CLOSE WINDOW

F148: khang bu brtsegs pa'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཀུ་ཏཱ་ཨ་ག་ར་སུ་ཏྲ་མ། བོད་སྐད་དུ། ཁང་བུ་བརྩེགས་པའི་མདོ།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། ་འདི་སྐད་བདག་གིས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉེན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས ་ཚེ་དང་ལྡན་པ་ཀུན་དགའ་བོ།། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་འདུག་གོ།། ཕྱོགས ་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཕྱག་དར་བགྱིས་པས་དགེ་བའི་རྩ་བ་ཅིར་འགྱུར ་ལགས། དཀྱིལ་འཁོར་བགྱིས་པས་ཅིར་འགྱུར་ལགས། སྐྱབས་སུ་མཆི་བ་དང་བསླབ་པའི་བཞི་རྣམས་ཀྱི་ཅིར་འགྱུར་ལགས། དེ་བཞིན་གཤེགས་པ་ལ་ཕྱག་འཚལ ་བའི་ཐལ་མོ་སྦར་བའི་སུགས་ལས་ཀྱིས་ནི་ཅིར་འགྱུར་ལགས། བཅོམ་ལྡན་འདས་དགེ་བའི་རྩ་བ་འཁོར་བར་བས་པར་མི་འགྱུར་ཅིང་། ཡོངས་སུ་བཏུགས་པར་མི་འགྱུར་ལ ་བས་མ་འཚལ་བའི་མྱ་ངན་ལས་འདས་པའི་ཐོབ་པར་འགྱུར་བ་ནི་གང་ལགས། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱིས་བས་ནི་ཅིར་འགྱུར་ལགས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཕྱག་དར་བྱས་པའི་ཕན་ཡོན་ནི་ལྔར་འགྱུར་ཏེ། ལྔ་གང་ཤེ་ན། ཀུན་དགའ་བོ་འདི་ལྟ་སྟེ། བདག་གིས་སེམས་དང་བར་འགྱུར་བ ་དང་། གཞན་དག་གི་སེམས་དང་བར་འགྱུར་བ་དང་། ལྷ་རྣམས་ཡིད་དགའ་བར་འགྱུར་བ་དང་། མཛེས་པའི་ལས་བྱས་ཤིང་བསགས་པ་དང་། ལུས་ཞིག་ནས་བདེ ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་སུ་སྐྱེ་བར་འགྱུར་བའོ།། ཀུན་དགའ་བོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པའི་ཆེད་དུ། དཀྱིལ་འཁོར་གྲཝ་བཞི་པ་བྱེད་ན ་དེ་ལ་དབྱང་གི་སྒྲ་མི་སྙན་གྱི་གླིང་གི་དབང་ཕྱུག་གི་དབང་པོར་འགྱུར་ཞིང་། ལུས་ཞིག་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་བར་སྨྲའོ།། ཀུན་དགའ་བོ ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པའི་ཆད་དུ། དཀྱིལ་འཁོར་ཟླུམ་པོ་བྱེད་ན། དེ་ནུབ་ཀྱི་བ་གླང་སྤྱོད་ཀྱི་གླིང་གི་དབང་ཕྱུག་གི་བདག་པོར་འགྱུར་ཞིང་། ལུས་ཞིག ་ནས་འཐབ་བྲལ་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་བར་ང་སྨྲའོ།། ཀུན་དགའ་བོ་གང་ལ་ལ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་དང་བས། དཀྱིལ་འཁོར ་ཟླ་གམ་ལྟ་བུ་བྱེད་ན། དེ་ཤར་གྱི་ལུས་འཕགས་གླིང་གི་དབང་ཕྱུག་གི་བདག་པོར་འགྱུར་ཞིང་། ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་བར་ང་སླའོ།། ་ཀུན་དགའ་བོ་གང་ལ་ལ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་དང་བས། དཀྱིལ་འཁོར་ཤིང་རྟའི་དབྱིབས་འདྲ་བར་བྱེད་ན། དེ་འཛམ་བུའི་གླིང་གི་དབང ་ཕྱུག་གི་བདག་པོར་འགྱུར་ཤིང་། ལུས་ཞིག་ནས་འཕྲུལ་དགའི་ལྷ་རྣམས་སུ་སྐྱེ་བར་འགྱུར་བ་ང་སྨྲའོ།། ཀུན་དགའ་བོ་གང་ལ་ལ་ཞིག་གིས་སངས་རྒྱས་ལ་ལ་སྐྱབས ་འགྲོ་བ་དང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་། བསླབ་པའི་བཞི་རྣམས་ཀྱང་མནོས་ནས་ཡོངས་སུ་སྲུང་བར་བྱེད་ན། ་ཀུན་དགའ་བོ་དགེ་བའི་རྩ་དེའི་བསོད་ནམས་ནི་དཔག་ཏུ་མེད་པར་ང་སྨྲ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པའི་མཐར་ཐུགས་པའི ་བར་དུ་མཐའ་བཟུང་བར་མི་ནུས་པར་ང་སྨྲའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོའི་སེམས་ཐུགས་སུ་ཆུད་ནས། ལྗགས་ཀྱི་པད་མ ་དམར་པོའི་འདབ་མ་དྲི་མ་མེད་ཅིང་ལོ་མ་འཇམ་པ་དང་། མཚན་དམར་པོའི་ངང་ཤིང་མྱ་ངན་འཚང་གི་ལོ་མ་དང་། ཟངས་ཀྱི་གླེགས་མ་སྲབ་མོ་འདྲ་ལ་ཆུ་ཞེང་གབ་པས ་ཞལ་གྱི་དཀྱིལ་འཁོར་འབྲུ་སྐའི་མཚམས་ལ་ཐུགས་པའི་བར་ཐམས་ཅད་དུ་རྐྱང་ནས། ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་བརྫུན་དུ་སྨྲ་བ་དང ་ཕྲ་མ་སྨྲ་བ་དང་། ཚིག་རྩུབ་པོ་སྨྲ་བ་དང་། ཚིག་ཀྱལ་པ་སླ་བ་ལ་ལྕེ་འདི་ལྟ་བུ་མཐོང་ངམ། བཙུན་པ་མ་ལགས་སོ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོས ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་བདེན་པ་གསུང་པ་ཡིན་ནོ།། ཀུན་དགའ་བོ་གང་ལ་ལ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ།། ཕྱག་འཚལ་ལོ་ཞེས། ཕྱག་འཚལ་བར་བྱེད་ན། སེམས་ཅན་དེ་དག་ངས་ཡོངས ་སུ་བཟུང་ཞིང་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ།། སེམས་ཅན་དེ་རྣམས་ལ་ནི་ང་ཐུགས་ཁྲལ་ཆུང་བ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར། ་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་ནི་ཤིན་ཏུ་རབ་ཏུ་གནས་པ་ཡིན་ནོ།། དེ་བཞིན་དུ་གནས་པའི་ཕྱིར། ཐལ་མོ་སྦྱར་བ་ཡང་ཆུད་ཟ་བར་མི་འགྱུར་ན། སྦྱིན་པ ་ལ་སྩོགས་པ་བྱེད་པ་ལྷ་མོས་ཀྱང་ཅི་དགོས། ཀུན་དགའ་བོ་ལྟོས་ཤིག། སྐྱེས་བུ་ཞིག་ལ་རང་གི་གཟར་བུ་བཀྲུས་པ་ཙམ་འམ། ཕོར་བུ་བཀྲུས་པ་ཙམ་འམ། ཕུར་རྟོག་བཀྲུ ་པ་ཙམ་གང་ཡིན་པ་དེ་ཡང་ཡོད་ལ། གལ་ཏེ་དེ་སེམས་ལ་འདི་སྙམ་དུ་འདི་ན་གནས་པའི་སྲོག་ཆགས་ཐམས་ཅད་འདིས་བདེ་བར་གྱུར་ཅིག་སྙམ་དུ་སེམས་ཤིང་། གཏིང ་ཁུང་དུ་འཕོ་བར་བྱེད་ན། ཀུན་དགའ་བོ་འོན་ཀྱང་བསོད་ནམས་སྐྱེ་བོའི་སྒོར་འགྱུར་བ་རང་སྨྲ་ན། མོར་གྱུར་པ་ལ་ལྟ་སྨོས་ཀྱང་ཅི་དགོས། ཀུན་དགའ་བོ་གསུམ་པོ་འདི་དང ་ནི་བར་གྱི་བསྐལ་པ་དག་ཡིན་ནོ།། གསུམ་པོ་གང་ཞེ་ན། མཚོན་གྱི་བར་གྱི་བསྐལ་པ་དང་། ནད་ཀྱི་བར་གྱི་བསྐལ་པ་དང་། མུ་གེའི་བར་གྱི་བསྐལ་པའོ།། ཀུན ་དགའ་བོ་དེ་ལ་གང་གིས་ཉི་མ་གཅིག་གིས་སྲོག་གཅོད་པ་སྤོངས་ཞིང་། ཡང་དག་པར་བླངས་ཏེ་གནས་པར་བྱེད་ན། དེ་མཚོན་ཀྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ།། ་གང་ཤིག་གིས་ཨ་རུར་གཅིག་ཙམ་ཡང་དགེ་འདུན་ལ་དབུལ་བར་བྱེད་ན། དེ་ནད་ཀྱི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ།། གང་ཤིག་གིས་ཟས་ནལ་ཆེ་གང་ཙམ་ཡང ་དགེ་འདུན་ལ་ཕུལ་ན། དེ་མུ་གེའི་བར་གྱི་བསྐལ་བར་མི་སྐྱེ་བར་འགྱུར་རོ།། ཀུན་དགའ་བོ་དགེ་བའི་རྩ་བ་གསུམ་པོ་འདི་དག་བསྐྱེད་པ་ནི། ་འཁོར་བར་ཟད་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་ལ། ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བྱེད་པ་ཡིན་ནོ།། གསུམ་པོ་གང་དག་ཅེ་ན། ཀུན ་དགའ་བོ་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། འཁོར་བར་ཟད་པར་མི་འགྱུར་ཞིང་། ཡོངས་སུ་གཏུགས་པར་མི་འགྱུར་ལ། ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར ་བྱེད་པ་ཡིན་ནོ།། དགེ་བའི་རྩ་བ་ཆོས་ལ་སྐྱོད་པ་དང་། དགེ་འདུན་ལ་བསྐྱེད་པ་ནི་འཁོར་བར་ཟད་པར་འགྱུར་ཞིང་། ཡོངས་སུ་གཏུགས་པར་མི་འགྱུར་ལ། ཟད་མི་ཤེས་པའི་མྱ་ངན ་ལས་འདས་པ་ཐོབ་པར་བྱེད་པ་ཡིན། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་ཡོན་ཏན་བསྟན་པའི་ཕྱིར། ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱི ་འཛམ་བུའི་གླིང་གི་ཀློང་གླིང་མཐོང་ངམ། ཀྱེ་བཙུན་པ་མཐོང་ལགས་སོ།། ཀུན་དགའ་བོ་འཛམ་བུ་གླིང་གི་གླིང་ནི་དཔག་ཚད་བདུན་སྟོང་། ཆུར་ཡང་དཔག་ཚད་བདུན་སྟོང་སྟེ། ་བྱང་གི་ཞིང་ནི་ཆེ། ལྕེའི་ནི་ཤིང་རྟའི་དབྱིབས་སོ།། དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་རིན་པོ་ཆེའི་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས ་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་སམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ ་བར་བྱེད་པ་དང་། གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལ་སྐྱུ་རུ་ར་ཙམ ་བྱེད་དུ་འཇུག། གདུགས་ནི་རྒྱ་ཤུགས་གྲི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་། སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་དཀར་ཙམ་འཇུག་པར་ཕྱེ། ་ན། ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་སྨྲའོ།། ཀུན་དགའ་བོ་འཛམ་བུའི་གླིང་གི་གླིང་ལྟ་བུ་ཞོག་གི། ཀུན་དགའ་བོ་ཤར་གྱི་ལུས་འཕགས་ཞེས་བྱ ་བའི་གླིང་ཞེང་དུ་ཡང་དཔག་ཚད་བརྒྱད་སྟོང་ཆུར་ཡང་དཔག་ཚད་བརྒྱད་སྟོང་ཡོད་པ་ཀུན་ནས་ཟླ་བ་ཁམ་པ་ལྟ་བུ་ཞིག་ཡོད་དེ། དེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ ་གང་ལ་ལས་རིན་པོ་ཆེ་སྣ་བདུན་ཀྱིས་བཀང་སྟེ། རྒྱན་དུ་ཞུགས་པ་རྣམས་དང་། ལན་གཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང ་རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱེད་པ་དང་། གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག། སྲོག་ཤིང་ཁབ་ཙམ་འཛུགས་སུ་འཇུག། གདུགས་ནི་རྒྱ་ཤུག ་གི་ལོ་མ་ཙམ་ཡང་འགེབས་སུ་འཇུག་ཅིང་། སྐུ་གཟུགས་ནས་འབྲུ་ཙམ་བྱེད་འཇུག་ལ་སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན། ཀུན་དགའ་བོ་འདི་ཉིད་དེ་བས ་ན་བསོད་ནམས་ཤིན་ཏུ་མང་བར་ང་སྨྲའོ།། ཀུན་དགའ་བོ་འཛམ་བུ་གླིང་ལྷ་ཡང་ཞོག་གི། ཤར་གྱི་ལུས་འ ་ཀྱི་གླིང་ལྷ་ཡང་ཞོག་གི། ཀུན་དགའ་བོ་ནུབ་ཀྱི་བན་གླང་སྤྱོད་ཅེས་བྱ་བའི་གླིང་ཞིང་དུ་ཡང་དཔག་ཚད་དགུ་སྟོང་ཆུར་ཡང་དཔག་ཚད་དགུ་སྟོཔྶཱ་པ་ཀུན་ནས་ཟླ ་བཉ་བ་ལྟ་བུ་ཞིག་ཡོད་དེ། དེ་རིགས་ཀྱི་བ་འམ། རིགས་ཀྱི་བུ་མོ་དད་པ་ཅན་ལཱ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར། ་འོང་བ་རྣམས་དང་། ཕྱིར་མི་འོངས་པ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་རྣམས་ལ་དབུལ ་བར་བྱེད་པ་དང་། གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལ་སྒྱུ ་རུ་ར་ཙམ་བྱེད་དུ་འཇུག། སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག། གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་། སྐུ་གདུང་ནས་འབྲུ་ཙམའི་བྱེད ་དུ་འཇུག་ལ། སྐུ་གདུང་ཡུངས་ཀྱི་འབྲུ་ཙམ་འཇུག་བྱེད་ན། ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་ང་སྨྲའོ།། ཀུན་དགའ་བོ་འཛམ་བུ་གླིང་གི ་མི་ནིས་ང་ལྟ་ཡང་ཞོག། ཤར་གྱི་ལུས་འཕགས་ཀྱི་གླིང་ལྟ་བུ་ཡང་ཞོག་ནུབ་ཀྱི་ངན་གླང་སྤྱོད་ཀྱི་གླིང་ལྟ་ཡང་ཞོག་གི། ཀུན་དགའ་བེ་བྱང་སྒྲ་མི་སྟེན་ཅེས་བྱ་བ་འི ་གླིང་ཞེང་དུ་ཡང་དཔག་ཚད་ཁྲི་ཆུར་ཡང་དཔག་ཚད་ཁྲིང་ཀུན་ནས་གྲུ་བཞི་པ་ཞིག་ཡོད་དེ། དེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དང་པ་ཅན་ལ་ལས་རིན་པོ་ཆེ་སྣ ་བདུན་གྱིས་བཀང་སྟེ། རྒྱུན་ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས ་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་འདུན་ལ་དབུལ་བར་བྱེད་པ་དང་། གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱ་རུ་ར་ཙམ་བྱེད་དུ་འཇུག། སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་བཅུག། གདུགས་ནི ་རྒྱོ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་། སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐྲ་གདུང་ཡུངས་དཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན། ཀུན ་དགའ་བོ་འདི་ཉིད་དེ་བས་ན་བསོད་ནམས་ཤིན་ཏུ་མང་བར་ང་སླའོ།། ཀུན་དགའ་བོ་འཛམ་བུ་གླིང་གི་གླིང་ལྷ་ཡང་ཞོག། ཤར་གི་ལུས་འཕགས་ཀྱི་གླིང་ལྷ་ཡང ་ཞོག། ནུབ་ཀྱི་བན་གླང་སྤྱོད་ཀྱི་གླེང་ལྷ་ཡང་ཞོག། བྱང་གི་སྒྲ་མི་སྙན་གྱི་གྲི་ལྷ་ཡང་ཞོག། ཀུན་དགའ་བོ་ལྷ་རྣམས་ཀྱི་དབང་པོ་དེརྒྱ་བྱིན་གྱི་ཁང་བཟངས་རྣམ ་བར་རྒྱལ་བ་ཞེས་བྱང་ཡོད་དེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དང་བ་ཅན་ལ་ལས་རི་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་ཏུ་ཞུགས་པ་རྣམས་དང་། ་ལན་གཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས ་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱེད་པ་དང་། གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས ་པའི་མཆོད་རྟེན་ནི་འཛིམཾ་པ་ལ་སྐྱུ་རུ་ར་ཙམ་བྱེད་དུ་འཇུག། སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག། གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་། སྐུ ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇོག་ལ། སྐུ་གདུང་ཡུངས་དཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན། ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་ང་སྨྲའོ།། ་ཀུན་དགའ་བོ་འཇམ་བུ་གླིང་གི་གླིང་ལྟ་ཡང་ཞིག། ཤར་གྱི་ལུས་འཕགས་ཀྱི་གླིང་ལྔ་ཡང་ཞོག། ནུབ་གྱི་བ་གླང་སྤྲོད་ཀྱི་གླིང་ལྦ་ཡང་ཞོག། བྱང་གི་སྒ་མི་སྟོན་གྱི་གླིང ་ལྟའང་ཞོག། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བ་ལྟ་ཡང་ཞོག་གི། ཀུན་དགའ་བོ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་ཀྱི་བུ ་འམ་རིགས་ཀྱི་བུ་མོ་གང་ལ་ལས། རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། ་དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བོ་ཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་། གང་ཞིག་དེ་བཞིན་གཤེགས་པ་ད ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལ་སྐྱུ་རུ་ར་ཙམ་བྱེད་དུ་འཇུག། སྲོག་ཤིང་ཁབ་ཙམ་འཛུགས་སུ ་འཇུགས་གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་། སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་ཀར་ཀྱི་འབྲུ་ཙམ་འཇུག་པར་བྱེད་ན། ་ཀུན་དགའ་བ་འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་དེ་སྨྲའོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་བའི་སངས་རྒྱས་ནི། སྦྱིན་པ་དཔག་ཏུ་མེད་པ། ཚུལ་ཁྲིམས་དཔག་ཏུ་མེད་པ། བཟོད་པ་དཔག་ཏུ་མེད་པ། བརྩོན་འགྲུས་དཔག་ཏུ་མེད་པ། བསམ་གཏན་དཔག་ཏུ་མེད ་པ། ཤེས་རབ་དཔག་ཏུ་མེད་པ། བྱམས་པ་བཏང་སྙོམས་ཀྱི་བར་དཔག་ཏུ་མེད་དེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་དེ་དག ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡིད་རང་ནས་མངོན་པར་བསྟོད་དོ།། ཁང་བུ་བརྩེགས་པའི་མདོ་རྫོགས་སྷོ།། ་རྒྱ་གར་གྱི་མཁན་པོ་དང་མ་ཀར་དང་། ཤུ་ཆེན་གྱི་ལོ་ཙྪ་བ་བན་འདི་རག་ཤི་ཏིས་སྒྱུར་ཅིང་ཞུས་ཏེ་གཏན་ལ་བང་བ། རྒྱ་གར་སྐད་དུ། ་