སྨོད་ན་བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་གཉིས་པའོ།། བཅོམ་ལྡན ་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་བཟོད་པ་སྒྲུབ་སྟེ། དེ་ལུས་ཀྱིས་ཀྱང་བཟོད། ངག་གིས་ཀྱང་བཟོད་ན་སེམས་ཀྱིས་གནོད་པ་བགྱིད་དེ། དེ་སེམས་ཅན ་སྟོབས་དང་ལྡན་པ་རྣམས་ལ་ནི་བཟོད། སེམས་ཅན་ཉམས་ཆུང་བ་རྣམས་ལ་ནི་མི་བཟོད། སེམས་ཅན་སྟོབས་དང་ལྡན་པ་རྣམས་ལ་ནི་བཟོད་པའི་སྟོབས་ཉེ་བར ་སྟོན་སེམས་ཅན་ཉམས་ཆུང་བ་རྣམས་ལ་ནི་གནོད་སེམས་ཀྱི་སྟོབས་ཉེ་བར་སྟོན་ཏེ། དེ་རེ་ཤིག་ནི་བཟོད། རེ་ཤིག་ནི་མི་བཟོད། ཁ་ཅིག་ལ་ནི་བཟོད། ཁ་ཅིག་ལ། ་ནི་མི་བཟོད་ལ། དེ་གང་གི་ཚེ་བཟོད་པ་དེའི་ཚེ་བཟོད་པས་རྒྱགས་ཏེ། རློམ་སེམས་སུ་བགྱིད། གང་གི་ཚེ་མི་བཟོད་པ་དེའི་ཚེ་ན་ནི ་མྱུར་དུ་སོ་སོར་མི་འཆགས་ན། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་བཟོད་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་གསུམ་པའོ།། བཅོམ་ལྡན ་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པར་གྱུར་ལ། དེ་བརྩོན་འགྲུས་བརྩམས་པར་གནས་ཀྱང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག ་པ་ལ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་དེ། ཐེག་པ་ཆེན་པོ་ལ་སེམས་ཅན་ཐམས་ཅད་རྣམས་ཡོངས་སུ་སྨིན་པར་བགྱིད། ཉན་ཐོས་དང་རང་སངས་རྒྱས ་ཀྱི་གཏམས་རྒྱུན་དུ་སྟོན་གྱི། ཐེག་པ་ཆེན་པོའི་གཏམ་འཆབ་པར་བགྱིད་འཇིག་རྟེན་པའི་བགྱི་བ་ལ་ཞལ་ལྟ་བགྱིད་པར་བརྩོན་གྱི། འཇིག་རྟེན་ལས་འདས་འདས་པའི ་ཆོས་ཡོངས་སུ་མི་ཚོལ་དེ་བཞིན་གཤེགས་པ་ལ་མཆོད་པས་དགའ་བ་ཐོབ་སྟེ། འདི་ལྟར་མེ་ཏོག་དང་། སྤོས་དང་ཕྲེང་བ་དང་། བདུག་པ་དང་། བྱུག་པ་དང་། བྱེ ་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བགྱིད་དེ། དེ་ལ་གཞོལ། དེ་ལ་འབབ། དེ་འབབ་པ། ་གྱུར་ཀྱང་ཐོས་པ་ཡོངས་སུ་བཙལ་བ་དང་། ཐོས་པ་བསྟན་པ་དང་། ཐོས་པ་ལ་སོ་སོར་བརྟག་པ་དང་། ཐོས་པ་བསྒྲུབ་པར་བསྐྱོན་འགྲུས་མི་རྩོམ་ན། བཅོམ་ལྡན ་འདས་འདི་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བཞི་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ ་བསམ་གཏན་བཞི་སྐྱེད། གཟུགས་མ་མཆིས་པའི་སྙོམས་པར་འཇུག་པ་བཞི་སྐྱེད་ཅིང་སྒྲུབ་སྟེ། དེ་དག་ལ་རྒྱུན་དུ་མང་དུ་གནས་པར་གྱུར་ལ། དེ་ཞི་བའི་སྙོམས ་པར་འཇུག་པ་དེ་དག་ལ་གནས་ཤིང་། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་ལ་སྨོད་དེ། ཆོས་སྟོན་པ་ལ་སྨོད་པ། སེམས་ཅན་དང་འདྲི་བ་སྨོད། བསོད་ནམས། ་ཀྱི་འདུ་བྱེད་རྣམས་ལ་མི་སྨོད་ཅིང་། མི་གཡོ་བའི་འདུ་བྱེད་ཀྱི་རོ་མྱང་བགྱིད། གཅིག་པུར་དགའ་བས་དགའ་བ་ཐོབ་སྟེ། འབད་པ་ཆུང་ངུས་གནས་པར་གྱུར་ནས། ་བསམ་གཏན་ལས་ལྡོག་པ་ཡོངས་སུ་མི་ཚོལ་གྱི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ལ་གསད་པར་འདུ་ཤེས་ཤིང་། གཟུགས་མ་མཆིས་པའི་ཁམས་ཀྱི ་རོ་མྱང་བར་བགྱིད་ལ། དེ་ལུས་དམན་པས་གཟུགས་མ་མཆིས་པའི་ཁམས་རྣམས་སུ་སྐྱེ་བར་བགྱིད་ཅིང་། ལྷ་ཚེ་རིངས་པོ་རྣམས་དང་བསྐལ་པ་མཉམ་པར་སྐྱེ་ག་སྟེ། ་དེ་དེར་སྐྱེས་ནས་ཀྱང་གང་སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་མཉེས་པར་བགྱིད་པ་དེའི་གནས་མ་མཆིས ་སོ། སངས་རྒྱས་མཐོང་བ་དང་། མཉན་པ་དང་དགེ་འདུན་ལ་བསྟན་བཀུར་བགྱིད་པ་དང་། བྲལ་བར་འགྱུར། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་དང་། དམ ་པའི་ཆོས་ཡོངས་སུ་གཟུངས་པ་དང་། བསོད་ནམས་ཀྱི་ཚོགས་སྩོགས་པ་དང་། བྲལ་བར་གྱུར་དེའི་དབང་པོ་རྣམས་བླུན་ཞིང་རྟུལ་བའི་རང་བཞིན་ཅན་དུ་འགྱུར།། ་དེ་ནས་ཤི་འཕོས་ནས་གང་དང་གང་དུ་སྐྱེས་པ་དེ་དང་དེར་རྟུལ་བའི་རྒྱུན་ཅད་དུ་འགྱུར་ཞིང་། རྨུགས་པ་དང་། གཉིད་ཆེ་བར་འགྱུར་བ་འདི་ནི་བཅོམ་ལྡན་འདས ་བྱང་ཆུབ་སེམས་དཔའི་བསམ་གཏན་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་ལྔ་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ ་དང་ལྡན་པར་གྱུར་ཏེ། རྐྱེན་ཤིན་ཏུ་མཐོང་བའི་སླད་དུ། རྒྱུ་ཡོངས་སུ་ཤེས་པ་དང་ལྡན་པར་གྱུར། རྒྱུ་མ་མཆིས་དང་རྒྱུ་བྲལ་བ་དང་། མངོན་པར་འདུ་བགྱིད་པ ་དང་མངོན་པར་འདུ་བགྱིད་པ་མ་མཆིས་པར་གྱུར་ཏེ། བསོད་ནམས་ཀྱི་འདུ་བྱེད་རྣམས་ལ་སྨོད། ཐབས་དང་བྲལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན། ་པར་མི་བགྱིད། ཚུལ་ཁྲིམས་དང་བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་དམན་པའི་སྙམ་ན། དེ་ནི་དབང་པོ་ཡོངས ་སུ་མ་སྨིན་པ། བཏང་སྙོམས་སུ་ལྷུང་པ་སྟེ། བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་མི་སྡུད་ཅིང་། སྤོབས་པ་མ་མཆིས་པ། མངོན་པར་འདུ་བགྱི ་བ་མ་མཆིས་པ། དེ་ཉིད་ཀྱི་རོ་མྱང་བར་བགྱིད་པ་འདི་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཤེས་རབ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ། ་དྲུག་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་དགོན་པ་པར་གྱུར་པ། བས་མཐའི་གནས་མལ་ལ་མངོན་པར་དགའ་ཞིང་འདོད་པ ་ཆུང་ལ་ཆོག་ཤེས་ཏེ་རབ་ཏུ་དབེན། ཁྱིམ་པ་དང་། རབ་ཏུ་བྱང་བ་རྣམས་དང་མི་འདྲེལ། དེའི་དོན་ཉུང་བ་དང་བགྱི་བ་ཉུང་བས་བདེ་བ.རེ་གནས་ཏེ། གཡོ་བ ་མ་མཆིས་ཀྱང་། མང་དུ་ཐོས་པ་ཡོངས་སུ་བཙལ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་དང་། ཆོས་མཉན་པ་ལ་བརྩོན་པར་མི་གནས། ཆོས ་ཀྱི་འཕེལ་བའི་དཀའ་མཆིས་དང་། དོན་རྣམ་པར་ངེས་པའི་དཀའ་མཆིད་ལ་བགྱི་བ་ལ་རྒྱུན་དགུམ་སེམས་ཏེ། ཡོངས་སུ་འདྲི་བའི་རང་བཞིན་ཅན་མ་ལག། ་དགེ་བའི་ཅི་ཞེས་ཚོལ་བ་ལ་མི་བརྩོན། དེ་དགོན་པ་ལ་གནས་པ་དང་། གཅིག་པུར་དགའ་བས་ཉོན་མོངས་པ་རྣམས་ཀུན་ཏུ་མི་རྒྱུ ་སྟེ། དེ་ཀུན་ནས་ལྡང་བ་གནོད་པ་ཙམ་གྱིས་དགའ་བ་ཐོབ་ཅིང་། བག་ལ་ཉལ་ཡང་དག་པར་གཞོམ་པའི་སླད་དུ་ལམ་བསྒོམ་པར་མི་བགྱིད་དེ། དེ་ན་བདག ་གི་དོན་དང་། གཞན་གྱི་དོན་གྱི་སླད་དུ་བརྩོན་པར་མི་འགྱུར་བ་འདི་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་དགོན་པ་ལ་གནས་པ་དང་རབ་ཏུ་ལྡན་པའི་བདུད ་ཀྱི་ལྕགས་ཀྱུ་སྟེ། བདུན་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་མང་དུ་ཐོས་པར་གྱུར་ཏེ། ཆོས་ཀྱི་གཏམ་ཅན་ཚིག་མཉན་པར་འོས་པ། ་ཚིག་བཟུང་བར་འོས་པ། སྙན་པ་སྣ་ཚོགས་ཀྱི་གཏན་ཅན་དང་། སྤོབས་པ་ཕུན་སུམ་ཚོགས་པར་གྱུར་ཀྱང་། དེ་ཟང་ཟིང་གི་སླད་ཆོས་སྟེན་ཏེ། ཟང་ཟིང་མ་མཆིས ་པའི་སེམས་ཀྱིས་མ་ལགས། གང་ལས་དེའི་གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་མ་མཆིས་པར་འགྱུར་བ་དེ་དག་ལ ་ཆོས་སྟོན་གྱིས། སེམས་ཅན་གང་དག་དད་པ་དང་ལྡན་ཞིང་དང་བ་མང་བ། ལེགས་པར་བཤད་པའི་དོན་འཚལ་བར་ནུས་ཤིང་། སྟོབས་དང་ལྡན་པ། ཟང་ཟ ་གིས་དེ་རྗེས་སུ་འཛིན་པར་མི་བགྱིད་པ་དེ་དག་ལ་ཆོས་སྟོན་པ། གང་དག་དེ་ལ་དགེད་པར་བགྱིད་པ། དམན་པ་དམན་པར་གྱུར་པ། གཏི་མུག་གི་རང་བཞིན ་ཅན་ཆོས་རྒྱ་ཆེན་པོའི་སྣོད་དུ་མ་གྱུར་པ་དེ་དག་ལ་ཆོས་སྟོན་པ་དང་། དེ་ཟང་ཟིང་གིས་སྤགས་པའི་རྒྱུད་དེས་གང་དག་ཆོས་སྟོན་པར་བགྱིད་པ་མ་ལགས་པ། ་སྣོད་དུ་མ་གྱུར་པ་དེ་དག་ལ་ཆོས་སྟོན་པ་དང་། གང་དག་བསྟན་པར་བགྱི་བ་དེ་དག་ལ་མི་སྟོན་འདི་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཆོས་བསྟན་པ་དང་རབ ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བརྒྱད་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་འཇིག་རྟེན་རྒྱང་ཕན་པ་ཡོངས་སུ་ཚོལ་དེ། དེ་གཞན་དག་ལ་ཟབ ་མོའི་བཀའ་མཆེད་ཀྱི་རྒྱུན་བཀུམ་ནས། འཇིག་རྟེན་རྒྱང་ཕན་པའི་བཀའ་མཆིད་སྣ་ཚོགས་སྟོན་ཏོ།། དེ་འཇིག་རྟེན་རྒྱང་ཕན་པའི་བཀའ་མཆིད་སྣ་ཚོགས་སྟོན་པས། ་འཇིག་རྟེན་དགའ་ཞིང་མངོན་པར་དགའ་བའི་ཚིག་དང་། ལན་གྱི་ཚིག་ལ་མཁས་པས་སེམས་ཅན་རྣམས་དགའ་བར་འགྱུར་ཏེ། དེ་ལ་ལེགས་སོ་ལེགས་སོ་བགྱི་བ ་ཡང་བསྩོལ་བར་འགྱུར་ལ། དེ་ནས་ཀྱང་བྱང་ཆུབ་སེམས་དཔའི་ཡིད་རངས་པར་འགྱུར་བ་དང་། ལྷའི་བུ་གང་དག་སྔོན་སངས་རྒྱས་མཐོང་བ། ཆོས་ཟབ་མོ་ལ་མོས ་པ་ཆོས་མཉན་པའི་ཕྱིར་དེར་འདུས་པར་གྱུར་པ་དེ་དག་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། ཡིད་མ་རངས་ན། གང་འཇིག་རྟེན་གྱི་དགའ ་བས་མངོན་པར་དགའ་བའི་སེམས་ཅན་དེ་དག་ལ་ཟབ་མོའི་གཏམ་གྱི་རྒྱུན་བཅད་དེ། འཇིག་རྟེན་རྒྱང་ཕན་པའི་གཏམ་སྣ་ཚོགས་སྟོན་པའི་རིགས་ཀྱི་བུ་འདི་ནི་དམ་པའི ་ཆོས་ནུབ་པར་བྱེད་པ་ཡིན་གྱི། དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན།། དོན་ཟབ་མོའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང ་གི། འཇིག་རྟེན་རྒྱང་ཕན་པའི་གཏམ་སྣ་ཚོགས་ཀྱི་ཕྱིར་མ་ཡིན་ནོ་ཞེས་མཆི་ཞིང་། འཁོར་དེ་ནས་མཆི་བར་འགྱུར་བ་དེ་ལྟ་བུའི་ཚིག་སྨྲའོ།། བཅོམ་ལྡན་འདས་དེ ་ལྟ་བས་ན། བྱང་ཆུབ་སེམས་དཔའ་གང་འཇིག་རྟེན་རྒྱང་ཕན་པའི་བཀའ་མཆིས་སྣ་ཚོགས་བགྱིད་ཀྱི་ཟབ་མོའི་བཀའ་མཆིད་འཆབ་པ་འདི་ནི། སངས་རྒྱས་འབྱུང ་ང་ནུབ་པར་བགྱི་བའི་སླད་དུ་ཞུགས་པ་ལགས་སྟེ། བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔའ་བཀའ་མཆིད་ཟབ་མོ་འཆབ་ཅིང་། འཇིག་རྟེན་རྒྱང་ཕན་པ་དང ་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་དགུ་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེད་གཉེན་ལྟར་བཅོས་པ་སྡིག་པའི་གྲོགས ་པོ་གང་དག་དེ་ལ་བསྡུ་བའི་དངོས་པོ་རྣམས་ལས་འདུན་པ་བཟློག་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་བགྱིད་པ་ལས་འདུན་པ་བཟློག་པ་དང་། དམ་པའི ་ཆོས་ཡོངས་སུ་གཟུངས་པ་ལས་འདུན་པ་བཟློག་པ་དང་། བསོད་ནམས་ཀྱི་ཚོགས་ལས་འདུན་པ་བཟློག་པ་དང་། རབ་ཏུ་དབེན་པ་ལ་སྦྱོར་བ་དང་། དོན་ཉུང ་ཞིང་བགྱིད་པ་ཉུང་བ་ལ་སྦྱོར་བ་དང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་བཀའ་མཆིད་དེ་ལ་རྒྱུན་དུ་མང་དུ་སྟོན་པ་དང་། ཐེག་པ་ཆེན་པོ་དང་ལྡན་པའི ་བཀའ་མཆིད་དེ་ལ་མི་སྟོན་པ་དག་ལ་བསྙེན་བཀུར་ཅིང་བསྟེན་ཏེ་བསྙེན་བཀུར་བགྱིད་པ་དང་། གང་གི་ཚེ་བྱང་ཆུབ་སེམས་དཔའ་དབེན་པར་གནས་པས། ཐེག་པ་ཆེན ་པོ་ལས་ལྡང་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་གདོན་མི་ཟ་བར་ཞལ་ཏ་བྱེད་པར་བྱའོ་ཞེས། བྱང་ཆུབ་སེམས་དཔའི་ཞལ་ཏ་བགྱིད་པའི་དྲི་མ་ལ་སྦྱོར་ལ། གང ་གི་ཚེ་བྱང་ཆུབ་སེམས་དཔའ་ཞལ་ཏ་བགྱིད་པའི་དྲི་མ་ལ་སྦྱོར་བ་དེའི་ཚེ་དབེན་པ་ལ་སྦྱོར་ཞིང་། མཚན་མ་དང་བཅས་པ་དང་། རྒྱུ་བ་དང་བཅས་པའི་བཟོད་པའི་ཉེ ་བར་སྟོན། བྱང་ཆུབ་སེམས་དཔའི་ལམ་ཡང་དག་པ་ཕུལ་བ་གང་ལགས་པ་དེ་དག་དེ་ལ་མི་སྟོན་ཏོ།། བྱང་ཆུབ་སེམས་དཔའི་ལས་ཡང་དག་པ་ཡང་དག་ཕུལ ་དེ་དག་གང་ལགས་ཤེ་ན། བཅོམ་ལྡན་འདས་བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའི་ལས་ཡང་དག་པ་ཡང་དག་པ་ཕུལ་ལགས ་སོ།། བཅུ་པོ་གང་ཞེ་ན་འདི་ལྟ་སྟེ། དད་པའི་རྩ་བ་ལ་རབ་ཏུ་གནས་ཏེ། དགེ་བའི་བཤེས་གཉེན་རྣམས་ལ་བསྙེན་ཅིང་བསྟེན་ཏེ། བསྙེན་བཀུར་བགྱིད་པ་དང་། མགོ ་དང་གོས་ལ་ཞུགས་འབར་བཞིན་དུ་དགེ་བའི་ཆོས་ཅི་ཞེས་ཡོངས་སུ་ཚོལ་བ་དང་། དགེ་བའི་ཆོས་ལ་འདུན་པ་ལ་གནས་ཏེ། ཡང་དག་པའི་བརྩོན་པ་མི་འདོར་བ་དང་། ་བག་མཆིས་པར་ལས་བགྱིད་པ་ཆུད་མི་བཟོན་པ་དང་། བདག་བདེ་བ་ལ་མི་ཆགས་པར་རྟག་པར་རྒྱུན་དུ་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་དང་། ལུས་དང ་སྲོག་ལ་མི་ལྟ་བར་དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། མཚན་དང་དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བའི་སླད་དུ། བསོད་ནམས ་ཀྱི་ཚོགས་ཡོངས་སུ་ཚོལ་བ་མི་ངོམས་པ་དང་། གཟུངས་དང་སྤོབས་པ་ཐོབ་པར་བགྱི་བའི་སླད་དུ་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བ་དང་། སོ་སོའི་སྐྱེ་བོ ་ཐམས་ཅད་ཀྱིས་མི་གོས་པར་བགྱི་བའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་ཤིན་ཏུ་བཟའ་བའི་སླད ་དུ། ཐབས་ལ་མཁས་པ་ཡོངས་སུ་ཚོལ་བ་སྟེ། བཅོམ་ལྡན་འདས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ས་ལས་ཡང་དག་པ་ཡང་དག་ཕུལ་ལགས་ཏེ།། ་གང་དག་ལ་བྱང་ཆུབ་སེམས་དཔས་བསླབ་པར་བགྱི་བ་དེ་དག་ལ་མི་སྟོན་པ་དང་། དེ་ལ་འདི་སྐད་དུ་བྱང་ཆུབ་ནི་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པ ་ཡིན་གྱི་ལེ་ལོ་ཅན་གྱི་མ་ཡིན་ནོ།། གལ་ཏེ་ཁྱོད་བསྐལ་པ་བརྒྱད་དམ་བཅུས་བླ་ན་མེད་པ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར ་སངས་རྒྱས་ན། ཕྱིས་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ་ཞེས་མཆི་ལ་བཅོམ་ལྡན་འདས་དེ་ལ ་བྱང་ཆུབ་སེམས་དཔའ་གང་སྒྱིད་ལུག་ནས་འབྲས་བུ་ཐོབ་པར་བགྱིད་པའི་གནས་མཆིས་ན། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་དགེ་བའི ་བཤེས་གཉེན་ལྟར་བཅོས་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བཅུ་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ང་རྒྱལ་གྱིས་ཁེངས་ཤིང་ང་རྒྱལ ་གྱི་རེངས་པར་གྱུར་ཏེ། དེ་ང་རྒྱལ་བླ་མ་རྣམས་དང་། སྦྱིན་གནས་རྣམས་དང་། ཕ་མ་དང་། སློབ་དཔོན་དང་། མཁན་པོ་རྣམས་དང་། དེ་ལས་གཞན་པ ་བླ་མ་ལྟ་བུའི་གང་ཟག་རྣམས་ལ་ཀུན་ཏུ་འདུད་པ་དང་། བདུད་པ་དང་། རབ་ཏུ་འདུད་པར་མི་བགྱིད་ཅིང་། དེ་ལ་མ་གུས་པར་གྱུར་པ ་དང་རྫ་གང་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ལ་མཁས་པ། ཁྱབ་པར་ཐོབ་པ། གཟུངས་དང་སྤོངས་པ་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའི ་བགྱི་བ་ཐམས་ཅད་ཚར་ཕྱིན་པ་དེ་དག་གི་གན་དུ་མི་མཆི། མི་སྙེན་མི་རྟེན་པ་བསྙེན་བཀུར་མི་བྱེད། ཡོངས་སུ་མི་འདྲི། ཡོངས་སུ་འདྲིར་མི་སྩལ་ཅིང་དེ་མ་ཐོས་པའི ་ཆོས་ཉན་པར་མི་བགྱིད། ཐོས་པའི་ཆོས་རྣམས་ཀྱང་ཡོངས་སུ་དཀར་བར་མི་བགྱིད། དེ་ལས་གཞན་པ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་བདུད་ཀྱི་ལྕགས ་ཀྱུས་ཟིན་པ། ཆོས་ངན་པ་ལ་སྤྱོད་པ་དེ་དག་ལ་དགའ་བ་རྙེད་པ་དང་། དེ་དག་ཀྱང་དེ་བཞིན་དུ་དེའི་རྗེས་སུ་འཇུག་པར་གྱུར་པ་དང་། དེ་དམན་པ་ལ་སྟེན་ཅིང་། ཁྱད ་པར་དང་བྲལ་བས་འདི་ལྟ་སྟེ། ཞན་པའི་འགྲོ་བ། བླུན་པོ་འོན་པ། སྡུག་པའི་འགྲོ་བ་དམན་པ་ཉིད་དུ་མཆི་བར་འགྱུར་རོ།། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ་སྐྱེས་བུ་ལ་ལ་ཞིག་གིས་གྲམ་པའི་ས་ཕྱོགས་སུ་ཤིང་ཙམ་པ་ཀ་བསྐྲུན་ལ། ཆབ་སྩོལ་བར་མི་བགྱིད་ཀྱི་གང་ནས་ཆབ་བླར་མཐོང་བའི་ཕྱོགས་དེ་ཡང་གོར་མ་དང་། གྱོ་མོ་དག ་གིས་བཀུམ་ན། བཅོམ་ལྡན་འདས་དེ་ལྟ་ན་ཞུགས་ཤིང་ཙམ་པ་ཀ་ཆབ་དང་བྲལ་བ་དེ་ཡལ་ག་དང་། ལོ་མ་དང་། ཡལ་ག་ཕྲེའུ་མ་ཆགས་པ་རྣམས་ཀྱང་ཆགས་པར ་མི་འགྱུར། ཡལ་ག་དང་། ལོ་མ་དང་། ཡལ་ག་ཕྲེའུ་ཆགས་པ་རྣམས་ཀྱང་སྐམས་ཏེ། དོག་ས་ལ་ལྷུང་བར་འགྱུར་རོ།། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ ་སེམས་དཔའ་གང་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ང་རྒྱལ་གྱིས་ཁེངས་ཤིང་། ང་རྒྱལ་གྱིས་ཁེངས་པར་གྱུར་ན། དེ་དགེ་བའི་བཤེས་གཉེན་དང་། ཆོས་ཉན་པ་དང ་བྲལ་ཏེ། མ་ཐོས་པའི་ཆོས་རྣམས་ཀྱང་མི་ཉན། ཐོས་པའི་ཆོས་རྣམས་ཀྱང་ཡོངས་སུ་དཀའ་བར་མི་བགྱིད་དོ།། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། གང་གི་ཚེ ་རྒྱ་མཚོ་ཆེན་པོ་མཆིས་པར་གྱུར་པ་དེའི་ཚེ། གཞོལ་བའི་ཕྱོགས་ན་མཆིས་པར་འགྱུར་རོ།། དེ་གཞོལ་བའི་སླད་དུ་ཆུ་ཀླུང་ཐམས་ཅད་དང་། ཆབ་མིག་དང་། འབབ་ཆུ ་ཐམས་ཅད་ཚེགས་ཆུང་ངུས་དེར་འབབ་པོ།། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ང་རྒྱལ་མ་མཆིས་པ། བླ་མ་དང་སྦྱིན་གནས་ལ་གུས་པ་ཡང་ཚེགས། ་ཆུང་ངུས་ཆོས་ཟབ་མོའི་སྒོ་རྣམས་རྣ་བའི་དབང་པོ་ལ་རེག་པར་འགྱུར་རོ།། དེ་དྲན་པ་ལ་ཡང་གནས་པར་འགྱུར་རོ།། བཅོམ་ལྡན་འདས་དེ་བས་ན། བྱང་ཆུབ ་སེམས་དཔའ་ང་རྒྱལ་གྱིས་ཁེངས་པ། ང་རྒྱལ་གྱིས་རེངས་པར་གྱུར་ཏེ། བླ་མ་དང་སྦྱིན་གནས་རྣམས་ལ་ཀུན་ཏུ་མི་འདུད་ཅིང་།། ་འདུད་པར་མི་བགྱིད་ལ་རབ་ཏུ་མི་འདུད་ན། བཅོམ་ལྡན་འདས་སྐྱེ་མའོ་བྱང་ཆུབ་སེམས་དཔའ་འདི་ནི། བདུད་ཀྱི་ལྕགས་ཀྱུས་ཟིན་པར་རིག་པར་བགྱི་སྟེ། ་བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་ང་རྒྱལ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བཅུ་གཅིག་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང ་ཆུབ་སེམས་དཔའ་གཟུགས་བཟང་ཞིང་མཛེས་ལ། ཕྱག་ཅིང་ནོར་ཆེ་བ་དང་། ལོངས་སྤྱོད་ཆེ་ཞིང་ནོར་མང་ལ། མཛོད་དང་བང་བ་མང་པོ་ཕུན ་སུམ་ཚོགས་པར་གྱུར་ཏེ། གཟུགས་དང་ལོངས་སྤྱོད་དང་། རུས་དང་རིགས་དང་། གཡོག་འཁོར་དང་། བསོད་ནམས་ཀྱི་ཚོགས་ཀྱིས་བརྟན། ་པར་གྱུར། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་ཞིང་། དེ་གཟུགས་དང་། ལོངས་སྤྱོད་པ་དང་། གཡོག་འཁོར་དང་། ་དབང་ཕྱུག་གི་སྟོབས་ཀྱིས་རྒྱགས་ཤིང་བག་མ་མཆིས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་གང་དག་རབ་ཏུ་བྱུང་བར་གཏོགས་པ་ཁྱིམ་གྱི་གནས ་ནས་ངེས་པར་བྱུང་བ་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བ་ལ་བརྩོན་པ། གདུགས་དང་གསེར་མས། ཤ་དང་ཁྲག་སྐམས་པ། རྐེ་བ་ཉམ ་ཆུང་བ། ལུས་རྩས་ཡོག་པ། མགོ་དང་གོས་ལ་ཞུགས་འབར་བ་བཞིན་དུ་གདུགས་མཚན་དུ་བརྩོན་འགྲུས་བརྩམས་པ། དགེ་བའི་ཆོས་ཡོངས ་སུ་བཙལ་བ་ལ་རྟག་དུ་བརྩོན་པ་དང་ལྡན་པ་དེ་དག་ལ་རྐེ་ཞིང་ཉམ་ཆུང་ལ། མདོག་ངན་ཅིང་མི་སྡུག་པར་རིགས་ནས། བསྐས་པར་བྱའོ།། ་སྙམ་དུ་སེམས་ཤིང་། དེ་དག་ལས་ལེགས་པར་བཤད་པ་ཉན་མི་འཚལ་ཏེ། དེ་དེ་བས་ཤས་ཆེས་དམན་ཞིང་ཆེས་རྨུགས་པར་འགྱུར་བ་འདི་ནི། ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་རྒྱགས་པ་དང་། བག་མ་མཆིས་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བཅུ་གཉིས་པའོ།། བཅོམ་ལྡན་འདས ་བཅུ་གཉིས་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལྕགས་ཀྱུ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ལས་ཤིན་ཏུ་མ་འདས་ན། ཐ་ན་རྗེས་སུ་འཐུན ་པའི་བཟོད་པ་ཡང་མི་ཐོབ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ལྟ་ཅི་སྨོས་ཀྱང་ཅི་འཚལ་ཏེ། དེ་ནི་གནས ་མ་མཆིས་སོ།། བཅོམ་ལྡན་འདས་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར ་རྫོགས་པར་འཚང་རྒྱ་བར་འཚལ་བས། བདུད་ཀྱི་ལྕགས་ཀྱུ་འདི་དག་ལས་ཤིན་ཏུ་འདའ་བར་བགྱིའོ།། །། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ།། ་། བམ་པོ་བཅུ་པ་སྟེ་ཟ་བའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལྕགས་ཀྱུ་འདི་དག ་ལེགས་པར་བཤད་པ་ལེགས་སོ་ལེགས་སོ།། བློ་གྲོས་རྒྱ་མཚོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་དག་གང་ལ་གནས ་ནཱཿབདུད་ཀྱི་ལྕགས་ཐམས་ཅད་ལས་ཤིན་ཏུ་འདའ་བར་འགྱུར་བ། བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་ཁྱོད་ལ་བཤད་དོ།། བློ་གྲོས་རྒྱ་མཚོ་བདུད ་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་དེ་དག་གང་ཞེ་ན། བློ་གྲོས་རྒྱ་མཚོ་བཅུ་པོ་འདི་དག་ནི། བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་ཡིན་ནོ།། བཅུ ་གང་ཞེ་ན་འདི་ལྟ་སྟེ། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་པས། སྟོང་པ་ཉིད་ཀྱི་རྣམ་པར་ཞུགས་ཀྱང་། བདག་ཉིད་སྐྱབས་བྱེད་པས། སེམས ་ཅན་ཐམས་ཅད་ལ་ཆེར་བྱམས་ལ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་དང་པོའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རང་བཞིན ་བས་མཚན་མ་མེད་པའི་རྣམ་པར་ཞུགས་ཀྱང་ཡོངས་སུ་ཐར་བར་བྱེད་པས། སེམས་ཅན་ཐམས་ཅད་ལ་ཆེར་སྙིང་རྗེ་བ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད ་པའི་ཆོས་ཀྱི་སྒོ་གཉིས་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྨོན་པ་བྱེད་པའི་རང་བཞིན་པས། སྨོན་པ་མེད་པའི་རྣམ་པར་ཞུགས་ཀྱང་། སེམས་ཅན་ཐམས ་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བསམས་བཞིན་དུ་སྐྱེ་བ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་གསུམ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས ་ཅད་ནི་འདོད་ཆགས་དང་བྲལ་བའི་རང་བཞིན་པས་འདོད་ཆགས་དང་བྲལ་བའི་རྣམ་པར་ཞུགས་ཀྱང་། འདོད་ཆགས་ལ་གཅོད་པའི་སེམས་ཅན་ཐམས་ཅད་ཡོངས ་སུ་སྨིན་པར་བྱེད་པ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་བའི་པའོ།། བུ་གྲོས་རྒྱ་མམ་ཆོས་ཐམས་ཅད་ནི་ཞེ་སྡང་དང་བྲལ་བའི་རང་བཞིན་ཞེ་སྡང ་དང་བྲལ་བའི་རྣམ་པར་ཞུགས་ཀྱང་། ཞེ་སྡང་ལ་སྤྱོད་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ ་གཅོད་པའི་ཆོས་ཀྱི་སྒོ་ལྔའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་གཏི་མུག་དང་བྲལ་བའི་རང་བཞིན་པས། གཏི་མུག་དང་བྲལ་བའི་རྣམ་པར་ཞུགས་ཀྱང་། གཎྜཱི ་མུག་ལ་སྤྱོད་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་དྲུག་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི། ་ཀུན་ནས་ཉོན་མོངས་པ་མེད་པའི་རང་བཞིན་པས། ཀུན་ནས་ཉོན་མོངས་པ་མེད་པའི་རྣམ་པར་ཞུགས་ཀྱང་། ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ཅན་ཡོངས ་སུ་སྨིན་པར་བྱེད་པ་འདི་ནི་གདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་བདུན་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྐྱེས་པ་མེད་ཅིང་འབྱུང་བ་མེད་པའི ་རང་བཞིན་པས། སྐྱེ་བ་མེད་ཅིང་འབྱུང་བ་མེད་པའི་རྣམ་པར་ཞུགས་ཀྱང་། སྐྱེ་བ་མེད་ཅིང་འབྱུང་བ་དང་འཆི་བ་སྤངས་པའི་ཕྱིར། སེམས་ཅན་རྣམས་ལ་ཆོས་སྟོན ་བ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་བརྒྱད་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ངང་མཉམ་ཞིང་བྱེ་བྲག་མེད་པའི་རང་བཞིན་པས། དང་མ ་ཞིང་བྱེ་བྲག་མེད་པའི་རྣམ་པར་ཞུགས་ཀྱང་ཐེག་པ་ཆེན་པོའི་བསམ་པ་ཡོངས་སུ་མི་འདོར་བར་སེམས་ཅན་རྣམས་ལ་ཐེག་པ་གསུམ་རྣམ་པར་དགོད་པའི་ཆོས་སྟོན ་བ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་དགུ་པའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་། རྣམ་པར་ཤེས ་བ་ལའང་མི་གནས་ལ། བྱང་ཆུབ་ཀྱི་སེམས་ཀྱང་མི་བརྗེད། རྩོམ་པ་ཐམས་ཅད་དང་ཡང་བྲལ་ལ། སེམས་ཅན་རབ་ཏུ་ཐར་བར་བྱ་བའི་ཕྱིར་རྩོམ་པ་ཡང་མི་འདོར ་བརྩ་སྤྱོད་པ་ཐམས་ཅད་ལས་ཀྱང་ཤིན་ཏུ་འདས་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་ཀྱང་མི་སྟོག་པ་འདི་ནི། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའི་བདུད ་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་བཅུ་པའོ།། བློ་གྲོས་རྒྱ་མཚོ་བཅུ་པོ་འདི་དག་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་སྟེ། བྱང་ཆུབ་སེམས ་དཔའ་དེ་དག་ལ་རབ་ཏུ་སྦྱོར་ན་བདུད་ཀྱི་ལྕགས་ཀྱུ་ཐམས་ཅད་ལས་ཤིན་ཏུ་འདས་པར་འགྱུར་རོ།། བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་རྣམ་གྲངས་འདི ་བཤད་པ་ན། བདུད་ཀྱི་གནས་ཐམས་ཅད་མོག་མོག་བོར་གྱུར་ཏེ། རྣམ་པ་དྲུག་ཏུ་གཡོས་སོ།། འདི་ལྟ་སྟེ་དཔེར་ན་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བྱང་ཆུབ ་སེམས་དཔའི་མཛོད་སྤུ་ནས་འོད་རབ་ཏུ་བྱུང་བས། བདུད་ཀྱི་གནས་ཐམས་ཅད་ཟག་ཐོག་པོར་གྱུར་པ་དེ་བཞིན་དུ་དེའི་ཚེ་བདུད་ཀྱི ་གནས་ཐམས་ཅད་མོག་མོགོ་བོར་གྱུར་ཏོ།། དེ་ནས་བདུད་སྡིག་ཅན་གྱིས་ལྟས་ཆེན་པོ་འདི་མཐོང་ནས། རིངས་ཤིང་བྱུར་བར་ལ་གོང་དུ་དཔུང་ག་ཚོགས་ཡན ་ལག་བཞི་པ་བསྡུས་ཏེ། བཀོད་པ་ཅི་འདྲ་བས་བྱང་ཆུབ་ཀྱི་སྙིང་པོ་འདུག་པའི་བྱང་ཆུབ་སེམས་དཔའི་གན་དུ་འགྲོ་བའི་བཀོད་པ་དེ་འདྲ་བས་དཔག་ཚད་སུམ་བཅུ ་རྩ་དྲུག་ཚུན་ཆད་བདུད་ཀྱི་སྡེས་བཀང་ནས། བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་ཁམས་ག་ལ་བ་དེར་དོང་བ་དང་། སངས་རྒྱས་ཀྱི་མཐུས་དེར་དེ་བསྒྲུབ ་པར་གྱུར་ཏེ། འོངས་ཀྱང་དེ་བཞིན་གཤེགས་པ་དང་། གང་དག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། འཁོར་དེ་ལས་སེམས་ཅན་གང་དག་འདུལ ་བར་འགྱུར་བ་རྣམས་དང་། གང་དག་སྲིད་པར་ཀུན་ཏུ་སྦྱོར་བ་སྤངས་པའི་དགྲ་བཅོམ་པ་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་རྣམས་མ་གཏོགས་པར་གང་གིས ་ཀྱང་དེ་མ་མཐོང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་བདུད་སྡིག་ཅན་བཀོད་པ ་ཇི་ལྟ་བུ་དང་འོང་བ་མཐོང་ངམ། གསོལ་བ། བཅོམ་ལྡན་འདས་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་བདུད་སྡིག་ཅན ་འདི་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་བར་ཆད་བྱ་བའི་ཕྱིར་འོངས་ན། ད་ཅི་ཞིག་བྱ། གསོལ་པ། བཅོམ་ལྡན་འདས་དེར་འདི་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི ་འཇིག་རྟེན་གྱི་ཁམས་སུ་འཕངས་པར་བགྱིའོ།། དེ་ནས་ཚེ་དང་ལྡན་པ་ཤ་རིའི་བུས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་སྨྲས་སོ།། རིགས ་ཀྱི་བུ་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་ནི་ག་ལ་ཡོད། དེ་ན་ཆོས་སྟོན་པའི་དེ་བཞིན་གཤེགས་པའི་མཚན་ནི་ཅི་ཞེས་བྱ། བློ་གྲོས་རྒྱ ་མཚོས་སྨྲས་པ། བཙུན་པ་ཤ་རིའི་བུ་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་གང་གའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན།། ་བདེ་བ་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད ་རབ་ཏུ་འཇོམས་པ་ཞེས་བྱ་བ་ཆོས་སྟོན་ཏོ།། དེ་ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་བདེ་བ་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་ཞེ་ན། བཙུན་པ་ཤ་རིའི་བུ་བདེ་བ་ཐམས ་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱིས་ཁམས་དེ་ན། བདེ་བའི་རྒྱུ་དང་། ཡོན་ཏན་གྱི་རྒྱུ་དང་། བཀོད་པའི་རྒྱུ་བསྐལ་པར་བརྗོད་ཀྱང་། ་ཟད་པར་མི་ནུས་ཏེ། དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་བདེ་བ་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱའོ། གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་རབ་ཏུ་འཇོམས་པ་དེས། བྱང་ཆུབ་ཐོབ་པ་དེའི་ཚེ། དེ་བྱང་ཆུབ་ཀྱི་སྙིང་པོ་ལ། འདུག་སྟེ། ཐམས ་ཅད་མཁྱེན་པ་ཉིད་མ་ཐོབ་པར་ལུས་ལས་བདུད་ཀུན་སྐལ་བ་ཞེས་བྱ་བའི་འོད་ཟེར་ཕྱུང་ནས། འོད་ཟེར་དེས་བསྐུལ་པ་དང་། འཇིག་རྟེན་གྱི་ཁམས་དེ་ན ་བདུད་བྱེ་བ་ཕྲག་བརྒྱ་མཁོད་པ། བདུད་རེ་རེ་ཞིང་གཡོགོ་འཁོར་བྱེ་བ་བརྒྱ་ཕྲག་བཅུ་ཡོད་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་སོང་སྟེ་བྱིན ་ནས་བྱང་ཆུབ་སེམས་དཔའ་ལ་བར་ཆད་བྱ་བར་བསམ་པ་དང་། བྱང་ཆུབ་སེམས་དཔའ་ལ་བར་ཆད་བྱེད་མ་ནུས་ཏེ། དེ་དག་ངོ་མཚར་དུ་གྱུར་ནས་བཅོམ་ལྡན ་འདས་དོའི་ཞབས་གཉིས་ལ་བཏུགས་སོ།། དེས་ཀྱང་ཇི་ལྟར་དེ་དག་བསམ་པ་ཟག་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས ་བསྐྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་བདུད་དེ་དག་ལ་ཆོས་བསྟན་ནས། བཅོམ་ལྡན་འདས་དེའི་ཕྱིས་བྱང་ཆུབ་ཐོབ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་དེ ་བདུད་རབ་ཏུ་འཇོམ་པ་ཞེས་བྱའོ།། དེ་བྱང་ཆུབ་ཐོབ་པའི་མཆོག་གི་བྲུག་དང་། བཟང་པོའི་ཐུགས་ཀྱང་བདུད་ལས་བཏུལ་བའི་བྱང་ཆུབ་སེམས་དཔའ ་རྣམས་སོ།། རིམ་གྲོ་བ་ཡང་བདུད་ལས་བཏུལ་བའི་བྱང་ཆུབ་སེམས་དཔའ་རྣམས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམ་པ ་དེ་ནི་བྱང་ཆུབ་སེམས་དཔའི་གཏམ་འབའ་ཤིག་ཡང་དག་པར་རབ་ཏུ་སྔོན་ཏེ། དེ་ན་ཐེག་པ་གཞན་གྱི་མིང་ཡང་མེད་དོ།། བཙུན་པ་ཤ་རའི་བུ་བདེ་བ་ཐམས ་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་ནི་དེ་འདྲ་སྟེ། དེར་འཕགས་ན་ཕྱིས་བདུད་ཀྱི་ལས་བྱེད་པར་མི་འགྱུར་གྱི། བདུད་ལས་བཏུལ་བའི་བྱང་ཆུབ་སེམས ་དཔའ་དེ་དག་དང་ལྷན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ།། དེ་ནས་བདུད་སྡིག་ཅན་སྔངས ་སྐྲག་འཇིགས་ཏེ། སྤུ་ཟིང་ཞེས་བྱེད་ནས། འཁོར་དེ་ནས་འགྲོ་བར་འདོད་ན། འགྲོ་བར་མ་ནུས་ཏེ། མི་སྣང་བར་མ་གྱུར་ནས། དེ་དེ་ངས་ཀྱང་ཆེར་སྔངས ་ཤིང་སྐྲག་སྟེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བློ་གྲོས ་རྒྱ་མཚོས་འཇིག་རྟེན་གྱི་ཁམས་དེར་འཕགས་པར་མི་འགྱུར་བར། བཅོམ་ལྡན་འདས་བདག་ལ་བསྐྱབ་དུ་གསོལ། བདེ་བར་གཤེགས་པ་བསྐྱེབ་དུ་གསོལ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་ཅན་མ་འཇིགས་ཤིག། སྐྱེས་བུ་དམ་པ་འདི་ལྟ་བུ་དག་ནི་སེམས་ཅན་ལ་རྣམ་པར་མཚེ་བའི་ཕྱིར་གནས་པ་མ ་ཡིན་ནོ།། སྡིག་ཅན་ཁྱོད་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་འདི་ལ་བཟོད་པ་གསོལ་ཅིག་པ་དང་། འདི་ཉིད་ཁྱོད་ལ་སྐྱོབ་པར་འགྱུར་རོ།། དེ་ནས ་བདུད་སྡིག་ཅན་གྱིས་ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་སྨྲས་སོ།། སྐྱེས་བུ་དམ་པ་ཁྱོད ་བདག་ལ་བཟོད་པར་མཛད་དུ་གསོལ། བདག་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེར་མི་འབང་བར་གསོལ། ཇི་ལྟར་གང་ན་སྐྱེས ་བུ་དམ་པ་ཁྱོད་ལྟ་བུ་ཆོས་སྟོན་པར་འགྱུར་བའི་འཁོར་དེར་བར་ཆད་བགྱི་བའི་སླད་དུ་ལན་འགའ་ཡང་མི་མཆི་བར་མི་འགྱུར་བ་དེ་ལྟར་བགྱིའོ།། བློ་གྲོས་རྒྱ ་མཚོས་སྨྲས་པ། སྡིག་ཅན་ཁོ་བོ་ལྟ་བུ་དག་ལ་བཟོད་པས་གསོལ་མི་དགོས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་ལ་ཤིན་ཏུ་བཟོད ་བ་ཉིད་དོ།། སྡིག་ཅན་ཁྱོད་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེར་སོང་ལ། འཇིག་རྟེན་གྱི་ཁམས་ཀྱི་བཀོད་པ་དེ་དང་། བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་འཇོམ་པ་དེ་ལ་ལྟོས་ཤིག་དང་། ཁྱོད་ལ་འཚེ་བར་མི་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས ་རྒྱ་མཚོ་ལག་པ་གཡས་པ་གསེར་གྱི་ཁ་དོག་ཅན་བརྒྱང་སྟེ། བདུད་སྡིག་ཅན་གྱི་སྤྱི་བོར་བཞག་ནས། བདེན་པ་དང་བདེན་པའི་ཚིག་གང་གིས། བྱང་ཆུབ ་སེམས་དཔའ་རྣམ་ལ་ཆོས་ཀྱི་སེར་སྣ་དང་། སློབ་དཔོན་ཆོས་ཀྱི་དཔེ་ཁྱུད་མེད་པའི་བདེན་པ་དང་། བདེན་པའི་ཚིག་དེས་བདག་གི་རྫུ་འཕྲལ་གྱི་རྐང ་པ་ཅི་འདྲ་བར་བདུད་སྡིག་ཅན་གྱིས་ཡང་དེ་འདྲ་བར་གྱུར་ཅིག་ཅེས། དེ་ལྟ་བུའི་བདེན་པའི་བྱིན་གྱིས་བརླབས་བྱས་སོ།། བྱང་ཆུབ་སེམས་དཔའ་བློ་གྲོས ་རྒྱ་མཚོ་ཚིག་དེ་སྐད་སྨྲས་མ་ཐག་ཏུ། དེ་ནས་བདུད་སྡིག་ཅན་རྫུ་འཕྲུལ་གྱི་སྟོབས་མཆོག་དང་ལྡན་པར་གྱུར་ཏེ། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་པར་བྱས་ནས། སངས་རྒྱས་ཀྱི་ཞིང་འདི་ནས་མི་སྣང་བར་གྱུར་ཏེ། འདི ་ལྟར་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོའི་བྱིན་གྱི་བརླབས་ཀྱིས། སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་བདེ་བ་ཐམས་ཅད་ཀྱི་བརྒྱན་པའི་འཇིག་རྟེན་གྱི་ཁམས ་དེར་གནས་པར་གྱུར་ཏོ།། དེ་ནས་བདུད་སྡིག་ཅན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་རབ་ཏུ ་འཇོམ་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འདུག་གོ།། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམས་པ་དེའི་སངས་རྒྱས་ཀྱི་ཞིང་དེ་ན། བདུད་ལས་བཏུལ་བའི་བྱང་ཆུབ་སེམས་དཔའ་གང་དག ་འཁོད་པ་དེ་དག་གིས་བདུད་སྡིག་ཅན་དེ་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམ་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་སེམས་ཅན་གང་དབང་ཆུང་ཞིང་མདོག་ངན་ལ་མི་སྡུག་པ་འདི་ལྟ་བུ་འདི་གང་ནས་མཆིས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ནུབ་ཕྱོགས ་སངས་རྒྱས་ཀྱི ་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས། གང་གའི་ཀླུང་བཅུའི་གཉིས་ཀྱི་བྱེ་མ་སྙེད་ཀྱི་ཞིང་འདས་པ་ན། འཇིག་རྟེན་གྱི་ཁམས་མི་མཆེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་སོ།། འཚོའོ་གཞེས་སོ།། དེ་འདུས་པ་ཆེན་པོའི་ལེའུ་གྱི་ཆོས་ཀྱི ་རྣམ་གྲངས་རྒྱ་ཆེར་བསྟན་ཏོ།། ཡང་དག་པར་རབ་ཏུ་འཆད་དོ།། དེར་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་ཚད་མེད་གྲངས་མེད་ཅིང་།། བགྲང་བ་ལས་ཤིན་ཏུ ་འདས་པ་དག་ཆོས་ཀྱི་རྣམ་གྲངས་འདི་མཉན་པའི་ཕྱིར་འདུས་སོ།། བྱང་ཆུབ་སེམས་དཔའི་འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ཞེས ་བྱ་བ་གོ་ཆ་བསམ་གྱིས་མི་ཁྱབ་པ་བགོས་པ། བཅོམ་ལྡན་འདས་དེ་ལ་ཡོངས་སུ་འདྲི་ཞིང་ཡོངས་སུ་འདྲིར་འཇུག་པར་ཡང་དག་པར་འདུས་པར་གྱུར་ཏོ།། ཆོས་ཀྱི་རྣམ ་གྲངས་འདི་ཐ་མ་བཤད་པའི་ཚེ། བདུད་སྡིག་ཅན་མིག་གི་མི་རྩོལ་བར་བྱ་བའི་ལས་ཀྱི་ཕྱིར་འོངས་པ་དང་། སྐྱེས་བུ་དམ་པ་དེས་འདུལ་བའི་དབང་ཉེ་བར་བཟུང་བ ་སྟེ་བདུད་སྡིག་ཅན་དེ་འཇིག་རྟེན་གྱི་ཁམས་འདིར་འཕངས་སོ།། དེ་ནས་བདུད་ལས་བཏུལ་བའི་བྱང་ཆུབ་སེམས་དཔའ་དེ་དག་གིས། བདུད་སྡིག་ཅན་ལ་འདི། ་སྱཱད་ཅེས་སྨྲས་སོ།། ཁ་བོ་ཅོག་ཀྱང་ཁྱོད་ཀྱི་གྲོགས་ཡིན་གྱིས། ཐིག་དུན་ཁྱོད་ཐ་མྱེད་པ་ཡང་དག་པར་རྫོགས་པའི ་ཏུ་སེམས་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ནེ། ཁོ་བོ་ཅག་ཀྱང་བདུད་དུ་གྱུར་ཏེ། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བའི་ཕྱིར་ཞུགས་པ་ལས། ཁོ་བོ་ཅག་དེ་བཞིན ་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་ལྟ་བས་ན་སྡིག་ཅན་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱུང ་ཆུབ་ཏུ་སེམས་སྐྱེད་ཅིག། དེ་ནས་བདུད་སྡིག་ཅན་གྱིས་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཚིག་འདི ་སྐད་ཅེས་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཕྱིན་ཅད་བདུད་ཀྱི་ལས་མི་བྱའོ་ཞེས་སྨྲས་སོ།། དེ་ནས་བྱང་ཆུབ་སེམས ་དཔའ་དེ་དག་གིས་བདུད་སྡིག་ཅན་རིན་པོ་ཆེ་བཀོད་པའི་སེང་གེའི་ཁྲི་ལ་བཞུག་སྟེ། དེ་ན་འདུས་པ་ཆེན་པོའི་ལེའུ་གྱི་ཆོས་ཀྱི་རྣམ་གྲངས་ཀྱི་རྒྱུད་ཅི་འདྲ་བ་ལ་རིགས་ཀྱི ་བུ་ཁྱོད་སྤོབས་པར་གྱིས་ཤིག་ཅེས་གསོལ་བ་བཏབ་བོ།། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གང་བདུད་སྡིག་ཅན་སེང་གེའི་ཁྲི་ལ་འདུག་པའི་འ ་སྒོ་དང་རྫ་བ་སྤུའི་ཁུང་ཐམས་ཅད་ནས། ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འདུས་པ་ཆེན་པོའི་ལེའུ་རབ་ཏུ་བཤད་པ་ལྟ་བུའི་གཏམ་བྱུང་སྟེ། ཡི་གེ་དེ་དག ་དང་ཚིག་དང་ཡི་གེའི་འབྲུ་དེ་དག་དང་། མཉམ་ཞིང་མི་ཉུང་མི་མང་ལ་མ་ལྷག་པར་འགྱུར་བ་དེ་ལྟ་བུའི་བྱིན་གྱི་རླབས་བྱས་སོ།། དེ་ནས་བྱང་ཆུབ་སེམས་དཔའ ་དེ་དག་གིས་བདུད་སྡིག་ཅན་དེ་ལས་འདུས་པ་ཆེན་པོའི་ལེའུ་གཏམ་ཐོས་ནས་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་བདག་ཅག་འཇིག་རྟེན་གྱི་ཁམས་མ་མཛད་དེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་དེ་དང་། ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་བལྟ་བར་བགྱིའོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ ་མཛེམ་པས། མཛོད་སྤུ་ནས་གཟུགས་ཐམས་ཅད་སྟོན་པ་ཞེས་བྱ་བའི་འོད་གཟེར་བྱུང་སྟེ། འོད་གཟེར་བྱུང་བ་དེས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཅུ་གཉིས་ཀྱི་བྱེ ་མ་སྙེད་དེ་དག་ལས་འདས་ཏེ། འཇིག་རྟེན་གྱི་ཁམས་མི་མཇེད་འདི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ།། དེར་བྱང་ཆུབ་སེམས་དཔའ་དེ་དག་གིས་བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ན། བསྐལ་བརྒྱར་ཡང་བསྔགས་པའི་མཐར་མི་བྱིན་པའི ་སེང་གེའི་ཁྲི་ཆེན་པོ་ལ་བཞུགས་ཏེ། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འདུས་པ་ཆེན་པོའི་ལེའུ་ཆོས་ཀྱི་རྣམ ་གྲངས་རྒྱ་ཆེར་ཡང་དག་པར་སྟོན་པ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ཡང་མཐོང་ངོ་།། འཇིག་རྟེན་གྱི་ཁམས་མི་མཇེད་ཆུས་ཡོངས་སུ་གང་བའི ་རྒྱ་མཚོ་ཅིག་ལྟ་བུར་གནས་པ་འདི་ཡང་མཐོང་ངོ་།། དེ་ན་སྒྲིབ་པ་ཅི་ཡང་མེད་པར་མཐོང་ངོ་།། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ ་སེམས་དཔའ་རྒྱང་གྲགས་ཀྱི་ཚད་ཙམ་གྱི་རིན་པོ་ཆེའི་པད་མ་དག་ལ་འཁོད་ཅིང་ཆོས་ཉན་པ་དེ་དག་ཀྱང་མཐོང་ངོ་།། མཐོང་ནས་ཀྱང་ཚིམ་ཞིང་མགུ་ལ་ཡི་རངས ་ཤིང་རབ་ཏུ་དགའ་སྟེ་དགའ་བ་དང་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེ་ལོགས་སུ་མེ་ཏོག་གཏོར་། ་གཏོང་མ་ཐོག་ཏུ་སངས་རྒྱས་ཀྱི་མཐུས་འོངས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱི་གཙུག་གི་མཆོམས་སུ་མེ་ཏོག་གི་གདུགས་ཆེན་པོར་གྱུར་ཏེ། ་དེར་ཐམས་ཅད་དང་ལྡན་པའི་འཁོར་དེས་མེ་ཏོག་གི་གདུགས་དེ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་གང་མེ་ཏོག་གི་གདུགས་འདིར་གྱུར་པའི་མེ་ཏོག་འདི་འདི་དག་གང་ནས་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། གྲོགས་པོ་དག་མེ་ཏོག་འདི ་དག་ནི་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་ནས་འོངས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གིས་ང་ལ་མཆོད་པའི་ལས་ཀྱི་ཕྱིར་གཏོར་ཏོ།། གསོལ ་བསྔ་བཅོམ་ལྡན་འདས་བདག་ཅག་གིས་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ ་ཏུ་འཇོམ་པ་དེ་དང་། བདུད་སྡིག་ཅན་འཇིག་རྟེན་གྱི་ཁམས་དེ་ནི་ཅི་བགྱིད་པ་བལྟ་བར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེས་གསོལ་བ་བཏབ་པ ་མཁྱེན་ནས། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་དང་། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བདུད་རབ་ཏུ་འཇོམ་པ་དེ་དང་། བདུད་སྡིག་ཅན་དེ་འཁོར་འདི་ལ་སྟོན་ཅིག། དེ་ནས་བཅོམ་ལྡན་འདས་ཀྱིས་བསྐབས ་བྱེ་བས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་སོར་མོ་བཅུ་ལས་འོད་གཟེར་སྟོང་ཕྲག་བཅུ་ཕྱུང་ནས། འོད་གཟེར་དེ་དག ་གིས་སངས་རྒྱས་ཞིང་གང་གའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་པོ་དེ་དག་ལས་འདས་ཏེ། བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན ་པོས་ཁྱབ་པར་གྱུར་ཏོ།། དེར་ཐམས་ཅད་དང་དྨའི་འཁོར་དེ་དང་། བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་དང་། བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམ་པ་དེ་དང་། བདུད་སྡིག་ཅན་ཆོས་ཀྱི་ཁྲི་ཆེན་པོ་ལ་འདུག་སྟེ། འདུས་པ་ཆེན་པོའི་ལེའུ་གྱི་གཏམ་རྒྱ་ཆེན་པོ་ཡང་དག ་པར་རབ་ཏུ་སྟོན་པ་ཡང་མཐོང་ངོ་།། མཐོང་ནས་ཀྱང་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས། རང་རང་གི་པད་མའི་སྟན་ལས་ལངས་ཏེ། བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམས་པ་དེ་ལ་ཕྱག་འཚལ་ནས། དེ་དག་གིས་མུ་ཏོག་གིས་གཏོར་ཏོ། གཏོར་མ་ཐག་ཏུ་སངས་རྒྱས་ཀྱི་མཐུས ་འོངས་ནས། བཅོམ་ལྡན་འདས་ཀྱི་སྤྱི་གཙུག་གི་མཚམས་སུ་མེ་ཏོག་གི་ཁང་པ་བརྩེགས་པ་ཆེན་པོར་གནས་པར་ཀུན་ཏུ་སྣང་ངོ་།། དེ་ནས་བདུད་སྡིག་ཅན་གྱིས ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་ར་ཏུ་འཇོམ་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་མི་འཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ།། ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གན་དུ་མཆིའོ།། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་དུས་ལ་བབ་པར་ཤེས་ན་ཁྱོད་སོང་ཤིག། དེ་ནས། ་བདུད་སྡིག་ཅན་གྱིས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས། སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར ་གྱུར་ཏེ།། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོའི་བྱིན་གྱིན་རླབས་དང་། རྫུ་འཕྲུལ་གྱི་སྐད་ཅིག་ཡུད་ཙམ་དེ་ལ་མི་མཆེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་གནས ་པར་གྱུར་ཏོ།། དེ་ལ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས ་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ།། ་གྲོགས་པོ་ཁྱོད་ཀྱིས་འཇིག་རྟེན་གྱི་ཁམས་བདེ་བ་ཐམས་ཅད་ཀྱིས་བརྒྱན་བདེ་མཐོང་ངམ། སྨྲས་པ་བཙུན་པ་ཤ་ར་དྭ་ཏི་བུ་བདག་གིས་འཇིག་རྟེན་གྱི་ཁམས་ཇི་ཙམ ་དུ་ཡོངས་སུ་དག་པ་དེ་མཐོང་སྟེ། ཇི་ལྟར་དག་ཅིང་དྲི་མ་མེད་པའི་སེམས་ཅན་གྱི་མཆོག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས ་དེ་ངོ་མཚར་ཏོ།། བདག་གིས་དེ་མཐོང་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། སྨྲས་པ་གྲོགས་པོ་ཁྱོད་ཀྱིས་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་ཁྱོད་ཡང་བདུད་ཀྱི་ལས་ལྟ་བྱེད་དམ། སྨྲས་པཱུ་ཤཱ་རཱ་དྭ་ཏིའི་བུ་ལྷག་པའི་བསམ་པ་ལ་ཡང་དག་པར་ཞུགས ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གང་གིས་ཀྱང་བདུད་ཀྱི་ལས་བྱེད་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ནི། ལྷག་པའི་བསམ་པ་ལ་ཡང་དག་པར་ཞུགས་པའི ་བྱང་ཆུབ་སེམས་དཔའ་རྣམས་ལ་ཇི་ལྟ་ཇི་ལྟར་བདུད་ཀྱི་ལས་བྱེད་པ་དེ་ལྟ་དེ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཆེས་སྟོབས་དང་ལྡན་ཞིང་བརྩོན་འགྲུས་རྩོམ ་མོ།། བརྫུན་པ་ཤྭ་ར་དྭ་ཏིའི་བུ་ཁྱོད་ཀྱིས་རྣམ་གྲང་འདིས་ཀྱང་གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་བདུད་ཀྱི་ལས་བྱེད་པ་དེ་ཉིད་སངས་རྒྱས་ཀྱི་འཕྲིན ་ལས་སུ་བརྗོད་ཀྱི། བདུད་ཀྱི་ལས་ནི་མ་ཡིན་པར་འདི་ལྟར་རིག་པར་བྱའོ།། སངས་ཀྱི་ཞིང་ཀུན་ཏུ་བསྟན་པ་དང་། བདུད་ཀྱི་ཆོ་འཕྲུལ་བསྟན་པ་འདི་བཤད ་བ་ན། འཁོར་དེ་ལས་སྲོག་ཆགས་ཉི་ཁྲིས་བྲ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བདུད་ཀྱི་འཁོར་དེ་ལས་ཀྱང་ལྷའི་བུ་ཁྲིས ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། མགྲིན་གཅིག་ཏུ་བཅོམ་ལྡན་འདས་བདག་ཅག་འཇིག་རྟེན་གྱི་ཁམས་བདེ་བ་ཐམས ་ཅད་ཀྱིས་བརྒྱན་པའི་དེར་སྐྱེ་བར་གྱུར་ཅིག་ཅེས་ཚིག་དེ་སྐད་ཅེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་ལུང་བསྟན་ཏོ།། ། ་སངས་རྒྱས་ཀྱི་ཞིང་ཀུན་ཏུ་བསྟན་པའི་ལེའུ་སྟེ་བཅུ་ཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་འདི་ནི་བར་ཆད་མང་བ། ཕྱིར་རྒོལ་བ་མང་བ་ལགས་ན། གང ་འདི་ལྟ་བུའི་མདོ་སྡེ་འདི་དག་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ནུབ་པར་མི་འགྱུར་ཞིང་། རྒྱས་པར་འགྱུར་བ་དང་། གང་དག་འཛིན་པ་དང་། ཀློག་པ་དང་། ་སྟོན་པ་དག་ལ་ཡང་། བདུད་དམ་བདུད་ཀྱི་རིགས་ཀྱི་ལྷ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་བ་དང་། དམ་པའི་ཆོས་སུན་རིང་དུ་གནས་པ་དང་། མདོ ་སྡེ་འདི་ལྟ་བུ་འདི་དག་ཀྱང་ཀུན་ཏུ་བསྲུང་བ་དང་། སྦ་བ་དང་། ཡོངས་སུ་གཟུང་བའི་སླད་དུ། བཅོམ་ལྡན་འདས་དེ་བཞིན ་གཤེགས་པས་ལེགས་པར་བྱིན་གྱིས་རླབས་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ ་འདི་སྐད་བཀའ་སྩལ་ཏོ།། བློ་གྲོས་རྒྱ་མཚོ་སེམས་ཅན་གང་དག་མདོ་སྡེ་འདི་ལྟ་བུ་འདི་དག་འཛིན་པ་དང་། སྟོན་པར་འགྱུར་ཞིང་འདོད་པ། བརྩོན་འགྲུས ་བརྩམས་པ། དགེ་བའི་རྩ་བ་བསྐྱེད་པ་དེ་དག་འདུལ་བའི་དབང་ཉེ་བར་བཟུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་ཟིན་ཏོ།། བློ་གྲོས་རྒྱ་མཚོ་དེའི ་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཚིག་གང་གིས་རྒྱལ་པོ་ཆེན་པོ་བཞི་དག་བཀུག་ནས། ཆོས་ཀྱི་རྣམ་གྲངས་འདི་ཀུན་སྲུང་བ་དང་། ཆོས་སྨྲ ་བ་དེ་དག་ཀྱང་ཡོངས་སུ་བཟུང་བའི་ཕྱིར་ནན་ཏན་བྱེད་པར་འགྱུར་བར་རྒྱལ་པོ་ཆེན་པོ་བཞི་དགུག་པའི་ཚིག་བརྗོད་པར་བྱའོ།། བློ་གྲོས་རྒྱ་མཚོ་དགུག་པའི་ཚིག་དེ ་དག་གང་ཞེ་ན་འདི་ལྟ་སྟེ། ས་མེ་ས་མ་ས་ན་དྷི། ས་ར་ཎི། ས་ར་བ་ཏི། དྷ་ནི། དྷ་ན་ད་ཏི། དྷུ་དྷ་མེ། དྷུ་དྷུམ་ཏི། མཱ་བ་ཏེ། ས་མ་ལེ། བིཾ་མ་ལེ། བི་ར། ་ཀ་ཀ་རེ། ཀུ་རུ་ཎེ། ཧུ་ཧུ། ཧུ་ཧུ་པྲ་ཏི། ཧུ་ཧུ་སན་དྷི། ནིར་གྷ་ཏི་ནི། ཨ་བད་ཏེ། བི་བད་ཏེ། མ་དྷུ་མ་ཏི། མ་ར་ཛི་ཏེ། བི་ཤུད་སྟེ། བི་ཤུད་དྷ་བ་ཏི། མི་སི་ལེ། ་མ་ནོ་ཧ་རེ།། །། བློ་གྲོས་རྒྱ་མཚོ་འདི་དག་ནི་དགུག་པའི་ཚིག་རྣམས་ཡིན་ཏེ།། ཚིག་དེ་དག་གིས་རྒྱལ་པོ་ཆེན་པོ་བཞི་བཀུག་ནས་ཆོས་ཀྱི་རྣམ་གྲངས་འདི་ཀུན་ཏུ ་བསྲུང་བ་དང་། ཆོས་སྨྲ་བ་དེ་ཡང་ཡོངས་སུ་བཟུང་བའི་ཕྱིར། ནན་ཏན་བྱེད་པར་འགྱུར་རོ།། སྔགས་ཀྱི་ཚིག་འདི་རྣམས་ཆོས་སྨྲ་བ་དེས་ལེགས་པར་ཁ་ཏོན་བྱེད་དུ། ་བྱས་ཏེ། ཕྱོགས་བཞིར་བྱམས་པས་ཁྱབ་པར་བྱས་ལ།། རྒྱལ་པོ་ཆེན་པོ་བཞི་བསམས་ན། སྔགས་ཀྱི་ཚིག་འདི་དག་གིས་རྒྱལ་པོ་ཆེན་པོ་བཞི་བཀུག ་ནས་འོངས་པར་འགྱུར་རོ།། དེ་ནས་རྒྱལ་པོ་ཆེན་པོ་བཞི་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། འདུག་པ་དེ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱལ་པོ་ཆེན་པོ་བཞི་པོ་བདག་ཅག་ལྷན་ཅིག་ཏུ་འཐུན ་བར་གང་ན་ཡང་དག་པ་དང་ལྡན་པའི་རྒྱུན་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་འཆད་པར་འགྱུར་བ་དེར་ཆོས་ཀྱི་རྣམ་གྲངས་འདི་ཡང་ཀུན་ཏུ་བསྲུང་བ་དང་། ཆོས་སྒྲ། ་བ་དེ་ཡང་ཡོངས་སུ་བཟུང་བ་དང་། ཅི་ནས་གང་གིས་ཀྱང་བསྒྲིབ་པ་འམ། གནོད་པ་བགྱིད་པར་མི་འགྱུར་བར་བགྱི་བའི ་སླད་དུ་མཆིས་པར་བགྱིའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་ལྷའི་དབང་པོ་བརྒྱ་བྱིན་དགུག་པའི་ཚིག་བརྗོད་པར་བྱ་སྟེ། ཚིག་དེ་དག་གིས་ལྷའི་དབང་པོ་བརྒྱ ་བྱིན་དགུག་པར་བྱའོ།། ལྷའི་དབང་པོ་བརྒྱ་བྱིན་དགུག་པའི་ཚིག་འདི་དག་གང་ཞེ་ན། འདི་ལྟ་སྟེ། ཛ་ཡེ་ཛ་ཡ་མ་ཏི། ཨ་ད་ཊེ། མད་ཊེ། མང་ཀུ་རེ། སིད ་དྷ་མེ་ཏེ། ཤུད་ཏེ། ཤན་ཏི་ཀ་རེ། ན་དེ་ནེ། ནཱ་ད་ནཾ། ད་ཏ་མ་ཏི། ཏང་ཀ་རེ་ཀྵ་ཡ། ཀྵ་ཡ་མུ་ཁེ། ཨ་བད་ཊ་ནི། བི་བད་ཊ་ནི། བི་པྱིད་ཊ་ནི། པ་རི་ཚེད་དེ། ་སྨི་ཏི་སྨི་ཏི། སན་དྷི། ཨཱ་གད་ཙ་གོའུ་ཤི་ཀ་ནི་རྫི་ཏ། ཨཱ་སུ་ར། ཛ་ཡན་ཏི་དྭེ་པ། ས་མ་ཡ་སྟེ། ཨཱ་རག་དྷོ། དྷརྨ་ནི་རྫི་ཏོ། ར་མཱ་ཧི། སྭ་སྟཱ། ཡ་ནམ ་བྷཱུ་ཏ་ན་མ། ཨཱ་རཀྐ་དྷརྨ་ཙ་རི་ནམ།། །། བློ་གྲོས་རྒྱ་མཚོ་འདི་དག་ནི་ལྷའི་དབང་པོ་བརྒྱ་བྱིན་དགུག་པའི་ཚིག་སྟེ། དེ་དག་གིས་ལྷའི་དབང་པོ་བརྒྱ་བྱིན ་དགུག་པར་འགུག་འགྱུར་རོ།། དེར་ཆོས་སྨྲ་བ་དེས་སྔགས་ཀྱི་ཚིག་འདི་དག་ལེགས་པར་ཁ་དོན་དུ་བྱས་ལ་གཙང་བ་དང་། གཙང་སྦྲའི་ཚོགས་ཁྲུས་ལེགས། ་བར་བྱས་ཏེ། གོས་བཟང་པོ་བགོས་ལ་ཤར་ཕྱོགས་སུ་མེ་ཏོག་ཏོར་ཏེ། སངས་རྒྱས་ཐམས་ཅད་བསམས་པའི་དྲན་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང ་རྗེ་ཆེན་པོ་དང་རབ་ཏུ་ལྡན་པས། སེང་གེའི་ཁྲི་ལ་འདུག་ཏེ། ལྷའི་དབང་པོ་བརྒྱ་བྱིན་བསམས་ལ། ཀོའུ་ཤི་ཀ་འཁོར་ལེགས་པར་ཡོངས་སུ་གཞག་པའི ་ཕྱིར་ཚུར་ཤོག། སྔགས་གྲུབ་པ་མངོན་གསུམ་དུ་གྱིས། དེའི་བསམས་པ་ཤིན་ཏུ་རྣམ་པར་དག་ཅིང་ཡོངས་སུ་དག་ལ། ཚུལ་ཁྲིམས་ཡོངས་སུ་དག་པས ་བསམས་མ་ཐག་ཏུ་ལྷའི་དབང་པོ་བརྒྱ་བྱིན་འོངས་ནས། འཁོར་ཡོངས་སུ་འཇོག་པར་འགྱུར་སྔགས་ཀྱི་གྲུབ་པ་ཡང་ཉེ་བར་འགྲུབ་པར་འགྱུར་རོ།། དེ་ནས་ལྷའི ་དབང་པོ་བརྒྱ་བྱིན་ཡང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས ་འདྲི་ཡོངས་སུ་གཟུང་བ་དང་། ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ། བདག་ཆོས་སྨྲ་བ་དེའི་དྲུང་དུ་མཆི་བར་བགྱི། དེའི་འཁོར་ཀྱང་ཡོངས་སུ་གཞག་པར ་བགྱི། སྔགས་ཀྱི་གྲུབ་པ་ཉེ་བར་བསྒྲུབ་པར་བགྱིའོ།། བཅོམ་ལྡན་འདས་བདག་གིས་ཆོས་ཀྱིས་རྣམ་གྲངས་འདི་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་རྒྱ་ཆེར་ཡང ་དག་པར་རབ་ཏུ་བཤད་པར་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདས་པ་དང་། མ་བྱོན་པ་དང་ད་ལྟར་བྱུ ་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ལས་བསྟན་པའི་སླད་དུའོ།། བཅོམ་ལྡན་འདས་བདག་གིས་འདས་པ་དང་། ་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ལ་གུས་པར་བགྱིས་ཏེ་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར ་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཀེའུ་ཤི་ཀ་ཁྱོད་ཀྱིས་དམ་པའི་ཆོས་ཡོངས་སུ་བཟུང་བའི ་ཕྱིར་སེང་གེའི་སྒྲ་བསྒྲགས་པ་ལེགས་སོ་ལེགས་སོ།། དེ་ལྟ་བུ་ནི་ཁྱོད་ཀྱི་བྱ་བའོ།། ལྷའི་དབང་པོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བསམས་ན། ལྷ་རྣམས་ནི ་རྒྱལ་ཞིང་ལྷ་མ་ཡིན་རྣམས་ནི་ཕམ་པར་འགྱུར་བར་ཤེས་པར་ཡང་དྲང་བྱའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བདུད་དང་བདུད་ཀྱི་རིགས་ཀྱི་ལྷ་རྣམས་ཚར་གཅད་པའི་སྔགས ་ཀྱི་ཚིག་རྣམས་བརྗོད་པར་བྱ་སྟེ། སྔགས་ཀྱི་ཚིག་དེ་དག་གིས་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཚར་གཅོད་པར་འགྱུར་རོ།། སྔགས་ཀྱི་ཚིག་འདི་དག་གང་ཞེ་ན་འདི ་ཀྟ་སྟེ།། ཤ་མེ། ཤ་མ་བ་ཏི། ཤ་མ་ནི་ཤ་ཏྲུ། ཨང་ཀུ་རེ། མང་ཀུ་རེ། མ་ར་ཛི་ཏེ། ཀཱ་རཱ་ཏེ། ཌུ་ཏྭེ་ཛོ་བ་ཏི། ཨོཾ་ཡོ་ཡ་ནི། བི་ཤ་ཐཱ། ནིརྨ་ལི། མ་ལ ་ནཱ་ཡེ། ཁུ་ཁུ་རེ། ཁ་གེ། གྲ་སེ། གྲ་ས་ནེ། ཨོཾ་མུ་ཁྱི། བ་རང་མུ་ཁྲི། ཨ་མ་ཥི། ཤ་མི་ཏཱ་ནི། སརྦེ་གྲྀ་ཧ། བན་དྷ་ན་ནི། ནི་གྲི་ཧཱི་ཏཱ། སརྦ་བ་ར་པྲ་བ་དི་ན། ་བི་མུག་ཏ། མཱ་ར་པ་ཤ། སྠཱ་བི་ཏཱ། བུད་དྷ། མུ་དྲཱ། ཨ་ནུད་ག་ཏི་ཏ། སརྦ་མཱ་རི། སུ་ཙ་ར་ཏི། བད་པཱ་རི་ཤུད་དྷ། བི་གྷན་ཚན་དུ། སརྦི་མཱ་ར་ཀརྨ་ནི། ་བློ་གྲོས་རྒྱ་མཚོ་འདི་དག་ནི་བདུད་ཚར་གཅོད་པའི་ཚིག། ཉོན་མོངས་པ་གསལ་བའི་ཚིག་སྟེ། དེ་དག་ཆོས་སྨྲ་བ་དེས་ལེགས་པར་ཁ་ཏོན་དུ་བྱས་ལ། ཆོས་ཀྱི་ཁྲི ་ལ་འདུག་སྟེ། བྱང་ཆུབ་ཀྱི་རྣམ་པ་མངོན་པར་བསྒྲུབས་པའི་བྱམས་པས་འཁོར་ཐམས་ཅད་ལ་ཁྱབ་པར་བྱས་ལ། བདག་ལ་སྨན་པར་འདུ་ཤེས་བསྐྱེད་དེ། ཆོས ་ལ་སྨན་གྱི་འདུ་ཤེས་དང་། ཆོས་ཉན་པ་ལ་ནད་པའི་འདུ་ཤེས་དང་། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས་དང་། ཆོས་ཀྱི་ཚུལ་ལ་ཡུན་རིང་པོ་གནས ་བའི་འདུ་ཤེས་བསྐྱེད་ལ། སྔགས་ཀྱི་ཚིག་འདི་དག་མངོན་དུ་བྱས་ཏེ། ཆོས་ཀྱི་གཏམ་བྱེད་ན། དེའི་འཁོར་ཡུག་དཔག་ཚད་བརྒྱ་ཚུན་ཆད་དུ། བདུད་དང་བདུད་ཀྱི། ་རིས་ཀྱི་ལྷ་རྣམས་མིག་གི་རྩོལ་བར་བྱ་བའི་ལས་ཀྱི་ཕྱིར་འོང་བར་མི་འགྱུར་རོ།། གང་དག་འོང་བ་དེ་དག་ཀྱང་བར་ཆུད་བྱེད་པར་མི་ནུས ་སོ། དེ་ནས་བཅོམ་ལྡན་འདས་ལ་བདུད་སྡིག་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་བདག་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འཇིག ་རྟེན་གྱི་ཁམས་བདེ་བ་ཐམས་ཅད་ཀྱིས་བརྒྱན་པར་འཕངས་པར་སྐྱེས་བུ་དམ་པ་དེ་དག་གི་བྱིན་གྱི་བརླབས་དང་། རྫུ་འཕྲུལ་དང་ཆོ་འཕྲུལ་འདི་དག་བདག་ལ་མངོན ་སུམ་དུ་གྱུར་ཏོ།། བཅོམ་ལྡན་འདས་བདག་དེང་སླན་ཆད་བདུད་ཀྱི་སུག་ལས་ཐམས་ཅད་འདོར་རོ།། གང་ན་ཆོས་ཀྱི་རྣམ་གྲངས་འདི་སྟོན་པ་དང་། ཡང་དག ་པར་རབ་ཏུ་སྟོན་པར་འགྱུར་བའི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ་གཙུག་ལག་ཁང་དེར་ཆོས་ཉན་པའི་སླད་དུ། བདག་ང་རྒྱལ་མ་མཆིས་པ་དང་། ་གུས་པ་དང་བཅས་ཤིང་ཞེ་ས་དང་བཅས་པར་མཆི་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་ཅན་ལེགས་སོ་ལེགས་སོ།། ཁྱོད་ཆོས་གུས ་བའི་རྣམ་པར་སྨིན་པ་འདིས། རིམ་གྱིས་བདུད་ཀྱི་ལས་ཐམས་ཅད་ལས་ཤིན་ཏུ་འདས་ཏེ། གང་སྐྱེས་བུ་དམ་པ་དེ་དག་གིས་ཐོབ་པའི་ཆོས་དེ་དག་རྗེས་སུ ་ཐོབ་པར་འགྱུར་རོ།། བློ་གྲོས་རྒྱ་མཚོ་གཞན་ཡང་མི་མཇེད་ཀྱི་བདག་པོ་ཚངས་པ་དགུག་པའི་སྡུག་དགུག་པའི་སྔགས་ཀྱི་ཆོ་ག་རྣམས་བརྗོད་པར་བྱ་སྟེ། ་དགུག་པའི་སྔགས་ཀྱི་ཚིག་དེ་དག་གིས་ཚངས་པ་བཀུག་ནས། ཆོས་སྨྲ་བའི་གན་དུ་འོང་བར་འགྱུར་རོ།། སྔགས་ཀྱི་ཚིག་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ་། མེ་ཏཱ་ག་རེ། ཀཱ་རུ་ཎཱ་ཀ་རེ། མུ་ཏི་ཏྲ་ཀ་རེ། ཨ་བེག་ཀྐ་ཀ་རེ། བུད་དྷ་ཀ་རེ། དྷརྨ་གཱ་རེ། སང་གྷ་ཀ་རེ། སུ་ཏྲི་ཏ་བ་ཛ་ཡེ། མ་ཧཱ་བི་དྷ་ནི། ་ནིསྭ་རི་ད་གྷེ། ཨོ་ཛོ་བད་ཏི། ཨོ་ཛེ་ག་མེ། དརྨ་ན་ད་ནི། ས་ཏྱ་པྲ་ཏི་ཤྭཱ་ནི། ཨུ་པ་བད་པ་ཏི་པི་ཤུད་དྷེ། སྭ་ཙྱཻ་ཏོ་པ་ཤ་མེ། བྱ་བ་ལོ་ཀ་ཡ། པྲ་མྦ་ན་བྱུད ་ཏིཥྛཱ་ས་མ་དྷེ། ཨ་བད་ཀྲཱ་ས་དྷརྨ་ཙ་ར་ན་ན། ཀུ་རུ་སད་དྷརྨ་པ་རི་གྲ་ཧ་ན། ཀྲི་ཏ་མ་ནུ་པ་ལ་ཡ། བུད་ད་ནེ། ཏྲི་མཱ་མ་བྱེ་བ་ཚེ་བ་སཱི། སྨ་ར་ཏི། དྷརྨ་ཙ་གྲ ་པྲ་པ་ར་རྟ་ནན། ཀ་རུ་སྭ་ཏཱ་བི་ཤོ་ཏཱ་ནན། པྲ་ཏི་ཀྲྀ་ཧ་ན་དྷརྨཿན་ག་མ་ལ་དྷ་ན། བུད་དྷ་ཨ་དྷི[:]ཥྚཱ་ན་མ་མ་བཱི་ཀོ་བ་ཡཱ།། ། བློ་གྲོས་རྒྱ་མཚོ་མི་མཇེད ་ཀྱི་བདག་པོ་ཚངས་པ་དགུག་པའི་ཚིག་འདི་དག་ཆོས་སྨྲ་བ་དེས་ལེགས་པར་ཁ་དོན་བྱས་ལ། ཚངས་པའི་ལམ་ལ་ཤིན་ཏུ་གནས་ཏེ། ཞེ་འགྲས་པ་མེད་པའི ་སེམས་ཀྱི་རྒྱུད་དང་། དབང་པོ་ཤིན་ཏུ་སྦས་པ་དང་། ཤིན་ཏུ་བསྲུངས་པའི་དྲན་པ་དང་། ཤིན་ཏུ་དཀར་བའི་ཕྱག་རྒྱ་དང་། ་ཤིན་ཏུ་ཡོངས་སུ་དག་པའི་ལུས་ཀྱི་ལས་དང་། ཤིན་ཏུ་བདེན་པས་ཟིན་པའི་ངག་གི་ལས་དང་། ཤིན་ཏུ་བརྟན་པའི་བློ་དང་། ལེགས་པར་བྱས་པའི ་བཟོད་པའི་ལས་དང་། ཤིན་ཏུ་ཡོངས་སུ་སྦྱངས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ལེགས་པར་བརྩམས་པའི་བརྩོན་འགྲུས་ཀྱི་སྟོབས་དང་། ཤིན་ཏུ ་བརྟེན་པའི་མང་དུ་ཐོས་པ་དང་། ཤིན་ཏུ་ཡོངས་སུ་བསྒོམས་པའི་སེམས་ལས་སུ་རུང་བ་དང་། ཤིན་ཏུ་རྣོ་བའི་ཤེས་རབ་ཀྱི་དབང་པོ་དང་། ཤིན་ཏུ ་བརྩོན་པའི་ཡང་དག་པའི་སྦྱོར་བ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་ལེགས་པར་ཟིན་པ་དྲང་། ཤིན་ཏུ་ཡོངས་སུ་བསྒོམས་པའི་བྱམས་པ་དང་། ཤིན ་ཏུ་བརྟན་པའི་སྙིང་རྗེ་ཆེན་པོས། སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཡང་དག་པར་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཤིན་ཏུ་ཡོངས ་སུ་གྲོལ་བའི་ཕྱིར་སེང་གེའི་ཁྲི་ལ་འདུག་སྟེ། མི་མཇེད་ཀྱི་བདག་པོ་ཚངས་པ་བསམས་ལ་ཆོས་ཀྱི་གཏམ་ཡང་དག་པར་རབ་ཏུ་བརྗོད་ན། དེས་བསམས་མ་ཐག་ཏུ། ་ཚངས་རིགས་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་ཏུ་འོང་བར་འགྱུར་རོ།། བློ་གྲོས་རྒྱ་མཚོ་དེ་ལ་ཚངས་པ་འོངས་པར་འགྱུར་བའི་ལྟས་འདི་ལྟ་བུ་དག་འབྱུང་བར་འགྱུར་རོ།། ། ་འདི་ལྟ་སྟེ། འཁོར་ཐམས་ཅད་བྱམས་པའི་སེམས་སུ་འགྱུར་བ་དང་། དབང་པོ་ཉམས་པ་མེད་པ་དང་། གཅིག་ལ་གཅིག་མི་གནོད་པར་གནས་པ་དང་། ཆོས་དང ་ཆོས་སྨྲ་བ་ལ་སྟོན་པ་དང་། བླ་མ་ལྟར་འཕགས་པར་སེམས་པ་དང་། ཐལ་མོ་སྦྱོར་བ་སེམས་རྩེ་གཅིག་པ་དང་། མི་གཡེང་བར་ཡིད་ལ་བྱེད་པ་དང་། རུས་ཤིང ་ལྟར་བྱེད་པ་དང་། ཡིད་ལ་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱིས་སེམས་དང་། རྣ་བ་བླགས་ཏེ་ཉན་པར་འགྱུར་བའོ།། ཆོས་སྨྲ་བ་དེ་ལ་ཡང་སྔོན་དུ་ལུང་མ ་མནོས་པ་དང་། སྔོན་མ་ཐོས་པའི་ཆོས་རྣམས་ཀྱང་མངོན་དུ་འགྱུར་བ་སྟེ། འཁོར་དེར་མི་མཇེད་ཀྱི་བདག་པོ་ཚངས་པ་འོངས་པར་རིག་པར་བྱའོ།། དེ་ནས་མི་མཇེད ་ཀྱི་བདག་པོ་ཚངས་པ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཚངས་པའི ་འཇིག་རྟེན་དུ་གནས་ཏེ། བསམ་གཏན་དང་ཚད་མེད་པའི་བདེ་བ་ལ་གནས་པ་བོར་ལ། གང་ན་ཆོས་ཀྱི་རྣམ་གྲངས་འདི་སྟོན་པའི་འཁོར་དེར་མཆི་བར་བགྱིའོ།། ཆོས ་སྟོན་པའི་འཁོར་དེར་མཆི་བར་བགྱིའོ།། ཆོས་སྨྲ་བ་དེ་ལ་ཡང་ཆོས་བརྒྱད་བསྒྲུབ་པར་འགྱིའོ།། བརྒྱད་གང་ཞེ་ན། ཇི་ལྟར་ཐོས ་བའི་ཆོས་མི་བསྐྱུད་པར་བགྱི་བའི་སླད་དུ། དེ་ལ་དྲན་པ་བསྒྲུབ་པར་བགྱི། ཆོས་ཟབ་མོ་རྟོགས་པར་བགྱི་བའི་སླད་དུ། དེ་ལ་བློ་གྲོས་བསྒྲུབ་པར་བགྱི། དོན་གྱི་རྣམ ་བར་རྟོགས་པར་བགྱི་བའི་སླད་དུ། དེ་ལ་རྟོགས་པ་བསྒྲུབ་པར་བགྱི། ཐེ་ཚོམ་ཐམས་ཅད་གཅད་པའི་སླད་དུ། དེ་ལ་སྤོབས་བསྒྲུབ་པར་བགྱི། སྐད་དང་ངེས ་པའི་ཚིག་ཐམས་ཅད་ཀྱིས་ཡོངས་སུ་ཚིམ་པར་བགྱི་བའི་སླ་བའི་སླད་དུ། དེ་ལ་ལུང་བསྟན་པ་ཕུན་སུམ་ཚོགས་པ་བསྒྲུབ་པར་བགྱི། འཁོར་བ་ཐམས་ཅད་ཟིལ་གྱིས ་མི་ནོན་པར་བགྱི་བའི་སླད་དུ། དེ་ལ་འདུལ་བ་བསྲུང་བ་བསྒྲུབ་པར་བགྱི། མི་དམན་པར་ལུང་བསྟན་པར་བགྱི་བའི་སླད་དུ། དེ་ལ་ཆོས་ཀྱི་སྣང་བ་བསྒྲུབ་པར་བགྱི། ་དེ་བགྱིད་ཅིང་ཆོས་བསྒྲུབ་པའི་སླད་དུ། དེ་ལ་ངེས་པར་འབྱུང་བའི་སྒོ་བསྒྲུབ་པར་བགྱི་སྟེ། བཅོམ་ལྡན་འདས་ཆོས་སྨྲ་བ་དེ་ལ་ཆོས་བརྒྱད་པོ་དེ་དག་བསྒྲུབ་པར་བགྱི ་འོ།། ཆོས་སྨྲ་བ་དེ་བསྲུང་ཞིང་སྦ་བ་དང་། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱི་བྱིན་གྱི་རློབ་ཀྱིས ་ཇི་ལྟར་ཆོས་ཀྱི་རྣམ་གྲངས་འདི་རྒྱས་པར་འགྱུར་བ་ལྟར། བདུད་ཐམས་ཅད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་གཅོད་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས ་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཏེ། ཐ་མའི་དུས་ཀྱི་ཚེ། ཅི་ནས་དགེ ་བའི་རྩ་བ་སྐྲུན་པའི་སེམས་ཅན་རྣམས་ཀྱི་སུག་པར་མཆི་བ་དང་། མཆོད་དུ་འཇུག་པ་དང་། གླེགས་བམ་དུ་འགྱུར་ཞིང་ནུབ་པར་མི་འགྱུར་བར། བཅོམ་ལྡན་འདས ་ཉིད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གསོལ་བ་བཏབ་པ ་མཁྱེན་ནས། མཛོད་སྤུ་ནས་འདི་ལྟ་བུ་འོད་བྱུང་སྟེ། འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ནས།། ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། རྩཝ་དང་ཤིང་གེལ་བ་དང་། སྨན་དང་ནགས་ཚལ་དང་། རྡོ་དང་གྱོ་མོ་དང་། གཟུགས་སུ་སྣང་བ་གང ་དག་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་གཟུགས་སུ་སྣང་ངོ་།། རིན་པོ་ཆེ་བཀོད་པའི་འཁོར་ཁྱམས་ན་མཆོད་པའི་ལས་བྱིན་གྱིས་བརླབས ་པའི་གཟུགས་ཀྱི་རྣམ་པ་གང་དག་ཡོད་པ་དེ་དག་ཀྱང་དེ་བཞིན་གཤེགས་པའི་གཟུགས་ཉིད་དུ་གནས་པར་ཀུན་ཏུ་སྣང་ངོ་།། དེ་བཞིན ་གཤེགས་པའི་གཟུགས་དེ་དག་གིས་གསུང་གཅིག་ཏུ་ཀྱེ་མའོ་ཆོས་ཀྱི་རྣམ་གྲངས་འདི་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱིན་གྱིས་བརླབས་སོ།། གང་བཅོམ་ལྡན ་འདས་ཀྱིས་བྱིན་གྱིས་བརླབས་པ་དེ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ།། གང་སངས་རྒྱས་བཅོམ་ལྡན་འདས ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དེ་བདུད་ཐམས་ཅད་ཀྱིས་བར་ཆད་བྱ་བར་མི་ནུས་སོ།། བཅོམ་ལྡན་འདས་གལ་ཏེ་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་བདུད་དཔུང ་དང་བཅས་པ། གཡོག་འཁོར་དང་བཅས་ཏེ་ཆོས་ཀྱི་རྣམ་གྲངས་འདི་ལ་བར་ཆད་བྱ་བར་བརྟུལ་ཀྱང་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་བར་ཆད་བྱ་བར་མི་ནུས ་སོ།། དེ་ཅིའི་ཕྱིར་ཞེ་ན། ས་ནི་འགས་ཀྱང་སྲིད། རྒྱ་མཚོ་ཐམས་ཅད་ནི་སྐམས་ཡང་སྲིད་རི་རབ་ཐམས་ཅད་ནི་རྣམ་པར་འཐོར་བ་ཡང་སྲིད། རླུང་ནི་ཞགས་པས ་བཅིང་དུ་རུང་ཡང་སྲིད། ཉི་མ་དང་ཟླ་བ་ནི་སའི་སྟེང་དུ་ལྟུང་ཡང་སྲིད། ནམཁའ་ནི་གཟུགས་ཀྱི་རྣམ་པར་བསྟན་དུ་རུང་ཡང་སྲིད། མེ་ནི་ཆུར་འགྱུར་ཡང་སྲིད། ་ཆུ་ནི་མེར་འགྱུར་ཡང་སྲིད། འབྱུང་བ་ཆེན་པོ་བཞི་ནི་གཞན་དུ་འགྱུར་ཡང་སྲིད། སེམས་ཅན་ཐམས་ཅད་ཀྱི་སེམས་ནི་ཅིག་ཏུ་བྱར་རུང་ཡང་སྲིད། ན་མཁའ་དང་ས་ནི ་འབྱར་ཀྱང་སྲིད་ཀྱི། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ནི་སུས་ཀྱི་བསྐྱོད་པའམ། གཡོ་བ་འམ། འཁྲུག་པར་བྱེད་མི་ནུས་སོ་ཞེས་གསུངས་སོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་སྤྱི་བོར་ཕྱག་བཞག་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་ཁྱོད ་ཀྱིས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བར་ཉེ་བར་གཟུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག་ཆོངས་ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། ་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་ཀྱིས་དོན་གྱི་དབང་གང་གཟིགས་ན། དེ་ལྟ་མ་ལགས་པ། རྒྱ་མཚོ་དང་མཚོ་ཆེན་པོ་ལྟར་གཏིང་དཔའ་དཀའ་བའི་དྲན་པ་དང་། བློ་རབ་ཏུ་ཐོབ་པའི་བྱང་ཆུབ ་སེམས་དཔའ་གཞན་དག་མཆིས་བཞིན་དུ། དགེ་སློང་ཀུན་དགའ་བོ་ཉི་ཚེ་བའི་འཚལ་བ་དང་ལྡན་པ་ལ་ཆོས་ཀྱི་ལེའུ་འདི་ཡོངས་སུ་གཏད། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་དགེ་སློང་ཀུན་དགའ་བོ་རང་གི་བློའི་སྟོབས་བསྐྱེད་པས། མདོ་སྡེ་འདི་ལྟ་བུ་འཛིན་པ་མ་ཡིན ་གྱི། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་འཛིན་ཏོ།། བློ་གྲོས་རྒྱ་མཚོ་སེམས་ཅན་གང་དག་དགེ་སློང་ཀུན་དགའ་བོ་ལས་ཆོས་ཀྱི་རྣམ་གྲངས་འདི ་ཐོས་ན། དགའ་བ་དང་དད་པ་དང་། མཆོག་ཏུ་དགའ་བ་ཐོབ་པར་འགྱུར་བ་ཡོད་དེ། དེ་དག་འདི་སྙམ་དུ་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་བྱིན་གྱི ་བརླབས་ཀྱིས་འདི་ལྟར་ཉན་ཐོས་ཀྱང་འདི་ལྟ་བུའི་མདོ་སྡེ་འདི་འཛིན་ཅིང་སྟོན་པ་ནི། དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཇི་ཙམ་དུ་བསམ་གྱིས་མི་ཁྱབ ་པ་ངོ་མཚར་ཏོ།། སྙམ་དུ་སེམས་པར་འགྱུར་རོ།། དེ་ནས་འཁོར་དེ་ལས་ལྷ་དང་མི་ཁ་ཅིག་འདི་སྙམ་དུ་སེམས་ཏེ། ཅི་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ ་འདི་དྲན་པ་དང་ལྡན་པ་ཡིན་གྱི། གང་བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པའི་མཆོག་ཏུ་བསྟན་པ། ཚེ་དང་ལྡན་པ་ཀུན་དགའ་བོ་ནི་དེ་ལྟ་བུ་མ་ཡིན་སྙམ་མོ།། ་དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འཁོར་དེའི་སེམས་ཀྱི་རྣམ་པར་རྟོགས་པ་སེམས་ཀྱིས་ཤེས་ནས། འཁོར་གྱི་སེམས་རྣམས་ལ་རྣམ་པར་བལྟས་ཏེ། ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་རབ་ཏུ་དྲན་པ་དང་ལྡན་པ་ལགས་ཀྱི། གང ་བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཚེ་དང་ལྡན་པ་ཀུན་ནམ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་། ་གང་གའི་ཀླུང་གི་བྱེ་མ་སྙེད་སངས་རྒྱས་ཀྱི་ཞིང་དག་ན། སེམས་ཅན་ཇི་ཙམ་སེམས་ཅན་དུ་བསྡུ་བར་བསྡུས་པའི་སེམས་ཅན་གྱི་ཁམས་ནི་རབ་ཏུ་མང་གི། སའི་ཁམས ་ནི་དེ་ལྟ་བུ་མ་ཡིན་ནོ།། ཞེས་གང་དེ་སྐད་དུ་བྱ་བ་དེ་ལ་ཇི་སྙམ་དུ་སེམས་འོད་སྲུང་སེམས་ཅན་གྱི་ཁམས་དེ་མང་ངམ། འོད་སྲུང་གིས་གསོལ་བ། བཅོམ་ལྡན་འདྲ ་མང་ལགས་སོ།། བདེ་བར་གཤེགས་པ་ཚད་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། འོད་སྲུང་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ། སེམས ་ཅན་དེ་དག་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། དེ་བཞིན་དུ་ཇི་ལྟར་དགེ་སློང་ཀུན་དགའ་བོ་ལྟར་དྲན་པ་དང་། གཟུངས་ཀྱི་སྟོབས་དང་ཡང་ལྡན་པར་གྱུར ་ཀྱང་། ཀུན་དགའ་བོ་ལྟ་བུའི་སེམས་ཅན་དེ་དག་གི་དྲན་པ་དང་། གཟུངས་ཀྱི་སྟོབས་དེ་ནི་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོའི་དྲན་པ་དང་། གཟུངས་ཀྱི ་སྟོབས་བསྐྱེད་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་དཔེའི་བར་དུ་ཡང་མི་བཟོད་དོ།། འོད་སྲུང་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ ་མཚོ་ནི་ཕྱོགས་བཅུ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་འཛིན་ཏེ། དེ་བཞིན་གཤེགས་པ་གཅིག་གིས་ཆོས་བསྟན་ནས། དེ་བཞིན ་གཤེགས་པ་གཉིས་ཀྱི་ཆོས་བསྟན་པ་ལ་སྒྲིབ་པའམ། ཀུན་ནས་ལྡང་བའི་བྱ་བ་མི་བྱེད་དོ། འོད་སྲུང་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོར་ཤིང་རྟའི་སྲོག ་ཤིང་ཙམ་གྱི་ཆར་བའི་རྒྱུན་འབབ་བའི་ཆུའི་རྒྱུན་གཉིས་པ་ལ་བསྒྲིབ་པ་འམ། ཀུན་ནས་ལྡང་བའི་བྱ་བ་མི་བྱེད་དེ། ཆུའི་རྒྱུན་ཐམས་ཅད་ཀྱང་རྒྱ་མཚོ་ཆེན་པོས ་བླངས་ནས། དེ་ལ་འགྲིབ་པ་འམ། གང་བ་ཡང་མེད་དོ།། འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་སངས་རྒྱས་བཅོམ་ལྡན་འདས་ཐམས ་ཅད་ཀྱི་ཆོས་བསྟན་པ་ཀུན་ཏུ་འཛིན་ཀྱང་། དེ་བཞིན་གཤེགས་པ་གཅིག་གིས་ཆོས་བསྟན་པར། དེ་བཞིན་གཤེགས་པ་གཉིས་ཀྱི་ཆོས་བསྟན་པ་ལ་སྒྲིབ་པ ་འམཿ་ཀུན་ནས་ལྡང་བའི་བྱ་བ་མི་བྱེད་དེ། དེའི་དྲན་པའི་སྟོབས་བསྐྱེད་པ་ལ་བྲི་བ་འམ་གང་བ་མེད་དོ།། བསྟན་པ་འདི་བཤད་པ་ན། སྲོག་ཆགས་བརྒྱ་སྟོང། ་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཚིག་འདི་སྐད་ཅེས་བདག་ཅག་ཀྱང་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་དྲན་པའི ་སེམས་བསྐྱེད་པ་ཅི་འདྲ་བ་དེ་འདྲ་བར་གྱུར་ཅིག་ཅེས་སྨྲས་སོ།། ཐམས་ཅད་དང་ལྡན་པའི་འཁོར་གྱིས་ལྷ་དང་མིའི་མེ་ཏོག་གིས་བཅོམ་ལྡན་འདས་དང་བྱང་ཆུབ ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་གཏོར་མངོན་པར་གཏོར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་པད་མ་བཀོད་པས་འདི་སྐད་ཅེས་གསོལ་ཏོ།། ། ་བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་སྒོའི་ལེའུ་འདི་ཐོས་ནས་མོས་པ་དང་། མོས་ནས་ཀྱང་འཛིན་པ་དང་། འཆང་བ་དང་། ཀློག ་པ་དང་། འདོན་པ་དང་། རྟོག་པ་དང་། དེ་བཞིན་ཉིད་དུ་ནན་ཏན་བགྱིད་པ་དེའི་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱང་ཆུབ་སེམས་དཔའ་བད་མ་བཀོད་པ་དེ་ལ་ཚིགས་སུ་བཅད་པ་དེ་བཀའ་སྩལ་པ།། སྟོང་ཆེན་པོའི་འཇིག་རྟེན་ཁམས་འདི་ནི། གསེར་གྱིས་བཀང་སྟེ་བདེ་གཤེགས ་ཕུལ་བ་བས།། གང་གིས་ཆོས་ཀྱི་མཛོད་འདི་ཐོས་ནས་ནི།། མོས་པའི་བསོད་ནམས་འདི་ནི་ཁྱད་པར་འཕགས། གང་གིས་འཇིག་རྟེན་ཁམས་འདི་རིན་ཆེན་བཀང་། ་@དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བ་བས།། གང་གིས་མདོ་སྡེ་འདི་ལ་འཇུག་བྱས་པ།། བསོད་ནམས་དེ་ལ་སྔ་མས་བསྐྱེད་དུ། ་མེད། གང་གིས་འཇིག་རྟེན་ཁམས་འདི་སྟོང་ཕྲག་བཅུ།། རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པ་བས།། གང་གིས་མདོ་འདི་བཏོན་ནས་སྟོན་པ་ཡི།། བསོད་ནམས ་དེའི་ཆར་ནི་སྔ་མ་མིན།། ཞིང་ནི་བྱེ་བ་ཁྲག་ཁྲིག་སྟོང་གི་རྣམས།། རིན་ཆེན་བཀང་སྟེ་འཇིག་རྟེན་སློབ་དཔོན་སྐྱོབ།། སངས་རྒྱས་རྣམས་ལ་དབུལ་བར་ཕུལ ་བ་བས།། གང་གིས་ཚུལ་འདི་རབ་ཏུ་སྦྱོར་བ་དང་།། ཕྱོགས་བཅུ་རྣམས་སུ་གང་གའི་བྱེ་སྙེད་ཞིང་།། རིན་ཆེན་བཀང་སྟེ་རྒྱལ་ལ་ཕུལ་བ་བས།། ཇི་ལྟར། ་བསྟན་པ་བཞིན་དུ་གང་གནས་པའི།། བསོད་ནམས་དེ་ལ་མཉམ་པ་ཡོད་མ་ཡིན།། རྫོགས་པའི་བྱང་ཆུབ་སེམས་དཔའ་ཆོས་འཛིན་དང་།། ཆོས་སྒྲུབ ་བ་དང་སྲོག་ཆགས་སྙིང་རྗེ་བ།། ཆོས་བཞི་འདི་དག་བསོད་ནམས་མཐའ་ཡས་ཏེ།། དེ་དག་མཐའ་ནི་བདེ་གཤེགས་མི་གསུང་ངོ་།། ན་མཁའི་ཁམས་དང་། ་དེ་བཞིན་སེམས་ཅན་ཁམས།། སངས་རྒྱས་ཡེ་ཤེས་དང་ནི་བྱང་ཆུབ་སེམས།། ཆོས་བཞི་འདི་དག་དཔག་ཏུ་མེད་པ་སྟེ།། མཁས་པ་རྣམས་ཀྱིས་དེ་ཐོགས ་དོགས་མི་བྱ།། དཀོན་མཆོག་ཆོས་འདི་རབ་ཏུ་བཤད་པ་ན།། ཕྱོགས་བཅུའི་ཞིང་ནི་བྱེ་བ་གཡོགས་པར་གྱུར།། སྣང་བ་བྱུང་ཞིང་མེ་ཏོག་ཆར་ཀྱང་བདེ།། ་སིལ་སྙན་བརྒྱ་དག་མ་དཀྲོལ་སྐྲ་ཡང་བྱུང་།། བྱང་ཆུབ་སེམས་དཔའ་མཁས་བདེདག་ཀུན།། མགུ་བས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད། ཆོས་བསྟན ་འདི་ཐོས་བདག་ཅག་རྣམས།། འཚོ་བ་དོན་ཡོད་སྐྱེད་པ་ལེགས་པར་རྙེད།། གང་དག་འདི་འདྲ་འདི་ནི་ཐོས་འགྱུར་བ།། སེམས་ཅན་འདི་དག་སྐྱེད་པ ་ལེགས་པར་རྙེད།། གང་དག་བྱང་ཆུབ་སེམས་ནི་མི་བརྗེད་པ།། དེ་དག་དེ་བཞིན་གཤེགས་ཤིན་ཏུ་བཟུང་།། ཕྱོགས་བཅུའི་སངས་རྒྱས་སྟོང་ཕྲག ་བྱེ་བའི་རྣམས།། ཕྱག་ནི་གཡས་པ་རབ་ཏུ་བརྐྱང་མཛད་དེ།། ཡོན་ཏན་རྒྱ་མཚོ་སྤྱི་བོར་གཞག་ནས་ནི།། ཤཱཀྱ་སེང་གེའི་བསྐུལ་བ་ལེགས་ཤེས ་གསུངས།། ལྷ་དང་ཀླུ་དང་ལྷ་མིན་མི་འམ་ཅི།། དྲི་ཟ་གནོད་སྦྱིན་མཁའ་ལྡིང་ལྟ་ཕྱི་ཆེ།། བརྒྱ་བྱིན་ཚངས་པ་འཇིག་རྟེན་སྐྱེང་བ་རྣམས།། ན་མཁའ ་གནས་ཏེ་ཆེད་དུ་བརྗོད་པ་བརྗོད།། ཤཱཀྱ་སེང་གེ་འདི་དང་དགེ་འདུན་དང་།། མདོ་སྡེ་འདི་འདྲ་བ་ནི་འཛིན་བྱེད་པ།། བྱང་ཆུབ་སེམས་དཔའ་དཔའ་བ ་རིང་གནས་གྱུར།། ལེགས་གསུངས་ཆོས་ནི་གཞར་ཡང་ནུབ་མ་གྱུར།། གང་དག་ཆོས་ཀྱི་ཚུལ་ནི་འདི་འཛིན་པ།། དེ་དག ་ལ་ནི་བདག་ཅག་བསྙེན་བཀུར་བགྱི།། བདག་ཅག་ཐམས་ཅད་གུས་དང་བཅས་པར་ནི།། ཀུན་ཏུ་བསྲུང་ཞིང་སྦ་བར་སྤྲོ་བར་བགྱི།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་ཆོས་ཀྱི་ཚུལ། ཆོས་ཀྱི་ཕྱག་རྒྱ་ཆོས་བཏུས་པ། ཆོས ་རབ་ཏུ་རྣམ་པར་འབྱེད་པ། ཆོས་རབ་ཏུ་དབྱེ་བ་འདི་ནི། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས ་རྣམས་ཀྱི་བཤད་པ་འཆད་པ་དང་འཆད་པར་འགྱུར་བ་སྟེ། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་དེ་ལ་གུས་པ་དང་བཅས་པ་དང་། ཞེ་ས་དང་བཅས་པ་དང་། སྒྲུབ་པ་སྙིང་པོར་བྱའོ།། ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་དང་། ཐམས་དང་ལྡན་པའི་བྱང་ཆུབ་སེམས་དཔའི ་ཚོགས་དེ་དང་། དགེ་སློང་གི་དགེ་འདུན་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ ་ལ་མངོན་པ་བསྐྱོད་དོ།། བྱིན་གྱིས་བརླབས་པའི་ལེའུ་སྟེ་བཅུ་གཉིས་པའོ།། འདུས་པ་ཆེན་པོའི་ལེའུ་ཡི་ཆོས་ཀྱི་རྣམ་གྲངས་ལས། འཕགས ་བ་བློ་གྲོས་རྒྱ་མཚོས་ཞུས་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་པ་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་འཛིན་མི་ཏྲ་དང་། ད་ན་ཤི་ལ་དང་། འབུ་ཏ་ཕྲ་བ་དང་། ་ཞུ་ཆེན་གྱི་ལོ་ཙ་བ་བན་འདི་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། ་