CLOSE WINDOW

F15: 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa
Wyliee-texts produced with BDRC’s OCR application

འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ནས། མདུན་གྱིས་བསྟས་ཏེ་ཆོས་སྟོན་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འཁོར་དེར་འདུས་པར་གྱུར་ཏེ། དེ་སྟན་ལ་ས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡ ་པའི་ལྷ་ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ་གལ་ཏེ་ཞུ་བ་ཞུས་ནས་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱི་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པོའི་སངས་རྒྱས་ལ་བདག་གིས་ཕྱོགས་ཞིག་ཞ་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམ ་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་བཀའ་བ་སྩལ་ཏོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་གཤེགས་པ་དགྲ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཁྱོད་ཅི་དང་ཅི་དང་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེའི་ལན་བཏབ་པས། ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་སྐད་ཅེས ་བཀའ་བསྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་ན། བཅོམ་ལྡན་འདས་ཇི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ཞེས་བགྱི། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངསུ་རྫོགས་པར་འགྱུར་ལགས། བཅོམ་ལྡན་འདས་ཇི་ལྟར། ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ན། བདུད་སྡིག་ཅན་གྱིས་གླགས་མི་རྙེད་ཅིང་། བདུད་ཀྱི་རིགས་ཐམས་ཅད་ཀྱང་རྟོགས ་བར་འགྱུར་བ་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟ་བུར་གནས་པ་ན་མྱུར་དུ་ཐམས་ཅད ་མཁྱེན་པ་ཉིད་ཀྱི་ཆོས་ཡོང་སུ་རྫོགས་པར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཁྱོད་བྱང་ཆུབ་སེམས་དཔའ་སེམ ་དཔའ་ཆེན་པོ་རྣམས་ཀྱི་དོན་དང་། ཅི་ནས་ཀྱང་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་སྐྱེ་བོ། ་པ་ལ་རྒྱུའི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་ཞུགས་ཤིག་ད་ལྟར་གྱི་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་སྣང་བ་བྱེད་པར་འདོད་པས། ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲི་བ་ལེག་སོ་ལེགསོ།། དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན། ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ ་ཁྱོད་དོན་གྱི་དབང་གང་མཐོང་ནས། དེ་བཞིན་གཤེགས་པ་ལ་དོན་འདི་ལྟ་བུ་འདྲི། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་སྨན་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་པ ་བདང་། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླ་དུ། བདག་དེ་བཞིན་གཤེགས་པ་ལ་དོན་འདི་ཞ་ལག་སོ།། དེ་ཅིའི་སླདདུ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ ་ཏུ་བྱིན་པ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་དང་། ཆོས་ཐམས་ཅད་བསྡུད་པ་ལགས་པའི་སླདུའོ།། ་བཅོམ་ལྡན་འདས་དེ་ལ་སེམས་ཅན་གང་དག་ཉན་ཐོས་ཀྱི་ཐེག་པ་ལ་ངེས་པར་གྱུར་པ་དེ་དག་གིས་ཐོས་ནས། མྱུར་དུ་ཟག་པ་མ་མཆིས་པའི་ས་མངོན་སུམ་དུ་བགྱིད་པར་འགྱུར་བ་དང་། ་གང་དག་རང་སངས་རྒྱས་ཀྱི་ཐེག་པ་ལ་ངེས་པར་གྱུར་པ་དེ་དག་ཀྱང་མྱུར་དུ་སངས་རྒྱས་ཀྱི་ཐེག་པས་ངེས་པར་འབྱུང་བར་འགྱུར་བ་དང་། གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་དེ་དག་ཀྱང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། གང་དག་ཡང་དག ་པ་ཉིད་སྐྱོན་མེད་པ་ལ་མ་ཞུགས་ཤེ། ས་གསུམ་པ་ལ་མ་ངེས་པ་དེ་དག་གི་བོས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དང་། བཅོམ ་ལྡན་འདས་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནུས་པའི་ལན་བཏབ་པས། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ ་བ་བསྐྱེད་པར་འགྱུར་བའི་སླད། དེ་བཞིན་གཤེགས་པའི་ཡུལ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་བསྟན་དུ་གསོལ། བཅོམ་ལྡན་འདས་བདག་ནི་སེམས་ཅན་དམན་པ་ལ ་མོས་པོ་རྣམས་ཀྱི་སླད་དེ་བཞིན་གཤེགས་པ་ལ་ཞབ་མ་ལགས། དབུལ་པོའི་སེམས་དང་ལྡན་པ་རྣམས་ཀྱི་སླ་དུ་མ་ལགས།། དབུལ་པོའི་ཐེགས་པ་ལ་ཡང་དག་པར་ཞུགས་པ ་རྣམས་ཀྱི་སླ་དུ་མ་ལགས། ལེ་ལོ་ཅན་རྣམས་ཀྱི་སླ་དུ་མ་ལགས། ལེ་ལོའི་ཟིལ་གྱིས་གནོན་པ་རྣམས་ཀྱི་སླ་དུ་མ་ལགས། བལྟ་བའི་འདམ་དུ་བྱིང་བ་རྣམས་ཀྱི་སླ་དུ་མ་ལགས། ་བདུད་ཀྱི་ཞགས་པ་ས་ཟིན་པ་རྣམས་ཀྱི་སླད་མ་ལགས། ངོ་ཚ་མ་འཚལ་ཅིང་ཁྲེལ་མ་མཆིས་པ་རྣམས་ཀྱི་སླ་དུ་མ་ལ་གས། ཡོ་བྱེད་བསྟངས་པ་དང་མི་ལྡན་པ་རྣམས་ཀྱི་སླད་མ་ལགས། ་བསྐྱེད་ངེས་པ་རྣམས་ཀྱི་སླད་དུ་མ་ལགས། འཁྲུལ་པ་རྣམས་ཀྱི་སྲ་མ་ལགས། འདོད་པའི་འདམ་དུ་བྱིང་བ་རྣམས་ཀྱི་སྤ་མ་ལགས། གཡོན་ཅན་རྣམས་ཀྱི་སླ་དུ་མ་ལགས། རྒྱུཅན ་རྣབ་ཀྱི་སླ་དུ་མ་ལགས། བགྱེས་པ་མི་བཟོ་བ་རྣམས་ཀྱི་སླ་དུ་མ་ལགས། སྡིག་པ་འཚལ་བ་རྣམས་ཀྱི་སླད་དུ་མ་ལགས། སྡིག་པ་སྤོད་པ་རྣམས་ཀྱི་སླད་མ་ལགས། ཚུལ་ཁྲིམས ་ཉམས་པ་རྣམས་ཀྱི་སླད་དུ་མ་ལགས། ཚུལ་ཁྲིམས་ཡོངསུ་མ་དག་པ་རྣམས་ཀྱི་སླད་མ་ལགས། ལྟ་བ་ཉམས་པ་རྣམས་ཀྱི་སླ་དུ་མ་ལགས། བདུད་ཀྱི་སྤྱོད་ཡུལ་ལ་སྤྱོད་པ་རྣམས། ་ཀྱི་སླད་དུ་མ་ལགས། བདག་ལ་བསྟོད་པ་རྣམས་ཀྱི་སླད་དུ་མ་ལགས། གཞན་ལ་སྨོད་པ་རྣམས་ཀྱི་སླད་དུ་མ་ལགས། རྙེད་པ་དང་། བཀུར་སྟི་ལ་འདུ་བ་རྣམས་ཀྱི་སླད་དུ་མ་ལག། ་ལྷུང་བཟེད་དང་། ཆོས་གོས་ལ་ཆགས་པ་རྣམས་ཀྱི་སླད་དུ་མ་ལགས། ཚུལ་འཆོས་པ་རྣམས་ཀྱི་སླད་དུ་མ་ལགས། ཁ་གསག་རྣམས་ཀྱི་སླད་དུ་མ་ལགས། གཞོགས ་སློངས་ཅན་རྣམས་ཀྱི་སླད་དུ་མ་ལགས། ཐབས་ཀྱིས་འཇལ་བ་རྣམས་ཀྱི་སླད་དུ་མ་ལགས། རྙེད་པས་རྙེད་པ་བསྒྲུབ་པ་རྣམས་ཀྱི་སླད་དུ་མ་ལགས། བཅོམ་ལྡན་འདས ་སེམས་ཅན་དེ་ལྟ་བུ་རྣམས་ཀྱི་སླད་དུ། བདག་དེ་བཞིན་གཤེགས་པ་ལ་ཞ་བ་མ་ལགས་སོ།། བཅོམ་ལྡན་འདས་སེམས་ཅན་གང་དག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོལ ་བ་དང་། ཆགས་པ་མ་མཆིས་པའི་ཡེ་ཤེས་དང་། རང་འབྱུང་གི་ཡེ་ཤེས་དང་། མི་མཉམ་པ་དང་། མཉམ་པའི་ཡེ་ཤེས་དང་། བླ་ན་མེད་པའི་ཡེ་ཤེས་ཚོལ་བ་དེ་དག་དང་། ་གང་དག་བདག་དང་ཕ་རོལ་ཀྱང་མི་དམིགས་ན། བདག་ལ་བསྟོད་པ་དང་། གཞན་ལ་སྤོང་བ་ལྟ་ག་ལ་མཆིས་ཏེ། བཅོམ་ལྡན་འདས་རྭ་བཅད་པ་ལྟ་བུར་ང་རྒྱལ་མ་མཆིས་པ།། ་ཟུག་རྔུ་བྱུང་བ། རྡོལ་བུ་ལྟ་བུར་སེམས་དཔའ་བ། སེམས་དང་། ཆུ་དང་། མེ་དང་། རླུང་དང་། ན་མཁའ་དང་མཚུངས་པའི ་སེམས་ཅན་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སླད་དུ། བདག་དེ་བཞིན་གཤེགས་པ་ལ་ཞུ་བ་ལག་སོ།། བཅོམ་ལྡན་འདས་གང་དག ་ཆོས་ཀྱང་མི་དམིགས་ཤིང་། རློམ་སེམས་སུ་མི་བགྱིད་ལ། མངོན་པར་ཞེན་པ་མ་མཆིས་ན། ཆོས་མ་ལགས་པ་ལྟ་ག་ལ་མཆིས་ཏེ། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་དེ་དག་གིས་སླད་དུ་བདག་དེ་བཞིན་གཤེགས་པ་ལ་ཞུ་ལགས་སོ།། བཅོམ་ལྡན་འདས་བསམ་པ་དག་པ། གཡོ་མ་མཆིས་པ། སྒྱུ་མ་མཆིས་པ། དྲང་བ། ་སེམས་མཉམ་པ། སེམས་ཅན་ཐམས་ཅད་ལ་སྨན་པ་དང་། སྙིང་བརྩེ་བ་ཅན་ཡང་དག་པར་འཛིན་དུ་སྩོལ་བ། ཡང་དག་པར་གཟེངས་བསྟོད་པ། ཡང་དག་པར་དགའ ་བར་བགྱིད་པ། ཁུར་ཆེན་པོ་ཁྱེར་བ། ཐེག་པ་ཆེན་པོ་ལ་མངོན་པར་ཞུགས་པ། བགྱི་བ་ཆེན་པོས་སོ་སོར་ཉེ་བར་གནས་པ།། སྙིང་རྗེ་ཆེན་པོ་དང་ལྡན་པ། སེམས ་ཅན་ཐམས་ཅད་བདེ་བ་ཐོབ་པར་བགྱིད་པ། འདྲེན་པ་རྣམ་པར་འདྲེན་པ། ཡོངས་སུ་འདྲེན་པ། ཆོས་ཐམས་ཅད་ལ་མི་རྟེན་པར་གནས་པ། སྐྱེ་བའི་གནས་ཐམས ་ཅད་མི་ཚོལ་བ། བདུད་ཀྱི་ཞགས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ། འདུན་པ་ཅན། བརྩོན་འགྲུས་དང་ལྡན་པ། བག་མཆིས་པ། ཆོས་ཐམས་ཅད་ཀྱི་དམ ་པའི་ཕ་རོལ་ཕྱིན་པ། ཐེ་ཚོམ་ཐམས་ཅད་གཅོད་པ་ལ་མཁས་པའི་སེམས་ཅན་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སླད་དུ། བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་ལ་ཞུ་ལགས་སོ།། ། བཅོམ་ལྡན་འདས་སེམས་ཅན་གང་དག་སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་རློམ་སེམས་མི་བགྱིད་ཅིང་། མངོན་པར་མི་ཞེན་ལ་ཆགས ་པ་ར་མི་གནས་ཤིང་རློམ་སེམས་ཐམས་ཅད་ལས་ཡང་དག་པར་འདས་པའི་ལམ་ལ་གནས་པ། ལམ་དུ་ཞགས་པ། ལམ་སྟོན་པའི་སེམས་ཅན་རྣམས་དང་། བྱང་ཆུབ ་སེམས་དཔབ་སེམས་དཔའ་ཆེན་པ་དེ་དག་གི་སླད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ཞེས་ལགསོ།། བཅོམ་ལྡན་འདས་པདག་ན་སེམ་ས་ཅན་ཐམས་ཅད ་ལ་བདེ་བ་དང་། ལྟག་ན་མ་མཆིས་པའི་བདེ་བ་དང་། བླ་ན་མ་མཆིས་པའི་བདེ་བ་དང་། མྱ་ངན་ལས་འདས་པའི་བདེ་བ་དང་། སངས་རྒྱས་ཀྱི་བདེ་བ་དང་། འདུས་མ ་བགྱིས་ཀྱི་བདེ་བ་ཉེ་བར་བསྒྲུབ་པར་འཚལ་ཏེ། བདག་སེམས་ཅན་ཐམས་ཅད་ཀྱི་དོན་དང་། སྨན་པ་དང་། བདེ་བ་དང་། གྲུབ་པ་དང་། བདེ་བའི་སླད་དུ་དེ་བཞིན་གཤེག ་། བ་ལ་ཞུ་ལགས་སོ།། བཅོམ་ལྡན་འདས་བདག་ནི་ཐེ་ཚོམ་མ་མཆིས་པར་འཚལ་ཞིང་། ཐེ་ཚོམ་མཆིས་ནས་ཀྱང་ཐམས་ཅད་ཀྱི་ཐེ ་ཆོམ་རབ་ཏུ་སྤང་བའི་སླད་དུ་ཆོས་བཤད་པ་ར་འཚལ་ཏེ། བཅོམ་ལྡན་འདས་བདག་ནི་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གསལ་བའི་སླད་དུ། བཅོམ་ལྡན་འདས་ལ་ཞ་བ ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སམས་ཅན་ཐམས་ཅད་ནི་སྡུག་བསྔལ་དང་མི་མཐུན་ཞིང་བདེ་བར་འཚལ་ལ། སེམས་ཅན་ཐམས་ཅད་ནི་བདེ་བ་དོན ་དུ་གཉ་ར་བ་ལོགས་ཏེ། བཅོམ་ལྡན་འདས་ཤ་ས་རབ་མ་ག་ཏོགས་པར་གཞན་སེམས་ཅན་རྣམས་ཀྱི་བདེ་བ་གང་ཡང་བ་དག་གི་ས་མ་མཐོང་ཞིང་། བཅོམ་ལྡན་འདས་བྱང་ཆུབ ་སེམས་དཔའི་ཐེག་པ་ཐེག་ཆེན་པོ་མ་གཏོགས་པར། གཞན་སེམས་ཅན་རྣམས་ཀྱི་བདེ་བ་གང་ཡང་བླ་ཆེས་ཏེ། བཅོམ་ལྡན་འདས་བདག་གིས་དོན་གྱི་དབང་འདི་མཐོང་བས། ་སེམས་ཅན་རྣམས་ལ་བདེ་བར་བསྒྲུབ་པར་འཚལ་བའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞ་ལགས་སོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས ་ཅན་གྱི་དོན་འདི་ཡང་དག་པར་མཐོང་བར་བགྱིད་པའི་སླད་དུ། བདག་གིས་དེ་བཞིན་གཤེགས་པ་ལ་དོན་འདི་ནི་ལགས་སོ།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས ་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྣལ་རྣམས་པ་ར་གནོན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ལེགས་སོ། ་མ་ལེགས་སོ།། ཁྱོད་སྐྱེ་བོ་ཕལ་པོ་ཆེ་ལ་སྙིང་བརྩེ་བའི་ཕྱིར། དེ་བཞིན་གཤེགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདྲི་བ་ནི་ཁྱོད་ཀྱི་ཡོན་ཏན་གྱི་མཐའ་རྟོགས་པར་སྲ་བ་མ་ཡིན ་ནོ།། དེའི་ཕྱིར་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་བཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ།། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པའི་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ ་བ་སྩལ་ཏོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཁྱོད་འདི་སྐད་དུ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ།། ་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་ཟེར་བ་ནི། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཤེས་རབ་ཀྱི་ཕ། ་རོལ་ཏུ་ཕྱིན་པ་ནི་ཆོས་གང་གིས་ཀྱང་བརྗོད་པར་བྱ་བ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚིག་ཐམས་ཅད་ལས་འདས་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ ་།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། འདིས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཞེས་བརྗོད་པར་མི་ནུས་སོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ནི་ཆོས ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ།། ཤེས་རབ་ཉིད་ཀྱང་དེ་བཞིན ་གཤེགས་པ་ས་མ་རྙེད་མི་དམིགས་ན།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟ་དམིགས་པར་ག་ལ་འགྱུར། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཤེས་རབ་ཅེས་བྱ་བ་འདི ་ནི་ཆོས་ཐམས་ཅད་ཀུན་དུ་ཤེས་པ། འདི་ནི་ཆོས་ཐམས་ཅད་ཀུན་དུ་རིག་པ་སྟེ། དེའི་ཕྱིར་ཤེས་རབ་ཅེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས ་ཅད་ཀུན་ཏུ་རེག་པ་བཞི་གང་ཞེ་ན། ཆོས་འདི་དག་ཐམས་ཅད་ནི་རྣམ་པར་གཞན་ན། ཆོས་ཐམས་ཅད་རྣམ་པ་གཞན་དུ་བརྗོད་དོ།། ཆོས་ཐམས་ཅད་ནི་བརྗོད་པ་ལས ་ནམ་པོར་གྲོལ་བ་མ་ཡིན་ནོ།། ག་བཅོས་ཐམས་ཅད་ཀུན་དུ་ཤེས་པ་དང་། གང་ཆོས་ཐམས་ཅད་ཀུན་དྲི་རིག་པ་དེ་ཡང་ཚིག་གིས་བརྗོད་པར་མི་ནུས་མོད་ཀྱི། འོན་ཀྱང་། ་སེམས་ཅན་རྣམས་ཀྱི་ཤེས་པར་འགྱུར་བ་དེ་ལྟར་ཤེས་རབ་ཅེས་བྱའོ།། འདི་ནི་བཏགས་པ་ཞེས་བྱ་སྟེ། དེའི་ཕྱིར་ཤེས་རབ་ཅེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན ་པ་ཆོས་ཐམས་ཅད་གདགས་སུ་མེད། གཟུང་དུ་མེད། བཤད་དུ་མེད། སྣང་བ་མེད་དེ། དེ་ལྟར་བུར་ཀུན་དུ་རིག་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་ཤེས་རབ་ཅེས་བྱ་བ་དེ་ནི་ཀུན་དུ་ཤེས་པ་འང་མ་ཡིན། ཀུན་དུ་མི་ཤེས་པ་ཡང་མ་ཡིན། དེ་ལས་ཀྱང་མ་ཡིན་པ་ལས་མ་ཡིན་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཤེས་རབ ་ཅེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ནི་མི་ཤེས་པའི་སྤོད་ཡུལ་ཡང་མ་ཡིན། ཡེ་ཤེས་ཀྱི་སྤྱོད་ཡུལ་ཡང་མ་ཡིན། མི་ཤེས་པའི་སྤོད་ཡུལ་ཡང ་མ་ཡི་ན། ཡེ་ཤེས་ཀྱི་ཡུལ་ཡང་མ་ཡི་ན་ཏེ།། ཡེ་ཤེས་ནི་ཡུལ་མཽད་པའོ།། གལ་ཏེ་ཡེ་ཤེས་ལ་ཡུལ་ཡོད་དུ་ཟིན་ན། མི་ཤེས་པར་འགྱུར་རོ།། ཡེ་ཤེས་དེ་ནི་མི ་ཤེས་པ་ལས་མ་ཡིན། མི་ཤེས་པ་ཡང་ཡེ་ཤེས་ལས་མ་ཡིན། ཡེ་ཤེས་ནི་མི་ཤེས་པ་མ་ཡིན། མི་ཤེས་པ་ཡང་ཡེ་ཤེས་མ་ཡིན་ཏེ། ཡེ་ཤེས་ཀྱི་ཡེ་ཤེས་ཅེས་བྱའོ།། ་ཡེ་ཤེས་ཀྱི་མི་ཤེས་པ་ཞེས་མི་བྱའོ།། མི་ཤེས་པས་ཤེས་ཞེས་བྱའོ།། དེ་ལ་ཡེ་ཤེས་དེ་ནི་འདིའོ།། ཡེ་ཤེས་དེ་ནི་འདི་སོ།། ཡེ་ཤེས་དེ་ནི་འདིའི་ཕྱིརརོ།། ཡེ་ཤེས་ཅུང ་ཟད་ཀྱང་བསྟན་པར་མི་ནུས་ཏེ། དེའི་ཕྱིར་ཡེ་ཤེས་དེ་ནི་ཡེ་ཤེས་ཉིད་ཀྱིས་མེད་དོ།། ཡེ་ཤེས་ཀྱང་ཡེ་ཤེས་སུ་མི་གནས་ཏེ། མི་ཤེས ་བས་ཀྱང་ཡེ་ཤེས་ཞེས་མི་བྱའོ།། གལ་ཏེ་མི་ཤེས་པས་ཡེ་ཤ་སོ་ཞེས་བྱ་ན་ནི། དེའི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་ཡེ་ཤེས་ཅན་དུ་འགྱུར་རོ།། གང་ཡེ་ཤེས་དང་། ་མི་ཤས་ཀུན་ནི་དམིགས་ཤིང་། ཡེ་ཤེས་དང་། མི་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དེ་ཉིད་ཡེ་ཤེས་ཞེས་བྱ་སྟེ། ཡ་ཤས་དེ་ནི་ཇི་སྐད་དུ་བརྗོད་པ་དེ ་བཞིན་དུ་མ་ཡིན་ནོ།། དེ་བས་ན་ཡེ་ཤེས་དེ་ནི་བརྗོད་པར་བྱ་བ་མ་ཡིན་ཞིང་། ཡུལ་ཐམས་ཟ་ཅད་ལ་ས་རབ་ཏུ་འདས་པ་སྟེ། ཡེ་ཤེས་ནི་གང་གི་ཡུལ་ཡང་མ་ཡིན་ནོ།། ་ཡེ་ཤེས་ཀྱི་ཡུལ་གང་ཡང་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཡེ་ཤེས་བསྟན་པའི་ཡུལ་ཡང་མ་ཡིན། ཕྱོགས་ཀྱང་མ་ཡིན་པ་འདི་གང་གིས་ཤེས་པ་དེ ་ནི་ཡེ་ཤེས་ཅན་ནམ། ཡེ་ཤེས་ཅན་མ་ཡིན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་འདི་ལྟ་བུར་རབ་ཏུ་ཤེས་པ་དང་། རྗེས་སུ་རྟོགས ་བ་དང་། ཀུན་དུ་ཤེས་པ་དེ་ནི་ཤེས་རབ་ཅེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམས་པར་གནོན་པ། གང་འདི་ལྟར་མངོན་པར་རྟོགས་པ་མངོན་སུམ་དུ་བྱེད་པ་དེ་ནི་འཇིག་རྟེན་ལས ་འདས་པའི་ཤེས་རབ་ཅེས་བྱ་སྟེ། འཇིག་རྟེན་ལས་འདས་པའི་ཤེས་རབ་ཅེས་ཇི་སྐད་དུ་བརྗོད་པ་བཞིན་དུ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ཉིད་ཀྱང་མི་དམིག ་ན། འཇིག་རྟེན་ལས་འདས་པའི་ཤེས་རབ་ལྟ་ག་ལ་ཡོད།། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་གང་འཇིག་རྟེན་ལས་སྒྲོལ་བར་འགྱུར་བ་ལྟ་ཅི་སྨོས། དེ་ཅི ་ཕྱིར་ཞེ་ན། དེས་འཇིག་རྟེན་མི་དམིགས་པས་ཅི་ཡང་སྒྲོལ་བར་མི་བྱེད་དེ། དེའི་ཕྱིར་འཇིག་རྟེན་ལས་འདས་པའི་ཤེས་རབ་ཅེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན ་པ། འཇིག་རྟེན་ཞེས་བྱ་བ་འདི་ནི་བཏགས་པ་ཞེས་བརྗོད་པ་སྟེ། བཏགས་པ་ནི་འཇིག་རྟེན་ལས་ཡང་དག་པར་འདས་མ་ཡིན་པའི་བེ་ཏགས་པ་ཐམས་ཅད་ལས་ཡང་དག ་པར་འདས་པ་ནི། འཇིག་རྟེན་ལ་ས་འདས་པ་ཞེས་བྱའོ།། འདའ་བར་བྱ་བ་ནི་འཇིག་རྟེན་ལས་འདས་པ་ཡིན་གྱི། འདའ་བ་རིམ་བྱ་བ་ནི་འཇིག་རྟེན་ལས་འདས་པའོ།། ་དེ་ཅིའི་ཕྱིར་ཞེ་ན། ད་ལ་གང་འདའ་བར་བྱ་བ་དང་། གང་གིས་འདའ་བར་བྱ་བའི་ཆོས་ཕྲ་བ་ཙམ་ཡང་མེད་པས། དེའི་ཕྱིར་འདས་པ་ཞེས་བྱ་སྟེ། འཇིག་རྟེན་ལས་འདས་པ་ལ་ནི ་འཇིག་རྟེན་ཡང་མེད། འཇིག་རྟེན་ལས་འདས་པ་ཡང་མེདདོ།། བླ་ན་མེད་པ་ལ་ནི་བསྒྲལ་བ་ཡང་མེད་དེ། དེའི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ ་རྣབ་པར་གནོན་པ། འདི་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་བསྟན་པ་ཞེས་བྱ་སྟེ། འཇིག་རྟེན་ལས་འདས་པའི་ཤེས་རབ་ཅེས་ཇི ་སྐད་དུ་བརྗོད་པ་བཞིན་དུ་དེ་པ་ཡི་ནོ།། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ལས་འདས་པ་ནི་བརྗོད་པར་བྱ་བ་མ་ཡིན་གྱི་དེ་ནི་རྒལ་བ་སྟེ། དེ་ལ་འདའ་བར་བྱ་བ་ནི་ཅི་ཡང་མེད་པས། དེའི་ཕྱིར ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཅེས་བྱའོ།། རབ་ཀྱི་རྣམ་པར་གནོན་པ། དེ་ལ་གང་ངེས་པར་རྟོགས་པའི་ཤེས་རབ་དེས་ཅི་ངེས་པར་རྟོགས། འདི་ལ་ནི་ངེས་པར་རྟོགས་པར་བྱ། ་བ་ཅི་ཡང་མེད་དོ།། གལ་ཏེ་ངེས་པར་རྟོགས་པར་བྱ་བ་འགའ་ཞིག་ཡོད་ཟིན་ན་ནི། དེ་ཤེས་རབ་ཀྱིས་ངེས་པར་རྟོགས་པ་ཞེས་བདགས་ན། གང་གིས་ཀྱང་མི་རྟོགས་ཤིང་། ཀུན་དུ ་རྟོགས་པ་མ་ཡིན་ལ། གང་གིས་རྟོགས་པར་འགྱུར་བའི་བྱེ་བྲག་གང་ཡང་མི་དམིག་སོ།། ངེས་པར་རྟོགས་པར་ཞེས་བྱ་བ་ནི། བདི་ལ་རྟོགས་པར་བྱ་བ་ཅི་མེ་ཅིང་། ཀུན་རྟོགས ་བར་བྱ་བ་ཡང་མེད་དོ།། དེ་ལ་རྟོགས་པར་བྱ་བ་ཅི་ཡང་མེད་ཅིང་། ཀུན་རྟོག་པར་བྱ་བ་ཡང་མེད་པས། དེའི་ཕྱིར་ངེས་པར་རྟོགས་པ་ཞེས་བྱའོ།། འདི་ལ་ནི་གང་མཐར་འགྲོ ་བ་མེད་ཅིང་། དཔུང་དུ་ཡང་མ་ཡིན་ཏེ། དེའི་ཕྱིར་ངེས་པར་རྟོགས་པར་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ངེས་པར་རྟོགས་ཞེས་བྱ་བའི་ཤེས་རབ་ཀྱི་ཅི་ངེས་པར ་རྟོགས་ཞེ་ན། གང་ཅི་སྣང་བ་ཐམས་ཅད་ངེས་པར་རྟོག་སོ།། གང་གིས་ངེས་པར་རྟོགས་ཞེ་ན། ཤེས་རབ་ཀྱི་སོ།། ཤེས་རབ་ཀྱིས་ཇི་ལྟར་ངེས་པར་རྟོགས་ཞེ་ན། གང་རྟགས་པ ་མཚན་ཉིད་དེ་ཐམས་ཅད་མཚན་ཉིད་མེད་པ་དང་། མཚན་ཉིད་མེད་པ་ཡང་རྟགས་པའི་མཚན་ཉིདའོ།། རབ་ཀྱི་རྣལ་གྱིས་རྣམ་པར་གནོན་པ་གང་འདི་ལྟ་བུ་ཤེས་རབ་དང་ལྡན ་པས། ངེས་པར་རྟོགས་པ་དེས་ནི་ཁམས་གསུམ་རྟོག་སོ།། ཇི་ལྟར་རྟོགས་ཞེ་ན། ཁམས་གསུམ་ནི་ཁམས་མེད་པར་རྟོགས་ཏེ། འདི་ལ་ནི་ཁམས་རྟོགས་པ་ཅི་ཡང་མེདོ། ་དེས་ཁམས་གསུམ་ནི་ཁམས་མེད་པར་ངེས་པར་རྟོགས་པ། གང་གིས་དེ་ལྟར་ཁམས་གསུམ་ངས་པར་རྟོགས་པ། གང་གིས་དེ་ལྟར་ཁམས་གསུམ་ངེས་པར་རྟོགས ་པ་དེ་ནི་ངེས་པར་རྟོགས་པའི་ཤེས་རབ་དང་ལྡན་པ་ཞེས་བྱའོ།། ཇི་ལྟར་ན་ངེས་པར་རྟོགས་པའི་ཤེས་རབ་དང་ལྡན་ཞེ་ན། ངེས་པར་རྟོགས་པ་ཞེས་བྱ་བ་ནི་མི་དགེ་བ་གང་ཡང་མེདོ།། ་ངེས་པ་ཐམས་ཅད་དགེ་བར་ངེས་པར་རྟོགས་ཏེ། དེ་ངེས་པར་རྟོག་པའི་ཤེས་རབ་ཀྱིས་རབ་ཏུ་གདའོ།། དེ་ད་ལྟར་རྟོགས་པའི་ཤེས་རབ་དང་ལྡན་པས་གང་ཅི་མཐོང་བ་དང་། ་ཟོས་པ་དང་། བསྣམས་པ་དང་། མྱངས་པ་དང་། རེག་པ་དང་། རྣམ་པར་ཤེས་པ་དེས་དག་ཐམས་ཅད་ངེས་པར་རྟོག་སོ།། རབ་ཀྱི་རྣམ་པར་གནོན་པ། ཇི་ལྟ་བུར་རྟོགས་ཞེ་ན། ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། འབྲས་དང་། ནད་དང་། ཟུག་རྔུ་དང་། སྟོང་པ་དང་། སྡིག་པ་དང་། གནོད་པ་དང་། མཐའ་མ། ་དང་། འཇིག་པ་དང་། འཇིག་པའི་ཆོས་ཉིད་དང་། གཡོ་བ་དང་། འཇིག་པའི་ཚུལ་ཅན་དང་། བདག་མེད་པ་དང་། མི་སྐྱེ་བ་དང་། མི་འགོག་པ་དང་། མཚན་ཉིད་མེད་པར་རྟོགས་ཏེ། རབ་ཀྱི ་རྩལ་གྱི་རྣམ་པར་གནོན་པ། དེ་ནི་གསིལ་བར་གྱུར་པ་ཟུག་རྔུ་མེད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ། དཔེར་ན་ཟུག་རྔུ་མེད་པ་ཞེས་བྱ་བའི་སྨན་གྱི་རིག ་དེ་གང་ན་འདུག་པ་དེ་ན་ཟུག་རྔུ་ཐམས་ཅད་སེལ་ཅིང་ངེས་པར་འདོན་ཏོ།། དེ་བཞིན་དུ་འདི་ལྟ་བུའི་ཆོས་རྣམས་དང་ལྡན་པའི་དགེ་སློང་ནི་ཟུག་རྔུ་མེད་ཅིང་བསིལ་བར་གྱུར་ལ། ངེས་པར ་རྟོགས་པའི་ཤེས་རབ་དང་ལྡན་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྟག་ཏུ་གནས་ལ། ངེས་པར་རྟོགས་པའི་ཤེས་རབ་ཀྱིས་ཁམས་གསུམ་ཟེད་ལ་མི་ཆགས་ཤིང་། བདུད་ཀྱི་ཞགས ་པཐམས་ཅད་ལས་རབ་ཏུ་འདསོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ། དཔེར་ན་རྡོ་རྗེ་ནི་དབུག་པའི་ཕྱིར་གང་དུ་བཙུགས་པ་དང་དེ་ཉིད་ངེས་པར་པི་གསོ།། དེ་བཞིན། ་དུ་དགེ་སློང་གིས་ངེས་པར་རྟོགས་པའི་ཤེས་རབ་ཀྱིས་ཡོང་སུ་ཟིན་པའི་རྡོ་རྗེ་ལྟ་བུའི་ཏིང་འཛིན་གང་དུ་བཙུགས་པ་དང་། གདད་སྤྲོད་པ་དེ་དག་ཐམས་ཅད་ངེས་པར་རྟོག་སོ།། དེངོས ་པར་རྟོགས་པའི་ཤེས་རབ་འཇིག་རྟེན་ལས་འདས་པ་ཡང་དག་པར་སྡུག་བསྔལ་ཟད་པར་འགྱུར་བ་དང་ལྡན་པ། ཆགས་པ་མེད་པ་ནི་གསུམ་རིག་པ་ཞེས་བྱའོ།། རབ་ཀྱི། ་རྩལ་གྱིས་རྣམ་པར་གནོན་པ། རིག་པ་ཞེས་བྱ་བ་དེ་ནི་མ་རིག་པ་ཉེ་བར་ཞི་བའི་ཚིག་བླ་དག་སོ།། མ་རིག་པ་ཡོངསུ་ཤེས་པ་ཞེས་བྱ་བ་དེ་ནི་སྡུག་བསྔལ་གྱི་ཕུང་པོ་ཉེ་བར་ཞི་བའི ་ཚིག་བླ་དག་སོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ། དཔེར་ན་སྨན་པ་མཁས་པ་གསལ་བ་ཡིད་རྣོ་བ། ལྷག་པར་རྟོགས་པ་དང་ལྡན་པ། སྨན་པ་མཁས་པ། ་སྨན་པ་ཐམས་ཅད་ལ་མཁས་པ། ནད་ལྡང་བ་ཐམས་ཅད་ལ་མཁས་པ། སྤུ་སྔལ་བ་ཐམས་ཅད་ལ་མཁས་པ། སྡུག་བསྔལ་ཐམས་ཅད་ལས་རྣམ་པར་འགྲེལ་པ་དེས། ་ནད་པ་གང་དང་གང་ལ་གསོ་བར་བྱས་པ་དེ་དང་དེ་འཚེའོ།། འདི་ལྟར་དེ་སྨན་པ་ཐམས་ཅད་ལ་མཁས་ཤིང་། ནད་ལྡང་བ་ཐམས་ཅད་ལ་མཁས་པ། ནད་ཐམས་ཅད་ལས་ཐར ་པ་བྱེད་པའི་ཕྱིརརོ།། རབ་ཀྱིས་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་རིགས་པ་གསུམ་པོས་ནི་མ་རིག་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར། སྡུག་བསྔལ་ཐམས་ཅད་འཇོམ ་པར་འགྱུར། རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར་ཏེ། རབ་ཀྱི་རྩལ ་གྱིས་རྣམ་པར་གནོན་པ། དེ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ངེས་པར་རྟོགས་པར་འགྲོ་བ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ། ་པར་གནོན་པ་ངས་འདི་ལ་དགོངས་ནས། སྲིད་པར་སྐྱེ་བ་ཡོངསུ་ཟད་པ་གང་གིས་ཡང་དག་པར་ཤེས་པ། གང་རྣམས་རྟོགས་པར་འགྲོ་བ་དེ་ཡང་། འཇིག་རྟེན་ན་ཡང་ཤེས་རབ་མཆོག ་ཅེས་པ་ཤའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སྲིད་པར་སྐྱེ་བ་ཡོངསུ་ཟད་པ་ཞེས་བྱ་བ་གང་གི་ཚིག་བླ་དགས་ཡིན་ཞེ་ན། དེ་ནི་འབྱུང་བ་དང་། ནུབ་པར་རབ་ཏུ་རྟོགས་པའོ་ཚིག་བླ ་དག་སོ།། འབྱུང་བ་དང་། ནུབ་པ་གང་ཞེ་ན། ཀན་འབྱུང་བའི་ཆོས་ཅི་ཡང་རུང་སྟེ། དེ་ཐམས་ཅད་ནི་འགོག་པའི་ཆོས་ཏེ། འདི་ལྟར་ཀུན་འབྱུང་བ་དང་། ནུབ་པར་རབ་ཏུ་རྟོག་སོ།། རབ ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འབྱུང་བ་ཞེས་བྱ་བ་དེ་ནི་འབྱུང་བའི་ཚིག་བླ་དག་སོ།། ནུབ་པ་ཞེས་བྱ་བ་དེ་ནི་འགོག་པའི་ཚིག་བླ་དགས་ཏེ། འབྱུང་བ་དང་། ནུབ་པ་ཞེས་ཇི་སྐད་དུ་བརྗེ ་བདེ་བཞིན་དུ་ནི་མ་ཡིནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཀུན་འབྱུང་བ་གང་ཅི་ཡང་རུང་སྟེ། དེ་ནི་ཀུན་འབྱུང་བའི་ཆོས་མ་ཡིནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་མཉམ ་པ་ལས་འབྱུང་བ་གང་ཡང་མདོ།། དེ་ནི་ཀུན་འབྱུང་བར་མི་འགྱུརརོ།། དེ་མཉམ་པ་ཉིད་ཀྱི་རྗེས་སོང་སྟེ། དེའི་ཕྱིར་ཀུན་འབྱུང་བ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ ་མཉམ་པའི་རྗེསུ་སོང་བ་ཞེས་བྱ་བ་ནི་འདི་ལས་འབྱུང་བ་གང་ཡང་མེད། ཀུན་འབྱུང་བར་ཡང་མི་འགྱུར་རོ།། དེའི་རང་བཞིན་གང་ཡིན་པ་དེ་ནི་གང་གིས་འཇིག་ཅིང་དེ་ནི ་འགོག་པ་སྟེ། དེ་ལན་འགོག་པ་ཡང་མེདོ།། མཉམ་པ་ནི་བླ་ན་མེད་པའི་འགོག་པ་སྟེ། གང་ཡང་སྐྱེ་བ་མེད་པ་དེ་ལ་འགོག་པ་མེད་དེ། དེ་ནི་འགོག་པའོ།། རབ་ཀྱི་རྩལ་གྱིས་རྣམ ་བར་གནོན་པ་དེ་ལྟར་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཕྱིར་གང་ག་འབྱུང་བ་དང་། ནུབ་པ་རྟོགས་པ་སྟེ། དེའི་ཕྱིར་འབྱུང་བ་ནུབ་པར་རབ་ཏུ་རྟོགས་པ་ཞེས་བྱའོ།། རབ་ཀྱི་རྩལ ་གྱིས་རྣམ་པར་གནོན་པ་རབ་ཏུ་རྟོགས་ཞེས་བྱ་བ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡོངསུ་ཤེས་པ་ཞེས་བྱའོ།། གང་ལ་བརྟེན་ནས་ཆོས་གང་སྐྱེ་བ་དེ་ཉིད་ལ་བརྟེན་ནས་ཆོས ་འདྲེ་བ་དདེ། འདི་ནི་རྟེན་ཅིང་འབྲལ་བར་འབྱུང་བ་རབ་ཏུ་རྟོགས་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡང་དག་པ་འདི ་ཉིད་ཇི་ལྟ་བ་བཞིན་དུ་སྐྱེ་བ་མེད་པར་བསྟན་ཏོ།། མི་སྐྱེ་བོ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། མི་འབྱུང་བ་མཉམ་པས་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ།། ་གང་ལ་སྐྱེ་བ་མེད་པ་དེ་ལ་འགོག་པ་གང་ལ་ཡོ་དེ། འགོག་པ་དང་མི་འགལ་བ་ད་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་འགོག་པ་མེ་དེ། སྐྱེ་བ་མེད་པ་ནི་རྟེན་ཅིང་འབྲེལ་བར ་འབྱུང་བ་ཞེས་བྱའོ།། གང་འབྲེལ་བར་འབྱུང་བ་དེ་ནི་མ་བྱུང་བའོ།། གང་མ་བྱུང་བ་དེ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིནོ།། ་གང་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་པ་དེ་ལ་འགོག་པ་མེད་དོ།། གང་ལ་འགོག་པ་མེད་པ་དེ་ནི་མི་སྐྱེ་བ་ཤེས་པ ་ཞེས་བྱའོ།། གང་གིས་མི་སྐྱེ་བར་ཤེས་པ་དེ་ནི་ཡང་སྐྱེ་བ་མ་ཡིན། འགོག་པ་མངོན་སུམ་དུ་བྱེད་པ་ཡང་མ་ཡིན་ནོ།། གང་མི་སྐྱེ་བ་དེ་འགོག་པར་བྱེད་དེ། སྐྱེ་བ་ཡོད་ནི་ནི་འགོག ་པར་ཡང་ཤེསོ།། གང་མི་སྐྱེ་བ་དེས་ཆོས་ཐམས་ཅད་འགོག་པ་ཉི་དུ་ཤེས་ཤིང་མཐོང་ལ་རབ་ཏུ་རྟོགས་ཤིང་མངོན་སུམ་དུ་བྱས་སྟེ། དེའི་ཕྱིར་འགོག་པ་མངོན་སུམ་དུ་བྱས་པ་ཞེས ་བྱའོ།། ཟད་པ་ཤེས་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། མི་ཤེས་པ་ཟད་པ་དེའི་ཕྱིར་ཟད་པ་ཤེས་པ་ཞེས་བྱའོ།། གང་གིས་ཟད་ཅེས་ན། མི་ཟད་པོས་ཟད་དེ། ་དེའི་ཕྱིར་ཟད་པ་ཡང་མི་མཐོང་ངོ་།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། མི་ཤེས་པ་མེད་པས་དེའི་ཕྱིར་དེ་ཟད་པ་ཤེས་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་མི་ཤེས་པ་ཡོངསུ་ཤེས་པ་དེའི་ཕྱིར་མི་ཤེས་པ་ཟད། ཟད་པ་ཤེས་པ་ཞེས་བྱའོ།། མི་ཤེས་པ་ནི་ཟད་པའམ། མ་ཟད་པ་ཡིན་ཏེ། འདི་ནི་ཤེས་པ་དང་། བྲལ་བའི་ཕྱིར་ཟད་པ་ཤེས ་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ཡང་དག་པར་རྗེ་བ་བཞིན་དུ་ཡོངསུ་ཤེས་པ་སྟེ། དེའི་ཕྱིར་བྲལ་བ་ཞེས་བྱའོ།། མི་ཤེས་པ་དང་བྲལ་བ་དང་། ཤེས་པ་དང་བྲལ་བ ་འད་ལས་གཞན་ཅི་ཡང་མི་དམིགསོ།། ཡེ་ཤེས་ཉིད་ཀྱང་མི་དམིགས་ན། གང་ཟད་པ་ལས་རྣམ་པར་གྲོལ་བ་མི་ཤེས་པ་ལྟ་ཅི་སྨོས་ཏེ། དེའི་ཕྱིར་ཟད་པ་ཞེས་བྱ་སྟེ། ཇི་སྐད་བརྗོད་པ་བཞིན ་དྲི་ནི་མ་ཡི་ནོ།། ཟད་པ་ཤེས་པ་གང་ཡིན་པ་དེ་ལ་ཐ་སྙ་དུ་གདགས་པ་ཡང་མེད་མོད་ཀྱི། འོན་ཀྱང་འདི་ལྟར་མི་ཤེས་པ་ཟད་པ་དང་། ཟད་པ་ཤེས་པ་ཞེས་བསྟན་ཏོ།། རབ་ཀྱི་རྩལ་གྱིས་རྣམ ་བ་ར་གནོན་པ་གང་གིས་ཆོས་ཐམས་ཅད་མི་ཟད་པ་དང་། ཟད་པ་ཞེས་པ་ལ་རྟོག་པ་ཁོང་དུ་ཆུད་པ་དེ་ཟད་པ་ཤེས་པ་དང་བྲལ་ཏེ། ཟད་པ་མེད་པའི་མཐའ་རྗེསུ་ཐོབ་བོ།། མཐའ་མེད་པ ་ནི་མྱ་ངན་ལས་འདས་པའི་མཐའ་སྟེ། ཇི་སྐད་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ།། ཆོས་ཐམས་ཅད་ནི་མྱ་ངན་ལས་འདས་པའི་མཐའ་སྟེ། མཐའ་མེད་པའོ།། མཐའ་ཐམས་ཅད་ཆད་པ ་ནི་མྱ་ངན་ལས་འདས་པའི་མཐའ་ཞེས་བྱ་སྟེ། ཇི་སྐད་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ།། མྱ་ངན་ལས་འདས་པ་ནི་ཐ་སྙད་ཐམས་ཅད་བརྗོད་པར་བྱ་བ་ཡིན་པ་སྟེ། རབ་ཀྱི་རྩལ་གྱིས་རྣམ ་བར་གནོན་པ། མྱ་ངན་ལས་པའི་དབྱིང་ནི་བསྟན་དུ་མེད། བསྟན་པ་ཐམས་ཅད་རབ་ཏུ་ཆད་པ་དེ་ནི་མྱ་ངན་ལས་འདས་པའི་དབྱིངས་ཞེས་བྱའོ།། མྱ་ངན་ལས་འདས་པའི་དབྱིངས ་མྱ་ངན་ལས་འདས་པའི་དབྱིངས་བསྟན་པ་འདི་ཡང་ཇི་སྐད་བསྟན་པ་བཞིན་དུ་ནི་མ་ཡིནོ།། བསྟན་པ་ཐམས་ཅད་ལས་ཡང་དག་པར་འདས་པས།། མྱ་ངན་ལས་འདས་པའི་དབྱིང ་ནི་བསྟན་དུ་མེད་དེ། བསྟན་པ་ཐམས་ཅད་རབ་ཏུ་ཆད་པ་དེ་ནི་མྱ་ངན་ལས་འདས་པའི་དབྱིངསུ་ཞེས་བྱའོ།། མྱ་ངན་ལས་འདས་པའི་དབྱིངས་ཞེས་བྱ་བ ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ངེས་པར་རྟོགས་པར་བསྟན་པ་ལ་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། མྱ་ངན་ལས་འདས་པའི་དབྱིངས་དེ་ནི་ཡུལ་ན་མི ་གནས་ཕྱོགས་ན་མི་གནས་པ་ཞེས་བསྟན་ཏོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཤེས་རབ་ཀྱི་པ ་རོལ་ཏུ་ཕྱིན་པ་ལ་ཚུ་རོལ་ཏམ། ཕ་རོལ་གང་ཡང་མེདོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚུ་རོལ་ལམ། ཕ་རོལ་དམིགས་པ་ནི་དེ ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུ་རོལ་ལམ། ཕ་རོལ་བཤད་པ་ཞིག་ན།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུ་རོལ་མི་དམིགས་པས། དེའི་ཕ་རོལ་ཀྱང་མེད་མོ ་ཀྱི། འོན་ཀྱང་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ནི་ཆོས་ཐམས་ཅད་ཀྱི་ཕ་རོལ་ལོ།། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། ཇི་སྐད་དུ། ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཚིག་དང་། ་ལས་ཀྱིས་ཉེ་བར་གནས་པ་མ་ཡིན་ཏེ། ཤེས་རབ་ཀྱི་རྩ་ཕ་རོལ་ཏུ་ཕྱིན་པ་ནི་བསྟན་དུ་མེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། ཇི་སྐད་བརྗོད་པ་བཞིན་དུ་ན་མ་ཡི་ནོ།། རབ་ཀྱི་རྩལ་གྱིས། ་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཚིག་དང་ལས་ཀྱིས་ཉེ་བར་གནས་པ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསྟན་དུ་མེད་པའོ།། ཆོས་ཐམས་ཅད་དེ་ལྟར་ཁོང ་དུ་ཆུད་ན། དོ་ནི་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་དེ་མི་འགལ་ལོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལ་ཁོང་དུ་ཆུད་པ་ཅི་ཡང་མེད་ཅིང་རབ་ཏུ་རྟོགས་པ་ཡང་མེད་པའི་ཕྱིར་རོ།། ཁོང་དུ་ཆུད་པ་དང་རབ ་ཏུ་རྟོགས་པ་མཉམ་པ་ཉིད་ནི་བྱང་ཆུབ་སྟེ། ཆོས་ཐམས་ཅད་ནི་ཁོང་དུ་ཆུད་པ་ནི་བྱང་ཆུབ་ས་ཅེས་བྱའོ།། ཇི་ལྟར་ཆོས་ཐམས་ཅད་ཁོང་དུ་ཆུད་པ་ན། འདི་ལ་བྱང་ཆུབ་གང་ཡང་མེད་དེ། ་འདི་ལ་ཁོང་དུ་ཆུད་པ་གང་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གལ་ཏེ་བྱང་ཆུབ་དམིགས་ནི་ནི། བྱང་ཆུབ་ལ་ཡང་བྱང་ཆུབ་དམིགས་པར ་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་ལ་ནི་བྱང་ཆུབ་མེད་དེ། དེ་ལྟར་བྱང་ཆུབ་འདི་མངོན་པར་རྫོགས་པར་འཚང་རྒྱའོ།། ཁོང་དུ་ཆུད་པ་མེད་པ་དང་། ་རབ་ཏུ་རྟོགས་པ་མེད་པས་རྗེ་སུ་རྟོགས་པ་ཞེས་བྱ་ཏེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་པ་ཡིན་ནོ།། ཆོས་ཐམས་ཅད་ནི་ཁོང་དུ་ཆུད་པ་མ་ཡི་ནེ། རབ་ཏུ་རྟོགས་པ་མ་ཡིན་ཏེ། ཆོས་ན ་ཆོས་ཀྱི་ངོ་བོ་ཉིད་ཀྱིས་མེད་དོ།། དེ་ལྟར་ཁོང་དུ་ཆུད་པ་དེ་ནི་བྱང་ཆུབ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་ག་དེ་བཞིན་གཤེག ་བའི་ནི་བྱང་ཆུབ་མི་དམིགས་ཤིང་། དེ་བཞིན་གཤེགས་པས་ནི་བྱང་ཆུབ་རྣམ་པར་མ་རིག་སྟེ། བྱང་ཆུབ་ནི་རྣམ་པར་རིག་པར་བྱ་བ་མ་ཡིན། རབ་ཏུ་རྣམ་པར་རིག་པར་བྱ་བ་མ་ཡིནོ།། ་དེ་བཞིན་གཤེགས་པ་ནི་བྱང་ཆུབ་མ་མཁྱེན་མ་བསྐྱེད་དེ། བྱང་ཆུབ་ནི་མ་སྐྱེས་ཤིང་མངོན་པར་མ་གྲུབ་པའོ།། བྱང་ཆུབ་ནི་ས་ཡང་མ་ཡིན་ཞིང་། བྱང་ཆུབ་ལ་སེམས་ཅན་ནམ། ་སེམས་ཅན་དུ་གདགས་པ་གང་ཡང་མེད་དོ།། གང་ལ་སེམས་ཅན་ནམ། སེམས་ཅན་དུ་གདགས་པ་མེད་པ་དེ་ལ། འདི་ནི་བྱང་ཆུབ་སེམས་དཔའ་འདི་ནི་བྱང་ཆུབ་སེམས་དཔའི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཇི་ལྟར་བརྗོད། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་ཀྱང་མེད། བྱང་ཆུབ་ལ་སེམས་ཅན་ཡང་མེད་དེ། བྱང་ཆུབ་འདི་ནི་ཤིན་དུ ་བདས་པའོ།། བྱང་ཆུབ་འདི་ནི་མ་སྐྱེས་པའོ།། བྱང་ཆུབ་འདི་ནི་མངོན་པར་མ་གྲུབ་པའོ།། བྱང་ཆུབ་འདི་ནི་མཚན་ཉིད་མེད་པ་སྟེ། འདི་ལ་སེམས་ཅན་མེད་ཅིང་མི་དམིགས་སོ།། ། ་བྱང་ཆུབ་ནི་སེམས་ཅན་གྱིས་གདགས་པ་མ་ཡིན་གྱི། སེམས་ཅན་མེད་པར་ཁོང་དུ་ཆུད་པ་ནི་བྱང་ཆུབ་ཅེས་བྱའོ།། བྱང་ཆུབ་ནི་སེམས་ཅན་མ་ཡིན་པར་གང་གིས་ཤེས་པ་དེ ་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་འདུ་ཤེས་ཀྱིས་བསྐྱེད་པ་པ་ཡིན་གྱིས། ་སེམས་ཅན་གྱི་འདུ་ཤེས་རྣམ་པར་འཇིག་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ན ་བརྗོད་པར་བྱ་བ་མ་ཡིན་ཞིང་། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་རང་བཞིན་དང་བྲལ་བའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་དུ་འདུ་ཤེས་པ་དང་བྲལ་བ ་སྟེ། གང་གིས་ཀྱང་བྱང་ཆུབ་དེ་ལྟར་ཤེས་པ་དེ་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། བྱང་ཆུབ་ནི་འདི་ལྟ་བུར་ཤེས་ཞེ་ན། བྱང་ཆུབ་འདི་ནི་ཤིན་ཏུ་འདས་པའོ།། བྱང་ཆུབ་འདི ་ནི་བྱ་བ་མ་ཡིན་པའོ།། བྱང་ཆུབ་འདི་ནི་སྐྱེ་བ་མེད་པ། འགག་པ་མེད་པའོ་བྱང་ཆུབ་ནི་བྱང་ཆུབ་ཀྱིས་ཤེས་པར་མི་བྱེད། བྱང་ཆུབ་ནི་རྣམ་པར་ཤེས་པར་བྱ་བ་མི་ཡིན།། ་རྣམ་པར་རེག་པར་བྱ་བ་མ་ཡིན། གདག་པར་བྱ་བ་མ་ཡིན་ཏེ། མངོན་པར་མ་གྲུབ་པ་ནི་བྱང་ཆུབ་ཅེས་བྱའོ།། རྣམ་པར་མི་རྟོག་པ་དང་། རྟོག་པ་བཅད་པའི་ཕྱིར། གང ་གིས་ཁོང་དུ་ཆུད་པ་དག་རབ་ཏུ་རྟོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མེད་པའི་ཕྱིར།། ་གལ་ཏེ་བྱང་ཆུབ་སེམས་དཔའ་ཡང་དག་པར་དམིགས་ན་ནི། འདི་ནི་སེམས་ཅན་ཞེས་བྱང་ཆུབ་དེའང་རྙེད་པར་འགྱུར་རོ།། སེམས་ཅན་མེད་པ ་དང་། སེམས་ཅན་མ་ཡིན་པ་དང་།། སེམས་ཅན་དང་བྲལ་བར་ཁོང་དུ་ཆུད་པ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱའོ།། སེམས་ཅན་མེད་པ་དང་། སེམས་ཅན་དུ་འདུ་ཤེས ་རྣམ་པར་བཤིགས་པས། བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་ཁམས་ཞེས་བྱ་བ་དེ་ནི་སེམས་ཅན་མེད་པའི་ཚིག་བླ་དགས་སོ།། སམ ་ཅན་གྱི་ཁམས་མེད་པའི་ཕྱིར་སེམས་ཅན་ལ་སེམས་ཅན་མེད་དེ། གལ་ཏེ་སེམས་ཅན་ཡོད་ན་ནི་སེམས་ཅན་གྱི་ཁམས་ཞེས་མི་བྱའོ།། སེམས་ཅན་གྱི་ཁམས་ཞེས ་བྱ་བ་དེ་ནི་ཁམས་མེད་པར་བསྟན་ཏེ། ཁམས་མེད་པ་དེ་ནི་སེམས་ཅན་གྱི་ཁམས་སོ།། གལ་ཏེ་སེམས་ཅན་གྱི་ཁམས་སེམས་ཅན་གྱི་ཁམས་སུ་གྱུར་ན་ནི། སྲོག་དེ་ལུས ་དེ་ཡིན་པར་འགྱུར་རོ།། ཅི་སྟེ་སེམས་ཅན་གྱི་ཁམས་ལས་རྣམ་པར་གྲོལ་བ་ཁམས་གསུམ་དུ་གྱུར་ན་ནི། སྲོག་ཀྱང་གཞན་ལུས་ཀྱང་གཞན་དུ་འགྱུར་རོ།། ཁམས་མེད་པ ་ནི་སེམས་ཅན་གྱི་ཁམས་ཏེ། བརྡས་ཐ་སྙད་གདགས་པའི་ཚིག་ཏུ་འགྲོའོ།། སེམས་ཅན་གྱི་ཁམས་ལ་ཁམས་མེད་དེ། ཁམས་མ་གཏོགས་པར་སེམས་ཅན་གྱི་ཁམ ་མེད་དོ།། ཆོས་ཐམས་ཅད་ནི་ཁམས་མེད་སྟེ། དེས་དེ་ལས་དགོངས་ནས་སེམས་ཅན་གྱི་ཁམས་ནི་གང་བ་འམ་བྲི་བར་ཡང་མི་མངོན་ནོ་ཞེས་པཤ་དོ།། དེ་ཅིའི་ཕྱིར ་ཞེ་ན། སེམས་ཅན་གྱི་ཁམས་རབ་ཏུ་དབེན་པའི་ཕྱིར་སེམས་ཅན་གྱི་ཁམས་ནི་སེམས་ཅན་མ་ཡིན་ནོ།། ཇི་ལྟར་སེམས་ཅན་གྱི་ཁམས་བྲི་བ་དང་། གང་བར་མི་མངོན་པ ་དྲི་བཞིན་དུ་ཆོས་ཐམས་ཅད་ཀྱང་བྲི་བ་འམ་གང་བར་མི་མངོན་ནོ།། གང་དག་བྲི་བ་གླང་བར་འགྱུར་བར་ཆོས་ཐམས་ཅད་ལ་ཡོངསུ་གྲུབ་པ་གང་ཡང་མེད། གང་གཱ ་དེ་ལྟར་ཆོས་ཐམས་ཅད་ཁོང་དུ་ཆུད་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཁོངསུ་ཆུད་པ་ཞེས་བྱ་སྟེ། ངས་འདི་ལ་དགོངས་ནས་ཇི་ལྟར་སེམས་ཅན་གྱི་ཁམས་བྲི་བ་འམ། གང ་བར་མི་མངོན་པ་དེ་བཞིན་དུ། ཆོས་ཐམས་ཅད་བྲི་བའམ་གང་བར་མི་མངོན་ནོ་ཞེས་བཤདདོ།། གང་ཡང་ཡོངས་སུ་མ་གྲུབ་པའི་ཚུལ་གྱིས་ཆོས་ཐམས་ཅད་བྲི་བ་མ་ཡིན། ་གང་བ་མ་ཡིན་པ་དེས་སངས་རྒྱས་ཀྱི་ཆོས་ཀྱང་བྲི་བ་མ་ཡིན་གང་བ་མ་ཡིན་ནོ།། དེ་ལྟར་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་བྲི་བ་མེད་ཅིང་ག ་བ་མེད་པའོ།། ཆོས་ཐམས་ཅད་བྲི་བ་མེད་ཅིང་གང་བ་མེད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཞེས་བྱ་བ་དེ་ནི་སངས་རྒྱས་ཀྱི་ཆོས་ཀྱི་ཚིག་བླ་དགས་མ་ཡིན་ནོ།། སངས་རྒྱས ་ཆོས་ནི་གང་གིས་ཀྱང་བྲི་བ་འམ། གང་བར་བྱ་བ་རིམ་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་ཕྱིར་ཏེ། ་གང་ཆོས་ཐམས་ཅད་ཁོང་དུ་ཆུད་པ་དེ་ལ་བྲི་བ་འམ། གང་བའི་ཆོས་ཅི་ཡང་མེད་དོ།། ཆོས་ཐམས་ཅད་མེད་ཅེས་བྱ་བ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དགས་ཏེ། ཆོས་ཀྱི་དབྱེད ་ལ་ནི་བྲི་བ་འམ་གང་བ་མེད་པའོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ནི་མཐའ་ཡས་པའི་ཕྱིར་རོ།། སེམས་ཅན་གྱི་ཁམས་དང་། ཆོས་ཀྱི་དབྱིངས་ན་ཐ་དད་དུ་མི་དམིག་སོ།། ་སེམས་ཅན་གྱི་ཁམས་དང་། ཆོས་ཀྱི་དབྱིངས་ལ་བྲི་བ་འམ། གང་བར་དམིགས་པའམ། ཡོད་པ་མ་ཡིན་ཏེ། གང་གིས་དེ་ལྟར་ཁོང་དུ་ཆུད་པ་དེ་ནི་བྱང་ཆུབ་ཅེས་བྱའོ།། ་དེའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་བྲི་བ་འམ། གང་བ་རིམ་མངོན་ཞེས་བྱའོ།། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྲི་བ་མེད་ཅིང་གང་བ་མེད་པ་ཞེས་བྱ་བ་ཇི་སྐད་དུ་སྨྲ་བ ་དེ་ནི་རྟག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཐོབ་པའི་ཚིག་བླ་དགས་སོ།། དེ་ལ་ནི་ཅི་ཡང་གསལ་བ་འམ་གཞན་པར་མི་ནུས་ཏེ། གང་དེ་ལྟར་ཁོང་དུ་ཆུད་པ་དེ་ནི་བྱང་ཆུབ་ཅེས་བྱའོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་ཅེས་བྱ་བ་དེ་ནི་སངས་རྒྱས་ཀྱི་མཚན་ཉིད་དོ།། སངས་རྒྱས་ཀྱི་མཚན་ཉིད་ཇི་ལྟ་བུ་ཞེ་ན། ཆོས་ཐམས་ཅད་ཀྱི་མཚན་ཉིད ་མེད་པ་དེ་ནི་སངས་རྒྱས་ཀྱི་མཚན་ཉིད་དོ།། བྱང་ཆུབ་ནི་མཚན་ཉིད་མེད་པ་སྟེ། མཚན་ཉིད་ཀྱི་རང་བཞིན་ལས་བཟློག་པའོ།། གང་དེ་ལྟར་ཁོང་དུ་ཆུད་པ་དེ་ནི་བྱང་ཆུབ་ཅེས་བྱ ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ནི་ཆོས་ཐམས་ཅད་རྗེ་སུ་རྟོགས་པས་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། རབ ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་ལ་ལ་ཞིག་ཆོས་འདི་རབ་ཏུ་མི་ཤེས་ཁོང་དུ་ཆུད་པར་བདག་བྱང་ཆུབ་སེམས་དཔའ་ཞེས་ཁས་ཆེས་ན། དེ་ནི་བྱང་ཆུབ་སེམས་དཔའི ་ས་ལ་ས་རིང་ངོ་།། དེ་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལ་ས་རིང་ངོ་།། དེ་ནི་བྱང་ཆུབ་སེམས་དཔའི་མིང་གིས།། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན ་ལ་སླའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གལ་ཏེ་ཚིག་ཙམ་གྱིས་བྱང་ཆུབ་སེམས་དཔར་འགྱུར་ན་ནི། དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་སེམས ་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ས་ཞེས་བྱ་བ་དེ་ནི་ཚིག་གི་ལས་ཙམ་མ་ཡིན་ནོ།། ཚིག་གིས་བླ་ན་མེད་པ་ཡང ་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱ་བར་མི་ནུས་སོ།། ཚིག་གི་ལས་ཀྱིས་བྱང་ཆུབ་དང་།། བྱང་ཆུབ་སེམས་དཔའི་ཆོས་རྣམས་ཐོབ་པར་མི་འགྱུར་རོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། སེམས་ཅན་ཐམས་ཅད་ནི་བྱང་ཆུབ་ལ་སྤྱོད་མོད་ཀྱི། མི་ཤེས་ཤིང་ཁོང་དུ་མ་ཆུད་དེ། དེའི ་ཕྱིར་དེ་དག་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་སེམས་ཅན་མེད་པར་མི་ཤེས་པའི་ཕྱིར་རོ།། གལ་ཏེ་དེ་ལྟར་ཤེས་ནི་བདག་གི་སྤྱོད་པ ་དག་གིས་བྱང་ཆུབ་སེམས་དཔའ་དག་ཏུ་འགྱུར་བའི་རིགས་སོ།། སེམས་ཅན་ཐམས་ཅད་བྱིན་ཅི་ལོག་པས་རང་གིས་སྤྱོད་པ་དང་། རང་གི་ཡུལ་དང་། རང་གི་སྤྱོད་ཡུལ་དུ ་མི་ཤེས་སོ།། གལ་ཏེ་རང་གི་སྤྱོད་ཡུལ་པ་རབ་ཏུ་ཤེས་ནི་ན་དེ་དག་སླར་ཡང་གང་ལ་ཡང་རྣམ་པར་རྟོག་ཅིང་སྤྱོད་པར་མི་འགྱུར་རོ།། རྣམ་པར་རྟོག་པ་དང་སྤྱོད་པ་དེ་དག་གིས ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཡང་དག་པར་མ་ཡིན་པ་ལ་དམིགས་ཤིང་སྤྱོད་ཀྱང་། དེ་དག་བྱང་ཆུབ་ལ་དམིགས་པ་སྙམ་དུ་རློམ་སེམས་སུ་བྱེད་དེ། དམིགས་པ་ལ་སྤྱོད་ཅིང ་རྟོག་པ་ལ་སྤོད་པ་དེ་དག་ལ་བྱང་ཆུབ་ག་ལ་ཡོད།། བྱང་ཆུབ་སེམས་དཔའི་ཆོས་རྣམས་ག་ལ་ཡོད། གང་གིས་ཆོས་དེ་ལྟ་བུར་རབ་ཏུ་ཤེས་པ་དེ་དག་སླར་ཡང་དག་པ་མོ་ཡིན ་པའི་དམིགས་པ་ལ་མི་སྤྱོད་ཅིང་། དེ་དག་ནི་ཕྱིར་ཆོས་གང་ཡང་རློམ་སེམསུ་མི་བྱེད་དོ།། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས ་དཔའ་ནི་རྟོག་པ་དང་། རྣམ་པར་མི་རྟོག་པ་ལ་མི་སྤྱོད་དོ།། གང་ལ་རྟོག་པ་མེད་པ་དེ་ལ་སྤྱོད་པ་ཡང་མེད་དོ།། གང་ལ་རྣམ་པར་རྟོག་པ་མེད་པ་དེ་ལ་སྤྱོད་པའི་དོན་གང་ཡང ་མེད་དོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོད་པ་ཐམས་ཅད་ནི་རྣམ་པར་མི་རྟོག་པར་སྤྱོད་ཅིང་། ཐམས་ཅད་རློམ་སེམས་མེད་པ་ལ་དམིགས་པ་དང་བཅས་པ ་མ་ཡིན་པ་སྟེ། ཆོས་ཐམས་ཅད་དེ་ལྟར་རབ་ཏུ་ཤེས་པ་དེ་ནི་ཕྱིར་དམིགས་པ་ལའམ། རྣམ་པར་རྟོགས་པ་ལ་སྤྱོད་པ་འམ། རྣམ་པར་སྤྱོད་པ་མེད་དེ། དེ་ནི་སྤྲོད་པ་མེད་པའི ་ཚུལ་གྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་ལ ་སྤྲོད་པ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་དེ་ལྟར་ཆོས་ཁོང་དུ་ཆུད་ཅིང་རབ་ཏུ་རྟོགས་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེས་སེམས་ཅན་དུ ་འདུ་ཤེས་བསྩལ་བས་སེམས་ཅན་མེད་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའི་ཚིག་བླ་དགས་སོ།། དེ་ཅིའི་ཕྱིར་ཞེ་ན། དེས་སེམས་ཅན་ཐམས་ཅད་ཡང་དག་པ་མ་ཡིན ་བ་དང་། སེམས་ཅན་ཐམས་ཅད་སེམས་ཅན་མ་ཡིན་པ་དང་། སེམས་ཅན་ཐམས་ཅད་ནི་བྱིན་ཅི་ལོག་གི་སེམས་ཅན་དང་། སེམས་ཅན་ཐམས་ཅད་ནི་ཡོངསུ་བརྟགས་པས།། ་། སེམས་ཅན་ནི་ཡོད་པ་མ་ཡིན་པ་ལ་དམིགས་པས་སེམས་ཅན་དང་། སེམས་ཅན་ཐམས་ཅད་ནི་རང་གི་སྤྱོད་པ་རྣམ་པར་མ་རུང་བར ་བྱས་པས་སེམས་ཅན་དང་། སེམས་ཅན་ཐམས་ཅད་ནི་མ་རིག་པ་འདུ་བྱེད་པས་སེམས་ཅན་ནོ་ཞེས་ཤེས་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ནི་ཆོས་པ ་དག་མེད་པའི་ཆོས་དེ་དག་མངོན་པར་འདུ་བྱེད་པས། དེའི་ཕྱིར་སེམས་ཅན་ཐམས་ཅད་ནི་མ་རིག་པ་འདུ་བྱེད་པས་སེམས་ཅན་ཞེས་བྱའོ།། ཆོས་མེད་པ་གང་ཞེ་ན། ང་ཞེ་འམ།། ་ངའི་ཞེ་བ་མ། ངའོ་ཞེས་བྱ་བའི་ཆོས་གང་ཡང་མེད་པའོ།། གལ་ཏེ་ཆོས་འགའ་ཞིག་ཞེ་ངམ། ངའི་ཞེ་འམ། ངའོ་ཞེས་བྱ་བར་གྱུར་ན། དེའི་ཕྱིར་སེམས་ཅན་ཐམས ་ཅད་ཡང་དག་པར་འགྱུར་བ་ཞིག་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟར་ཞེནམ། དེའི་ཞེ་འམ། ངའོ་ཞེས་བྱ་བའི་ཆོས་གང་ཡང་མེད་པས།། ་དེའི་ཕྱིར་སེམས་ཅན་ནི་ཡང་དག་པ་སྟེ། སེམས་ཅན་ཐམས་ཅད་ནི་མ་རིག་པ་འདུ་བྱེད་པས་སེམས་ཅན་ཐམས་ཅད་ཅེས་བྱའོ།། ། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་ལང་ཞེའམ། དེ་ཞེ་འམ། ངའོ་ཞེ་བྱ་བའི་སེམས་ཅན་ཞེས་བྱ་བའི་ཆོས་གང་ཡང་མེད་དེ། ་གང་ཕྱིར་མེད་པ་དེའི་ཕྱིར་སེམས་ཅན་ནི་ཡང་དག་པ་མ་ཡིན་པ་ཞེས་བྱའོ།། ། ཡང་དག་པ་མ་ཡིན་པ་ཞེས་བྱ་བ་དེ་ནི་སེམས་ཅན་མེད་པའི་ཚིག་བླ་དགས་སོ།། ་ཇི་ལྟར་སེམས་ཅན་དུ་འདུ་ཤེས་པ་ཡང་དག་པ་མ་ཡིན་པ་ལ་མངོན་པར་ཞེན་པ་དེ་ལྟར་སེམས་ཅན་རྣམས་ཡང་དག་པ་མ་ཡིན་པ་ཞེས་བྱའོ།། རབ་ཀྱི་རྩལ ་གྱི་རྣམ་པར་གནོན་པོ།། ཡང་དག་པ་མིན་པ་ཞེས་བྱ་བ་དེ་ལ་ནི་ཡང་དག་པ་ཅི་ཡང་མེད་ཅིང་མ་བྱུང་བའོ།། ཆོས་ཐམས་ཅད་ཀྱང་ཡང་དག་པ་མ ་བྱུང་བའོ།། ། དེ་ལ་སེམས་ཅན་ཡང་དག་པ་མ་ཡིན་པ་ལ་ལྷག་པར་ཆགས་པ་དེ་ནི་རྣམ་པར་འཆང་བ་སྟེ།། དེའི་ཕྱིར་ཡང་དག་པ་མ་ཡིན་པ་ལ ་དམིགས་པ་ནི་སེམས་ཅན་ཞེས་བྱའོ།། །། དེ་དག་ནི་སྤྱོད་པ་གང་ཁོང་དུ་ཆུད་པས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་རང་གི་སྤྱོད་པ་དེ་མི་ཤེས་ཏེ།། ་ཡོངས་སུ་རྟོགས་པས།། སེམས་ཅན་ནི་ཡང་དག་པ་མ་ཡིན་པ་ཞེས་བྱའོ།། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་དེ་ལྟར་ཁྱོད་དུ ་ཆུད་པ་དོན་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ནི་གང་གི་ཆོས་ཐམས་ཅད་ཁྱོད་དུ་ཆུད་ཅིང་ཤེས་ལ། ་སེམས་ཅན་རྗེས་སུ་རྟོགས་པའི་ཚིག་བླ་དགས་སོ།། ཇི་ལྟར་ཤེས་ཞེས། ཡང་དག་པ་མ་ཡིན་པ་དང་། མ་བྱུང་བ་དང་། ་ཕྱིན་ཅི་ལོག་མ་ཡིན་པར་རོ།། ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་དག་གིས་བརྟོགས་དེ་དག་ནི་དེ་བཞིན་དུ་མ་ཡིན་ནོ།། ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་དག་གིས་རྙེད་པ་དེ ་དག་དེ་བཞིན་དུ་མ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་མ་བརྟགས། རྣམ་པར་མ་བརྟགས་ཤིང་།། ་བྱང་ཆུབ་ནི་རྣམ་པར་མ་གྲུབ་ལ། མི་དམིགས་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་གཤེགས་པས་ནི་བྱང་ཆུབ་མ་བརྙེས་སོ།། ཆོས ་ཐམས་ཅད་མེ་བ་རྙེད་ཅིང་། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་བྱང་ཆུབ་ཅེས་བྱའོ།། དེ་ལྟ་བུ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཅེས་བྱ་སྟེ།། ཇི་སྐད་དུ ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་དག་བྱང་ཆུབ་ཀྱི་ཕྱིར་སེམས་འདི་བསྐྱེད་པར་བྱའོ།། ཞེས་སེམས་བསྐྱེད་པ ་དང་། གང་དུ་བདག་གི་སེམས་བསྐྱེད་པར་བྱ་བའི་བྱང་ཆུབ་དེ་ཡོད་དོ་ཞེས་བྱང་ཆུབ་རློམས་སེམས་སུ་བྱེད་པ་དེ་དག་ན་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་སྟེ། ་དེ་དག་ནི་སེམས་ཅན་སྐྱེས་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་སྐྱེ་བར་མངོན་པར་ཞེན་ཅིང་། སེམས་སུ་མངོན་པར་ཞེན་ནས། བྱང་ཆུབ ་ལ་མངོན་པར་ཞེན་པའི་ཕྱིར་རོ།། གང་དག་བྱང་ཆུབ་ཀྱི་ཕྱིར་སེམས་བསྐྱེད་པ་དེ་དག་ནི་བྱང་ཆུབ་ཀྱི་སེམས་ལ་མངོན་པར་ཞེན་པ་ཞེས་བྱའོ།། གང་གི་ཕྱིར་མངོན ་པར་འདུ་བྱེད་པ་དེའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་བས་ན་མངོན་པར་འདུ་བྱེད་པ་ན་སེམས་ཅན་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ་དེ་དག་ན་སེམས་ཅན་སྐྱེས་པ་ཞེས་བྱ་བའི་ཕྱིར་རོ།། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་ནི་མ་སྐྱེས་ཤིང་བསམ་དུ་མེད་པས། བྱང་ཆུབ་ཀྱི་ཕྱིར་སེམས ་བསྐྱེད་པར་མི་ནུས་སོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་དག་སྐྱེ་བ་ཉིད་ལ་མངོན་པར་ཞེན་ཀྱང་། དེ་དག་སྐྱེ་བར་རབ་ཏུ་མི་ཤེས་སོ།། རབ་ཀྱི་རྩལ་གྱིས་རྣམ ་པར་གནོན་པ། སྐྱེ་བ་མཉམ་པ་ཉིད་གང་ག་ཡིན་པ་དེ་ནི་ཡང་དག་པ་ཉིད་དོ།། སེམས་ཅན་མཉམ་པ་ཉིད་གང་ཡིན་པ་དང་། ཡང་དག་པ་ཉིད་གང་ཡིན་པ་དང་། མཉམ ་པ་ཉིད་གང་ཡིན་པ་དང་། ཡང་དག་པ་ཉིད་དེ་ནི་བྱང་ཆུབ་སྟེ། གང་ན་ཡང་དག་པ་ཇི་ལྟ་བ་ཉིད་ཡོད་པ་དེ་རྣམ་པར་རྟོག་པ་གང་ཡང་མེད་ན། དེ་དག་ནི་སེམས་དང་བྱང་ཆུབ ་ལ་རྣམ་པར་བརྟགས་ཏེ། གཉིས་སུ་མེད་པ་མངོན་པར་ཞེན་ནས་བྱང་ཆུབ་ཀྱི་ཕྱིར་སེམས་བསྐྱེད་དོ།། རབ་ཀྱི་རྩལ་གྱིས་རྣམ ་པར་གནོན་པ།། སེམས་ཅན་གཞན་མ་ཡིན། བྱང་ཆུབ་ཀྱང་གཞན་མ་ཡིན། སེམས་ཅན་ལ་ཡང་བྱང་ཆུབ་མེད། བྱང་ཆུབ་ལ་ཡང་སེམས་མེད་དེ། བྱང་ཆུབ ་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དེ་དག་ནི་ཡང་དག་པར་ཇི་ལྟ་བ་ཉིད་དང་། ཇི་ལྟ་བ་བཞིན་ནོ།། དེ་ལ་ནི་བྱང་ཆུབ་ཀྱང་མེད། སེམས་ཀྱང་མེད་དེ། གང་གིས ་སེམས་ཉིད་དང་། བྱང་ཆུབ་དང་། སྐྱེ་བ་དང་། མི་སྐྱེ་བ་ཡང་མི་དམིགས་པ་དེ་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། ཡང་དག་པ་ཇི་བ་བཞིན་གྱི་སེམས་དཔའ་ཞེས་བྱའོ།། སེམ ་རབ་དཔའ་ཆེན་པོ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་ཡང་དག་པ་མ་ཡིན་པ་གང་བླ་དེ་ཤེས་པའི་ཕྱིར་རོ།། ཡང་དག་པ་མ་ཡིན་པ་གང་ཞེ་ན། འཇིག་རྟེན་ཐམས་ཅད་ནི་ཡང་དག ་མ་ཡིན་པ་སྟེ། ཡང་དག་པ་མ་ཡིན་པར་རྟོགས་སོ།། ཀྱེ་མ་འཇིག་རྟེན་གནས་པའི་འདི་ནི་ཡང་དག་པ་མ་ཡིན་པའོ།། མ་བྱུང་བའོ།། དེ་ཅིའི་ཕྱིར་ཞེ་ན། ཡང་དག་པ ་མ་ཡིན་པ་མི་འབྱུང་བ་ཞེས་བྱ་ཞེ་ན། ཡང་དག་པ་མ་ཡིན་པ་ལ་འབྱུང་བ་གང་ཡང་མེད་དེ། ཡང་དག་པ་མ་ཡིན་པ་ནི་མི་འབྱུང་བའོ།། དེའི་ཕྱིར་ཆོས་ཐམས་ཅད་ནི་ངོ་བོ ་ཉིད་ཀྱིས་མེད་པ། ཡང་དག་པ་མ་ཡིན་པ་ཞེས་བྱའོ།། གང་གིས་དེ་ལྟར་ཤེས་པ་དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་སེམས་ཅན་ཞེས་བྱའོ།། ཡང་དག་པ་ལ་ཡང་དག ་བ་ཞེས་མངོན་པར་མི་ཞེན་པས། དེའི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་གྱི་སེམས་ཅན་ཞེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་མ་ཡིན་ནོ།། དེ་ཅིའི་ཕྱི་ཞེ་ན། ཡང་དག ་པ་ཇི་ལྟ་བ་བཞིན་མ་ཡིན་པ་ལ་སེམས་ཅན་ནམ། སེམས་ཅན་ཆེན་པོ་ཞེས་བྱ་བ་གང་མེད་པའི་ཕྱིར་རོ།། གང་གིས་ཐེག་པ་ཆེན་པོ་ཁོང་དུ་ཆུད་པ་དེ་སེམས་ཅན་ཆེན་པོ་ཞེས ་བྱའོ།། ཐེག་པ་ཆེན་པོ་གང་ཞེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཐེག་པ་ཆེན་པོའོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ཞེ་ན། གང་ཅི་ཡང་རུང་སྟེ་འདུས་ཤེས ་བ་དང་། འདུས་མ་བྱས་ཤེས་པ་དང་། འཇིག་རྟེན་པ་ཤེས་པ་དང་། འཇིག་རྟེན་ལས་འདས་པ་ཤེས་པ་དང་། སེམས་ཅན་ཆེན་པོ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ་དེ་སེམས་ཅན་དུ་འདུ་ཤེས་པ་ཆེན་པོ་མེད་པས། དེའི་ཕྱིར་སེམས་ཅན་ཆེན་པོ་ཞེས་བྱའོ།། ། དེ་ལ་མི་རིག་པའི་ཕུང་པོ་མེད་པས། དེའི་ཕྱིར་སེམས་ཅན་ཆེན་པོ་ཞེས་བྱའོ།། ་དེ་ལ་འདུ་བྱེད་ཀྱི་ཕུང་པོ་མེད་པས། དེའི་ཕྱིར་སེམས་ཅན་ཆེན་པོ་ཞེས་བྱའོ།། དེ་ལ་མི་ཤེས་པའི་ཕུང་པོ་མེད་པས། དེའི་ཕྱིར་སེམས་ཅན་ཆེན་པོ་ཞེས་བྱའོ།། དེ་ལ་སྡུག་བསྔལ ་གྱི་ཕུང་པོ་ཆེན་པོ་མེད་པས། དེའི་ཕྱིར་སེམས་ཅན་ཆེན་པོ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་དག་སེམས་ཅན ་ཆེན་པོའི་འདུ་ཤེས་ལ་འང་སྨོད་ལ། སེམས་ཀྱང་མི་དམིགས། སེམས་ལས་བྱུང་བའི་ཆོས་དང་། སེམས་ཀྱི་རང་བཞིན་ཡང་རབ་ཏུ་མི་ཤེས། བྱང་ཆུབ་ཀྱང་མི་དམིགས། ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། བྱང་ཆུབ་ཀྱི་རང་བཞིན་ཡང་རབ་ཏེ་མི་ཤེས་ཏེ། དེ་དག་མི་ཤེས་པའི་སེམས་ཀྱིས་བྱང་ཆུབ་ཀྱང་མི་མཐོང་། བྱང་ཆུབ་མ་གཏོགས་པར ་སེམས་ཀྱང་མི་མཐོང་། སེམས་ལ་བྱང་ཆུབ་མི་མཐོང་སྟེ། གང་དེ་ལྟར་རྣམ་པར་འཇིག་པ་དེ་ནི་བསྒོམ་པ་ཡང་མེད། རྣམ་པར་འཇིག་པ་ཡང་མེད་དེ། རྣམ་པར་འཇིག་པ་དེ་ཡང ་མི་དམིགས་ཤིང་། རློམ་སེམས་སུ་མི་བྱེད་ལ། མངོན་པར་ཞེན་པ་མེད་པར་དེ་དག་བྱང་ཆུབ་ཏ་སེམས་བསྐྱེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་དེ་ལྟར་བྱང་ཆུབ ་ཏུ་སེམས་བསྐྱེད་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡང་དག་པ་ཞེས་བྱ་སྟེ། དེ་དག་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ།། དེ་ཅིའི་ཕྱིར་ཞེ་ན། གང་འདི་ལྟར་བྱང་ཆུབ་དང་། སེམས ་དང་། སྐྱེ་བ་དག་འགོག་པ་ཐ་དད་པར་ཡང་དག་པར་རྗེས་སུ་མཐོང་བ་དེ་དག་བྱང་ཆུབ་ཉིད་ལ་གནས་པ་སྟེ། འདི་ནི་ཡང་དག་པར་རྗེས་སུ་མི་མཐོང་། གང་ལ་ཡང་མངོན་པར་མི་ཞེན། ་གང་ལ་ཡང་རྣམ་པར་རྟོག་པར་མི་འགྱུར་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་དག་དེ་ལྟར་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བར་སེམས་མི་བསྐྱེད་པ་དེ་དག་ནི་བྱང་ཆུབ ་སེམས་དཔའ་ཡང་དག་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། སེམས་ཅན་དུ་འདུ་ཤེས་པ་དང་། བྱང་ཆུབ་ཏུ་འདུ་ཤེས་པས་བྱང་ཆུབ་ཀྱི་ཕྱིར་སེམས་བསྐྱེད་ན་དེ ་དག་ནི་བྱང་ཆུབ་ལས་རིང་སྟེ། དེ་ནི་བྱང་ཆུབ་དང་ཉེ་བ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་དག་བྱང་ཆུབ་ལས་རིང་བ་རེ་རིམ། ཉེ་བར་ཡང་དག་པར་རྗེས་སུ་མི་མཐོང ་བ་དག་བྱང་ཆུབ་དང་ཉེ་བ་སྟེ། དེ་ནི་བྱང་ཆུབ་ཀྱི་ཕྱིར་སེམས་བསྐྱེད་པའོ།། རབ་ཀྱི་རྩལ་གྱིས་རྣམས་པར་གནོན་པ། ངས་དེ་ལ་དགོངས་ནས་གང་བདག་གཉིས་སུ་མེད་པར་ཤེས་པ་དེ་ནི ་སངས་རྒྱས་དང་། ཆོས་ཀྱང་རབ་ཏུ་ཤེས་སོ་ཞེས་བཤད་དོ།། དེ་ཅིའི་ཕྱིར་ཞེ་ན། གཉིས་སུ་མེད་པ་ཡོངས་སུ་ཤེས་པས་ཆོས་ཐམས་ཅད་ཡོངས་སུ་ཤེས་ཏེ། དེ་ཆོས་ཐམས་ཅད ་ཀྱི་བདག་གི་ངོ་བོ་ཉིད་བསྒོམ་པའི་ཕྱིར་རོ།། གང་གཉིས་སུ་མེད་པའི་ཆོས་ཤེས་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཤེས་པ་སྟེ། ཆོས་གཉིས་སུ་མེད་པར་ཡོངས་སུ་ཤེས་པས། སངས ་རྒྱས་ཀྱི་ཆོས་ཡོངས་སུ་ཤེས་སོ།། བདག་ཡོངས་སུ་ཤེས་པས་ཁམས་གསུམ་ཐམས་ཅད་ཡོངས་སུ་ཤེས་སོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བདག་ཡོངས ་སུ་ཤེས་པ་ཞེས་བྱ་བ་དེ་ནི་ཆོས་ཐམས་ཅད་ཀྱི་ཕ་རོལ་གང་ཞེ་ན། གང་ཕ་རོལ་ཉིད་ཀྱང་མི་དམིགས། ཕ་རོལ་ཏུ་རློམ་སེམས་མི་བྱེད། ་ཕ་རོལ་ལ་མངོན་པར་མི་ཞེན་པ་དེ་ནི་ཡོངས་སུ་ཤེས་པས་ཕ་རོལ་སོར་བ་ཞེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར ་ན་འདི་ནི་བྱང་ཆུབ་སེམས་དཔའི་ས་ཡིན་པར་རེག་པར་བྱའོ།། གང་ལ་ཤེས་པར་བྱ་བ་དང་། རྟོགས་པར་བྱ་བ་ཕྲ་རབ་ཙམ་ཡང་མེད་པ་དེ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་སྟེ། དེ་ལ་ནི་འོང་བའམ་འགྲོ་བ་མི་འདོན་ནོ།། གླེང་བཞིའི་ལེའུ་སྟེ་དང་པོའོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་ང་རྒྱལ་ཅན་མཚན་པ་ལ་སྤྱོད་པ་རྣམས་བསྟན་པ་འདི་ལ་སྐྲག་པར་འགྱུར་ལགས་སོ།། དེ་ནས་ཚེ་དང་ལྡན་པ་ཤར་དྭ་ཏིའི་བུས། ཚེ་དང་ལྡན་པ་ཀུན ་དགའ་བོ་ལ་འདི་སྐད་ཅེས་སྨྲསོ།། ཚེ་དང་ལྡན་པ་ཀུན་དགའ་བོ་འདི་ནི་ང་རྒྱལ་ཅན་རྣམས་ཀྱི་ཡུལ་མ་ཡིན། རྟོགས་པ་ཅན་མ་ཡིན་པ་དེ་དག་འདི་ལ་སྐྲག་པར་འགྱུར་རོ།། དོ་ཅོའི་ཕྱིར ་ཞེ་ན། གང་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་དེ་དག་ནི་ལྷ་སྐྲག་པར་གྱུར་དུ་ཟིན་པས། འདི་ནི་དེ་དག་གི་ཡུལ་ཡིན་ཞིང་རྟོགས་སོ།། ཚེ་དང་ལྡན་པ་ཀུན་དགའ་བོ་གང་དགང ་རྒྱབ་སྤོང་བའི་ཕྱིར་ནུས་ཤིང་། ང་རྒྱལ་སྤོང་བའི་ཕྱིར་བརྩོན་པ་དེ་དག་ནི་སྐྲག་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ང་རྒྱལ་དུ་ཡོངས་སུ་ཤེས་པས་ང་རྒྱལ་མེད་པ་ཚོལ་ཞིང་ང་རྒྱལ་སྤོང ་པ་ཚོལ་བའི་ཕྱིར་རོ།། ཚེ་དང་ལྡན་པ་ཀ་ན་དགའ་བོ་གང་དག་ང་རྒྱལ་མི་དམིགས་ཤིང་། ཡང་དག་པར་མི་མཐོང་ལ་རློམ་སེམསུ་མི་བྱེད་ཅིང་། མངོན་པར་མི་ཞེན་པ་དེ་དག་ནི་གང་ལ་ཡང་མི་སྐྲག ་མི་དངང་། གང་ལ་ཡང་དངང་བར་མི་འགྱུར་རོ།། ཚེ་དང་ལྡན་པ་ཀུན་དགའ་བོ་ང་རྒྱལ་ཅན་རྣམས་ཀྱི་ཕྱིར་ཆོས་ཆོས་བསྟན་པ་འདི་ནུས་པ་མ་ཡིན་ནོ།། ཚེ་དང་ལྡན་པ་ཀུན་དགའོ།། འདི་ནང ་རྒྱལ་ཅན་རྣམས་ཀྱི་ཡུལ་མ་ཡིན་ཏེ་གོ་སྐབས་མེད་དོ།། གང་དག་ང་རྒྱལ་སྤོང་བའི་ཕྱིར་བརྩོན་ཞིང་བབད་པ་དེ་དག་ནི་ཡང་དག་པོ་མ་ཡིན་ནོ།། ཚེ་དང་ལྡན་པ་ཀུན་དགའ་བོ་ང་རྒྱལ་ཞེས ་བྱ་བ་དེ་ནི་ལྷག་པར་བྱེད་པ་སྒོ་འདོགས་པའི་ཚིག་བླ་དགས་སོ།། གང་དག་ང་རྒྱལ་ལ་སྤྱོད་ཅིང་ལྷག་པར་བྱེད་པ་སྒྲོ་འདོགས་པར་བྱེད་པ་དེ་དག་ན་མཚུངས་པར་མི་སྤྲོད་དོ།། མཚུངས་པར ་སྤྱོད་པ་ཡང་ཆོས་འདི་ལ་ཐེ་ཚོམ་ཟའོ།། ཚེ་དང་ལྡན་པ་ཀན་དགའ་བོ་གང་དག་མཉམ་པ་ཡང་མི་དམིགས། མི་མཉམ་པ་ཡང་རློམ་སེམས་སུ་མི་བྱེད། མི་མཉམ་པར་ཡང་མ་ཡིན ་མཉམ་པར་ཡང་མངོན་པར་མི་ཞེ་ན། མི་མཉམ་པར་ཡང་མ་ཡིན་པ་དེ་དག་ནི་གང་ལ་ཡང་མི་སྐྲག་མི་དང་། དངང་བར་མི་འགྱུར།། ཚེ་དང་ལྡན་པ་ཀན་དགའ་བོ་འདི་ནི་བྱིས་པ ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་ཡུལ་མ་ཡིན་ཏེམི་རྟོགས་སོ།། ཚེ་དང་ལྡན་པ་ཀུན་དགའ་བོ་འདི་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ཤེས་ཤིང་། ་རྟོགས་པ་མ་ཡིན་ནོ།། ཚེ་དང་ལྡན་པ་ཀུན་དགའ་བོ་ཉན་ཐོས་ཀྱི་ཐེག་པ་ཅན་ཐམས་ཅད་རྣམས་ཀྱིས་ཀྱང་མི་རྟོགས་སོ།། འདི་ནི་གང་རང་སངས་རྒྱས་ཀྱི་ཐེག་པ་ཅན་ཆོས་ཟབ་མོ་ལ ་སྤྱོད་པ་དེ་དག་གིས་ཀྱང་མི་རྟོགས་སོ།། ཚེ་དང་ལྡན་པ་ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གང་དག་མཚན་མ་སྤྱོད་པ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན ་བཽ། སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་དེ་དག་ཀྱང་ཚོགས་པ་མེད་པའི་ཆོས་འདི་དག་མི་རྟོགས་ཤིང་ཡུལ་མ་ཡིན་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ཉན་ཐོས་ཀྱི་ཐེག་པ་ཅན་བདེན ་བ་མཐོང་བ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ཅན་དགེ་བའི་བཤེས་གཉེན་གྱིས་བརྟེན་པ། ཆོས་ཟབ་མོ་ལ་མོས་པ། གང་ཆོས་འདི་ལ་བཐུན་པར་སྤྱོད་པ་དང་། གང་ཆོས ་འདི་ཁོང་དུ་ཆུད་ཅིང་སྤྱོད་པ་རྣམས་ནི་མ་གཏོགས་སོ།། ཚེ་དང་ལྡན་པ་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་མཚན་མ་དང་བྲལ་བ། མཚན་མ་མེད་པ་ལ་སྤྱོད་པ། སྣ་ཚོགས ་མེད་པ་ལ་སྤྱོད་པ། ཟབ་མོའི་ཆོས་ཤིན་ཏུ་ཚར་ཕྱིན་པ་གང་དག་སེམས་དང་བྱང་ཆུབ་ཀྱང་མི་དམིགས་ཤིང་། ཆོས་གང་ཡང་ཐ་དད་དུ་མི་བྱེད་ལ། ཡང་དག་པར་རྗེས་སུ་མི ་མཐོང་བ་དེ་དག་ནི་འདི་ལྟ་བུའི་ཆོས་ལ་རྨོངས་པར་མི་འགྱུར། ཐེ་ཚོམ་མི་ཟའོ།། དོ་ཅིའི་ཕྱིར་ཞེ་ན། དེ་དག་ཆོས་ཐམས་ཅད་རྗེས་སུ་འཐུན་པར་གནས་ཏེ། མི་འཐུ ་པ་མ་ཡིན་པ་འི་ཕྱིར་རོ།། དེ་དག་གིས་གང་དང་གང་ལ་ཆོས་འདྲི་བ་དེས་རྗེས་སུ་འཐུན་པ་ར་ལེན་འདེབས་ཤིང་། རྗེས་སུ་འཐུན་པར་སྨྲ་བར་བྱེད་དོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་ཀན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་ཇི་ལྟར་ཤི་རིའི་བུ་འདིས་བཤད་པ་དེ་དེ་བཞིན་ནོ།། ཀུན་དགའ་བོ་ཆོས་བསྟན་པ་འདི་ལ་སངས་རྒྱས་ཀྱི་བྱ ་ཆུ་བ་དང་རྗེས་སུ་འཐུན་པའི་སངས་རྒྱས་ཀྱི་བྱང་ཆུབ་འདི་ང་རྒྱལ་ཅན་རྣམས་ཀྱི་ས་མ་ཡིན། འཇུག་པའི་ཡུལ་མ་ཡིན་ནོ།། ཀུན་དགའ་བོ་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ནི་དམན ་བ་ལ་མོས་ཤིང་སེམས་ཅན་རྣམས་ཀྱི་སེམས་མི་འཇུག་གོ།། ཀུན་དགའ་བོ་དམན་པ་ལ་མོས་པ། ང་རྒྱལ་ཅན་རྣམས་ནི་ང་རྒྱལ་གྱི་དབང་གིས་འགྲོ་བས། དེ་དག་སངས་རྒྱས ་ཀྱི་བྱང་ཆུབ་ལ་མི་མཐུན་པར་གནས་སོ།། ཀུན་དགའ་བོ་འཁོར་འདི་ནི་གཙང་བ་སྟེ། སྔོན་གྱི་རྒྱལ་བ་རྣམས་ལ་བྱ་བ་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་མང ་པོ་ལ་བསྙེན་བཀུར་བྱས་པ། ཆོས་ཟང་མོ་ལ་མོས་པ། ཟབ་མོ་ལ་སྤྱོད་པ་སྟེ། ཀུན་དགའ་བོ་འཁོར་འདི་ལ་དེ་བཞིན་གཤེགས་པས་ཡིད་བསྟན་ནས་ཆོས་མངོན ་པར་སྟོན་གྱི། རྗེས་སུ་བསྲུང་བའི་ཆོས་ནི་ཅུང་ཟད་ཀྱང་མི་སྟོན་ཏོ།། ཀུན་དགའ་བོ་འཁོར་འདི་ནི་སྙིང་པོ་སྟེ། ས་ཞག་དང་། གསེག ་མ་དང་། གྱོ་མོ་མེད་པ་དང་། སངས་རྒྱས་སྟོང་མང་པོ་བསྙེན་བཀར་བྱས་པ། སྙིང་པོ་ལ་རབ་ཏུ་གནས་པའོ།། ཀུན་དགའ་བོ་གསེག་མ་དང་གྱོ་མོ་ཞེས་བྱ་བ་དེ་ནི་བྱིས་པ་སོ་སོའི་སྐྱེ་བོ ་རྣམས་ཀྱི་ཚིག་བླ་དགས་ཏེ།། གང་དག་ཆོས་འདི་ལ་གོ་སྐབས་མེད་དོ།། ཀུན་དགའ་བོ་ས་ཞག་ཅེས་བྱ་བ་དེ་ནི། སེམས་ཅན་རྒྱལ་ཅན་རྣམས་ཀྱི་ཚིག་བླ་དགས་སོ།། ཀུན་དགའ ་བོ་འཁོར་འདི་ནི་ང་རྒྱལ་མེད་པ། དགེ་བའི་རྩ་བ་ཆེན་པོས་མངོན་པར་འཕགས་པ། ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན། ཀླུའི་རྒྱལ་པོ་མ་དྲོས་པ་རབ་ཏུ་དགའ་བར་འགྱུར་ཏེ། དགའ ་བ་དང་། ཡིད་བདེ་བ་སྐྱེས་ནས། རང་གི་གནས་ན་འདོད་པའི་ཡོན་ཏན་ལྔ་ལ་ཀུན་ཏུ་སྤྱོད་ཅིང་། རང་གི་གནས་རབ་ཏུ་དགའ་བར་ཡན་ལག་བརྒྱད་དང་ལྡན་པའི་ཆར་ཆུ་ཆེན་པོ་བབེབས ་སོ།། དེའི་བུར་གྱུར་པ་དེ་དག་ཀྱང་རབ་ཏུ་དགའ་ནས། རང་རང་གི་གནས་ན་འདོང་བའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་ཏེ། རྩེ་ཞིང་ཆར་ཆེན་པོ་འབེབ་སོ།། ཀུན་དགའ་བོ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ཆོས་ཀྱི་ཆར་ཆེན་པོ་འབེབ་སོཿ། གང་འདི་སྲས་མཐུབོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག ་ཀྱང་འཇིག་རྟེན་གྱི་ཁམས་འདི་ནས། རང་རང་གི་སངས་རྒྱས་ཀྱི་ཞིང་དུ་སོང་སྟེ། ཆོས་ཀུན་འབྱུང་བ་འདི་ལས་བརྩམས་ནས། དེ་བཞིན་གཤེགས་པ་དེ་དག་གི་སྤྱན་སྔར་ཆོས་ཀྱི ་ཆར་ཆེན་པོ་རབ་ཏུ་འབེབ་སོ།། ཀུན་དགའ་བོ་འདི་སྟེ་དཔེར་ན། ཀླུའི་རྒྱལ་པོ་རྒྱ་མཚོན་གང་གི་ཚེ་རབ་ཏུ་དགའ་བར་གྱུར་པ་དེའི་རང་གི་གནས་ནས་ཆར་གྱི་རྒྱུན་ཆེན་པོ་འབེབ་སོ།། ག ་དག་གནས་དེ་ན་གནས་པར་གྱུར་པའི་ཀླུ་དེ་དག་ཀྱང་ཚར་གྱི་རྒྱུན་ཆེན་པོ་མནོས་ནས་དགའ་བར་གྱུར་ཏེ། ཆར་གྱི་རྒྱུན་དེས་བདེ་བར་ཤེསོ།། གང་དེའི་བུར་གྱུར་པ་དེ་དག་ཀྱང་ཆར་གྱི ་རྒྱུན་དེ་བཟོད་ཅིང་། ཆར་གྱི་རྒྱུན་དེས་ན་མཆོག་ཏུ་དགའ་བ་ཐོབ་པོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཀླུ་གཞན་དག་གིས་ནི་ཆར་གྱི་རྒྱན་དེ་མི་བཟོད་ལ། ཀླུ་གཞན་དག ་གིས་ནི་ཆར་གྱི་རྒྱུན་དེས་བདེ་བར་མི་ཤེས་ཤིང་། ཆར་གྱི་རྒྱུན་དེ་དག་གིས་དགའ་བར་མི་འགྱུར་བའི་ཕྱིར་རོ།། ཀུན་དགའ་བོ་དེ་བཞིན་དུ་གང་དག་དེ་བཞིན་གཤེགས་པའི ་ཆོས་དཀོན་མཆོག་ལ་ལྷག་པར་ཆགས་པ་གང་དག་དེ་བཞིན་གཤེགས་པའི་སྲས་ཀྱི་མཐུ་བོ་བྱང་ཆུབ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་བྱས་པ། བསམ་པ་རྒྱ་ཆེ་བ ་ཆོས་ཟབ་མོའི་ཚུལ་ལས་ངེས་པར་སྐྱེས་པ་དེ་དག་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་གྱི་ཆར་ཆེན་པོ་བདེ་བཟོད་དོ།། ཟོས་ནས་རབ་ཏུ་དགའ་ཞིང་མགུ་སྟེ། ་བདེ་བར་ཤེས་སོ།། ཀུན་དགའ་བོ་དེ་བཞིན་གཤེགས་པས་དོན་གྱི་དབང་འདི་ལ་བརྟེན་ཏེ། བསམ་པ་དག་པའི་འཁོར་དུ་སེང་གེའི ་སྒྲ་ཆེན་པོ་སྒྲོག་ཅིང་། ཆོས་ཀྱི་ཆར་ཆེན་པོ་འབེབས་སོ།། ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྒྱལ་པོའི་རིན་པོ་ཆེའི་མཛོད་མང་པོ་བསག ་པ་དང་ལྡན་པ་དེ། བུ་མང་པོའི་རིགས་དང་ལྡན་ཞིང་། མ་རྒྱུད་ཀྱིས་ཀྱང་དག་པ་དེ་དག་ཐམས་ཅད་བཀུག་ནས་རིན་པོའི་མཛོད་བགོས་ཏེ། བུ་གང་ཡང་མི་སླུ་བར་བྱིན་ནོ།། དེ་ལྟར ་བགོས་ནས་དེ་དག་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་དག་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་དག་དགའ་བ་དང་། མགུ་པ་ཆེན་པོ་ལྷག་པར་སྐྱེས་ནས། འཁོར་ལོས་བསྒྱུར་བའི། ་རྒྱལ་པོ་དོན་མཚུངས་པར་གྱུར་ཏོ་སྙམ་སྟེ། བདེ་བར་ཤེས་སོ།། ཀུན་དགའ་བོ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོ།། ཆོས་ཀྱི་བདག་པོ།། རང་འབྱུང་གིས ་ཀྱང་སྲས་དེ་དག་བསྡུས་ནས། ཆོས་རིན་པོ་ཆེའི་མཛོད་འདི་མཉམ་པར་བགོས་ཏེ།། སྲས་དེ་དག་གང་ཡང་མི་སླུ་བས། དེ་དག་ང་ལ་དགའ་བ་དང་། མགུ་བ་དང་། ་གུས་པ་ཆེར་བསྐྱེད་ཅིང་། དོན་འཐུན་པ་སངས་རྒྱས་ཀྱི་རིགས་མི་གཅོད་པར་གནས་སོ།། ཀུན་དགའ་བོ་སེམས་ཅན་གཞན་དམན་པ་ལ་མོས་པ། ང་རྒྱལ་ཅན་ལྟ་བ ་ལ་སྤྱོད་པ། མཚན་མ་ལ་སྤྱོད་པ། དམིགས་པ་ལ་སྤྱོད་པ། ངའོ་སྙམ་པའི་ང་རྒྱལ་གྱིས་བཅོམ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཟིལ་གྱིས་གནོན་པ། ་ལོག་པའི་ལམ་དུ་དོང་བ་རྣམས་ཀྱིས་ཆོས་རིན་པོ་ཆེ་འདི་བཟོད་པར་མི་ནུས་སོ།། ཀུན་དགའ་བོ་དམན་པ་ལ་མོས་པའི་སེམས་ཅན་རྣམས་ནི་འཁོར་ལོས་བསྒྱུར་བའི་ནོར་མི་འདོད ་ཀྱི། ཀུན་དགའ་བོ་གང་དག་འཁོར་ལོས་བསྒྱུར་བའི་བུར་གྱུར་པ་དེ་དག་ནི་འཁོར་ལོས་བསྒྱུར་བའི་ནོར་འདོད་དོ།། ཀུན་དགའ་བོ་སེམས་ཅན་དབུལ་པོ་རྣམས་ནི་འཁོར་ལོ ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟི་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་དང་། གོས་མང་པོ ་དང་། གསེར་དང་། ནོར་བུ་དང་། མུ་ཏི་ག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱུ་རུ་དང་། ས་ལེ་སྦྲམ་དང་། དངུལ་མང་པོ་དག་བགོས་པར་མི་འཛིན ་ཏེ། རྙེད་ཀྱང་དགའ་བར་ཀུན་ཏུ་སྤྱོད་པར་མི་ནུས་ཤིང་། རིན་ཐང་ཆུང་ངུར་འཚོང་ལ་མི་མཁས་པས་འདོར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་རིན་པོ་ཆེ་ལ་མི་མཁས་པའི ་ཕྱིར་རོ།། ཀུན་དགའ་བོ་སེམས་ཅན་དབུལ་པོ་ནི་རིན་པོ་ཆེ་འདིའི་མངོན་འདིའོ་ཞེས་བྱ་བར་རིན་པོ་ཆེ་རྣམས་ཀྱི་མིང་ཡང་མི་ཤེས་སོ།། ཀུན་དགའ་བོ་དེ་བཞིན་དུ་དེ་བཞིན ་གཤེགས་པའི་སྲས་བདེན་པ་མཐོང་བ་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི། ཆོས་རིན ་པོ་ཆེའི་མཛོད་འདི་ཚོལ་བ་སྟེ། དེ་དག་ཆོས་རིན་པོ་ཆེ་དམིགས་སུ་མེད་པ་སྟོང་པ་ཉིད་དང་ལྡན་པ། སངས་རྒྱས་ཀྱི་ཆོས་དང་ལྡན་པ་འདི་བཟོད་ཅིང་འདོད་དེ། དེ་དག་དེས ་བྱེདདོ94། སེམས་ཅན་དབུལ་པོ་ཐོས་པ་དང་བྲལ་བ། ཐོས་པ་ཉམས་པ། མིག་དང་ལྡན་པའི་བྱིས་པ་དེ་དག་ནི་ཆོས་རིན་པོ་ཆེའི་མཛོད་རྙེད་ཀྱང་ཅི་ཞིག་འདོར་ཞིང་གཞན ་ལ་སྦྱིན་པར་སེམས་སོ།། ཀུན་དགའ་བོ་གདོལ་པ་དང་། གཡུང་པོ་དང་། སྒྱུ་མ་མཁན་དང་། དབུལ་པོས་འཚེ་བའི་སེམས་ཅན་གང་ལ་ལས་རིན་པོ་ཆེ་མང་པོ་རྙེད་ན ་བདག་མི་སྤྱོད་ན། རིན་ཐང་ཆུང་ངུར་འཚོང་ཞིང་འདོར་རོ།། ཀུན་དགའ་བོ་སེམས་ཅན་དབུལ་པོ་ཞེས་བྱ་བ་དེ་ནི་མུ་སྟེགས་ཅན་ཐམས་ཅད་དང་། གང་དག་གཞན་མུ ་སྟེགས་ཅན་གྱི་ཉན་ཐོས་རྣམས་ཀྱི་ཚིག་བླ་དགས་སོ།། ཀུན་དགའ་བོ་སེམས་ཅན་དབུལ་པོ་ཞེས་བྱ་བ་དེ་ནི་བྱིས་པ་སོ་སོའི་སྐྱེ་བོ་ལྟ་བའི་འདམ་བུ་བྱིང་བ། དམིགས ་པ་ཅན་འཆིང་བ་ལ་མངོན་པར་ཞེན་པ། མཚན་མ་ལ་སྤྱོད་པ། ལམ་ལོག་པར་སོང་བ་རྣམས་ཀྱི་ཚིག་བླ་དགས་ཏེ། དེ་དག་ནི་ཆོས་རིན་པོ་ཆེ་འདི་རྙེད་ན་ཀུན་ཏུ་སྤྱོད་མི་ནུས། ་ཤིང་འདོར་ཏེ། དོན་མེད་པར་གཞན་ལ་ཡང་སྦྱིན་པར་བྱེད། ཀུན་དགའ་བོ་སངས་རྒྱས་ཀྱི་སྲས། སངས་རྒྱས་ཀྱི་སྤྱོད་ཡུལ་ལ་སྤྱོད་པ། དེ་བཞིན་གཤེགས་པའི་རིགས ་རྒྱུན་མི་གཅོད་པར་གནས་པ་དེ་དག་ཆོས་རིན་པོ་ཆེ་འདི་ལ་ཡོངས་སུ་སྤྱོད་དོ།། རྙེད་ནས་ཀྱང་ཆུད་མི་གསོན་ཅིང་། འདི་ལ་རིན་པོ་ཆེར་འདུ་ཤེས་པར་འགྱུར་རོ།། ཀུན ་དགའ་བོ་ཝས་ནི་སེང་གེའི་སྒྲ་སྒྲོགས་པར་མི་ནུས་སོ།། ཀུན་དགའ་བོ་གང་སེང་གེའི་བྲུ་གུར་གྱུར་ལ། སེང་གེ་ཆེན་པོས་བསྐྱེད་པ་དེ་དག་སེང་གེའི་སྒྲ་སྒྲོགས་གོ།། ་ཀུན་དགའ་བོ་དེ་བཞིན་དུ་ཝ་ལྟ་བུ་ནི་བྱིས་པ་སོ་སོའི་སྐྱེ་བོའི་ལོག་པར་ལྟ་བ་ཐམས་ཅད་དེ། དེ་དག་གིས་ནི་དེ་བཞིན་གཤེགས་པ་སེང་གེའི་སྒྲ་དང་། ཡང་དག་པར ་རྫོགས་པའི་སངས་རྒྱས་སེང་གེ་ཆེན་པོའི་ཆོས་ཡོངས་སུ་ལོངས་སྤྱོད་པར་མི་ནུས་སོ།། ཀུན་དགའ་བོ་གང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྲས། སངས ་རྒྱས་ཀྱི་སེང་གེ་ཆེན་པོ་དང་། རང་བྱུང་གི་ཡེ་ཤེས་ཀྱིས་བསྐྱེད་པ་དེ་དག་ནི་ཡང་དག་པའི་རྫོགས་པའི་སངས་རྒྱས་ཀྱི་སེང་གེའི་སྒྲ་སྒྲོག་ཅིང་ཀུན་དུ་སྤྱོད་དོ།། དེ་ནས ་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པའི་འཁོར་ཡོངས་སུ་དག་པ་འདུས ་པ་འདི་ངོ་མཚར་ལགས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་འཁོར་རང་འབྱུང་གི་འཁོར། མི་ཚུགས ་བའི་འཁོར།། མི་སྐུལ། མི་སྐྱོད་པ་མི་འཁྲུག་པའི་འཁོར་ཡོངས་སུ་དག་པ་འདི་ནི་རབ་ཏུ་ངོ་འཚར་ལགས་སོ།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས ་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤ་ར་དྭ་ཏིའི་བུ་ཁྱོད་འཁོར་འདིའི་ཡོན་ཏན་ཡོངས་སུ་བརྗོད་དམ། གསོལ་པ། བཅོམ་ལྡན་འདས ་བདག་གིས་འཁོར་འདིའི་ཡོན་ཏན་ཡོངས་སུ་བརྗོད་པར་རྔོ་མི་ཐོགས་ལགས་སོ།། དེ་ཅིའི་སླདདུ་ཞེ་ན། བཅོམ་ལྡན་འདས་འཁོར་འདི་ནི་རབ་དང་འདྲ་སྟེ། ཡོན་ཏན ་མཐའ་ཡས་པ་དང་ལྡན་པ་ལགས་པའི་བླད་དུའོ།། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། འཁོར་འདི་ནི་ཡོན་ཏན་མཐའ་ཡས་པ་དང་ལྡན་པ་སྟེ། འཁོར ་འདིའི་ཡོན་ཏན་གྱི་མཐའ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་རྟོགས་པར་མི་ནུས་ན། སེམས་ཅན་གཞན་ཐམས་ཅད་ཀྱིས་ལྟ་ཅི་སྨོས། ཤ་ར་དྭ་ཏིའི་བུ་འཁོར་འདི ་ནི་དེ་བཞིན་གཤེགས་པས་བསྡུས་པ་མ་ཡིན་ཞིང་། འདི་ལ་དེ་བཞིན་གཤེགས་པ་བརྩིལ་བ་ཡང་མི་མཛད་དེ། རང་གི་དགེ་བའི་རྩབས་ངའི་མིང་ཐོས་ནས་འཁོར་འདིར ་འདུས་ཏེ། དེ་བཞིན་གཤེགས་པས་འཁོར་འདི་གང་ལ་ཡང་མ་གླེངས། མ་སྒོ་བར་དེ་དག་རང་གི་དགེ་བའི་རྩ་བས་བསྐུལ་ནས་འཁོར་འདིར་ལགས་སོ།། འདི་ལྟ་བུའི ་ཆོས་བསྟན་པ་ལ་འདི་བུའི་སེམས་ཅན་ཆེན་པོ་འདུ་བར་འགྱུར་བ་དེ་ནི་ཆོས་ཉིད་དོ།། ཤ་ར་དྭ་ཏིའི་བུ་གང་སངས་རྒྱས་བཅོམ་ལྡན་འདས་གཞན་དག་བྱང་ཆུབ་སེམས་དཔའི ་སྡེ་སྣོད་ཐེ་ཚོམ་ཐམས་ཅད་གཅོད་པ་འདི་ཡང་དག་པར་སྟོན་པ་དེ་དག་གི་འཁོར་ཀྱང་འདི་ལྟ་བུ་འདུ་བར་འགྱུར་ཏེ། འདི་ལྟ་བུ་འདི་འདྲ་བའི་དཀྱིལ་འཁོར་གདོན་མི་ཟ་བར ་འབྱུང་བ་ནི་ཆོས་བསྟན་པ་འདིའི་ཆོས་ཉིད་དོ།། ཀུན་དགའ་བོའི་ལེའུ་སྟེ་གཉིས་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་བཀའ་སྩལ་པ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེ་ན། གང་ཆོས་ཐམས་ཅད་ཀྱི་རྟོགས་པ་སྟེ། དེ་ནི་བསྟན་པར་མི་ནུས ་མོད་ཀྱི། ཇི་ལྟར་ཁྱེད་ཤེས་པར་འགྱུར་བ་དང་། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐ་སྙེད་ཀྱི་ཚིག་ཏུ་འགྱུར་བ་དེ་ལྟར་དུ་བཤད་པར་བྱའོ།། གཟུགས་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུགས་ལ་གཞན་མ་ཡིན་ནོ།། དེ་བཞིན་དུ་སྦྱར་ཏེ། ་དེ་ལྟར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་ཤེས ་པ་ལ་ས་གཞན་ཡང་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ལ། དེ་བཞིན ་དུ་སྦྱར་ཏེ། དེ་ལྟར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམ་དང་། རྣམ་པར་ཤེས་པའི་ཕ་རོལ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་པའི་ཕྱིར་རོ།། ་གཟུགས་ཀྱི་ཕ་རོལ་ཇི་ལྟ་བར་གཟུགས་ཀྱང་དེ་བཞིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམ་དང་། རྣམ་པར་ཤེས་པའི་ཕ་རོལ་ཇི་ལྟ་བར་རྣམ ་པར་ཤེས་པ་ཡང་དེ་བཞིན་ནོ།། རྣམ་པར་ཤེས་པའི་ཕ་རོལ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ།། ཆོས་ཐམས་ཅད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད ་མ་ཡིན་ནོ།། ཆོས་ཐམས་ཅད་ཀྱི་ཕ་རོལ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ།། རྣམ་པར་ཤེས་པའི་ཕ་རོལ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ།། ཆོས ་ཐམས་ཅད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་མ་ཡིན་ནོ།། ཆོས་ཐམས་ཅད་ཀྱི་ཕ་རོལ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན ་པ། དེ་ལྟར་གཟུགས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་བྱ་བ་དེ་ནི་གཟུགས་ཀྱི་འབྲལ་བ་བསྟན་པའོ།། གཟུགས་ཀྱི་ཕ་རོལ་ཇི་ལྟ་བར་གཟུགས་ཀྱང་དེ ་བཞིན་ནོ་ཞེས་བྱ་བ་དེ་ནི་གཟུགས་ཀྱི་ངོ་བོ་ཉིད་བཤད་པ་བསྟན་པའོ།། དེ་ནི་གཟུགས་ཀྱི་ལྟ་བ་བཞིན་བསྟན་པའོ།། དེ་ནི་གཟུགས་ཀྱི་རང་བཞིན་བསྟན་པའོ།། དེ་བཞིན་དུ ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཕ་རོལ་གང་ཡིན་པ་དེ། རྣམ་པར་ཤེས་པ་མ་ཡིན་ཞེས་བྱ་བ་དེ་ནི་རྣམ་པར་ཤེས་པའི་འབྲལ་བ་བསྟེན ་བའོ།། རྣམ་པར་ཤེས་པའི་ཕ་རོལ་ཇི་ལྟ་བར་རྣམ་པར་ཤེས་པ་ཡང་དེ་བཞིན་ནོ་ཞེས་བྱ་བ་དེ་ནི་རྣམ་པར་ཤེས་པའི་ངོ་བོ་ཉིད་བཤད་པ་བསྟན་པའོ།། དེ་ནི་རྣམ་པར་ཤེས་པ་ཇི ་ལྟ་བ་བཞིན་དང་། རྣམ་པར་ཤེས་པའི་རང་བཞིན་དང་། རྣམ་པར་ཤེས་པའི་དམིགས་པ་བསྟན་པའོ།། རྣམ་པར་ཤེས་པའི་ཕ་རོལ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན ་ནི་ཞེས་བྱ་བ་དང་། ཆོས་ཐམས་ཅད་ཀྱི་ཕ་རོལ་གང་ཡིན་པ་དེ་ག་ཆོས་ཐམས་ཅད་ས་ལེན་ནོ།། ཞེས་བྱ་བ་དིན་ཆོས་ཐམས་ཅད་ཀྱི་འབྲལ་བ་བསྟན་པའོ།། ཆོས་ཐམས ་ཅད་ཀྱི་ཕ་རོལ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བྱ་བ་དེ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་བཤད་པ་བསྟན་པའོ།། དེ་ནི་ཆོས ་ཐམས་ཅད་ཀྱི་ཇི་ལྟར་བཞིན་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་དང་། ཆོས་ཐམས་ཅད་མི་དམིགས་པ་ཇི་ལྟ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན་ཏེ། རབ་ཀྱི་རྩལ་གྱིས ་རྣམ་པར་གནོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ལ་མི་གནསོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མིག་ནསོ།། ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ནི་གཟུགས་ཀྱི་ནང་ངམ། བྱི་འམ། གཉིས་སུ་མེད་པ་ལས་རང་དུ་གནས་པ་འང་མ་ཡིན་ཏེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ནང་ངམ། ་ཕྱི་འམ། གཉི་ག་མེད་པ་ལས་རིང་དུ་གནས་པའང་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་དང་ལྡན་པའང་མ་ཡིན། ་མི་ལྡན་པ་ཡང་མ་ཡིན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་ལྡན་པའང་མ་ཡིན། མི་ལྡན་པ་འངམ ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ།། གཟུགས་ཀྱི་དེ་བཞིན ་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་བཞིན་དུ་ཚོར་བ ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི ་བཞིན་ཉིད་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ཞེས་བྱ་བ་འདི་ནི་གཟུགས་དང་བྲལ་བའོ།། དེ་ཅིའི་ཕྱིར་ཞེ་ན། ་གཟུགས་ལ་ནི་གཟུགས་མེད་དེ། གང་མེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དེ་བཞིན་ཏེ། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་དང་བྲལ་བའོ།། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མེད་དེ། གང་མེད་པ་དེ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ནི་གཟུགས་ཀྱི་རང་བཞིན་དང་བྲལ་བའོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་པའི་རང་བཞིན་དང་བྲལ་བ་སྟེ། བྲལ་བ་གང་ཡིན་པའི་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གཟུགས་ལ་གཟུགས ་ཀྱི་རང་བཞིན་མེད་དོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པའི ་རང་བཞིན་མེད་དེ། རང་བཞིན་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ནི་གཟུགས་ཀྱི་སྤོད ་ཡུལ་མ་ཡིན་ནོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་པའི་སྤྱོད་ཡུལ་མ་ཡིན་ནོ།། རབ་ཀྱི ་རྩལ་གྱིས་རྣམ་པར་གནོན་པ། སྤྱོད་ཡུལ་མ་ཡིན་པ་ཞེས་བྱ་བ་དེ་ནི་གཟུགས་ཀྱིས་གཟུགས་ཡང་དག་པར་མི་ཤེས་མི་མཐོང་བ་སྟེ། གཟུགས་ཀྱི་མི་ཤེས་མི་མཐོང ་བ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར ་ཤེས་པས་རྣམ་པར་ཤེས་པ་མི་མགོས་མི་མཐོང་བ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ཀྱི་གཟུགས་ཀྱི ་ངོབོ་ཉིད་མི་ཤེས་སོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་པོ་རྣམ་པར་ཤེས་པས་རྣམ་པར་ཤེས་པའི་ངོ་བོ་ཉིད་མིཤེས་ཏེ། ཅིང། ་མེད་པར་ཡོངས་སུ་ཤེས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་གཟུགས་ལ་ཀུན་ཏུ་སྦྱོར་བ་རིམ་བྱེད། ཀུན་ཏུ ་མི་སྦྱོར་བར་མི་བྱེད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་ལ་ཀུན་དུ་སྦྱོར་བར་མི་བྱེད། ཀུན་ཏུ ་མི་སྦྱོར་བར་ཡང་མི་བྱེད་དོ།། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཀུན་ཏུ་སྦྱོར་བར་མི་བྱེད། ་ཀུན་ཏུ་མི་སྦྱོར་བར་ཡང་མི་བྱེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོའོ།། རབ་ཀྱི་རྩོལ་གྱི་རྣམ་པར་གནོན་པ། གཟུགས་ནི་བྲི་བར་འགྱུར་བ་འམ། ་འཕེལ་བར་འགྱུར་བ་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་བྲི་བར་འགྱུར་བའམ། འཕེལ། ་བར་འགྱུར་བ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་བྲི་མི་འཕེལ་བ་གང་ཡིན་པ་དེ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ནི་ཀུན་ནས་ཉོན་མོངས་པར་འགྱུར་བ་འམ། རྣམ་པར་བྱང་བར་འགྱུར་བ་མ་ཡིན།། ་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་།། རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པར་འགྱུར ་བའམ། རྣམ་པར་བྱང་བར་འགྱུར་བ་མ་ཡིན་ཏེ། གཟུགས་དང་། ཚེར་བ་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པ་མ་ཡིན། ་རྣམ་པར་བྱང་བ་མ་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ནི་རྣམ་པར་དག་པའི་ཆོས་ཅན་ཡང་མ་ཡིན ་རྣམ་པར་མ་དག་པའི་ཆོས་ཅན་ཡང་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འང་ས་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ ་ཡང་དག་པའི་ཆོས་ཉིད་ཀྱང་མ་ཡིན། རྣམ་པར་མ་དག་པའི་ཆོས་ཉིད་ཀྱང་མ་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན ་པ། གཟུགས་ནི་འཕོ་བ་འམ། མི་འཕོ་མ་ཡིན་ནོ།། ཚོར་བ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར ་ཤེས་པ་ཡང་འཕོ་བའམ། མི་འཕོ་བ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འཕོ ་ཏུརྣམ་པར་ཤེས་པ་ཡང་དག་པའི་ཆོས་ཅན་ཀྱང་མ་ཡིན། རྣམ་པར་མ་དག་པའི་ཆོས་ཅན་ཡང་མ་ཡིན་ཏེ། གདུག་དང་། ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམ་དང་། ་པ་ཡང་བ་ཡིན། མི་འཕོ་བ་ཡངས་ཡིན་པགང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ནི་སྦྱོར ་བ་འམ། མི་སྦྱོར་བ་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའང་སྦྱོར་བ་འམ་མི་སྦྱོར་བ་མ ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དུང་། རྣམ་པར་ག་ཤེས་པ་སྦྱོར་བ་ཡང་མ་ཡིན། མི་སྦྱོར་བ་ཡང་མ་ཡིན་དེ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ནི་འདུ་བའམ་འབྲལ་བ་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང ་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདུ་བ་འམ། འབྲལ་བ་མ་ཡིན་ཏེ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར ་ཤེས་པ་འདུ་བ་ཡང་མ་ཡིན། འབྲལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ནི་འཆི་འཕོ ་བ་དང་སྐྱོ་བ་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམ་དང་། རྣམ་པར་ཤེས་པ་ཡང་འཆི་འཕོ་བའམ་སྐྱེ་བ་མ་ཡིན་ཏེ། ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཆི་འཕོ་བ་ཡང་མ་ཡིན། སྐྱེ་བ ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ཀྱི་ནི་སྐྱེ་བ་འམ་འཆི་བ་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་སྐྱེ་ཉམ་འཆི་བ་མི་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པར་སྐྱེ་མིའིཆི་བ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ན་འཁྲོ་བར་འགྱུར་བ་འམ། འཁོར་བར ་འགྱུར་བའམ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམ་དང་། རྣམ་པར་ཤེས་པ་ཡང་འཁོར་བར་འགྱུར་བ་འམ། འཁོར་བའི་ཆོས་ཅན་མ་ཡིན་ཏེ། ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འཁོར་བར་མི་འགྱུར་ཞིང་། འཁོར་བའི་ཆོས་ཅན་ཡང་མ་ཡིན་པ་གང་ཡིན་པ ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ནི་ཟད་པར་འགྱུར་བ་འམ། ཟད་པའི་ཆོས་ཅན་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ཟད་པར་འགྱུར་བ་འམ། ཟད་པའི་ཆོས་ཅན་མི་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས ་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཟད་པར་མི་འགྱུར་ཞིང་ཟད་པའི་ཆོས་ཅན་ཉིད་ཀྱང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ནི་ཀུན་འབྱུང་བའི་ཆོས་ཅན་མ་ཡིན། འགོག་པའི་ཆོས་ཅན་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས ་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ཀུན་འབྱུང་བའི་ཆོས་ཅན་མ་ཡིན། འགོག་པའི་ཆོས་ཅན་ཡང་མ་ཡིན་ཏེ། གཟུགས་དང་། ཚོར་བ ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཀུན་འབྱུང་བའི་ཆོས་ཉིད་ཀྱང་མ་ཡིན། འགོག་པའི་ཆོས་ཉིད་ཀྱང་མ་ཡིན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ནི་སྐྱེ་བའི་ཆོས་ཅན། འཇིག་པའི་ཆོས་ཅན་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་སྐྱེ་བའི་ཆོས་ཅན་ནམ། འཇིག་པའི་ཆོས་ཅན་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས ་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་མི་སྐྱེ་བའི་ཆོས་ཉིད་ཀྱང་མ་ཡིན། འཇིག་པའི་ཆོས་ཉིད་ཀྱང་མ་ཡིན། ་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ནི་འགྱུར་བའི་ཆོས་ཅན་ནམ། མི་འགྱུར་བའི་ཆོས་ཅན་ཡང་མ་ཡིན ་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་འགྱུར་བའི་ཆོས་ཅན་ནམ། མི་འགྱུར་བའི་ཆོས་ཅན་མ་ཡིན་ཏེ། ་གཟུགས་དང་། ཚོང་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འགྱུར་བའི་ཆོས་ཉིད་ཀྱང་མ་ཡིན། མི་འགྱུར་བའི་ཆོས་ཉིད་ཀྱང་མ་ཡིན ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ།། གཟུགས་ནི་རྟག་པ་འམ། མི་རྟག་པ་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་རྟག་པ་འམ། མི་རྟག་པ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་གཟུགས་ནི་བདེ་བའམ། སྡུག་བསྔལ་བ་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་བདེ་བ་འམ། ་སྡུག་བསྔལ་བ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདེ་བ་ཡང་མ་ཡིན། སྡུག་བསྔལ ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ནི་སྡུག་པའམ། མི་སྡུག་པ་མ་ཡིན་ནོ།། ་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་སྡུག་པ་འམ་མི་སྡུག་པ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྡུག་པ་ཡང་མ་ཡིན། མི་སྡུག་པ་ཡང་མ་ཡིན་པ་གང་ཡིན་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ནི་བདག་གམ་བདག་མེད་པ་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་གམ་དག་མེད་པ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་བདག་ཀྱང་མ་ཡིན། བདག་མེད་པ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ནི་འདོད་ཆགས་ཀྱི་ཆོས་ཅན་ནམ། འདོད་ཆགས་དང་བྲལ་བའི་ཆོས་ཅན་མ་ཡིན་ནོ།། དེ ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་འདོད་ཆགས་ཀྱི་ཆོས་ཅན་ནམ། འདོད་ཆགས་དང་བྲལ་བའི་ཆོས ་ཅན་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་འདོད་ཆགས་ཀྱི་ཆོས་ཉིད་ཀྱང་མ་ཡིན། ་འདོད་ཆགས་དང་བྲལ་བའི་ཆོས་ཉིད་ཀྱང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ནི ་ཞེ་སྡང་གི་ཆོས་ཅན་ནམ། ཞེ་སྡང་མེད་པའི་ཆོས་ཅན་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ན ་སྡང་གི་ཆོས་ཅན་ནམ། ཞེ་སྡང་མེད་པའི་ཆོས་ཅན་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི ་སྡང་གི་ཆོས་ཉིད་ཀྱང་མ་ཡིན། ཞེ་སྡང་མེད་པའི་ཆོས་ཉིད་ཀྱང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ ་གཟུགསནི་གཏི་མུག་གི་ཆོས་ཅན་ནམ། གཏི་མུག་མེད་པའི་ཆོས་ཅན་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར ་ཤེས་པ་གཏི་མུག་ག་ཆོས་ཅན་མ། གཏི་མུག་མེད་པའི་ཆོས་ཅན་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས ་བ་གཏི་མུག་གི་ཆོས་ཅན་ཡང་མ་ཡིན་གཏི་མུག་མེད་པའི་ཆོས་ཅན་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་གཟུགས་ལ་བྱེད་པ་པོ་འམ། བྱེད་དུ་འཇུག་པ་གང་ཡང་མེད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་བྱེད་པ་པོ་འམ།། ་བྱེད་དུ་འཇུག་པ་གང་ཡང་མེད་དེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་བྱེད་པ་པོ་ཡང་མེད། བྱེད་དུ་འཇུག་པ་ཡང ་མེད་པ་གང་ཡང་བླ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ལ་སློང་བ་པོ་འམ། ཀུན་ནས་སློང་བ་པོ ་གང་ཡང་མེད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སློང་བ་པོ་འམ། ་ཀུན་ནས་སློང་བ་པོ་གང་ཡང་མེད་དེ། གཟུགས་དང་། ཚེ་རབ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སློང་བ་པོ་འམ། ཀུན་ནས་སློང་བ་པོ་གང་ཡང་མེད་དེ། ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སློང་བ་པོ་འམ་ཀུན་ནས་སློང་བ་པོ་གང་ཡང་མེད་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ལ་ཤེས་པ་འམ། ཤེས་པར་བྱེད་དུ་འཇུག་པ་གང་ཡང་མེད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལའང་ཤེས་པའམ། ཤེས་པར་བྱེད་དུ་འཇུག་པ་པོ་གང་ཡང་མེད་དེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད ་རྣམས་དང་། རྣམ་པར་ཤེས་པ་ཡང་མེད། ཤེས་པར་བྱེད་དུ་འཇུག་པ་ཡང་མེད་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་གཟུགས་ལ་ཚོར་བ་པོ་འམ། ཚོར་བར་བྱེད་དུ་འཇུག་པ་པོ་གང་ཡང་མེད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ ་ཚོར་བ་པོའས། ཚོར་བར་བྱེད་དུ་འཇུག་པ་གང་ཡང་མེད་དེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཚོར་བ་པོ ་ཡང་མེད། ཚོར་བར་བྱེད་དུ་འཇུག་པ་གང་ཡང་མེད་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ལ་ཤེས ་པ་པོ་འམ། མཐོང་བ་པོ་གང་ཡང་མེད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་ཤེས་པ་པོའམ། མཐོང ་བ་པོ་གང་ཡང་མེད་དེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཤེས་པ་པོའང་མེད། མཐོང་བ་པོའང་མེད་པ ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ལན་ཆད་པའམ། རྟག་པ་མེད་དོ།། དེ་བཞིན་དུ་ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཆད་པའམ་རྟག་པ་མེད་དེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ ་པར་ཤེས་པ་ཆད་པ་ཡང་མ་ཡིན། རྟག་པའང་མེད་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིའོ།། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ། གཟུགས་ན་མཐའ་འམ་མཐའ ་མེད་པ་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མཐའ་འམ ་མཐའ་མེད་པ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མཐའ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་པ ་གང་ཡིན་པ་དེ་ཤེས་རབ་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ནི་ལྟ་བས་སོང་བ་ཡང་མ་ཡིན། ལྟ་བས་སོང་བ་སྤོང་བ་ཡང་མ་ཡིན་ནོ།། ་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ལྟ་བར་སོང་བ་ཡང་མ་ཡིན། བལྟ་བར་སྤོང་བ་ཡང་མ་ཡིན་ཏེ། གཟུགས་དང་།། ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལྟ་བར་སོང་བ་ཡང་མ་ཡིན། ལྟ་བར་སྤོང་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ནི་སྲེད་པ་ཡང་མ་ཡིན། སྲེད་པ་སྤོང་བ་ཡང་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས ་དང་། རྣམ་པར་ཤེས་པ་ཡང་སྲེད་པ་ཡང་མ་ཡིན། སྲེད་པ་སྤོང་བ་ཡང་མ་ཡིན་ཏེ། གཟུགས་དང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས། ་བསྲེད་པ་ཡང་མ་ཡིན། སྲེད་པ་སྤོང་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་ཚུལ་གྱིས་རྣམ་པར་གནོན་པ། གཟུགས་ནི་དགེ་བ ་འམམི་དགེ་བ་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དགེ་བ་ཡང་མི་དགེ་བ་མ་ཡིན་ཏེ། གཟུགས་དང་། ་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དགེ་བ་ཡང་མ་ཡིན། མི་དགེ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ལ་འགྲོ་བ་འམ་འོང་བར་མི་མངོན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར ་ཤེས་པ་ལ་ཡང་འགྲོ་བ་འམ་འོང་བ་མ་མངོན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འགྲོ་བ་འམ་འོང་བར་མི ་མངོན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས ་དང་། རྣམ་པར་ཤེས་པ་ནི་གནས་པའམ་མི་གནས་པ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་རྣམ་པར་ཤེས་བགནས ་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན ་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཚུ་རོལ་ལམ། ཕ་རོལ་མ་ཡིན་ཏེ། གཟུགས་དང་། ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཚུ་རོལ་ཡང་མ་ཡིན། ཕ་རོལ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པོ།། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཚུལ་ཁྲིམ ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཚུལ་ཁྲིམས་ཀྱང་མ་ཡིན། འཚལ་བའི་ཚུལ་ཁྲིམས ་ཀྱང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྗེས་ཚོགས་པ་འམ། ཁོང་འཁྲོ་བ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས ་དང་། རྣམ་པར་ཤེས་པ་རྗེས་སུ་ཆགས་པ་ཡང་མ་ཡིན། ཁོང་ཁྲོ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྦྱིན་པར་བྱེད་པ་འམ། ལེན་པ་མ་ཡིན་ཏེ། ་གཟུགས་དང་། ཚེར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ན་སྦྱིན་པར་བྱེད་པ་ཡང་མ་ཡིན། ལེན་པ་ཡང་མ་ཡིན་པ་གང་ཡིན ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ ་པར་ཤེས་པ་ནི་བཟོད་པ་མི་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་བཟོད་པ་ཡང་མ་ཡིན། ་མི་བཟོད་པ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། འདུ་ཤེས་དང་། ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་བརྩོན་འགྲུས་སམ། ལེ་ལོ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་ནི་བརྩོན་འགྲུས་ཀྱང་མ་ཡིན། ལེ་ལོ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཏིང་ངེ་འཛིན་ཀྱང་མ ་ཡིན། སེམས་རྣམ་པར་གཡེང་བ་ཡང་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཏིང་ངེ་འཛིན་ཀྱང་མ ་ཡིན། སེམས་རྣམ་པར་གཡེང་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩོལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་འཆལ་པའི་ཤེས་རབ་ཀྱང་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས ་དང་། རྣམ་པར་ཤེས་པ་འཚལ་བའི་ཤེས་རབ་ཀྱང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་བྱིན་ཅི་ལོག་གམ། བྱིན་ཅི་ལོག་མ་ཡིན་པ་ཡང་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བྱིན་ཅི་ལོག་ཀྱང་མ་ཡིན། བྱིན་མ་ལོག་མ་ཡིན་པ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་འ་རོ་ཏུ་ཕྱིན་པའོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་དྲན་པ་ཉེ་བར་གཞག་པ་འམ། དྲན ་པཉེ་བར་གཞག་པ་མ་ཡིན་པ་ཡང་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དྲན་པ་ཡང་མ་ཡིན། མི་དྲན་པ་ཡང ་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་ན་ཡང་དག་པའི་སྤོང་བ་འམ་ཡང་དག་པའི་སྤོང་བ་མ་ཡིན་པ་ཡང་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་ཡང་དག་པའི་སྤོང་བ་མ་ཡིན་པ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ན་རྫུ་འཕྲུལ་གྱི་རྐང་པ་འམ། ཚད་མེད་པ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས ་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པརྫུ་འཕྲུལ་གྱི་རྐང་པ་ཡང་མ་ཡིན། ཚད་མེད་པ་ཡང་མ་ཡིན་པ། ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ ་པར་ཤེས་པ་ནི་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་མ་ཡིན་པ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས ་དང་། རྣམ་པར་ཤེས་པ་དབང་པོ་དང་། སྟོབས་དཔ་བྱང་ཆུབ་ཀྱི་ཡན་ལག་དང་། ལ་མ་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རེག་པའམ། རྣམ་པར་གྲོལ་བ ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རིག་པ་ཡང་མ་ཡིན། རྣམ་པར ་གྲོལ་བ་ཡང་མ་ཡིན་པར་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཡང་མ་ཡིན་མངོན་པར་ཤེས་པ་ཡང ་མ་ཡིན། མངོན་པར་ཤེས་པ་མ་ཡིན་པ་ཡང་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསམ་གཏན ་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཡང་མ་ཡིན། མངོན་པར་ཤེས་པ་ཡང་མ་ཡིན། མངོན་པར་མི་ཤེས་པ་ཡང་མ་ཡིན་པ་ག། ་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ ་པར་ཤེས་པ་ནི་སྟོང་པ་ཉིད་དམ། མཚན་མ་མེད་པ་འམ། སྨོན་པ་མེད་པ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པའི་སྟོང་པ་ཉིད་མ་ཡིན། མཚན་མ་མེད་པ་ཡང་མ་ཡིན། སྨོན་པ་མེད་པ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གཟུགས་དང་། ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་འདུ་བྱས་དང་། འདུས་མ་བྱས་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དག། ་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདུས་བྱས་ཀྱང་མ་ཡིན། འདུམ་བྱས་ཀྱང་མ་ཡིན་པ་གང་ཡིན་པ་དེ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི ་འ་བའམ། མི་འདུ་བ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དཔ་རྣམ་པ་ཤེས་པ་འདུ་བ་ཡང་མི་ཡིན། མི་འདུ ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད ་རྣམས་དང་། རྣམས་པར་ཤེས་པ་ནི་ཤེས་པའམ། མི་ཤེས་པ་ཡང་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར ་ཤེས་པ་ཤེས་པ་ཡང་མ་ཡིན། མི་ཤེ་པྲ་ཡང་མ་ཡིན་པ་ཡང་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར ་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རློམ་སེམས་སམ། གཡོ་བའམ། སྤྲོས་པ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རློམ་སེམས་སམ། གཡོ་བ་པ་མ་ཡི་ནི། སྤྲོས་པ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་འདུ་ཤེས་པ་མ་ཡིན། འདུ་ཤེས ་པ་མ་ཡིན་པ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་འདུ་ཤེས་མ་ཡིན། འདུ་ཤེས་པ་མ་ཡིན་པ ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། བདུ ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཉེ་བར་ཞི་བ་ཡང་མ་ཡིན། ཉེ་བར་ཞི་བ་ཡང་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད ་རྣམས་དང་། རྣམ་པར་ཤེས་པ་ཞི་བ་ཡང་མ་ཡིན། ཉེ་བར་ཞི་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར ་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ལྡོག་པ་ཡང་མ་ཡིན། མི་ལྡོག་པ་ཡང་མ་ཡིན་ཏེ། ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལྡོག་པ་ཡང་མ་ཡིན། ་མི་ལྡོག་པ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་ཕུང་པོ་ལྔ་པོ་དག་མངོན་པར་གྲུབ་པར་རྟོགས ་པ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི། གང་ཕུང་པོ་ལྔ་པོ་དག་མངོན་པར་གྲུབ་པར་རྟོགས་པ་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན ་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་ཁམ ་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་མངོན་པར་གྲུབ་པར་རྟོགས་པར་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི། གང་ཁམས་དང་། སྐྱེ་མཆེད ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་མངོན་དུ་འགྲུབ་པར་རྟོགས་པ་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ་ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་ཕྱིན་ཅི་ལོག་དང་། སྒྲིབ་པ་མངོན་དུ་འགྲུབ་པར་རྟོགས་པར ་བསྟན་པདེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི། གང་ཕྱིན་ཅི་ལོག་དང་། སྒྲིབ་པ་མངོན་དུ་འགྲུབ་པར་རྟོགས་པར་བསྟན་པ་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན ་ཉིད་དང་། གནན་མ་ཡིན་པ་དེ་བཞིན་ཉིད་དང། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ། གང་སྲེད ་པ་ར་སྤྲོད་པ་སུམ་བཅུ་རྩ་དྲུག་མངོན་པར་འགྲུབ་པར་རྟོགས་པ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི། གང་སྲེད་པར་སྤྱོད་པ་སུམ་བཅུ་རྩ་དྲུག་མངོན་དུ་འགྲུབ་པར ་རྟོགསོ་པ་བསྟེན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་།། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའོ།། རབ་ཀྱི་རྩལ་གྱི་ས་རྣམ་པར་གནོན་པ། གང་ལྟ་བར་གྱུར་པ་དྲུག་བཅུ་རྩ་གཉིས་མངོན་དུ་གྲུབ་པར་གཏོགས་པར་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན ་གྱི། ལྟ་བར་གྱུར་པ་དྲུག་བཅུ་རྩ་གཉིས་མངོན་པར་འགྲུབ་པར་རྟོགས་པ་བསྟན་པའི་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན ་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར ་འཇུག་པ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི། གང་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ ་འཛིན་དང་། སྙོམས་པར་འཇུག་པ་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་མངོན་པར་ཤེས་པ་ལྔ་པོ་དག་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་མ་ཡིན་གྱི། གང་མངོན་པར་ཤེས་པ་ལྔ་པོ་སྟན་པ་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ ་བཞིནི་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་འདུས་བྱས་སུ་གཏོགས་པ་འཇིག་རྟེན་གྱི་དགེ་བ་དང་། མི་དགེ་བའི ་ཆོས་ཐམས་ཅད་མངོན་པར་འགྲུབ་པར་རྟོགས་པར་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི། གང་དེ་དག་གི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད ་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་གང་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ ་མངོན་པར་གྲུབ་པར་རྟོགས་པ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི། གང་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་མངོན་པར་གྲུབ་པར་གཏོགས་པར་བསྟན་པའི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་དང་གཞན་མ་ཡིན ་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་འཕགས་པའི་བདེན་པ་བཞི་བསྟན་པ ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ། གང་བཔགས་པའི་བདེན་པ་པོ་ཞི་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད ་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ་ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཤེས་མཐོང་བ་རྣམ་པར་དག་པ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཟིན་པ་མ་ཡིན་གྱི། གང་ཆུག་ཁྲིམ་དང་། ་ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་རྣམ་པར་དག ་པའི་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བའི་དེ་བཞིན་ཉིད་དང་། གཞན་མ་ཡིན་པའི་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་འདུས་མ་བྱས་སུ་གཏོགས་པའི་འཇིག་རྟེན་ལས་འདས་པའི་མི་གནས་པ་ཟག་པ་མེད་པའི་ཆོས་རྣམས ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི། གང་འདུས་མི་བྱས་སུ་གཏོགས་པ། འཇིག་རྟེན་ལས་འདས་པ་མི་གནས་པ། ཟག་པ་མེད་པའི་ཆོས་རྣམས ་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིནི་ཉིད་དང་། གཞན་ལྡན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མི་སྐྱེ་བ་དང་། མངོན་པར་འདུས་མ་བྱས་པའི་ཆོས ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི། གང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མི་སྐྱེ་བ་དང་། མངོན་པར ་འདས་མ་བྱས་པ་བསྟན་པའི་དེ་བཞིན་ཉིད་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མི་སྐྱེ་བ་དང་། མངོན་པར་འདུས་མ་བྱས་པའི ་ཆོས་བསྟན་པའི་ཚེ་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་རིག་པ་དང་། རྣམ་པར་གྲོལ་བ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། མྱ་ངན་ལས་འདས ་པ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི། གང་རིག་པ་དང་། རྣམ་པར་གྲོལ་བ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། མྱ་ངན་ལས ་འདས་པ་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ཅིའི་ཕྱིར་ཞེ་ན། གཟུགས་སུ་གཏོགས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དེ་བཞིན་དུ་ཚོར་བ་དང་། འ། ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པར་གཏོགས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ས་དང་། ཆུ་དང་། མེ་དང་། རླུང་དང་། ན་མཁའ ་གཏོགས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད ་པའི་ཁམ་སུ་གཏོགས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འདུས་བྱས་དང་། འདུས་མ་བྱས་སུ་གཏོགས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། འཇིག ་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་སུ་གཏོགས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། དགེ་བ་དང་། ་མི་དགེ་བའི་ཆོས་སུ་གཏོགས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཞིང་། སེམས་ཅན་གྱི་ཁམས་སུ་གཏོགས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏེ་ཕྱིན་པ་མ་ཡིན་ཞིང་། ཆོས་དེ ་དག་ལས་རྣམ་པར་གྲོལ་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་དུ ་གཏོགས་པ་ཡང་མ་ཡིན། མི་གཏོགས་པ་ཡང་མ་ཡིན་ཏེ། གང་གཏོགས་པ་དང་། གང་མི་གཏོགས་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞ ་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱི་རྣམ་པར་གནོན་པ། དེ་བཞིན་ཉིད་ཅེས་བྱ་བ་གང་གི་ཚིག ་བླ་དགས་ཡིན་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་དམིགས་པའི་ཆོས་དེ་དག་ནི་དེ་བཞིན་དུ་མ་ཡིན་ཞིང་། གཞན་དུ་ཡང་མ་ཡིན ་ལ། ཇི་ལྟར་ཆོས་རྣམས་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་མཐོང་བའི་ཆོས་དེ་ལྟ་བུ་ནི་དེ་བཞིན་ཉིད་དང་། མ་ནོར ་བ་དེ་བཞིནི་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དེ། དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ནི་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་བྲིས་པའི་ཕྱིར ་རམ། འབེལ་བའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ།། ཆོས་གང་འདུ་བའི་ཕྱིར་རམ། འབྲལ་བའི་ཕྱིར་རམ། བྲི་བའི་ཕྱིར་རབ། གང་བའི་ཕྱིར་རམ། བསྩོགས་པའི་ཕྱིར ་རབ། མི་བསྩོགས་པའི་ཕྱིར་རབ། འཕོ་བའི་ཕྱིར་རམ། མི་འཕོ་བའི་ཕྱིར་རམ། སྐྱེ་བའི་ཕྱིར་རམ། ཀུན་འགོག་པའི་ཕྱིར་རམ། ཀུན་ནས་ཉོན་མོངས་པའི་ཕྱིར་རམ ་རྣམ་པར་བྱང་བའི་ཕྱིར་རམ། འཇུག་པའི་ཕྱིར་རམ། ལྡོག་པའི་ཕྱིར་རམ། ཀུན་འབྱུང་བའི་ཕྱིར་རམ། ནུབ་པའི་ཕྱིར་རམ། མཚོནི་ཉིད་ཀྱི་ཕྱིར་རམ། ་མཉམ་པའི་ཕྱིར་རམ། མི་མཉམ་པའི་ཕྱིར་རམ། ཀུན་རྫོགས་ཀྱི་ཕྱིར་རམ། དོན་དམ་གྱི་ཕྱིར་རམ། བདེ་བའི ་ཕྱིར་རམ། སྡུག་བསྔལ་བའི་ཕྱིར་རམ། རྟག་པའི་ཕྱིར་རམ། མི་རྟག་པའི་ཕྱིར་རམ། སྡུག་པའི་ཕྱིར་རབ། མི་སྡུག་པའི་ཕྱིར་རམ། བདག་གི་ཕྱིར ་རམ། བདག་མེད་པའི་ཕྱིར་རམ། བདེན་པའི་ཕྱིར་རམ། བརྫུན་པའི་ཕྱིར་རམ། བྱེད་བློའི་ཕྱིར་རམ། བྱེད་པ་པོ་མེད་པའི་ཕྱིར་རམ། འབྱུང་བའི་ཕྱིར། ་རམ། མི་འབྱུང་བའི་ཕྱིར་རམ། ངོ་བོ་ཉིད་ཀྱི་ཕྱིར་རམ། ངོ་བོ་ཉིད་མེད་པའི་ཕྱིར་རམ། འཆི་འཕོ་བོའི་ཕྱིར་རམ། བདེན་པའི་ཕྱིར་རམ། བརྫུན་པའི་ཕྱིར ་ན་རམ། བྱེད་པའི་ཕྱིར་རམ། བྱེད་པ་པོ་མེད་པའི་ཕྱིར་རམ། འབྱུང་བའི་ཕྱིར་རམ། མི་འབྱུང་བའི་ཕྱིར་རམ། ངོ་བོ་ཉིད་མེད་པའི་ཕྱིར་རམ། འཆི་འཕོ་བའི་ཕྱིར་མ ་སྐྱེ་བའི་ཕྱིར་རམ། མི་སྐྱེ་བའི་ཕྱིར་རམ། མངོན་པར་གྲུབ་པའི་ཕྱིར་རམ། སྐྱེ་བའི་ཕྱིར་རམ། སྐྱེ་བ་ཀུན་འབྱུང་བའི་ཕྱིར་རམ། ཚོགས་པའི་ཕྱིར་རམ། མ ་ཚོགས་པའི་ཕྱིར་རམ། འདོད་ཆགས་དང་བཅས་པའི་ཕྱིར་རམ། འདོད་ཆགས་དང་བྲལ་བའི་ཕྱིར་རམ། ཞེ་སྡང་དང་བཅས་པའི་ཕྱིར་རམ། ཞེ་སྡང་དང ་བྲལ་བའི་ཕྱིར་རམ། གཏི་མུག་དང་བཅས་པའི་ཕྱིར་རམ། གཏི་མུག་དང་བྲལ་བའི་ཕྱིར་རམ། ཕྱིན་ཅི་ལོག་པའི་ཕྱིར་རམ། ཕྱིན་ཅིམ་ལོག་པའི་ཕྱིར་རམ། ་དམིགས་པའི་ཕྱིར་རམ། དམིགས་པ་མེད་པའི་ཕྱིར་རམ། ཟད་པའི་ཕྱིར་རམ། མི་ཟད་པའི་ཕྱིར་རམ། ཤེས་པའི་ཕྱིར་རམ། མི་ཤེས་པའི་ཕྱིར ་རམ། དཔའ་བའི་ཕྱིར་རམ། མཐོ་བའི་ཕྱིར་རམ། ཕན་པའི་ཕྱིར་རམ། མི་ཕན་པའི་ཕྱིར་རམ། འགྲོ་བའི་ཕྱིར་རམ། མི་འགྲོ་བའི་ཕྱིར་མ། ་ཡོད་པའི་ཕྱིར་རམ། མེད་པའི་ཕྱིར་རམ། རྗེས་སུ་ཆགས་པའི་ཕྱིར་རམ། ཁོང་ཁྲོ་བའི་ཕྱིར་རམ། སྣང་བའི་ཕྱིར་རམ། མུན་པའི་ཕྱིར་རམ། ་ལེ་ལོའི་ཕྱིར་རོམ། བརྩོན་འགྲུས་བརྩམས་པའི་ཕྱིར་རམ། སྟོང་པ་ཉིད་ཀྱི་ཕྱིར་རམ། སྟོང་པ་ཉིད་མ་ཡིན་པའི་ཕྱིར་རམ། མཚན་མའི་ཕྱིར་རམ། ་མཚན་མ་མེད་པའི་ཕྱིར་རམ། སྨོན་པའི་ཕྱིར་རམ། སྨོན་པ་མེད་པའི་ཕྱིར་རམ། མངོན་པར་འདུ་བའི་ཕྱིར་རམ། མངོན་པར་འདུ་མི་བྱེད་པའི་ཕྱིར ་རམ། ནུབ་པའི་ཕྱིར་རམ། ནུབ་པ་མ་ཡིན་པའི་ཕྱིར་རམ། རིག་པའི་ཕྱིར་རམ། རྣམ་པར་གྲོལ་བའི་ཕྱིར་རམ། ཞི་བའི་ཕྱིར་རོམ། ་ཉེ་བར་ཞི་བའི་ཕྱིར་རམ། འགྲུབ་པའི་ཕྱིར་རམ། མི་འགྲུབ་པའི་ཕྱིར་རམ། ཚུལ་བཞིན་གྱི་ཕྱིར་རམ། ཚུལ ་བཞིན་མ་ཡིན་པའི་ཕྱིར་རམ། ཡོང་སུ་ཤེས་པའི་ཕྱིར་རམ། ཡོངས་སུ་མི་ཤེས་པའི་ཕྱིར་རམ། ངེས་པར་འབྱུང་བའི་ཕྱིར་རམ། ངེས་པར་འབྱུང་བ་མ་ཡིན ་པའི་ཕྱིར་རམ། འདུ་བའི་ཕྱིར་རམ། འདུ་བ་སྨིན་པའི་ཕྱིར་རམ། ཚུལ་ཁྲིམས་ཀྱི་ཕྱིར་རམ། འཆལ་པོའི་ཚུལ་ཁྲིམས་ཀྱིས་ཕྱིར་རམ། རྣམས ་པར་གཡེང་བའི་ཕྱིར་རམ། རྣམས་པར་གཡེང་བ་མ་ཡིན་པའི་ཕྱིར་རམ། ཤེས་རབ་ཀྱིས་ཕྱིར་རམ། འཆལ་བའི་ཕྱིར་རམ། འཆལ་པའི་ཤེས ་རབ་ཀྱི་ཕྱིར་རམ། རྣམས་པར་ཤེས་པའི་ཕྱིར་རམ། རྣམ་པར་ཤེས་པར་མ་ཡིན་པའི་ཕྱིར་རམ། གནས་པའི་ཕྱིར་རམ། མི་གནས་པའི་ཕྱིར་རམ། སྐལ་བ ་མཉམ་པའི་ཕྱིར་རམ། སྐལ་པ་མི་མཉམ་པའི་ཕྱིར་རམ། འབྱུང་བའི་ཕྱིར་རམ། འཇིག་པའི་ཕྱིར་རམ། ཐོབ་པའི་ཕྱིར་རམ། མ་ཐོབ་པའི་ཕྱིར་རམ། ་མངོན་པར་རྟོགས་པའི་ཕྱིར་རམ། མངོན་པར་རྟོགས་པ་མ་ཡིན་པའི་ཕྱིར་རམ། མངོན་གསུམ་དུ་བྱ་བའི་ཕྱིར་རམ། མངོན་གསུམ་དུ་བྱ་བ་མ་ཡིན་པའི་ཕྱིར་རམ། ་རབ་ཏུ་རྟོགས་པའི་ཕྱིར་རམ། རབ་ཏུ་རྟོགས་པའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ།། །། དེ་བཞིནི་ཉིད་ཀྱི་ལེའུ་སྟེ་གསུམ་པའོ།། ། རབ་ཀྱི་རྩལ་གྱིས ་རྣམ་པར་གནོན་པ། འདི་ལྟ་སྟེ་དཔེར་ན། སྐྱེས་བུ་རྨི་ལམ་རྨིས་པས། རྨི་ལམ་གྱིས་རང་བཞིན་བཤད་པ་བསྟན་ཀྱང་། རྨི་ལམ་གྱི་རང་བཞིན་བསྟན་པ་མེད་དོ།། ་དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་ཉིད་ཀྱང་མེད་ན། རྨི་ལམ་གྱི་རང་བཞིན་བསྟན་པ་ལྟ་ག་ལ་ཡོད།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའི་རང་བཞིན་སྟོན་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གང་ཡང་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ་དཔེར་ན། ་རྨི་ལམ་ན་ཆོས་གང་ཡང་བསྟན་པར་ཉེ་བར་གནས་པ་མ་ཡིན་ནོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་ཆོས་གང་ཡང་བསྟན་པར་ཉེ་བར་གནས་པ་མ་ཡིན་ནོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ། དཔེར་ན། སྒྱུ་མ་མཐོང་བའི་སྐྱེས་བུ་སྒྱུ་མའི་རང་བཞིན་བཤད་སྟོན་ཀྱང་། སྒྱུ་མའི་རང་བཞིན་གང་ཡང་མེད་ན། སྒྱུ ་མིའི་རང་བཞིན་བསྟན་པའི་ངོ་བོ་ཉིད་ལྷག་པ་ཡོད།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོ་སྟོན་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གང་ཡང་མེད་དོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་ཆོས་གང་མངོན་པར་འགྲུབ་པའི་ཕྱིར་ཡང་ཉེ་བར ་གནས་པ་མ་ཡིན་ནོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་། ཆོས་གང་མངོན་པར་གྲུབ་པའི་ཕྱིར་ཡང་ཉེ་བར་གནས་པ་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་འདི་ལྟ་སྟེ་དཔེར་ན། མིག་ཡོར་མཐོང་བའི་སྐྱེས་སུ་མིག་ཡོར་གྱི་རང་བཞིན་སྟོན་ཀྱང་། མིག་ཡོར་གྱི་རང་བཞིན་གང་ཡང་མེད་ན། མིག་ཡོར་གྱི་རང་བཞིན་བསྟན་པ་ལྟ་ག་ལ་ཡོད། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གང་ཡང་མེད་ན། ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པའི་རང་བཞིན་བསྟན་པ་ལྟ་ག་ལ་ཡོད།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ་དཔེར་ན། མིག་ཡོར་ནི་ཆོས་བསྟན་པར་ཡང་ཉེ་བར་གནས་པ་ཡང་མ་ཡིན། ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་གང་བསྟན་པར་ཉེ་བར་གནས་པ་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ། དཔེར་ན། སྨིག་སྒྱུ་མཐོང ་བའི་སྐྱེས་བུ་སྨིག་སྒྱུ་བཤད་པ་བསྟོན་ཀྱང་། སྨིག་སྒྱུ་བསྟན་པ་གང་ཡང་མེད་ན། སྨིག་སྒྱུ་བསྟན་པའི་རང་བཞིན་ལྟ་ག་ལ་ཡོད།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་བསྟན་པའི་རང་བཞིན་གང་ཡང་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར ་གནོན་པ། འདི་ལྟ་སྟེ་དཔེར་ན། སྨིག་སྦྱིནི་ཆོས་གང་བསྟན་པར་གནས་པ་མ་ཡིན་ནོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་། ཆོས་གང་བསྟན་པར་ཡང ་ཉེ་བར་གནས་པ་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ། དཔེར་ན་བྲག་ཆའི་སྤྱོད་ཡུལ་གནས་པའི་སྐྱེས་བུས། བྲག་ཆེའི་སྒྲ་ཐོས་ཀྱི་དེ་ནི་མི ་མཐོང་སྟེ། ནམ་བདག་གི་སྒྲ་ཕྱུང་བ་དེའི་ཚེ་སྒྲ་དེ་ཐོས་སོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཚིག་ཐོས་པར་འགྱུར་ཡང་། ཆོས་གང་བསྟན་པ་ཐོས ་པར་འགྱུར་བ་མེད་དེ། གཞན་དུ་ནམ་མངོན་པར་བཤད་པ་དེའི་ཚེ་ཀུན་ཤེས་ཤིང་ཐོས་པའི་ལམ་དུ་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ། འདཔེར་ན། ་ལྔ་བ་སྔོས་པ་མཐོང་བའི་སྐྱེས་བུ། ལྦ་བསྔོས་པའི་རང་བཞིན་སྟོན་ཀྱང་། ལྦུ་བ་རྡོས་པའི་རང་བཞིན་ནང་ངམ་ཕྱི་ནས་ཀྱང་མི་དམིགས་ན། དེ་བསྟན་པའི་རང་བཞིན་དམིགས ་པར་ལྟ་ག་ལ་འགྱུར། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་མི་དམིག་སོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ་དཔེར་ན། ལྦུབ་རྡོས་པ་དེ་ནི་ཆོས་གང་ཡང་མངོན་པར་འགྲུབ་པའི་རང་བཞིན་དུ་ཉེ་བར ་མི་འགྲོའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་གང་མངོན་པར་འགྲུབ་པའི་རང་བཞིན་དུ་ཡང་ཉེ་བར་མི་འགྲོའོ།། རབ་ཀྱི ་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ། དཔེར་ན་ཆུའི་ཆུ་བུར་མཐོང་བའི་སྐྱེས་བུས། ཆུའི་ཆུ་བུར་གྱི་རང་བཞིན་སྟོན་ཀྱང་ཆུའི་ཆུ་བུར་གྱི་རང་བཞིན་ཡང་མེད་ན། ་ཆུའི་ཆུ་བུར་གྱི་རང་བཞིན་བསྟན་པ་ལྟ་ག་ལ་ཡོད།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང ་བཞིན་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ། དཔེར་ན་ཆུའི་ཆུ་བུ་རིན་ཆོས་གང་མངོན་པར་འགྲུབ་པར་འབྱུང་བར་ཉེ་བར་གནས་པ་མ་ཡིན་ནོ།། རབ་ཀྱི ་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ་དཔེར་ན། སྐྱེས་བུས་ཆུ་ཤིང་གི་སྙིང་པོ་ཀུན་དུ་བཙལ་ཡང་མི་རྙེད་མོད་ཀྱི། འོན་ཀྱང་དེའི་འདབ་མ་རྣམས་ཀྱིས་དགོས་པ་བྱེད་དོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སྙིང་པོ་མེད་མོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པས་དགོས་པ་ཡང་བྱེད་དོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ན་མཁའི་སྟོང་པར་ཐ་སྙད་འདོགས་ཀྱང་ནམ་མཁའ་ལ་ནི་བསྟན་པ་ཅི་ཡང་མེད་དོ།། རབ་ཀྱི་རྩལ་གྱིས ་རྣམ་པར་གནོན་པ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཐ་སྙད་འདོགས་ཀྱང་། ཆོས་གང་བསྟན་པ་ཡང་ཐ་སྙད་གདགས་པར་བྱ་བ་མེད་དོ།། རབ་ཀྱི ་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ་དཔེར་ན། ན་མཁའ་ཞེས་ཐ་སྙད་འདོགས་ཀྱང་། ཆོས་གང་ཡོངསུ་འགྲུབ་ཅང་ཐ་སྙད་གདགས་པ་མེད་དོ།། རབ་ཀྱི་རྩལ ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཐ་སྙད་འདོགས་ཀྱང་། ཆོས་གང་བསྟན་པར་ཡང་ཐ་སྙེད་དུ་གདགས་པ་མེད་དོ།། རབ་ཀྱི་རྩལ་གྱིས ་རྣམ་པར་གནོན་པ། འདི་ལྟ་སྟེ།། གྲིབ་མ་དང་། ཉི་ལོགས་ཞེས་ཐ་སྙད་འདོགས་ཀྱང་། དེ་གཉིས་ནི་ཆོས་གང་ཡོངས་སུ་གྲུབ་པའི་ཕྱིར་ཡང་ཉེ་བར་མི་གནས་ལ། ་སྣང་བ་ཡང་མངོན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཐ་སྙད་དུ་འདོགས་པོའི་ཚིག་ཏུ་འགྲོ་ཡང་། ཆོས་གང་བསྟན ་པར་ཡང་ཐ་སྙད་ཀྱི་ཚིག་ཏི་མི་འགྲོ་ལ། ཆོས་རྣམས་སྣང་བ་བྱེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་སྤང་བ་ན ་འདུ་ལ་གས་པ་ཡང་བདེན་མ་མ་མེ་། ནམ་གྱིས་རྣམ་པ་ས་ས ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣང་བའི་བྱ་བ་ཆེན་པོས་ཉེ་བར་གནས་ཀྱང་སྣང་བ་དེ་ནང་ངམ་ཕྱི་རོལ་དུ་ཉེ་བར་གནས་པར་མི་འགྲོའོ།། རབ་ཀྱི་རྩལ་གྱིས་རྣམ་པར ་གནོན་པ། འདི་ལྟ་སྟེ་དཔེར་ན། ཡུངས་མར་གྱི་མར་མེ་བུས་ན། དེའི་འོད་འཕྲོ་བ་སུད་ཙམ་ཡང་མི་གནས་མོད་ཀྱི། སྣང་བ་དེས་གཟུགས་རྣམས་ཀྱང་མཐོང་བར ་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་མི་གནས་མོད་ཀྱི། ཆོས་རྣམས་ཀྱི་སྣང་བའི་བྱ་བ་ཡང ་བྱེད་དོ། སྣང་བ་དེས་འཕགས་པ་རྣམས་ཆོས་ཐམས་ཅད་ཡང་དག་འ་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཀྱི ་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུཕྱིན་པ་ཡོངས་སུ་མ་གྲུབ་པ་བསྟན་པ་ངོ་མཚར་ལགསོ།། ་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤི་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དེ་བཞིན་ཏེ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ།། ་གཟུགས་ཡོངས་སུ་གྲུབ་བས་ཤེས་རབ་གྱི་རོལ་ཕྱིན་པ་ཡོངས་སུ་གྲུབ་གོ།། ཚོར་བ་བ་འཤེས་དབ་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མཐུལ ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུམ་གྲུབ་བོ།། མ་རིག་པ་ཡོངས་སུ་མ་གྲུབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་གྲུབ་བོ།། འདུ་བྱེད་ཡོངས་སུམ ་གྲུབ་པ་དང་། རྣམ་པར་ཤེས་པ་ཡོངས་སུ་མ་གྲུབ་པ་དང་། མིང་དང་གཟུགས་ཡོངས་སུ་མ་གྲུབ་པ་དང་། སྐྱེ་མཆེད་དྲུག་ཡོངས་སུ་མ་གྲུབ་པ་དང་། རེག་པ་ཡོངས་སུ་མ་གྲུབ ་པ་དང་། ཚོར་བ་ཡོངས་སུ་མ་གྲུབ་པ་དང་། སྲེད་པ་ཡོངསུ་མ་གྲུབ་པ་དང་། ལེན་པ་ཡོངས་སུ་མ་གྲུབ་པ་དང་། སྲིད་པ་ཡོངས་སུ་མ་གྲུབ་པ་དང་། སྐྱེ་བ་ཡོངས་སུ་མ ་གྲུབ་པ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ཡོངས་སུ་མ ་གྲབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་གྲུབ་པོ།། ཁམས་དང་། སྐྱེ་མཆེད་ཡོངས་སུ་མ་གྲུབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་གྲུབ ་པོ།། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་དང་། ཕྱིན་ཅི་ལོག་པ་དང་། སྒྲིབ་པ་དང་། ལྟ་བ་རྣམ་པར་སྤྱོད་པ་དང་། ་ཕྲོག་པར་ང་ཉེ་བར་ཕྲོགས་པ་ཡོངས་སུ་འགྲུབ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མགྲུ་བོ།། འདེབ་དས ་སྡུག་བསྔལ་བ་དང་། བདེ་བ་ཡངས་མ་ཡིན། སྡུག་བསྔལ་བ་ཡང་མི་པཱི་ཡོངས་སུ་མ་གྲུབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་གྲུབ་པོ།། སྐྱེ་བ་དང་། ་འཇིག་པ་དང་། གནས་པ་དང་། གཞན་དུ་འགྱུར་བ་ཡོངས་སུ་མ་གྲུབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་གྲུབ་བོ།། ཀུན་འབྱུང་བ་དང་ནུབ་པ་དང་། ་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེ་བ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་པོ་པོ་དང་། བྱེད་དུ་འཇུག་པ ་དང་། སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་པོ་དང་། ཤེས་པར་བྱེད་པ་པོ་དང་། ཤེས་པར་བྱེད་དུ་འཇུག་པ་ཡོངས་སུ་མ་གྲུབ་པས།། ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ཡོངས་སུ་མ་གྲུབ་བོ།། བདེན་པ་དང་། རྫུན་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། འགྲོ་བ་དང་། མི་འགྲོ་བ་དང་། མཐོང་བ་དང་། བཅས་པ་དང་། ་མཐོང་བ་དང་། ནད་དང་། ཕྱི་ཡོངས་སུ་མ་གྲུབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་གྲུབ་བོ།། ས་དང་། ནུ་དང་། མེ་དང་། རླུང་དང་། འདོང་ས། ་དང་གཟུགས་དང་། གཟུགས་མེད་པ་དང་། ནམ་མཁའ་དང་། རྣམ་པར་ཤེས་པ་དང་། ཆོས་ཀྱི་ཁམས་ཡོངས་སུ་མ་གྲུབ་པས། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་གྲུབ་བོ།། ལས་ཀྱི་རྣམ་པར་སྨིན་པ་དང་། རྒྱུ་དང་། རྐྱེན་དང་། ཆད་པ་དང་། རྟག་པ་དང་། འདས་པ་དང་། མ་འོངས་དང་། ད་ལྟར་བྱུང་བ ་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་དང་། ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་དང་། བཟོད་པའི་དང་། གནོད་སེམས་དང་། བརྩོན ་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་པའི་ཤེས་དང་། སེམས་དང་། ཡིད་དང་། རྣམ་པར་ཤེས ་པ་དང་། དེ་མ་ཐག་དང་། འཆི་འཕོ་བ་དང་། སྐྱེ་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། འཕགས་པའི་བདེན་པ་དང་། ཚད་མེད་པ་དང་། བསམ ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ ་མེད་པ་དང་། དགེ་བ་དང་། མི་དགེ་བ་དང་། ཟབ་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འཇིག་རྟེན་པ་དང་། འཇིག ་རྟེན་ལས་འདས་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ལུང་དུ་བསྟན་པ་དང་། ལུང་དུ་མ་བསྟན་པ ་དང་། དཀར་པོ་དང་། ནག་པོ་དང་། དཀར་ནག་མ་ཡིན་པ་དང་། གཏོག་པ་དང་། མི་གཏོགས་པ་དང་། ངན་པ་དང་། བཟང་པོ་དང་། འབྲིང་ངམ། འདོད་ཆགས ་དང་། 3་ཞེ་སྡང་དང་། གཏི་མུག་དང་། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་དང་། རློམ་སེམས་དང་། གནས་པ་དང་། རྣམ་པར ་རྟོགས་པ་དང་། དཔྱོད་པ་དང་། རྣམ་པར་སྤྱོད་པ་དང་། དམིགས་པ་དང་། སྒྱུ་དང་། ཕྲ་དོག་དང་། སེར་སྣ་དང་། འདུ་བ་དང་། གཉིས་ཀྱི་མཚན་ཉིད་དང་། མ ་སྐྱེས་པ་དང་། མངོན་པར་འདུ་མི་བྱེད་པ་དང་། ཞི་གནས་དང་། ལྷག་མཐོང་དང་། རིག་པ་དང་། རྣམ་པར་གྲོལ་བ་དང་། ཟད་པ་དང་། འདོད་ཆགས་དང་བྲལ་བ ་དང་། འགོག་པ་དང་། ཕུང་པོ་ཐམས་ཅད་ངེས་འདོར་བ་དང་། འབྱུང་བ་དང་། ཀུན་རྫོབ་དང་། དོན་དམ་པ་དང་། ཉན་ཐོས་ཀྱི་ས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས། ་རང་སངས་རྒྱས་ཀྱི་སཾ་དང་། ་དང་། ཆགས་པ་མེད་པའི་ཡེ་ཤེས་དང་རབ་བྱུང་གི་ཡེ་ཤེས་དང་། མི་མཉམ་པ་དང་མཉམ་པའི་ཡེ་ཤེས་དང་བྱང་ཆུབ་སེམས་དཔའི་སྨོན་ལམ་དང་ཉན་ཐོས་ཀྱི ་དགེ་འདུན་དང་། སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་དང་། ཚད་མེད་པར་རྟོགས་པ་དང་། མི་མཉམ་པ་དང་། མཉམ་པའི་ཆོས་ཀྱི་ཡེ་ཤེས་དང་། ཆོས་ཐམས་ཅད་ཇི་ལྟ་བ ་བཞིན་བསྟན་དུ་མེད་པ་དང་། ཆོས་ཐམས་ཅད་ཤེས་པ་དང་། མཐོང་བ་ཡོང་སུ་མ་གྲུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོང་སུ་མ་གྲུབ་བོ།། བསིལ་བར་གྱུར་པ་དང་། ཞི་བ་དང་། རབ་ཏུ ་ཞི་བ་ཡོངསུ་མ་གྲུབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་མ་གྲུབ་པོ།། སེམས་ཅན་ཡོངསུ་སྨིན་པར་བྱ་བ་ཡོངསུ་མ་གྲུབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་མ་གྲུབ་བོ།། ་མཚན་ཕུན་སུམ་ཚོགས་པ་དང་། སངས་རྒྱས་ཀྱི་ཞིང་ཡོང་སུ་དག་པ་དང་། སངས་རྒྱས་ཀྱི་སྟོབས་དང་། མི་འཇིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝོ་བརྒྱས་ཡོངསུ་མ་གྲུབ་པས། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་མ་གྲུབ་བོ།། མྱ་ངན་ལས་འདས་པ་ཡོངསུ་མ་གྲུབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་མ་གྲུབ་བོ།། དགེ་བ་དང་མི་དགེ་བའི་ཆོས་ཐམས ་ཅད་ཀྱི་བར་དུ་ཡོང་སུ་མ་གྲུབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་མ་གྲུབ་སྟེ། དེ་བཞིན་དུ་ཐམས་ཅད་ལ་ཡང་རྒྱས་པར་སྦྱོར་རོ།། ཤི་རིའི་བུ་འདི་ལྟ་སྟེ་དཔེར་ན། ན་མཁའ་ཡིན ་གཟུགས་མོད། བསྟན་དུ་མེད། དངོས་པོ་མེད་དེ་ཡོང་སུ་མ་གྲུབ་བོ།། དེ་བཞིན་དུ་ཤེས་རབ་ཀྱ་རོལ་ཏུ་ཕྱིན་པ་ཡང་། གཟུགས་མེད་པ། བསྟན་དུ་མེད་པ། དངོས་པོ་མེད་ཡོངསུ་མགྲུབ་བོ། ་ཤི་རིའི་བུ་འདི་ལྟ་སྟེ་དཔེར་ན། འཇའ་ཚོན་གྱི་རྣམ་པ་སྣ་ཚོགས་ཀུན་ཏུ་སྣང་ཡང་། དེ་ལ་ཚོན་གང་ཡང་ཡོངསུ་གྲུབ་པ་མེད་དེ་མེ་དམིག་སོ།། ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསྟན་པ་སྣ་ཚོགས་ཉེ་བར་གནས་མོད་ཀྱི། དེ་ལ་བསྟན་པའི་རང་བཞིན་གང་ཡང་མི་དམིག་སོ།། ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན། ནམཁ ་ལ་སོར་མོ་ལྔ་ཡོངསུ་གྲུབ་པར་མངོན་ནམ་ཡང་སུས་ཀྱང་མ་མཐོང་ངོ་།། ཤི་རིའི་བུ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་གྲུབ་པའི་རང་བཞིན་སྔོན་ནམ་ཡང་སུས་ཀྱང་མ་མཐོང་ངོ་།། ་དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤི་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐོང་བར་དཀའ་བ་ལག ་སོ།། བཀའ་སྩལ་པ། ཤི་རིའི་བུ་འདི་ལྟར་སུ་ལ་ཡང་མཐོང་བར་ཉེ་བར་མི་འགྲོའོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཁོང་དུ་ཆུད་པར་དཀའ་བ་ལག་སོ།། ་བཀའ་སྩལ་པ། ཤི་རིའི་བུ་ལྟར་འདི་ལ་ནི། གང་མངོན་པར་རྫོགས་པར་གཏོགས་པ་ཡོངསུ་གྲུབ་པའི་ཆོས་གང་ཡང་མི་དམིག་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་འདི་ནི་བསྟན་དུ་མ་མཆིས་ལག་སོ།། བཀའ་སྩལ་པ། ཤི་རིའི་བུ་འདི་ལྟར་ཆོས་གང་ཡང་བསྟན་པར་ཡང་ཉེ་བར་གནས་པ་མ་ཡིན་ནོ།། གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་འདི་ནི་རང་བཞིན་མ་མཆིས་པ་ལགས་སོ།། བཀའ་བསྩལ་པ། ཤ་རིའི་བུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རང་བཞིན། ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རང་བཞིན་མེད་དོ།། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་རང་བཞིན་མེད་དོ།། ཕྱིན་ཅི་ལོགས་དང་། སྒྲིབ་པ་དང་། ལྟ་བར་གྱུར་པ་དང་། སྲེད་པ་རྣམ་པར་སྤྱོད་པ་རང་བཞིན་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་རང ་བཞིན་མེད་དོ།། བདག་དང་། སེམས་ཅན་དང་། སྲོགས་དང་། གསོ་བ་དང་། སྐྱེ་བུ་དང་། རྨགང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་པ་པོ་དང་། ་བྱེད་དུ་འཇུག་པ་པོ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་རང་བཞིན་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེདོ།། ས་དང་། ་ཆུ་དང་མེ་དང། རླུང་དང་ནམཁའི་དང་། རྣམ་པར་ཤེས་པ་དང་། ཆོས་ཀྱི་ཁམས་རང་བཞིན་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་དོ།། འདོད་པ་དང་། ་གཟུགས་དང་། གཟུགས་མེད་པའི་ཁམས་རང་བཞིན་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་མྱེད་དོ།། ཚུལ་ཁྲིམས་དང་། བཆལ་བའི་ཚུལ་ཁྲིམས་དང་། ་བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། ་འཆལ་པའི་ཤེས་རབ་དང་། རང་བཞིན་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་དེ།། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་རང་བཞིན་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་རང་བཞིན་མེད་དོ།། འཕགས་པའི་བདེན་པ་དང་། ཞི་གནས་དང་། ལྷག་མཐོང་དང་། མངོན་པར་ཤེས་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམ ་པར་འཇུག་པ་རང་བཞིན་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་དོ།། རིགས་པ་དང་། རྣམ་པར་གྲོལ་བ་རང་བཞིན་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན ་མད་དོ། ཟད་པ་དང་། བདེད་ཆགས་དང་བྲལ་བ་དང་། འགོག་པ་རང་བཞིན་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་དོ།། མྱ་ངན་ལས་འདས་པ་རང་བཞིན་མེད་པས། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་དོ།། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། སངས་རྒྱས་ཀྱི་ས་རང་བཞིན་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་དེ།། ་དོན་དམ་པ་བསྟན་པ་དང་། ཀུན་རྫོབ་རང་བཞིན་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་དོ།། ཆགས་པ་མེད་པའི་ཡེ་ཤེས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་བཞིན་མེད་པ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་དོ།། དེ་སྐད་ཅེས་བཀའ་སྩལ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་ད་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་གང་ཡང་ཡོངས་སུ་འགྲུབ་པའི་སླད་དུ་ཉེ་བར་གནས་པ་མ་ལགས། འགོག་པའི་པའི་སླད་དུ་མ་ལགས་སོ།། བཀའ་སྩལ་པ། ཤ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའི་ཆོས་གང་སྐྱེ་བའི་ཕྱིར་རམ། ཡོངས་སུ་གྲུབ་པའི་ཕྱིར་རམ། འགོག་པའི་ཕྱིར་རམ། བདག་མེད་པའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ།། གསོལ་པ། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་འདི། ཆོས་གང་ཡང་དམིགས་པའི་ཚུལ་གྱིས་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤ་རིའི་བུ་འདི་ལྟར་ཆོས་ཉིད་ཀྱང་མེད་ན། གང་ལ་དམིགས་པར ་འགྱུར་ཏི་འདི་ལྟར་ཆོས་ཐམས་ཅད་དམིགས་པ་མེད་དེ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་བྲི་བ་འམ། འཕེལ་བའི་སླད་དུ་ཉེ་བར་གནས་པ ་བ་མ་ལགས་སོ།། བཀའ་སྩལ་པ། ཤ་རིའི་བུ་འདི་ལྟར་ཤ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་འབྲི་བར་འགྱུར་བ་འམ། འཕེལ་བར་འགྱུར་བའི་ཆོས་གང་ཡང ་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་གང་ལས་ཡང་དག་པར་འདྲ་བའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ།། བཀའ ་སྩལ་པ། ཤཪྵ་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཡང་དག་པར་འདའ་བར་བྱ་བའི་ཆོས་གང་ཡང་མི་དམིགས་སོ།། ་གསེལ་བ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་གང་ཡང་འབྲི་བ་འམ། སྩོགས་པའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤ་རིའི་བུ་འདི ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་བ་བྱི་བ.ལཾ། སྩོགས་པར་འབྱུར་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་གང ་ཡང་འདྲ་བ་འམ། འབྲལ་བའི་སླད་ད་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདེ་ནི་ཀུན་དུ་སྦྱོར་བའི་མི་སྦྱོར་བ་གང་ཡ ་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་གི་ཚུལ་ལམ། ཚུལ་མ་ལགས་པའི་སླད་དུ་ཉེ་བར་གནས་པ་མ་ལག་སོ།། བཀའ ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་བཀར་བ་འམ། རྣམ་པར་བཀུར་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་བ། བཅོམ་ལྡན་འདས་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། འདི་ནི་ཆོས་ལ་ཕན་པ་འམ། གནོད་པའི་སླད་དུ་ཉེ་བར་གནས་པ་མ་ལག་སོ།། བཀའ་སྩལ་པ། ཤ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ལ་ཕན་པ་དམ། ་གནོད་པར་བྱ་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་འབྱུང་བ་འམ། མི་འབྱུང་བའི་སླད་དུ་ཉེ་བར་གནས་པས་ལག་གོ།། ་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་འབྱུང་བ་འམ། མི་འབྱུང་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་བ། བཅོམ་ལྡན་འདས་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ཡང་སྤོར་བ་འམ། མི་སྦྱོར་བའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གང་སྦྱོར་བ ་འབ། མི་སྦྱོར་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་གང་དང་ཡང་གནས་པ་འམ་མི་གནས་པའི་སླད་དུ་ཉེ་བར་གནས ་པ་མ་ལགས་སོ།། བཀའ་སྩལ་པ། ཤ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་གང་གནས་པར་བྱེད་པ་འམ། གནས་པར་མི་བྱེད་པའི་ཆོས་གང ་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གང་འཇུག་པ་འམ། ལྡེག་པའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ།། ་བཀ་འཕྲུལ་པ་། རིའི་བུ་འདི་ལྟར་གིས་རབ་ཀྱི་རོལ་ཏུ་ཕྱིན་པ་ན་ཆོས་གང་འདུག་པ་འབ། ལྡོག་པའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་གང་གིས་བྱ་བླམ། བྱེད་པའི་སླད་དུ་ཉེ་བར་གནས་པ་ལགས་སོ།། བཀའ ་སྩལ་པ། ཤ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་གིས་བྱ་བ་འམ། བྱེད་པར་འགྱུར་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་བ། ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གང་གི་མཉམ་པ་འམ། མི་མཉམ་པའི་སླད་དུ་ཉེ་བར་གནས་པ་ལགས་སོ།། བཀའ་སྩལ་པ། ཤ་རིའི་བུ་འདི་ལྟར་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་མཉམ་པ་ཉིད། མི་མཉམ་པའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི ་ཆོས་གང་ཡང་བསྡུད་པ་འམ། ཀུན་བསྡད་པའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤ་རིའི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆེས་གང་བསྡད་པར་བྱ། ་བའམ། འདོར་བར་བྱ་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བགྱི་བ་གང་གིས་ཀྱང་ཉེ་བར་གནས་པ ་མ་ལགས་སོ།། བཀའ་སྩལ་པ། ཤ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་བྱ་བ་མེད་པའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་གཟུགས་ཟབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ།། ་ག་རིའི་བུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་བཟབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ།། མ་རིག་པ་ཟབ་པས། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ཟབ་པོ།། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་རྙེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་དང་འདེན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་ཟབ་པས། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ།། བྱིན་ཅི་ལོག་ཟབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ།། སྒྲིབ་པ་ལྔ་ཟབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ།། ་ལྟ་བ་ཟབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ།། བདག་ཟབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པོ།། སེམས་ཅན་ཟབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཟབ་བོ།། སྤྲོས་པ་ཟབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ།། སྤྲོས་པ་མེད་པ་ཟབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པོ།། ཚུལ་ཁྲིམས་དང་། འཆལ ་ཚུལ་ཁྲིམས་ཟབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པོ།། བཟོད་པ་དང་། གནོད་སེམས་དང་། ་བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་པའི་ཤེས་རབ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི ་ཡན་ལགས་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། ཕྱིན་ཅི་མ་ལོགས་པ་དང་། ལམ་ཡན་ལག་བརྒྱད་པ་དང་། སྡུག་བསྔལ་དང་། ཀུན ་འབྱུང་བ་དང་། འགོག་པ་དང་། ལམ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། དུས་གསུམ་མཉམ ་པ་ཉིད་ཟབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པོ།། མི་འཇིགས་པ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་དང་། མངོན་པར་ཤེས་པ་ཟབ་པས། ཤེས་རབ་ཀྱི་ཕ་རོལ ་ཏུ་བྱིན་པ་ཟབ་བོ།། འདས་པ་དང་། མ་འོངས་དང་། ད་ལྟར་བྱུང་བ་ཐེགས་པ་མེད་པའི་ཡེ་ཤེས་ཟབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ།། སངས་རྒྱས་དང་ཆོས ་དང་། དགེ་འདུན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པོ།། ཟད་པ་ཤེས་པ་དང་། མི་འགོག་པ་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་དང་། འདོད་ཆགས ་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ།། སྒྲིབ་པ་ཟད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ།། ཤ་རིའི་བུ་འདི་ལྟ་སྟེ་དཔེར་ནི། རྒྱ་མཚོ་ནི་རྒྱ་ཆེ་ཞིང་ཟབ་སྟེ ་དཔག་ཏུ་མེད་དོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྒྱ་ཆེ་ཞིང་ཟབ་སྟེ། དཔག་ཏུ་མེད་དོ།། ཤ་ར་དྭ་ཏིའི་བུ། ཟབ་ཅེས་བྱ་བ་ནི་ཆོས་རིན་པོ་ཆེ་དཔག་ཏུ་མེད་པ ་བསྩགས་པར་བྱུར་བ་གང་གཏིང་མི་རྙེད་པའོ།། ཤ་ར་དྭ་ཏཱིའི་བུ་ཟབ་ཅེས་བྱ་བ་ནི། དེ་ལ་འགྲོ་བ་མི་རྙེད་པའོ།། ཤེ་ར་དྭ་ཏིའི་བུ་ཟབ་ཅེས་བྱ་བ་ནི། དེའི་ཡོན་ཏན་གྱི་མཐའ ་རྟོགས་པའོ།། ཤ་ར་ད་ཏིའི་བུ་ཟབ་པོ་འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་ནི་རིན་པོ་ཆེ་ཐམས་ཅད་བསྩགས་པ། རིན་པོ་ཆེ་དཔག་ཏུ་མེད་པས་གང་བ། རིན་པོ་ཆེ་ཆེན་པོས ་རབ་ཏུ་གང་བའོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་རིན་པོ་ཆེ་ཐམས་ཅད་བསྩགས་པ། ཆོས་རིན་པོ་ཆེ་དཔག་ཏུ་མེད་པ་བསྩགས་པའོ།། གསོལ་པ། བཅོམ ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་བསྟན་པར་ཡང་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱི ་པ་ནི་ཆོས་གང་བསྟན་པའི་ཆོས་གང་ཡང་དམིགས་པར་ཉེ་བར་གནས་པ་མ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས ་@འཚལ་བ་འམ། མ་འཚལ་བར་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་བ། ཤ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཤེས་པ་འམ། མི་ཤེས་པར་འགྱུར་བའི་ཆོས་ཡང་མི་དམིགས་སོ།། གསོལ་པ།། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་ཡང ་བསྲུང་བ་འམ། སྦ་བར་བྱ་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་གང་ཡང་ཀུན་ཏུ་བསྡད་པ་འམ། ཡོངས ་སུ་བསྡད་པའི་སླད་དུ་ཉེ་བར་གནས་པ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཀུན་ཏུ་བསྡད་པ་འམ། ཡོངས་སུ ་བསྡད་པར་བྱ་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེས་གང་གིས་གནས་སུ་ཡང་ཉེ་བར་གནས་པ་མ ་ལགས་སོ།། བཀའ་སྩལ་པ། ཤ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གང་ལ་གནས་པ་བཅའ་བའི་བའི་ཆོས་གང་ཡང་མི་དམིག་སོ།། གསོལ་པ། ་བཅོམ་ལྡན་འདས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་གི་གནས་སམ། བཞིར་ཡང་ཉེ་བར་གནས་པར་མི་བྱའོ།། བཀའ་སྩལ་པ། ཤ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ནི་གང་ལ་གནས་སམ། གཞིར་བྱ་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་བ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ལ ་ཡང་མངོན་པར་ཞེན་པར་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ལ་མངོན་པར་ཞེན་པར་བྱ་བའི་ཆོས་གང་ཡང ་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་གང་ལ་ཡང་ལྷག་པར་ཞེན་པར་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ ་པ། ཤ་རིའི་བུ་འདི་ལྟར་ཚ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ལ་ལྷག་པར་ཞེན་པར་བྱ་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། གསོལ་པ། བཅོམ ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་དང་གང་གནས་པ་འམ། མི་གནས་པར་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤ་རིའི་བུ ་བདེ་ལྟར་གས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་དང་ལྡན་ཅིག་ཏུ་གནས་པའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ ་བྱིན་པ་འདི་ནི་ཆོས་གང་གི་མཚམས་སྦྱར་བ་འམ། མཚམས་སྦར་བ་མ་ལགས་པར་ཡང་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤ་རིའི་བུ ་། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་མཚམས་སྦྱོར་བ་འམ། མཚམས་སྦྱར་བར་བྱ་བ་མ་ཡིན ་པའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ལ་ཡང་འདོད་ཆགས་སམ། འདོད་ཆགས་དང་བྲལ་བ ་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ལ་ཡང་ཆགས་པར་འགྱུར་བ་འམ། མི་ཆགས་པར་འགྱུར་བའི ་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ལ་ཡང་ཞེ་སྡང་ངམ། ཞེ་སྡང་མ་མཆིས་པ་ཉེ་བར་གནས་པ་མ་ལག་སོ།། ། ་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཞེ་སྡང་དང་བཅས་པ་འམ། ཞེ་སྡང་མེད་པའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། ་། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གླང་ཡང་གཏི་མུག་གམ། གཏི་མུག་དང་བྲལ་བར་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤ་རིའི་བུ ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ལ་ཡང་རྨོངས་པ་འམ། རྨོངས་པར་མི་འགྱུར་བའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་གི་ཤེས་པ་པོ་འམ། ཤེས་པར་བགྱིད་པ་མ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས ་གང་ཤེས་རབ་བམ། ཆོས་གང་ཤེས་པར་བྱེད་པར་འགྱུར་བའི་ཆོས་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་གི་རང་བཞིན་ནམ། ་རང་བཞིན་མ་ལགས་པར་ཉེ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་གི་རང་བཞིན་ནམ། རང་བཞིན ་མ་ཡིན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་གིས་དག་པ་འམ། རྣམ་པར་དག་པར ་བར་གནས་པ་མ་ལགས་སོ།། བཀའ་སྩལ་པ། ཤ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་སྦྱོར་བ་འམ། རྣམ་པར་སྦྱོར་བའི་ཆོས་གང་ཡང་དག ་པར་རྗེས་སུ་མི་མཐོང་ངོ་།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། རང་བཞིན་གྱིས་ཡོངས་སུ་དག་པ་ལགས་སོ།། བཀའ་སྩལ་པ། ་ཤ་རིའི་བུ་གཟུགས་ཡོངས་སུ་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡོངས་སུ་དག་གོ། ཤ་རིའི་བུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་ཡོངས་སུ་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ།། མ་རིག་པ་ཡོད ་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ།། འདུ་བྱེད་ཡོངས་སུ་དག་པ་དང་། རྣམ་པར་ཤེས་པ་ཡོངས་སུ་དག་པ་དང་། མིང་དང་གཟུགས་ཡོངས་སུ་དག་པ ་དང་། སྐྱེ་མཆེད་དྲག་ཡོངས་སུ་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། རག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། མཆི་བ་ཡོངས་སུ་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གི། མྱ་ངན་དང་། སྤྲེ་དགས་འདོན་པ་དང་། སྡུག་བསྔལ ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ཡོངས་སུ་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། ཕྱིན་ཅི་ལོག་དང་། སྒྲིབ་པ་དང་། ལྷག་པར་གྱུར་པ ་ཡོངས་སུ་བྱས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཡོངས་སུ་ག་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས ་སུ་དག་གི། བདག་དང་སེམས་ཅན་དང་། སྲོགས་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤང་བུ་དང་། བྱེད་པ་པོ་དང་། བྱེད་དུ་འདུན ་པ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། མཐོང་བ་པོ་ཡོངས་སུ་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག ་ཆད་པ་དང་། རྟག་པ་ཡོངས་སུ་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ།། མཐའ་དང་མཐའ་མེད་པ་ཡོངས་སུ་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཡོངས་སུ་དད་གོ། སྦྱིན་པ་ཡོངས་སུ་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ།། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ ་གཏན་དང་། ཤེས་རབ་ཡོངས་སུ་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལགས་དང་། བསམ ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཡོངས་སུ་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། བྱས་པ་དང་། ་སྙིང་རྗེ་དང་། དགའ་བ་དང་། གཏང་སྙོམས་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་ཡོངས ་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། ཕྱིན་ཅི་ལོག་པ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། སྡུག་བསྔལ་བ་དང་། ་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ།། མངོན་པར་ཤེས ་པ་ཡོངསུ་དག་པས་ཤེས་རབ་ཀྱི་ཕ་རོབ་ཏུ་ཕྱིན་པ་ཡང་སུ་དག་གོ།། ལམ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ།། ཉན་ཐོས་ཀྱིས་ཡོངས་སུ་དག་པས། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། རང་སངས་རྒྱས་ཀྱི་ས་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ་སངས་རྒྱས་ཀྱི་ས་ཡོངས་སུ་དག་པས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ།། སངས་རྒྱས་དང་ཆོས་དང་། དགེ་འདུན་ཡོངས་སུ་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། འདས་པ་དང་། ་མ་འོངས་པ་དང་། ད་ལྟར་བྱུང་བ་མཐོང་བ་ཡོངས་སུ་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ།། ཐོགས་མེད་པའི་ཡེ་ཤེས་ཡོངས་སུ་དག་པས། ས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ།། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝོ་བརྒྱད་ཡོངས་སུ་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོང་སུ་དག་གོ།། འདོད་པའི་ཁམས་དང་། ་གཟུགས་ཀྱི་ཁམས་དང་། གཟུགས་མེང་པའི་ཁམས་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་ཏུ་དདོ།། སའི་ཁམས་ཡོངས་སུ་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ཡོངས་སུ་དག་གོ།། ཆུ་དང་། མེ་དང་། རླུང་གི་ཁམས་ཡོངས་སུ་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ།། སེམས་ཅན་ལ་གྱི་ཁམས་ཡོངས་སུ ་དག་པ་དང་། ཆོས་ཀྱི་དབྱིངས་ཡོངས་སུ་དག་པ་དང་། ནམ་མཁའ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་རང་བཞིན་གྱི་ཡོངས་སུ་དག་པ་ངོ་མཚར་ལགས་སོ།། ་བཀའ་སྩལ་པ། ཤ་རིའི་བུ་ནམ་མཁའ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་ཀོ། གསོལ་པ། བཅོམ་ལྡན་འདས། འདྲི་རཱི་གླཟུགས་མ་མཆིས ་བསྟན་དུ་ས་མཆིས་པ་ལགས་སོ།། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་གིས་གཟུགས་ཡོངས་སུ་གྲུབ་པའམ། ་བསྟན་པར་ཉེ་བར་གནས་པ་མ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཐོགས་པ་མ་མཆིས་པ་ལགས་སོ།། བཀའ་སྩལ་པ། ་ཤ་ར་དྭ་ཏིའི་བུ་འདི་ལྟར་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ལ་ཐོགས་པའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། གསོལ་པ། བཅོམ་ལྡན་འདས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བགྱིས་པའོ།། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱེད་པ་པོ་མི་དམིགས་པའི་ཕྱིར ་རོ།། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡང་དག་པར་འདྲ་བ་མ་ལགས་སོ།། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ནི་ཆོས་གང་ཡང་ལྷན་ཅིག་ཏུ་འདུ་བར་འགྱུར་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བདགས ་སུ་མཆིས་པ་ལགས་སོ།། བཀའ་སྩལ་གཤ་ར་དྭ་ཤཱ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་གིས་བདགས་པའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཐུན་མོང་མ་ལགས་སོ།། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་དང་ཐུན་མོང་དུ་གྱུར་པའི་ཆོས ་གང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཚན་ཉིད་མ་མཆིས་པ་ལགས་སོ།། བཀའ་སྩལ་པ། ་ཤ་རིའི་བུ་མཚན་ཉིད་མི་དམིབས་པའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྙན་པ་མ་མཆིས་པ་ལགས་སོ།། བཀའ་སྩལ ་། སྣང་བ་མི་དམིགས་པའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་ལགས་སོ།། ་ཤ་རིའི་བུ་གཟུགས་མཐའ་ཡས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ ་མཐའ་ཡས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མ་པའི་ཡས་སོ།། བྱིན་ཅི་ལོག་མཔའ་ཡས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ།། སྒྲིབ ་པ་མཐའ་ཡས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ།། མ་རིག་པ་མཐའ་ཡས་པ་དང་། འདུ་བྱེད་མཐའ་ཡས་པ་དང་།། རྣམ ་པར་ཤེས་པ་མཐའ་ཡས་པ་དང་། མིང་དང་གཟུགས་མཐའ་ཡས་པ་དང་། སྐྱེ་མཆེད་དྲུག་མཐའ་ཡས་པ་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ་ལྡན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ་ཡིད་མི་འདེ་བ་དང་། འཁྲུག་པ་མཐོའ་ཡས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ།། ལྟ་བས་གྱུར་པ་མཐའ་ཡས་པ་དང་། འདོད་ཆགས་དང་། ་ཞེ་སྡང་དང་། གཏི་མུག་མཐའ་ཡས་པ་དང་། ཆད་པ་དང་། རྟག་པ་མཐའ་ཡས་དང་། སྔོན་གྱི། ་མཐའ་མུ་མཐའ་ཡས་པས། ཐེམས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ།། ཕྱི་མིའི་མུ་མཐའ་ཡས་སོ།། སྦྱིན་པ་མཐའ་ཡས་པ་དང་། ཚུལ་ཁྲིམས་མཐའ་ཡས་པ ་དང་། བཟོད་པ་མཐའ་ཡས་པ་དང་། བརྩོན་འགྲུས་མཐའ་ཡས་པ་དང་། བསམ་གཏན་མཐའ་ཡས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ།། ་དྲན་པ་ཉེ་བར་བཞག་པ་མཐའ་ཡས་པ་དང་། ཡང་དག་པར་སྤོང་བ་མཐའ་ཡས་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན ་ལག་མཐའ་ཡས་པ་དང་། ཕྱིན་ཅི་ལོག་མཐའ་ཡས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ།། བསམ་གཏན་དང་། རྣམ་པར་མཐར་པ་དང་། ཏིང ་འཛིན་དང་། སྙོམས་པར་འཇུག་པ་མཐའ་ཡས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ།། དམིགས་པ་མཐའ་ཡས་པས། ཕ་རོལ་ཏུ་ཕྱིན་པ་འདི་མཐའ ་ཡས་སོ།། རེག་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐའ་ཡས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ།། ཉན་ཐོས་ཀྱི་ས་དང་། རང་སངས ་རྒྱས་ཀྱི་ས་མཐའ་ཡས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ།། ཉན་ཐོས་ཀྱི་ཉོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། སངས་རྒྱས་ཀྱི་ཆོས ་མཐའ་ཡས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ།། བདག་དང་། སེམས་ཅན་མཐའ་ཡས་པས། ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ།། ་འདོད་པའི་ཁམས་མཐའ་ཡས་པས། ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ།། གཟུགས་ཀྱི་ཁམས་མཐའ་ཡས་པ་དང་། གཟུགས་མེད་པའི་ཁམས་མཐའ་ཡས ་པས། ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ།། མངོན་པར་ཤེས་པ་མཐའ་ཡས་པ་དང་། སྒྲིབ་པ་མཐའ་ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ།། ་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེས་མཐོང་བ་མཐའ་ཡས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐས་པ་ཡས་སོ།། ཆགས་མེད་པ ་མཐའ་ཡས་པ་དང་། ནམ་མཁའ་མཐའ་ཡས་པ་དང་། ཆོས་ཀྱི་དབྱིངས་མཐའ་ཡས་པས། ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ལས་སོ།། ཤ་རིའི་བུ་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ནི་ཐོག་པ་དང་། བར་དབུ་མ་མི་དམིགས་སོ།། གང་གིས་ཀྱང་མི་དམིགས་སོ།། ཤ་རིའི་བུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི ་མཐའ་ཡས་མུ་མེད་དོ།། འདི་ལྟ་སྟེ་དཔེར་ན། ནམ་མཁའི་མཐའ་མི་དམིགས་པ་དེ་བཞིན་དུ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐའ་ཡས་མི་དམིགས་སོ།། ཤ་རིའི་བུ་འདི་ལྟ་སྟེ། སའི་ཁམས་མཐའ་ཡས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ ་ཡས་པར་བལྟའོ།། ཆུའི་ཁམས་མཐའ་ཡས་པ་དང་། མེའི་ཁམས་མཐའ་ཡས་པ་དང་། རླུང་གི་ཁམས་མཐའ་ཡས་པ་དང་། ནམ་མཁའི་ཁམས ་མཐའ་ཡས་པ་དང་། རྣམ་པར་ཤེས་པའི་ཁམས་མཐའ་ཡས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པར་ཁོང་དུ་ཆུད་པར་བྱའོ།། ཤ་རིའི་བུ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཐའ་མེད། དབུས་མེད། མུ་མེད་པར་རིག་པར་བྱའོ།། ཤ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡུལ་ན་མི ་གནས། ཕྱོགས་ནི་མི་གནས་སོ།། ཤ་རིའི་བུ་གཟུགས་མུ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ།། དེ་བཞིན་དུ་སྦྱར་ཏེ། ་འདི་ལྟར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མུ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ།། མི་རིག་ས་སུ ་མེད་པ་ནས། རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་བར་དུ་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ ་བྱིན་པ་མུ་མེད་པར་རིག་པར་བྱའོ།། བྱིན་ཅི་ལོག་མུ་མེད་པ་དང་། སྒྲིབ་པ་མེད་པ་དང་། ལྟ་བར་སོང་བ་མུ་མེད་པས། ཤ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སུ ་མེད་པར་རིག་པར་བྱའོ།། བདག་པུ་མེད་པ་དང་། སེམས་ཅན་དུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ།། སྦྱིན་པ་མུ་མེད་པ་དང་། ཚུལ་ཁྲིམ ་མུ་མེད་པ་དང་། བཟོད་པ་མུ་མེད་པ་དང་། བརྩོན་འགྲས་མུ་མེད་པ་དང་། བསམ་གཏན་མུ་མེད་པ་དང་། ཤེས་རབ་མུ་མེད་པས། ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ།། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་མུ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ།། ་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ ་མུ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ།། ཤ་རིའི་བུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་སུ་མེད ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ།། ཤ་རིའི་བུ་མངོན་པར་ཤེས་པ་མུ་མེད་པ་དང་། ་རྣམ་པར་གྲོལ་བ་མུ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མུ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ།། ཤ་རིའི་བུ་སོ་སོ་སྐྱེ ་བོའི་ཆོས་སུ་མེད་པ་དང་། ཉན་ཐོས་ཀྱི་ཆོས་མུ་མེད་པ་དང་། རང་སངས་རྒྱས་ཀྱིས་ཆོས་མུ་མེད་པ་དང་། སངས་རྒྱས་ཀྱི་ཆོས་མུ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ ་བྱིན་པ་མུ་མེད་པར་རིག་པར་བྱའོ།། ཤ་རིའི་བུ་རིག་པར་གྲོལ་བ་མུ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མུ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་མུ་མེད་པར་རིག་པར་བྱའོ།། ཤ་རིའི་བུ་མེད་པར་རི་དམིགས་སུ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། མཐའ་དམིགས་སུ་མེད་པས་མཐའ་ཡས་པ་ཞེས ་བྱའོ།། ཤ་རིའི་བུ་མཐའ་མེད་པ་ཞེས་བྱ་བ་ནི་མུ་མེད་པའི་ཚིག་གོ།། ཤ་རིའི་བུ་བདག་མ་སྐྱེས་པས། ཆོས་ཐམས་ཅད་མཐའ་ཡས་པར་རིག་པར་བྱའོ།། ཤ་རིའི་བུ ་ནམ་མཁའ་མཐའ་ཡས་པས། ཆོས་ཐམས་ཅད་མཐའ་ཡས་མུ་མེད་པར་རིག་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལྔ་ཚེ་དང་ལྡན་པ་ཤ ་ར་དྭ་ཏིའི་དུས་འདི་སྐད་ཀྱིས་གསོབ་ཏོ།། བཅོམ་ལྡན་འདས་ཀྱིས་འདི་བྱང་ཆུབམས་པདཔ་དེ་ཝཱན་པ་ཀྱི་སུམ་དུ་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩར། ་ག་རིའི་ཊ་རྣཾས་འདི་བྱུང་ཆུབ་སེམས་དཔའ་གང་དག་རློས་ཀྱང་མེ་དམིགས། ཆོས་མ་སེ་བསྟེ་ཅེགས། ལམ་ཡང་མ་དམིགས་ན་ལམས་ཡིན་པ ་བསྲོས། ཚུལ་ཁྲིམས་ཀྱང་མི་དམིགས་ཤིང་རློམ་སེམས་སུ་མི་བྱེད།། འཆལ་བའི་ཚུལ་ཁྲིམས་ལྟ་ཅི་སྨོས་ཏེ། ཁམས་གསུམ་ཐམས་ཅད་དུ་ཡང་མི་རྟོགས ་སྲིད་པར་འགྲོ་བ་དང་། འཆི་འཕོ་བ་དང་། སྐྱེ་བ་ཐམས་ཅད་དུ་ཡང་མི་གཏོགས། ལུས་དང་། སྲོག་ལ་ཡང་མི་ཆགས་ན། ཕྱི་རོལ་གྱི་དངོས་པོ་རྣམས་ལ་ལྟ་ཅི ་སྨོས་ཏེ། འཁོར་བའི་རྒྱན་མཐར་བྱས་པ། སྲིད་པའི་རྒྱ་མཚོ་ཆེན་པོ་ལས་རྒལ་བ། གཡུལ་ཆེན་པོ་ལ་འདས་པའི་བྱང་ཆུབ་སེམས་དཔའ་དེ་དག་གི་ཡུལ་དང་། ་བགྲོད་པ་མ་ཡིན་ནོ།། ཡུལ་ཐམས་ཅད་ཡུལ་མ་ཡིན་པར་དག་གིས་ཡོངས་སུ་ཤེས་པ་དང་། དེ་དག་ནི་རྣམ་པ་དེ་ལྟ་བུའི་སྐྱེས་བུ་དམ་པ་དག་སྟེ། ཡུལ་ཐམས་ཅད་ལ ་མི་ཆགས་པ་དེ་དང་དེ་དག་ནི་སེང་གེ་ཆེན་པོའོ།། ཡུལ་ཐམས་ཅད་ལ་མ་ཞགས་པ་དེ་དང་དེ་དག་ནི་རྣམ་པ་དེ་དག་ནི་རྣམ་པ་དེ་ལྟ་བུ་དག་གོ། ཡུལ་དུ་ཐམས་ཅད་གྱིས་མི་ག ་བ་དེ་དང་དེ་དག་འདྲེས་པའོ།། ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་དེ་དང་དེ་དག་ནི་དེད་དཔོན་ཆེན་པོ་སྟེ། ་ཤ་རིའི་བུ་ཆོས་འདི་ནི། དེ་དག་གི་ཡུལ་དུ་བགྲོད་པ་ཡིན་ནོ།། ཤཱ་རིའི་བུ་འཁོར་འདི་ནི་གང་ཆོས་འདི་ལ་མོས་ཤིང་ཡུལ་དུ་མ་གྱུར་པ་འམ། གང་ཆེས་རྣམ་པ་འདི་ལྟ་བུ་འདི་ལ ་སོམ་ཉིད་དང་བཅས་པ་འམ། ཐེ་ཚོམ་དང་བཅས་པའི་བྱང་ཆུབ་སེམས་དཔའ་གཅིག་ཀྱང་ངས་མཐོང་ངོ་།། ཤ་རིའི་བུ་འཁོར་འདི་ནི་ཆོས་འདི་ལ་ཐེ་ཚོམ་མེད་དོ།། ནམ་ནུར ་མེད་དོ།། ཡིད་གཉིས་མེད་དོ།། ཤ་རིའི་བུ་བྱང་ཆུབ་སེམས་དཔའ་འདི་དག་ནི་ཆོས་འདི་ལ་ཡིད་གཉིས་མེད་དོ།། ཤ་རིའི་བྱ་བྱང་ཆུབ་སེམས་དཔའ་འདི་དག་ནི་ཆོས ་འདི་ལ་ཡིད་གཉིས་མེད་དེ། ཤ་རིའི་བུ་སྐྱེས་བུ་དམ་པ་འདི་དག་ནི་སེམས་ཅན་ཐམས་ཅད་ཀྱི་ཡིད་གཉིས་ཡང་དག་པར་གཞོམ་པའི་གནས་པའོ།། ག་རིའི་བུ་འདི་ལྟ་བུའི ་ཆོས་ལ་སོ་བ་ཉིད་མེད་དེ། སོམ་ཉིལ་སོ་ཡང་དག་པར་འདས། པའོ།། ཤ་རིའི་བུ་གང་ཡང་ཕྱི་མིའི་ཚེ། ཕྱི་མའི་དུས་ན། ཆོས་བསྟན་པ་འདི་དག་ཉན་པ་དག་ཀྱང་ཆོས་ཐམས ་ཅད་ལ་ཐེ་ཚོམ་མེད་པར་གནས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་བཅད་པའི་ཕྱིར་ཞུགས་པར་འགྱུར་རོ།། ཤ་རིའི་བུ་སེམས་ཅན་དགེ་བ་ཆུང་ངུ་རྣམས་ནི་ཆོས་འདི་ལ་མོས་པར ་ངས་བཤད་དོ།། ཅོས་འདི་ལ་དེ་དག་གོ་ནཔ་སད་པེ། འདོན་དེ་དག་གི་གོ་ས་ཡིན་ཏོ།། ཤ་སི་ཊ་འོམ་བསྟན་པ་དི་ག་དག་གི་རྣལས་དུ་ཐོས་པ་ཐམས་ས་དན ་དགེ་བའི་རྩ་བའི་ཆུ་དུ་དང་ལྡན་པའི་མ་ཡིན་ན། གང་དག་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེ་བར་ལྟ་ཅི་སྨོས་ཏེ། དེ་དག་སངས་རྒྱས་བཅོམ་ལྡན ་འདས་རྣམས་ཀྱི་ཆོས་ལ་ངེས་པར་ལུང་བསྟན་ཏེ། ཇི་ལྟར་ད་ལྟར་ང་སེང་གེའི་སྒྲ་སྒྲོགས་པ་དང་། འཇིགས་པ་མེད་པའི་སྒྲ་དང་། སྐྱེས་བུ་ཆེན་པོའི་སྒྲ་དང་། རང་འབྱུང་གི ་སྨྲ་བ་སྒྲོགས་བཞིན་དུ། དེ་དག་ཀྱང་སེང་གེའི་སྒྲ་སྒྲོགས་པར་འགྱུར་རོ།། གང་དག་ཐ་ན་ཆོས་འདི་ལ་དད་པ་སྐྱེས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ལ་འདད་པ་བསྐྱེད་པར་འགྱུར་བ་དེ་དག་གིས་ལུང་བསྟན་པ་ཡང་དེ་ཉིད་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཤ་རིའི་བུ་སེམས་ཅན་གང་དག་ཆོས་ཟབ་མོ་ཐོས་ནས་དགའ་བ་སྐྱེད་ཅིང་། ་མཆོག་ཏུ་དགའ་བ་དང་། མོས་པ་བསྐྱེད་པ་དེ་དག་ནི་ཤིན་ཏུ་སྲེད་པར་བཀའའོ།། ཤཱ་རིའི་བུ་དེ་ངས་ཀྱང་སེམས་ཅན་གང་ཆོས་ཟབ་མོ་ཐོས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས ་བའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་མོས་པ་བསྐྱེད་དེ། དགེ་བ་ཆེན་པོ་དང་ལྡན་པ་ནི་ཤིན་ཏུ་རྙེད་པར་བཀའ་སྟེ། ཤ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི། གང་དག་གིས ་རྣ་ལམ་དུ་ཐོས་པར་འགྱུར་བ་དང་། ཐོས་ནས་ཀློག་པ་དང་། མོས་པ་དང་། དགའ་བ་དང་། ཡི་བདེ་བ་ཆེན་པོ། ་བསྐྱེད་པ་དང་། ཕྱིར་ཞིང་ཉན་པའི་ཕྱིར་ཆོས་འདི་ལ་འདུན་པ་བསྐྱེད་པའི་སེམས་ཅན་དེ་དག་ཀྱང་འཁོར་ཆེན་པོར་ཞུགས་པར་ངས་མ་བཤད་ན། ལུང་ནོད་པ་དང་། ཁ་ཏོན ་བྱེད་པ་དང་། གཞན་ལ་སྟོན་པ་ལྟ་ཅི་སྨོས། ཤ་རིའི་བུ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་ངེས་པར་མ་ཞུབས་ཤིང་། མ་ངེས་པ་ནི་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། ཤ་རིའི་བུ་ཆོས་ཀྱི་མཆོག་འདི་ལ་ཆོས་ཆུང་ངུ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་གོ་སྐབས་ངས་མ་མཐོང་ངོ་།། ཤ་རི ་དུ་སངས་རྒྱས་ཀྱི་བྱང་ཆུབ་འདི་ནི་རྒྱ་ཆེན། སེམས་ཅན་ནི་ཕལ་ཆེར་དམན་པ་ལ་མོས་ཤིང་། ཆོས་ཆུང་ངུ་དང་ལྡན་ཏེ། འདི་ལྟ་བུར་ཆོས་ཟབ་མོ་ལ་ཆགས་པ་མེད་པ ་ལ་དགེ་བ་མ་བྱས་ཤིང་མི་མཁས་སོ།། ཤཱ་རིའི་བུ་འདི་ནི་སེམས་ཅན་གང་དག་རྒྱ་ཆེ་ཞིང་། ཆོས་རྒྱ་ཆེན་པོ་ལ་མོས་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། ་དགོས་པ་ཤིན་དུ་ཡོངས་སུ་རྙེད་པ། གོ་ཆ་ཆེན་པོ་ཤིན་ཏུ་དགོས་པ། དོན་ལེགས་པར་རྣམ་པར་རྟོག་པ། ལམ་ཆེན་པོ་དྲང་ཞིང་ཉམ་ར་བ་མེད་པ། ཚང་ཚིང་མེད་པ།། ་མཉམ་པ། སྨིག་མ་དང་། ཚེར་མ་མེད་པ། ངམ་བྲོག་དང་། གཡངས་མེད་པ། གཙང་བ་དང་། གནོད་པ་མེད་པ། བྱ་གྱུ་མེད་པ། ཡོན་པོ་མ་ཡིན་པར ་ཞུགས་པ་དང་། ཤ་རིའི་བུ་གང་དག་འཇིག་རྟེན་ལ་ཕན་པ་དང་། འཇིག་རྟེན་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་རྩེ་བ་དང་། ལྷ་དང་མི་རྣམས་ཀྱིས་དོན་དང་། ་ཕན་པ་དང་། བདེ་བའི་ཕྱིར་ཞུགས་པ། སྣང་བ་མེད་པ། སེམས་ཅན་རྣམས་ཀྱི་མུ་སྟེགས་སུ་གྱུར་པ། སྙིང་རྗེ་ཆེན་པོ་དང་ལྡན་པ། ཕན་པར་སྙིང་རྩེ་བ ་ཕན་པར་འདོད་པ། བདེ་བར་འདོད་པ། གྲུབ་པ་དང་བདེ་བར་འདོད་པ། སེམས་ཅན་ཐམས་ཅད་བདེ་བར་སྥརྱ་ཉེ་བར་གནས་པའི་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་དེ་ལྟ་བུ་དེ་དག་གི་ནོར་ཆེན་པོ་ཡིན་ནོ།། ཤ་རིའི་བུ་སེམས་ཅན་ཆེན་པོ་དེ་དག་ནི་ཆོས་དཀོན་མཆོག་འདི་ཚོལ་བ་སྟེ། འདི་ནི་དེ་དག་གི་ནོར་དམ་པའོ།། ་དེ་ཅིའི་ཕྱིར་ཞེ་ན། ཤ་རིའི་བུ་སེམས་ཅན་བསོད་ནམས་མ་བྱས་པ། དམན་པ་ལ་མོས་པ། དད་པ་རབ་ཏུ་ཉམས་པ་རྣམས་ནི་ཆོས་ཀྱི་ནོར་རྒྱ་ཆེན་པོ་འདི་ལ ་མོས་པ་མི་སྐྱེའོ།། ཤ་རིའི་བུ་ངས་དེ་ལས་དགོངས་ཏེ། སེམས་ཅན་དམན་པ་ལ་མོས་པ་རྣམས་ཀྱང་དམན་པ་ལ་མོས་པ་རྒྱ་ཆེན་པོ་ལ་མོས་པ་རྣམས་ཀྱང་རྒྱ་ཆེན་པོ ་མོས་པར་ཁམས་སོ་སོར་སྦྱོར་རོ་ཞེས་བཤད་དོ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་རིའི་བུས ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ ་དང་ལྡན་པ་ཤ་ར་ད་ཏིའི་བུ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།། ཤ་རིའི་བུ་ཤེས་རབ་ཀྱི་བྱིན་པའི་ཡུལ་དང་སྤྱོད་ཡུལ་ནི་མཐའ་ཡས་སོ།། ཤ་རིའི་བུ་འདི་ལྟ་སྟེ་དཔེར ་ན། རླུང་གི་ཁམས་ཀྱི་ཡུལ་དང་སྤྱོད་ཡུལ་ནི་མཐའ་ཡས་སོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་དང་སྤྱོད་ཡུལ་ནི་མཐའ་ཡས་སོ།། ཤ་རིའི་བུ་འདི་ལྟ་སྟེ ་དཔེར་ན། ན་མཁའ་ནི་རླུང་གི་ཁམས་ཀྱི་ཡུལ་དང་སྤྱོད་ཡུལ་ལོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་དང་སྤྱོད་ཡུལ་ནི་ན་མཁའ་འོ།། ཤ་རིའི་བུ་འདི་ལྟ ་སྟེ་དཔེར་ན། ན་མཁའི་ཁམས་ཀྱི་ཡུལ་དང་སྤྱོད་ཡུལ་ནི་མཐའ་ཡས་སོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་དང་སྤྱོད་ཡུལ་ཡང་མཐའ་ཡས་སོ།། ་ཤ་རིའི་བུ་འདི་ལྟ་སྟེ་དཔེར་ན། ནམཁའི་ཁམས་དང་། རླུང་གི་ཁམས་ནི་གང་ན་ཡང་མི་སྣང་ཞིང་། ཆོས་གང་ཡང་མངོན་པར་འགྲུབ་པའི་མཚན་ཉིད་དུ་ཡང་ཉེ་བར ་གནས་པ་མ་ཡིན་ནོ།། ཤ་རིའི་བུ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་གང་ལ་ཡང་མི་སྣང་ཞིང་། ཆོས་གང་མངོན་པར་གྲུབ་པའི་མཚན་ཉིད་དུ་ཡང་ཉེ་བར ་གནས་པ་མ་ཡིན་ནོ།། ཤ་རིའི་བུ་འདི་ལྟ་སྟེ་དཔེར་ན། ན་མཁའི་ཁམས་དང་། རླུང་གི་ཁམས་ནི་གཟུང་དུ་མེད་ཅིང་ཡོངས་སུ་མ་གྲུབ་པས། ཁ་དོག་གི་མཚན ་མའི་གྲངས་སུ་མ་འགྲོའོ།། ཤྭ་རིའི་བུ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འང་གཟུང་དུ་མེད་ཅིང་། ཁོངས་སུ་མ་གྲུབ་པས། ཁ་དོག་དང་མཚན་མ་གང་གིས་ཀྱང ་གང་གི་གྲངས་སུ་ཡང་ཉེ་བར་འགྲོ་བ་མ་ཡིན་ནོ།། ཤ་རིའི་བུ་འདི་ལྟ་སྟེ་དཔེར་ན། ན་མཁའི་ཁམས་དང་། རླུང་གི་ཁམས་ནི་ཆོས་གང་ཡོངས་སུ་གྲུབ་པར་མཐོང ་བར་ཉེ་བར་འགྲོ་བ་མ་ཡིན་ནོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་གང་ཡོངས་སུ་བྲབ་པར་མཐོང་བར་ཉེ་བར་འགྲོ་བ་མ་ཡིན་ནོ།། གསོལ་པ། ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་མཚན་ཉིད་གང་ལགས། བཀའ་སྩལ་པ། ཤ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཚན་ཉིད་དོ།། ་ཤ་རིའི་བུ་འདི་ལྟ་སྟེ། དཔེར་ན། ནམ་ཁའི་ཁམས་དང་། རླུང་གི་ཁམས་ནི་ཆོས་གང་གིས་ཡོངས་སུ་གྲུབ་པའི་མཚན་ཉིད་ལྟུང་ཉེ་བར་འགྲོ་བ་མ་ཡིན་ནོ།། ་ཤ་རིའི་བུ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རབ་ཏུ་ཕྱིན་པ་ཡང་། ཆོས་གང་ཡོངས་སུ་གྲུབ་པའི་མཚན་ཉིད ་ཉེ་བར་འགྲོ་བ་མ་ཡིན་ཏེ། ཤ་རིའི་བུ་འདི་ལྟར་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་མེད་པའོ།། ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། ནམ ་མཁའི་ཁམས་ནི་གང་དུ་ཡང་མི་ཆགས་སོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་དུ་ཡང་མི་ཆགས་ཏེ། དེའི་ཕྱིར་ཆགས་པ་མེད་པའི་མཚན་ཉིད ་ཅེས་བྱའོ།། ཤ་རིའི་བུ་ཆགས་པ་མེད་པ་ལ་ནི་མཚན་ཉིད་ཅི་ཡང་མེད་མོད་ཀྱི། འོན་ཀྱང་གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆགས་པ་མེད་པའི་མཚན་ཉིད ་དོ་ཞེས་བྱ་བ་དེ་ནི་ཐ་སྙད་ཀྱི་ཚིག་གོ་ཤ་རིའི་བུ་ཆགས་པ་མེད་པ་ལ་ནི་མཚན་ཉིད་མེད་ཅིང་། མཚན་མ་མེད་དེ། དེ་ཉིད་མཚན་ཉིད་མེད་པར་བསྟན་པའོ།། ་ཤ་རིའི་བུ་ཆགས་པ་མེད་པ་ཞེས་བྱ་བ་དེ་ནི་ཆགས་པ་ཡོངས་སུ་ཤེས་པའོ།། དེ་ནི་ཆགས་པ་མི་དམིགས་པའོ།། དེ་ནི་ཆགས་པའི་ཡང་དག་པ་ཇི་ལྟ་བ་བཞིན་ནོ།། ་དེ་ནི་ཆགས་པའི་ཕྱིན་ཅི་ལོག་ཡོངས་སུ་ཤེས་པའོ།། ཤ་རིའི་བུ་ཆགས་པ་ལ་ཆགས་པ་མེད་དོ།། དེའི་ཕྱིར་ཆགས་པའི་ཡང་དག་པ་ཇི་ལྟ་བཞིན་དང་། ་ཆགས་པ་མི་དམིགས་པ་ནི་ཆགས་པ་མེད་པ་ཞེས་བྱའོ།། ཤ་རིའི་བུ་ཡེ་ཤེས་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆགས་པ་མེད་པའི་མཚན་ཉིད་དོ།། ་རིའི་བུ་ཆོས་ཐམས་ཅད་ནི་ཆགས་པ་མེད་པའི་མཚན་ཉིད་དེ། ཆོས་གང་གི་མཚན་ཉིད་གང་ཡིན་པ་དེ་མཚན་ཉིད་པ་མེད་པ་སྟེ། ཆོས་གང་ཡང་མཚན་ཉིད་མངོན ་པར་འགྲུབ་པའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ།། གང་ལ་མཚན་ཉིད་མེད་པ་དེ་ནི། མཚན་ཉིད་མེད་པ་ཞེས་བྱའོ།། གང་མཚན་ཉིད་མེད་པ་དེ་ལ་ཆགས ་བ་མེད་དོ།། གལ་ཏེ་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་གཅིག་ཡོད་ན་ནི། ཆོས་ཐམས་ཅད་ལ་ཆགས་པར་འགྱུར་ན། གང་གི་ཕྱིར་ཆོས་ཐམས་ཅད་ལ ་མཚན་ཉིད་མེད་པ་དེའི་ཕྱིར། དེ་དག་ལ་ཆགས་པ་མེད་དོ།། དེས་ནི་ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་མཚན་ཉིད་ཅེས་བྱ་སྟེ། ཇི་སྐད་དུ་བརྗོད ་པ་བཞིན་དུ་ནི་ནི་མ་ཡིན་ནོ།། གང་ཆགས་པ་མེད་པའི་མཚན་ཉིད་ང་ནི་བརྗོད་པར་མ། ་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། མེད་པའི་ཕྱིར་ཆགས་པ་མེད་པའི་མཚན་ཉིད་དོ།། དབེན་པའི་ཕྱིར་ཆགས་པ་མེད་པའི་མཚན་ཉིད་དོ།། མི་དམིགས ་པའི་ཕྱིར་ཆགས་པ་མེད་པའི་མཚན་ཉིད་དོ།། ཤ་རིའི་བུ་ཆོས་གང་ཆགས་པ་མེད་པའི་མཚན་ཉིད་ཀྱི་ཆོས་གང ་ཡིན་པ་པ་དེ་ནི་མཐོང་བ་ཅིར་ཡང་ཉེ་བར་གནས་པ་མ་ཡིན་ཤིང་། མི་མཐོང་བ་ཡང་མ་ཡིན་མོད་ཀྱི།། འོན་ཀྱང་སེཾསྨྲ་རྣམས་ལ་ཆགས་པ་མེད་པའི་མཚན་ཉིད་ཅེས ་བསྟན་པར་བྱས་སོ།། ཤ་རིའི་བུ་ཀན་ནས་ཉོན་མོངས་པའི་མཚན་ཉིད་གང་ཡིན་པ་དེ་ནི་མེད་པ་སྟེ། ཀུན་ནས་ཉོན་མོངས་དེ་ནི་མཚན་ཉིད་ཀྱིས་ཉེ་བར་གནས་པ་མ་ཡིན་གྱི ་ཤ་རིའི་བུ་ཀུན་ནས་ཉོན་མོངས་པ་ནི་བྱིན་ཅི་ལོག་གིས་ཉེ་བར་གནས་པའོ།། ཕྱིན་ཅི་ལོག་གང་ཡིན་པ་དེ་ནི་མཚན་ཉིད་མེད་པའོ།། གང་མཚན་ཉིད་མེད་པ་དེ་ཐ་སྙད་ཀྱིས ་ཀྱང་མཚན་ཉིད་མེད་དེ། དེ་མཚན་ཉིད་མེད་པ་ཁོ་ནའོ།། ཤ་རིའི་བུ་རྣམ་པར་བྱང་བ་གང་ཡིན་པ་དེ་ཡང་མཚན་ཉིད་མེད་པའོ།། དེ་ཅིའི་ཕྱིར་ཞེ་ན། ཤ་རིའི་བུ་ཀུན་ནས་ཉོན་མོ། ་པ་ཉིད་ཀྱང་མཚན་ཉིད་མེད་ན། རྣམ་པར་བྱང་བ་ལྟ་ཅི་སྨོས། ཤ་རིའི་བུ་གང་ཀུན་ནས་ཉོན་མོངས་པ་ཡོངས་སུ་ཤེས་པ་དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ། དེ་ལ་ཀུན་ནས ་ཉོན་མོངས་པ་ཅི་ཡང་མེད་མོད་ཀྱི། སེམས་ཅན་རྣམས་ནི་ཕྱིན་ཅི་ལོག་པས་ཀུན་ནས་ཉོན་མོངས་པའོ།། གང་ཕྱིན་ཅི་ལོག་དེ་ཡང་དག་པར་མ་ཡིན་ནོ།། གང་ཡང་དག་པ་མ་ཡིན་པ་དེ ་ཡང་དག་པ་ཡོངས་སུ་གྲུབ་པ་འམ། མཚན་སྦེད་དོ།། ཤ་ར་དྭ་ཏིའི་བུ་གང་དེ་ལྟར་ཤེས་པ་དེ་ནི་རྣམ་པར་བྱང་བ་ཞེས་བྱའོ།། ཀུན་ནས་ཉོན་མོངས་པ་ཉིད་ཀྱང་མཚན་ཉིད་མེད་ན། ་རྣམ་པར་བྱང་བ་ལྟ་ཅི་སྨོས། ཤ་རར་དྭ་ཏིའི་བུ་འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བའི་ཆོས་འདི་གཉིས་ནི་མཚན་ཉིད་མེད་ཅིང་ཡོངས་སུ་མ་གྲུབ་པའོ།། ་ཤ་རིའི་བུ་ཆོས་ཐམས་ཅད་ནི་མཚན་ཉིད་མེད་ཅིང་ཡོངས་སུ་མ་གྲུབ་པ་སྟེ། ད་ནི་ཆགས་པ་མེད་པ་ཞེས་བྱའོ།། ཆོས་ཐམས་ཅད་ཆགས་པའི་མཚན་ཉིད་ཅེས་བྱ་བ་ནི་ཆོས་ཐམས ་ཅད་ཆགས་པ་མེད་པ་ཡིན་ན། ཤ་རིའི་བུ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་ཆགས་པ་མེད་པ་ལ་ཆགས་སོ།། ཤ་རིའི་བུ་འདི་ནི་ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་མཚན ་ཉིད་དེ། ཡེ་ཤེས་ཀྱི་སྤྱོད་ཡུལ་ཞེས་བསྟན་ཏོ།། ཤ་རིའི་བུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ལོ།། ཆགས་པ་མེད་པའི་མཚན་ཉིད་ཡེ་ཤེས་ཀྱི་སྤྱོད་ཡུལ་ནི་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་མཐའ་ཡས་ཞེས་བྱའོ།། གང་ཆགས་པ་མེད་པ་དེའི་ཡུལ་དང་། སྤྱོད་ཡུལ་མཐའ་ཡས་སོ།། ་ཤ་རིའི་བུ་སྤྱོད་ཡུལ་ཞེས་བྱ་བ་དེ་ནི་སྤྱོད་ཡུལ་མེད་པའི་ཚིག་བླ་དགས་སོ།། ཤ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྱོད་ཡུལ་བསྟན་པའི་མཚན་ཉིད་ཀྱིས་བྱ་བ་ཡིན་ནོ།། ་ཤཱ་རིའི་བུ་ཡུལ་ཞེས་བྱ་བའི་དེ་ནི་ཆོས་ཐམས་ཅད་ཡུལ་མེད་པའོ།། དེ་ནི་ཡང་དག་པ་ཇི་ལྟ་བ་ཉིད་དང་། ཇི་ལྟ་བ་བཞིན་ནོ།། ་མེད་པའི་ཕྱིར་ཆོས་ཐམས་ཅད་ཡུལ་མེད་དེ། ཆོས་རྣམས་དེ་ལྟར་ཡོངས་སུ་ཤེས་པ་དེ་ནི། ཡུལ་དང་། སྤྱོད་ཡུལ་ཞེས་བྱ་བ་སྟེ། ཇི་སྐད་བརྗོད་པ་བཞིན་དུ་མ་ཡིན་ནོ།། ་གང་ཆོས་རྣམས་དེ་ལྟར་ཡོངས་སུ་ཤེས་པ་དེ་ནི་གང་ལ་ཡང་ཆགས་པ་མེད་དེ། ཆགས་པ་མེད་པའི་མཚན་ཉིད་ཅེས་བྱའོ།། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཆགས་པ་མེད་པའི་མཚན་ཉིད་ཅེས་བྱའོ།། ཤ་རིའི་བུ་འདི་ལྟ་བུའི་ཆོས་འདི་ལ་གྲོགས་སུ་མང་དུ་མི་རྙེད་དོ།། འདི་ལྟ་བུའི་ཆོས་འཆད་པ་དང་། ཡང་དག་པར་རབ་ཏུ ་སྟོན་པ་དང་། རྣམ་པར་འབྱེད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཡུལ་བསྟན་པའོ།། ཤ་རིའི་བུ་ཆོ་ས་ལ་ནི་བདེན་པ་མཐོང་བའི་ཉན་ཐོས་དང་།། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ། ལྟ་བ་ཕུན་ཚོགས་པའི་གང་ཟག་ཕྱིར་མི་ལྡོག་པ་རྣམས་མ་གཏོགས་པར་གྲོགས་གཞན་གང་ཡང་མེད་དེ། ་ལྟ་བ་ཕུན་སུམ་ཚོགས་པ་ཆོས་འདི་ལ་སྤྲོད་པའི་དེ་དག་ཀྱང་ཐ་ཚོམ་དུ་འགྱུར་རོ།། ཤ་རིའི་བུ་བྱང་ཆུབ་སེམས་དཔའ་ཐེ་ཚོམ་དུ་མེད་པ། ལུས་མངོན་སུམ་དུ ་གྱུར་པ་རྣམས་ཆོས་འདི་ལ་བཟོད་པ་ཐོབ་པར་འགྱུར་གྱི། ཤ་རིའི་བུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་མ་ཡིན་ནོ།། ཤ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ། ་འདི་ནི། དམན་པ་ལ་མོས་པའི་སེམས་ཅན་རྣམས་ཀྱི་ལག་ཏུ་འགྲོ་བར་མི་འགྱུར་གྱི། ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ནི་སེམས་ཅན་གང་དག་དགེ ་བའི་རྩ་བ་ཡོངས་སུ་དག་པ་དང་ལྡན་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དེ་དག་གི་ལག་ཏུ་འགྲོ་བར་འགྱུར་རོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན ་པ་འདི་ནི། སེམས་ཅན་གང་དག་དགེ་བའི་རྩ་བ་བསྐྱེད་པ། བསམ་པ་གྲེ་བ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལྷག་པར་བྱ་བ་བྱས་པ། བྱང་ཆུབ་ཀྱི་ཕྱིར་ས ་བོན་བསྐྱེད་པ། སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་བཞག་པ། ཚུལ་བཞིན་དུ་ཀུན་འདྲི་བ་དེ་དག་གི་ལག་ཏུ ་འགྲོ་བར་འགྱུར་རོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ནི་གང་དག་བཟོད་པ་ཐོབ་པ་དང་ཉེ་བར་འགྱུར་བ་དང་། བཟོད་པ་དེ་དག་གི་ལག་ཏུ་འགྲོ་བར ་འགྱུར་རོ།། གང་དག་ལུང་བསྟན་པ་དེ་དག་ཀྱང་མྱུར་དུ་བླ་ན་མེད་པ་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། སྨོན་ལམ། ་གྱི་དབང་གིས་ནི་མ་གཏོགས་སོ།། གང་དག་ལུང་མ་བསྟན་པ་དེ་དག་ཀྱང་མྱུར་དུ་མངོན་སུམ་དུ་བསྟན་པ་ཐོབ་པར་འགྱུར་རོ།། ་ཤ་རིའི་བུ་སེམས་ཅན་གང་དག་དགེ་བའི་རྩ་བ་ཡོངས་སུ་སྨིན་པའི་རྣ་ལམ་དུ་མདོ་སྡེ་འདི་ཐོས་པར་གྱུར་པ་དེ་དག་ཀྱང་། ལུང་བསྟན་པ་ཉིད་དུ་རིག་པར་བྱ་ན། གང་མདོ་སྡེ་འདི ་རྙེད་པ་དང་། ཡི་གེར་འབྲི་བ་དང་། འཆང་བ་དང་། ལུང་ནོད་པ་དང་། ཁ་ཏོན་བྱེད་པ་དང་། གཞན་དག་ལ་རྒྱ་ཆེར་རབ་ཏུ་སྟོན་པ་ལྟ་ཅི་སྨོས། ཤ་རིའི་བུ་སེམས་ཅན་གང ་དག་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དེ་དག་གིས་མདོ་སྡེ་འདི་མཉན་པ་དང་། ཡི་གེར་འདྲི་བ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དེ་ནི་གནས་མེད་དེ། ཤ་རིའི་བུ་ཆོས ་ཀྱི་རྣམ་གྲངས་འདི་ནི་སེམས་ཅན་གར་དག་དགེ་བའི་རྩ་བ་འབར་བ་རྣམས་ཀྱི་ལག་ཏུ་འགྲོ་བར་འགྱུར་རོ།། ཤ་རིའི་བུ་ཁྱོད་མོས་པར་བྱའོ།། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ།། ་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་དམ། ཉན་ཐོས་ཀྱི་ཐེག་པ་ཅན་གྱི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེས་ཆོས་འདི་རྙེད་ན་སྤྲོ་བ་ཆུང་བ་དང་། ལེ་ལོ་དང་། གཉིད་ཆེ་བ་དང་། ་ཤེས་བཞིན་མེད་པ་དང་། དྲན་པ་ཉེ་བར་མི་གཞོག་པ་དང་། སེམས་གཡེང་བ་དང་། ཟང་ཟིང་ལ་ཆགས་པ་དང་། བརྐམ་པ་དང་། མུ་ཚོར་སྨྲ་བ་དང་། ཐབས་དང་། ཁ་བྱར ་དང་། དབང་པོ་ཕྱལ་བར་མི་བྱའོ།། ཤ་རིའི་བུ་གང་དག་དགེ་བའི་རྩ་བ་བྱས་པ་དག་ཀྱང་མི་སླུའོ།། བྱང་ཆུབ་སེམས་དཔས་ཆོས་འདི་རྙེད་ནས་བག་ཡོད་པ་དང་། བརྩོན ་འགྲུས་དང་། སྤྲོ་བ་དང་། མོས་པ་དང་། ལེ་ལོ་མེད་པ་དང་། དབང་པོ་བསྡམས་པ་དང་། མུ་ཅོར་མི་སྨྲ་བ་རབ་ཏུ་བསྟེན་པར་བྱའོ།། དྲན་པ་ཉེ་བར་གཞག་པ་དང་། ་མང་དུ་ཐོས་པ་ལ་སྦྱོར་བར་བྱའོ།། བརྩོན་འབྲས་བརྩམས་པ་ལ་འདི་ལྟ་བུའི་ཡོན་ཏན་འདི་དག་ཡོངས་སུ་བསྐང་པའི་ཕྱིར་འབད་པར་བྱའོ།། ཤ་རིའི་བུ་འདི་ལྟ་བུའི་ཆོས ་ཐོས་པའི་འབྲས་བུ་ནི་འདི་མ་ཡིན་ཏེ། གང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་འདི་ལྟ་བུའི་ཆོས་ཐོས་ནས། བག་མེད་པར་མི་འགྱུར་བ་དང་། ཡིད་རྟོན་པར་མི་འགྱུར ་བ་དང་། འདུན་པ་ཡོངས་སུ་ཉམས་པ་དང་། བརྩོན་འབྲས་ཡོ་བ་དང་། མ་གྲིབས་པ་སྟོན་པ་དང་། གནོད་སེམས་མང་དུ་འགྱུར་བ་དེ་དག་ནི་ཐོས་པའི་འབྲས་བུ་མ་ཡིན་ནོ།། ་དེ་དག་གིས་འདི་ལྟ་བུའི་ཆོས་འདི་ཐོས་པ་མ་ཡིན་ནོ།། ཤ་རིའི་བུ་ཐོས་ཞེས་བྱ་བ་དེ་ནི་ཡང་དག་པའི་ནན་ཏན་གྱི་ཚིག་བླ་དགས་ཏེ། ལེ་ལོའི་ནན་ཏན་གི་ནི་མ་ཡིན་ནོ།། ་ཤ་རིའི་བུ་ལོག་པར་ཞུགས་པས་ནི་ཆོས་འདི་ཐོས་པར་མི་འགྱུར་རོ།། ཤ་རིའི་བུ་ཐོས་ནས་ཁྱེད་དོན་ལ་མཁས་ཤིང་ནན་ཏན་གྱིས་གནས་པར་བྱའོ།། ཤ་རིའི་བུ་ལོག་པར་ཞུགས ་པ་རྣམས་ལ་ནི་རྗེས་སུ་མཐུན་པའི་བཟོད་པ་ཡང་མེད་དོ།། ཤ་རིའི་བུ་དང་ཇི་སྐད་བསྟན་པའི་ཆོས་འདི་ལ་ལོག་པར་མི་བསྒྲུབས་པ ་དེ་ནི་ཆོས་འདི་ལ་ནན་ཏན་བྱེད་པ་ཞེས་བྱའོ།། ཤ་རིའི་བཟོད་པ་ཕུན་སུམ་པ་ཚོགས་པའི་གང་ཟག་ནན་ཏན་ལག་གནས་པ་དག་ནི་ཕྱིར་ངན་སོང་དུ་འགྲོ་བར་མི་འགྱུར་གྱི། མྱུར་དུ ་ཆོས་འདི་ཡང་དག་པར་བསྒྲུབ་པར་འགྱུར་རོ།། དགེ་པའི་རྩ་བ་ངན་ངོན་ཙམ་ལ་ཡིད་བརྟན་པར་མི་བྱ་སྟེ། ཆོས་འདི་ཡོངས་སུ་མ་གྲུབ་ཀྱི་བར་དུ་བརྩོན་པ་མི་གཏོང་བས་ཀྱང་ཡིད་བརྟན ་པར་མི་བྱའོ།། ཤ་རིའི་བུ་ཆོས་འདི་ལ་བསླབས་པ་དང་། ཡོངས་སུ་བྲབ་དང་། བཟོད་པ་ཐོབ་པ་དེ་ནི་ཕྱིར་ངན་སོང་དུ་འགྲོ་བར་འགྱུར་བའི་ལམ་མི་བྱེད་དེ། ད་ནི་ཕྱིར་ལ་ལོ ་དང་། འབྲིང་བ་ལ་རྟེན་པར་མི་འགྱུར་ཏེ། དེའི་ཕྱིར་ལོག་པའི་འཇིགས་པ་མེད་པར་མི་འགྱུར་རོ།། དེ་ལྷོད་པར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཤ་རིའི་བུ་དེ་ནི་ཀུན་ནས་ཉོན ་མོངས་པ་དང་། རྣམ་པར་བྱང་བ་ཡོངསུ་ཤེས་པ་ཡིན་ནོ།། དེས་ཆོས་ཐམས་ཅད་ནི་ཕྱིན་ཅི་ལོག་ལས་བྱུང་བ་སྟེ། ཡང་དག་པར་མ་ཡིན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང ་ཁ་མ་ཡིན་ནོ།། དེ་ལྟར་ཡང་དག་པར་མཐོང་བ་དེ་ནི་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ནོ།། ངེས་པ་དང་། ཚིག་ཉུང་བ་དང་། ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པ་དང་། མཆོག ་དང་། སྤྱོད་ཡུལ་དང་། སྤྱོད་པ་དང་། དེ་སྡོམ་པ་ཕུན་སུམ་ཚོགས་པ་ཡིན་ཏེ། ཤ་རིའི་བུ་སེམས་ཅན་དེ་ལྟ་བུ་ལ་ལྷ་རྣམས་ཀྱང་མོས་པར་འགྱུར་ན། མི་རྣམས་ལྟ་ཅི་སྨོས། ་སེམས་ཅན་ད་ལྟ་བུ་ལ་ལྷ་རྣམས་ཀྱང་དགའ་བར་འགྱུར་ན། མི་རྣམས་ལྟ་ཅི་སྨོས། དེ་དག་བི་གན་དུ་ལྷ་རྣམས་ཀྱང་འགྲོ་བར་འགྱུར་ན། མི་རྣམས་ལྟ་ཅི་སྨོས། དེ་དག་ལ་ལྷ ་རྣམས་ཀྱིས་ཀྱང་བཀུར་བར་འོས་པ་ཡིན་ན་མི་རྣམས་ལྟ་ཅི་སྨོས། དེ་དག་ལ་ལྷ་རྣམས་ཀྱང་བསྲུང་བར་འགྱུར་ན། མི་རྣམས་ལྟ་ཅི་སྨོས། དེ་བཞིན་དུ་ཀླུ་དང་། གནོད་སྦྱིན་དང་། ་སྲིན་པོ་དང་། ན་མཁའ་ལྡིང་དང་། དྲི་ཟ་རྣམས་ཀྱང་དེ་དག་ལ་བསྲུང་བར་འགྱུར། དེ་དག་ལ་བསྲུང་བ་དང་། སྒྲིབ་པ་དང་། སྦེད་པའི་ཕྱིར་འབད་པར་འགྱུར་རོ།། ་དཔེའི་ལྟེའུ་སྟེ་བཞི་པའོ།། དེ་ནས་ཚེ་དང་ལྡན་པ་ཤ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་རབ་འབྱོར་སྟོན་པ་ཡང་འདི་ན ་མངོན་སུཔ་དུ་གྱུར། འཁོར་འདི་ཡང་ཆོས་ཟབ་མོ་བསྟན་པའི་སྣོད་དུ་གྱུར་ཏེ། ཚེ་དང་ལྡན་པ་རབ་འབྱོར་འཁོར་འདི་ནི་དག་ཅིང་ཟབ་མོའི་ཆོས་ཐོས་པར་འདོདན། ཁྱོད་ཅིའི ་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩམས་ཏེ། སྤོབས་པར་མི་བྱེད་པར་ཅང་མི་སྨྲ་བར་འདུག། དེ་སྐད་ཅེས་སྨྲས་པ་དང་། ཛ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད ་ཅེས་སྨྲས་སོ།། ཚེ་དང་ལྡན་པ་ཁོ་བོས་ནི་གང་ལ་བརྩམས་ཏེ་སྤོབས་པར་བྱ་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི ་མཐོང་ངོ་།། ཚེ་དང་ལྡན་པ་ཤ་རིའི་བུ་ཁོ་བོས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། བྱང་ཆུབ་སེམས་དཔའ་དང་། སྤོབས་པ་དང་། གང ་སྤོབས་པར་འགྱུར་བ་དང་། གང་གིས་སྤོབས་པར་འགྱུར་བ་དང་། གང་ལས་སྤོབས་པར་འགྱུར་བ་ཡང་མི་མཐོང་སྟེ། ཚེ་དང་ལྡན་པ་ཤ་རིའི་བུ་ཁོ་བོས་དེ་ལྟར་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། གང་སྤོབས་པར་འགྱུར་བ་དང་། གང་གིས་སྤོབས་པར་འགྱུར་བ་དང་། གང་ལས་སྤོབས་པར་འགྱུར་བ་དང་། ་གང་གིས་སྤོབས་པར་འགྱུར་བ་མི་མཐོང་ན། ཇི་སྐད་དུ་བསྟན་པར་བྱ། ཁོ་བོས་གང་ལ་བརྩམས་ཏེ་སྤོབ་པར་བྱ། ཤ་རིའི་བུ་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཐ་སྙད ་མེད་པ། སྨྲར་མེད་པ། བརྗོད་དུ་མེད་པའོ།། ཚེ་དང་དང་ལྡན་པ་ཤ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྨྲ་བ་འམ། བསྟན་པ་འམ། བརྗོད་པར་མི་ནུས་ཏེ། གང་དེ་ལྟར ་ལན་འདེབས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཚེ་དང་ལྡན་པ་ཤ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཡིན་ནོ།། ་ཚེ་དང་ལྡན་པ་ཤ་རིའི་བུ་ཤ་རིའི་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདས་པའི་མཚན་ཉིད་དང་། མ་འོངས་པའི་མཚན་ཉིད་དང་། ད་ལྟར་བྱུང་བའི་མཚན་ཉིད་བསྟན་པར་མི་ནུས་སོ།། ་ཚེ་དང་ལྡན་པ་ཤ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཐ་སྙད་མ་ཡིན་ཏེ། མཚན་ཉིད་མེད་པའོ།། ཚེ་དང་ལྡན་པ་ཤ་རིའི་བུ་མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་བསྟན་པའི་མཚན་ཉིད་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། ཚེ་དང་ལྡན་པ་ཤ་རིའི་བུ་གཟུགས་ཀྱི་འདས་པའི་མཚན་ཉིད་དམ། ད་ལྟར་བྱུང་བའི་མཚན་ཉིད་གང་ཡིན་པ་དེ་ནི་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམ་དང་། རྣམ་པར་ཤེས་པའི་འདས་པའི་མཚན་ཉིད་དང་། མ་འོངས་པའི་མཚན་ཉིད་དང་། ད་ལྟར་བྱུང ་བའི་མཚན་ཉིད་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ།། ཚེ་དང་ལྡན་པ་ཤ་རིའི་བུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱང་བའི་གཟུགས་ཀྱི་མཚན་ཉིད་ཀྱི་དེ་བཞིན ་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། འདས་པ་དང་། མ་འོང་པ་དང་། ་དལྟར་བྱུང་བ་དང་ཚོར་བ་དང་། འདུ་ཤེས་དང་། འདུ་ཤེས་བྱེད་རྣམ་དང་། རྣམ་པར་ཤེས་པའི་མཚན་ཉིད་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན ་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་གྱི་དེ་བཞིན་ཉིད་གང་ཡིན་པ་རེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཚེ་དང་ལྡན་པ་ཤ་རིའི ་བུ་འདས་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་དང་། ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་ནས་དང་། རྣམ་པར་ཤེས་པའི་མཚན་ཉིད་དེ་བཞིན་ཉིད་དང་། མ་ནོར་བ ་དེ་བཞིན་ཉིད་དང་། གཞན་མ་ཡིན་པའི་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་གདགས་པ་འམ། ཚིག་གི་ལས་ཀྱི་བརྗོད་པར་རམ། བསྟན་པར་རམ། ་ལན་གདབ་པར་མི་ནུས་ན་སོ།། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇུག་པ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་སོ།། ཚེ་དང་ལྡན་པ ་ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་བསྟན་པའི་མཚན་ཉིད་དུ་ཡང་ཉེ་བར་གནས་པ་མ་ཡིན་ཏེ། གཟུགས་བསྟན་པའི་མཚན་ཉིད་དང་། ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་བསྟན་པའི་མཚན་ཉིད་དུ་ཉེ་བར་གནས་པ་མ་ཡིན་ནོ།། རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པའི་མཚད་ཉིད ་དུ་ཉེ་བར་གནས་པ་མ་ཡིན་ནོ།། མིང་དང་གཟུགས་ཀྱི་མཚན་ཉིད་དང་། བདག་གི་མཚན་ཉིད་དང་། སེམས་ཅན་གྱི་མཚན་ཉིད་དང་། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་དང་། ་འདྲ་བའི་མཚན་ཉིད་དང་། འབྲལ་བའི་མཚན་ཉིད་དང་། རྒྱུའི་མཚན་ཉིད་དང་། རྐྱེན་གྱི་མཚན་ཉིད་དང་། སྡུག་བསྔལ་གྱི་མཚན་ཉིད་དང་། བདེ་བའི་མཚན ་ཉིད་དང་། རྣམ་པར་བཞག་པའི་མཚན་ཉིད་དང་། རྣམ་པར་མི་བཞག་པའི་མཚན་ཉིད་དང་། སྐྱེ་བའི་མཚན་ཉིད་དང་། འཇིག་པ་མཚན་ཉིད་དང་། ཀུན་ནས་ཉོན ་མོངས་པའི་མཚན་ཉིད་དང་། རྣམ་པར་བྱང་བའི་མཚན་ཉིད་དང་། རང་བཞིན་གྱི་མཚན་ཉིད་དང་། ཀུན་རྫོབ་ཀྱི་མཚན་ཉིད་དང་། དོན་དམ་པའི་མཚན་ཉིད་དང་། ་བདེན་པའི་མཚན་ཉིད་དང་། བརྫུན་པའི་མཚན་ཉིད་དང་། འཕོ་བའི་མཚན་ཉིད་དང་། འཇུག་པའི་མཚན་ཉིད་དུ་ཉེ་བར་གནས་པ་མ་ཡིན་ནོ།། དེ་ཅིའི་ཕྱིར། ་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་ཉིད་ཐམས་ཅད་དང་། བྲལ་བ་སྟེ།། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེ་འམ། ་འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འམ། འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་འམ། འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེ་འམ། འདིའི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་དེའི་སུའི་མཐོང་བར་ཡང་ཉེ་བར་མི་འགྲོའོ།། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཆོས་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་བསྟན་པའི་ཆོས་དེ་ཁོ་བོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ངེས་པར་བསྟན་པ་ཉེ་བར་འགྲོ་བ་འམ། ཉེ་བར་འགྲོ་བར་འགྱུར་བ་མ་ཡིན་ནོ།། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི ་གཟུགས་ངེས་པར་བསྟན་པར་ཉེ་བར་འགྲོ་བ་མ་ཡིན་ནོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ངེས་པར་བསྟན་པར་ཉེ་བར ་འགྲོ་བར་མ་ཡིན། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡི་ངེས་པར་བསྟན་པར་ཉེ་བར་འགྲོ་བ་མ་ཡིན། ཁམས ་རྣམས་ངེས་པར་བསྟན་པ་ཉེ་བར་འགྲོ་བ་མ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བ་ངེས་པར་བསྟན་པ་ཉེ་བར་འགྲོ་བ་མ་ཡིན། རིག་པ་དང་། རྣམ་པར་འགྲོ ་བ་ངེས་པར་བསྟན་པ་ཉེ་བར་འགྲོ་བ་མ་ཡིན་ནོ།། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་ངེས་པར་འབྱེད་པར་འགྲོ་བ་ཡང་། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངེས་པར་ཉེ་བར་འགྲོ་བ་མ་ཡིན་ནོ།། ཤ་རིའི་བུ་འདི་ལྟ་སྟེ། ཆོས་གང་བསྟན་པར་ཡང་ཉེ་བར་མི་འགྲོ་བའི་ཆོས་དེ་ཇི་ལྟར་བརྗོད ་ཅིང་ངེས་པར་བསྟན་པར་འགྱུར། ཚེ་དང་ལྡན་པ་ཤ་ར་ད་ཏིའི་བུ་གང་དག་ཆོས་རྣམས་ཀྱི། ཆོས་ཀྱི་ཚུལ་རབ་ཏུ་ཤེས་པ་དེ་དག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་བསྟན་པར་རབ་ཏུ་ཤེས་སོ།། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་བསྟན་པ་དང་། ངེས་པར་བསྟན་པར་གནས ་པ་མ་ཡིན་ནོ།། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་བསྟན་པ་དང་། ངེས་པར་བསྟན་པར་ཉེ་བར་བན་པ་མ་ཡིན་ནོ།། ་ཚོར་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསྟན་པ་དང་། ངེས་པར་བསྟན་པར་ཡང་ཉེ་བར་གནས་པ་མ ་ཡིན་ནོ།། མིང་དང་གཟུགས་བསྟན་པ་དང་། ངེས་པར་བསྟན་པ་ཉེ་བར་གནས་པ་མ་ཡིན། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་བསྟན ་པ་དང་། ངེས་པར་བསྟན་པ་ཉེ་བར་གནས་པ་མ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་དང་། ངེས་པར་བསྟན་པ་ཉེ་བར་གནས་པ་མ་ཡིན།། ་ཕྱིན་ཅི་ལོག་རྣམས་བསྟན་པ་དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན། སེམས་ཅན་གྱིས་ཁམས་དང་། བདག་གི་ཁམས་བསྟན་པ་དང་། ་ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན། སའི་ཁམས་དང་། ཆུའི་ཁམས་དང་། མེའི ་ཁམས་དང་། རླུང་གི་ཁམས་བསྟན་པ་དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། ་གཟུགས་མེད་པའི་ཁམས་བསྟན་པ་དང་། ངེས་པར་བསྟེན་པར་ཉེ་བར་གནས་པ་མ་ཡིན།། ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་དང་བསྟན་པ་དང་། ་ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན། བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་བསམ་གཏན་དང་། རྣམ་པར ་ག་ཡང་བ་དང་། ཤེས་རབ་དང་། འཆལ་པའི་ཤེས་རབ་བསྟན་པ་དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན། དྲན་པ་ཉེ་བར་གཞག་པ་དང་། ་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། ཚད་མེད་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། ་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དེདེ། སྙོམས་པར་འདུག་པ་དང་། མངོན་པར་ཤེས་པ་བསྟན་པ་དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན། ་བདེན་པ་དང་། ལམ་དང་། འབྲས་བུ་བསྟན་པ་དང་། ངེས་པར་བསྟན་པར་ཉེ་བར་བན་པ་མ་ཡིན། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ ་སེམས་དཔའི་བསྟན་པ་དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་བསྟན ་པ་དང་། ངེས་པར་བསྟན་པར་ཉེ་བར་གནས་གནས་པ་མ་ཡིན། ཆོས་པར་ཤེས་པ་བསྟན་པ་དང་། མི་ཤེས་པ་དང་། བསྟན་པ་དང་། བསྟན་དུ་མེད་པར ་གནས་པ་མ་ཡིན། མི་སྐྱེ་བའི་ཤེས་པ་དང་། ཟད་པ་ཤེས་པ་དང་། འགོག་པ་ཤེས་པ་བསྟན་པ་དང་། བསྟན་པ་མ་ཡིན་པར་ཉེ་བར་གནས་པ ་དང་། མྱ་ངན་ལས་འདས་པ་བསྟན་པ་འམ། བསྟན་པར་མ་ཡིན་པར་ཉེ་བར་གནས་པ་མ་ཡིན་ནོ།། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། ་ཆོས་གང་བསྟན་པ་འམ།། བསྟན་པ་མ་ཡིན་པར་ཡང་ཉེ་བར་གནས་པ་མ་ཡིན་པངར་དེའི་ཐད་སྐད་ཅི་ལྟར་བསྟན་པར་བྱ། ཚྭ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སུ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་བསྟན་པ་འམ། བསྟན་པ་མ་ཡིན་པར་ཉེ་བར་གནས་པ་མ་ཡིན་པར་བསྟན་པ་འདི་ལྟ་བུ་ཁོང་དུ་ཆུད་པ་དེས། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་ཤིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཡེང་ཤེས་སོ།། ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ལ་ཡང་སྦྱོར་བ་འམ། མི་སྦྱོར་བར་ཉེ་བར་གནས་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ལ་ཀུན་ཏུ་སྦྱོར་བར་མི་བྱེད། ཀུན་དུ་མི་སྦྱོར་བར་ཡང་མི་བྱེད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཀུན་དུ་སྦྱོར་བར་ཡང་མི་བྱེད། ཀུན་དུ་མི་སྦྱོར་བར་ཡང་མི་བྱེད་དེ།། རྟེན་ཅིང་འབྲལ་བ་འབྱུང་བ་ལ་ཀུན་དུ་སྦྱོར་བར ་མི་བྱེད། ཀུན་དུ་མི་སྦྱོར་བར་ཡང་མི་བྱེད་དོ།། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལ་ཡང་ཀུན་དུ་སྦྱོར་བར་ཡང་མི་བྱེད ་ཀུན་ཏུབ་མི་སྦྱོར་བར་ཡང་མི་བྱེད་དོ།། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་ཀུན་དུ་སྦྱོར་བར་ཡང་མི་བྱེད། ཀུན་དུ ་མི་སྦྱོར་བར་ཡང་མི་བྱེད་དོ།། སེམས་ཅན་གྱི་ཁམས་དང་། བདག་གི་ཁམས་དང་། ཆོས་ཀྱི་དབྱིངས་དང་། ནམ་མཁའི་ཁམས་ལ་ཀུན་དུ་སྦྱོར་བར་མི་བྱེད། ་ཀུན་ཏུ་མི་སྦྱོར་བར་མི་བྱེད་དོ།། ཚུལ་ཁྲིམས་དང་། འཇལ་བའི་ཚུལ་ཁྲིམས་དང་། བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། ་བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་པའི་ཤེས་རབ་ལ་ཀུན་དུ་སྦྱོར་བར་ཡང་མི་བྱེད། ཀུན་ཏུ་མི་སྦྱོར་བར་ཡང་མི་བྱེད་དོ།། དྲན་པ ་བར་གཞག་པ་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། ཚད་མེད་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། ་བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། བསམ་གཏན་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་ཀུན་དུ་སྦྱོར་བར་མི་བྱེད། ་ཀུན་དུ་མི་སྦྱོར་བར་ཡང་མི་བྱེད་དོ།། ལམ་དང་། ལམ་གྱི་འབྲས་བུ་དང་། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་ལ་ཀུན་ཏུ་སྦྱོར་བར་མི་བྱེད། ཀུན་དུ་མི་སྦྱོར ་བར་ཡང་མི་བྱེད་དོ།། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་ལ་ཀུན་དུ་སྦྱོར་བར་ཡང་མི་བྱེད། ཀུན་དུ་མི་སྦྱོར་བར་ཡང་མི་བྱེད་དོ། ་ཉན་ཐོས་ཀྱི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་ལ་ཀུན་དུ་སྦྱོར་བར་ཡིང་མི་བྱེད། ཀུན་དུ་མི་སྦྱོར་བར་ཡང་མི་བྱེད་དོ།། འདས་པ ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཤེས་པ་དང་། དུས་སུམ་མཉམ་པ་ཉིད་ལ་ཀུན་དུ་སྦྱོར་བར་ཡང་གི་རྩག ་ཀུན་དུ་མི་སྦྱོར་བར་ཡང་མི་བྱེད་དོ།། ཐོགས་པ་མེད་པ་དང་། མི་སྐྱེ་བ་ཤེས་པ་དང་། ཟད་པ་ཤེས་པ་དང་། མྱ་ངན་ལས་འདས་པ་ཀུན་དུ་སྦྱོར་བར་ཡང་མི་བྱེད། ་ཀུན་དུ་སྦྱོར་བར་ཡང་མི་བྱེད་དོ།། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། ཆོས་གང་ལ་ཡང་ཀུན་ཏུ་སྦྱོར་བ་འམ། ཀུན་དུ་མི་སྦྱོར་བར་ཉེ་བར་གནས་པ་མ་ཡིན་པ་ཇི ་ལྟར་བསྟན་པར་བྱ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཁོ་བོས་ཆོས་གང་སྤོབས་པར་འགྱུར་བ་དང་། གང་གིས་ཁོས་པོས་སྤོབས་པར་འགྱུར་བ་དང་། བང་ལ་ཁོ་བོས་སྤོབ ་བར་འགྱུར་བ་དང་། གང་ལ་ཁོ་བོས་བརྩམས་པར་འགྱུར་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཁོ་བོས་དབང་དེ་མཐོང་བས། ཁོ་བོས་དེ་སྐད་ཅེས་སྨྲས་སོ།། ་རབ་འབྱོར་གྱི་ལེའུ་སྟེ་ལྔ་པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལྷ་རྣམ་པར་གནོན་པ་ལ་འདི་སྐད ་ཅེས་བཀའ་བསྩལ་ཏོ།། རབ་ཀྱི་རྒྱལ་གྱི་རྣམ་པར་གནོན་པ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ་ཆོས་གང་ཡང་མི་སྤྱོད་དོ།། ཆོས་གང་ཡང་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཆོས་ཐམས་ཅད་ནི་ཕྱིན་ཅི་ལོག་ལས་བྱུང་། ་བཿབདེན་པ་མ་ཡིན་པ་མེད་པ། ལོག་པ་ཡང་དག་པ་མ་ཡིན་པ་སྟེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེའི་ཕྱིར་གང་ཆོས་འགའ་ཞིག་ལ་སྤོང་ནི། ་ད་ནི་བྱིན་ཅི་ལོག་ལ་སྤྱོད་པའོ།། དེ་ནི་ཡང་དག་པ་མ་ཡིན་པ་ལ་སྤྱོད་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ་ནི་ཕྱིན་ཅི་ལོག་སྤྱོད་བས ་རབ་ཏུ་ཕྱེ་བ་འམ། ཡང་དག་པ་མ་ཡིན་པས་རབ་ཏུ་ཕྱེ་བ་མ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ཕྱིན་ཅི་ལོག་གམ། ཡང་དག་པ་མ་ཡིན་པ་ལ་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། གང་བྱིན་ཅི་ལོག་པ་དང་། ཡང་དག་པ་མ་ཡིན་པ་དེ་ལ་སྤྱོད་པ་གང་ཡང་མེད་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་མི་སྤྱོད ་། ས་ཀྱི་ཙ་བྱིནམ་པང་གནན་པ་བྱིན་གྱི་ཚིག་ཅེས་བྱ་བ་འདི་ནི་ལོག་པ། བྱིས་པ་ས་སའི་སྐྱེ་བ་རྣམས་ཀྱིས་གཟུང་བ། ཆོས་དོན་དགྲ་བ་དེ་བཞིན ་མ་ཡིན་ཏོ།། གང་དག་དི་ལྟར་གཟུང་བ་དེ་བཞིན་དུ་མ་ཡིན་པ་དེ་ནི་བྱིན་ཅི་ལོག་དང་། ཡང་དག་པ་མ་ཡིན་པ་ཞེས་བྱའོ།། རབ་ཀྱི་རྒྱལ་གྱིས་རྣས་པར་གནོན་ག ་བྱང་ཆུབ་སེམས་དཔའ་ནི་བྱིན་ཅི་ལོག་དང་། ཡང་དག་པ་མ་ཡིན་པ་ལ་སྤྱོད་དོ།། རབ་ཀྱི་རྣལ་གྱིས་རྣམ་པར་གནོན་པ། ་བྱང་ཆུབ་སེམས་ནི་ཡང་དག་པར་སྨྲས་ཏེ། ཕྱིན་ཅི་ལོག་མ་ཡིན་པ་ལ་སྤྱོད་པའོ།། གང་དུ་ཡང་དག་པ་ལ་བྱིན་ཅི་ལོག་པ་དེ་ལ་སྤྱོད་པ་གང་ཡང་མེད་དོ།། དེའི་ཕྱིར་སྤྱོད ་པ་མེད་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། སྤྱོད་པ་ཐམས་ཅད་ཡང་དག་པར་ཆད་པོ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟེ། ་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ།། འདིས་བྱང་ཆུབ་སེམས་དཔའི་སྤྱོད་པའོ།། འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ།། འདི་ལས་བྱང་ཆུབ་སེམས་དཔའི་སྤྱོད་པའོ། ་ཞེས་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ཀུན་དུ་བསྟན་པར་མི་ནུས་ཏེ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་དེ་ལྟ་བུས་རབ་ཏུ་ཕྱེ་བ་མ་ཡིན་ནོ།། བྱང་ཆུབ་སེམས་དཔའ་དག་ནི ་སོ་སོའི་སྐྱེ་བོའི་སྤྱོད་པ་བཟློག་པ་དང་། ཉན་ཐོས་ཀྱི་སྤྱོད་བཟློག་པ་དང་། རང་སངས་རྒྱས་ཀྱི་སྤྱོད་པ་བཟློག་པ་དང་། སྤྱོད་པ་ཐམས་ཅད་བཟློག་པ་དང་། ་སྤྱོད་པ་ཐམས་ཅད་བཟློག་པ་སྐྱེ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་དོ།། རབ་ཀྱི་རྡུལ་གྱིས་རྣམ་པར་གདོད་པ། བྱང་ཆུབ་སེམས་དཔའ་འདི་དག་ནི་སངས་རྒྱས་ཀྱི ་ཆོས་དེ་དག་གོ་འདིས་སངས་རྒྱས་ཀྱི་ཆོས་དེ་དག་གོ། འདི་ནི་སངས་རྒྱས་ཀྱི་ཆོས་དེ་དག་གོ།། འདིའི་སངས་རྒྱས་ཀྱི་ཆོས་དེ་དག་གོ།། ཞེས་སངས་རྒྱས་ཀྱི་ཆོས་དེ་གང་། ་ཡིན་པ་དག་ལ་ཡང་མི་སྤྱོད་ཅིང་། མངོན་པར་ཞེན་པ་མེད་དེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ་ནི་དེ་ལྟར་མི་སྤྱོད་དོ།། རབ་ཀྱི་རྩལ་གྱིས། ་རྣམ་པར་གནོན་པ། འདི་དག་ཐམས་ཅད་ནི་རྣམ་པར་རྟོག་པ་སྤྱོད་པའོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་རྟོག་པ་ཐམས་ཅད་སྤངས་པ་ཡིན་པས། བྱང་ཆུབ་སེམས ་དཔའི་རྣམ་པར་རྟོགས་པ་དང་། མི་ཏོག་པ་ལ་མི་སྤྱོད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། རྟོག་པ་ཞེས་བྱ་བ་དེ་ནི་ཆོས་ཐམས་ཅད་རྣམ་པར་རྟོག་པའོ།། ཆོས ་ཆ་ཐམས་ཅད་ནི་རྣམ་པར་མི་རྟོག་པ་ཡིན་པས། ཆོས་ཐམས་ཅད་ལ་བརྟག་པར་མི་ནུས་སོ།། ། དེའི་ཕྱིར་གང་ཆོས་ལ་རྟོག་པ་དེ་ལོག་པར་རྟོག་པའོ།། རབ་ཀྱི་རྩལ་གྱིས ་རྣམ་པར་གནོད་པ། ཆོས་ནི་རྟོག་པ་འམ་མི་རྟོག་པ་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། རྟོག་པ་ཞེས་བྱ་བ་དེ་ནི་མཐའ་གཅིག་གོ།། མི་རྟོག་པ ་ཞེས་བྱ་བ་དེ་ནི་མཐའ་གཉིས་པ་སྟེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོད་པ། བྱང་ཆུབ་སེམས་དཔའ་ནི་མཐའ་དང་མཐའ་མེད་པ་ལ་མི་སྤྱོད་དོ།། གང་མཐའ་དང་། ་མཐའ་མེད་པ་ལ་མི་སྤྱོད་པས་དེས་ནི། དབུས་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། རབ་ཀྱི་བརྩལ་གྱིས་རྣམ ་པཱ་གནོན་པ། དབུས་ཡང་དག་པར་རྗེས་སུ་མི་མཐོང་ཤིང་། དབུས་ལ་སྤྱོད་ཀ་ནི་མཐའ་གཉིས་ལ་སྤྱོད་དོ།། རབ་ཀྱི་རྣལ་གྱིས་རྣམ་པར་གནོན་པ། དབུས་ལ་ནི་སྤྱོད་པ ་བསྟན་པ་འམ། ངེས་པར་བསྟན་པ་གང་ཡང་མེད་དོ།། རབ་ཀྱི་རལ་གྱིས་རྣམ་པར་གནོན་པ། དབུས་ཞེས་བྱེ་བ་དེ་ནི་འཕགས་པཱ་ལམ་ཡན་ལག་བརྒྱད་པའི་ཚིག་བླ ་དགས་སོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཆོས་གང་ཡང་དམིགས་པ་དང་། ཆོས་གང་མཐོང་བའི་ཕྱིར་ཉེ་བར་གནས ་རྣབ་མ་ཡིན་ནོ།། རབ་ཀྱི་བརྩལ་གྱི་རྣམ་པར་གནོན་པ། ནམ་ཆོས་གང་ལ་ཡང་བསྒོམ་པར་ཡང་མི་བྱེད། མི་བསྒོམ་པར་ཡང་མི་བྱེད་པ་དེའི་ཚེ། ལམ་གྱི་རྒྱུན ་བཅད་གས་བྱའོ།། དེ་ཆོས་ཐམས་ཅད་ལ་བསྒོམ་པར་ཡང་མི་བྱེད། མི་བསྒོམ་པར་ཡང་མི་བྱེད་པས། བསྒོམ་པ་ལས་ཡང་དག་པར་འདས་ནས། ་ཆོས་མཉམ་པར་ཉིད་རྙེད་དེ། ཆོས་མཉམ་པ་ཉིད་ངེས་ལམ་གྱི་འདུས་ཤེས་ཀྱང་མི་འབྱུང་ན། ལམ་མཐོང་བར་ལྟ་ག་ལ་འགྱུར། རབ་ཀྱི་རྩལ་གྱིས་རྣམ་པར ་གནོན་པ་ལམ་གྱི་རྒྱུན་བཅད་ཅེས་བྱ་བ་དེ་ནི་དགེ་སློང་ཟག་པ་ཟད་པ་དང་། དགྲ་བཅོམ་པའི་ཚིག་བླ་དགས་སོ།། དེ་ཅིའི་ཕྱིར་ཞེ་ན། དེས་བསྒོམ་པ ་ཡང་མེད་ཅིང་། བསྒོམ་པ་མེད་པ་ཡང་མ་ཡིན་པར་ལམ་བསྒོམས་པས་མེད་པས། དེའི་ཕྱིར་བསྒོམས་པ་མེད་ཅེས་བྱའོ།། བསྒོམ་པ་མེད་པ་ཡང ་དེ་ལ་མེད་པས། དེའི་ཕྱིར་བསྒོམ་པ་མེད་པ་ཅེས་བྱའོ།། དེ་བསྒོམ་པ་དང་བྲལ་བས་དེའི་ཕྱིར་བསྒོམས་པ་མེད་ཅེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམས་པར ་གནོན་པ། གལ་ཏེ་བསྒོམས་པ་འམ། བསྒོམ་པ་མེད་པ་ཞིག་ཡོད་ན་ནི། དམིགས་པར་འགྱུར་ཏེ། དེ་བསྒོམ་པ་མེད་པར་མི་འགྱུར་རོ།། རབ་ཀྱི་རྩལ་གྱིས ་རྣམ་པ་གནོན་པ། བསྒོམ་པ་མེད་ཅེས་བྱ་བ་དེ་ནི་བསྒོམ་པ་དང་བྲལ་བས་བསྒོམ་པ་མེད་པ་སྟེ། འདིའི་དངོས་པོ་བྲལ་བས་བསྒོམ་པ་མེད་པ་ཞེས་བྱ་སྟེ་ཇི་སྐད་དུ ་བརྗོད་པ་དེ་བཞིན་དུ་ནི་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བསྒོམ་པ་མེད་པ་ནི་བརྗོད་དུ་མེད་པའོ།། བསྒོམ་པ་མེད་པ་འདི་ནི་བྲལ་བའོ།། བྲལ་བ་གང་ཞེ་ན། ་གང་ཕྱིན་ཅི་ལོག་ནི་ཀུན་ནས་མི་ལྡང་བ་དང་། གང་ཡང་དག་པ་མ་ཡིན་པ་ན། ཀུན་ནས་ལྡང་བའོ།། རབ་ཀྱི་རྣལ་གྱིས་རྣམ་པར་གནོན་པ། ཕྱིན་ཅི་ལོག་གིས ་བྱེ་ལོག་ཀུནནས་པ་ཐོང་། བྱིན་ཀྱི་ལོག་ནི་ཀུན་ནས་ཡངས་པ་ཉིད་པ་ཡིན་ནོ།། དེ་ལ་ཀུན་ནས་སྤངས་པ ་ཅི་ཡང་མེད་དོ།། གལ་ཏེ་པ་སྤོང་བ་འགའ་ཞིག་ཡོད་ན་ནི་དེར་ཡང་བརྗོད་ན་འདི་ལྟར་ཡང་དག་པ་མ་ཡིན་པ་ལས་བྱུང་བས། དེའི་ཕྱིར་བྱིན་ཅི་ལོག་ཅེས་བྱའོ། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔས་ནི་ཆོས་ཐམས་ཅད་ཕྱིན་ཅི་ལོག་མེད་པར་ཁོང་དུ་ཆུད་དོ།། དེ་ཅིའི་ཕྱིར་ཞེ་ན། དེས་ཕྱིན་ཅི་ལོག་ནི་ཡང ་དག་པ་མ་ཡིན་པར་ཤེས་པའི་ཕྱིར་རོ།། བྱིན་ཅི་ལོག་ལ་ནི་ཕྱིན་ཅི་ལོག་མེད་དེ། གང་གིས་བྱིན་ཅི་ལོག་ཡང་དག་པ་མ་ཡིན་པ་དང་། བྱིན་ཅི་ལོག་ལ་ཕྱིན་ཅི་ལོག་མེད ་པར་ཤེས་པ་དེས། ཆོས་ཐམས་ཅད་བྱིན་ཅི་ལོག་མ་ཡིན་པར་ཁོང་དུ་ཆུད་།། ཁང་ཕྱིན་ཅི་ལོག་མེད་པར་ཁོང་དུ་ཆུད་པ་དེ་ལ་ཕྱིན་ཅི་ལོག་གང་མི་འབྱུང་ངོ་།། གང་ལ ་ཕྱིན་ཅི་ལོག་གང་ཡང་མེད་པ་དེ་ལ་སྦེད་པ་གང་ཡང་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། སྤྱོད་པ་ཐམས་ཅད་ནི་སྤོང་པ་ལས་བྱུང་བ་དང་། སྤྱོད་པ་ལ ་རྣམ་པར་རྟོག་པས་བྱིན་ཅི་ལོད་ནི། བྱང་ཆུབ་སེམས་དཔའ་ནི་སྤྱོད་པ་ལ་རྣམ་པར་མི་རྟོག་སྟེ། དེ་ཅིའི་ཕྱིར་ཕྱིན་ཅི་ལོག་མེད་པར་གནས་པ་ཞེས་བྱའོ།། གང ་བྱིན་ཅི་ལོག་མེད་པར་དེ་ནི་གང་ལ་ཡང་མི་སྤྱོད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྡུལ་གྱིས་རྣམ་པར་གནོན་པ། ་སྤྱོད་པ་མེད་པ་ཞེས་བྱ་བ་ནི་ཆོས་གང་ལ་ཡང་མི་སྤྱོད། རྣམ་པར་མི་སྤྱོད། སྤྱོད་པའི་མཚན་ཉིད་མི་སྟོན་པའོ།། དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱ་བ་སྟེ། ་གང་འདི་ལྟ་བུར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་གཟུགས་ཀྱི་དམིགས་པ ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ ་ས་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེས་དམིགས་པ་ཐམས་ཅད་རབ་ཏུ་དབེན་པར་ཤེས་པའི་ཕྱིར་རོ།། དབེན་པ་དང ་ཡིན་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ་དེའི་ཕྱིར་སྤྱོད་སྦེད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྒྱལ་གྱིས་རྣམས་པར་གནོན་པ། བྱང་ཆུབ་སེམས་དཔའ ་མིག་གི་དམིགས་པ་ལ་སྤྱོད།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ།། རྣ་བ་དང་། སྣ་དང་། ལྕེ་དང་། ་ལུས་དང་། ཡིད་ཀྱི་དམིགས་པ་ལ་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེས་དམིགས་པ་ཐམས་ཅད་ཡང་དག་པ་མ་ཡིན ་པར་ཤེས་པའི་ཕྱིར་རོ།། གང་དམིགས་པ་ཐམས་ཅད་ཡང་དག་པ་མ་ཡིན་པར་ཤེས་པ་དེ་ནི། གང་ལ་ཡང་མི་སྤྱོད་དོ།། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས ་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས ་ཀྱི་དམིགས་པ་ལ་སྤྱོད་ན་ཤེས་རབ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེས་དམིགས་པ་ཐམས་ཅད་ཕྱིན་ཅི་ལོག་ལས་བྱུང་བར་ཤེས་ཤིང་། ་གང་བྱིན་ཅི་ལོག་པ་དེ་ཡང་མུ་ཡིན་པར་ཡོངས་སུ་ཤེས་པའི་ཕྱིར་རོ།། གང་གིས་ཕྱིན་ཅི་ལོག་ཡང་དག་མ་ཡིན་པ་ཡོངས་སུ་ཤེས་པ་དེ་ནི། དམིགས་པ་གང་ལ་མི ་སྤྱོད་དོ།། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པ་གནོན་པ། བྱང་ཆུབ་སེམས་དཔའ་སྲོག་ཏུ་འདུ ་འདུ་ཤེས་པ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་པ་དང་། ཤེད་བུ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ་བྱེད་དུ་འཇུག་པ་དང་། ཚོར་བ་པོ་དང་། ཚོར་བ་བྱེད་པར་འདུས་ཤེས་པ་དང་། ཤེད་པར་བྱེད་པ་དང་། ཤེས་པ་པོར་འདུ་ཤེས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ།། ་དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་འདུ་ཤེས་ཐམས་ཅད་རྣམ་པར་བཤིག་པའི་ཕྱིར་རོ།། གང་དག་གི་འདུ་ཤེས་ཐམས་ཅད་རྣམ་པར་ཤིག་པ་དེ་དག་ཕྱིར་འདུ་ཤེས་གང་ལ ་ཡང་མི་སྤྱོད་དེ། དེའི་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་ཕྱིན་ཅི་ལོག་དང་། ་བལྟ་བར་གྱུར་པ་དང་། སྒྲིབ་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། ཕྱིན་ཅི་ལོག་དང་། ལྟ་བར་གྱུར་པ་དང་། སྒྲིབ་པའི་དམིགས་པ ་བ་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་ལ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ཕྱིན་ཅི་ལོག་དང་། ལྟ་བར་གྱུར་པ་དང་། སྒྲིབ་པའི ་དམིགས་པ་ཡོངས་སུ་ཤེས་པའི་ཕྱིར་རོ།། གང་ཡོངས་སུ་ཤེས་པ་དེ་སྦེད་པ་མེད་དེ། དེའི་ཕྱིར་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས ་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་བར་འབྱུང་བའི་དམིགས་པ་ལ་སྤྱོད་ན། ཤེས་རབ་ཀྱིས ་རོལ་ཏུ་བྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་ཤེས་ཤིང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དམིགས་པ་ཡང་ཤེས་པའི ་ཕྱིར་རོ།། གང་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་དམིགས་པ་ཤེས་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང ་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ་དག་འདོད་པའི་ཁམས་ཀྱི་དམིགས་པ་ལ་སྤྱོད་ན། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་པ་ཡིན། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་པ་ལ་སྤྱོད་པས་ཡིན་ནོ།། ་དེ་ཅིའི་ཕྱིར་ཞེ་ན། རི་དག་གིས་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ།། ་གང་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་དམིགས་པར་རྣམ་པར་འཇིག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ་དག་ཚུལ་ཁྲིམས་དང་། འཆལ་པའི་ཚུལ ་ཁྲིམས་ཀྱི་དམིགས་པ་ལ་སྤྱོདན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ཚུལ་ཁྲིམས་དང་། འཆལ་པའི་ཚུལ ་ཁྲིམས་ཀྱི་དམིགས་པ་ཡོངས་སུ་ཤེས་པའི་ཕྱིར་རོ།། གང་ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ཀྱི་དམིགས་པ་ཤེས་པ་དེ་ལ་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམ ་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ་དག་བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ་ལ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབས་དང་། འདལ་བའི་ཤེས་རབ་ཀྱི་དམིགས་པ་ལ་སྤྱོད་ན། ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ ་པ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་དམིགས་པ་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱིར་རོ།། གང་དམིགས་པ་ཐམས་ཅད་ཡོངས་སུ་ཤེས་པ ་དེ་ལེ་ནི་སྤྱོད་པ་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་ཚུལ་གྱིས་རྣམ་པར་གནོན་པ་བྱང་ཆུབ ་སེམས་དཔའ་དང་ཕྱིན་ཅི་ལོགས་མ་ཡིན་པ་དང་། ཡང་དག་པའི་སྤོང་བ་དང་། དྲན་པ་པ་ཉེ་བར་བཞག ་པ་དང་། ཚད་མེད་པའི་དམིགས་པ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་དམིགས་པ་ཐམས ་ཅད་ཡ་མ་སླར་ཤེས་པའི་ཕྱིར་རོ།། གང་དམིགས་པ་ཐམས་ཅད་ཡ་མ་སླར་ཡོངས་སུ་ཤེས་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ ་སེམས་དཔའ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ་དག་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང ་ངེ་འཛིན་དང་། སྙེམས་པར་འཇུག་པའི་དམིགས་པ་ལ་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་དབང་པོ་དང་། ་སྟོབས་དང་། བྱང་ཆུབ་ཀྱི་ཡིནི་ལག་དང་། ཏིང་དེ་ཛིན་དང་། སྙོམས་པར་འདུག་པའི་དམིགས་པ་རྣམས་པར་བཞིག་པ་གང་རྣམ་པར་འག་བདེ་ལ་སྤྱོད་པ་གང ་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྒྱལ་གྱིས་རྣམ་པར་གདོདན་པ། བྱང་ཆུབ་སེམས་དཔའ་དག་སྡུག་བསྔལ ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་མི་དམིགས་པ་ལ་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ་དེ་དག་གི་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་བྷི་དམིགས་པའི་རྣམ་པར་བཤིག་པའི་ཕྱིར་རོ།། གང་རྣམ་པར་འཇིག་པ་དེ་ལ་རྣམ་པར་འཇིག ་རབ་གང་ཡང་མེད་ཅིང་། དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་བྱང་ཆུབ་སེམས་དཔའ་དག་རིག་པ་དང་། རྣམ་པར་གྲོལ་བའི། དམིགས་པ་ལ་སྤོང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ་དེ་དག་གིས་རིག་པ་དང་། རྣམ་པར་གྲོལ་བའི་དམིགས་པར་རྣམ་པར་བཞིག་པའི་ཕྱིར་རོ།། གང་རྣམ་པར་འཇིག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེ་ཕྱིར་སྤྱོད་པ་མེད ་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ་དག་མི་སྐྱེ་བོའི་དམིགས་པ་འམ། ཟད་པའི་དམིགས ་པ་འམ། མངོན་པར་འདུ་མི་བྱེད་པའི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཤེ་ན། དེ་དག་གིས་མི་སྐྱེ་བར་དང་། ་ཟད་པ་དང་། མངོན་པར་འདུ་མི་བྱེད་པའི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ།། གང་རྣམ་པར་བཤིག་པ་དེ ་ལ་ཡང་སྤྱོད་པ་གང་ཡང་མེད་དོ།། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས ་དཔའ་དགེ་ས་དང་། ཆུ་དང་། མ་དང་། རླུང་དང་། ནམ་མཁའི་དམིགས་པ་ལ་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི ་ཕྱིར་ཞེས་ན། དེ་དག་གི་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའི་དམིགས་པར་རྣམ་པར་བཞིག་པའི་ཕྱིར་རོ།། གང་རྣམ་པར ་འཇིག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ ་སེམས་དཔའ་ཉན་ཐོས་དང་། རང་སངས་རྒྱས་ཀྱིསའི་དམིགས་པ་ལ་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ་དེ་དག་གིས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སའི་དམིགས་པ་རྣམས་བཤིག་པའི་ཕྱིར་རོ།། གང་རྣམ་པར་བཤིག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར ་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ་དག་ཉན་ཐོས་དང་། རང་སས་རྒྱས། ་ཀྱི་ཆོས་ཀྱི་དམིགས་པ་ལ་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཉན་ཐོས་དང་། རང་སངས་རྒྱས ་ཀྱི་ཆོས་ཀྱི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ།། གར་རྣམ་པར་འཇིག་པ་དེ་ལ་སྤྱོད་པ་གང་ར་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ་དང་མྱ་ངན་ལས་འདས་པའི་དམིགས་པ་ལ་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་མྱ་ངན་ལས་འདས་པའི་དམིགས་པ་ཡོངས་སུ ་ཤེས་པའི་ཕྱིར་རོ།། གང་ཡོངས་སུ་ཤེས་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི ་ཚུལ་གྱིས་རྣམ་གནོན་པ། བྱང་ཆུབ་སེམས་དཔའ་དག་མཚན་མ་ཡོངས་སུ་དག་པའི་དམིགས་པ་ལ་སྤྱོད་དམ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་དམིགས ་པལ་སྤྱོད་དག། ཉན་ཐོས་ཕུན་སུམ་ཚོགས་པའི་དམིགས་པ་ལ་སྤྱོད་ན་དམ། བྱང་ཆུབ་སེམས ་དཔའི་ཕུན་སུམ་ཚོགས་པའི་དམིགས་པ་ལ་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དཔྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་མཚན ་ཡོངས་སུ་དག་པའི་དམིགས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་དམིགས་པ་དང་། ཉན་ཐོས་ཕུན་སུམ་ཚོགས་པའི་དམིགས་པ་དང་། བྱང་ཆུབ ་སེམས་དཔའ་ཕུན་སུམ་ཚོགས་པའི་དམིགས་པ་རྣམ་པར་ཤིག་པའི་ཕྱིར་རོ།། གང་རྣམ་པར་འཇིག་པའི་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང ་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྡུལ་གྱིས་རྣམ་པར་གནོན་པ། ད་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ།། ་འདི་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམིགས་པ་ཐམས་ཅད་ཡོངས་སུ་ཤེས་པའི་སྤྱོད་པ་དང་། དམིགས་པ་ཐམས་ཅད་རྣམ་པར་འཇིག་པའི ་སྤྱོད་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའི་དེ་ལྟར་སྤྱོད་ན། གཟུགས་ཀྱི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ།། དེ་བཞིན ་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་རྣམ་པར་དག་པ་ལའང་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེས ་གཟུགས་ཀྱི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ།། སྤྱོད་པ་དེ་ལྟ་བུ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ལ་སྤྱོད་པའོ།། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ། ད་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་མིག་གི་དམིགས་རྣམ་པར་དག་པ་ལ་མི་སྤྱོད་དོ།། རྣ་བ ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེས་ཡིད་ཀྱི་བར་གྱི་དམིགས་པ ་རྣམ་པར་དག་པ་ཡོངས་སུ་ཤེས་པའི་ཕྱིར་རོ།། སྦེད་པ་དེ་ལྟ་བུ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ།། རབ་ཀྱི་རྩལ་གྱིས། ་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་དང་། སྒྲ་དང་དྲི་དང་རོ་དང་། རེབ་བྱ་དང་། ཆོས་ཀྱི་དམིགས་པ་རྣམ་པར་དག་པ་ལ ་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེས་ཆོས་ཀྱི་བར་གྱི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པ་ཡོངས་སུ་ཤེས་པའི་ཕྱིར་རོ།། སྤྱོད་པ་དེ་ལྟ་བུ་གང་ཡིན་པདེ ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་མིང་དང་། གཟུགས་ཀྱི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེས་མིང་དང་གཟུགས་ཀྱི་རང་བཞིན ་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ།། སྤྱོད་པ་ལྟ་བུ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ།། རབ་ཀྱི་རྩལ་གྱིས ་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་བདག་དང་སེམས་ཅན་གྱི་དམིགས་པ་རྣམ་པར་དག་པ་ལ་མི་སྤོད་དོ།། དེ་ཅིའི་ཕྱིར་ཞེ་ན། ་དས་བདག་དང་སེམས་ཅན་གྱི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པ་ཡོངས་སུ་ཤེས་པའི་ཕྱིར་རོ།། སྤྱོད་པ་དེ་ལྟ་བུ་གང་ཡིན་པ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ལ་སྤྱོད་བའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའདི་སྲོག་དང་། འབྱུང་བ་དང་། གང་ཟག་དང་། ་བྱེད་པ་པོ་དང་། བྱེད་དུ། འཇུག་པ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་པོ་དང་། ལྟ་བའི་དམིགས་པ་རྣམ་པར་དག་པ ་ལ་སི་སྤྱོད་དོ།། དེ་ཅིའི་བྱི་ཞེ་ན། དེས་སྲོག་དང་། འབྱུང་བ་དང་། གང་ཟག་དང་། བྱེད་དུ་འདུག་པ་དང་། སྲོང་འདྲང། ཀུན་ནས ་སློང་པོ་པོ་དང་། ཚོར་བར་བྱེད་པ་དང་། ལྟ་བའི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ།། སྤྱོད་པ་དེ་ལྟ་བུ་གང་ཡིན་པ་དེ ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤོང་བའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ད་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིན་ཅི་ལོག ་དང་། ལྟ་བར་གྱུར་པའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་ཕྱིན་ཅི་ལོག་དང་། ལྟ་བར་གྱུར་པའི་དམིགས་པ་རང་བཞིན ་གྱིས་རྣམ་པར་ཡོངས་སུ་ཤེས་པའི་ཕྱིར་རོ།། རབ་ཀྱིས་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་སྒྲིབ་པའི་དམིགས་པ་རྣམ་པར ་དག་པ་ལ་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེས་སྒྲིབ་པའི་དམིགས་པ་རང་བཞིན་གྱིས་རྣམ་དྲག་པོ་ཡོངས་སུ་ཤེས་པའི་ཕྱིར་རོ།། རབ་ཀྱི་རྡུལ་གྱིས་རྣམ་པར ་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེས་རྟེན ་ཅིང་འབྲེལ་པར་འབྱུང་བའི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པ་ཡོངས་སུ་ཤེས་པའི་ཕྱིར་རོ།། རབ་། ་ཚལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་འདོད་པའི་ཁམས་དང་། གཟུགས་ཀྱིས་ཁམས་དང་། གཟུགས་མེད་པའི་ཁམས ་ཀྱི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོ་དོ།། དེ་ཅིའི་ཕྱིར་ཞེ་ན། དེས་འདོད་པའི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་དམིགས་པ་རང་བཞིན་གྱིས་རྣམ་པར ་དག་པར་དག་པ་ཡོངས་སུ་ཤེས་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཚུལ་ཁྲིམས་དང་། འཆལ་པའི་ཚུལ ་ཁྲིམས་ཀྱི་དམིགས་པ་རྣམ་པར་དག་པ་ལ་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེས་ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ཀྱི་དམིགས་པ་རང་བཞིན་གྱིས་རྣམ་པར ་རག་པ་ཡོངས་སུ་ཤེས་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་བདོད་པ་དང་། གནོད་སེམས་དང་། ་བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་བའི་ཤེས་རབ་ཀྱི་དམིགས་པ་རྣམ་པར་དག་པ་ལ་མི ་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེས་བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ་ཤེས་རབ་དང་། ཤེས་རབ་འཆལ་བའི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པ་ཡོངས་སུ་ཤེས་པའི་ཕྱིར་རོ།། རབ་ཀྱི་རྡུལ་གྱིས་རྣམ་པར་གརྟེན་པ། དེ་ལྟར་སྤྱོད་པའི ་བྱང་ཆུབ་སེམས་དཔའ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དམིགས་པ་རྣམ་པར་དག་པ་ལ་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེས་འདས་པ་དང་། མ་འོང ་པ་དང་། ད་ལྟར་བྱུང་བའི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པ་ཡོངས་སུ་ཤེས་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོད་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས ་དཔའ་ཆེན་པོ་ནི། ཐོབ་པ་མེད་པའི་དམིགས་པ་རྣམ་པར་དག་པ་ལ་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེས་མངོན་པར་ཤེས་པའི་དམིགས་པར་རང་བཞིན་གྱིས་ཡོངས་སུ ་དག་པར་ཤེས་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོད་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཐམས་མཁྱེན་པའི་དམིགས་པ་རྣམས་པར་དག་པ་ལ་སྤྱོད་དོ།། ་དེ་ཅིའི་ཕྱིར་ཞེ་ན། དེས་ཐམས་ཅད་མཁྱེན་པའི་དམིགས་པ་རང་བཞིན་གྱིས་ཡོངས་སུ་དག་པ་ཞེས་བའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ནི ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་པ་ཐམས་ཅད་རང་བཞིན་གྱི་ཡོངས་སུ་རྣམ་པར་དག་པ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ད་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཡིས། འདི་ནི་བཟུགས་སོ་ཞེས་ཡང་དག ་པར་རྗེས་སུ་མི་མཐོང་། འདིས་གཟུགས་ཞེས་ཡང་དག་པར་རྗེས་སུ་མི་མཐོང་། འདིས་གཟུགས་ཞེས་ཡང་དག་པར་རྗེས་སུ་མི་མཐོང་། འདིའི་གཟུགས་ཞེས ་ཡང་དག་པར་རྗེས་སུ་མི་མཐོང་། འདི་ལས་གཟུགས་ཞེས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་དེ་ལྟར་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་བས། གཟུགས ་མི་འདེབ། མི་འཇོག། གཟུགས་མི་སྐྱེ། མི་འགོག། གཟུགས་ལ་མི་སྤྱད། རྣམ་པར་མི་སྤྱོད། གཟུགས་ཀྱི་དམིགས་པ་ལ་མི་སྤྱོད། རྣམ་པར་མི་སྤྱོད། ་ར་ཀྱི་ལ་རྣས་པ་། དེའི་སྤྱོ་པའི་བྱུང་མསེམས་དཔའ་དེན་ཚོང་བའོ།། འདོད་འདུ་ཤེས་སོ།། འདིན་འདུ་བྱེད་པས།། འདི་ན ་པར་ཤེས་པའོ།། ཞེས་ཡང་དག་པར་རྗེས་སུ་མི་མཐོང་འདིས་རྣམ་པར་ཤེས་པ་ཞེས་པ་ཡང་དག་པར་རྗེས་སུ་མི་མཐོང་། འདི་ཡི་རྣམ་བདགས་པ་ཞེས་ཡང་དག་པར ་རྗེས་སུ་མི་མཐོང་། འདི་ལས་རྣམ་པར་ཤེས་པའི་ཞེས་ཡང་དག་པར་རྗེས་སུ་མི་མཐོང་སྟེ།། དེ་ད་ལྟར་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་བས། རྣམ་པར ་ཤེས་པ་མི་འདག། མི་འཇིག། རྣམ་པར་ཤེས་པ་མི་སྐྱེ། མི་འགོག། རྣམ་པར་ཤེས་པ་ལ་མི་སྤྱོད། རྣམ་པར་མི་སྤྱོད། རྣམ་པར་ཤེས་པའི་དམིགས་པ་ལ་མི་སྤྱོད། ་རྣམ་པར་མི་སྤྱོད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན ་པ། གཞན་ཡང་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་འདས་ཞེས་མི་སྤྱོད། གཟུགས་ལ་མ་འོངས་ཞེས་མི་སྤྱོད། གཟུགས་ལ་ད་ལྟར་བྱུང་བ་ཞེས་མི་སྤྱོད།། ་དེ་བཞིན་དུ་ཚོར་བ་དང་། འོདི་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱང་བ་ཞེས་མི་སྤྱོད་དོ།། གཟུགས་ལ ་བདག་ཅེས་མི་སྤྱོད། གཟུགས་ལ་བདག་གིས་ཞེས་མི་སྤྱོད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་གི་ཞེས་མི་སྤྱོད། ་དོ།། གཟུགས་སྡུག་བསྔལ་ཞེས་མི་སྤྱོད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྡུག་བསྔལ་ཞེས་མི་སྤྱོད་དོ།། ་གཟུགས་ལ་བདག་གི་དང་གཞན་བྷི་ཞེས་མི་སྤྱོད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་ལ་བདག་གི་ཞེས་དང་གཞན་མི་སྤྱོད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ད་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་སྤྱོད་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། གཟུགས་ཀྱི་ཀུན་འབྱུང་བ་ལ་མི་སྤྱོད། ་གཟུགས་ཀྱི་འགོག་པ་ལ་མི་སྤྱོད། གཟུགས་ཟབ་ཅེས་མི་སྤྱོད། གཟུགས་ལ་སྟོང་ཞེས་མི་སྤོད། གཟུགས་མི་སྟོང་ཞེས་མི་སྤྱོད། གཟུགས་ལ་མཚན་མ་ཞེས་མི་སྤྱོད། ་གཟུགས་ལ་མཚན་མ་མེང་ཞེས་མི་སྤྱོད། གཟུགས་ལ་སྨོན་པ་ཞེས་མི་སྤྱོད། གཟུགས་ལ་སྨོན་པ་མེད་པ་ཞེས་མི་སྤྱོད། གཟུགས་ལ་མངོན་པར་འདུ་མི་བྱེད་པ ་ཞེས་མི་སྤྱོད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཀུན་འབྱུང་བ་ལ་མི་སྤྱོད། རྣམ་པར་ཤེས་པའི་འགོགས ་བ་ལ་མི་སྤྱོད་དོ།། རྣམ་པར་ཤེས་པ་ལ་ཟབ་ཅེས་མི་སྤྱོད། རྣམ་པར་ཤེས་པ་ལ་མི་ཟབ་ཅེས་མི་སྤོད་དོ།། རྣམ་པར་ཤེས་པ་ལ་སྟོང་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་མི ་སྟོང་ནས་མི་སྤྱོད། རྣམ་པར་ཤེས་པ་ལ་མཚན་མ་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་མ་མཚན་མ་མེད་པ་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་སྨོན་པ་མེད་པ ་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་སྨོན་པ་མེད་པ་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་མངོན་པར་འདུ་བྱེད་པ་ཞེས་མི་སྦྱོང། རྣམ་པར་ཤེས་པའི་ལ་མངོན་པར ་འདུ་མི་བྱེད་པ་ཞེས་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱི་རྣམ་པར་གནོན་པ། འདི་དག་ཐམས་ཅད་ནི་རློབ་སེམས་སུ་གྱུར་པ་དང་། གཡོས་པ་དང་། ་སྨོས་པ་དང་། སྲེད་པར་རྟོགས་པའི་ཕྱིར་རོ།། བདག་གིས་སྤྱད་པར་བྱའོ་ཞེས་བྱའོ།། འདིར་སྡུད་པར་བྱའོ་ཞེས་བྱའོ་ཞེས་བྱ་བ་ནི་སྤྲོས་པའོ།། འདིས ་སྤྱོད་དོ་ཞེས་བྱ་བ་དེ་ནི་སྲེད་པར་གརྟོགས་པའོ།། འདི་ལ་སྤྲད་པར་བྱའོ་ཞེས་བྱ་བ་ནི་རློབ་སེམས་སོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ད་ལ་བྱང་ཆུབ་སེམས ་དཔའ་དག་ནི། དེ་དག་ཐམས་ཅད་རློམ་སེམས་དང་། གཡོས་པ་དང་། སྤྲོས་པ་དང་། སྲེད་པར་གཏོགས་པར་ཤེས་ནས། མི་ཤེས་པ་ཐམས་ཅད་ཡང་དག ་གཞོམ་པའི་ཕྱིར། ཅི་ལ་ཡང་རློམ་སེམས་སུ་མི་བྱེད་དོ།། རློམ་སེམས་སུ་མི་བྱེད་པས་གང་ལ་ཡང་མི་སྤྱོད། དེ་དག་ལ་ཡང་མི་སྦྱོར་རོ།། དེ་དག་ནས ་མེད་ཅིང་འདུ་བ་ཡང་མེད་འབྲལ་བ་སྲིད་པས་ཅི་ཡང་ལྡན་པར་མི་བྱེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན ་པ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རློམ་སེམས་སུ་ཐམས་ཅད་ཡང་དག་པར་འཇོམས ་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཞན་ཡང་བྱང་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གཟུགས་ལ་རྟག་ཅེ་འམ། ་མི་རྟག་ཅེས་མི་སྤྱོད་དོ།། གཟུགས་ལ་སྟོང་ཞེ་འམ་མི་སྟོང་ཞེས་མི་སྤྱོད་དོ།། གཟུགས་ལ་རྨི་ལམ་ལྟ་བུ་ཞེས་མི་སྤྱོད་དོ།། གཟུགས་ལ་མིག་ཡོར་ལྟ་བུ་ཞེས ་མི་སྤྱོད་དོ།། གཟུགས་ལ་བྲལ་ཆ་ལྟ་བུ་ཞེས་མི་སྤྱོད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ ་རྟག་ཅེས་འམ། མི་རྟག་ཅེས་མི་སྤྱོད་དོ།། རྣམ་པར་ཤེས་པ་ལ་སྟོང་ཞེས་འམ་མི་སྟོང་ཞེས་མི་སྤྱོད་དོ།། རྣམ་པར་ཤེས་པ་ལ་སྒྱུ་མ་ལྟ་བུ་ཞེས་མི་སྤྱོད་དོ།། ་རྣམ་པར་ཤེས་པ་ལ་རྨི་ལམདྨ་བུ་ཞེས་མི་སྤྱོད་དོ།། རྣམ་པར་ཤེས་པ་ལ་མིག་ཡོར་ལྟ་བུར་མི་སྤྱོད་དོ།། རྣམ་པར་ཤེས་པ་ལ་བྲིག་ཆ་ལྟ་བུའོ་ཞེས་མི་སྤྱོད་དོ།། ་དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་དག་ཐམས་ཅད་ནི་རྣམ་པ་བརྟགས་པ་དང་། རྣམ་པར་དཔྱད་པ་དང་། སྤྱད་པ་དང་། རྣམ་པར ་སྤྱད་པ་ཡིན་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་གནོན་པ། བྱང་ཆུབ་སེམས་དཔའ་ནི་དེ་དག་ཐམས་ཅད་ནི་རྣམ་པར་བརྟགས་པ་དང་། རྣམ་པར་དཔྱད་པ ་དང་། སྤྱད་པ་དང་། རྣམ་པར་སྤྱད་པ་ཡིན་པར་ཤེས་ནས། སྤྱོད་པ་ཐམས་ཅད་ཡང་དག་པར་གཞོམ་པ་དང་། སྤྱད་པ་ཐམས་ཅད་ཡོངས་སུ་ཤེས ་པར་བྱ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའོ།། ། ་ད་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་དང་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་འདི་སྐད་ཅེས་གསོལ་ཏོ།། བྱུང ་ཆུབ་སེམས་དཔའི་ཤེས་རབ་ཀྱི་བ་ཕ་རོལ་ཏུ་ཕྱིན་པ་འདི་ནི་བསམ་གྱིས་མི་ཁྱབ་ལགས་སོ།། བཀའ་སྩལ་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ད ་བཞིན་ཏེ། གཟུགས་བསམ་གྱིས་མི་ཁྱབ་པས། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ།། དེ་བཞིན། ་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་པས ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱི་མི་ཁྱབ་བོ།། རྟེན་ཅིང་འབྲེལ་བར་འབྱུང་བ་བསམ་གྱིས་མི་ཁྱབ་པ་དང་། ཀུན་ནས ་ཉོན་མོངས་པ་བསམ་གྱིས་མི་ཁྱབ་པས། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ།། ལས་ཀྱི་རྣམ་པར་སྨིན ་པ་བསམ་གྱི་མི་ཁྱབ་པས། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བསམ་གྱིས་མི་ཁྱབ་བོ།། ཕྱིན་ཅི་ལོག་བསམ་གྱི་མི་ཁྱབ་པ ་ད་ལྟ་བར་འགྱུར་པ་བསམ་གྱིས་མི་ཁྱབ་པས། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསམས་གྱི་མི་ཁྱབ་པོ།། འདོད་པའི ་ཁམས་བསས་ཀྱིས་མི་ཁྱབ་པ་དག་གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་བསམ་ཀྱིས་མི་ཁྱབ་པས། བྱང་ཆུབ་སེམས་དཔའི་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ།། བདག་བསམ་གྱིས་མི་ཁྱབ་པ་དང་། སེམས་ཅན་བསམ་གྱི་མི་ཁྱབ་པ་དང་། སྦྱིན་པ་བསམ ་གྱིས་མི་ཁྱབ་པ་དང་། སེར་སྣ་བསམ་གྱིས་མི་ཁྱབ་པ་དང་། ཚུལ་ཁྲིམས་བསམ་གྱིས་མི་ཁྱབ་པ་དང་། འཆལ་པའི་ཚུལ་ཁྲིམས་བསམ་གྱི་མི་ཁྱབ་པ། ་དང་བཟོད་པ་བསམ་གྱི་མི་ཁྱབ་པ་དང་། གནོད་སེམས་བསམ་གྱིས་མི་ཁྱབ་པ་དང་། བརྩོན་འགྲུས་བསམ་གྱིས་མི་ཁྱབ་པ་དང་། ལེ་ལོ་བསམ་གྱིས ་མི་ཁྱབ་པ་དང་། བསམ་གཏན་བསམ་གྱིས་མི་ཁྱབ་པ་དང་། རྣམ་པར་གཡེང་བ་བསམ་གྱིས་མི་ཁྱབ་པ་དང་། ཤེས་རབ་བསམ་གྱིས་མི་ཁྱབ་པ་དང་། ་འཆལ་པའི་ཤེས་རབ་བསམ་གྱིས་མི་ཁྱབ་པས། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་བོ།། འདོད་ཆགས་དང་། ་ཞེ་སྡང་དང་། གཏི་མུག་བསམ་གྱིས་མི་ཁྱབ་པས། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསམ་གྱི་མི་ཁྱབ་པོ།། དྲན་པ་ཉེ་བར་བཞག་པ ་བསན་གྱིས་མི་ཁྱབ་པ་དང་། ཡང་དག་པ་སྤོང་བ་དང་། ཕྱིན་ཅི་མ་ལོག་པ་དང་། ཚད་མེད་པ་དང་། རྫུ་འཕྲུལ་གྱི་རྐང་པ་བསམ་གྱི་མི་ཁྱབ་པས། བྱུང ་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསམ་གྱིས་མི་ཁྱབ་བོ།། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། ་སྙོམས་པར་འཇུག་པ་བསམ་གྱིས་མི་ཁྱབ་པས། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསམ་གྱིས ་མི་ཁྱབ་པོ།། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགེག་པ་དང་། ལམ་བསམ་གྱི་མི་ཁྱབ་པས། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ།། རིག་པ་དང་། རྣམ་པར་གྲོལ་བ་བསམ་གྱིས་མི་ཁྱབ་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། མངོན་པར ་འདུ་མི་བྱེད་པ་བསམ་གྱིས་མི་ཁྱབ་པས། བྱང་ཆུབ་སེམས་ས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ།། ཉན་ཐོས་དང་རང་སངས་རྒྱས ་ཀྱིས་བསམ་གྱིས་མི་ཁྱབ་པས། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་ཁྱབ་པོ།། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས ་བསམ་གྱིས་མི་ཁྱབ་པས། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་པོ།། མངོན་པར་ཤེས་པ་བསམ་གྱི་མི་ཁྱབ་པ་དང་། ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་བསམ་གྱིས་མི་ཁྱབ་པས། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསམ་གྱིས་མི་ཁྱབ་པོ།། ། ་ཐོགས་པ་མེད་པའི་ཡང་ཤེས་བསམ་གྱིས་མི་ཁྱབ་པ་དང་། མྱ་ངན་ལས་འདས་པ་བསམ་གྱིས་མི་ཁྱབ་པ་དང་། སངས་རྒྱས་ཀྱི་ཆོས་མ་བསམ་གྱིས་མི་ཁྱབ་པས། ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་པོ།། དེ་ཅིའི་ཕྱིར་ཤེ་ན། རབ་ཀྱི་རྡུལ་གྱིས་རྣམ་པར་གནོད་པ། བྱང་ཆུབ ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦེད་པ་ནི་སེམས་བསྐྱེད་པ་མ་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། སེམས ་བསྐྱེད་པ་ཅེས་བྱ་བ་དེ་ནི་ཕྱིར་ལོག་གོ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། སེམས་ཞེས་བྱ་བ་དེ་ནི་སེམས་རབ་ཏུ་རྟོགས་པའོ།། རབ་ཀྱི་རྡུལ་གྱིས་རྣམ་པར་གནོན ་པ་སེམས་ཀྱི་རང་བཞིན་གང་ཡིན་པ་དེ་སྐྱེ་བ་དང་། འབྱུང་བ་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཕྱིན་ཅི་ལོག་དང་ལྡན་པ་དེ་ནི་སེམས་སྐྱེ་སྟེ། ་དེ་ལ་སེམས་ཀྱང་སྒྲིབ་པ་མེད་ལ། ཕྱིན་ཅི་ལོག་གང་གིས་བསྐྱེད་པ་དེ་ཡང་སྒྲིབ་པ་མེད་པ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྩལ་གྱིས་རྣམ་པར་གནོན་པ། བྱིས་པ་སོ་སོའི་སྐྱེ ་རྐང་རྣམས་ནི་སེམས་སྒྲིབ་པ་མེད་པ་དང་། གང་དུ་སྐྱེ་བ་དེ་ཡང་སྒྲིབ་པ་མེད་པ་དང་། གང་གིས་སྐྱེ་བ་དེ་ཡང་སྒྲིབ་པ་མེད་པར་མི་ཤེས་སོ།། དེ་དག་ནི་སེམས་དབེན ་པར་མི་ཤེས་ཤིང་། དམིགས་པ་དབེན་པར་མི་ཤེས་པས། བདག་སེམས་བདག་གི་སེམས་འདིའི་སེམས། འདི་ལས ་སེམས་མངོན་པར་ཞེན་ཏོ།། དེ་དག་སེམས་ལ་མངོན་པར་ཞེན་པས། དགེ་བ་ཞེས་མངོན་པར་ཞེན། མི་དགེ་བ་ཞེས་མངོན་པར་ཞེན། བདེ་བ་ཞེས་མངོན་པར་ཞེན། ་བསྡུག་བསྔལ་ཞེས་མངོན་པར་ཞེན། ཆད་པ་ཞེས་མངོན་པར་ཞེན། རྟག་པ་ཞེས་མངོན་པར་ཞེན། ལྟ་བར་གྱུར་པ་ཞེས་མངོན་པར་ཞེན། སྒྲིབ་པ་ཞེས་མངོན་པར་ཞེན། ་ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ཞེས་མངོན་པར་ཞེན། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཞེས་མངོན་པར་ཞེན། ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་མངོན་པར་ཞེན། མིང་དང་གཟུགས་ཞེས་མངོན་པར་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཅེས་མངོན་པར་ཞེན། ཕྲ་དོག་དང ་སེར་སྣ་ཞེས་མངོན་པར་ཞེན། དེའོ་སྙོམས་པའི་ང་རྒྱལ་ཞེས་མངོན་པར་ཞེན། སྡུག་བསྔལ་ཞེས་མངོན་པར་ཞེན། ཀུན་འབྱུང་ཞེས་མངོན་པར་ཞེན། འགོག་པ་ཞེས་མངོན་པ་ཞེན། ་ལམ་ཞེས་མངོན་པར་ཞེན། དྲན་པར་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། ཕྱིན་ཅི་ལོག་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ ་ཀྱི་ཡན་ལག་ཅེས་བྱ་མངོན་པར་ཞེན། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཞེས་མངོན་པར་ཞེ་ན། མི་སྐྱེ་བ་དང་། ་ཟད་པ་དང་། མངོན་པར་འདུ་མི་བྱེད་པ་ཞེས་མངོན་པར་ཞེན། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་ལ་ཡང་མངོན་པར་ཞེ་ན། མངོན་པར་ཤེས་པ་ལ་ཡང་མངོན་པར་ཞེན། ་མྱ་ངན་ལས་འདས་པ་ལ་ཡང་མངོན་པར་ཞེན། སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་མངོན་པར་ཞེན། མཚན་མ་ལ་ཡང་མངོན་པར་ཞེན། སངས་རྒྱས་ཀྱི་ཞིང་ལ་ཡང་མངོན་པར་ཞེན། ་ཉན་ཐོས་ཕུན་སུམ་ཚོགས་པ་ལ་ཡང་མངོན་པར་ཞེན། བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ་ལ་ཡང་མངོན་པར་ཞེན་ཏོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལ་བྱང ་ཆུབ་སེམས་དཔལ་མངོན་པར་ཞེན་པ་འདི་ལྟ་བུ་དག་ནི་སེམས་ཅན་རྣམས་ཀྱི་ཕྱིན་ཅི་ལོག་གི་སེམས་ལས་བྱུང་བར་མཐོང་ནས། ཕྱིན་ཅི་ལོག་གར་ལ་ཡང་སེམས་མི་བསྐྱེད ་དོ།། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་དང་བྲལ་བའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་ཟིལ་རྣམ་པར་གནོན་པ། ཕྱིན་ཅི་ལོག་གང་ལ་ཡང་སེམས་མི ་གང་སེམས་རང་བཞིན་གྱི་འོད་གསལ་བ་དང་། རང་བཞིན་གྱིས་ཡོངསུ་དབ་པ་དེ་ལ་སེམས་བསྐྱེད་པ་གང་ཡང་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོད་པ། དམིགས ་པ་ཡོད་པས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་སེམས་བསྐྱེད་དོ།། དེ་ལ་བྱང་ཆུབ་སེམས་དཔས་དམིགས་པ་ཡང་རབ་ཏུ་ཤེས་ཤིང་།། སེམ ་གང་ནས་སྐྱེ་ཞེས་སེམས་སྐྱེ་བ་ཡང་རབ་ཏུ་ཤེས་པས། དེ་འདི་སྙམ་དུ་སེམས། འདི་ནི་རང་བཞིན་གྱིས་འོད་གསལ་བའོ་ཞེས་རྟོག་ཅིང་འདི་སྙམ་དུ་སེམས་ཏེ།། དམིག་ལ་རྟེན ་ནས་སེམས་སྐྱེ་བོ་སྙམ་མོ།། དེས་དམིགས་པ་ཡོངས་སུ་ཤེས་པས། སེམས་མི་སྐྱེ་བ་མི་འགོབ་སྟེ། དེའི་སེམས་དེ་འོད་གསལ་བ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན ་བར་ཡིན་པ་ཡིད་དུ་འོང་བ་དང་། ཡོངས་སུ་དག་པ་ཡིན་ནོ།། དེ་སེམས་མི་སྐྱེ་བ་ལ་གནས་པས། ཆོས་གང་ལ་ཡང་མི་སྐྱེ་མི་འགོག་གོ། རབ་ཀྱི་རྩལ་གྱི་རྣམ་པར་གནོན་པ། ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱང་ཆུབ་སེམས་དཔའི་སེམས་སྐྱེ་བ་ཡོངས་སུ་ཤེས་ཏེ། གང་འདི་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་བ་བསྐྱེད་པའོ།། དེ་ལྟར་སྤྲིང་པ་དས་བདག་ཤེས་རབ་ཀྱི་རྡོལ་ཏུ་ཕྱིན་པ་ལ་སྣོད་ན་། འདི་གས་པ་པར་ག་ཕྱིན་པ་ལ་སྤྱོད་ག་ལ། འམ་མས་ས་། ་ཏུ་བྱིད་པོ་སྤྱོང་དོན་འམ། འདི་ནས་ཤེས་རབ་ཀྱི་ཕུ་ལ་སྤྱོད་དོ་ཞེས་དེ་འདི་སྙམ་དུ་མི་སེམས་སོ།། གལ་ཏེ་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གའམ། འདིས་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ཞེ་འམ། འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེ་འམ། འདི་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཀུན་དུ་ཤེས་ན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ ་ཡིན་ནོ།། བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་སྙམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་དག་པར་རྗེས་སུ་མི་མཐོང་། མི་དམིགས་པ་དེ་ནི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ།། ད་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་བླ་ན་མ་མཆིས་པ་ལགས་སོ།། ་བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ནི་འོད་གསལ་པོ་ལགས་སོ།། བཅོམ་ལྡན་འདས་འདི ་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ནི་ལྟག་ན་མ་མཆིས་པ་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ། བཅོམ་ལྡན ་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་སྤྱོད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་མངོན་པར་འཕགས་པ་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་མི་ནོན་པ་ལགས་ཏེ། བདུད་དང། བདུད་ཀྱི་འཁོར་ཏག། ་གཞན་ཡང་མཚན་མ་ལ་སྤྱོད་པ་དང་། དམིགས་པ་ལ་སྤྱོད་པ་དང་། བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་དུ་ལྟ་བ་དང་། གང་ཟག་དུ་བལྟ་བ་དང་། ཆད ་བད་བལྟ་བར་དང་། རྟག་པར་བལྟ་བ་དང་། ཕུང་པོར་བལྟ་བ་དང་། ཁམས་སུ་བལྟ་བ་དང་། སྐྱེ་མཆེད་དུ་བལྟ་བ་དང་། སངས་རྒྱས་སུ་བལྟ་བ་དང་། ཆོས་སུ་བལྟ་བ་དང་། ་དགེ་འདུན་དུ་བལྟ་བ་དང་། མྱ་ངན་ལས་འདས་པར་བལྟ་བ་དང་། ཐོབ་པར་འདུ་ཤེས་པ་དང་། ང་རྒྱལ་ཅན་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སྤྱོད་པ་དང་། ་ཕྱིན་ཅི་ལོག་ལ་སྤྱོད་པ་དང་། ལོག་པའི་ལམ་ལ་རབ་ཏུ་གནས་པ་གང་གིས་ཀྱང་མི་ནོན་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཅི་པ་ལ་སྤྱོད་པ། ་བྱང་ཆུབ་སེམས་དེ་པའི་སྤྱོད་པ་འདི་ནི་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་ལགས་སོ།། དེ་སྐད་ཅེས་གསོལ་པ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དེདེ་བཞིན་ཏེ། རབ་ཀྱི་རྩལ་གྱིས་གྱིས་རྣམ་པར་གནོན་པ། བྱང་ཆུབ ་དེ་དེ་བཞིན་ནོ།། བྱང་ཆུབ་སེམས་དའི་སྤྱོད་པ་འདི་ནི་བདུད་དམ། བདུད་ཀྱི་རིགས་ཀྱི་ལྷའི་བུ་འམ། བདུད་ཀྱི་འཁོར་གྱིས་མི་ནོན་པའོ།། ཐ་ན་མྱ་ངན་ལས་འདས ་པར་ལྟ་བ་འམ། མྱ་ངན་ལས་འདས་པར་མངོན་པར་ཞེན་པའི། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་མི་ནོན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ནི་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ཏེ། འདི་ནི་སོ་སོ་སྐྱེ་བོ་ཐམས་ཅད་ཀྱི་སྤྱོད་པ་མ་ཡིན། འདི་ནི་སློབ་པ་དང་། མི་སློབ་པ་དང་། ཉན་ཐོས་ཀྱི་ཐེག་པ་ཅན་དང་། ་རང་སངས་རྒྱས་ཀྱི་ཐེག་པོ་ཅན་རྣམས་ཀྱི་སྤྱོད་པ་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གལ་ཏེ་འདི་ཉན་ཐོས་ཀྱི་ཐག་པ་ཅན་ནམ། རང་སངས་རྒྱས ་ཀྱི་ཐེག་པ་ཅན་རྣམས་ཀྱི་སྤྱོད་ཡུལ་པར་གྱུར་དུ་ཟིན་ན་ནི།། དེ་དག་ལ་ཉན་ཐོས་ཀྱི་ཐེག་པ་ཅན་ནམ། རང་སངས་རྒྱས་ཀྱི་ཐེག་པ་ཅན་ཞེས་བྱ་བ་ནི་ཐ་སྙད་འདི་གང་ཡང་མེད་པར ་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཉིད་དུ་འགྱུར་ཞིང་དེ་དག་མི་འཇིགས་པ་བཞི་ཐོབ་པའི་དེ་བཞིན་གཤེགས་པར་གྱུར་པ་ཞིག་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོད་པ། ་འདི་ལྟར་སྤྱོད་པ་འདི་ཉན་ཐོས་ཀྱི་ཐེག་པ་ཅན་རྣམས་ཀྱི་མ་ཡིན། རང་སངས་རྒྱས་ཀྱི་ཐེག་པ་ཅན་རྣམས་ཀྱི་མ་ཡིན་ཏེ། དེའི་ཕྱིར་དེ་དག་བྱང་ཆུབ་སེམས་དཔའི་ཞེས་བྱ་བ ་@གྲངས་སུ་མི་བགྲོའོ།། མི་འཇིགས་པ་བཞི་ཐོབ་པའི་དེ་བཞིན་གཤེགས་པར་ཡང་མི་འགྱུར་རོ།། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ། ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་ནི། མི་འཇིགས་པ་བཞིའི་ས་ལགས་སོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ད་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དག་ནི ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ས་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱང་། སྨོན་ལམ་གྱི་དབང་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱིན་གྱིས ་བརླབས་ཀྱི་དབང་གིས་མྱུར་དུ་མི་འཇིགས་པ་བཞི་ཐོབ་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཉན་ཐོས་ཀྱི་ཐེག་པ་ཅན་རྣམས་དང་། རང་སངས་རྒྱས་ཀྱི་ཐག ་པ་ཅན་རྣམས་ལ་མི་འཇིགས་པ་བཞི་མད་དེ། དེ་དག་ལ་དེ་བཞིན་གཤེགས་པ་ཡང་མི་འཇིགས་པ་བཞི་བྱིན་གྱིས་མི་བརླབ་བོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། སྨོན ་ལམ་གྱི་དབང་གིས། གང་མི་འཇིགས་པ་བཞི་ཐོབ་པར་གྱུར་པ་དེ་ནི་བྱང་ཆུབ་སེམས་དཔའི་སའོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དག་ནི། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པར་འགྱུར་བའི་ཕྱིར་ཏེ།། བཞི་གང་ཞེ་ན། འདི་ལྟ་སྟེ། ་དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་འདི ་བཞི་དང་ལྡན་པ་དེ་དག་མངོན་པར་རྫོགས་པར་སངས་རྒྱས་ཀྱང་། སྨོན་ལམ་གྱི་དབང་གིས་མི་འཇིག་པ་བཞི་རབ་ཏུ་འཛིན་ཏོ།། དེ་བཞིན་གཤེགས་པས་ཀྱང་དེ་དག་དགེ་བའི་རྩ་བ་དང་། ་ལྡན་པར་མཁྱེན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ས་ཡང་རྗེས་སུ་ཐོབ་པར་མཁྱེན་ནས། མི་འཇིགས་པ་བཞི་བྱིན་གྱིས་རློབ་བོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་དེའི་ཕྱིར་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་བཞི་ཐེབ་པར་འདོད་ཅིང་། མྱུར་དུ་མི་འཇིགས་པ་བཞི་ལ་མཁས་པར་འགྱུར་བར་འདོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ ་བྱིན་པ་ལ་བསླབ་པར་བྱ། སྤྱད་པར་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཆོས་ཐམས ་ཅད་ཀྱི་རྒྱུ་དང་། ཀུན་འབྱུང་བ་དང་། ནབ་པ་དང་། འགོག་པ་ཡང་རབ་ཏུ་ཤེས་ཏེ། ད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་གང་ཡང་མི་སྦྱོར་རོ།། ཆོས་ཐམས་ཅད ་ཀྱི་རྒྱུ་དང། ཀླན་འབྱུང་བ་དང་། འགེག་པ་དང་། ལམ་དང་། མཚན་ཉིད་རབ་ཏུ་ཤེས་པས་གཟུགས་པ་བསྒོམ་པར་ཡང་མི་བྱེད། མི་བསྒོམ་པར་ཡང་མི་བྱེད། དེ་བཞིན ་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསྒོམ་པར་མི་བྱེད། མི་སྒོམ་པར་ཡང་མི ་བྱེད། མིང་དང་གཟུགས་པ་བསྒོས་པར་ཡང་གི་བྱེད། མི་བསྒོམ་པར་ཡང་མི་བྱེད། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་བསྒོམ་པར་ཡང་མི་བྱེད། ་མི་བསྒོམ་པར་ཡང་བྱེད། ཕྱིན་ཅི་ལོག་དང་། སྒྲིབ་པ་དང་། བལྟ་བར་གྱུར་པ་ལ་བསྒོམ་པར་ཡང་མི་བྱེད། མི་བསྒོམ་པར་ཡང་མི་བྱེད། འདོད་ཆགས་དང་། ་ཞེ་སྡང་དང་། གཏི་མུག་ལ་ཡང་བསྒོམ་པར་མི་བྱེད། མི་བསྒོམ་པར་ཡང་མི་བྱེད།། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི ་ཁམས་ལ་ཡང་བསྒོམ་པར་ཡང་མི་བྱེད། མི་བསྒོམ་པར་ཡང་མི་བྱེད། སེམས་ཅན་གྱི་ཁམས་དང་། བདག་གི་ཁམས་ལ་བསྒོམ་པར་མི་བྱེད། མི་བསྒོམ་པར ་ཡང་མི་བྱེད། ཆད་པར་བལྟ་བ་དང་། རྟག་པར་བལྟ་བ་ལ་ཡང་བསྒོམ་པར་མི་བྱེད། མི་བསྒོམ་པར་ཡང་མི་བྱེད། སྦྱིན་པ་དང་། སེར་སྣ་དང་། ཚུལ་ཁྲིམས་དང་། ་འཆལ་པའི་ཚུལ་ཁྲིམས་དང་། བཟོད་པ་དང་། གནོད་སེམས་དང་། བརྩོན་འབྲས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ་ཤེས་རབ་དང་། འཆལ་པའི་ཤེས་རབ་ལ་ཡང་བསྒོམ་པར་ཡང་མི་བྱེད། མི་བསྒོམ་པར་ཡང་མི་བྱེད།། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། ་ཕྱིན་ཅི་མ་ལོག་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། ཚད་མེད་པ་ལ་སྒོམ་པར་ཡང་མི་བྱེད། མི་བསྒོམ་པར་ཡང་མི་བྱེད། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན ་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་བསྒོམ་པར་ཡང་མི་བྱེད། མི་བསྒོམ་པར་ཡང་མི་བྱེད། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བསྒོམ་པར་ཡང་མི་བྱེད། ་མི་བསྒོམ་པར་ཡང་མི་བྱེད། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་བསྒོམ་པར་ཡང་མི་བྱེད། མི་བསྒོམ་པར་ཡང་མི་བྱེད། མི་སྐྱེ་བ ་ཤེས་པ་དང་། ཟད་པ་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་ལ་བསྒོམ་པར་ཡང་མི་བྱེད། 6སེ་སོ་སྐྱེ་བོའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས ་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་ལ་སྡོམ་པར་ཡོང་མི་བྱེད། མི་བསྒོམ་པར་ཡང་མི་བྱེད། སོ་སོ་སྐྱེ་བོའི་ཆོས་དང་། ཉན་ཐོས་ཀྱི་ཆོས་དང་། རང་སངས་རྒྱས ་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་དང་། སངས་རྒྱས་ཀྱི་ཆོས་ལ་བསྒོམ་པར་མི་བྱེད། མི་བསྒོམ་པར་ཡང་ནི་བྱེད། ནི་གནས་དང་། ལྷག་མཐོང་བསྒོམ་པར་མ ་མི་བསྒོམ་པར་ཡང་མི་བྱེད། ་མི་བྱེད། མི་བསྒོམ་པར་ཡང་མི་བྱེད། མྱ་ངན་ལས་འདས་པ་ལ་བསྒོམ་པར་ཡང་མི་བྱེད། མི་བསྒོམ་པར་ཡང་མི་བྱེད། ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེས་མཐོང་བ་ལ་བསྒོམ་པར་ཡང་མི་བྱེད། མི་བསྒོམ་པར་ཡང་མི་བྱེད། ཐོགས་པ་མེད་པ་ལ་བསྒོམ་པར་ཡང ་མི་བྱེད། མི་བསྒོམ་པར་ཡང་མི་བྱེད། སངས་རྒྱས་ཀྱི་ཡེ་ཤེས་དང་། སངས་རྒྱས་ཀྱི་མི་འཇིགས་པ་ལ་བསྒོམ་པར་ཡང་མི་བྱེད། མི་བསྒོམ་པར་ཡང་མི་བྱེད་དོ།། ་དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རུལ་གྱིས་རྣམ་པར་གནོན་པ།། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་བསྒོམ་པར་བྱ་བ ་མ་ཡིན་པའི་ཕྱིར་རོ།། མིང་དང་གཟུགས་དང་། ཕྱིན་ཅི་ལོག་དང་། ལྟ་བར་གྱུར་པ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ ་དང་ཕྱིན་ཅི་ལྡོག་པ་དང་། ཚད་མེད་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པའི་འཇུག་པ་དང་། མངོན ་པར་ཤེས་པ་དང་། ཟད་པ་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་ནི་བསྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ།། སོ་སོའི་སྐྱེ་བོའི་ས་དང་། ཉན་ཐོས་དང་། ་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ས་ནི་བསྒོམ་པར་བྱ་མ་ཡིན་པའི་ཕྱིར་རོ།། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི ་ཆོས་བསྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ།། མྱ་ངན་ལས་འདས་པ་ནི་བསྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ།། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེ ་མཐོང་བ་ནི་བསྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ།། ཐོགས་པ་མེད་པའི་ཡེ་ཤེས་ནི་བསྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས། ་ཀྱང་བསྒོམ་པར་བྱ་མ་ཡིན་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དངོས་པོ་ཡོངས་སུ་གྲུབ་གང་ཡང་མེད་པའི་ཕྱིར་རོ།། ཐ་སྙད་འདི་དག་ཐམས ་ཅད་ནི་ཡང་དག་པ་མ་ཡིན་པ་སྟེ། དེ་ལ་ངོ་བོ་ཉིད་གང་ཡང་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཆོས་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་མ་བྱུང་བ་སྟེ། དངོས ་པོ་མེད་པའི་རང་བཞིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཕྱིན་ཅི་ལོག་གང་ཡིན་པ་དེ་ནི་ཡང་དག་པ་མ་ཡིན་པ་སྟེ། ཆོས་ཐམས་ཅད་ནི་ཕྱིན་ཅི་ལོག་ལས་བྱུང་བའི་ཕྱིར་རོ།། ་ཕྱིན་ཅི་ལོག་གང་ཡིན་པ་དེ་ཡང་དག་པར་མ་ཡིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཆོས་ཐམས་ཅད་ནི་དངོས་པོ་མེད་པ་སྟེ།། རང་བཞིན་མེད་པའི་ཕྱིར་དངོས་པོ་མི་དམིག་སོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དངོས་པོ་མེད་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་ཞིང་མ་བྱང་སྟེ།། དེའི་ཕྱིར་དངོས་པོ་མེད་པ་ཞེ ་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དངོས་པོ་མེད་པ་ཞེས་བྱ་བ་འདི་ནི་དངོས་པོ་མེད་པ་ཡོངས་སུ་བསྟན་པའོ།། གང་ལ་དངོས་པོ་མེད་པ་དེ་ལ་བསྒོམ་པ་ཡང་མེད། ་མི་བསྒོམ་པ་ཡང་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོད་པ། སེམས་ཅད་རྣམས་ཕྱིན་ཅི་ལོག་ལས་བྱུང་བས་བསྒོམ་པ་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད་དེ། དེ་ལ་དངོས ་པོ་ཅི་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ཕྱིར་དངོས་པོ་མེད་པའི་རང་བཞིན་ཏེ། དངོས་པོ་དང་བྲལ་བས ་དེ་ལ་ནི་བསྒོམ་པར་བྱ་བ་ཅི་ཡང་མང་དེ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆོས་འདི་དག་ལ་རྗེས་སུ་བལྟ་ཞིང་གནས་ཏེ། མི་བསྒོམ་པར ་ཡང་མི་བྱེབྱུད་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཞེས་བྱའོ།། རབ་ཀྱི་རྡུལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་ཅིང་དེ་ལྟར་གནས་ན། བྱང་ཆུབ་སེམས་དཔའི་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ།། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། གཟུགས་དང་འཕྲང་བའི་རྒྱུར་སེམས་མི་བསྐྱེད་དོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ ་དང་བྲལ་འཕྲད་པའི་རྒྱར་སེམས་མི་བསྐྱེད་དོ།། གནོད་སེམས་དང་ལྡན་པའི་སེམས་མི་བསྐྱེད། རྣམ་པར་བཡང་བ་དང་ལྡན་པའི་ལྡན་པའི་སེམས་མ་བ། སར་སྣ་དང་ལྡན་པའི ་སེམས་མི་བསྐྱེད། ཀུན་ནས་ཉོན་མོངས་པ་དང་ལྡན་པའི་སེམས་མི་བསྐྱེད། ལེ་ལོ་དང་ལྡན་པའི་སེམས་མི་བསྐྱེད། རྣམ་པར་གཡེང་བ་དང་ལྡན་པའི་སེམས་མི་བསྐྱེད། ་འཇལ་བའི་ཤེས་རབ་དང་ལྡན་པའི་སེམས་མི་བསྐྱེད། འདོད་པ་དང་འཕྲད་པ་དང་ལྡན་པའི་སེམས་མི་བསྐྱེད། གཟུགས་ཀྱི་དམིགས་པ་ལ་མངོན་པར་ཞེན་པའི་ཕྱི ་སེམས་མི་བསྐྱེད། བརྣབ་སེམས་དང་ལྡན་པའི་སེམས་མི་བསྐྱེད། ཕྲ་མ་དང་ལྡན་པའི་སེམས་མི་བསྐྱོད། ལེག་པར་བལྟ་བ་དང་ལྡན་པའི་སེམས་མི་བསྐྱེད། ་ལོངས་སྤྱོད་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་བསྐྱེད། དབང་ཕྱུག་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་བསྐྱེད། ལོངས་སྤྱོད་དེང་ཆེན་པོ་དང་ལྡན་པའི་རིགས་སུ ་སྐྱེ་བ་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་བསྐྱེད། ལྷར་སྐྱེ་བོ་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་བསྐྱེད། འདོད་པའི་ཁམས་ལ་མངོན་པར་ཞེན་པ་དང་ལྡན ་པའི་སེམས་མི་བསྐྱེད། གཟུགས་དང་གཟུགས་མེད་པའི་ཁམས་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་བསྐྱེད། ཉན་ཐོས ་ཀྱི་ས་དང་ལྡན་པའི་སེམས་མི་བསྐྱེད། རང་སངས་རྒྱས་ཀྱི་ས་དང་ལྡན་པའི་སེམས་མི་བསྐྱེད། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་བསྐྱེད། ་ཐ་ན་མྱ་ངན་ལས་འདས་པར་བལྟ་བར་དང་ལྡན་པའི་སེམས་མི་སྐྱེད་དོ།། དེ་སེམས་རྣམ་པར་དག་པ་འདི་དང་ལྡན། སེམས་རྣམས་ལ་བྱམས་པ་དང་། སྙིང་རྗེ་དང་། ་དགའ་བ་དང་། བཏང་སྙོམས་ཀྱིས་ཁྱབ་པར་བྱེད་དེ། སེམས་ཅན་དུ་འདུ་ཤེས་པ་ལ་ཡང་མི་གནས། ཚངས་པའི་གནས་བཞི་པོ་དེ་དག་ལའང་མངོན་པར་ཞེན ་ཏ་ཐབས་མཁས་པ་དང་ལྡན་པས་ཤེས་རབ་དང་ལྡན་པར་འགྱུར་རོ།། ཆོས་དག་ལྡན་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་བསྒོམ་པ་མྱུར་དུ་ཡོངས་སུ་རྫོགས་པར་འགྱུར་རོ།། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་གཟུགས་ཁས་མི་ལན་པོ་འཛིན་ཏོ།། ཚོར་བ་དང་། འདུ ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཁས་མི་ལེན་མི་འཛིན་ཏོ།། ཕྱིན་ཅི་ལོག་དང་། སྒྲིབ་པ་དང་། ལྟ་བར་གྱུར་པ་ཁས་མི་ལེན་མི་འཛིན་ཏོ།། ་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཁས་མི་ལེན་མི་འཛུད་ཏོ།། ཆད་པ་དང་། རྟག་པ་ཁས་མི་ལེན་མི་འཛིན་ཏོ།། ་རྟེན་ཅིང་འབྲེལ་པར་འབྱུང་བ་ཁས་མི་ལེན་མི་འཛིན་ཏེ།། ས་དང་ཆུ་དང་མ་དང་རླུང་དང་གི་ཁམས་ཁས་མི་ལེན་མི་འཛིན་ཏོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི ་མུག་ཁས་མི་ལེན་མི་འཛིན་ཏོ།། ནམ་མཁའི་ཁམས་ཁས་མི་ལེན་མི་འཛིན་ཏོ།། ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ཁས་མི་ལེན་མི་འཛིན་ཏོ།། ་བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསཔ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་པའི་ཤེས་རབ ་ཁས་མི་ལེན་མི་འཛིན་ཏོ།། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། ཚད་མེད་པ་དང་། རྫ་འཕྲལ་གྱི་རྐང་པ་ཁས་མི་ལན་མི་འཛིན་ཏོ།། དབང་པོ ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཁས་མི་ལེན་མི་འཛིན་ཏོ།། མངོན་པར་ཤེས་པ་ཁས་མི་ལེན་མི་འཛིན ་ཏོ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཁས་མི་ལེན་མི་འཛིན་ཏོ།། མི་སྐྱེ་བ་ཤེས་པ་དང་། ཟད་པ་ཤེས་པ་དང་། ་མངོན་པར་འདུ་མི་བྱེད་པ་ཤེས་པ་ཁས་པི་ལེན་མི་འཛིན་ཏོ།། བདག་གི་ཁམས་དང་། སེམས་ཅན་གྱི་ཁམས་དང་། ་ཆོས་ཀྱི་དབྱིངས་ཁས་མི་ལེན་མི་འཛིན་ཏོ།། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ཁས་མི་ལན་མི་འཛིན་ཏོ།། སོ་སོ་སྐྱེ་བོའི་ཆོས ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་ཁས་མི་ལེན་མོ་འཛིན་ཏོ།། འདས་པ་དང་། མ་འོངས་དང་། ད་ལྟར་བྱུང་བའི་ཡེ་ཤེས་དང་མཐོང་བ་ཁས་མི་ལེན ་མི་འཛིན་ཏོ།། ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་ཁས་མི་ལན་མི་འཛིན་ཏོ།། སངས་རྒྱས་ཀྱི་ཡེ་ཤེས་དང་། སྟོབས་དང་། མི་འཇིགས་པ་ཁས ་མི་ལེན་མི་འཛིན་ཏོ།། སྒྲིབ་པ་ཁས་མི་ལེན་མི་འཛིན་ཏོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཆོས་ཐམས་ཅད་ཁས་མི་ལེན་མེང་ཅི ་འཛིན་པ་མེད་དེ།། གང་གིས་ཀྱང་ཁས་པ་བླངས་པ་མེད་པའི་ཕྱིར་རོ།། རབ་ཀྱི་རྡུལ་གྱིས་རྣམ་པར་གནོན་པ། གཟུང་བར་བྱ་བའི་ཆོས་གང་ཡང་མེད་དེ། ་སུས་ཀྱང་མ་གཟུང་ངོ་།། དེ་ཅིའི་ཕྱིར་ཞེ་ན། དེ་ལ་གཟུང་བར་བྱ་བ་འམ། འཛིན་པར་འགྱུར་བ་ཅི་ཡང་མེད་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས ་ཅད་ནི་རྒྱུ་བ་ལྟ་བུའི་ཕྱིར་སྟེ། སྙིང་རྗེ་ཆེན་པོ་མེད་པའོ།། ཆོས་ཐམས་ཅད་སྙིང་པོ་མེད་པས་ཡམ་བརླའོ།། ཆོས་ཐམས་ཅད་ནི་བཟུང་དུ་མེད་མིག་ཡོར་དང་མཚངས ་སོ།། ཆོས་ཐམས་ཅད་ནི་རང་བཞིན་མེད་པས་གསོག་གོ།། ཆོས་ཐམས་ཅད་མི་གཉེ་མི་བཟོད་པའི་ཕྱིར་རོ།། དབུ་བ་རྡོས་པ་ལྟ་བུའོ།། ཆོས་ཐམས་ཅད་བྱུང་ནས ་འཇིག་ཅིང་འཇུ་བས་ཆུའི་ཆུ་བུར་དང་མཚུངས་སོ།། ཆོས་ཐམས་ཅད་ནི་ཕྱིན་ཅི་ལོག་ལས་བྱུང་བས་སྨིག་སྒྱུ་དང་འདྲའོ།། ཆོས་ཐམས་ཅད་ནི་སྙིང་པོ་མེད་པས་ཆུ་ཞིང་གི ་སྙིང་པོ་ལྟ་བུའོ།། ཆོས་ཐམས་ཅད་ནི་གཟུང་དུ་མེད་པས་ཆུ་ཟླ་དང་མཚུངས་སོ།། ཆོས་ཐམས་ཅད་ནི་ཡོད་པ་མ་ཡིན་པ་ལ་ཡོངས་སུ་བརྟགས་པས། འཇའ་ཚོན་དང ་འདྲའོ།། ཆོས་ཐམས་ཅད་ཀུན་ནས་ལྡང་བ་མེད་པས་གཡོ་བྱ་མེད་པའོ།། ཆོས་ཐམས་ཅད་ནི་ཡ་མ་བརླའི་རང་བཞིན་ལ་རྟོགས་པས། ཚངས་པ་སྟོང་པ་དང ་མཚུངས་སོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མཐོང་བའི་བྱང་ཆུབ་སེམས་དཔའ་ནི། ཅི་ཡང་ཁས་མི་ལེན་མི་འཛིན ་ཏོ་མི་འཇུག་གོ།། ལྷག་པར་ཆགས་ནས་མི་གནས་སོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད ་@བའི་ཆོས་སྐད་པ་དང་པ་དང་། མི་གནས་པ་དག་ལྡུགས་པར་ཆགས་པ་མེད་པ་དག། མངོན་པར་མི་ཆགས་པའོ།། @ ་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར ་གནོན་པ། གཞན་ཡང་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་མི་སློབ། བཟུགས་ལ་ཡང་དག་པར་འདའ་བའི་ཕྱིར་མི་སློབ། ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་སློག་ཚོར་བ་དང་། འདུ་ཤེས་དང་། བདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལས་ཡང་དག་པར་འདབ་བའི་ཕྱིར་མི་སློག ་གཟུགས་འགོག་པ་ལ་མི་སློབ། ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པ་རིགས་པ་སྐྱེ་བ་ལ་མི་སློབ་རྣམ་པར་ཤེས་པ་འགོག་པ་ལ་མི་སློབ། གཟུགས ་འདུ་བ་དང་མི་འདྲ་བའི་ཕྱིར་མི་སློབ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདུ་བ་དང་མི་འདྲ་བའི་ཕྱིར་མི་སློབ་བོ།། གཟུགས་འདའ་བ་དང་། འཇུག ་པ་དག་། གནས་པ་དང་། མི་གནས་པའི་ཕྱིར་མི་སྲོག་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་འདའ་བ་དག། འདུག་པ་དང། གནས་པ་དང་། ་མི་གནས་པ་ལ་ཡང་མི་སློག་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། གཟུགས་རྟག་པར་ཡང་མི་སློབ།། གཟུགས་བདེ་བ་དང་། ་གཟུགས་སྡུག་པ་དང་། གཟུགས་བདག་ཏུ་ཡང་མི་སློབ། ཚོར་བ་དང་འདུ་ཤེས་དང་། འདུད་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་པར་ཡང་མི་སློབ། རྣམ་པར་ཤེས་པ་བདེ་བ་དང་། ་རྣམ་པར་ཤེས་པ་སྡུག་པ་དང་། རྣམ་པར་ཤེས་པ་བདག་ཏུ་ཡང་མི་སློབ་པོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ནི། གཟུགས ་འདས་པའི་དམིགས་པ་ལྟ་སྤྱོད། གཟུགས་མ་འོངས་པའི་དམིགས་པ་ལ་མི་སྤྱོད། གཟུགས་ད་ལྟར་བྱུང་བའི་དམིགས་པ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམ ་དང་། རྣམ་པར་ཤེས་པ་འདས་པའི་དམིགས་པ་ལ་མི་སྤྱོད། མ་འོངས་པའི་དམིགས་པ་ལ་མི་སྤྱོད། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས ་དཔའ་ནི་ངས་སྟོང་པ་ལ་སྟོང་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། བདག་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། གང་འདས་པ་དེ་ལ་སྟོང་པ་དང་། ཞི་བ་དང་། བདག་མེད་པ ་དེ་ལྟར་ཡང་མི་སྤྱོད་དོ།། མ་འོངས་པ་ལ་སྟོང་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། བདག་མེད་པའི་རྣམ་པར་སོ་སོར་རྟོགས་ཏེ། གང་མ་འོངས་པ་དེ་སྟོང་པ་དང་། ཞི་བ་དང་། ་བདག་མེད་པའི་ཞེས་དེ་ལྟར་ཡང་མི་སྤྱོད་དོ།། ད་ལྟར་བྱུང་བ་ལ་སྟོང་པའི་རྣམ་པ་དང་། གི་བའི་རྣམ་པ་དང་། བདག་མེད་པའི་རྣམ་པར་སོ་སོང ་སྟེ། གང་ད་ལྟར་བྱུང་བ་དེ་སྟོང་པ་དང་། བདག་མེད་པ་ཞེས་དེ་ལྟར་ཡང་མི་སྤྱོད་དོ།། འདས་པ་ལ་སྟོང་པ་འམ། བདག་གམ། བདག་གི་འམ། རྟག་པ་འམ། བརྟེན་པ་འམ། ་ཐར་གཟུགས་པ་འམ། མི་འགྱུར་བའི་ཆོས་ཅན་ཞེས་དེ་ལྟར་ཡང་མི་སྤྱོད་དོ།། མ་འོངས་པ་ལ་སྟེང་པ་དང་། བདག་གི་འམ། རྟག་པ་འམ། བརྟེན་པ་འམ། ཐེར་ཟུག་པ་འམ ་མི་འགྱུར་བའི་ཆོས་ཅན་ཞེས་དེ་ལྟར་ཡང་མི་སྤྱོད་དོ།། ད་ལྟར་བྱུང་བ་ལ་སྟོད་པ་འམ། བདག་གམ། བདག་གི་འམ། རྟག་པ་འམ། རྟོག་པ་འམ། ཐེར་ཟུག་པ་འམ། མི་འགྱུར ་བའི་ཆོས་ཅན་ཞེས་དེ་ལྟར་ཡང་མི་སྤྱོད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོད་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ ་རྫོགས་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར ་རོ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་བདུད་སྡིག་ཅན་གྱི་སྐབས་མི་རྙེད་དོ།། དེ་ལྟར་སྤྱོད་པའི་བདུད་ཀྱི་ལུས་ཐམས ་ཅང་ཁོང་དུ་ཆུད་པའོ།། བདུད་ཀྱི་ལས་དེ་དག་གིས་མི་འབོགས་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཞན་ཡང་ད་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། ་གཟུགས་ལོ་མི་དམིགས། ཚོར་བ་དང་། འདུཤེས་དང་། འདུ་བྱེད་རྣམ་དང་། རྣམ་པར་ཤེས་པ་ལ་མི་དམིགས། ཕྱིན་ཅི་ལོག་དང་། ལྟ་བར་གྱུར་པ་ལ་མི་དམིགས། ་བདག་ཏུ་མངོན་པར་ཞེན་པ་ལ་མི་དམིགས། སེམས་ཅན་དུ་མངོན་པར་ཞན་པ་ལ་མི་དམིགས། ཆད་པ་དང་། རྟག་པ་ལ་མི་དམིགས། མཐའ་དང་མཐའ་མེད་པ་ལ་མི ་དམིགས། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་ལ་མི་དམིགས། འདོད་པའི་ཁམས་དང་། གཟུགས་མེད་པའི་ཁམས་ལ་མི་དམིགས། རྟེན་ཅིང་འབྲེལ ་པར་འབྱུང་བ་ལ་མི་དམིགས། སེ་དང་། ཆུ་དང་། མ་དང་། རླུང་དང་། ནམཁའི་ཁམས་ལ་མི་དམིགས། བདེན་པ་དང་བརྫུན་པ་ལ་མི་དམིགས། འདུ་བ་དང་འབྲལ་བ ་ལ་མི་དམིགས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་མི་དམིགས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤོང་བ་ལ་མི་དམིགས། ཚུལ་ཁྲིམས། ་དང་། འཆལ་པའི་ཚུལ་ཁྲིམས་ལ་མི་དམིགས། བཟོད་དང་། གནོད་སེམས་ལ་མི་དམིགས། བརྩོན་འགྲུས་དང་ལེ་ལོ་ལ་མི་དམིགས། བསམ་གཏན་དང་རྣམ་པར ་གཡེང་བ་ལ་མི་དམིགས། ཤེས་རབ་དང་འཚལ་པའི་ཤེས་རབ་ལ་མི་དམིགས། དྲན་པ་ཉེ་བར་གཞག་པ་དག། ཡང་དག ་པར་སྤོང་བ་དང་།། རྫུ་འཕྲུལ་གྱི་རྐང་པ་དང་། ཕྱིན་ཅི་ལྕོགས་པ་ལ་མི་དམིགས། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས ་པར་འཇུག་པ་ལ་མི་དམིགས། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་མི་དམིགས། མི་སྐྱེ་བ་ཤེས་པ་དང་། ཟད་པ་ཤེས་པ་དང་། མངོན་པར ་འདུ་མི་བྱེད་པ་ཤེས་པ་ལ་མི་དམིགས། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་མི་དམིགས། སོ་སོ་སྐྱེ་བོའི་ཆོས་དང་། ཉན་ཐོས་ཀྱི་ས་དང་། ་རང་སངས་རྒྱས་ཀྱི་ཆོས་ལ་མི་དམིགས། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་མི་དམིགས། མངོན་པར་ཤེས་པ་དང་། ཡེ་ཤེས་མཐོང་བ་ལ། རྣམ་པར་གྲོལ་བ་ལ་མི་དམིག ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་མི་དམིགས། མྱ་ངན་ལས་འདས་པ་ལ་མི་དམིགས། འདས་པ་དང་། མ་འོངས་པ་དང་། དེ་ལྟར་བྱུང་བའི་ལེགས་མཐོང་བ་ལ་མི་དམིག ་རྫོགས་པ་མེད་པའི་ཡེ་ཤེས་མཐོང་བ་ལ་མི་དམིགས། སངས་ཀྱི་ཡེ་ཤེས་ལ་མི་དམིགས། སངས་རྒྱས་ཀྱི་སྟོབས་དང་། མི་དམིགས་པ་ལ་མི་དམིགས། སངས་རྒྱས ་ཀྱི་ཞིང་ཡོངས་སུ་དག་པ་ལ་མི་དམིགས། མཚན་ཡོངས་སུ་དག་པ་ལ་མི་དམིགས། ཉན་ཐོས་ཕུན་སུམ་ཚོགས་པ་ལ་མི་དམིགས། རང་སངས་རྒྱས་ཕུན་སུམ་ཚོགས ་པ་ལ་མི་དམིགས། བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ་ལ་མི་དམིགས། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་དུ་འདུ་བ་དག་ལ་མི ་དམིགས་པར་འགྱུར་བའི་འཛིན་པ་གང་ཡང་ཆེས་ཐམས་ཅད་ལ་མེད་དེ། ཆོས་ཐམས་ཅད་དམིགས་པ་མེད་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཇི་སྲིད ་དུ་དམིགས་པ་དེ་སྲིད་དུ་ལྷག་པར་ཆགས་པ་དང་། དེ་སྲིད་དུ་མངོན་པར་ཞེན་པ་དང་། དེ་སྲིད་དུ་ལེན་པ་དང་། དེ་སྲིད་དུ་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། དེ་སྲིད ་དུ་མྱ་ངན་མི་ཟད་པའི་ཟུག་རྔུ་དང་། འཁྲུག་པ་དང་། སྨྲེ་སྔགས་འདོན་པ་འབྱུང་བར་གྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་འཆི་བའོ།། ་དེ་སྲིད་དུ་ལམ་མེད་པའོ།། དེ་སྲིད་དུ་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་བའོ།། ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་རློམས་སེམས་དང་། གཡོ་བ་དང་། སྤྲོས་པའོ།། ཇི་སྲིད་དུ་དཔན ་པ་དི་སྲིད་དུ་འཐབ་དང་། བཅོད་པ་དང་། འབྱེད་པ་དང་། ཇི་སྲིད་དུ་དམིགས་པ་ང་སྲིད་དུམ་རིག་པའི་སུན་པ་དང་། གཏི་མུག་གོ།། ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་འཇིག་པག། ་དེ་སྲད་དུ་བསྐབས་པའོ།། ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་བདུད་ཀྱི་ཞགས་པ་དང་། བདུད་ཀྱི་འཇོམས་པའོ།། ཇི་སྲིད་དུ་དམིགས་པ་དེ་སྲིད ་དུ་སྡུག་བསྔལ་གྱིས་རབ་ཏུ་ཉན་ཅིང་། བདེ་བ་ཀུན་དུ་ཚོལ་བར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ད་ལ་བྱང་ཆུབ་སེམས་དཔའ་ཉེས་དམིགས་འདི་དག་མཐོང་ནས་ཆོས་གང ་ལ་ཡང་མི་དམིགས་སོ།། དེ་དམིགས་པས་ཆེས་གང་ལ་ཡང་མི་འཛིན་ཏོ།། ད་ཆོས་ཐམས་ཅད་ལ་འཛིན་པར་མི་གནས་པའོ།། དམིགས་པ་མེད་པ་དང་། དམིགས་པ་ཡ་མ་བརླ ་དེ་དག་ལ་ཡང་རློམས་སེམས་སུ་མི་བྱེད་དོ།། རབ་ཀྱི་རལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ལ་ཡང་མངོན་པར་མི་ཞེན། ་ཆོས་གང་ལ་ཡང་མངོན་པར་མི་དགའ་བོ།། ཆོས་གང་ལ་ཡང་ལྷག་པར་ཆགས་ནས་མི་གནོས་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ནི་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ཤེས་རབ་ཀྱིས་པ་ཕ་རོལ་ཕྱིན་པ་ལ་སྤྱོད་པའི་ཆོས་ཐམས་ཅད་ལ་དམིགས་པ་དང་བྲལ་བའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམ ་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཾསྒོམས་པ་ཡོངས་སུ་རྫོབས་པར་འགྱུར་ཏེ། དེ་ལ་བདུད་སྡིག་ཅན་དང་། བདུད་ཀྱི་རིགས་ཀྱི་ལྷ་དང་། བདུད་ཀྱི་རིགས་འཁོར་དང་། ་བདུད་ཀྱི་བྱིན་གྱི་བསླབས་པ་དག་གི་བར་ཆད་བྱ་བར་མི་ནུས་སོ།། གང་མཐོ་འཚལ་པ་དང་། གང་དེ་ལ་བཟུང་ནས་འདུལ་བར་གྱུར་པའི་གླགས་རྙེད་པར་མི་འགྱུར་རོ།། རྟག་ཏུ་བདུད་ཀྱི ་ལས་ཐམས་ཅད་ཀྱང་ཁོང་དུ་ཆུད་པར་འགྱུར་རོ།། བདུད་ཀྱི་ལས་ཀྱི་དབང་དུ་མི་འགྱུར་རོ།། བདུད་ཀྱི་གནས་ཐམས་ཅད་སྤ་བཀོད་པར་བྱེད་དེ།། གཞན་མུ་སྟེགས་ཅན་ཐམས ་ཅད་ཚར་བཅད་པའི་ཕྱིར་གནས་པར་འགྱུར་རོ།། གཞན་མུ་སྟེག་ཅན་སྤོང་བ་དང་། ཀུན་དུ་རྒྱུ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ།། ཕས་ཀྱིས་རྒོལ་བ་ཐམས་ཅད ་ཀྱིས་མི་རྫི་བར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོད་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་རྟོག་པ་དང་། མི་རྟོག་པ་ལ་མི་གནས་པ་ཡིན། དེ་བཞིན ་དུ་ཚོར་བ་དང་། ང་འདུ་ཤེས་དང་། འདུ་བྱེད་རྣམས་རྣ་དང་། རྣམ་པར་ཤེས་པ་རྟོགས་པ་དང་། མི་རྟོགས་པ་ལ་མི་གནས་པ་མ་ཡིན་ཏེ། གཟུགས་ལ་རྟོག་པར་མི་བྱེད།། ་མི་རྟོག་པར་ཡང་མི་བྱེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྟོགས་པར་མི་བྱེད། མི་རྟོག་པར་ཡང་མི་བྱེད། སྒྲིབ་པ་དང་། ལྟ་བར ་གྱུར་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། རྟག་པ་དང་། ཆད་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། འདོད་པའི་ཁམས་དང་། ་གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལ་རྟོགས་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། འདོད་ཆགས་དག ་ཞེ་སྡང་དང་། གཏི་མུག་ལ་རྟོག་པ་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། བདེན་པ་ལ་རྟོག་པར་མི་བྱེད། མི་རྟོག་པར་ཡང་མི་བྱེད། བརྫུན་པ་ལ་རྟོག་པར་ཡང་མི་བྱེད། ་མི་རྟོག་པར་མི་བྱེད།། ས་དང་ཆུ་དང་། རླུང་གི་ཁམས་ལ་རྟོག་པ་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། འདུ་བ་དང་འབྲལ་བ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི ་བྱེད།། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྟོག་པར་མི་བྱེད། མི་རྟོག་པར་ཡང་མི་བྱེད། བདག་ཏུ་འདུ་ཤེས་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། སེམས་ཅན ་དུ་འདུ་ཤེས་པ་དང་། སྲོབ་ཏུ་འདུ་ཤེས་པ་དང་། གང་ཟག་ཏུ་འང་ཤེས་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། གཏོང་བ་དང་། སེར་སྣ་ལ་རྟོག་པར་ཡང་མི ་བྱེད། མི་རྟོག་པར་ཡང་མི་བྱེད། ཚུལ་ཁྲིམས་དང་། འཆལ་པོའི་ཚུལ་ཁྲིམས་ལ་རྟོག་པར་མི་བྱེད། མི་རྟོག་པར་ཡང་མི་བྱེད། བཟོད་པ་དང་། གནོད་སེམས་ལ་རྟོག་པར ་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། བརྩོན་འགྲུས་དང་ལེ་ལོ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། བསམ་གཏན་དང་རྣམ་པར་གཡེང་བ་ལ་རྟོག་པར་ཡང ་མི་བྱེད། མི་རྟོག་པར་ཡང་མི་བྱེད། ཤེས་རབ་དང་འཆལ་བའི་ཤེས་རབ་ལ་རྟོག་པར་མི་བྱེད། མི་རྟོག་པར་ཡང་མི་བྱེད། ཕྱིན་ཅི་ལོག་པ་དང་། ཡང་དག་པར་སྤོང་བ་དང་། ་རྫུན་འཕྲུལ་གྱི་རྐང་པ་དང་། དྲན་པ་ཉེ་བར་གཞག་པ་ལ་རྣམ་པར་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལབ་དང་། ་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་རྟོག་པ་ཡང ་མི་བྱེད། མི་རྟོག་པ་ཡང་མི་བྱེད། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་རྟོག་པར་མི་བྱེད། མི་རྟོག་པར་ཡང་མི་བྱེད། མི་སྐྱེ་བ་ཤེས་པ་དང་། ཟད་པ་ཤ ་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། སོ་སོ་སྐྱེ་བོའི་ཆོས་དང་། ཉན་ཐོས་ཀྱི་ཆོས་དང་། རང་སངས་རྒྱས་ཀྱིས་ཆོས ་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། སོ་སོ་སྐྱེ་བོའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད།། ་སྒྲིབ་པ་ལ་ཡང་རྟོག་པར་མི་བྱེད། མི་རྟོག་པར་ཡང་བྱེད། རིག་པ་དང་རྣམ་པར་གྲོལ་བ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། རྣམ་པར་གྲོལ་བའི་ལེགས་མཐོང་བ་ལ་རྟོག ་པར་ཡང་མི་བྱེད། མི་རྟོག་པར་འི་བྲེབ་སངས་རྒྱས་ཀྱི་ཡེ་ཤེས་མཐོང་བ་དང་། མི་འཇིགས་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི། ་བྱེད། མཚན་ཡོངས་སུ་དག་པར་རྟོག་པར་ཡང་མི་བྱེད། མི་པཱར་ཡང་མི་བྱེད། སངས་རྒྱས་ཀྱི་ཤིང་ཡོངསུ་དག་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པ་སྟི་བྱེད། ་ཉན་ཐོས་ཕུན་སུམ་ཚོགས་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། རྟོག་པ་ཡོད་ན་རྟོག་པ་དང་བྲལ་བར་འགྱུར ་བའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་ན་རྟོག་པ་མེད་པ་དེ་ནི་མི་རྟོག་པ་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱིས་པ་སོ་སོའི་སྐྱེ་བ ་ཐམས་ཅད་ནི་རྟོག་པ་ལས་བྱུང་སྟེ། དེ་དག་གི་འདུ་ཤེས་ལོག་པ་ལས་བྱུང་བ། དེ་དག་གི་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། རབ་ཀྱི་རྡུལ་གྱིས ་རྣམ་པར་གནོན་པ། རྟོག་པ་ཅེས་བྱ་བ་ནི་མཐའ་གཅིག་གོ།། མི་རྟོག་ཅེས་བྱ་བ་དེ་ནི་མཐའ་གཉིས་ཏེ། གང་རྟོག་པ་དང་མི་རྟོག་པ་དེ་ནི་མཐའ་དང་དབུས་མེད་དོ།། རབ་ཀྱི ་རྒྱལ་གྱིས་རྣམ་པར་གནོན་པ་དབུས་ཞེས་བྱ་བར་རྫོག་མ། དེ་ཉིད་ཀྱང་མཧཱ་ལ་པོ་ཅན་རྒྱན། ཇི་སྲིད་དུ་རྟོག་པ་དེ་སྲིད་དུས་རྟོག་པ་ཏེ། དེ་ལ་རྙོག་པར་ཆད་པར་མི་འགྱུའོ། ར ་རྩལ་གྱིས་རྣམ་པར་གནོན་པ། གང་ན་རྟོག་པ་མེད་ཅིང་མི་རྟོག་པ་ཡང་མདཾ། དེ་ནི་རྟོག་པ་ཡང་དག་པར་ཆད་པའོ།། རབ་ཀྱི་རྩལ་གྱིས་རྣམ་གནོན་པ། རྟོག་པ་ཅན་ཞེས་བྱ།། ་ཁ་དེ་ལ་ཆད་པ་གང་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། རྟོག་པ་དང་མི་རྟོག་པ་ལ་ནི་ཕྱིན་ཅི་ལོག་ལས་བྱུང་བས་མེད་པའི་ཕྱིར་རོ།། ་དེ་དག་གིས་རྣམ་པར་ཞི་བ་གང་ཡིན་པ་དེ་ནི་ཕྱིན་ཅི་ལོག་པ་ལ་མ་ཡིན་པ་སྟེ། དེ་ལ་ཆད་པ་གང་ཡང་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཆད་པ་མེད་པ་ཞེས ་བྱ་བ་དེ་ནི་སྡུག་བསྔལ་ཡང་དག་པར་ཆད་པའི་ཚིག་བླ་དགས་ཏེ། སྡུག་བསྔལ་ཡང་དག་པར་ཆད་པ་གང་ཡང་མེད་དོ།། གལ་ཏེ་སྡུག་བསྔལ་ཡང་དག་པར་འགྱུར་ན་ནི། ་སྡུག་བསྔལ་ཡོངས་སུ་འགྲུབ་པ་འགའ་ཞིག་ཀྱང་ཡོད་པར་འགྱུར་ཏེ། སྡུག་བསྔལ་ཡང་དག་པར་ཆད་ཅེས་བྱ་བ་ནི་ཡོངས་སུ་འགྲུབ་པ་མེད་པར་མཐོང་ངོ་།། གང་འདི ་སྡིག་བསྔལ་ཡང་དག་པར་ཆེད་ཅེས་བྱ་བ་དེ་ནི་སྡུག་བསྔལ་ཡོངས་སུ་ཤེས་པའོ།། གང་སྡུག་བསྔལ་ལ་རྟོག་པ་གང་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། བདེ་ནི་སྡུག ་བསྔལ་རྣམ་པར་ཞི་བའོ།། དེ་ནི་སྡུག་བསྔལ་མི་སྐྱེ་མི་འབྱུང་བ་སྟེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་ཆོས ་གང་ལ་ཡང་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ནི་བྱང་ཆུབ་སེམས་དཔའ ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤོད་པས། རྟོག་པར་དང་། མི་རྟོག་པ་ཐམས་ཅད་ཡོངས་སུ་ཤེས་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ད་ལྟར་སྤྱོད ་པའི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་ལ་བདུད་སྡིག་ཅན་དང་། བདུད་ཀྱི་འཁོར་རྣམ་པར་ཆད་བྱ་བའི་ཕྱིར། ་གནས་པར་མི་འགྱུར་རོ།། བདུད་ཀྱི་ལས་བྱུང་ཞིང་སྐྱེས་པ་ཐམས་ཅད་ཀྱང་ཁོང་དུ་ཆུད་པར་འགྱུར་ཏེ། བདུད་ཀྱི་ལས་བྱུང་ཞིང་སྐྱེས་རྣམས་ཀྱིས་དབང་འགྲོ་བར་འགྱུར་རོ།། ་བདུད་སྡིག་ཅན་ཕམ་པར་བྱེད་དོ།། སྤ་ཀོང་བ་དང་། དེའི་ཕྱོགས་ཉུང་བར་བྱེད་དོ།། འཇིག་པ་དང་། སྐྲག་པ་མེད་པར་འགྱུར་རོ།། བདུད་ཀྱིས་མི་ཐུབ་པར་འགྱུར་རོ།། ་དེའི་ངན་སོང་དུ་འགྲོ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ།། དེས་ལམ་ངན་པ་བཀག་པར་འགྱུར་རོ།། ཆུ་བོ་ཐམས་ཅད་ལས་རྒལ་བར་འགྱུར་རོ།། གཏི་མུག་གི་མུན་པ ་དང་བྲལ་བར་འགྱུར་རོ།། མིག་ཐོབ་པར་སེམས་ཅད་རྣམ་ལ་སྣང་བར་བར་འགྱུར་རོ།། སངས་རྒྱས་ཀྱི་རིགས་བརྒྱུན་མི་འཆད་པར་གནས་པར་གྱུར་རོ།། ལམ་མཉམ ་ངཔ་ཉིད་ཀྱི་ཕྱིར་ལམ་ཐམས་ཅད་ལ་རྒྱུན་གཅད་པར་འགྱུར་རོ།། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བར་འགྱུར་རོ།། ཆོས་མིག་རྣམ་པར་དག་པར་འགྱུར་རོ།། ལེ་ལོ་མེད ་ཅིང་བརྩོན་འགྲུས་ཕུན་སུམ་ཚོགས་པར་འགྱུར་རོ།། གནོད་སེམས་ཀྱི་སེམས་མེད་པས་བཟོད་པ་ཐོབ་པར་འགྱུར་རོ།། མི་གནས་པའི་བསམ་གཏན་པས་བསམ་གཏན་པར ་འགྱུར་རོ།། ངེས་པར་རྟོག་པའི་ཤེས་རབ་དང་། ལྡན་པས་ཤེས་རབ་ཐོབ་པར་འགྱུར་རོ།། སྒྲིབ་པ་མེད་ཅིང་འགྱོད་པ་དང་བྲལ་བར་འགྱུར་རོ།། བདུད་ཀྱི་ཞགས་པ ་ཐམས་ཅད་དང་བྲལ་བར་འགྱུར་རོ།། སྲིད་པའི་དྲ་བ་ཐམས་ཅད་བྲལ་བས་བཅིངས་པ་ཐམས་ཅད་གཅད་པར་འགྱུར་རོ།། རྗེད་པ་མེད་པར་དྲན་པ་ཉེ་བར་གནས་པར་འགྱུར ་རོ། ཚུལ་ཁྲིམས་ཡོངས་སུ་དག་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས། ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་རོ།། སྐྱོན་ཐམས་ཅད་བསལ་བས་ཡོན་ཏན་ལ་གནས་པར ་འགྱུར་རོ།། རབ་ཏུ་གཡོ་བ་མེད་པས་ཤེས་རབ་ལ་སྟོབས་བསྐྱེད་པ་རྙེད་པར་འགྱུར་རོ།། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱི་མི་རྫི་བར་འགྱུར་རོ།། ཆོས་ཐམས་ཅད་རྣམ་པར་དག ་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་ཆོས་ཡོངས་སུ་མི་ཉམས་པར་འགྱུར་རོ།། ཆོས་སྟོན་པ་ལ་བག་ཚ་བ་མེད་པར་འགྱུར་རོ།། འཁོར་གྱི་ནང་དུ་འགྲོ་བ་ལ་སྤ་འགོང་པ ་@མེད་པར་འགྱུར་རོ།། ཆོས་ཀྱི་སྦྱིན་པ་ལ་འཛིན་པ་སྙེད་ཅིང་དྲུག་འ་མ། ལམ་རྒྱམས་པས་ལ་ས་རྣམས་པསྩུ ་པར་འགྱུར་རོ།། ལས་ངན་པ་ཡོངས་སུ་ཤེས་སྒོམ་པས་བསྒོམས་པར་འགྱུར་རོ།། ཆོས་རྣམ་པར་དག་པས་བག་ཆགས་མི་བསྒོམ་པར་འགྱུར་རོ།། ཤེས་རབ་རྣམ་པར་དག་པས ་སྦྱངས་པར་འགྱུར་རོ།། རྒྱ་མཚོ་དང་མཚུངས་པའི་ཕྱིར་ཤེས་རབ་ཟབ་པར་འགྱུར་རོ།། བག་ཆེ་བ་མེད་པས་བཏིང་དཔག་དཀའ་བར་འགྱུ་རོ།། ཆོས་རྒྱ་མཆོད་དཔག་ཏུ་མེད་པར་འགྱུ་རོ། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཡོན་ཏན་དེ་རྣམས་དང་། གཞན་དག་དང་ལྡན་པའི་ཡིན་དེ་དག་གི་ཡོན་ཏན་ནི་རྟོགས་པ་མི་ནུས་སོ ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཞན་ཡང་བྱང་ཆུབ་སེམས་དཔའ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གཟུགས་དང་མི་ལྡན་པར་མི་འགྱུར། ལོངས་སྤྱོད་དང་། ་མི་ལྡན་པར་མི་འགྱུར་རོ།། གཡོག་དང་མི་ལྡན་པར་མི་འགྱུར་རོ།། རིགས་དང་མི་ལྡན་པར་མི་འགྱུར། རུས་དང་མི་ལྡན་པར་མི་འགྱུར། ཡུལ་དང་མི་ལྡན་པར་མི་འགྱུར། ་མཐའ་ཁོབ་ཀྱི་ཡུལ་དུ་སྐྱེ་བར་མི་འགྱུར། མི་རལ་བརྙེད་པར་མི་འགྱུར། སེམས་ཅན་ཡོངསུ་མ་དག་པ་ལས་ཀྱི་མཐའ་ཡོངསུ་མ་དག་རྣམས་དང་འདུལ་བར་མི་འགྱུར། ་རང་གི་སེམས་མི་འདོར། ཤེས་རབ་ཉམ་པར་མི་འགྱུར། དེ་ཆོས་གང་ཕ་རོལ་ལས་ཐོབ་པ་དེ་ཆོས་ཐམས་ཅད་མཉམ་པ་ཉིད་དང་སྦྱོར་རོ།། སངས་རྒྱས་ཀྱི་རིགས་དང་། ཐམ་ཅད ་མཁྱེན་པའི་རིགས་མི་བཅོད་པར་གནས་པར་འགྱུར་རོ།། སངས་རྒྱས་ཀྱི་ཆོས་ལ་སྣང་བ་ཐོབ་པར་འགྱུརརོ།། ཐམས་མཁྱེན་པར་འགྱུར་རོ།། གལ་ཏེ་དེ་ལ་བདུད་སྡིག་མཐོ་འཚམ ་པའི་ཕྱིར་འོངས་ནས། དེས་དེ་དག་གི་སྤོབས་པ་བཅོད་ཅིང་བདུད་ཀྱི་ཞག་པ་ཐམས་ཅད་བཙིད་པ། བདུད་འཁོར་དང་བཅས་པ་ཐལ་བར་ཀློག།། བདུད་ཀྱི་རིགས་ཐམས་ཅད་ཀྱིས་ཐུལ་བར ་མི་འགྱུར། ངས་བདུད་རྣམ་འཇིག་སྐྲག་ནས་འབྲོས་པར་འགྱུར་ཏེ། བདད་འདི་སྙམ་ད་ད་ནི་བདག་གི་ཡུལ་ལས་རབ་ཏུ་འདས། ད་ནི་ཕྱིར་བདག་གི་ཡུལ་ལ་མི་སྤྱོད། དེ་ཕྱིར་བདག ་གི་ཡུལ་ལ་མི་གནས། དེ་ནི་ཕྱིར་བདག་གི་ཡུལ་དུ་འདུག་པར་མི་འགྱུར། སེམས་ཅན་གཞན་ཡང་བདག་གི་ཡུལ་ལས་གྲོལ་བར་བྱེད་དེ། སྒྲོལ་བར་བྱེད་དོ་སྙམ་དུ་སེམས་ཏེ། ་དེ་ལ་བྱང་ཆུབ་སེམས་དཔའ་དེས་ཕྱོགས་ཉིང་དུར་བྱེད་དེ་སྙམ་ནས་ངང་བྱེད་དེ། ངུ་ཞིང་སྨྲེ་སྡུག་འདོན་ནོ།། དེ་ཉམས་དཔས་ལ་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། ཡིད་ལ་བཅག་པ ་འགྱུར་རོ།། རབ་ཀྱི་རྡུལ་གྱིས་རྣམ་པར་གནོན་པ། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོ། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་བྱེད་པ་དེའི་ཚེ་བདུད་ཀྱི་བླ་མས་ཅད་གཟི་ཆུང་ཞིང་མོག་མོག་པར་འགྱུར་རོ།། བདུད་སྡིག་ཅན་ཡང་འདི་སྙམ་དུ། ་འདིསས་བདག་གི་ཡུལ་ནས་སེམས་ཅན་རྣམས་བསྐྱབས་པར་འགྱུར། འདིས་བདག་གི་ཡུལ་ནས་སེམས་ཅན་རྣམས་བསྒོམ་པར་འགྱུར། འདིས་བདག་གི་ཡུལ་ནས ་སེམས་ཅན་རྣམས་ཡོངས་སུ་གྲོལ་བར་བྱེད་པར་འགྱུར། འདིས་སེམས་ཅན་རྣམས་བདག་གིས་ཡུལ་ནས་འདྲེན་པར་འགྱུར། འདིས་བདུད་ཀྱི་ཞགས་པ་བཅོད་པ་འགྱུར། འདིས ་སེམས་ཅན་འདོད་པའི་འདམ་དུ་བྱིང་བ་རྣམས་འབྱིན་པར་འགྱུར། འདིས་སེམས་ཅན་རྣམས་བལྟ་བའི་དྲ་བ་ལས་ཐར་བར་བྱེད་པར་འགྱུར། འདིས་སེམས་ཅན ་རྣམས་སྒྲིབ་པའི་ལམ་ལས་མངོན་པར་འགྱུར། འདིས་སེམས་ཅན་རྣམས་ཡང་དག་པའི་ལམ་ལ་རབ་ཏུ་འགོད་པར་འགྱུར། འདིས་སེམས་ཅན་རྣམས་བལྟ་བའི་ཐིབ་པོ ་ལས་སྦྲེལ་བར་འགྱུར་སྙམ་དུ་སེམས་ཤིང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བར་འགྱུར། མྱན་ངན་གྱི་གཟུག་རྔུ་དང་ལྡན་ཞིང་མྱ་ངན་གྱི་ཟུག་རྔུ་ཆེན་པོས་ཟུག་པར ་འགྱུརརོ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བདུད་དེ་དག་གིས་དོན་གྱི་དབང་འདི་མཐོང་བས་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། མྱ་ངན་གྱི་ཟུག་རྔུ་ཟུག་པར་འགྱུར་རོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་སྟེ་ལྟེ་དཔེར་ན། སྐྱེས་བུ་ནོར་གྱིས་ཕུང་པོ་ཆེན་པོ་ཉམས་པར་གྱུར་པ་ནི། སྡུག་བསྔལ་བར་གྱུར་ཏེ། མི་དགའ་ཞིང་ཡིད་མི། ་བདེ་བ་ཆེན་པོ་དང་ལྡན་ནོ།། དེ་བཞིན་དུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ། ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམས་པར་བྱེད་ན། བདུད་སྡིག་ཅན་ཡང་སེམས་ཅན་མི་བདེ་བ་དང་། ཡིད་ལ་བཅགས་པ་དང་། མྱ་ངན་གྱི་ཟུག་རྔུ་ཟུག་སྟེ། སྡུག་བསྔལ ་ཞིང་རང་གི་གནས་ལ་ཡང་མི་དགའ་བར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཞན་ཡང་བདུད་སྡིག་ཅན་དེ་དག་གཅིག་ཏུ་འདུས་ནས་ཅི་ལྟར་བྱ། ་ཅི་ཞིག་བྱ་སྙམ་སེམས་ཤིང་ཐེ་ཙོམ་དང་། མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་རོ།། དེག་གི་གྱ་ཆོམ་དང་། མྱ་ངན་གྱི་ཟུག་རྔུས་ཟུག་པར་གྱུར་ནས། བྱང་ཆུ་སེམས ་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་གླགས་ལྟར་བའི་ཕྱིར་རེང་ཡང་། དེ་ནི་བྱང་ཆུབ་སེམས་དཔའི་སྤུ་ཡང་མི་གཡོས་ན། ལུས ་དང་སེམས་གཞན་དུ་འགྱུར་བ་ལྟ་ཅི་སྨོས་ཏེ། འཇིག་ཤིང་སྤུ་ཟིང་ཞེས་བྱེད་པ་དང་བྲལ་བ་འགྲུམ་བདུད་སྡིག་ཅན་དུ་ཡང་ཤེས་པར་འགྱུར་རོ།། ཤེས་ནས་ཀྱང་བྱིན་གྱི ་རློབ་བོ།། དེས་བདུད་སྡིག་ཅན་བྱིན་གྱིས་རླབས་ནས་ཉམ་སྨད་པར་འགྱུར། འཇིག་ཤིང་སེམས་ཞུམ་པར་འགྱུར་ཏེ། དེ་ལ་བླུགས་སྙེད་པར་མི་ནུས ་དེ་འདི་སྙམ་དུ་བདག་གི་ཀྱང་དེའི་གླགས་རྙེད་པར་མ་ནས་ན། བདག་གི་འཁོར་གྱི་ལྟ་ཅི་སྤྲོས་ཏེ། གང་གཞན་དག་གི་བྱིན་གྱི་བསླབས་པར་ལྟ་བ་ག་ལ་འགྱུར། སྙམ་དུ་སེམས་སོ།། ་དེའི་ཕྱིར་བདུད་སྡིག་ཅན་དེ་དག་འཇིགས་ཤིང་སྤྲོ་བ་ཡོངསུ་ཉམས་ནས། སྡུག་བསྔལ་དང་ཡིད་མི་བདེ་བ་སྐྱེས་ཏེ་རང་གི་གནས་སུ་དོང་ནས། སེམས་ཁོང་དུ་ཆུད་ཟེར་ཅིང་འཁོད། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ས་དེ་ལ་གཏོགས་ཙམ་གྱི་སྲིད་དུ་ཡང་སེམས་རྨོངས་པར་བྱེད་མི་ནུས་ན། གཞན་པར་ཆད་བྱ་བར་ལྟ་ཅི་སྨོས། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ད་ལྟ་བུའི་ཤེས་ཀྱི་སྟོབས་བསྐྱེད་པར་འགྱུར་བའོ།། ཤེས་རབ་ཀྱི ་སྟོབ་བསྐྱེད་པ་དེ་ལྟ་བུ་དང་ལྡན་པས། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཀྱིས་སེམས་ཅན་དེ་དག་ཐམས་ཅད་བདུད་དུ་གྱུར་ལ། དེ་དག་ཐམས་ཅད་ཀྱང ་འཁོར་བདུད་མང་པོ་དང་ལྷན་ཅིག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་མཐོ་མཚམས་པའི་བསམ་པས་དོང་ཡང་། རབ་ཀྱི་རྩལ་གྱིས ་པར་གནོད་པ། བདུད་སྡིག་ཅན་ཐམས་ཅད་ཀྱིས་བར་ཆད་བྱ་བར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། དེའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་ཤེས་རབ་ཀྱི་སྟོབས་བསྐྱེད་པ་དང་། ་ཤེས་རབ་ཀྱི་རལ་གྲི་དང་། ཤེས་རབ་ཀྱི་མཚོན་ཆ་དང་ལྡན་པར་འགྱུར་བའི་ཕྱིར་རོ།། རབ་ཀྱི་རྣལ་གྱིས་རྣམ་པར་གནོན་པ། དེའི་ཚེ་བྱང་ཆུབ་སེམས་དཔའ་ཤེས་རབ་བསམ་གྱི་མི ་ཁྱབ་པ་དང་། དཔག་ཏུ་མེད་པ་དང་། མི་མཉམས་པ་དང་། མ་ཉམས་པ་དང་ལྡན་པར་འགྱུར་རོ།། དེའི་ཕྱིར་དེ་ལ་བདུད་སྡིག་ཅན་གྱིས་ཟིལ་གྱིས་གནོན་མི་ནུས་སོ།། རབ་ཀྱི་རྩལ ་གྱིས་རྣམ་པར་གོནན་པ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚོན་ཆ་དེ་ནི་མཚོན་ཆ་ཆེན་པོའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ། ཤེས་རབ་ཀྱི་རག་ཀྱི་དེ་ནི ་རལ་གྲི་ཆེན་པོ་སྟེ། ད་ནི་བདུད་སྡིག་ཅན་རྣམས་ཀྱི་ཡུལ་མ་ཡིན། སྤྱོད་ཡུལ་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གེནོན་པ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཤེས་རབ ་དང་ཐ་མལ་པ་དེ་ལྟ་བུའི་ཤེས་རབ་ཀྱང་ཕྱི་རོལ་གྱི་དྲང་སྲོང་གང་དག་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྙེད་པ་དང་། གདུ་བདུད་ཀྱི་ཡུལ ་འདོད་པའི་ཁམས་ལས་འདས་ནས་ཚངས་པའི་འཇིག་རྟེན་དང་། གཟུགས་མེད་པའི་ལྷའི་རིགས་བཞིར་སྐྱེ་བ་དེ་དག་གི་ཡུལ་ཡང་མ་ཡིན། སྤྱོད་ཡུལ་ཡང་མ་ཡིན། ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་སྤྱོད་པའི་ཤེས་རབ་ལྟ་ཅི་སྨོས་ཏེ། གང་གཟུགས་དང་། གཟུགས་མེད་པའི་ཁམས་ཀྱི་ཡུལ་མ་ཡིན་པ་ཏེ། བདུད་སྡིག་ཅན ་རྣམས་ཀྱིས་ཡུལ་ག་ལ་ཡིན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། སྟོབས་བསྐྱེད་པ་རྙེད་པའི་བྱང་ཆུབ་སེམས་དཔའ་ནི་དེ་ཚ་འདི་ལྟ་སྟེ། སྟོབས་ཆེན་པོ་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའི་སྟོབས་དང་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་སྨྲས་པ། གང་སུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་དང་ལྡན་པར་འགྱུར་བར་བྱ་བ་དང་། ཤེས་རབ ་ཀྱི་མཚོན་རྣོན་པོ་དང་ལྡན་པར་འགྱུར་བ་དག་ནི། བདུད་སྡིག་ཅན་རྣམས་ཀྱིས་མི་ཚུགས་མི་ཐུབ་པོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་ལ་ལ་ཤེས་རབ་ཀྱི་ཕ ་སྟོབས་དང་། ཤེས་རབ་ཀྱི་མཚོན་གནོན་པོ་དང་། ལྡན་པར་འགྱུར་བ་དེ་དག་གང་ལ་ཡང་གནས་པར་མི་བྱེད་དེ། དེ་དག་ནི་མི་གནས་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྣམ ་གྱིས་རྣམ་པར་གནོན་པ། གནས་པར་འགྱུར་ན་ནི་གཡོ་བར་འགྱུར་རོ།། གཡོ་བར་གྱུར་ན་ནི་འགུལ་བར་འགྱུར་རོ།། འབུལ་བར་འགྱུར་ན་ནི་སྤྲོས་པར་འགྱུར་རོ།། རབ་ཀྱི་རྩལ ་གྱིས་རྣམ་པར་གནོན་པ། གང་དག་གནས་པར་འགྱུར་བ་དང་། གཡོ་བར་འགྱུར་བ་ན་དང་། སྤྲོས་པར་འགྱུར་དྲེག་ནི་བདུད་སྡིག་ཅན་གྱི་དང་དུ་འགྲོ་བ་ཡིན་ཏེ། བདུད་ཀྱི་ཞགས ་པ་ལས་ཡོངས་སུ་གྲོལ་བར་མི་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་སྲིད་པའི་རྩེ་མོར་སྐྱེས་པའི་སེམས་ཅན་གནས་ཤིང་གནས་དང་འབྲེལ་པ། གནས་ལག་པ་དང་། ་ཀྱང་བདུད་སྡིག་ཅན་དུ་འོངས་པར་འགྱུར་ཏེ། འདི་ལྟ་སྟེ། རངས་བྱེད་ཀྱི་བུ་ལྡབ་སྤྱོད་དང་། རྒྱུ་རྩལ་ཤེས་ཀྱི་བུ་རིང་ཕུར་དང་། གང་གཞན་གཟུགས་མེད་པ་ནི་གནས་དང་འབྲེལ་པ། ་གནས་ལ་ཆགས་པ་དེ་དག་ཀྱང་བདུད་ཀྱི་ཞགས་པ་ལ་ཡོངས་སུ་གྲོལ་ཞིང་། བད་ཀྱི་ཞགས་པས་འཚམས་བཅད་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམ ་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད་ན་གང་ལ་ཡང་གནས་པར་མི་བྱེད་དེ།། ་ཐམས་ཅད་དུ་ཡང་མི་གནས་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དང་ལྡན་པར་གན ་པའི་ཚེ། གཟུགས་ལ་གནས་པར་མི་འགྱུར། ཚོར་བ་དང་། འདུཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་གནས་པར་མི་འགྱུར། ཕྱིན་ཅི་ལོག་པ། སྒྲིབ་པ་དང་། ་བལྟ་བར་གྱུར་པ་ལ་གནས། པར་མི་འགྱུར། མིང་དང་། གཟུགས་ལ་གནས་པར་མི་འགྱུར། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ལ་ཡང་གནས་པར་མི་འགྱུར། ་བདག་དང་སེམས་ཅན་དུ་འདུ་ཤེས་པས་གནས་པར་མི་འགྱུར། སྲོག་དང་། གང་ཟག་དང་། ཁམས་དང་། སྐྱེ་མཆེད་ལ་གནས་པར་མི་འགྱུ། ་ས་དང་། ཆུ་དང་། མེ་དང་། རླུང་དང་། མ་ན་མཁའ་དང་། རྣམ་པར་ཤེས་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་གནས་པར་མི་འགྱུར། སྲིད་པའི་སྲེད་པ་ལ ་གནས་པར་མི་འགྱུར། རྣམ་པར་འབྱོར་པའི་སྲེད་པ་ལ་གནས་པར་མི་འགྱུར། ཆད་པ་དང་རྟགས་པ་ལ་གནས་པར་མི་འགྱུར། མཐའ་དང་མཐའ་མེད་པ་ལ་གནས་པར་མི་འགྱུར ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་གནས་པར་མི་འགྱུར། སྦྱིན་པ་དང་སེར་སྣ་ལ་གནས་པར་མི་འགྱུར། ཚུལ་ཁྲིམས་དང་འཆལ་པའི་རྡུལ་ཁྲིམས་ལ་གནས་པ་མི་འགྱུར། ་བཟོད་པ་དང་། གནོར་སེམས་ལ་གནས་པར་མི་འགྱུར། བརྩོན་འགྲུས་དང་ལ་ལོ་ལ་གནས་པར་མི་འགྱུར། བསམ་གཏན་དང་། རྣམ་པར་གཡེང་པ་ལ་གནས་པར་མི ་འགྱུར། ཤེས་རབ་འཆལ་པའི་ཤེས་རབ་ལ་གནས་པར་མི་འགྱུར། ཕྱིན་ཅི་ལོག་དང་། ཡང་དག་པའི་སྤོང་བ་དང་། ཚད་མེད་པ་དང་། དྲན་པ་ཉེ་བར་གཞག་པ་གན ་པར་མི་འགྱུར། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་གནས་མྱི་འགྱུར། སྡུག་བསྔལ་བ་དང་། ་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་གནས་པར་ཡང་མི་འགྱུར། མི་སྐྱེ་བའི་ཤེས་པ་དང་། ཟད་པ་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་ལ།། ་གནས་པར་མི་འགྱུར། རིག་པ་དང་། རྣམ་པར་གྲོལ་བ་ལ་གནས་པར་མི་འགྱུར། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་གནས་པར་མི ་འགྱུར། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་གནས་པར་མི་འགྱུར། སོ་སོ་སྐྱེ་བོའི་ཆོས་དང་། ཉན་ཐོས་ཀྱི་ཆོས་དང་། རང་སས་རྒྱས་ཀྱི ་ཆོས་ལ་གནས་པར་མི་འགྱུར། མྱ་ངན་ལས་འདས་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐོག་པ་མེད་པ་ལ་གནས་པར་མི་འགྱུར། དུས་གསུ ་མཉམ་པ་ཉིད་ལ་གནས་པར་མི་འགྱུར། སངས་རྒྱས་ཀྱི་ཡེ་ཤེས་དང་། སྟོབས་དང་། མི་འཇིགས་པ་ལ་གནས་པར་མི་འགྱུར། ཐམས་ཅད་མཁྱེན་པའི་ཡ ་ཤེས་ལ་གནས་པར་མི་འགྱུར། མཚན་ཕུན་སུམ་ཚོགས་པ་ལ་གནས་པར་མི་འགྱུར། སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་ལ་གནས་པར་མི་འགྱུར། ་ཉན་ཐོས་བཀོད་པ་ཕུན་སུམ་ཚོགས་ལ་གནས་པར་མི་འགྱུར། རང་སངས་རྒྱས་བཀོད་པ་ཕུན་སུམ་ཚོགས་པ་ལ་གནས་པར་མི་འགྱུར། བྱང་ཆུབ་སེམས་དཔའ་བཀོད ་པ་ཕུན་སུམ་ཚོགས་པ་ལ་གནས་པར་མི་འགྱུར། ཆོས་ཐམས་ཅད་ལ་གནས་པར་མི་འགྱུར་ཏེ། མི་ག་ཡོ་ཀུན་དུ་མི་གཡོག། ་དེ་ནས་ཐམས་ཅད་རྣམ་པར་གསལ་བས་མི་གནས་ཏེ། ལམ་ཡང་མངོན་པར་མི་ཞེན་ན། གནས་མེད་པ་ལ་ཡང་རློམ་སེམས་མི་བྱེད་དོ།། དེ་འདི་གནསོ་ཞེས་མི་དམིག ་འདི་ནི་གན་སོ་ཞེས་མི་དམིགས། རློམ་སེམས་སུ་མི་བྱེད། འདི་ནི་གནས་སོ་ཞེས་མི་དམིགས་ཏེ། དེ་གནས་ཐམས་ཅད་ལ་རློམ་སེམས་མི་བྱེད། མི་དམིགས་མངོན ་པར་མི་ཞེན་པས་གནས་གང་དུ་ཡང་ཉེ་བར་མི་འགྲོ།། ཉེ་བར་མི་སྟོན། མངོན་པར་དགའ་བར་མི་འགྱུར། ལྷག་པར་ཆགས་པར་མི་གནས་ཏེ། གནས་ཐམས་ཅད་ཀྱིས ་མི་གོས་མི་ཆགས་པས། གནས་ཐམས་ཅད་ཡང་དག་པར་རྗེས་སུ་ཐོབ་པར་འགྱུར་རོ།། རབ་ཀྱི་རལ་གྱིས་རྣམ་པར་གནོན་པ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཀྱི་གནས་པར་དག་པའི་ཡེ་ཤེས་མཐོང་བ་སྟེ། དེས་དེ་ལ་བདུད་སྡིག་ཅན་གྱིས་གླགས་མི་རྙེད་ཅིང་། བདུད་སྡིག་སན ་གྱིས་མི་ཐུབ་སྟེ། བདུད་སྡིག་ཅན་རྣམས་ཟིལ་གྱིས་གནོན་པར་འགྱུར་རོ།། །། སྤྱོད་པའི་ལེའུ་ཞེས་བྱ་སྟེ་དྲུག་གོ། རབ་ཀྱི ་རྩལ་གྱིས་རྣམ་པར་གནོན་པ། གཞན་ཡང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པར། ཐོག་མ་ཉིད་དུ་དགེ་བའི། ་ཚོགས་མང་པོ་ཡང་དག་པར་བསྒྲུབ་པར་འགྱུར། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་འགྱུར། སངས་རྒྱས་མང་པོ་ལ་ཀུན་འདྲི་བར་འགྱུར། སངས་རྒྱས་བཅོམ ་ལྡན་འདས་རྣམས་ལ་བྱ་བ་བྱས་པར་འགྱུར། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པར་འགྱུར། སྦྱིན་པ་འབྱེད་པ་ལ་དགའ་པར་འགྱུར། ཚུལ་ཁྲིམས་ཡང་དག་པར་ལྷུར ་ལེན་པར་འགྱུར། བཟོད་པ་དང་། ངེས་པ་ཕུན་སུམ་ཚོགས་པར་འགྱུར། བརྩོན་འགྲུས་དང་ལྡན་པར་འགྱུར། བསམ་གཏན་རྣམ་པར་དག་པ་ལྷུར་ལེན་པར་འགྱུར། ་ཤེས་རབ་དང་ལྡན་པར་འགྱུར། ཤེས་རབ་རྣམ་པར་དག་པ་ལྷུར་ལེན་པར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་བརྟེན། ཤེས་ཀྱི་སྟོབས་དེས་ཅི་ནས་ཀྱང་བདག་ལ་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མ་གྱུར་ཅིག། བདག་ལ་འཚེ་བར་མ་གྱུར་ཅིག་ཅེས་བདུད ་སྡིག་ཅན་རྣམས་བྱིན་གྱིས་བརློབ་པོ།། དེས་བྱིན་གྱིས་བརླབ་པས། བདུད་ཀྱི་གླགས་མི་རྙེད་ཅིང་། ད་ལ་བར་ཆད་བྱ་བའི་ཕྱིར་ཉེ་བར་གནས་པར་མི་འགྱུར་ཏེ། ་བྱང་ཆུབ་སེམས་དཔའ་དེ་ནི་ལ་བདག་གིས་གླན་ཀ་བཙལ་བ་འམ། མཐོ་འཚམ་པར་མི་བྷྱོ་སྙམ་དུ་སེམས་མི་བསྐྲད་དོ།། གལ་ཏེ་དེ་དག ་གི་ས་བར་ཆད་བྱ། བའི་ཕྱིར་སེམས་བསྐྱེད་ན། དེའི་ཕྱིར་དེ་དག་ལ་སྡུག་བསྔལ་ཆེན་པོ་འབྱུང་བར་ཡང་དག་པར་ཤེས་ནས། དེ་དག་ལ་འཇིགས་པ་ཆེན་པོ་ཉེ་བར་གནས་པར་འགྱུར་བས།། ་བདག་མེད་པར་མི་འགྱུར་གྲང་སྙམ་ཏེ་སྐྱོ་བར་གྱུར་ནས་མཐོ་འཚམ་པའི་སེམས་རློན་པར་འགྱུར་ཞིང་། དེ་དག་གི་སེམས་བསྐྱེད་པ་དེ་དག་ཀྱང་ནུབ་པར་འགྱུར་རོ།། རབ་ཀྱི་རྩལ ་ཀྱིས་རྣམ་པར་གནོན་པ། རྣམ་གྲངས་འདིས་བྱང་ཆུབ་སེམས་དཔའ་ལ་བདུད་སྡིག་ཅན་རྣམས་ཀྱི་བར་ཆད་བྱ་བའི་ཕྱིར་ཉེ་བར་གནས་ཤིང་བར་ཆད་བྱ་བའི་སྐབས་མི་བྱེད་དོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་ན། བྱང་ཆུབ་སེམས་དཔའ་འདུན་པ་དང་། ལྷག་པའི་བསམ་པ་དང་། གུས་པ་དང་། ་རིམ་འགྲོ་བྱ་བ་དང་། སྟོན་པར་འདུ་ཤེས་བསྐྱེད་པར་འགྱུར། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་བཏས་བརྗོད་པ་ར་དོགས་པ་དང་། ཐ་ཆོས་དང་ཡིད་གཉིས་བསྐྱེད་པར་མི་འགྱུར། ་ཆོས་ཟབ་མོ་ཐོས་ན་མགོ་རྨོངས་པ་འམ། དོགས་པ་དང་། ཐ་ཚོམ་བསྐྱེད་པར་མི་འགྱུར། དེ་ནམ་དུ་ཡང་ཆོས་ཀྱི་ཕོངས་པར་འགྱུར་བའི་ལས་རྩོགས་པར་མི་འགྱུར།། ་དེ་ནམ་དུ་ཡང་ཆོས་ཀྱིས་ཕོངས་པར་མི་འགྱུར་སེམས་བསྐྱེད་པར་མི་འགྱུར་ཏེ། སེམས་ཅན་གཞན་མང་པོ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་པར་འགྱུར། ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ཡང་དག་པར་དགའ་བ་དང་། ཡང་དག་པར་གཟེངས་སྟོང་པ་བྱས་པར་འགྱུ་རོ།། ད་སྔོན་གྱི་བསམ་པ་རྣམ་པར་དག་པ་དང་། སྔོན་གྱི་བསམ་པ ་ཀུན་ནས་ཉོན་མོངས་པ་མེད་པས། བདུད་སྡིག་ཅན་རྣམས་བར་ཆད་བྱ་བའི་ཕྱིར་ཉེ་བར་གནས་པ་མི་འགྱུར། བདུད་སྡིག་ཅན་རྣམས་ཀྱིས་དེ་ལ་གླགས་རྙེད་པར་མི་འགྱུར། བདུད ་ཀྱི་ལས་བྱུང་ཞིང་སྐྱེས་པ་ཐམས་ཅད་ཁོང་དུ་ཆུད་པར་འགྱུར། བདུད་ཀྱི་ལས་ཀྱིས་འཕྲོགས་པར་མི་འགྱུར། བདུད་ཀྱི་ལས་ཀྱི་དབང་དུ་འགྲོ་བར་མི་འགྱུར་རོ།། རབ་ཀྱི་རྩལ་གྱིས ་རྣམ་པར་གནོན་པ། རྣམ་གྲངས་འདིས་ཀྱང་བྱང་ཆུབ་སེམས་དཔའ་ལ་བདུད་སྡིག་ཅན་མཐོ་འཚམ་པའི་ཕྱིར་ཉེ་བར་གནས་པར་མི་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། གཟུགས་དང་འདུ་བའི་མཚན་མ་ལ་མི་སྤྱོད། གཟུགས་དང་འབྲལ་བའི་མཚན་མ་ལ་མི་སྤྱོད ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པ་རེ་ཤེས་པ་འདུ་བའི་མཚན་མ་ལ་མི་སྤྱོད། འབྲལ་བའི་མཚན་མ་ལ་མི་སྤྱོད། གཟུགས་ཀྱི་མཚན་ཉིད་དང་། འདུ་བའི ་མཚན་མ་ལ་མི་སྤྱོད། གཟུགས་ཀྱི་མཚན་ཉིད་དང་འབྲལ་བའི་མཚན་མ་ལ་མི་སྤྱོད། ཚོར་བ་དང་། འདུགས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པའི་མཚན་ཉིད་དང་། འདུ་བའི་མཚན་མ་ལ་མི་སྤྱོད། འབྲལ་བའི་མཚན་མ་ལ་མི་སྤྱོད། གཟུགས་རྣམ་པར་དག་པའི་མཚན་མ་ལ་མི་སྤྱོད། གཟུགས་རྣམ་པར ་དག་པའི་མཚན་མ་མེད་པ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་དག་པའི་མཚན་མ་ལ་མི་སྤྱོད། རྣམ་པར་ཤེས་པ ་རྣམ་པར་དག་པའི་མཚན་མ་མེད་པ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པ་རྣམ་པར་དག་པའི་མཚན་མ་མེད་པ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པ་རྣམ་པར་དག་པའི ་མཚན་མ་མེད་པ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་རྣམ་པར་དག་པའི་མཚན་མ་ལ་མི་སྤྱོད། ་རྣམ་པར་ཤེས་པའི་དམིགས་པ་རྣམ་པར་དག་པའི་མཚན་མ་མེད་པ་ལ་མི་སྤྱོད། གཟུགས་འབྱུང་བ་རྣམ་པར་དག་པ་དང་། འདུ་བ་ལ་མི་སྤྱོད། གཟུགས་འབྱུང་བ་རྣམ ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད། ཚོར་བ་དང་། འང་ཤེས་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འབྱུང་བ་རྣམ་པར་དག་པ་དང་། འདུ་བ་ལ་མ ་སྤྱོད། རྣམ་པ་ཤེས་པ་འབྱུང་བ་རྣམ་པར་དག་པ་དང་བྲལ་བ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པའི་ངོ་བོ་ཉིད་རྣམ་པར་དག་པ་དང་འདུ་བ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པ། ་ངོ་བོ་ཉིད་རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པའི་ངོ་བོ་ཉིད་རྣམ་པར་དག་པ་དང ་འདུ་བ་ལ་མི་སྤྱོད། རྣམ་པར་ཤེས་པའི་དམིགས་པའི་ངོ་བོ་ཉིད་རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད། གཟུགས་ཀྱི་རང་བཞིན་དམིགས་པ་ལ་མི་སྤྱོད། ཚོར་བ་དང་། ་འདི་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་རང་བཞིན་རྣམ་པར་དག་པ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པའི་རང་བཞིན་རྣམ་པར་དག་པ་དང་ལྡན་འདུ་བ་ལ ་མི་སྦེད། གཟུགས་ཀྱི་དམིགས་པ་རང་བཞིན་རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤྲོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིག ་པ་རང་བཞིན་རྣམ་པར་དག་པ་དང་། འདུ་བ་ལ་མི་སྤྱོད། རྣམ་པར་ཤེས་པའི་དམིགས་པ་རང་བཞིན་རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད། གཟུགས་འདས་པ་དང་། ་མ་འོངས་པ་དག་ད་ལྟར་བྱུང་བའི་རྣམ་པར་དག་པ་ལ་མེ་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ་ད་ལྟར་བྱུང་བའི་རྣམ་པར་དག་པ་ལ་མི་སྤྱོད་དོ།། གཟུགས་ཀྱི་དམིགས་པ་འདས་པ་དང་། མ་འོངས་པ་དང་། དེ་ལྟར་བྱུང་བའི་རྣམ་པ ་དག་པ་ལ་མི་སྤྱོད། ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་ལ་མི་སྤྱོད ་གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་དང་འདུ་བ་ལ་མི་སྤྱོད། གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་དང་། ད་ལྟར་བྱུང་བའི་རྣམ་པར། ་དག་པ་དང་འདུ་བ་ལ་མི་སྤྱོད། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་དང་བྲལ་བ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པ་འདས ་པ་དང་། མ་འོངས་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་དང་འདུ་བ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་དང ་འབྲལ་བ་ལ་མི་སྤོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ། ་དང་འདུ་བ་ལ་མི་སྤྱོད་དོ།། ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག ་པའི་འབྲལ་བ་ལ་མི་སྐྱེད་དོ།། དེ་ལྟར་སྤྱོད་པའི་གཟུགས་དང་འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པ་ཤེས ་པ་དང་འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། མིང་དང་གཟུགས་དང་འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། ཕྱིན་ཅི་ལོག་དང་ལྡན་པར་གྱུར་པ་དང་། འདུ་བར ་ཡང་མི་བྱེད། འདོད་པ་དང་། གཟུགས་མེད་པའི་ཁམས་དང་འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། འདུ་བར ་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། བདག་དང་། སེམས་ཅན་དང་། སྲོག་དང་། གང་ཟག་དང་། དངོས་པོ་དང་། དངོས་པོ་མེད་པར་ཤེས་པ་དང་། འདུ་བར་ཡང་མི ་བྱེད། འབྲལ་བར་ཡང་མི་བྱེད། ཆད་པ་དང་། རྟག་པ་དང་། འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། ཁམས་དང་། སྐྱེ་མཆེད་དང་། འདུ་བར་ཡང་མི་བྱེད། འབྲལ ་བཻར་ཡང་མི་བྱེད། ས་དང་ཆུ་དང་། མེ་དང་། རླུང་དང་། ན་མཁའ་དང་། རྣམ་པར་ཤེས་པའི་ཁམས་དང་འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། རྟེན་ཅིང་འབྲལ་བར ་འབྱུང་བ་དང་འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། འདོད་པའི་ཡོན་ཏན་ལྔ་དང་འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། གཏོང་བ་དང་། སྡེ་སྣ་དང་འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད།། ་ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་དང་འདུ་བར་ཡང་མི་བྱང་། འབྲལ་བའི་ཡང་མི་བྱེད། བཟོད་པ་དང་། གནོད་སེམས་དང་འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི ་བྱེད་བརྩོན་འགྲུས་དང་། ལེ་ལོ་དང་འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། བསམ་གཏན་དང་རྣམ་པར་གཡེང་བ་ལ་དང་འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི ་བྱེད། ཤེས་རབ་དང་། འཆལ་བའི་ཤེས་རབ་དང་འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། ཕྱིན་ཅི་མ་ལོག་པ་དང་། ཡང་དག་པའི་སྤོང་བ་དང་། ཚད་མེད་པ་དང་། དྲན་པ ་ཉེ་བར་གཞག་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། འདྲ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། ་སྙོམས་པར་འཇུག་པ་དང་འདྲ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དང་འདུ་བར་ཡང་མི་བྱེད། འབྲལ་བ ་ཡང་མི་བྱེད། ཞི་གནས་དང་། ལྷག་མཐོང་དང་འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། རིག་པ་དང་། རྣམ་པར་གྲོལ་པ་དང་། འདྲ་བར་ཡང་མི་བྱེད། འབྲལ་བར། ་ཡང་མི་བྱེད། རྣམ་པར་གྲོལ་བའི་ཡེ་ཤས་མཐོང་བ་དང་འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། མངོན་པར་ཤེས་པ་དང་འདུ་བར་ཡང་མི་བྱེད། བབྲལ་བར་ཡང་མི་བྱེད།། ་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་དང་འདུ་བར་ཡང་མི་མ་བྱེད། འབྲལ་བར་བ་ཡང་མི་བྱེད། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས ་ཀྱི་ཆོས་དང་འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། མི་སྐྱེ་བ་དང་། ཟད་པ་དང་། མངོན་པར་འདུ་མི་བྱེད་པ་དང་འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད།། ་འཁོར་བ་དང་། མྱ་ངན་ལས་འདས་པ་དང་འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། སངས་རྒྱས་ཀྱི་ཡེ་ཤེས་དང་། འབྲལ་བར་ཡང་མི་བྱེད། སངས་རྒྱས་ཀྱི་ཡེ་ཤེ ་དང་། སྟོབས་དང་། མི་འཇིགས་པ་དང་། འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། མཚན་ཕུན་སུམ་ཚོགས་པ་དང་འདུ་བར་ཡང་མི་བྱེད། འབྲལ ་བར་ཡང་མི་བྱེད། སངས་རྒྱས་ཀྱི་ཞིང་གི་བཀོད་པ་དང་། འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས ་འདུ་བར་ཡང་མི་བྱ། ་པ་དང་འདུ་བར་ཡང་མི་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱི་རྣམ་པར་གནོན་པ། ཆོས་ཐམས་ཅད་ནི་འདུ་བ་ཡང་མ་ཡིན། ་འབྲལ་བར་ཡང་མ་ཡིན་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཆོས་ཐམས་ཅད་ནི་འདུ་བ་དང་། འབྲལ་བར་ཉེ་བར་གནས་པ་མ་ཡིན། ་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདུ་བ་ཞེས་བྱ་བའི་ཚིག་དེ་ནི་རྟག་པའོ།། འབྲལ་བ་ཞེས་བྱ་བའི་ཚིག་དེ་ནི་ཆད་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར ་གནོན་པ་གང་གིས་ཀྱང་ཆོས་ཐམས་ཅད་འདུ་བ་འམ། འབྲལ་བར་འགྱུར་བ་ཁོང་དུ་ཆུད་པ་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཆོས་ཐམས་ཅད ་ནི་འདུ་བ་འམ། འབྲལ་བའི་ཕྱིར་ཉེ་བར་གནས་པ་གང་ཡང་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གལ་ཏེ་ཆོས་རྣམས་ལ་འདུ་བ་འམ། འབྲལ་བར་འགྱུར། ་ཁ་འགའ་ཞིག་ཡོད་ན་ནི། ཆོས་རྣམས་ཀྱི་བྱེད་པ་པོ་དང་། བྱད་དུ་འཇུག་པ་པོ་དང་། སློང་པ་པོ་དང་། ཀུན་ནས་སློང་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་པོ་དང་། ་ཤེས་པ་པོ་དང་། འདུ་བར་བྱེད་བ་དང་། འདུ་བར་བྱེད་པ་པོ་དང་། འབྲལ་བར་བྱེད་པ་ད་ནི་འདིའོ་ཞེས་བཅས་པར་འགྱུར་བ་ཞིག་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་གང་གི་ཕྱིར་ཆོས་ཐམས་ཅད་ཀྱི་འདུ་བ་དང་།། འབྲལ་བ་ཉེ་བར་གནས་པ་གང་ཡང་མེད་པ་དེའི་ཕྱིར། ཆོས་རྣམས་ཀྱི་བྱེད་པ་པོ་དང་། བྱང་དུ་འཇུག་པ་དང་། སློང་བ་པོ་དང་། ་ཀུན་ནས་སློད་པ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་པོ་དང་། ཤེས་པ་པོ་དང་། ཤེས་པར་བྱེད་པ་དང་། འདུ་བར་བྱེད་པ་པོ་དང་། འབྲལ་བར་བྱེད་པ་པོ་གང ་ཡོང་མི་དམིགས་ཏེ། མི་དམིགས་པས་དེ་བཞིན་གཤེགས་པས་ཀྱང་མ་བཅས་སོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཆོས་ཐམས་ཅད་ནི་ཕྱིན་ཅི་ལོག་ལས་བྱུང ་སྟེ། ཕྱིན་ཅི་ལོག་དེ་ལ་ཡང་འདུ་བ་འམ། འབྲལ་བ་གང་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཕྱིན་ཅི་ལོག་གི་དངོས་པོ ་དམིགས་སུ་མེད་དོ།། དེའི་འབྱུང་བ་ཡང་མི་དམིགས་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཕྱིན་ཅི་ལོག་ནི་མེད་པ་དང་། ཡང ་དག་པ་མ་ཡིན་པར་བརྫུན་པ། སྲོག་སླུ་བའི་ཆོས་ཅན་ཏེ། དེ་ལ་ཆོས་གང་ཡང་མི་དམིགས་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན ་པ་ཕྱིན་ཅི་ལོག་ནི་མང་པ། ཡང་དག་པ་མ་ཡིན་པར་བརྫུན་པ། སྲོག་སླུ་བའི་ཆོས་ཅན་ཏེ། དེ་ལ་ཆོས་གང་ཡང་མི་དམིགས་པས། དེ་ནི་ཕྱིན་ཅི་ལོག་ཅེས ་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གོན་པ། ཕྱིན་ཅི་ལོག་ཅེས་བྱ་བ་འདི་ནི་སེམས་ཅན་རྣམས་སླུ་བའོ།། འདི་ནི་སེམས་ཅན་རྣམས་འདྲིད ་པའོ།། འདི་ནི་སེམས་ཅན་རྣམས་ཀྱི་ཡང་དག་པ་མ་ཡིན་པར་ཀུན་རྟོག་པའོ།། འདི་ནི་སེམས་ཅན་རྣམས་ཀྱི་རློམ་སེམས་དང་། གཡོ་བ་དང་། སྤྲོས་པའོ།། རབ་ཀྱི ་རྣལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ་དཔེར་ན། བྱིས་པ་ནི་ཆང་བ། སྟོང་པས་བྲིང་ན་དེ་ཡང་དག་པར་སྙམ་དུ་འཛིན་ཏོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་གཡོག་དང་། ཕྱིན་ཅི་ལོག་གིས་བྲིད་པས་རྨོངས་ནས། འདི་ཡང་དག་པ་ཡིན་པ་སྙམ་དུ་སེམས་སོ།། དེ་དག་ཡང་དག་པ ་མ་ཡིན་པ་ལ་ཡང་དག་པར་འདུ་ཤེས་ཤིང་ཕྱིན་ཅི་ལོག་པས། དེའི་ཕྱིར་ཕྱིན་ཅི་ལོག་དེ་ལས་བཀྲོལ་བཀའ་བར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་བྱིས ་པ་སོ་སོའི་སྐྱེ་བོའི་ཐམས་ཅད་ཕྱིན་ཅི་ལོག་གིས་བཅིང་བས་བཙོངས་ནི་ཀུན་དུ་འཁྱམས་ཏེ། འདུ་བ་འབྲལ་བ་མེད་པར་དེ་དག་འདུ་བ་སྙམ་དུ་སེམས། འདུ་བ་ཞེས་གཞག ་པར་མཐོང་ཞིང་། འབྲལ་བ་ཞེས་མངོན་པར་ཞེན་ཏོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་ནི་འདུ་བར་འགྱུར་བ་དེ་ནི་འབྲལ་བར་འགྱུར་རོ།། གང་འདུ་བ་དང་འབྲལ་བར ་ཀམི་དམིགས། རློམ་སེམས་སུ་མི་བྱེད། མངོན་པར་མི་ཞན་པ་དེ་ནི་རབ་ཏུ་གྲོལ་བའོ།། གལ་ཏེ་འབྲལ་བ་སྙམ་དུ་སེམས་ཤིང་དམིགས་པ་ལ་མངོན་པར་ཞེན་ན་ནི། ་དེ་འདྲ་ཉིད་དུ་འགྱུར་གྱི་འབྲལ་བ་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལ་བྱང་ཆུབ་སེམས་དཔའ་དོན་གྱི་དབང་འདི་ཐོང་བས། ཆོས་གང་ཡང་དང་ཡང ་དུ་འདུ་བར་ཡོད་མི་བྱེད། འབྲལ་བར་ཡང་མི་བྱེད། ཆོས་གང་འདུ་བའི་ཕྱིར་རམ། འབྲལ་བའི་ཕྱིར་ཉེ་བར་གནས་པར་མི་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན ་པ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤོད་པའི་བྱང་ཆུབ་སེམས་དཔའ་འདུ་བ་དང་འབྲལ་བ་ཡོངས་སུ་ཤེས་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་མྱུར་དུ་ཆོས་ཐམས་ཅད་ཀྱི་ཕ་རོལ་ཁོང་དུ་ཆུད་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཞན་ཡང་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་མི་ཆགས་པ་ཉིས་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་ལ་མི་ཆགས་པ་ཉིད་ལ་མི་སྤྱོད། གཟུགས་ལ་མི་ཆགས་པ་ཉིད་ཀྱི་རྣམ་པར་དག་པ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད ་རྣམས་དང་། རྣམ་པར་ཤེས་པ་མི་ཆགས་པ་ཉིད་ཀྱི་རྣམ་པར་དག་པ་མི་སྤྱོད། གཟུགས་ལ་མི་ཆགས་པ་ཉིད་ཀྱི་དམིགས་པ་ལ་མི་སྤྱོད། ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཆགས་པ་ཉིད་ཀྱི་དམིགས་པ་ལ་མི་སྤྱོད། གཟུགས་ལ་མི་ཆགས་པ་ཉིད་དང་འདུ་བ་ལ་མི་སྤྱོད། ་གཟུགས་ལ་མི་ཆགས་པ་ཉིད་དང་འབྲལ་བ་ལ་མི་སྤོང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་སྤྱོད། ཆགས་པ་ཉིད་དང་འདུ་བ་ལ་མི་ཆག ་པ་ཉིད་དང་། འབྲལ་བ་ལ་མི་སྤྱོད། གཟུགས་ལ་མི་ཆགས་པ་ཉིད་ཀྱི་རྣམ་པར་དག་པ་འདུ་བ་ལ་མི་སྤོད། གཟུགས་ལ་མི་ཆགས་པ་ཉིད་ཀྱི་རྣམ་པར་དག་པ་དང་འབྲལ་བ་ལ ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་ཆགས་པ་ཉིད་ཀྱི་རྣམ་པར་དག་པ་དང་འདུ་བ་ལ་མི་སྤོད། རྣམ་པར་ཤེས་པ་ལ་མི་ཆགས ་པ་ཉིད་ཀྱི་རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་ཆགས་པ་ཉིད་ཀྱི་རྣམ་པར་ཤེས་པ་དང་འདྲ་བ ་ལ་མི་སྤོད། རྣམ་པར་ཤེས་པ་ལ་མི་ཆགས་པ་ཉིད་ཀྱི་རྣམ་པར་དག་པ་དང་འབྲལ་བ་ལོ་མི་སྤྱོད། གཟུགས་ཀྱི་དམིགས་པ་རྣམ་པར་དག་པ་དང་འདྲ་བ་ལ་མི་སྦེད། གཟུག ་ཀྱི་དམིགས་པ་རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་པར་དག་པ་དང་འདྲ་བ་ལ་མི་སྤོད། ་རྣམ་པར་ཤེས་པའི་དམིགས་པ་རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤོད། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ་གཡོ་བ་དང་། ་རློམ་སེམས་དང་། འདུལ་བ་ལ་དང་། སྤྱོད་པ་དང་རྣམ་པར་སྤྱོད་པ་དེ་དག་ཐམས་ཅད་ཡོངས་སུ་ཤེས་ནས། གང་ལ་ཡང་མི་སྤྱོད། རྣམ་པར་མི་སྤྱོད་པའི་ཕྱིར།། རབ་ཀྱི་རྩལ་གྱིས ་རྣམ་པར་གནོན་པ། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཆག་པར ་མི་བྱེད། གཟུག་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཆགས་པར་མི་བྱེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདས་པ་དང་། ་མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཆགས་པ་མི་སྤྱོད། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་དམིགས་པར་མི་སྤྱོད། གཟུགས་འདས་པ་དང ་མ་འོངས་པ་དང་། ད་ལྟར་བྱུང་བ་རྣམ་པར་དག་པ་ལ་སྤྱོད། གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམ་པར་དག་པ་མ་ཡིན་པ་ལ་མི་སྤྱོད། ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣཾ་བར་དག་པ་མ་ཡིན་པ་ལ་མི་སྤྱོད།། ་རྣམ་པར་ཤེས་པ་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་རྣཾ་བར་དག་པ་མ་ཡིན་པ་ལ་མི་སྤྱོད། གཟུགས་འདས་པ་དང་། མ་བོ་ངས་པ་དང་། ད་ལྟར་བྱུང་བ་མི་ཆགས་པའི་དམིག་པ ་རྣམ་པར་དག་པ་མ་ཡིན་པ་ལ་མི་སྐྱེད། གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་མི་ཆགས་པའི་རྣམ་པར་དག་པ་མ་ཡིན་པ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེ་དང་། ་འདུ་བྱེད་རྣམ་དང་། རྣམ་པར་ཤེས་པ་འདས་པ་དང་། མེ་འོངས་པ་དང་། ད་ལྟར་བྱུང་བ་ལ་མི་ཆགས་པའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད། རྣམ་པར་ཤེས་པ་འདས་པ་དང་། ་མ་འོངས་པ་དང་། ད་ལྟར་བྱུང་བ་ལ་མི་ཆགས་པའི་དམིགས་པ་རྣམ་པར་དག་པ་ལ་མ་ཡིན་པ་ལ་མི་སྦེདདོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པ་གནོན་པ། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་སྐྱེད་པ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ།། རབ་ཀྱི་རྣལ་གྱིས་རྣམ་པར་གནོན་པ། ཞེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐང་འཇུག་པ་དེ་ནི་སྤྱོད་པ་མང་ངོ་།། རབ་ཀྱི་རྡུལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམ་དཔའ་ནི། མྱུར་དུ་རམ་པཟད ་མཁྱེན་པ་ཉིད་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་རོ།། རབ་ཀྱི་རྡུལ་གྱིས་རྣམ་པར་གནོན་པ། གཞན་ཡང་ཤེས་རབ་ཀྱི་དོས་ཏུ་ཕྱིན་པ་བསྐྱོད་པའི་བྱང་ཆུབསམས་དཔའ་ནི། ་གཟུག་ལ་སྒྲིབ་པ་ཞེས་མི་སྐྱེད། སྒྲིབ་པས་ཡིན་ནས་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ནས་དང་། རྣམ་པར་ཤེས་པ་ལ་སྒྲིབ་པོ་ཞེས་མི་སྤྱོད། རྣམ་བུ་ཤེས་པ་ས ་མ་བསྒྲིབས་པ་མ་ཡིན་ཞེས་མི་སྤྱོད། གཟུགས་ལ་ཞི་ཞེས་མི་སྤྱོད། གཟུགས་ལ་མ་ཞི་ཞེས་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣཾས་དང་། རྣམ་པར་ཤེ་བ་ལ་ནི་ཞེ ་མི་སྤྱོད། རྣམ་པར་ཤེས་པ་ལ་མ་ཞི་ཞེས་མོ་སྤྱོད། གཟུག་ལ་རང་བཞིན་གྱི་མ་བསྒྲིབས་པ་ཞེས་མི་སྤྱོ་གཟུག་ལ་རང་བཞིན་གྱིས་མ་བསྒྲིབ་པ་མ་ཡིན་ཞེས་མི་སྤྱོད། ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རང་བཞིན་གྱི་སེམ་བསྒྲིབ་པ་ཞེས་མི་སྤྱོད། རྣམ་པར་ཤེས་པ་རང་བཞིན་གྱིས་མ་བསྒྲུབས་པ་མ་ཡིན་ཞེས་མི ་སྤོད། གཟུགས་ལ་རང་བཞིན་གྱིས་ཞི་ཞེས་མི་སྤྱོད། གཟུགས་ལ་རང་བཞིན་གྱིས་མ་ཞི་ཞེས་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམ་དང་། རྣམ་པར་ཤེས་པ་ལ ་བཞིན་གྱིས་ཞི་བ་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་རང་བཞིན་གྱི་མ་ཞི་ཞེས་མི་སྤྱོད། གཟུགས་འདས་པ་དང་། མ་འོང་བ་དང་། ད་ལྟར་བྱུང་བ་ལ་རང་བཞིན་གྱི་དབེན་པ་འམ། ་རང་བཞིན་གྱིས་ཞི་བཞེས་མི་སྤྱོད། གཟུགས་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བ་ལ་རང་བཞིན་གྱིས་དབེན་པ་མ་ཡིན་པ་འམ། ་རང་བཞིན་གྱིས་ཞི་བ་མ་ཡིན་པ་ཞེས་མི་སྤྱོད། ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདས་པ་དང་། མ་འོང་བ་དང་། ད་ལྟར་བྱུང་བ་རང་བཞིན་གྱི་དབེན ་པའམ། རང་བཞིན་གྱིས་ཞི་བ་ཞེས་མི་སྤྱོད། རྣ་བར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རང་བཞིན་གྱིས་དབེན་པ་མ་ཡིན་ཞེས་པ་འཆི། རབ་ཀྱི་རྩལ་གྱིས ་རང་བཞིན་གྱིས་ཞི་བ་མ་ཡིན་ཞེས་མི་སྤྱོད། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་ཐད་མཁྱེན་པ་ཉིད་ཀྱི་ཆོས་ཡོངསུ་རྫོགས་པར་འགྱུར་རོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤོད་པའི་བྱང་ཆུབ་སེམས་དཔ་ནི་གཟུག་ལ་རློམ་སེམས་སུ་མི་བྱེད། དེ་བཞིན་དུ་ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་རྣམ་དང་། རྣམ་པར་ཤེས་པ་ལ་རློམ་སེམསུ་མི་བྱེད། གཟུགས་ཀྱི་རྣམ་པར་དག་པ་རློམསསུ་སུ་མི་མི་བྱེད། གཟུགས་ཀྱི་དམིགས་པ་རྣམ་པར་དག་པ་མ ་སེམ་སུ་མི་བྱེད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་རྣམ་པར་དག་པ་ལ་རློམ་སེམས་མི་བྱེད། རྣམ་པར་ཤེས་པའི་དམིགས་པ་རྣམ་པར ་དག་པ་ལ་རློམ་སེམ་སུ་མི་བྱེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤོད་བའི་བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་མངོན་པ་མི་ཞེན། ་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མངོན་པར་མི་ཞེ་ན། གཟུགས་ཀྱི་རྣམ་པར་དག་པ་ལ་མངོན་པར་མི་ཞེ་ན། ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་རྣམ་དང་། རྣམ་པར་ཤེས་པ་རྣམ་པར་དག་ལ་མངོན་པར་མི་ཞེན། གཟུགས་ཀྱི་དམིགས་པ་རྣམ་པར་དག་པ་ལ་མངོན་པར་མི་ཞེ་ན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམ་དང་། ་རྣམ་པར་ཤེས་པའི་དམིགས་པ་རྣམ་པར་དག་པར་ལ་མངོན་པར་མི་ཞེན་ཏོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤོད་བའི་བྱང་ཆུབ་སེམས་དཔའ་ནི། མྱུར་དུ་ཐམས་ཅད ་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྲོད་པོའི་བྱང་ཆུབ་སེམས་དཔའ་ནི། དེ་བཞིན་གཤེགས་པའི ་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། རང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། ་བཏང་སྙོམས་ཆེན་པོར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ཉེ་བ་འགྱུར། ་གསེར་གྱི་ཁ་དོག་གི་མདོག་དང་ཉེ་བར་འགྱུར། དེ་བཞིན་གཤེགས་པའི་འོད་མཐའ་ཡས་པ་ཉེ་བར་འགྱུར། གླང་པོ་ལྟར་ལྟ་བ་དང་ཉེ་བར ་འགྱུར་སྤྱི་གཙུག་ལྟར་མི་མཐོང་བ་དང་། ཉེ་བར་འགྱུར། འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བ་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་དང་ཉེ་བར་འགྱུར། དེ་བཞིན ་གཤེགས་པའི་གདམས་པ་དང་། རྫསུ་བསྟན་པ་དང་། ཆོ་འཕྲུལ་དང་ཉེ་བར་འགྱུར། འདས་པ་དང་། མ་འོངས་དང་། ད་ལྟར་བྱུང་བ་ཐོགས་པ་མེད་པའི་ཡེ་ཤེས་མཐོང ་བ་ལུང་བསྟན་པ་དང་ཉེ་བར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཐོབ ་པར་འགྱུར།། མྱུར་དུ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་བཀོད་པ་ཕུན་སུམ་ཚོགས་པོ་ཡོངས་སུ་འཛིན་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུག་ལ་རབ་ཏུ་མི་གནས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཏུ་རབ་ཏུ་མི་གནས། མིང་དང་གཟུ། ་ལོ་རབ་ཏུ་མི་གནས། ཕྱིན་ཅི་ལོག་དང་། སྒྲིབ་པ་དང་། ལྟ་བར་གྱུར་པ་ལ་རབ་ཏུ་མི་གནས། འདོད་པ་དང་གཟུག་དང་། རྨ་གཟུགས་མེད་པའི་ཁམས་ལ་རབ་ཏུ་མི་གནས། ་བདག་གི་ཁམས་དང་། སེམས་ས་ཅན་གྱི་ཁམས་ལ་རབ་ཏུ་མི་གནས། གང་ཟག་དང་། སྲོག་ཏུ་འདུ་ཤེས་པ་ལ་རབ་ཏུ་མི་གནས། ས་དང་ཆུ་དང་། མ་དང་། རླུང་དང་། ན་མཁའ ་དང་། རྣམ་པར་ཤེས་པའི་ཁམས་ལ་རབ་ཏུ་མི་གནས། ཁམས་དང་སྐྱེ་མཆེད་ལ་རབ་ཏུ་མི་གནས། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་རབ་ཏུ་མི་གནས། ་གཏོང་བ་དང་། སེར་སྣ་ལ་རབ་ཏུ་མི་གནས། ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ལ་རབ་ཏུ་མི་གནས། བཟོད་པ་དང་། གནོད་སེམས་ལ་རབ་ཏུ་མི་གན། བརྩོན ་འགྲུས་དང་། ལ་ལོ་ལ་རབ་ཏུ་མི་གནས། བསམ་གཏན་དང་རྣམ་པར་གཡང་བ་ལ་རབ་ཏུ་མི་གནས། ཤཱར་བ་དང་། འཆལ་པའི་ཤེས་རབ་ལ་རབ་ཏུ་མི་གནས། དྲན་པ་ཉེ་བར ་གཞག་པ་དང་། ཡང་དག་པའི་སྤོང་བ་དང་། ཚད་མེད་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་ལ་རབ་ཏུ་མི་གནས། བསམ་གཏན ་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་རབ་ཏུ་མི་གནས། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་པ་རབ་ཏུ་མ ་གནས། ཟད་པ་དང་། མངོན་པར་འདུ་མི་བྱེད་པ་དང་། མི་སྐྱེ་བ་ཤེས་པ་ལ་རབ་ཏུ་མི་གནས། ཞི་གནས་དང་། ལྷག་མཐོང་ལ་རབ་ཏུ་མི་གནས། མངོན་པར་ཤེ་པ་ལཱ་ཏུ་མི ་གནས། རིག་པ་དང་། རྣམ་པར་གྲོལ་བ་ལ་རབ་ཏུ་མི་གནས། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་རབ་ཏུ་མི་གནས། ་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་ལ་རབ་ཏུ་མི་གནས། མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས། སངས་རྒྱས་ཀྱི་ཡེ་ཤེས་དང་། ་སྟོབ་དཔོ་མི་འཇིགས་པ་ལ་རབ་ཏུ་མི་གནས། ཐོག་པ་མེད་པའི་ཡེ་ཤེས་ལ་རབ་ཏུ་མི་གནས། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ ་མི་གནས། སངས་རྒྱས་ཀྱི་ཞིང་ཕུན་སུམ་ཆོག་པ་ལ་རབ་ཏུ་མི་གནས། ཉན་ཐོས་བཀོད་པ་ཕུན་སུམ་ཚོགས་པ་ལ་རབ་ཏུ་མི་གནས། བྱང་ཆུབ་སེམས་དཔའ་བཀོད་པ་ཕུན ་སུམ་ཚོགས་པ་ལ་རབ་ཏུ་མི་གནསོ།། ད་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཆོས་ཐཾད་མི་ནུས་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཆོས ་ཐ་ནི་གན་མེད་པའོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཆོས་ཐམས་ཅད་ནི་བཞི་མེད་པ་སྟེ། གཞི་མེད་པའི་ཕྱིར་མི་གནས།། རབ་ཀྱི་རྩལ་གྱིས་རྣམ ་པར་གནོན་པ། གལ་ཏེ་ཆོས་ཐམས་ཅད་ལ་གནས་ཡོད་པར་གྱུར་ན་ནི། ཆོས་རྣམས་ཀྱི་གཞི་ཡོད་པ་འམ། ཐར་ཟུག་ཏུ་གནས་པར་འགྱུར་ཏེ། དེ་བཞིན་གཤེགས་པས་ཀྱང་འདྲ ་ནི་ཆོས་རྣམ་ཀྱི་རྟེན། འདི་ཆོས་རྣམས་ཀྱི་གཞི། འདིན་ཆོས་རྣམས་ཀྱི་བཅུགས་པ་ཞེས། ཆོས་ཐམས་ཅད་ཀྱི་གནས་སྟོན་པར་འགྱུར་བ་ཞིག་ན། རབ་ཀྱི་རྩལ་གྱིས ་པར་གནོན་པ། གང་གི་ཕྱིར་ཆོས་ཐད་མི་གནས་ཤིང་། གཞི་མེད་པ་དང་། སྩོགས་པ་མེད་པ་དེའི་ཕྱིར། ཆོས་གང་ཡང་ཐེར་ཟུགས་པ་ཏུ་གནས་པ་མེད་དོ།། དེ་བས་ན་འདི ་དེ་བཞིན་གཤེགས་པས། འདི་ནི་ཆོས་རྣམས་ཀྱི་གནས་དང་། གཞི་དང་། གཙིགས་པ་མ་བསྟན་ཏོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཆོས་ཐམས་ཅད་ནི་ཡོངས་སུ ་མ་གྲུབ་པ་སྟེ། རང་བཞིན་མེད་པའོ།། ཆོས་གང་ཡང་མེད་ཅིང་ཡོངས་སུ་མ་གྲུབ་པས། ཆོས་རྣམས་ནི་གང་དུ་ཡང་མི་གནས་ཏེ། དེའི་ཕྱིར་ཆོས་ཐམས་ཅད་མི་གནས་པ་ཞེས ་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གནས་མེད་པའི་ཚུལ་དང་། རྟེན་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་མི་གནས་པ་སྟེ། རབ་ཀྱི་རྣལ་གྱིས་རྣམ་པར་གནོན་པ། ་ཆོས་ཐ་ད་ནི་གནས་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ་དཔེར་ན། ཆུ་ཀླུང་ཆེན་པོ་བཞི་ནི་མཚོ་མ་དྲོས་པ་ལས་འབབ་སྟེ། མཚོ་ཆེན་པོ་ལ་མ་ཐུག་པ ་རྒྱུན་མི་ཆད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མངོན་པར་འདུ་བྱེད་པ་ཟད་པར་གྱུར་གྱི་བར་དུ་གནས་པ་མེད་དོ།། རབ་ཀྱི་རྩལྟ་རྣམ་པ ་གནོད་པ། མངོན་པར་འདུ་མི་བྱེད་བྱ་བ་ལ་གནས་མེད། གནས་མ་ཡིན་པ་ཡང་མེད། རྒྱུན་མི་འཆད་པ་ཡང་མེད། བགྲང་བ་དེ་ཐམས་ཅད་དེ་ལ་མེད། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གནས་ཞེས་བྱ་བ་འམ། རྒྱུན་འཆད་ཅེས་བྱ་བ་འམ། གནས་མེད་ཅེས་བྱ་བ་འམ། མངོན་པར་འདུ་བྱེད་པ་ཞེས་བྱ་བ་དེ་དག་ནི་བགྲང་བར ་བསྟན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གནས་སམ་རྟེན་ནམ། གཞི་ཞེས་བྱ་བ་དེ་ནི་སེམས་ཅན་རྣམས་ཀྱི་ཇི་ལྟར་འདུག་པ་བསྟན་པར་བྱས་པའོ།། མངོན་པར་འདུ ་བྱེད་པ་ལ་ནི་བགྲང་བ་འདི་གང་ཡང་མེད་དེ། དེའི་ཕྱིར་ཆོས་ཐམས་ཅད་མི་གནས་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་སྤོང་བའི་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་མི་གནས་པར་སྤྱོད་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། མྱུར་དུ ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ན་བར་འགྱུར། མྱུར་དུ་བྱང་ཆུབ་ཀྱི་སྙིང་པོར་འགྲོ ་བར་གྱུར། མྱུར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར། མྱུར་དུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེས་ཡོང་སུ་རྫོགས་པར་འགྱུར། མྱུར་དུ ་སེམས་ཅན་ཐམས་ཅད་ཀྱི་སེམས་བསྐྱེད་པ་དང་། གཡོས་པའི་ཕ་རོལ་ཏུ་གྲོ་བར་འགྱུར། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཱ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་སྦྱིན་པ་སྦྱིན་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས ་ཚིམ་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་སྒོ་ངའི་སྦུབ་སོ་གཅོད་པར་འདོད་པ་དང་། སེམས་ཅན་ལ་ཡེ་ཤེས་ཆེན་པོ་སངས་རྒྱས་ཀྱི། ་ཡེ་ཤེས་བསྒྲུབ་པར་འདོད་པ་དང་། སེམས་ཅན་ཐཾད་ལ་སྙིང་རྩ་བར་འདོད་པ་དང་། སེམས་ན་ཐམས་ཅད་ལ་ཕན་པ་ཚོལ་བར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ ་ཀྱི་འཁོར་ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་ལོངས་སྤྱོད་ཀྱི་ལགས་པར་འདོད་པ་དང་། སེམས་ཅན་ཐ~ཾད་ལ་ཚུལ་ཁྲིམས་ཀྱི་ལེ་ལེག ་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་བཟོད་པ་དང་། ལོ་ལེགས་པར་འདོད་པ་དང་། སེམས་ཐམས་ཅད་ལ་བརྩོན་འགྲུབ་ཀྱི་ལོ་ལེགས་པར་བྱེད་པར་འདོད་པ་དང་། ་སེམས་ཅན་ཐམས་ཅད་ལ་བསམ་གཏན་གྱི་ལོ་ལེགས་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་ཤེས་རབ་ཀྱི་ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས ་ཅད་ལ་རྣམ་པར་གྲོལ་བའི་ལོ་ལེགས་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་མཐོ་རིས་སུ་སྐྱེ་བའི་ལོ་ལེགས་པར་བྱེད་པ་འདོད་པ ་དང་། སེམས་ཅན་ཐམས་ཅད་ལ་རིག་པ་དང་། རྣམ་པར་གྲོལ་བའི་ལོ་ལེགས་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་རིག་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི ་ལོ་ལགས་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་མྱ་ངན་ལས་འདས་པའི་ལོ་ལེགས་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་ཀྱི་ལོ་ལ ་བར་བྱེད་པ་འདོད་པ་དང་། སེམས་ཅན་ཐམས་ཅད་ཡོན་ཏན་ཕུན་སུམ་ཆོས་པ་ཐམས་ཅད་ཀྱི་ལོ་ལེགས་པར་འདོད་པ་དང་། དགེ་སློང་དང་། བྲམ་ཟེ་དང་། ལྷ་དང་། བདད་དང་། ་གཞན་སུས་ཀྱང་ཆོས་དང་འཐུན་པར་སྔོན་མ་བཀོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་བར་འདོད་པ་དང་། ཆོས་ཀྱི་གཏམ་བྱེད་པར་འདོད་པ་དང་། སངས་རྒྱས་ཀྱི་སར་ལུང་བསྟན ་པར་འདོད་པ་དང་། ཉན་ཐོས་ཀྱི་ས་ལ་ལུང་སྟོན་པར་འདོད་པ་དང་། རང་སངས་རྒྱས་ཀྱི་ས་ལ་ལུང་བསྟན་པར་འདོད་པ་དང་། སེམས་ཅན་རྣམས་ཀྱི་སྔོན་གྱི་སྨོན་ལམ་དང་། ་དགེ་བའི་རྩ་བ་བསྐུལ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱ། བརྩོན་པར་བྱའོ།། འབད་པར་བྱའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ ་པར་སྦྱོར་བ་བརྩོན་པར་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ལ་བརྩོན་པ་དང་། ནན་ཏན་བྱེད་པ་དང་། འདི་ལྟ་སྟེ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་གནས་པ་དེ་ནི་མི་འདོར་བ་ལས། སངས་རྒྱས་ཀྱི་ཆོས་ཐམས་ཅད་མྱུར་དུ་ཡོངས་སུ་རྫོགས་པར་བྱེད་པ་དེ་ལྟ་བུའི་ཆོས་གང་ཡང ་ངས་མ་མཐོང་ངོ་།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤོད་ན། བྱང་ཆུབ་སེམས་དཔའ་དེ་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་དང་ཐུག་པར་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་ལ་ལའི་རྣ་ལམ་དུ་ཐོས་པ་དང་། ་ཐོས་ནས་ཀྱང་མོས་པ་དང་། མངོན་པར་དགའ་བ་དང་། ཡང་དག་པར་འདུ་ཤེས་བསྐྱེད་པ་དེ་དག་ཀྱང་དག་པའི་རྩ་བ་དེས། བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་འགྲུབ་པར ་འགྱུར་རོ་ཞེས་ངས་བཤད་དེ། དེར་ཐུག་པར་ཡང་རིག་པར་བྱའོ།། རིགས་ཀྱི་བུ་མོ་དེ་དག་ནི་ཚོགས་ཆེན་པོ་བསགས་པ། དགེ་བའི་རྩ་བ་གཞན་ཡང་ཡོངས་སུ་བསྡད་པར་འགྱུར། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་བསྟན་པའི་ལེའུ་འདི། བྱང་ཆུབ་སེམས་དཔའ་དག་གི་ལག་ཏུ་སོང་བར་གྱུར་པ་དག ་ཁ་ཅིག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མངོན་སུམ་དུ་ལུང་མ་བསྟན་ཀྱང་། དེ་དག་ནི་ལུང་བསྟན་པ་ལ་ཉེ་བ་སྟེ། དེ་དག་ནི་རིང་པོར ་མི་ཐོག་པར་མངོན་སུམ་དུ་ལུང་བསྟན་པ་ཐོབ་པར་འགྱུར་བར་རིག་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ་དཔེར་ན། སེམས་ཅན་གང་དག་ལས་ཀྱི ་ལམ་ཡང་དག་པར་བཟུང་སྟེ། འདུག་པའི་སེམས་ཅན་དེ་དག་བྱང་སྒྲ་མི་སྙན་དུ་སྐྱེ་བ་ཉེ་བ་སྟེ། དེར་ཐུགས་པར་རིག་པར་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། བྱང་ཆུབ་སེམས་དཔའ་གང་གི་ལག་ཏུ་འགྲོ་བར་འགྱུར་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ ་ཉེ་བར་ཡིན་པར་རིག་པར་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ་དཔེར་ན། སེམས་ཅན་གང་དག་སྨིན་པ་སྤྲིན་ཞིང་ལྷག་པར་གཏོང་བར་གྱུར་ལ། ་སེམས་ཅན་རྣམས་ཀྱང་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་འཐུན་པས་ཀུན་ཏུ་བསྡུད་ཅིང་ཚུལ་ཁྲིམས་ཀྱང་བསྲུང་ལ། ང་རྒྱལ་བཅོམ་པའི ་སེམས་ཅན་དེ་དག་མྱུར་དུ་རིགས་འཐོན་པོ་དང་། ལོངས་སྤྱོད་ཆེན་པོར་འགྱུར་ཏེ། དེར་ཐུག་པར་རིག་པར་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ། ་དཔེར་ན། སེམས་ཅན་གང་དག་སྦྱིན་པའི་ངང་ཚུལ་ཅན་གྱུར་པ། ཚུལ་ཁྲིམས་ཕུན་སུམ་ཚོགས་པར་གྱུར་པ། བཟོད་པ་ཕུན་སུམ་ཚོགས་པར་གྱུར་པ། སེམས་ཅན ་ལ་བམས་པ་བསྐྱེད་པ། སེམས་ཅན་རྣམས་ཀྱང་ཚུལ་ཁྲིམས་འཛིན་དུ་འཇུག་ཅིང་། དབང་པོར་གྱུར་པའི་ལས་བསོགས་པ་དེ་དག་ནི། མྱུར་དུ་འཁོར་ལོ་བསྒྱུར་བའི ་རྒྱལ་པོ་བྱེད་པར་འགྱུར་བར་རིག་པར་བྱའོ།། རབ་ཀྱི་བྲལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་གང་གི་ལག་ཏུ ་འགྲོ་བར་འགྱུར་བ། མྱུར་དུ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་རིག་པར་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ་དཔེར་ན། རྒྱལ་པོ་རྒྱལ་རིགས་གང་ཟླ་བ ་ཉེ་བའི་ཚེས་བཅཝོ་ལྔ་ལ་དོན་བྱེད་ཅིང་འདུག་པའི་མདུན་དུ་འཁོར་ལོ་རིན་པོ་ཆེ་བྱུང་བར་འགྱུར་ན། དེ་ཉིད་ལ་འཁོར་ལོས་བསྒྱུར་བར་འགྱུར་ཞིང་། མུར་དུ་དེའི་རིན་པོ ་ཆེ་སྣ་བདུན་ཐམས་ཅད་འབྱུང་བར་རིག་པར་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོད་པ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི། བྱང་ཆུབ་སེམས ་དཔའ་གང་གི་ལག་ཏུ་འགྲོ་བར་འགྱུར་བ་དེ་མར་དུ་ཆོས་ཐམས་ཅད་མཁྱེན་པའི་དང་ལྡན་པར་འགྱུར་ཁར་རིག་པར་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་འདི་ལྟ་སྟེ་དཔེར་ན། སེམས་ཅན་གང་དག་དགེ་བའི་རྩ་བ་མཆོག་དང་ལྡན་པར་གྱུར་ཅིང་སྤྱོད་པ་ཡང་བཟང་། རྒྱ་ཆེན ་ཁོ་ལ་ཡང་མོས་པར་གྱུར་ལ། དེ་དག་གིས་མིའི་ལུས་པ་མི་མཐུན་པར་འདུ་ཤེས་འཇོག་ཅིང་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་གྱུར་པ། སྐྱེ་བོ་མང་པོའི་བྱ་བ་བྱེད་པར ་གྱུར་པ། ལྷར་སྐྱེ་བར་འདོད་ན། དེ་དག་ནི་མྱུར་དུ་རྒྱལ་པོ་ཆེན་པོ་བཞིའི་རིགས་ཀྱི་ལྷ་རྣམས་དང་བསྐལ་པ་མཉམ་པར་སྐྱེ་ཞིང་། དེ་ན་ཡང་དབང་པོ་བྱེད་པར་འགྱུར་བར་རིག ་བར་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པོ། གང་སུ་དག་དགེ་བའི་རྩ་བ་ཡོངསུ་དག་པ་དང་། དག་པའི་རྩལ་བ་མཆོག་དང་ལྡན་པ་ལ་སྔར་སྦྱིན་པ་སྦྱིན་ཞིང་། ་ཕྱི་ས་བདག་སྤྱོད་བདག་སྤྱོད་པ་དང་། སྔར་སེམས་ཅན་གཞན་དག་གི་བྱ་བ་བྱེད་པ་ཕྱིས་བདག་བྱེད་པ་དང་། ཆོས་མ་ཡིན་པ་ལ་འདོད་ཅིང་ཚོགས་པ་མེད་པ་དང་། ་མི་བཟད་པའི་འདོད་པ་དང་། ཆགས་པ་མེད་པ་དང་། ལྷའི་དབང་པོ་དང་བདག་པོར་འདོད་པ་དེ་དག་ནི་རིང་པོར་མི་གཡོ་མི་བསྐྱོད་པར་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས ་ཀྱི་དབང་པོ་བྱེད་པར་འགྱུར་ཏེ། ལྷའི་དབང་པོ་རྒྱ་བྱིན་དུ་ཡང་འགྱུར་བར་རིག་པར་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་འདི། བྱང་ཆུབ་སེམས་དཔའ་གང་ལ་ཉེ་བར་གྱུར་པ་དེ་མྱུར་དུ་ཆོས་ཐམས་ཅད་ལ་དབང་བྱེད་པའི་དབང་པོ་རྗེས་སུ་ཐོབ་པར་འགྱུར་ཞིང་། དེར་དག་པར་རིག་པར་བྱའོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ་དཔར་ནི།། སེམས་ཅན་གང་དག་ཚངས་པའི་གནས་བཞི་རྙེད་པར་འགྱུར་བ་དེ་དག་ནི། ཚངས་པའི་འཇིག་རྟེན ་སྐྱེ་བར་འགྱུར་བར་རིག་པར་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་གང་ཉེ་བར་གྱུར་པ ་མྱུར་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་རིག་པར་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན། དབྱར་གྱི་ཟླ་བ་ཉེ་བར་གནས་པ་ནི། ་ས་ཆེན་པོའི་འདིའི་སྤྲིན་ལ་བརྟེན་ནས། བསྣུམ་པར་འགྱུར་ཞིང་། མཐའ་ཆར་གྱིས་བབ་པས། བངས་ནས་ཆུ་འབྱུང་སྟེ། གང་ཆུ་མིག་མང་པོ་བྱུང་བ་དེས་ས་ཆེན ་ཆེན་པོའི་སྟེང་འདི་ཚིམ་པར་བྱེད་དོ།། དེ་བཞིན་དུ་ས་ཆེན་པོའི་འཁོར་ཡང་བངས་པར་འགྱུར། སྟེང་འདི་ཆུས་གཡོས་ནས་གང་ལྗོངས་དང་། ཐང་རྣམས་ཚིམ་པར་བྱེད། ་དེ་ལྟར་ས་ཆེན་པོ་འདིའི་མཐར་སྤྲིན་གྱིས་བངས་པར་བྱས་པས། རྩ་དང་ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་རྣམས་ཀྱང་ངོམས་པར་འགྱུར་རོ།། དེ་དག་ངོས ་པས་ཡུལ་གུ་དང་། ལོ་མ་དང་། འདབ་མ་མང་པོ་སྐྱེ་བར་འགྱུར། མེ་ཏོག་དང་། འབྲས་བུ་མང་པོ་ཡང་ཆགས་པར་འགྱུར།། ་དེའི་ཚེ་ས་ཆེན་པོ་འདིས་ཡིད་དུ་འོང་བའི་དྲི་འབྱིན་ཏེ། དེའི་ཚེ་ས་ཆེན་པོ་འདི་མེ་ཏོག་འབྲས་བུ་དང་། ཆུ་མོག་དང་། མཆེའུ་དང་། ལྟེང་ཀ་དག་གིས་མཛེས་པ་འགྱུར། ་དེ་ནི་མེ་དང་མི་ཡིན་པ་རྣམས་མེ་ཏོག་དང་། འབྲས་བུ་དེ་དག་ལ་ཟ་ཞིང་། དྲི་དེ་དག་ལ་ཡང་སྣོམ་པ་དགའ་བར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན ་དུ་ནམ་བྱང་ཆུབ་སེམས་དཔའ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མངོན་དུ་གྱུར་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྦྱོར་བར་བྱེད་ན། རབ་ཀྱི་རྩལ་གྱིས་རྣམ ་པར་གནོན་པ། བྱང་ཆུབ་སེམས་དཔའ་དེ་རིང་པོར་མི་ཐོག་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་རླན་པར་བྱས་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར ་འབྱེད་པར་འགྱུར། ཐམས་ཅད་མཁྱེན་པའི་ཡེ་ཤེས་རབ་ཏུ་སྟོན་པར་འགྱུར་ཏེ། དེས་བླ་ན་མེད་པའི་ཆོས་རིན་པོ་ཆེ་རབ་ཏུ་བསྟན་པའི་ཕྱིར་སེམས་རྣམ་རློན་པར་རིག་པར་བྱའོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ་དཔེར་ན། གང་དག་ཀྭའི་རྒྱལ་པོ་མ་དྲོས་པའི་གས་སུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་རྙི་ཆེན་པོ་བཞི་འབབ་ཤིང ་རྒྱ་མཚོ་ཆེན་པོ་འགེངས་པར་འགྱུརརོ།། རབ་ཀྱི་རྡུལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། བྱང་ཆུབ་སེམས་དཔའ་གང་དག་གི་ལག་ཏུ་སོང་ཞིང་། ་འདི་ལ་སློབ་པ་དེ་དག་ཐམས་ཅད་ཀྱང་ཆོས་རིན་པོ་ཆེའི་རྒྱུན་རབ་ཏུ་འབེབས་ཤིང་། ཆོས་ཀྱི་སྦྱིན་པ་ངས་སེམས་ཅན་ཐམས་ཅད་ལ་ཚིམ་པར་བྱེད་པར་འགྱུར་རོ།། རབ་ཀྱི་རྩལ་གྱི ་རྣམ་པར་གནོན་པ་འདི་ལྟ་སྟེ་དཔེར་ན། སེམས་ཅན་གང་དག་རིའི་རྒྱལ་པོ་རི་རབ་ཀྱི་རླུང་དེ་ཕྱིན་པ་དེ་དག་ཐམས་ཅན་ནི་འདི་ལྟ་སྟེ། གསེར་གྱི་ཁ་རེག་གཅིག་པར་འགྱུར་རོ།། ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བྱང་ཆུབ་སེམས་དཔའ་གང་གི་ལག་ཏུ་སོང་བ་དེ་དག་ཐམས་ཅད་འདི་ལྟ་སྟེ། ་དེ་བཞིན་གཤེགས་པའི་འགྲོ་བ་འམ། ཐམས་ཅད་མཁྱེན་པའི་འགྲོ་བར་འགྲོ་བ་གཅིག་དུ་འགྱུརརོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ་དཔེར་ན། རྒྱ་མཚོ ་ཆེན་ན། ཆུ་ཐམས་ཅད་ཀུན་དུ་འཛིན་ཏེ། དེ་རྡུབ་ཏུ་རྣ་ཐམས་ཅད་འབབ་བོ།། རབ་ཀྱི་ཚལ་གྱིས་རྣམ་པར་གནོན་པ། བདེ་བཞིན་དུ་ཤེས་རབ་ཀྱི་པ་རབ་ཏུ་ཕྱིན་པ་བསྟན། ་པ་འདི་བྱང་ཆུབ་སེམས་དཔའ་གང་གི་ལག་ཏུ་འགྲོ་བ་སྟེ། མྱུར་དུ་ཆོས་ཐམས་ཅད་རྒྱ་མཆོད་དང། ཆོས་ཐམས་ཅད་ཀྱི་སྣོད་དང་། ཆོས་ཐམས་ཅད་ཡང་དག་པར་འདུ ་@། བར་འགྱུར་བ་དང་། མྱུར་དུ་ཆོས་ཀྱི་བརྔས་མི་འཁྲུགས་པར་འགྱུར་ཞིང་དེར་ཐུག་པར་རིག་པར་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་འདི་ལྟ་སྟེ་དཔེར་ན། ཉི་མིའི་དཀྱིལ་འཁོར་ཤར་ན་འདི་ཐམས་ཅད་མོག་མོག་པོར་བྱེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པོ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་འདི་ལ་བཤད་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ལ་ཆོས་ཀྱི་སྣང་བ་བྱེད་པར་ཉེ་བར་གནས་པར་འགྱུར་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་བྱང་ཆུབ་སེམས་དཔའ་འདི་ལ་ཤར་བར། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་སྣང་བར་བྱེད་པ་ཉེ་བར་གནས་པར་འགྱུར། སེམས་ཅན་གྱི་སྦྱིན་གནསུ་འགྱུར། ་སེམས་ཅན་གྱི་བསོད་ནམས་ཀྱི་གཞི་རྣམ་པར་དག་པར་འགྱུར། སེམས་ཅན་ཐམས་ཅད་ཀྱིས་འགྲོ་བར་བྱ་བར་འགྱུར། སེམས་ཅན་ཐམས་ཅད་ཀྱིས་མཆོད་པར་འགྱུར། ་རབ་ཏུ་སྟོན་པར་འགྱུརརོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི་མཆོག་ལ་སློབ་བོ།། སེམས ་ཅད་ཐམས་ཅད་ཀྱི་མྱ་ངན་ལས་འདས་པའི་ལམ་རྣམས་པར་སྤང་བའི་ཕྱིར་སློབ་པའོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཤེས་རབ་ཀྱི་ཕ་རོལ། ་ཏུ་ཕྱིན་པའི་བསླབ་པའི་དེ་ནི་མཆོག། དམ་པ། རབ། ཕུལ་དུ་བྱུང་བ་བླ་ན་མེད་པའི་བསླབ་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལ་སློབ་པའི་བྱང་ཆུབ་སེམས ་དཔའི་བསླབ་པ་ཐམས་ཅད་ཀྱི་དམ་པའི་མཆོག་རྙེད་པར་འགྱུར། བསླབ་པ་ཐམས་ཅད་བཟུངས་པས་འབྱུང་བ་བར་འགྱུར། བསླབ་པ་ཐམས་ཅད་ཐོབ་པར་བྱེད་པར་འགྱུར་རོ།། རབ་ཀྱི་རྩལ ་གྱིས་རྣམ་པར་གནོན་པ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤད་པ་སྤྱོད་པ་ན། བསླབ་པ་འདི་ལ་བསྲབ་སོ།། ་སློབ་པར་འགྱུར་རོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་བསླབ་པ་འདི་ལ་ཤིན་ཏུ་གནས་ནས། སེམས་ཅན་ཐམས་ཅད་བླ་ན་མེད་པའི་སྒྲུབ་པ་ཡོངས་སུ་དག་པ་ཡང་དག་པར་རབ ་ཏུ་བསྟན། ཡང་དག་པར་རབ་ཏུ་སྟོན། ཡང་དག་པར་རབ་ཏུ་སྟོན་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་བསླབ་པ་འདི་ནི་འཇིག་རྟེན་ཐམས་ཅད་ལ་མངོན་པར་འཕགས་པའི་བསླབ་པ་ཡིན་པའི་ཕྱིར་རོ།། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་ནི་འཇིག་རྟེན་ཐམས་ཅད ་ཀྱི་མཆོག། འཇིག་རྟེན་ཐང་ན་རང་བྱུང་གི་བསླབ་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྲབ་པའི་བྱང་ཆུབ་སེམས་དཔའ་ནི་འཇིག་ཏུ ་པ་དང་། འཇིག་རྟེན་ལས་པཱ་དང་། འདུས་བྱེད་དང་། འདུས་མ་བྱས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཁ་ན་མ་ཐོ་བ ་བཅས་པ་དང་། ཁ་ན་ཐོ་བ་མེད་པ་དང་། ཆོས་གང་ལ་ཡང་གནས་པར་མི་འགྱུར། གང་དུ་ཡང་ཆགས་པ་མི་བསྐྱེད་དེ། ཆོས་ཐམས་ཅད་ལ་མི་ཆགས་པར་གནས་པར་འགྱུརརོ།། ་དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཆོས་ཐམས་ཅད་ནི་ཆགས་པ་མེད་པ། བཅིངས་པ་མེད། གྲོལ་བ་མེད་དེ། ཆོས་གང་ཡང་འདུ་བར་འམ། བཅིངས་པར་ཉེ་བར ་གནས་པ་མ་ཡིན་པའི་ཕྱིར།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ།། མིང་དང ་གཟུགས་མ་ཆགས་མ་བཅིངས་མ་གྲོལ་བའོ།། ཕྱིན་ཅི་ལོག་དང་། སྒྲིབ་པ་དང་། ལྟ་བར་གྱུར་པ་ཡང་མ་ཆགས། མ་བཅིངས་མ་གྲོལ་བའོ།། འདོད་ཆགས་དང་། ཞེ་སྡང་དང་། ་གཏི་མུག་ཀྱང་མ་ཆགས་མ་བཅིངས་མ་གྲོལ་བའོ།། ནང་གི་སྐྱེ་མཆེད་དྲུག་ཀྱང་མ་ཆགས་མ་བཅིང་མ་གྲོལ་བའོ།། ཕྱིའི་སྐྱེ་མཆེད་དྲུག་ཀྱང་མ་ཆགས་མ་བཅིངས་མ་གྲོལ་བའོ།། ་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་དང་མ་ཆགས་མཅིངས་གྲོལ་བའོ།། བདག་གི་ཁམས་དང་། སེམས་ཅན་གྱི་ཁམས་ཀྱང་མ་ཆགས་མ་བཅིང་མ་གྲོལ ་རྒྱ་གཟུགས་ནི་མ་བཅིང་མ་གྲོལ་བའོ།། ་བའོ།། རྟེན་ཅིང་འབྲལ་པོར་འབྱུང་བ་ཡང་མ་ཆགས་མ་བཅིང་མ་གྲོལ་བའོ།། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ།། དེ་བཞིན་དུ་གཏོང་བ ་དང་། སར་སྣ་དང་། ཚུལ་ཁྲིམས་དང་འཆལ་པའི་ཚུལ་ཁྲིམས་དང་། བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡང ་བ་དང་། ཤེས་རབ་དང་། འཆལ་པའི་ཤེས་རབ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ།། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་ཡང་མ་ཆགས་མ ་བཅིངས་མ་གྲོལ་བའོ།། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། ཚད་མེད་པ་དང་། ཕྱིན་ཅི་ལོག་པ་ཡང་མ་གྲོལ་བའོ།། དབང་པོ་དང་། སྟོབ་དང་། ་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ།། ས་དང་ཆུ་དང་མེ་དང་། རླུང་དང་ན་མཁའ་དང་། རྣམ་པར་ཤེས་པའི་ཁམ ་ཀྱང་མ་ཆགས་མ་བཅིངས་མ་གྲོལ་བའོ།། མི་སྐྱེ་བ་དང་། ཟད་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ།། རིག་པ་དང་རྣམ་གྲོལ་བ་ཡང་མ ་ཆགས་མ་བཅིང་མ་གྲོལ་བའོ།། མངོན་པར་ཤེས་པ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ།། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡང་མ་ཆགས་མ་གྲོལ་བའོ། སོ་སོ ་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ཆོས་ཀྱང་མ་ཆགས་མི་བཅིངས་མ་གྲོལ་བའོ།། མྱ་ངན་ལས་འདས་པ་ཡང་མ་ཆགས ་མ་བཅིངས་མ་གྲོལ་བའོ།། སངས་རྒྱས་ཀྱི་ཡེ་ཤེས་ཀྱང་མ་ཆགས་མ་བཅིངས་མ་གྲོལ་བའོ།། སྟོབས་དང་མི་འཇིགས་པ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ།། འདས ་བ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ་ཆོས་ཐམས་ཅད་ལ་བཅིངས་པ་མི་དམིགས་པས། ཆོས་ཐམས་ཅད་ནི་ཆགས་པ་མེད་བཅིངས་པ་མེད་དོ།། དེའི་ཕྱིར་དེ་དག་གི་གྲོལ་བ་མི་དམིག་སོ།། རབ་ཀྱི་རྩལ་གྱིས་རྣམ་པར ་གནོན་པ། ཆགས་པ་མེད་ཅེས་བྱ་བ་ནི་དེ་དག་ལ་འགྲོ་བ་གང་ཡང་མེད་མོད་ཀྱི། འོན་ཀྱང་དེ་གང་དེ་ལྟར་ཆོས་མ་མཐོང་བ་ད་ནི་ཆགས་པ་མེད་པའི་ཡེ་ཤེས་མཐོང་བ་ཞེས་བྱའོ།། རབ་ཀྱི ་རྩལ་གྱིས་རྣམ་པར་གནོན་པ། མི་ཆགས་ཞེས་བྱ་བ་ནི་ཆགས་པ་མི་རབས་ཤིང་། ཆགས་པ་མེད་ལ་ཆགས་པ་ཡང་དག་མ་ཡིན་པའི་ཕྱིར་ཆགས་པ་མེད་པ་ཞེས་བྱ་སྟེ། ་དེས་ནི་གང་ཆགས་པར་འགྱུར་བ་འམ། འཆིང་བར་འབྱུང་བ་ཅི་ཡང་མི་དམིགས་སོ།། གང་གི་ཕྱིར་ཆགས་པར་འགྱུར་བ་དང་། འཆིང་བར་འགྱུར་བ་མི་དམིགས་པ་དེ ་བྱིར་མ་ཆགས་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། རྟོག་པ་མེད་ཅེས་བྱ་བ་དེ་ནི་རྟོག་པ་མི་དམིགས་ཤིང་། རྟོགས་པ་མ་ཡིན་པའི་ཕྱིར་རྟོགས་པ་ཞེས་རྩསྟེ། ་དེ་ལ་མི་རྟོགས་པར་འགྱུར་བ་ཅི་ཡང་མེད་དོ།། དེ་ལ་ཆེ་གང་རྟོགས་པ་ཅི་ཡང་མི་དམིགས་ཏེ། གང་གི་ཕྱིར་གང་རྟོགས་པ་མི་དམིགས་པ་དེའི་ཕྱིར་རྟོགས་པ་མེད་པ་ཞེ་བྱའོ།། ་གང་ཆགས་པ་མེད་ཅིང་རྟོགས་པ་མེད་པ་ད་ལ་རྣམ་པར་གྲོལ་བ་ག་ལ་ཡོད། གང་ཆགས་པར་མི་འགྱུར། འཆིང་བར་མི་འགྱུར་བ་ནི་གྲོལ་བྲལ་བ། གསིལ་བར་གྱུར་པ། རབ ་ཏུ་རྣམ་པར་གྲོལ་བ་སྟེ། དེ་ལ་ནི་ཕྱིར་ཡང་རྟོགས་པར་བྱ་བ་གང་ཡང་མེད་པས། དེའི་ཕྱིར་གྲོལ་བ་ཞེས་བྱ་སྟེ། དེ་ལ་ཐར་པ་ཡང་མེད་དོ།། རབ་ཀྱི་རྩ་ལ་རྣམ་པར་གནོན་པ། ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྲོད་པའི་བྱང་ཆུབ་སེམས་དཔའ་ནི། ཆོས་ཐམས་ཅད་མ་ཆགས་མ་བཅིངས་མ་གྲོལ་བའི་ཡེ་ཤེས་མཐོང་བ་ལ་འཇུག་གོ། རབ ་ཀྱི་རྡུལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་འགྱུརརོ།། མྱུར་དུ་ཐམས་ཅད ་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུརརོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་བྲི་བྱང་ཆུབ ་སེམས་དཔའ་ཐམས་ཅད་ཀྱི་ཐེ་ཚོམ་བཅོད་པའི་ཕྱིར་ངས་ཕྱག་རྒྱ་འདི་གཞག་གོ།། རབ་ཀྱི་ཐལ་ཀྱིས་རྣམ་པར་གནོན་པ། ཕྱི་མིའི་མཕྱི་མིའི་དུས་ལྔ ་བརྒྱབ་མར་ངའི་ཉན་ཐོས་རྣམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཛིན་མི་ནུས་པའི་ཕྱིར་ངས་ཕྱག་རྒྱ་འདི་བསྟན་ཅིང་བྱིན་གྱི་བརླབས་སོ།། དེ་ནས་བཅོམ་ལྡན་འདས་ཀྱི་བཟང་པོ་དང་། དེད་དན ་བཟང་པོ་ལ་སོགས་ཏེ། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། ཕྱི་མིའི་དུས་དམ་པའི་ཆོས་ནུབ་ཅིང་རབ་ཏུ་རྣམ་པར་འཇིག་སྟེ། ཟད་པར་གྱུར་པའི་དུས་ན་དེ་བཞིན་གཤེགས་པས ་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་ཡང་དག་པར་བསྒྲུབས་པའི་ཆོས་རིན་པོ་ཆེའི་མཛོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔོན་དུ་འགྲོ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱོང་བ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་འདི་བཟུང་བ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ནུས་སམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ ་སེམས་དཔའ་དེ་དག་གིས་འདི་སྐད་ཅེས་གསེལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པས། བསྐལ་པ་བྱ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་ཡང་དག ་བར་བསྒྲུ་པ། བླན་མེད་པའི་ཆོས་རིན་པོ་ཆེའི་མདོད་ཤེས་རབ་ཀྱི་ཕ་རོབ་ཏུ་བྱིན་པ་སྔོདན་དུ་འགྲོག་ཤེས་རབ་ཀྱི་ཕ་རོག་ཏུ་ཕྱིན་པ་འབྱུང་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ག ་འདི་བཟུང་བ་དང་། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པའི་རྔོ་ཐོག་ལགས་སོ།། བཅོམ་ལྡན་འདས་དུས་འདི་ནི་འཇིགས་པ་ཆེན་པོའོ།། མྱ་ངན་ཆེན་པོ་མ་རུངས་པ་ཆེན་པོ་གྱུར་ཏེ། ་སེམས་ཅན་ཆོས་ཀྱི་ཕོངས་པར་གྱུར་པའི་ལས་དང་ལྡན་པ་ཕལ་ཆེར་འབྱུང་། ལོག་པར་ཆགས་ཤིང་རྐམ་པ་དང་། ལོག་པའི་འདོད་ཆགས་ཀྱི་ཆགས་པ། ཆོས་མ་ལགས་པ་ལ ་འདོད་ཆགས་དང་། ཕྲག་དོག་དང་འདོད་པས་ཡོངསུ་ཟིན་པའི་སེམས་དང་ལྡན་པ། ཁྲོ་བ་གཏུམ་པ། བརླང་བ། བཀའ་བློམ་བདེ་བ། གཡོ་ཅན། མི་བསྲུན་པ། སྦྱར་ཅན། ་ཆོས་མ་ལག་པ་ལ་སྤྱོད་པ། འཐབ་པ་དང་། བརྩོད་པ་དང་། ཚད་འབྲུ་བ་དང་། འབྲེག་པ་མང་བ་དང་། སྡོམ་པ་ལ་མི་གནས་པ་དང་། འདོད་པ་དང་། བཀམ་པའི་ཟིལ་གྱིས་གནོན ་པ། ལེ་ལོ་ཅན། བོརྩོན་འགྲས་ཆུང་བ། དྲན་པ་ཉམས་པ། ཤས་བཞིན་ཅན་མ་ལགས་པ། གཙམ་བུ། མུ་ཅོར་སྨྲ་བ་ཁྱེར་ཅན། སྡིག་པའི་ལས་ཁ་ན་སྤད་ཅིང་འཆབ་པ། ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཆེ་བ། མ་རིག་པའི་སྒོ་ངའི་སྦུབས་དང་། གཏི་མུག་གི་མུན་ན་གྲི་ཟིལ་གྱི་གནོན་པ། བདུད་ཀྱི་ཕྱོགས་དང་མཐུན་པར་སྤྱོད་པ། ་ཆོས་འདུལ་བ་ཟབ་མོ།། ཆོས་རིན་པོ་ཆེའི་མཛོད་འདི་ལ་ཕྱིར་རྒོལ་བ་བྱུང་། མི་སླུ་བའི་ངང་ཚུལ་ཅན་འབྱུང་པགས་མོད་ཀྱི། བཅོམ་ལྡན ་འདས་བདག་ཅག་རྣམས་དེ་བཞིན་གཤེགས་པས། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་དགེ་བའི་རྩ་བ་བསྒྲུབས་པ། བླ་ན་མེད་པའི་ཆོས་རིན་པོ་ཆེའི་མཛོད་འདི་འཛིན་ཅིང ་བཀླག་པར་སྤྲོ་ལགས་སོ།། གང་དག་གི་ཐ་མའི་དུས་དེ་ན་ཆོས་འདི་ཚོལ་བ། ཆོས་འདི་ལ་སློབ་པར་འཚལ་བ། གཡོ་མ་མཆིས་པ་དྲན་པ། སྒྱུ་མ་མཆིས་པ། གང་སྲོག ་གི་ཕྱིར་ཡང་མི་གཏོང་བ། ཆོས་འདི་ལ་སླར་མི་རྒོལ་བ། ཆོས་ཀྱི་རྣམ་གྲངས་འདི་སྤོང་བར་མི་འགྱུར་བ། ཆོས་ཀྱི་རྣམ་གྲངས་འདི་རྒྱབ་ཀྱི་ཕྱོགས་པར་མི་འགྱུར་བ་ནི་རབ་ཏུ ་ཉུང་བར་འགྱུར་ཏེ། དེ་དག་གི་དོན་གྱི་ཞིང་སྤྲོ་བ་གསལ་ནས། ཆོས་འདི་ལྟ་བུ་འདི་ལ་ཡང་དག་པར་བཟངས་བསྟོད་པར་བགྱིའོ།། ཡང་དག་པར་རབ་ཏུ་དགའ་བར་བགྱི་ལགས་སོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ངས་ན། ཆོས་ཀྱི་གནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱིན་གྱི་བརླབས་ཏེ། ཆོས་ཀྱི་རྣམ་གྲངས་འདི་ལ་བདུད་སྡིག་ཅན་རྣམས་ཀྱི་ཞགས་པ ་བཅད་པའི་ཕྱིར་བྱིན་གྱིས་བརླབ་པ་མཛད་དོ།། དེ་ནས་བཅོམ་ལྡན་འདས་འཛུམ་པ་མཛད་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོ་ཁྱབ་པར། ་གྱུར་ཏོ།། ལྷ་རྣམས་ཀྱིས་ཀྱང་མི་མཐོང་། མི་རྣམས་ཀྱིས་ཀྱང་ལྷ་མཐོང་ངོ་།། གང་དེ་ལྟར་འདུས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། ་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་ལྷའི་མེ་ཏོག་བཅོམ་ལྡན་འདས་ལ་གཏོར། ལྷའི་གོས་ཀྱང་ཕུལ་ནས་སྒྲ་སྐད་ཆེན་པོ་ཕྱུང་སྟེ། ཨ་ལ་ལ་དེ་བཞིན་གཤེགས་པ་བདུད་སྡིག་ཅ ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་པ། བྱིན་གྱི་བརླབས་འདི་ནི་བྱིན་གྱི་བརླབས་པ་ཆེན་པོ་ལགས་ཏེ། ཆོས་ཀྱི་བརླབས་འདིས་བདུད་ཀྱི་ཞགས་པ་ཐམས་ཅད་བཀུམ་མོ།། རིགས་ཀྱི་བུ་འམ། ་རིགས་ཀྱི་བུ་མོ་དག་བདུད་སྡིག་ཅན་གྱིས་འཇིགས་སོ་སྙམ་པའི་དོགས་པ་བགྱིའོ།། གང་ཆོས་ཀྱི་རྣམ་གྲངས་འཛིན་པ་དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ ་སྟོན་པའི་བྱང་ཆུབ་སེམས་དཔའ་དེ་དག་རྒྱལ་བར་འགྱུར་ལགསོ།། གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། ཀློག་པ་དང་། གཞན་དག་ལ་ཡང་དག་པར་སྟོན་པ་དེ་དག་ནི།། ་བདུད་སྡིག་ཅན་སྡེ་དང་བཅས་པ་ལས་རྒྱལ་བར་འགྱུར་བ་ལག་སོ།། དེ་ནས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་བཀའ ་སྩལ་ཏོ།། དེ་བཞིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་དེ་བཞིན་ཏེ། ལྷའི་བུ་དེ་དག་གིས་ཚིག་ཇི་སྐད་སྨྲས་པ་བཞིན་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ ་དེ་བཞིན་གཤེགས་པས་ཆོས་ཀྱི་རྣམ་གྲངས་འདི་ལ་བདུད་སྡིག་ཅན་རྣམས་ཀྱི་མཚམས་བཅད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ ་རིགས་ཀྱི་བུ་བམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། ཀ་འཆང་བ་དང་ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ནི། ་བདུད་སྡིག་ཅན་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་ཏེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་བདུད་སྡིག་ཅན་རྣམས་ཀྱི་མི་ཚུགས་པར་འགྱུར་རོ།། གང་དག་ཆོས་ཀྱི་རྣམ་གྲངས་འདི ་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ནི་བདུད་དང་ཕྱིར་རྒོལ་བ་ཚོགས་པར་འགྱུར། གཡུལ་ལས་རྒྱལ་བར་འགྱུར། ་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོས་པ་ཆོས་ཀྱི་རྣམ་གྲངས་འདི་ཀུན་ནས་ཉོན་མོངས་པ་ཅན་དང་། བདུད་ཀྱི་ཞགས་པས་བཅིངས་པའི་སེམས་ཅན་རྣམས་ཀྱི་ལག་ཏུ་འགྲོ་བར་མི ་འགྱུར་ཏེ། རབ་ཀྱི་རྡུལ་གྱིས་རྣམ་པར་གནོན་པ། འདྲིནི་ཅིང་ཤེས་པ་རྣམས་ཀྱི་ཡིན་གྱི། ཅང་ཤེས་པ་མ་ཡིན་པ་རྣམས་ཀྱིས་ནི་མ་ཡིན་ནོ།། རབ་ཀྱི་ཚལ་གྱིས་རྣམ་པ་གནོད ་འདི་ལྟ་སྟེ། དཔེར་ན། གླང་པོ་ཆེ་སང་ཤེས་དང་། རྟ་ཅང་ཤེས་གང་ཡིན་པ་དེ་དག་ནི་ཁམས་ཀྱི་རྒྱལ་པོ་རྣམས་ཀྱིས་ཡོངས་སུ་སྤོང་བ་མི་བྱེད་དོ།། དེ་དག ་ནི་སྐྱེ་བོ་གཏུམ་པོ་རྣམས་ཀྱིས་མཐོང་བར་ཡང་མི་འགྲོའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གླང་པོ་ཆེ་ས་ཤེས་པ་དང་། རྟ་ཅང་ཤེས་པ་དེ་ལྟ་བུ་ནི་འཁོར་ལོས ་བསྒྱུར་བའི་རྒྱལ་པོས་མཐོང་བར་ཡང་ཉེ་བར་འགྲོ་སྟེ། དེ་དག་གི་ལོངས་སྤྱོད་དང་། བསྙེན་བཀུར་བ་དང་། ཡོངས་སུ་སྤྱད་པའི་ཕྱིར་མངོན་པར་བྱུང་བས་དེ་དག་ནི་འཁོ ་ལོས་བསྒྱུར་བའི་རྒྱལ་པོ་རྣམས་ཀྱི་ཡོངས་སུ་སྤྱོད་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་འདི་ལྟ་བུའི་ཆོས་ཀྱི་རྣམ་གྲངས་འདི་ནི་མི་ཅང ་ཤེས་ཀྱི་སེམས་ཅན་རྣམས་ཀྱིས་ལོངས་སྤྱོད་ཀྱི་ཕྱིར་ལག་ཏུ་འགྲོ་བར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ། དཔེར་ན། ཀླུའི་རྒྱལ་པོ་ཉེ་རྩེ་དང་། ་ཀླུའི་རྒྱལ་པོ་རབ་གནས་དང་། ཀླུའི་རྒྱལ་པོ་ས་སྲུངས་ཀྱི་བུ་དང་། དེ་དག་ནི་མི་རྣམས་ལོངས་སྤྱོད་ཀྱི་ཕྱིར་ཉེ་བར་མི་འགྲོའོ།། མི་རྣམས་ཀྱིས་མཐོང་བར་ཉེ་བར་མི་འགྲོའོ།། ་དེ་དག་ནི་གཞན་གྱིས་ཉེ་བར་སྤྱོད་པ་དང་། ལོངས་སྤྱོད་ཀྱི་ཕྱིར་ཡང་ཉེ་བར་མི་འགྲོའོ།། ཀླུའི་རྒྱལ་པོ་དེ་དག་ནི་ལྷ་ཅང་ཤེས་རྣམས་ཀྱི་ལོངས་སྤྱོད་ཀྱི་ཕྱིར་ཉེ་བར་འགྲོ།། ཇི་ག ་ཇི་ལྟ་བུར་ལྷའི་དབང་པོ་བརྒྱ་བྱིན་བཀོད་པ་བྱས་ནས་འགྲོར་བ་ན། ཀླུའི་རྒྱལ་པོ་དེ་དག་ཀྱང་དེ་ལྟ་བུར་དེ་འདྲ་བའི་བཀོད་པ་བྱས་ནས་ལོངས་སྤྱོད་ཀྱི་ཕྱིར་ཉེ་བར་འགྲོའོ།། རབ་ཏུ ་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ནི་འདི་ལྟ་སྟེ། མིའི་དབང་པོ་ཅང་ཤེས ་རྣམས་ཀྱིས་ཀླགས་པ་དང་། བཤད་པ་དང་། རབ་ཏུ་བསྟན་པའི་ཉེ་བར་སྤྱོད་པ་དང་། ལོངས་སྤོད་དུ་བྱུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་ནི་དེ་དག་གི་བཀོད་པ་ཆེན་པོ། ་དང་རྒྱས་པ་ཆེན་པོ་དང་། ཆོས་ཀྱི་སྣང་བ་ཆེན་པོ་བྱེད་པར་འགྱུར། དེ་དག་ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་ཀྱི་དགའ་བ་ཆེན་པོ་མྱོང་བར་འགྱུར་རོ།། གང ་ཆོས་ཀྱི་རྣམ་གྲངས་འདི་ལས་ཚུལ་ཅིག་ཙམ་འཛིན་པ་དེ་དག་ཀྱང་མཆོག་ཏུ་དགའ་བ་དང་ལྡན་པར་འགྱུར་ན། གང་ཆོས་ཐམས་ཅད་རྫོགས་པར་བྲིས་པ་དང་། འཛིན་པ ་དང་འཆང་བ་དང་། མཆོད་པ་དང་། རྒྱས་པར་བྱེད་པ་ལྟ་ཅི་སྨོས། ཆོས་ཀྱི་རྣམ་གྲངས་འདིས་མིའི་དབང་པོ་དང་། མི་ཅང་ཤེས་དེ་དག་བཟུང་བར་འགྱུར ་རོ།། འདི་ནི་ཅང་ཤེས་མ་ཡིན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ནི་ཐེ་ཚོམ་ཐམས་ཅད་བཅད་པའི་ཕྱིར་ངས་དེ ་ངག་སྨྲས་སོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་དུ་མ་དག་ཏུ་མེད་པ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། ་སེམས་ཅན་གྲངས་མེད་དཔག་ཏུ་བ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་བྱང་ཆུབ་ཏུ་ངེས་པར་འགྱུར་བར་དེ་བཞིན་བླ་ཤེགས ་པས་བསྟན་ཏོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དང་། ་འཁོར་བཞི་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ན་མཁརའ་ལྡིང་དང་། མི་འམ་ཅི་དང་། ལྟོ་ཕྱེ་ཆེན་པོ་དང་བཅས ་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་སྟོད་དོ།། །། པན་ཡོན་གྱི་ལེའུ་ཞེས་བྱ་སྟེ་བདུན་པའོ།། ། འཕགས ་བ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཤི་ལེན་དྲ་བོ་དེ་དང་། འཛིན་མི ་ཀྲདང་། ཞུ་ཆེན་གྱི་ལོ་ཙཱ་བན་དེ་ཡེ་ཤེས་སྡེའི་བསྒྱུར་ཅིང་ཞུས་ནས་སྐད་གསར་གྱིས་བཅོས་ཏེ་གཏན་ལ་ཕབ་པ། འཕགས་པ་རབ་ཀྱི་རྡུལ་གྱིས་པ་རྣམ་པར ་