| Wylie | e-texts produced with BDRC’s OCR application |
ཨཱརྱ་ཨར་ཐ་བི་སྟ་རོ་ན་མ་དྷརྨ་པརྱ་ཡ། བོད་སྐད་དུ། འཕགས་པ་དོན་རྒྱས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག ་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་བྱིན་གྱི་ཀུན་དགའ་ར་བ་ན། ་བཞུགས་སོ།། དེ་ནས་ཚེ་དང་ལྡན་པ་ཤིའིའི་བུས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ལ། ཆོས་ཐོག་མར་དགེ་བ། བར་དུ་དགེ་གཟ་མར་དགེ་བ་དོན་བཟང ་པོ།། ཚིག་བཟང་པོ།། མ་དྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ་བསྟན་པར་བྱ་སྟེ། འདི་ལྟ་སྟེ། དོན་རྒྱས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ ་གྲངས་རབ་ཏུ་བཤད་ཀྱི། དེ་ལེགས་པར་རབ་ཏུ་ཉོན་ལ། ཡིད་ལ་ཟུང་ཤིག་དང་བཤད་དོ།། དོན་རྒྱས་པའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། ཚེ་དང་ལྡན་པ་དག། དལ་བ ་ཚོགས་པ་བཅུ་གཉིས་པོ་འདི་དག་ནི། འཕགས་པའི་ཆོས་འཐོབ་པར་འགྱུར་བ་སྟེ། འདི་ལྟ་སྟེ། བདག་གིས་འབྱོར་པ་དང་། གཞན་གྱི་འབྱོར་པ་དང་། མི་ཉིད་དང་ཡུལ ་དབུས་སུ་སྐྱེས་པ་དང་། དབང་པོ་རྣམས་མ་ཆང་བ་མེད་པ་དང་། ལས་ཀྱི་མཐའ་བཏང་བ་ཉིད་དང་། གནས་ལ་དད་པར་གྱུར་པ་དང་། ་སངས་རྒྱས་རྣམས་བྱུང་བ་དང་། དམ་པའི་ཆོས་བསྟན་པ་དང་། ཆོས་བསྟན་པ་རྣམས་གནས་པ་དང་། གནས་པ་རྣམས་ཀྱི་རྗེས་སུ་འཇུག་པ་དང་། གཞན་ལ་སོ་སོར་སྙིང་། ་བརྩེ་བ་སྟེ། དེ་ལྟར་ན་ཚེ་དང་ལྡན་པ་དག། དལ་བ་ཚོགས་པ་བཅུ་གཉིས་པོ་འདི་དག་ནི་འཕགས་པའི་ཆོས་འཐོབ་པར་འགྱུར་བ་ཡིན་ནོ།། སྨྲ་བའི་དགེ་སློང་གཏམ་སྨྲ་བས ་གཞན་དག་ལ་རྣམ་པ་ཉི་ཤུས་གཏམ་བྱ་སྟེ། འདི་ལྟ་སྟེ། དུས་སུ་དང་གུས་པ་དང་། འཚམ་པ་དང་། མཚམས་སྦྱོར་བ་དང་། རྗེས་སུ་འབྲེལ་པ་དང་། རི་མོ་དང་། འདོད ་བ་དང་། མགུ་བ་དང་། སྤྲོ་བ་དང་། མི་སྨོད་པ་དང་། རིགས་པ་དང་། འབྲེལ་བ་དང་། མཚོལ་བ་དང་། ཇི་ལྟ་བ་བཞིན་གྱི་སེམས་དང་། ཕན་པ་དང་། ཕན་པའི་སེམས ་དང་། སྙིང་རྩེ་བའི་སེམས་དང་། རྙེད་པ་དང་། བཀུརན་སྟི་དང་། ཚིག་སུ་གཅད་པ་དང་། མི་སྟེན་པར་བྱའོ།། གཏམ་དེ་དག་སྨྲ་བ་ན། བདག་ལ་སྟོད་པར་མི་བྱ། གཞན ་ལ་སྨད་པར་མི་བྱ་བར་གཏམ་བྱའོ།། ཚེ་དང་ལྡན་པ་བདག་ཆོས་ཉན་པར་འདོད་པ་རྣམས་པ་བཅུ་དྲུག་གིས་མཉན་པར་འདོད་བྱ་སྟེ། འདི་ལྟ་སྟེ། དུས་སུ་ཆོས་མཉན་པར ་བྱ་བ་དང་། བཀུར་བསྟི་བྱ་བ་དང་། གུས་པར་ཉན་པ་དང་། མ་རངས་པ་མེད་པ་དང་། བསྒོ་བ་བཞིན་ཉན་པ་དང་། གླན་ཀ་མི་ཚོལ་བ་དང་། ཆོས་ལ་གུས་པར་བྱ་བ་དང ་ཆོས་སྨྲ་བའི་གང་ཟག་ལ་གུས་པར་བྱ་བ་དང་། ཆོས་ལ་མི་བརྙས་པ་དང་། ཆོས་སྨྲ་བའི་གང་ཟག་ལ་མི་བརྙས་པ་དང་། བདག་ལ་མི་བརྙས་པ་དང་། རྩེ་གཅིག་པའི་སེམས་དང་། ་ཀུན་ཤེས་པར་བྱ་བའི་སེམས་དང་། རྣ་བླགས་ཏེ་ཉན་པ་དང་། སེམས་བསྡུས་པ་དང་། སེམས་ཅན་ཐམས་ཅད་ཀྱིས་བསམས་ཏེ། ཆོས་མཉན་པར་བྱའོ།། དེ་དེ་ལྟར་ཆོས ་ཡང་དག་པར་ཉན་པ་དང་། མྱ་ངན་ལས་འདས་པ་གཅོར་བྱ་བ་དད་ཅིང་སེམས་དང་བ་སྐྱེ་བར་འགྱུར་རོ།། མྱ་ངན་ལས་འདས་པ་གཅོར་བྱ་བ་ལ་སེམས་མཆོག་ཏུ་དགའ ་བ་དང་། ཡིད་རངས་པ་སྐྱེ་བར་འགྱུར་རོ།། མྱ་ངན་ལས་འདས་པ་ལ་གཅོར་བྱ་བ་ལ་ཟང་ཟིང་མེད་པའི་དགའ་བ་སྐྱེ་བར་འགྱུར་རོ།། མྱ་ངན་ལས་འདས་པ་གཙོར་བྱ་བ་ལ ་ཉེ་བའི་ཉོན་མོངས་པ་རྣམས་སྤོང་ཞིང་། སེམས་མཉམ་པར་འཇོག་པ་དང་། སོམ་ཉི་རྣམས་སེལ་བ་དང་། ལྟ་བ་དྲང་པོར་བྱེད་པར་འགྱུར་རོ།། མྱ་ངན་ལས་འདས་པ་གཅོར ་བྱ་བ་ལ་སེམས་རྣལ་འབྱོར་དུ་འགྱུར་བ་དང་། རྟུན་པ་དང་། རྗེས་སུ་བརྩོན་པ་དང་། སྤོང་བ་དང་། ནང་དུ་ཡང་དག་འཇོག་པ་དང་། དོན་གྱི་མཆོག་ཐོབ་པར་འགྱུར་རོ།། ་མྱ་ངན་ལས་འདས་པ་གཙོར་བྱ་བ་ལ་འདུ་བྱེད་ཐམས་ཅད་ཞི་བ་དང་། སྟོང་པ་ཉིད་དུ་དམིགས་པ་དང་། སྲེད་པ་ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ ་དང་། མྱ་ངན་ལས་འདས་པ་ལ་སེམས་རབ་ཏུ་འཇུག་ཅིང་དང་བ་དང་། ཡང་དག་པར་གནས་པ་དང་། རྣམ་པར་གྲོལ་བར་འགྱུར་རོ།། མྱ་ངན་ལས་འདས་པ་གཅོར་བྱ ་བ་ལ་ཕུང་པོ་མི་རྟག་པ་ཉིད་དང་། ཕུང་པོ་གསོག་ཉིད་དང་། བྲང་པོ་གསོབ་ཉིད་དང་། ཕུང་པོ་སྙིང་པོ་མེད་པ་ཉིད་དང་། བྲང་པོ་འཇིག་པ ་ཉིད་ལ་སེམས་རབ་ཏུ་འཇུག་ཅིང་དང་བ་དང་། ཡང་དག་པར་གནས་པ་དང་། རྣམ་པར་གྲོལ་བར་འགྱུར་རོ།། མྱ་ངན་ལས་འདས་པ་གཅོར་བྱ་བ་ལ་འཕགས་པའི་བདེན་པ་བཞི ་ཤེས་པར་བྱ་བ་ལ་མིག་རྣམ་པར་དག་པར་འགྱུར་རོ།། མྱ་ངན་ལས་འདས་པ་གཅོར་བྱ་བ་ལ་རྣམ་པར་གྲོལ་བ་ཡོངསུ་རྫོགས་པར་འགྱུར་རོ།། ཚེ་དང་ལྡན་པ་དག་འཕགས་པ་ཉན ་ཐོས་དེ་ལྟར་ཆོས་ཡང་དག་པར་མཉན་ན། སྒྲོགས་པ་ལ་ཡང་མཐོ་མི་འཚམ། ཆོས་ཀྱི་གཏམ་གྱི་རོ་ཡང་མྱོང་བར་འགྱུར། སྟོན་པ་ལ་ཡང་ཆོས་ཉིད་ཀྱིས་རིམ་གྲོ་བྱེད། ་བདག་གི་དོན་ཡང་རྗེས་སུ་འཐོབ། མྱ་ངན་ལས་འདས་པ་ཡང་འཐོབ་པར་འགྱུར་རོ།། ཆོས་འདི་དག་ནི་དེའི་ཤེས་རབ་ཡོངས་སུ་སྨིན་པར་འགྱུར་བ་སྟེ། འདི་ལྟ་སྟེ། ་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། དགེ་བའི་ངང་ཚུལ་ཉིད་དང་། སེམས་ཤེས་རབ་ཅན་ཉིད་དང་། བཀའ་བློ་བདེ་བ་ཉིད་དང་། གུས་པར་ཉན་པ་དང་། ཡོངས་སུ ་འདྲི་བ་དང་། དམ་པའི་ཆོས་ཉན་པ་དང་། དམ་པའི་ཆོས་རྟག་ཏུ་བྱེད་པ་དང་། སྐྱོ་བར་བྱ་བའི་ཆོས་རྣམས་ལ་སྐྱོ་བ་དང་། དེ་བཞིན་དུ་ཀུན་ཏུ་སྐྱོ་བ་ལ་ཡང་ཚུལ་བཞིན་དུ ་བྱེད་པ་དང་། མི་དགེ་བའི་ཆོས་ཐམས་ཅད་སྤོང་བས། དགེ་བའི་ཆོས་རྣམས་ལ་ཚུལ་བཞིན་དུ་རབ་ཏུ་འཇོག་པ་དང་། དེ་རྣམ་པར་བྱེང་བ་དང་། ཏིང་ངེ་འཛིན་ལ་དབང ་འཐོབ་ཅིང་། ཚུལ་བཞིན་དུ་ཡང་ཡིད་ལ་བྱེད་པའོ།། ཚེ་དང་ལྡན་པ་དག་འཕགས་པ་ཉན་ཐོས་དེ་ལྟར་ཡང་དག་པར་ཚུལ་བཞིན་ཡིད་ལ་བྱེད་པའི་བདག་ཉིད་ཀྱིས་འདུ་ཤེས་བཅུ ་པོ་འདི་ལྟ་སྟེ། མི་སྡུག་པའི་འདུ་ཤེས་དང་། མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས ་དང་། ཟས་ལ་མི་འཕྲོད་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། སྣང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བ ་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་བསྒོམ་པར་བྱའོ།། ཚེ་དང་ལྡན་པ་ངག་མི་སྡུག་པའི་འདུ་ཤེས་ཀྱི་བར་དུ་གཅོད་པའི་ཆོས་ནི་བཅུ ་བཞི་སྟེ། འདི་ལྟ་སྟེ། བུད་མེད་དང་། ལྡན་གཅིག་གནས་པ་དང་། དྲན་པ་གཡེངས་པས་བུད་མེད་ལ་ལྟ་བ་དང་། བག་མེད་པ་དང་། འདོད་ཆགས་ཤས་ཆེ་བ་ཉིད ་དང་། སྡུག་པའི་མཚན་མའི་རྗེས་སུ་བརྩོན་པ་དང་། མི་གཙང་བ་ལ་སོ་སོར་མི་རྟོག་པ་དང་། ལས་ཀྱི་མཐའ་ལ་ཞུགས་པའི་གང་ཟག་དང་ལྷན་ཅིག་སྦྱོར་བ་དང་། ་དེ་དགའ་མཐུན་པར་བྱེད་པ་དང་། གུས་པར་མི་ཉན་པ་དང་། ཡོངས་སུ་མི་འདྲི་བ་དང་། དབང་པོ་རྣམས་ཀྱི་སྒྲོན་མ་བསྲུང་བ་དང་། ཟས་ཀྱི་ཆོད་མི་རིག་པ་དང་། ་དབེན་པ་ལ་མངོན་པར་མི་དགའ་བ་དང་། ཇི་ལྟ་བ་བཞིན་ལ་སོ་སོར་མི་རྟོག་པའོ།། མི་རྟག་པའི་འདུ་ཤེས་ཀྱི་བར་དུ་གཅོད་པ་ནི་འདུ་ཤེས་ལ་རྗེས་སུ་ཆགས་པའོ།། ། ་མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་ཀྱི་བར་དུ་གཅོད་པའི་ཆོས་ནི་དྲུག་གོ།། འདི་ལྟ་སྟེ། ལེ་ལོ་དང་། འགྱོད་པ་དང་། ་ཕལ་བ་དང་། བག་མེད་པ་དང་། མི་བརྩོན་པ་དང་། ཇི་ལྟ་བ་བཞིན་ལ་སོ་སོར་མི་རྟོག་པའོ།། སྡུག་བསྔལ་ལ་བདག་མེད་པའི་འདུ་ཤེས་ཀྱི་བར་དུ་གཅོད་པ་ནི ་བདག་ཏུ་ལྟ་བའོ།། ཟས་ལ་མི་འཕྲོད་པའི་འདུ་ཤེས་ཀྱི་བར་དུ་གཅོད་པ་ནི་རོ་ལ་སྲེད་པའོ།། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་ཀྱི་བར ་དུ་གཅོད་པ་འཇིག་རྟེན་གྱི་སྣ་ཚོགས་དག་ལ་འདུན་པ་དང་། འདོད་ཆགས་ཀྱི་རྗེས་སུ་ཆགས་པའོ།། སྣང་བའི་འདུ་ཤེས་ཀྱི་བར་དུ་གཅོད་པའི་ཆོས་ནི་བཅུ་གཅིག ་སྟེ། འདི་ལྟ་སྟེ། ཐེ་ཙོམ་དང་ཡིད་ལ་མི་བྱེད་པ་དང་། ལུས་ཀྱི་གནས་ངན་ལེན་དང་། ཧ་ཅང་བརྩོན་འགྲུས་དྲག་པ་དང་། ཧ་ཅང་བརྩོན་འགྲུས་ཞན་པ་དང་། དགའ ་བ་དང་། སྤོབས་པ་མེད་པ་དང་། འདུ་ཤེས་སྣ་ཚོགས་དང་། ཧ་ཅང་སྨྲ་བ་མང་བ་དང་། གཟུགས་རྣམས་ལ་མངོན་པར་རྟོག་པ་ཉིད་དོ།། འདོད་ཆགས་དང་བྲལ ་བའི་འདུ་ཤེས་ཀྱི་བར་དུ་གཅོད་པ་ནི་ཀུན་ཏུ་འདོད་ཆགས་པའོ།། འགོག་པའི་འདུ་ཤེས་ཀྱི་བར་དུ་གཅོད་པ་ནི། ཆོས་ལ་མཚན་མའི་རྗེས་སུ་འབྲང་བའོ།། འཆི་བའི། ་འདུ་ཤེས་ཀྱི་བར་དུ་གཅོད་པ་ནི། གསོན་པ་ལ་མི་མཆུམས་པའོ།། ཚེ་དང་ལྡན་པ་དག་ཆོས་གསུམ་པོ།། གཅེས་བྲས་བྱེད་པ་དང་། བདུན་པོ་སྤོང་བ་དང་། ་དེ་ལ་མང་དུ་གནས་པ་ནི། བར་དུ་གཅོད་པ་མ་བཅོམ་པ་དེ་དག་ཡང་དག་པར་འཇོམས་པའོ།། ཚེ་དང་ལྡན་པ་དག་ཆོས་བཅུ་བཞི་ནི་མི་སྡུག་པའི་འདུ་ཤེས་ལ ་གཅེས་ཕྲས་བྱེད་པ་དང་། འདི་ལྟ་སྟེ། བུད་མེད་དང་ལྷན་ཅིག་མི་གནས་པ་དང་། དྲན་པ་ཉེ་བར་གནས་པས་བུད་མེད་ལ་མི་ལྟ་བ་དང་། བག་ཡོད་པ་དང་། ་འདོད་ཆགས་ཤས་ཆུང་བ་དང་། སྡུག་པའི་མཚན་མའི་རྗེས་སུ་མི་རྩོན་པ་དང་། མི་སྡུག་པ་སོ་སོར་རྟོག་པ་དང་། ལས་ཀྱི་མཐའ་ལ་ཞུགས་པའི་གང་ཟག་དང ་ལྷན་ཅིག་མི་སྦྱོར་བ་དང་། དེ་དག་དང་མཐུན་པར་མི་བྱེད་པ་དང་། གུས་པར་ཉན་པ་དང་། ཡོངས་སུ་འདྲི་བ་དང་། དབང་པོའི་སྒོ་རྣམས་བསྡམས་པ་ཉིད་དང་།། ་ཟས་ཀྱི་ཚོང་རིག་པ་ཉིད་དང་། དབེན་པ་ལ་མངོན་པར་དགའ་བ་ཉིད་དང་། ཇི་ལྟ་བ་བཞིན་ལ་སོ་སོར་རྟོག་པའོ།། ཚེ་དང་ལྡན་པ་དག་མི་སྡུག་པའི་འདུ་ཤེས ་ཀུན་ཏུ་བསྟེན་བསྒོམས་པ་ལན་མང་དུ་བྱས་ན། འདོད་པའི་འདོད་ཆགས་སྤོང་བར་འགྱུར་རོ།། མི་རྟག་པའི་འདུ་ཤེས་ཀུན་ཏུ་བསྟན་བསྒོམས་པ་ལན་མང ་དུ་བྱས་ན། འདུ་བྱེད་སྤོང་བར་འགྱུར་རོ།། མི་རྟག་པའི་འདུ་ཤེས་ཀུན་བསྟན་བསྒོམས་པ་ལན་མང་དུ་བྱས་ན། ལེ་ལོ་དང་འགྱོད་པ་སྤོང་བ་འགྱུརོ།། ་སྡུག་བསྔལ་ལ་བདག་མེད་པའི་འདུ་ཤེས་ཀུན་ཏུ་བསྟེན་བསྒོམ་པ་ལན་མང་དུ་བྱས་ན། བདག་ཏུ་ལྟ་བ་སྤོང་བར་འགྱུར་རོ།། ཟས་ལ་མི་འབོད ་པའི་འདུ་ཤེས་ཀུན་ཏུ་བསྟེན་བསྒོམས་པ་ལན་མང་དུ་བྱས་ན། རོལ་སྲེད་པ་སྤོང་བར་འགྱུར་རོ།། འཇིག་རྟེན་ཐམས་ཅད་ལ་མངོན་པ ་འདུ་ཤེས་ཀུན་ཏུ་བསྟེན་བསྒོམས་པ་ལན་མང་དུ་བྱས་ན། འཇིག་རྟེན་སྣ་ཚོགས་ལ་བདུན་པ་དང་། འདོད་ཆགས་ཀྱི་རྗེས་སུ་ཆགས་པ་སྤོང་བར་འགྱུར་རོ།། སྣང་བའི་འདྲ ་ཤེས་ཀུན་ཏུ་བསྟེན་བསྒོམས་པ་ལན་མང་དུ་བྱས་ན། ཡེ་ཤེས་མཐོང་བར་འགྱུར་རོ།། འདོད་ཆགས་དང་བྲལ་བའི་འདུ་ཤེས་ཀུན་ཏུ་བསྟེན་བསྒོམས་པ་ལན་མང་དུ་བྱས ་ན། ཀུན་ཏུ་འདོད་ཆགས་པ་སྤོང་བར་འགྱུར་རོ།། འགོག་པའི་འདུ་ཤེས་ཀུན་ཏུ་བསྟེན་བསྒོམས་པ་ལན་མང་དུ་བྱས་ན། ཕུང་པོ་ཟད་པར་འགྱུར་རོ།། འཆི་བའི་འདུ་ཤེས ་ཀུན་ཏུ་བསྟེན་བསྒོམས་པ་ལན་མང་དུ་བྱས་ན། གསོན་པ་ལ་འཆུམས་པ་སྤོང་བར་འགྱུར་རོ།། ཚེ་དང་ལྡན་པ་དག་འཕགས་པ་ཉན་ཐོས་དེ་ལྟར་ཡང་དག་པར་ཚུལ་བཞིན་ཡིད ་ལ་བྱེད་པའི་བདག་ཉིད་ལ་རབ་ཏུ་གཅོད་པའི་ཆོས་ཉི་ཤུ་སྟེ། འདི་ལྟ་སྟེ། མི་བརྩོན་པ་དང་། མི་བརྩོན་པ་དང་འགྲོགས་པ་དང་། ཡོངསུ་མི་འདྲི་བ་དང་། མི་མཐུན་པའི ་ལུང་དང་། ལུག་ལྟར་ལྐུག་པ་ཉིད་དང་། སྲེད་པ་ཅན་ཉིད་དང་། བྱ་བ་མང་བ་ཉིད་དང་། ལས་ཀྱི་མཐའ་ཉེས་པར་བྱས་པ་ཉིད་དང་། བརྩོན་པར་བཏང་བ་ཉིད་དང་། ་བར་དུ་གཅོད་པ་རྣམས་ཐོས་ན་ཉམ་ང་བ་དང་། ཁེངས་པ་དང་། མི་མཐུན་པར་འཛིན་པ་ཉིད་དང་། བརྗེད་ངས་པ་ཉིད་དང་བག་མེད་པ་དང་། འཡུལ་མི་གནས་པ་དང་། ་དབང་པོ་རྣམས་ཀྱི་སྒོམ་བསྲུངས་པ་ཉིད་དང་། ཟས་ཀྱི་ཚོད་མི་རིག་པ་ཉིད་དང་། ནམྦ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་མི་བརྩོན་པ་ཉིད་དང་། ་དབེན་པ་ལ་མངོན་པར་མི་དགའ་བ་དང་། ཇི་ལྟ་བ་བཞིན་ལ་སོ་སོར་མི་རྟོག་པའོ།། ཚེ་དང་ལྡན་པ་དག་པར་དུ་གཅོད་པ་མ་བཅོམ་པ་དེ་དག་ཡང་དག་པར་འཇོམས་པར་འགྱུར་བའི ་གཅེས་ཕྲས་བྱེད་པའི་ཆོས་ནི་བཅུ་གཅིག་སྟེ། འདི་ལྟ་སྟེ། འདུན་པ་ཐོབ་པ་ཉིད་དང་། ཕན་ཡོན་མཐོང་བ་ཉིད་དང་། རྣམ་པར་སྤྲོ་བ་དང་། རྣམ་པར་འབྱེད་པ་དང་། རྒྱལ་བ་དང་། ་ཆོས་རྣཾས་ཀྱི་མཚན་མའི་རྗེས་སུ་འབྲང་བ་དང་། བདག་ལ་མི་བརྙས་པ་དང་། གུས་པར་ཉན་པ་དང་། ཡོངས་སུ་འདྲི་བ་དང་། དབེན་པ་ལ་མངོན་པར་དགའ་བ་དང་། ཇི་ལྟ་བ ་བཞིན་ལ་སོ་སོར་རྟོག་པའོ།། ཚེ་དང་ལྡན་པ་དག་འཕགས་པ་ཉན་ཐོས་དེ་ལྟར་ཡང་དག་པར་ཚུལ་བཞིན་བྱེད་པའི་བདག་ཉིད་ཀྱི་གཅེས་ཕྲས་བྱེད་པའི་ཆོས་ཉི་ཤུ་སྟེ། འདི་ལྟ་སྟེ།། ་བརྩོན་པ་དང་འགྲོགས་པ་དང་། ཡོངས་སུ་འདྲི་བ་དང་། མཐུན་པའི་ལུང་དང་། ལུག་ལྟར་ལྐུག་པ་མ་ཡིན་པ་དང་། སྲེད་པ་ཅན་མ་ཡིན་པ་ཉིད་དང་། བྱ་བ་མི་མང་བ་ཉིད ་དང་། ལས་ཀྱི་མཐའ་ལེགས་པར་བྱས་པ་ཉིད་དང་། བརྩོན་པ་མ་གཏང་ཉིད་དང་། བར་དུ་གཅོད་པ་རྣམས་ཐོས་ནས་ཉམ་མིང་བ་དང་། མ་ཁེངས་པ་དང་། མཐུན་པར་འཛིན ་པ་ཉིད་དང་། དྲན་པ་ཉེ་བར་གནས་པ་ཉིད་དང་། བག་ཡོད་པ་དང་། ཡུལ་དུ་གནས་པ་དང་། དབང་པོ་རྣམས་ཀྱི་སྒོ་བསྲུངས་པ་ཉིད་དང་། ཟས་ཀྱི་ཆོད་རིག་པ་དང་། ནམ་གྱི་ཆ ་སྟོད་དང་། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་དང་། དབེན་པ་ལ་མངོན་པར་དགའ་བ་དང་། ཇི་ལྟ་བ་བཞིན ་ལ་སོ་སོར་རྟོག་པའོ།། ཚེ་དང་ལྡན་པ་དག་གནས་ཉི་ཤུ་རྩ་གཉིས་པོ་འདི་དག་ནི་རབ་ཏུ་བྱུང་བས་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱ་སྟེ། བདག་ནི་ཁྱིམ་པའི་རྟགས ་སྤངས་པ་སྟེ། མི་སྡུག་པའོ་ཞེས་གནས་འདི་རབ་ཏུ་བྱུང་བས་ཡང་དང་ཡང་དུ་སོ་སོ་སོར་བརྟག་པར་བྱའོ།། བདག་ནི་མི་འདྲ་བ་ཁས་བླངས་པ་སྟེ། བདག་ནི་ཆ་བྱང་དང་། ་བྱ་བ་གཞན་ཡིན་ནོ།། བདག་གི་མཚོ་བ་ནི་གཞན་ལ་རག་ལས་པ་སྟེ། ཇི་སྲིད་མཚོ་བའི་བར་དུ་བདག་གི་ལྟ་སྟེ། ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན ་དང་། ན་བའི་གསོ་སྨན་དང་། ཡོ་བྱད་ཕ་རོལ་ལས་བཙལ་དགོས་པའོ།། བདག་གི་ཇི་སྲིད་འཚོ་བའི་བར་དུ་མི་རྣམས་ཀྱི་འདོད་པ་དག་ལས་ལྡོག་པར་བྱས་པའོ།། ་བདག་ནི་ཇི་སྲིད་མཚོའི་བར་དུ་མི་རྣམས་ཀྱི་རྩེད་མེའི་དགའ་བ་དག་ལས་ལྡོག་པས་བྱས་པའོ།། ཅིག་བདག་ཚུལ་ཁྲིམས་དག་གིས་མ་སྨད་དམ། ཅིག་བདག་ལ་ཚངས་པ ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱི་ཆོས་ཉིད་ཀྱིས་མ་སྨད་དམ། ཅིག་བདག་ཉིད་མ་སྨྲས་པ་དང་། མ་ཉམས་པར་སྤོང་ངམ། ཅིག་ཡུལ་འཁོར་གྱི་བསོད་སྙོམ ་དོན་ཡོད་པར་ཟོ་བ་འམ། ཅིག་གཅིག་པུ་ཀུན་དགའ་ར་བ་སྟོང་པར་མངོན་པར་དགའ་འམ། བདག་ཇི་ལྟ་བུར་གྱུར་པས་ཉིན་མཚན་འདའ། ཅིག་འདུ་བྱེད་ཐམ་ཅད ་ཞི་བ་སྟོང་པ་ཉིད་དུ་དམིགས་པ། སྲེད་པ་ཟད་པ་འདོད་ཆགས་དང་། བྲལ་བའི་མྱ་ངན་ལས་འདས་པ་ལས་བདག་གི་སེམས་རབ་ཏུ་འཇུག་པ་དང་། དབང་བ་དང་། ་ཡང་དག་པར་གནས་པ་དང་། རྣམ་པར་གྲོལ་བར་གྱུར་ཏམ། ཅིག་དྲང་པོ་མི་རྟག་པ་ཉིད་དང་། ཕུང་པོ་གསོབ་ཉིད་དང་། ཕུང་པོ་སྙིང་པོ་མེད་པ་ཉིད་ལ་བདག་གི ་སེམས་རབ་ཏུ་འཇུག་པ་དང་། དང་བ་དང་། ཡང་དག་པར་གནས་པ་དང་། རྣམ་པར་འགྱུར་ཏམ། ཅིག་བདག་འཆི་བའི་ཚེ། ཚངས་པའི་མཚུངས་པར་སྤྱོད་པ་མཁས ་པ་རྣམས་ཀྱིས་བདག་ལ་དྲིས་ན། ཡུལ་ཡུལ་པོ་མ་ཡིན་ཞིང་། བག་ཆེ་བ་མེད་པ་དང་། འཇིགས་པ་མེད་པར་ཡང་དག་པར་ལུང་བསྟན་པར་བྱ་བ་གང་ཡིན་པ་དགེ ་སྦྱོང་གི་འབྲས་བུ་བཞི་ལས་འབྲས་བུ་གང་ཡང་རུང་བ་ཞིག་ཐོབ་བམ། བདག་ནི་ཞིང་སྐྱེ་བའི་ཆོས་ཅན་ཏེ། སྐྱེ་བའི་ཆོས་ཉིད་ལས་འདས་པ། རྒ་བའི་ཆོས་ཅན། ་ན་བའི་ཆོས་ཅན། འཆི་བའི་ཆོས་ཅན་ཏེ། བདག་ནི་འདོད་པ་དང་། སྡུག་པ་དང་། འཕོངས་པ་དང་། ཡིད་དུ་འོང་བ་ཐམས་ཅད་དང་འབྱེད་པ་དང་། མེད་པ་དང ་འབྲལ་བ་དང་། མི་ལྡན་པར་འགྱུར་བའོ།། བདག་ནི་ལས་བདག་གིར་བྱ་བ། ལས་ཀྱི་སྐྱེ་གནས་པ། ལས་ཀྱི་སྒོ་སྐལ་ལ་སྤྱོད་པ། ལས་བརྟན་པར་བྱ་བ་སྟེ། ་ལས་དགེ་བ་འམ། མི་དགེ་བ་གང་དང་གང་བྱེད་པ། ལས་དེ་དང་དེ་ཉིད་ཀྱི་སྐལ་པ་ཅན་དུ་འགྱུརརོ།། སྙམ་དུ་གནས་འདིར་རབ་ཏུ་བྱུང་བས་ཡང་དང་ཡང་དུ་སོ་སོར་བརྟག ་པར་བྱའོ།། གནས་ཉི་ཤུ་རྩ་གཉིས་པོ་འདི་དག་ལ་ཡང་དང་ཡང་དུ་སོ་སོར་རྟོག་པ་དེས་དགེ་སྦྱོང་གི་འདུ་ཤེས་ཡོངས་སུ་རྫོགས ་པར་འགྱུར་རོ།། དགེ་སྦྱོང་གི་འདུ་ཤེས་ཡོངས་སུ་རྫོགས་ནས། འདུ་ཤེས་བདུན་ཡོངས་སུ་རྫོགས་པར་འགྱུར་ཏེ། རྟག་པར་རྒྱུན་དུ་བྱེད་པ་དང་། རྒྱུན་ཏུ་འཇུག ་པ་དང་། བརྣབ་སེམས་དང་། གནོད་སེམས་མེད་པ་དང་། ཡང་དག་པའི་དྲན་པ་དང་། ང་རྒྱལ་མེད་པ་དང་། མཚོ་བའི་ཡོ་བྱད་རྣམས་དེའི་ཆེད་དང་། ཏིང་ངེ་འཛིན ་ལ་དབང་ཐོབ་པ་ཡོངས་སུ་རྫོགས་པའོ།། ཚེ་དང་ལྡན་པ་དག་སེམས་དང་ཡིད་དང་། རྣམ་པར་ཤེས་པ་གང་ཡུན་རིང་པོར་གཟུགས་ལ་ཆགས་པ་དང་། སྒྲ་ལ་ཆགས ་པ་དང་། དྲི་ལ་ཆགས་པ་དང་། རོ་ལ་ཆགས་པ་དང་། རེག་ལ་ཆགས་པ་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དག་གིས་ཀུན་ཏུ་བསགས ་བ་དེ་ནི། སོ་སོར་བརྟགས་པས། འདི་ལྟ་སྟེ། མི་འཆི་བའི་དབྱིངས་ལ་ཉེས་པར་རྣམ་པར་གཞག་པ་མ་ཡིན་པར་འགྱུར་རོ།། ཚེ་དང་ལྡན་པ་དག་སོ་སོའི་སྐྱེ་བོས ་རྣམ་པ་ཉི་ཤུས་སེམས་སྐྱོ་བར་བྱས་ཏེ། བདག་ནི་རྟོགས་པ་གསོག་ཡིན་ནོ།། མ་དུལ་བར་འཆི་བར་འགྱུར་རོ།། གཡངས་སར་ལྷུང་བར་འགྱུརརོ།། འཇིགས་པ་དང ་བཅས་པའི་ཕྱོགས་སུ་འགྲོ་བར་འགྱུར་རོ།། འཇིགས་པ་མེད་པའི་ཕྱོགས་མི་ཤེས་པའོ།། ལམ་མི་ཤེས་པའོ།། ཏིང་ངེ་འཛིན་མ་ཐོབ་པའོ།། ཡང་སྲིད་པ ་ནི་སྡུག་བསྔལ་བའོ།། དལ་བ་ཕུན་སུམ་ཚོགས་པ་ནི་རྙེད་དཀའ་བའོ།། འདོད་པས་གསོད་པར་བྱེད་པས་རྟག་ཏུ་རྗེས་སུ་བཅིངས་པའོ།། བདག་ནི་འགྲོ་བ་ལས་མ ་འདས་པའོ།། བདག་ནི་ངན་སོང་དག་ལས་ཡོངས་སུ་མ་གྲོལ་བའོ།། བདག་ནི་ལྟ་བར་གྱུར་པ་དཔག་ཏུ་མེད་པ་དང་། ཡང་དག་པར་ལྡན་པའོ།། བདག་ནི་མཚམས་མེད ་པའི་ལས་རྣམས་མི་བྱ་བའི་ཕྱིར་གནས་མ་བྱས་པའོ།། བདག་ནི་སྐྱེ་བའི་འཁོར་བ་ཐོབ་མ་དང་། ཐ་མ་མེད་པའི་མཐར་མ་བྱས་པའོ།། མཐར་མ་བྱས་ན་བྱེད་པ་གཞན ་མེད་དོ།། མ་བྱས་ན་བདེ་བའི་ངོ་བོ་མེད་དོ།། ལས་བྱས་པ་རྣམས་ནི་ཆུང་ཟ་བ་མེད་དོ།། བདག་ནི་མ་རིག་པར་གྱུར་ཅིང་མི་ཁོམས་པས་འཆི་བའི་དུས་བྱེད་པར་འགྱུར ་རོ་ཞེས་སོ་སོའི་སྐྱེ་བོའི་སེམས་སྐྱོ་བར་བྱའོ།། དེས་ན་རྣམ་པ་ཉི་ཤུ་བོ་དེ་རྣམས་ཀྱིས་སེམས་སྐྱོ། ཤིན་ཏུ་སྐྱོ།། སྐྲག། ཤིན་ཏུ་སྐྲག། བཀག། ཤིན་ཏུ་བཀག ་ན་རྣམ་པ་གཞན་ཉི་ཤུས་སེམས་མྱུར་བ་མྱུར་བར་ཡང་དག་པར་གནས་ཏེ། དེ་སེམས་ཀྱི་མཚན་མ་ཡིད་ལ་བྱེད་པའི་སེམས་མྱུར་བ་མྱུར་བར་ཡང་དག་པར་གནས་པའོ།། ། ་དེ་སེམས་བླ་ན་མེད་པ་འམ། སེམས་རྩེ་གཅིག་པ་འམ། ཏིང་ངེ་འཛིན་གྱི་མཚན་མ་འམ། ཏིང་ངེ་འཛིན་ལ་གནས་པའི་མཚན་མ་འམ། ཏིང་ངེ་འཛིན་ལས་ལྡང ་བའི་མཚན་མ་འམ། ཞི་གནས་ཀྱི་མཚན་མ་འམ། རབ་ཏུ་འཛིན་པའི་མཚན་མ་འམ། གཏང་སྙོམས་ཀྱི་མཚན་མ་འམ། སྤྱོད་ཡུལ་མ་ཡིན་པ་སྤང་བ་འམ། ་སྤྱོད་ཡུལ་ལ་གུས་པ་འམ། མདོར་བསྟན་པ་འམ། དམིགས་ཀྱིས་གསལ་བ་འམ། ཀུན་ཏུ་སྐྱོ་བ་མང་བ་འམ། བླ་མ་ལ་རྟེན ་པ་འམ། ཡང་དག་པའི་སྤྱོད་པ་ཡིད་ལ་བྱེད་པའི་སེམས་མྱུར་བ་མྱུར་བར་ཡང་དག་པར་གནས་སོ།། དེ་དབུགས་རྔུབ་པ་དང་། འབྱུང་བ་དྲན་པ་བསྒོམ་པའི་སེམས་མྱུར ་བ་མྱུར་བར་ཡང་དག་པར་གནས་སོ།། ཚེ་དང་ལྡན་པ་དག་འཕགས་པ་ཉན་ཐོས་དེ་ལྟར་ཡང་དག་པར་ཆུ་བཞིན་ཡིད་ལ་བྱས་པའི་བདག་ཉིད་ཀྱི་བར་དུ་གཅོད་པ་ནི་བཅུ་གཅིག ་ཏུ་རིག་པར་བྱའོ།། འདི་ལྟ་སྟེ།། ཡང་དང་ཡང་དུ་ཚོགས་པར་འདུ་བ་ཉིད་དང་། ཟས་ལ་འདུ་བ་ཉིད་དང་། ལས་ལ་དགའ་བ་ཉིད་དང་། སྨྲ་ལ་དགའ་བ་དང་། འདུ ་མཛིའི་གཏམ་ལ་དགའ་བ་ཉིད་དང་། བདག་ཏུ་འཛིན་པ་དང་། འཕྱར་བ་དང་། བག་མེད་པ་དང་། ཡུལ་དུ་མི་གནས་པའོ།། ཚེ་དང་ལྡན་པ་དག་བར་དུ་གཅོད་པ་མ ་བཅོམ་པ་དེ་དག་ཡང་དག་པར་འཇོམས་པ་མཁས་པ་བཅུ་ལ་བསླབ་པར་བྱ་སྟེ། འདི་ལྟ་སྟེ། ཏིང་ངེ་འཛིན་ལ་མཁས་པ་དང་། ཏིང་ངེ་འཛིན་ལ་གནས་པ་ལ་མཁས ་པ་དང་། ཏིང་ངེ་འཛིན་ལས་ལྡང་བ་ལ་མཁས་པ་དང་། ཞི་གནས་ལ་མཁས་པ་དང་། རབ་ཏུ་འཛིན་པ་ལ་མཁས་པ་དང་། གཏང་བསྙོམས་ལ་མཁས་པ ་དང་། སྐྱེ་མཆེད་ལ་མཁས་པ་དང་། ཐབས་ལ་མཁས་པ་དང་། མངོན་པར་བསྒྲུབས་པ་ལ་མཁས་པའོ།། ཚེ་དང་ལྡན་པ་དག་འཕགས་པ་ཉན་ཐོས་དེ་ལྟར ་མངོན་པར་བསྒྲུབ་པ་ལ་མཆོག་ཏུ་དགའ་བའི་དངོས་པོ་བཅུ་གསུམ་སྐྱེ་བ་ནི་སྐྱེ་སྟེ། དད་པ་ཅན་དེ་སྟོན་པ་འམ། ཆོས་སམ། དགེ་འདུན་ནམ། བདག་གི་ཚུལ་ཁྲིམས ་སམ། གཞན་གྱི་ཚུལ་ཁྲིམས། སམ། བདག་གི་སྦྱིན་པར་བྱ་བའི་ཆོས་རྣམས་སམ། བདག་གིས་རྟོགས་པ་འམ། གཞན་གྱིས་རྟོགས་པ་ཡིད་ལ་བྱེད་པ་ནི་མཆོག་ཏུ ་དགའ་བ་སྐྱེ་བ་འདི་ནི་དད་པ་ཅན་གྱི་མཆོག་ཏུ་དགའ་བའི་དངོས་པོ་ཡིན་ནོ།། བཅོམ་ལྡན་འདས་དེ་བདག་གི་སྡུག་བསྔལ་གྱི་ཆོས་མང་པོ་སེལ་བ་ཞེས་བྱ་བའི་མཆོག ་ཏོ་དགའ་བ་སྐྱེ་བ་འདི་ནི། དད་པ་ཅན་གྱི་མཆོག་ཏུ་དགའ་བའི་དངོས་པོ་ཡིན་ནོ།། བཅོམ་ལྡན་འདས་དེ་བདག་གི་བདེ་བའི་ཆོས་མང་པོ་སྒྲུབ་པ་ཞེས་མཆོག་ཏུ་དགའ ་བ་སྐྱེ་བ་འདི་ནི་དད་པ་ཅན་གྱི་མཆོག་ཏུ་དགའ་བའི་དངོས་ཡིན་ནོ།། བཅོམ་ལྡན་འདས་དེ་དག་གི་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་སེལ་བའི་ཞེས་མཆོག་ཏུ ་དགའ་བ་སྐྱེ་བ་འདི་ནི། དད་པ་ཅན་གྱི་མཆོག་ཏུ་དགའ་བའི་དངོས་པོ་ཡིན་ནོ།། བཅོམ་ལྡན་འདས་དེ་བདག་གིས་དག་པའི་ཆོས་རྣམ་པ་དུ་མ་སྒྲུབ་པའོ།། ་ཞེས་མཆོག་ཏུ་དགའ་བ་སྐྱེ་བ་འདི་ནི་དད་པ་ཅན་གྱི་མཆོག་ཏུ་དགའ་བའི་དངོས་པོ་ཡིན་ནོ།། ཚེ་དང་ལྡན་པ་དག་འཕགས་པ་ཉན་ཐོས་བཞི་ལ་བརྟེན་ན་ཆོས་ལྔ ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། འདུན་པ་དང་། བརྩོན་འགྲུས་དང་། དབེན་པ་དང་། ཕྱིར་མི་ཟློག་པའོ།། ཆོས་ལྔ་པོ་གང་དག་བསྒོམ་པ་ཡིས་སུ ་རྫོགས་པར་འགྱུར་ཞེ་ན། མཆོག་ཏུ་དགའ་བ་དང་། དགེ་བ་དང་། ཤིན་ཏུ་སྦྱངས་པ་དང་། བདེ་བ་དང་། ཏིང་ངེ་འཛིན་ཏོ།། ་ཚེ་དང་ལྡན་པ་དག་དེ་ཆོས་ལྔ་པོ་དག་ཀུན་ཏུ་བརྩེགས་ཤིང་ཉེ་བར་བརྩེགས་ན། ཟུག་རྔུ་བརྒྱད་མེད་པར་འགྱུར་ཏེ། འདི་ལྟ་སྟེ། འདོད་ཆགས་ཀྱི་ཟུག་རྔུ་དང་། ཞེ་སྡང་གི ་ཟུག་རྔུ་དང་། གཏི་མུག་གི་ཟུག་རྔུ་དང་། ང་རྒྱལ་གྱི་ཟུག་རྔུ་དང་། ལྷའི་ཟུག་རྔུ་དང་། ཐེ་ཚོམ་དང་། སོམ་ཉིའི་ཟུག་རྔུའོ།། ཟུག་རྔུ་བརྒྱད་པོ་དེ་དག་མེད་པར་གྱུར་ན། ་མི་སློབ་པའི་ཆོས་བཅུ་ཐོབ་པར་འགྱུར་ཏེ། མི་སློབ་པའི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི ་མཐའ་དང་། ཡང་དག་པའི་མཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དང་། ཡང་དག་པའི་རྣམ་པར་གྲོལ ་བ་དང་། ཡང་དག་པའི་ཡེ་ཤེས་སོ།། དེ་མི་སློབ་པའི་ཆོས་བཅུ་པོ་དེ་དག་སྐྱེས་ཤིང་ཐོབ་སྟེ། ལྡན་ན་འཕགས་པར་འགྱུར་ཏེ། ཡན་ལག་ལྔ་སྤངས་པ། ཡན་ལག ་དྲུག་དང་ལྡན་པ། བསྲུང་བ་གཅིག་དང་། སྟོན་པ་བཞི་དང་ལྡན་པ། སོ་སོའི་བདེན་པ་བསྩལ་པ། བསྩལ་བ་སྤངས་པ། ཀུན་ཏུ་རྟོག་པའི་རྟོག་པ་མེད་པ། ལུས་ཀྱི ་འདུ་བྱེད་ཤིན་ཏུ་སྦྱངས་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། མ་འདྲེས་པའི་བསྙེན་པའི་སྐྱེས་བུ་དམ་པ་ཞེས་བྱའོ།། ་ཚེ་དང་ལྡན་པ་དག་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཐ་མ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་རེག་བྱ་དག་གིས་ཀུན་ཏུ་མ་བསྩགས་ཤིང་ཉེ་བར་མ་བསྩགས ་པ། གང་ཡིན་པ་དེ་ཉིད་མཚམས་སྦྱོར་བ་མེད་པར་འགག་པར་འགྱུར་ཏེ། དེ་ཉིད་སྡུག་བསྔལ་གྱི་མཐའ་ཡིན་ནོ།། འདི་ནི་དོན་རྒྱས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས ་ཤེས་བྱ་ཡིན་ཏེ། ཚེ་དང་ལྡན་པ་དག་ཁྱེད་ལ་ངས་ཆོས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོའི་ཚིག་འབྲུ་བཟང་པོ།། མ་འདྲེས་པ ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ་སུན་པར་བྱ་སྟེ། འདི་ལྟ་སྟེ། དོན་རྒྱས་པ་ཞེས་བྱ་བའི་ཆོས་རྣམ་གྲངས་རབ ་ཏུ་བཤེད་དོ།། ཞེས་གསུངས་པ་དེ་ནི་བཤད་པ་འདི་ཡིན་ནོ།། ཚེ་དང་ལྡན་པ་ཤ་རིའི་བུས་དེ་སྐད་ཅེས་སྨྲས་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས ་པ་རྣམས་ཡིད་རངས་ཏེ། ཚེ་དང་ལྡན་པ་ཤ་རིའི་བུས་སྨྲས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དོན་རྒྱས་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། རྫོགས་སོ།། ། ་