| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། དེ་བ་སུ་ཏྲ། བོད་སྐད་དུ། ལྷའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ན ་མཚན་མོ་མི་ཉལ་ཙམ་དུ་ན། ལྷ་མདོག་ཤིན་ཏུ་བཟང་པོ་ཞིག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་ལྷའི་མཐུས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ།། དེ་ནས་དེའི་ཚེ་ལྷ་དེས་ཚིགསུ་གཅད་པ་འདི་དག ་གསོལ་ཏོ།། མཚོན་ཆ་རྣོན་པོ་དེ་གང་ལགས།། ཧ་ལ་ཧ་ལའི་དུག་གང་ལགས།། རབ་ཏུ་འབར་བའི་མེ་གང་ལགས།། མུན་པ་རབ་གནག་དེ་གང་ལགས།། བཅོམ་ལྡན ་@#འདས་ཀྱིས་བཀའ་སྩལ་པ།། ཚིག་གདུག་མཚོན་མ་རྣོན་པོ་ཡིན།། འདོད་ཆགས་གལ་ག་ལའི་དུག། ཞེ་སྡང་རབ་ཏུ་འབར་བའི་མེ། ་མུན་པ་རབ་གནག་མ་རིག་པ།། ལྷ་ཡིས་གསོལ་པ། མི་ཡིས་ཟིན་པ་དེ་གང་ལགས།། གང་འདིར་བོར་བ་དེ་གང་ལགས།། མི་ཤིགས་གོ་ཆ་ཅི་ཞིག་ལགས། འདི་ན ་མཚོན་དུ་ཅི་རྣོ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་གིས་གང་བྱིན་ཟིན་པ་ཡིན། ཁྱིམ་དུ་གང་བཞག་འདིར་བོར་ཡིན།། མི་ཤིགས་གོ་ཆ་བཟོད་པ་ཡིན།། ་འདི་ན་མཚོན་དུ་ཤོས་རབ་རྣོ།། ལྷས་གསོལ་པ། ཆོམ་རྐུན་ཞེས་བགྱིད་དེ་གང་ལགས།། དམ་པ་རྣམས་ཀྱི་ནོར་གང་ལགས།། ལྷ་དང་བཅས་པའི་འཇིག་རྟེན་ལ།། ་བསླུས་ཞེས་བགྱི་བ་དེ་གང་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྣམ་རྟོག་ཆོམ་རྐུན་མཁས་པ་ཡིན།། ཚུལ་ཁྲིམས་དམ་པ་རྣམས་ཀྱི་ནོར།། གང་དག ་ཚུལ་ཁྲིམས་ལོག་ལྟུང་བྱས།། དེ་དག་འཇིག་རྟེན་བསླུས་པ་ཡིས།། ལྷས་གསོལ་པ། བདེ་ཞེས་བགྱི་བ་དེ་གང་ལགས།། དབང་ཕྱུག་དམ་པ་དེ་གང་ལགས།། རྟག་ཏུ ་རྣམ་པར་བརྒྱན་པ་གང་།། ཐོ་བཙམས་གང་ལགས་བཀའ་སྩལ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། འདོད་ཆུང་བདེ་བར་ཤེས་པར་བྱ།། ཆོག ་ཤེས་དབང་ཕྱུག་དམ་པ་ཡིན།། ཁྲིམས་ལྡན་རྟག་ཏུ་རྣམ་པར་བརྒྱན།། ཚུལ་ཁྲིམས་ཉམས་པ་ཐོ་བཙམས་ཡིན། ལྷ་ཡིས་གསོལ་པ། རྩ་ལག་མཉེས་གཤེར ་དེ་གང་ལགས། བསམ་པ་སྡང་བའི་དགྲ་གང་ལགས།། སྡུག་བསྔལ་མི་ཟད་དེ་གང་ལགས།། མཆོག་ཏུ་བདེ་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་རྩ་ལག་མཉེས་གཤིན་བསོད་ནམས་ཡིན།། སྡིག་པ་བསམ་པ་སྡང་བའི་དགྲ། དམྱལ་བའི་སྡུག་བསྔལ་མི་ཟད་པ།། ཕུང་པོ་མེད་པ་བདེ་བའི་མཆོག། ལྷས་གསོལ་པ།། ་སྡུག་ལ་མི་ཕན་དེ་གང་ལགས།། ཕན་ཡང་མི་སྡུག་གང་ཞིག་ལགས།། གནོད་པ་བགྱིད་པའི་ནད་གང་ལགས།། སྨན་པ་མཆོག་ཅིག་དེ་གང་ལགས།། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ།། འདོད་པ་སྡུག་ཀྱང་མི་ཕན་པ།། ཐར་པ་ཕན་ལ་མི་སྡུག་པ།། འདོད་ཆགས་གནོད་པ་བྱེད་པའི་ནད།། སྨན་པ་མཆོག་ཅིག་སངས་རྒྱས་ཡིན།། ་ལྷས་གསོལ་པ། གང་གིས་འཇིག་རྟེན་འདི་སྒྲིབས་ལགས།། གང་གིས་འཇིག་རྟེན་དབང་དུ་བགྱིས།། གང་གིས་མཛའ་བཤེས་འབྱེད་པར་བགྱིད།། གང་གིས་མཐོ་རིས ་མཆིས་མི་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། མི་ཤེས་པས་ནི་འཇིག་རྟེན་བསྒྲིབས།། གཏི་མུག་གིས་ནི་དབང་དུ་བྱས།། ཞེས་པས་འཛའ་བཤེས ་འབྱེད་པར་བྱེད།། ཆགས་པས་མཐོ་རིས་འགྲོ་མི་འགྱུར།། ལྷས་གསོལ་པ། གང་གིས་འཛའ་བཤེས་འཕེལ་བར་འགྱུར།། གང་གིས་དགྲ་རྣམས་ཞི་བར་འགྱུར།། ་གང་གིས་མཐོ་རིས་ཐོབ་པར་བགྱིད།། གང་གི་ཐར་པ་མཆིས་པར་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གཏོང་བས་འཛའ་བཤེས་འཕེལ་བར་འགྱུར། ་བྱམས་པས་དགྲ་རྣམས་ཞི་བར་བྱེད།། ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་ཐོབ།། ཤེས་པས་ཐར་པར་འགྲོ་བར་འགྱུར།། ལྷས་གསོལ་པ། ་རྒྱལ་པོ་དང་ནི་ཆོམ་རྐུན་གྱིས།། ཤིན་ཏུ་བསྒྲིམ་པ་བགྱིས་གྱུར་ཀྱང་།། སྐྱེས་པ་འམ་བུད་མེད་གང་གིའང་རུང་།། དབྲོག་པར་མི་ཚུགས་ཅི་ཞིག་ལགས།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྒྱལ་པོ་དང་ནི་ཆོམ་རྐུན་གྱིས།། ཤིན་ཏུ་བསྒྲིམ་པར་བྱས་གྱུར་ཀྱང་།། སྐྱེས་པ་འམ་བུད་མེད་གང་གིའང་རུང་།། དབྲོག་པར་མི ་ཚུགས་ཚུལ་ཁྲིམས་སོ།། ལྷས་གསོལ་པ། འཇིག་རྟེན་འདི་ནི་གང་གིས་འཆིང་།། གང་གིས་འཇིག་རྟེན་རྣམ་པར་གྲོལ།། གང་ཞིག་རྣམ་པར་སྤངས་པས་ན།། མྱ་ངན ་འདས་ཤེས་བགྱི་བར་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་པས་འཇིག་རྟེན་འཆིང་བར་བྱེད།། འདོད་པ་མེད་པ་རྣམ་པར་གྲོལ།། སྲིད་པ་རྣམ་པ ་སྤངས་པས་ན།། མྱ་ངན་འདས་ཞེས་བརྗོད་པ་ཡིན།། ལྷས་གསོལ་པ། རླུང་དམར་གྱིས་ཀྱང་མི་ཤིགས་ཤིང་།། ཞུགས་ཀྱིས་མི་ཚིག་དེ་ཅི་ལགས།། དོག་ས་བལྟས ་པར་བགྱིད་པའི།། ཆབ་ཀྱི་མི་འདྲུལ་གང་ཞིག་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རླུང་དམར་གྱིས་ཀྱང་མི་ཤིགས་ཤིང་།། མེས་ཀྱང་མི་ཚིག་བསོད ་ནམས་ཡིན།། ས་རྣམས་ཁྱབ་པར་བྱེད་པའི།། ཆུས་ཀྱང་མི་འདྲུལ་བསོད་ནམས་སོ།། ལྷས་གསོལ་པ། སུ་ཞིག་ཤིན་དུ་བསླུས་གྱུར་ནས།། འཇིག་རྟེན་འདི་ནས ་ཕ་རོལ་འཆི།། ད་དུང་བདག་གི་དོགས་པ་འདི། ཁྱོད་ཀྱི་གསལ་བར་མཛད་པའི་རིགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གང་གིས་ལོངས་སྤྱོད་ཡོད་བཞིན་དུ། ་བསོད་ནམས་བསགས་པ་མ་བྱས་པ།། དེ་ནི་ཤིན་དུ་བསླུས་གྱུར་ནས། འཇིག་རྟེན་འདི་ནས་ཕ་རོལ་སོང་།། ལྷས་གསོལ་པ། འཇིགས་པ་ཀུན་ལས་འདས་གྱུར་ཅིང་།། རྒལ ་བ་འཇིག་རྟེན་མཐུ་ལྡན་པའི།། བྲམ་ཟེ་མྱ་ངན་ཡོངས་འདས་པར།། ཀྱེ་མ་བདག་གིས་རིངས་ནས་མཐོང་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷ་དེ་ཡིད ་རངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་རྗེས་ཡིད་རངས་སྟེ། དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། །། ལྷའི་མདོ།། །། རྫོགས་སོ།། ་སརྦ་མངྒ་ལམ།། རྒྱ་གར་སྐད་དུ། ཨཱརྱ་སང་པུ་རུ་ཤ་སུ་ཏྲམ། བོད་སྐད་དུ། འཕགས་པ་སྐྱེས་བུ་དམ་པའི་མདོ།། ་