CLOSE WINDOW

F138: 'phags pa bkri shis brgyad pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་ཨ་སྟ་མང་ག་ལ་ཀན་ནཱ་མ་མ་ཧཱ་ཡ་ན་སུ་ཏྲ། བོད་སྐད་དུ། འཕགས་པ ་བཀྲ་ཤིས་བརྐྱང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས ་པའི་དུས་ཅིག་ན། བཅོམ་ལྡན་འདས་ཡངས་པ་ཅན་ན། ཨ་སྨ་སྲུང་བའི་ཚལ་ན་བཞུགས་སོ།། དེ་ནས་ལི་ཙ་བྱའི་བུ་རྩལ་རབ ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ལོ།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་གང་ལ་ལ་སྔོན་གྱི་དེ་སྨོན་ལམ་ཕུན་སུམ་ཚོགས་པ་དག་བཞུགས་པ། བཅོམ་ལྡན ་འདས་གང་དག་ཐོས་ན། བདག་གི་སྤྱི་བོས་བཀུར་ཞིང་། གང་དག་བདག་གིས་སྤྱི་བོས་བཀུར་བས། མི་འམ། མི་མ་ལགས་པ་ལས་འཇིགས་པ་འམ། གཙེ་བ་འབྱུང ་བར་མི་འགྱུར་བ་དང་། བཅོམ་ལྡན་འདས་གདག་རྒྱལ་པོའི་ཕོ་བྲང་དུ་མཆིས་ཏེ། སྨྲ་བ་བརྗོད་པ་ནི་ཅི་ནས་ཀྱང་གང་གིས་ཀྱང་སྨྲ་བ་ལ་བཟློག་པ་མི་བགྱིད་ཅིང་། ་ཟིལ་གྱི་མི་ནོན་པ་དང་། མཚན་དེ་དག་ཉིད་བདག་འཛིན་ན། གཉིད་ཀྱིས་ལོག་པ་ན་ཡང་སྡིག་པའི་རྨི་ལམ་རྨི་བར་མི་འགྱུར་བ་དང་། བདག་མཚོན་ཆ་གཟས་པའི་ཡུལ ་གྱི་ནང་དུ་ཞུགས་ན་ཡང་ལུས་ལ་མཚོན་ཆ་རྣམས་ཕོག་པར་མི་འགྱུར། དེ་ལས་བདེ་བར་ཐར་པར་ཡང་འགྱུར་བ་དེ་དག། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡོངས་སུ་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལི་བྲིའི་བུ་རྩལ་རབ་ལ་འང ་སྐད་ཅེས་བཀའ་སྩལ་ཏོ།། རྩ་ལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་གྲགས་ལྡན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག། ་པར་རྫོགས་པའི་སངས་རྒྱས་སྒྲོན་མའི་རྒྱལ་པོ་ཞེས་བྱ་བའི་ཞུགས་སོ།། རྩ་ལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་སྐྱོ་བ་མེད་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཙལ་བརྟན་དོན་གྲུབ་དགོངས་པ་ཞེས་བྱ་བ་བཞུགས་སོ།། རྩལ་རབ་ཤར་ཕྱོགས་ན་འཇིག ་རྟེན་གྱི་ཁམས་བདེ་ལྡན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ ་ཞེས་བྱ་བ་བཞུགས་སོ།། ཙེ་ལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་བགེགས་མེད་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡ་དག་པ།། ་རྫོགས་པའི་སངས་རྒྱས་བྱམས་པའི་རྒྱན་གྱི་དཔལ་ཞེས་བྱ་བ་བཞུགས་སོ།། རྩལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཆད་པ་སྤངས་པ་ཞེས་བྱ་བ་ཡོད ་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་བར་གྲགས་པའི་དཔལ་དམ་པ་ཞེས་བྱ་བ་བཞུགས་སོ།། རྩལ་རབ ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་སྣ་ཚོགས་ལྡན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྡན་པོ ་ལྟར་འཕགས་པ་རྩལ་རབ་གྲགས་པའི་དཔལ་ཞེས་བྱ་བ་བཞུགས་སོ།། རྩལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་དཔལ་འབར ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེམས་ཅན་ཐམས་ཅད་ལ་དགོངས་པ་དྲག་པའི་དཔལ་ཞེས་བྱ་བ་བཞུག ་སོ།། རྩལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་རྡོ་རྗེ་གྲགས་པའི་དགའ་བ་ཅན་ཞེས་བྱ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་ཡིད་ཚིམ་པར་མཛད་པ་རྩལ་རབ་གྲགས་པའི་དཔལ་ཞེས་བྱ་བ་བཞུགས་སོ།། རྩལ་རབ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་འདི་དག་ལེགས ་པར་རབ་ཏུ་གཟུང་བར་བྱའོ།། ཀུན་ཆུབ་པར་བྱའོ།། བཅང་བར་བྱའོ།། རྩལ་རབ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ནི་ཡོན་ཏན་མཉམ་པ་དང་ལྡན་མོད་ཀྱི། ་འོན་ཀྱང་རྩལ་རབ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་དག་གི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་པ་སྟེ། སྙིགས་མ་རྣམས ་དང་། བྲལ་བ་ཡིན་ནོ།། རྩལ་རབ་ཁྱོད་ཀྱིས་གང་གི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་དག་གི་མཚན་རྣམས་བླངས་ནས ་འཛིན་ན། དེས་ཡོན་ཏན་གྱི་ཁྱད་པར་དེ་དག་དང་། གཞན་དག་དུ་ཡང་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་འདི་དག་ནི་སྔོན་གྱི་སྨོན་ལམ་གྱི་ཡོན ་ཏན་དང་ལྡན་པ་ཡིན་པའི་ཕྱིར་རོ།། ནུབ་མོ་སྲོང་ལ་ཟེར་ན་ཡང་ཁྱོད་ཀྱིས་མཚན་འདི་དག་བསམ་པར་བྱའོ།། ལྡང་བ་ན་ཡང་བསམ་པར་བྱའོ།། འཇིག་རྟེན་གྱི་བྱ་བ་གང་ནི ་ཡང་རུང་བ་དག་བརྩོན་པ་ན་ཡང་ཐམས་ཅད་ལ་མཚན་འདི་དག་བསམ་ནས། དེའི་འོག་ཏུ་བསམ་ན། དེར་ཡང་ཁྱོད་ལ་འཕེལ་བ་ཉིད་དུ་འགྱུར་གྱི། འགྲིབ་པར་ནི་མ ་ཡིན་པར་ཤེས་པར་བྱ་སྟེ། འདིས་ཁྱོད་གནས་པར་གྱིས་ཤིག། དེ་ནས་ལི་ཙ་བྱེའི་བུ་རྩལ་རབ་ཀྱིས་བསྟན་པ་འདི་ཐོས་ནས། ཚིམ་ཞིང་མགུ་ལ་ཡིད་རངས་ཏེ། ་རབ་ཏུ་དགའ་ནས་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་འདི་དག་ཡོངས་སུ་བརྗོད་ཅིང་། རིན་པོ་ཆེ་བདུན་གྱི་མེ་ཏོག ་བརྒྱད་སྟོང་གིས། བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏེ། བསྐོར་བ་བྱས་ནས་དེ་བཞིན་གཤེགས་པའི་མཚན་ཡོས་སུ་བརྗོད་པ། བཀྲི་ཤིས་བརྒྱད་པའི ་ཆོས་ཀྱི་རྣམ་གྲངས་འདི་བཟུང་སྟེ། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་།། དེ་ནས་ལྷ་དེ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འཁོར་དེ་ཉིད་དུ་འདྲས་པར་གྱུར་ནས ་འདུག་པ་དེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ཀྱང་དེ་བཞིན་གཤེག ་པའི་མཚན་ཡོངས་སུ་བརྗོད་པ། བཀྲ་ཤིས་བརྒྱད་པའི་ཆོས་ཀྱི་རྣམ་གྲངས་འདི་ཉམས་སུ་བླངས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཀོའུ་ཤི་ཀ་དེའི་ཕྱིར་ཁྱོད་ཀྱིས་ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པར་ཆོས་ཀྱི་རྣམ་གྲངས་འདི་ཡོངས་སུ་བརྗོད་པར་བྱའོ།། ལོངས ་སུ་བརྗོད་ན་ལྷའི་བུ་ཁྱོད་རྒྱལ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་མཚན་ཡོངས་སུ་བརྗོད་པ་གང་ཡིན་པ་འདི་ནི་བདེ་ཞིང་འཇིགས་པ་མེད་པར ་ཡོངས་སུ་བརྗོད་པ་ཡིན་པའི་ཕྱིར་རོ།། དེ་བཞིན་གཤེགས་པའི་མཚན་ཡོངས་སུ་བརྗོད་པ་གང་ཡིན་པ་འདི་ནི། ཀུན་ནས་ལྡང་བ་མེད་པར་ཡོངས་སུ་བརྗོད་པ ་ཡིན་པའི་ཕྱིར་རོ།། དེ་བཞིན་གཤེགས་པའི་མཚན་ཡོངས་སུ་བརྗོད་པ་གང་ཡིན་པ་འདི་ནི། གཡུལ་ཐམས་ཅད་ལས་ཡང་དག་པར་འདས་པར་ཡོངསུ ་བརྗོད་པ་ཡིན་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་པའི་མཚན་ཡོངས་སུ་བརྗོད་པ་གང་ཡིན་པ་འདི་ནི། ཟིལ་གྱིས་མི་ནོན་པར་ཡོངས་སུ་བརྗོད་པ་དང་། ་ཞི་བར་བརྗོད་པ་དང་། ཡོས་སུ་གདུང་བ་མེད་པར་ཡོངས་སུ་བརྗོད་པ་དང་། འཇིག་པ་མེད་པར་ཡོངས་སུ་བརྗོད་པ་ཡིན་པའི་ཕྱིར་རོ།། དེ་ནས་ལྷ་རྣམས་ཀྱི་དབང་། ་པོ་བརྒྱ་བྱིན་གྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པའི་ཕྱིར་རོ།། བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་མན་དར་བ་དག་གིས་མངོན་པར་གཏོར་ནས། བཅོམ ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་ཡིད་དགའ་བ་དང་། སེམས་དགེ་བ་དང་། སེམས་སྒྲིབ་པ་མེད་པ་དང་། ་སེམས་ཀུན་ནས་ལྡང་བ་མེད་པར་དེ་བཞིན་གཤེགས་པའི་མཚན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི། ཡིད་ལ་བྱེད་པ་བཞིན་དུ། སླད་ཀྱིས་ཀྱང་བདག་གིས ་བཅོམ་ལྡན་འདས་ཀྱི། ཞལ་མཐོང་བར་གྱུར་ཅིག་ཅེས་ཚིགས་དུ་སྨྲས་ནས། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དང་། ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་ཟད་ནས ་སོང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལི་ཙ་བྱེའི་བུ་རྩལ་རབ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། ལྷ་དང་། མི་དང་། ལྷ་མ་ཡིན ་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ། འཕགས་པ་བཀྲ་ཤིས་བརྒྱད་པ་ཞེས་བྱ་བ ་ཐེག་པ་ཆེན་པོའི་མདོ།། །། རྫོགས་སོ།། རྒྱ་གར་གྱི་མཁན་པོ།། སུ་རེན་དྲ་བོ་དེ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ ་རྒྱ་གར་སྐད་དུ། ཨེ་ཀད་ཤ་སཾ་ཛཱ་ནིར་དེ་ཤ་སཱུ་ཏྲ། བོད་སྐད་དུ། འཕགས་པ་འདུ་ཤེས་བཅུ ་